CLOSE WINDOW

GT790: rdo rje dbyangs can ma'i bstod pa
Wyliee-texts produced with BDRC’s OCR application

ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། བཛྲ་ས་ར་སཱཏཱི་སྟོཏྨ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག ་འཚལ་ལོ།། ཤེས་རབ་མངའ་བདག་རྡོ་རྗེ་དབྱངས་ཅན་མ།། ཡང་དག་ལམ་སྟོན་བླ་མ་རྗེ་བཙུན་ལ།། དད་ཅིང་མྱོས་ལྔ་གུས་པར་ཕྱག་འཚལ་ལོ།། བློ་གྲོས་སྤེལ་ཕྱིར་བསྟོད་པ་ཅུང་ཟད་བྲོ།། དཔལ་ལྡནྡ་རྡོ་རྗེ ་དབྱངས་ཅན་མ།། རང་དོན་གྲུབ་ནས་གཞན་དོན་ནི།། མཆོག་ཏུ་གཞོལ་མཛད་རྗེ་བཙུན་མ།། དབྱངས་ཅན་དེ་ལ་སྤྱི་བོ་ཡིས།། ཀུན་ནས་དང་བྲས་ཕྱག་འཚལ་བསྟོད།། ཞལ་གསུམ་རྣམ་ཐར་གསུམ་གྱི་དངོས ་ཕྱག་དྲུག་ཕ་རོལ་ཕྱིན་དྲུག་རྫོགས།། ཞབས་གཉིས་བདེན་གཉིས་དོན་རྟོགས་མ།། རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད།། ཐུགས་རྗེས་འགྲོ་བ་སྨིན་མཛད་པས།། རྟག་ཏུ་པདྨ་རཱ་གའི་མདོག། དབྱངས་ཅན་དེ་ལ་སྨྲི ་པི་ཡིས།། ཀུན་ནོས་དང་བས་ཕྱག་འཚལ་བསྟོད།། འདོད་པའི་འདམ་གྱིས་མ་གོས་པས།། རྟག་ཏུ་ཆུ་སྐྱེས་སྟེང་ན་བཞུགས།། དབྱངས་ཅན་དེ་ལ་སྤྱི་བོ་ཡིས།། ཀུན་ནས་དང་བས་ཕྱག་འཚལ་བསྟོད།། རྩ་བིའི ་ཞལ་ནི་པད་མཱ་རཱ་གའི་མདོག། འདོད་ཆགས་རྣམ་ངག་གསུང་ལ་ཕྱག་འཚལ་བསྟོད།། གཡས་ཀྱི་ཞལ་ནོ་ཨིནྡྲ་ནཱི་ལའི་མདོག། ཞེ་སྡང་རྣམ་ངག་ཐུགསོ་ལ་ཕྱག་འཚལ་བསྟོད།། གོཡོན་གྱི་ཞལ་ནི་ཀུན་ད་ཟླ་བའི ་མངག། གཏི་མུག་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད།། ཕྱག་དྲུག་གཡས་ཀྱི་དང་པོ་པད་མ་བསྣམས།། མ་ཆགས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། བར་པ་མ་རིག་གཅོད་མཛད་རལ་གྲི་བསྣམས།། ཤེས ་རབ་རྣམ་གསུམ་གསོལ་ལ་ཕྱག་འཚལ་བསྟོད།། ཐ་མ་རྣམ་རྟོག་གཙང་མཛད་གློ་གུག་བསྣམས།། རྟོག་མོང་ཏོང་ངེ་འཛིན་གསོལ་ལ་ཕྱག་འཚལ་བསྟོད།། ཕྱག་དྲུག་གཡོན་གྱི་དང་བྱོ་བནྡྷ་བསྣམ། ་བདག་མེད་དོན་རྟོགས་མངའ་ལ་ཕྱག་འཚལ་བསྟོད།། བར་པ་དབུལ་བ་གཅོང་མཛད་རིན་ཆེན་བསྣམས།། འགྲོ་ཀུན་རཾ་འདོད་སྐོང་ལ་ཕྱག་འཚལ་བསྟོད།། ཐ་མ་འཁོར་བ་གཅོད་མཛོད་འཁོར་ལོ་བསྣམས།། འཁོར་བ་རྩང ་ནུས་གཅོད་ལ་ཕྱག་འཚལ་བསྟོད་།། མཚན་དང་དཔེ་བྱང་སྐུ་ལ་ཕྱག་འཚལ་བསྟོད།། ཀི་ལ་བིངྐའི་གསུང་ལ་ཕྱག་འཚལ་པོ་སྟོང་།། ཤེས་བྱ་ཀུན་མཁྱེན་ཐུགས་ལ་ཕྱག་འཚལ་བསྟོད།། མ་རིག་མུན་སེལ ་ཁྱོད་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་དབྱངས་ཅན་མའི་བསྟོང་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་སུ་མཾ་ཏི་ཀཱིརྟི་དང ་ཙ་བ་མར་ངོ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། །། བཀྲ་ཤིས།། ་