CLOSE WINDOW

GT789: gshin rje gshed nag po'i dkyil 'khor gyi sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་མཎྜ་ལ་ནོ་པི་ཀ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཐབས་དང་ཤེས་རབ་རང་བཞིན་གྱི།། ་དཔལ་ལྡན་གཤིན་གཤེད་དཀྱིལ་འཁོར་གཙོར།། བཏུང་ངེ་ཚྭ་ག་མདོར་དྲན་མ།། མེ་ཡི་དཀྱིལ་འཁོར་ཆོ་ག་བཤད།། དང་པོ་རྣལ་འབྱོར་པ་འགྲོ་བ་གདོན་པའི་བསམ་པ་ཅན་གྱིས། ཚངས་པའི་གནས་བཞི་ལ་གནས་ལ་རང་བཞིན་གྲུབ ་པར་བྱ་བའི་ཕྱིར་རམ། གཞན་ལན་གཉིས་ལན་གསུམ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར། གལ་ཏེ་དཀྱིལ་འཁོར་དྲི་བར་འདོད་ན། རྣལ་འབྱོར་བཞི་སྔོན་དུ་བྱས་ལ། བསྙེན་པའི་ཆོ་གས་བཅོམ་ལྡན་འདས་གཤིན་རྗེ ་གཤོད་ནག་པོའི་སྔགས་འབུམ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་གྱི་ཁྲི་བཟླསོ།། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཚན་མ་ཐོབ་པའམ། རང་གི་སེམས་ངག་པའི་སྒོ་ནས་བྲི་བར་བྱའོ།། དེ་ལ་ཆོ་ག་ཇི་ལྟ་བ་བཞིན ་དུ་སྒྲུབ་པའི་དཀྱིལ་འཁོར་གྱི་ཁྱང་པར། དཀྱིལ་འཁོར་གྱི་ས་སྦྱང་བར་བྱའོ།། གཏོར་མ་སྦྱིན་ཞིང་མཆོད་པ་སྣ་ཚོགས་ཉེ་བར་བྱས་ལ། རྣལ་འབྱོར་བཞི་དང་ལྡན་པའི་གྲོགས་དང་བཅས་པས་ཨོཾ་བྷུ་ཁ་ཞེས་བྱ་བའི་སྔགས་ཀྱིས་ན་མཁའི་རང་བཞིན ་དུ་དུ་བྱའོ།། ཧཱུཾ་ལེ་ཧཱུ~ཾ་ཞེས་བྱ་བས་ནོར་འཛིན་དུ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་མེ་དཱི་ནི་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས། དེ་ཉིད་དུ་རང་བཞིན་གྱིས་ངག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་གཟུགས་རྡོ་རྗེ་དང་། དྲིལ་བུས་བྲེལ་བའི ་ཕྱུག་རྒྱ་དང་ལྡན་པ་ལ་གཏི་མུག་གཤིན་རྗེག་ཤུད་ལ་སོགས་པའི་གཟུགས་ཀྱིས། སླེབ་མ་བནི་ལུག་པ་ནཱ་རྡོ་རྗེ་དང་དྲིལ་བུ་ཐོགས་བྱས། གསོལ་བ་གདབ་བོ།། གཤིན་རྗེ་གཤེད་པོ་རབ་འཇིགས་པ། ་གཎྜཱི་མུག་རྡོ་རྗེའི་ངོ་བོ་ཁྱོད།། སྟོནྣ་བྱཱ་སྦྱངས་རྒྱས་ཀུན་རང་བཞིན།། རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད།། གཤིན་དྷྲྀ་ག་ཤེད་པོ་རབ་འཇིགས་པ།། ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད།། རྡོ་རྗེ་ཐུགས་དང་རབ་མཚུངས་པ།། རྡོ་རྗེ་རིན་ཆེན་ཕྱག་འཚལ ་བསྟོད།། འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད།། འདོད་ཚོགས་ཆོས་ཀྱི་འབྱུང་གནས་བརྙས།། དབྱིངས་མཆོག་ཀུན་གྱི་གཙོ་བོའི་གཙོ།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད།། གཤིན་རྗེ་གཤེང་པོ ་ལས་ཀུན་པ།། རྡོ་རྗེ་སྐུ་དང་རབ་ཏུ་མཚུངས།། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད།། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ།། དཀྱིལ་འཁོར ་གཙོ་ལ་ཕྱག་འཚལ་བསྟོད།། གཤིན་རྗེ་འཇིགོས་པའི་དཀྱིལ་འཁོར་འདི།། དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ།། སྡིག་པ་རྗིད་འཇིགས་བྱེད་། མངོན་པོ་ཀྱི་མྱོར་བར་པོ་། དེ་རྣམས་ཀྱིས་དབྱངས་གཅིག་ཏུ་གསོལ་བ་བཏབ་པར་རིག་ནས།། ་སེམས་ཅན་གྱི་ཁམས་མི་ལུས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བར་བལྟས་ཏེ། ཉོན་མོངས་པ་རྣམས་བསལ་བའི་ཕྱིར།། ཧཱུཾ་བཛྲེ་ཏིཉྫ་ཞེས་བྱ་བའི་སྔགས་ཀྱིས། རང་གི་རྡོ་རྗེ་གསོར་ལ། ཡི་གེ་མ་ལས ་མྱིག་གཡོན་པཱ་ཟླ་བཱ་ཊཱ་ལས་མིག་གཡས་པ་ཉི་མར་བྱས་པས། དུས་དང་ཕྱོགས་ཀུན་བསལ་བར་བྱས་ནས། རྣལ་འབྱོར་པས་ཁམས་གསུམ་མ་ལུས་པ་ལ་བལྟ་ཞིང་། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལྔ། ་རྡོ་རྗེ་གསོར་བ་ཉིད་ཀྱིས། རྡོ་རྗེ་འགྲོས་ཀྱི་གར་དང་། འཁོར་ལོའི་ས་བསྐོར་བར་བྱའོ།། མགུར་ནོ་ཧྲཱིཿཥྚྲྀཿལ་སོགས་པ་སྒྲོགས་པའི་སྒྲས།། དཀྱིལ་འཁོར་གྱི་བགེགས་སྐྲག་པར་བྱས་ལ།། ཉོན་ཅིག་ལྷ་ཚོགས་བགེགས་ཀྱི ་ཚོགས།། ལུས་ངག་ཡིད་ལ་གནས་པ་རྣམས།། དཔལ་ལྡན་རྡོ་རྗེ་འཛིན་པ་བདག། བསྲུང་བའི་འཁོར་ལོ་སྦྱོར་བ་ཡིས།། རྡོ་རྗེ་ལུས་ནི་མདངས་ལྡན་པས།། ལུས་སོགས་གསུམ་སྐྱེས་འཇིགས་པར་བྱེད།། གལ་ཏེ་ངལ་འགས་བརྙས་ན།། ། ་འདིར་ནི་དེ་གཞོམ་གཞན་དུ་མིན།། རྡོ་རྗེའི་གནས་སུ་འཁོར་ལོ་དང་།། རིན་པོ་ཆེ་དང་པདྨ་དང་།། རལ་གྲི་རབ་ཏུ་བཀོད་ལ་བརྗོད་པར་བྱའོ།། ས་ཡངས་སུ་བཟུང་བ་བྱས་པའི་རྗེས་ལ།། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ ་པར་བྱའོ།། དེ་ལ་ཕུར་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷཿགྷདྡ་གྷཱ་ཏ་ཡ་གྷཱ་ཏཱ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་པཱུ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་བཱ་ཀྵིཏྟ་བཛྲ་ཀཱི་ལ་ཧཱུ~ཾ་ཕཊ། འོག་དང་སྟེང ་དང་ཕྱོགས་མཚམས་ཀྱི་བགེགས་ཐམས་ཅད།། རལ་གྲི་གཤིན་རྗེ་གཤེད་ཀྱིས་ཕུར་བུས་གདབ་པར་བྱའོ།། ཇི་ལྟར་ས་ཡོངས་སུ་གཟུང་བ་བྱས་ཏེ། ས་བགེགས་ཞི་བར་བྱས་པར་མཐོང་ནས། ཕྱོགས་མཚམས་འབར་བའི་འོད་ཀྱིས ་མཚམས་བཅད་པ་བྱས་ཏེ། ཕྱི་རོལ་ཏུ་སའི་ལྷ་མོ་མདོག་སེར་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེང་ཕྱུང་བ། ཕྱག་གཡས་པ་ཁས་ལེན་པའི་ལག་པ་ལྟ་བུ་གཡོན་ནཱ་བུམྦྷ་པ་འཛིན་པ། མེ་ཏོགྣ་དྲྀ ་ཞིམ་པོ་སྣ་ཚོགས་ཀྱིས་མཆོད་ལ་སྟ་གོན་དུ་གནས་པར་བྱའོ།། ལྷ་མོ་ཁྱོད་ནི་དབང་དུ་འགྱུར།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། ཐེག་པོ་སྤྱོད་པའི་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལའོ།། ཇི་ལྟར་ཤཱཀྱ་སེང་གེ་ཡི།། ་བདུད་ཀྱི་སྟོབས་རྣམས་བཅོམ་པ་ལྟར།། བདག་གིས་བདུད་ཀྱི་སྟོབས་བཙོམ་སྟེ།། དཀྱིལ་འཁོར་ཆེན་པོ་བྲི་བར་བྱ།། དེ་ནས་དེ་ཉིད་དུ་ཞུགས་པར་བསམ་པོར་བྱ་སྟེ། ས་སྟ་གོན་དུ་གནས་པའོ།། དེ་ནས་ཡང་དེ་ཉིད་ལ་དྲིས་ཉེ་བར ་བྱུགས་ལ། མེ་ཏོག་སྣ་ཚོགས་ཀྱིས་དགྲམ་པར་བྱའོ།། ལྷའི་གནས་རྣམས་སུ་ཙན་དན་ལ་སོགས་པའི་མཎྜལྀ་བྱའོ།། དེ་ཉིད་དུ་སྙིང་གར་ཡེ་ཤེས་ཀྱི་འོད་ཟེར་གྱིས།། འཁོར་ལོ་བཀུག་ལ་མཚམས་བཅད་པ་ལ་སོགས་པ་བྱའོ།། ་མཆོད་པ་དང་། བསྟོད་བྱི་དང་། བདུད་རྩི་མྱང་བ་ལ་སོགས་པ་ཡང་བྱའོ།། དེ་ནས་རྐང་པ་གཡས་པའི་པུས་མོ་ས་ལ་གཙུགས་ལྔ། ལག་པ་གཡས་པར་སྨོས་སྣོད་ཐོགས་ཏེ། འཁོར་ལོ་རྫོགས་པའི་སངས་རྒྱས་ལ་གསོལ་བ ་གྲངབ་པར་བྱའོ།། བཅོམ་ལྡན་གཤིན་གཤེད་བདེན་རྡོ་རྗེ།། རིག་པའི་རྒྱལ་པོ་ཕྱག་འཚལ་བསྐྱོད།། དཀྱིལ་འཁོར་སྟོང་རྗེའི་བདག་ཉིད་ཅན།། མགོན་པོ་བདག་ཉིད་བྲི་བར་འཚལ།། སློབ་མ་ལ་ནི་བརྩེ་ཕྱིར་དང་།། ཁྱེད་རྣམས ་ལ་ཡང་མཆོད་པའི་ཕྱིར།། བདག་ནི་བཅོམ་ལྡན་ཁྱེད་ལ་གུས།། དགྱེས་པར་མཛད་པའི་འོས་ལགས་སོ།། སངས་རྒྱས་རྣམས་ནི་བདག་ལ་དགོངས།། འགྲོ་བའི་འཁོར་ལོ་བྱ་བའི་ཕྱིར།། འབྲས་གནས་བྱང་ཆུབ་སེམས་དཔའ་དང་།། གཞན་ཡང་གས།། ་སྔགས་ལྷ་ཉིད་དང་།། འཇིག་རྟེན་སྐྱོང་དང་འབྱུང་པོ་དང་།། རྫོགས་སངས་རྒྱས་ཀྱིས་རྗེས་བསྟན་པ།། བསྟན་ལ་དགའ་བའི་སེམས་ཅན་དང་།། གང་དག་རྡོ་རྗེའི་མིག་ཅན་རྣམས།། རྡོ་རྗེ་འཆང་ཚོན་བདག་མིང་འདི།། གཤིན་རྗེ་གཤེད་ནག ་དཀྱིལ་འཁོར་ནི།། འགྲོ་བ་དག་ཕྱི་རོ་བྲི་བར་བགྱི།། ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས།། རྗེས་སུ་བརྩེ་བ་ཉེ་བར་སྩོལ།། བདག་དང་སློབ་མར་བཅས་པ་དང་།། དཀྱིལ་འཁོར་པ་ཡི་གྲོགས་ཀུན་ལ།། ཉེ་བར་མཛད་པར་འོས་པ་ལགས།། དེ ་ལྟར་ལན་གསུམ་གྱི་བར་དུ་བྱས་ནས།། འཁོར་ལོ་དེ་ཡང་དག་པར་མཆོད་དེ།། ན་མཁའ་ལཱ་དགོད་པར་བྱའོ།། དེ་ནས་རྣལ་འབྱོར་པ་ཉི་མ་དང་ཟླ་བའི་མིག་ཅན་ཡི་གེ་ཛྭ་ལས་དབྱུང་བ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའི ་ས་བོན་ལས་བྱུང་བ། དེའི་ཁ་དོག་ཅན་ཉི་ཤུ་རྩ་ལྔར་དབྱེ་བར་བྱས་ལ། དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་བྱ་སྟེ། སྒོའི་ཉི་ཤུ་ཆ་དྲི་ཞིམ་པ་ལྔས་རྣམ་པར་བྱུགས་པའོ།། སྐུད་པ་འཁལ་བ་རལ་གྲི་གཤིན་རྗེ་གཤད་དང་ལྷན་ཅིག ་སྐུད་པ་བསྒྲིམ་པར་བྱའོ།། འབར་བའི་ལྷ་སྟངས་ཀྱིས་ལྕོགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་བཅུག་ལ། ཨེ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤི་ཛཿཞེས་བྱ་བའི་སྔགས་འདི་དང་། ཨོཾ་ཨཿཔྲ་ཡཙྪ་མོ་ཧཱ་ཀཱ་ལཱ་རེ་སཱ་ཙཀྲ་སུ་ཏྲ་ན་ཡ ་ཧཱུ~ཾ་ཞེས་བྱ་བའི་བར་དུའོ།། ཞེ་སྡང་དུས་ཀྱི་དགྲ་ལ་གསོལ་བ་གདབ་པ། ཨོཾ་ཨཱཿ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱཿཔུ་ར་སྥ་རཱ་ནུ་ག་ཏ་སརྦ་དྷརྨཱ་ཨ་ཏྱནྟྲ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་དེ། ཐིག་སྐུད་འཛིན་པས་ཡ~ཾ་ག ་ཛ་ཛ་ཛཱ་ཞེས་རང་གིས་བསྐུལ་ཞིང་བཏོན་ལ། གཡོན་པའི་ཁུ་ཚུར་གྱིས་ལྟེ་བའི་སྟེང་དུ་ཐིག་སྐུད་བཟུང་སྟེ། ནུབ་ཏུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་པ་དང་། ཤར་དུ་འདུག་སྟེ་ནུབ་ཏུ་མངོན་པར་ཕྱོགས་པ་དང་། ལྷན་ཅིག་ནམ ་མཁའི་ཐིག་གདབ་པར་བྱའོ།། ཡང་འོག་གི་ཐིག་གདབ་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུ~ཾ། སེམས་ཅན་རྣམས་ཀྱི་དོན་དུ་ཁྱོད། ཡང་ནི་དུས་འདིར་གཤེགས་སུ་གསོལ་ཞེས་བྱ་བ་དང་། ཐིག་སྐུད་ཀྱི་སྒྲས་ན་མཁའ་ལ ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ། ཤར་དང་ནུབ་ཏུ་ཚངས་ཐིག་གདབ་པར་བྱའོ།། བྱང་དུ་མངོན་པར་ཕྱོགས་པ་དང་། ལྷོར་མངོན་པར་ཕྱོགས་པས། ལྷོ་དང་བྱང་གི་ཚངས་ཐིག་གདབ་པར་བྱའོ།། མེར་འདུག་ལ ་གནོད་སྦྱིན་དུ་བལྟས་པ་དང་། དབང་ལྡན་དུ་འདུག་ལ་ཡི་དགས་སུ་བལྟས་ཏེ། ཤར་གྱི་རྩ་བའི་ཐིག་གདབ་པོ།། རླུང་གི་ཕྱོགས་སུ་འདུག་ལ་ཡི་དྭགས་སུ་བལྟས་པ་དང་། བདནྡ་བྲལ་དུ་འདུག་ལ་གནོད་སྦྱིན་དུ་བལྟས་ཏེ། ནུབ ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ།། མེར་འདུག་ལེ་ཀླུ་ཕྱོགས་སུ་བལྟས་པ་དང་། བདེན་བྲལ་དུ་འདུག་སྟེ། དབང་པོར་བལྟོས་པས། ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ།། རླུང་གི་ཕྱོགས་སུ་འདུག་ལ་དབང་པོར་ཕྱོགས་པ་དང་། ་དབང་ལྡན་དུ་འདུག་ལ་ཀླུ་ཕྱོགས་སུ་བལྟས་པས། བྱང་ཕྱོགས་ཀྱི་རྩ་བའི་ཐིག་གདབ་པོ།། ཆོ་ག་འདི་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས་གཉིས་ཀར་ཐིག་བདུན་བདུན་གདབ་པོ།། རྩ་བའི་ཐིག་གི་ཕྱི་རོལ་གྱི་འགྲམ་དུ། ཐིག་དྲུག་གི། ་རྒྱབ་ལ་ནི་རྟ་བབས་ཅི་རིགས་པའི་ཐིག་གོ། མཚམས་ཀྱི་ཐིག་གཉིས་ཀྱང་ངོ་།། ཐིག་དེ་ཉིས་བལྟ་བ་དུ་བྱས་པས་དབང་ལྗོན་མཚམས་ནས་བརྩམས་ལ། སྐོར་ཕྱོགས་སུ་འཁོར་ལོའི་རྣམ་པར་རྡོ་རྗེའི་ཕྲེང་བའི་ཐིག་གཉིས ་གདབ་པོ།། ཕྱོགས་ཀུན་ཀྱང་མཉམ་པར་མོས་པར་བྱའོ།། འདིར་མཚན་མ་ངན་མཐོང་མི་འགྲུབ་བོ།། ཐིག་སྲུང་ཆད་ན་བླ་མ་འཆི།། ཕྱོགས་རྨོངས་འཁྲུལ་ན་སློབ་མའོ།། ལྷག་ཆད་ལས་ནད་འབྱུང་བར་འགྱུར།། གྲུ་བཞི་སྒོ་བཞི ་རྟ་བབས་བཞིས་བརྒྱན་པ།། ཐིག་བཞི་དང་མཉམ་པརོ་ལྡན་པ།། དྲོ་ཤལ་དང་སུ་མོ་དོ་དང་། དར་དཔྱངས་ཀྱིས་བུརྒྱན་པ། མཚམས་དང་སྒོ་ཁྱུང་དང་། འགྲམ་རྣམས་ལ་རྡོ་རྗེ་རིན་ཆེན་གྱིས་མཛེས་པར་བྱས་པའོ།། དེ་ལྟ་བུ་ནཱི་ཕྱི ་རོལ་གྱི་དཀྱིལ་འཁོར་རོ།། ཡང་ནང་གི་དཀྱིལ་ཕྱེད་གྱི་ཆ་གྲུ་བཞི་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། རྡོ་རྗེ་ཕྲེང་བས་བསྐོར་བའོ།། དེ་ཉིད་དང་རྗེས་སུ་མཐུན་པའི་སྒོའི་བར་དུའོ།། བློ་དང་ལྡན་པས་རྩེ་མོ་ལྔ་རྣམ་པོར་བསྡམས་ལྔ། ཡི་གཽ་དྷཱིཿ ་ལས་ཁྲོ་བོ་ལྷའོ།། སྒོ་ནི་དཀྱིལ་འཁོར་བརྒྱད་ཚོ་རུ།། བདག་ཉིད་ཆེན་པོས་ཤེས་པར་བྱ།། ཁ་ཁྱེར་ཆེན་པོ་མ་གཏོགས་པར།། ཤིན་ཏུ་མཛེས་པ་ཡིད་འོང་བའོ།། སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ།། དེ་བཞིན་ལྷ་ཡི་སྣམ་བུ་སྟེ།། ་རྡོ་རྗེའི་ལྷ་མྱོར་ཡང་དག་ལྡན།། གྲུ་དང་རོལ་མོ་ལྱ་སོགས་གར།། ཁ་ཁྱེར་སྐྲྀ་ཡཽ་ཕྱེད་ཡིན་ཏོ།། སྐྲྀ་ཁྱུད་ལྔ་སོགས་དྲི་བ་དང་།། དྲྀ་ཕྱོད་ཉི་མོ་ཟླ་བ་དང་།། མཻ་ཏཽག་དག་གཽ་ཕྲེང་བ་ཡང་།། ཚོན་རྩེའི་སྣམ་བུ་དེ་ཡི་ཕྱེད།། རྩ་བའི ་ཐིག་ཕྱི་རོལ་ལོ།། རིན་ཆེན་ཀ་བཱ་སོགས་སྣམ་བུ།། མཉམ་པའི་ས་ལ་ཚོན་རྩི་སྦྱིན།། རྟ་བབས་སྒོ་ཡི་སུམ་གྱུར་ཏ།། བཱ་ངན་དྲིལ་བུར་ལྡན་པ་རྣམས།། དྲིལ་བུར་བཅས་པ་རླུང་བསྐྱོད་པའོ།། བ་ངན་ཕྱི་ཡི་མཚམས་ཉིད་དུ།། གཞན་རྣམས ་འཁོར་ལོའི་རྗེས་མཐུན་པར།། ཇི་ལྟར་མཛེས་པར་རབ་ཏུ་བརྟག། ཁྲུ་གང་ཉིད་ནི་མཉམ་སྦྱིན་ཞིང་།། ཇི་སྲིད་ཁྲུ་ནི་སྟོང་གི་བར།། དེ་བཞིན་དུ་ནི་རིམ་པ་འདིས།། སྔ་མ་བཞིན་དུ་མཉམ་པར་ཐིག་བཏབ་ནས།། རིམ་པ་སྔ་མ་བཞིན་དུ་རྡུལ ་ཆེཚོན་གྱི་ཆ་ངག་བཏེག་ཅིང་བཟུང་ལ་འབར་བའི་ལྟ་སྟངས་ཀྱིས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས་སོ།། དེ་ནས་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་རྣལ་འབྱོར་པ། ཀུན་ཏུ་རྟོག་པ་མཱ ་ལུས་པ་སྤངས་པ། འཁོར་ལོའི་དབུས་སུ་གནས་ཤིང་། དབང་ལྡན་གྱི་མཚམས་སུ་བརྟན་ནས་ལོག་པ་གཡོན་པའི་ཁུ་ཚུར་གྱིས་བྲི་བར་བྱ་སྟེ། དཀར་པོ་དང་། སེར་པོ་དང་དམར་པོ་དང་ལྗང་གུ་སྟེ། ནག་པོ་ནི་ནང་ཉིད་དུའོ།། སྒོའི་ཉི ་ཤུ་ཆ་ནི་ཆེན་རྩི་སྟེ། ཀུན་ཀྱང་སྦོམ་པོ་ལ་སོགས་པའི་སྐྱོན་དང་བྲལ་བར་བྲི་བར་བྱའོ།། དེ་ལ་སྦོམ་པོ་བྲིས་ན་ནང་འབྱུང་ངོ་།། ཕྲས་ན་ནི་ནོར་ཉམས་སོ།། ཡ་ཡོས་འཁོན་འབྱུང་ངོ་།། ཆང་ན་ནི་འཆིའོ།། ཚོན་རྩི་རྣམས་ཀྱི་བར་ནི་ནས་ཙམ ་གྱིས་ཚོང་པར་བྲོའོ།། ཤར་ཕྱོགས་སུ་ནི་དཀར་པོ་ཆེ།། ལྷོ་ཕྱོགས་སོར་པོ་དང་ལྡན་པ།། ནུབ་ཀྱི་ཆ་ནོ་དམར་པོའོ།། བྱང་ཕྱོགས་ལྗང་དང་ལྡན་པའོ།། ཨནྡྲ་ནཱ་ལའི་འོ་ལྡན་པོ།། དབུས་ཀྱི་ཆ་ནི་མཉན་པར་བྲི།། དེ་ལྟར་དཀྱིལ་འཁོར། ་བྲིས་ནས་སུ།། ལྷའི་གནས་ཐམས་ཅད་དུ་སྣ་ཚོགས་པདྨའོ།། དཀྱིལ་དུ་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འབྱེས་པའོ།། ཤར་ཕྱོགས་ཀྱི་རྩེ་མོའི་རྩ་བ་ལ་འཁོར་ལོ་རྩིབས་བརྒྱད་པའོ།། ལྷོ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ ་ལ། ཉི་མ་ལ་གནས་པའི་རིན་པོ་ཆེ་ཆ་དགུ་པའོ།། ནུབ་ཀྱི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ།། ཉི་མ་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའོ།། བྱང་གི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་རལ་གྲི་ལྗང་གུའོ།། སྣ་ཚོགས་རྡོ་རྗེའི་མེ་མཚམ ་སུ་འཁོར་ལོའོ།། བདུན་བྲལ་མཚམ་སུ་རྡོ་རྗེའོ།། རླུང་གི་མཚམས་སུ་པདྨའོ།། དབང་ལྡན་མཚམས་སུ་རལ་གྲིའོ།། ཤར་སྒོར་ནི་རྡོ་རྗེ་ཐོ་བ་རྩིབས་ཉི་ཤུ་པའོ།། ལྷོ་སྒོར་ནི་དབྱིག་པ་དཀར་པོའོ།། ནུབ་སྒོར་ནི་པདྨ་དམར་བའོ།། བྱར་སྒོར ་རལ་གྲིའོ།། དཀྱིལ་འཁོར་གྱི་མཚམས་བཞིར་ནི། པདྨའི་སྣོད་བཞི་བྲི་བར་བྱ་སྟེ། རྡུལ་ཚོན་དགྱེ་བའོ།། དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ལཱ། སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྣལ་འབྱོར་པ་ར ་དང་མཚུངས་པའི་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་པོ་ཉིད་དུ་གནས་ཏེ། དེའི་སེམས་ཀྱིས་ན་མཁའི་ཁམས་ཁྱབ་པར་དཀྱིལ་འཁོར་སྒྲུབ་ཅིང་སྤྲོས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། མིག་ལ་སེགས་པ་དང་། ་ལུས་ལ་སོགས་པོ་བྱིན་གྱིས་བརླབ་ཅིང་། བདག་ཉིད་དབང་བསྐུར་བའི་ཚོགས་དབང་བསྐུར་བར་བྱའོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཨརྒྷ་ལ་སོགས་པ་དབུལ་ཞིང་ཁྱཽ་བི་རྣམས་དགུག་པ་དང་། ཞུག་པ ་དང་བཙང་བ་དང་། དབང་དུ་བྱས་ལ་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བ་ཡང་བྱའོ།། བཟླས་པ་དང་བསྒོམ་པ་དང་མཉེས་པ་ཡང་བྱའོ།། ཕྱོགས་སྦྱོང་བ་རྣམས་ལ་ཡང་གཏོར་མ་དང་མཆོད་པ་དབུལ་ཏེ། བདག་ཉིད་ཀྱིས་དཀྱིལ ་འཁོར་བསྐོར་ཞིང་ཕྱག་ཀྱང་བྱ་སྟེ། འདི་ལྟ་བུ་ནི་དཀྱིལ་འཁོར་སྒྲུབ་པའི་ཐབས་སོ།། དེ་ནས་བུམ་པ་བཅོ་བརྒྱད་གཙོ་བོའི་དཀྱིལ་འཁོར་དུ་བཞག། པདྨོའི་སྣོད་བཞི་ཡང་བཞག་གོ། ལས་ཐམས་ཅད་ཀྱི་མཚན་མ་གདབ།། མགྲིན་པ ་གོས་ཀྱིས་དཀྲི། ཙུ་ཏ་ལ་སོགས་པའི་ཁ་རྒྱན་དང་ལྡན་པར་བྱ།། རིན་པོ་ཆེ་ལྔ་དང་སྨན་ལྔ་དང་། འབྲུ་ལྔ་དང་ལྡན་པ་དེ་དག་ཀྱང་། སྔགས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བལྟས་ལ། དེ་རྣམས་སུ་ཡེ་ཤེས ་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་། ཨརྒྷ་ལ་སོགས་པ་ཕུལ་ཏེ། དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ལ་མཆོད་པ་ལ་སོགས་པ་དབུལ་ལོ།། མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སྟེང་རྣམས་སུ་བཞག་ལ། སྔགས ་པ་དེ་སྲིད་འདོད་ཀྱི་བོར་དུ་དུས་གསུམ་དུ་བཟླ་ཞིང་། འཁོར་ལོ་དེ་ཆུང་ཉིད་ཀྱི་རྣམ་པར་མཐོང་བར་བྱའོ།། དེ་ལྟ་བུ་ནི་བུམ་པར་སྟ་གོན་དུ་གནས་པའི་ཆོ་གའོ།། དེ་ནས་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང་། ཡོན་བདག་གི ་བསད་ནམོས་མངོན་པར་འཕོལ་བར་བྱ་བའི་ཕྱིར་སྦྱིན་སྲོག་བྱའོ།། དེ་ལ་ཞོ་བོའི་ཐབས་ཁུང་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་བྱ་སྟེ། ཁྲུ་གང་གི་ཚད་ཙམ་ལ། ཟབས་སུ་ཁྲུ་བྱེད་བརྐོས་པ་མ་གཏོགས་པ་རྒྱ་དང་། འཕང་དུ་སོར་བཞི ་པའི་ཁ་ཁྱེར་པདྨ་རྒྱས་པའི་རྣམ་པ་ལྟ་བུས་བསྐོར་བའོ།། དེའི་ཕྱི་རོལ་དུ་ཁ་ཁྱེར་སོར་གཉིས་པས་གྲུ་བཞིར་བསྐོར་བར་བྱའོ།། དེའི་མཚན་སཱ་ལ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པའོ།། ཐབ་ཁུང་གི་དཀྱིལ་དུ་སོར་བརྒྱད་ཀྱི་ཚད་ལ་རྩེ ་མོ་རྣམས་ལ་སེར་རེ་རེ་ཡོད་པའི་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་བྲིའོ།། ཤ་རོ་དང་ལྷོ་དང་ནུབ་དང་བྱང་དུ་འཁོར་ལོ་དང་།། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་སོར་དྲུག་གི་ཚད་ཙམ་བྲིའོ།། ཚོན་རྩི་དཀར་པོས་སྟེང་དུ་བྲིའོ།། དེ་ནས་རྣལ་འབྱོར་པ་ཁ་ཤར ་ཕྱོགས་སུ་བལྟས་ཏེ། བསྲེག་པའི་རྫས་མ་ལུས་པ་གཡས་ངོས་སུ་བཞག་ལ། བསོང་གཏོར་གྱི་ཆུའི་སྣོད་ལ་སོགས་པ་གཡོན་ཕྱོགས་སུ་བཞག་གོ། བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་གཡོས་ཁང་ནས་མེ་བླངས་ལ། འོ་མ་ཅན་གྱི་ཤིང ་རོབ་ཏུ་སྦར་བར་བྱ་སྟེ། སྲོག་ཆགས་ལ་གནོད་པ་སྤང་བར་བྱའོ།། དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་སོང་བའི་སྣ་ཚོགོས་པདྨའི་སྟེང་དུ་རྀ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གསུམ་པ་གཉུག་མར་གནས་པའི་རིག་པ་དང་། ་གཉིས་སུ་མེད་པོའི་སྐུ་ཕྱག་གཡས་ན་སྤྱི་བླུགས་བསྣམས་པ། གཉིས་པ་མི་འཇིགས་པ་སྦྱིན་པ། གཡོན་ན་དབྱིག་གུ་རྩེ་གསུམ་པ་བསྣམས་པ། གཉིས་པ་ན་ཕྲེང་བ་བསྣམས་པ། གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པ། གཡས ་བརྐྱང་བའི་ཞབས་ཀྱིས་གནས་པ། ཁྲོ་བོའི་རྒྱན་པ་བསྒོམས་ལ། སྙིང་གནས་པའི་ས་བོན་ལས་ཡེ་ཤེས་ཀྱི་མེ་དགུག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བྱ་བའི་སྔགས་ཀྱིས་ཀུ་ཤའི་ཆུན་པོས་བསང་གཏོར་ལ་སོགས ་པ་དབུལ་ཞིང་། དམ་ཚིག་འཇུག་པ་དང་། མཆོད་པ་ལ་སོགས་བྱ་སྟེ། དེའི་ཞལ་དུ་ཡི་གེ་རཾ་བཀོད་ལྔ་སྡིག་རྫས་བྱུང་བུ་དབུལ་ལོ།། བླུགས་གཟར་དང་དགང་གཟེར་གྱི་མཆུ་དང་། མཆུ་ལ་ཡང་རིམ་པ་བཞིན་བསྒོམས་ཏེ། སྒེག་རྫས ་ཐམས་ཅད་དབུལ་ལོ།། ཕྱིས་དེའི་སྙིང་གར་གཤིན་རྗེ་མཐར་བྱེད་ཀྱི་རང་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན ་དྲང་བ་ལ་སོགས་པ་བྱས་ལོ། མཆོད་པ་ལ་སོགས་པ་དབུལ་ཏོ། དེའི་ཞལ་དུ་ཡི་གེ་རཾ་བསྒོམས་ལ། ཨོཾ་ཨགྣ་ཡ་སྭཱ་ཧཱ་ཞེས་བྱ་བས། མར་གྱིས་བཀང་བའི་སྲེག་བླུགས་དབུལྟ་ལོ།། ཨོཾ་སརྦྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སརྦྦ་པཱ་བ་ནི་དྱཱ་ཧ་སྭཱཧཱ། ཞེས ་བྱ་བས་ནི་ངུར་བའོ།། ཨོཾ་བཛྲ་པུཥྚཱ་ཡེ་སྭཱཧཱ་ཞེས་བྱ་བས་ནི་འབྲས་མ་གོད་པའོ།། ཨོཾ་སརྦ་སཾ་བཱ་དྷེ་སྭཱ་ཧཱ་ཞེས་བྱ་བས་ནི་ཞོའོ།། ཨོཾ་ཨཱ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི་ཀུ་ཤའོ།། ཨོཾ་བོ་དྷི་པྲཀྵ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི་ཨོཾ་ཤྭདྠའོ།། ཨོཾ་བཛྲ་ཀུན ་རཱ་ཡ་སཱཏྨ། ཞེས་བྱ་བས་ན་ནྱ་གྲོ་དྷའོ།། ཨོཾ་བཛྲ་ཡཛྙཱ་ཡ་སཱ་ཧཱ་ཞེས་བྱ་བས་ནི་ཨ་དུམྦ་རའོ།། ཨོཾ་སེ་ཧ་ཀ་རོ་ཡ་སྭཱ་ཧཱ་ཞེས་བྱ་བས་ནི་ཨ་མྲའོ།། ཤིང་ལས་བྱུང་བ་མ་ཡིན་པའི་སྲེག་རྫས་གཞན་དག་ནཾ། རང་གི་འདོད་པའི་ལྷ་སྔགས་ཀྱི ་མན་ངག་ཇི་ལྟ་བ་བཞིན་དུ་བསྐུལ་བའི་ཚིག་དང་ལྡན་པས། བདུད་རྩིའི་ངོ་བོར་བསྒྲུབས་ལ་བསྲེག་པར་བྱའོ།། དེ་ནས་འཐོར་འཐུང་དང་། ཞབས་བསིལ་དང་། མེ་ཏོག་དྲི་ཞིམ་པོ་ལ་སོགས་པ་དང་། ན་བཟའ་དང་། སོ་རྩི་དང་བཤོས ་རྣམས་ཕུལ་ནས། འདོད་པའི་དངོས་པོ་བླངས་ལ། ཡི་གེ་མུཿའི་མཐའ་ཅན་གྱི་ཡི་གེ་གསུམ་གྱིས་གཤེགས་སུ་གསོལ་ལོ།། རྫས་ལྷག་མ་རྣམས་ཀྱང་སྔར་གྱི་ཆོ་གས་མེ་ལ་སྲེགས་ལ་གཤེགས་སུ་གསོལ་ལོ།། སྦྱིན ་སྲྀག་གི་དགང་གཟུར་ཁྲུ་གང་གི་ཚད་ལ་རྩ་བ་རྡོ་རྗེ་རིན་པོ་དང་ལྡན་པ་སོར་བཞི་པ་སོར་གཉིས་བརྐོས་པ་རྡོ་རྗེ་དང་ལྡན་པ་པདྨའི་འདབ་མ་ལྟ་བུ་འབྱུང་བའི་སྦུབས། མཐེའུ་ཆུང་གི་ཚད་ཙམ་དང་བཅས་པའོ།། བླུགས་གཟུར་ན་སོར་གཉིས་ཙམ ་ལ་སོར་གཙག་བརྐོས་བྱ། རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟེ་བུ་སྟེ། དགང་གཟར་དང་། བླུགས་གཟར་རོ།། དེ་ནས་རབ་གནས་ཀྱི་ས་གཞི་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་དང་། རོལ་མོའི་སྒྲ་སྣ་ཚོགས་ཡིད་དུ་འོང་བ་དང་། ་སློབ་དཔོན་ཡང་ཇི་ལྟར་ཚོགས་ཀྱིས་རྒྱུན་སྣ་ཚོགས་ཀྱིས་བརྒྱན་ལ། སྐུ་གཟུགས་སམ། རི་མོ་འམ་གླེགས་བམ་མདུན་དུ་བཞག་སྟེ། བསདྷ་གཏོར་དང་། ཡོན་ཆབ་དང་། འཐོར་འཐུང་ཕུལ་ལ། ཁུ་ཚུར་གཡོན་པ་འམ། གཞན་དུ་ཡུངས་ཀར ་བླངས་ཏེ། སྐུ་གཟུགས་ལ་སོགས་པ་མདུན་དུ་གཡོན་པ་འམ། གཞན་གྱིས་ལན་གསུམ་གྱི་བར་དུ་བསྐོར་ཏེ། མེའི་ནང་དུ་བླུགས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཏབ་པའི་ཁམ་ཕོར་གསུམ་གྱིས་བསྐོར ་ཞིང་གཡབས་ལ་བསྐུར་རོ།། དེ་ནས་སྙིམ་པས་ཆུ་བླངས་ལ་མེ་དེ་ཉིད་དུ་བླུགས། དེ་ནས་ན་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་པའི་མཆོང་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། རྣམ་པར ་རྟོག་པ་ཐམས་ཅད་སྤང་ཞིང་སྤོས་སྣོད་བཟུང་ལ་དེ་བཞིན་གཤེགས་པ་རྣམས་སྟ་གོན་དུ་གནས་པའི་ཕྱིར། དམ་ཚིག་ཅན་ཁྱོད་ཀྱིས་བདག་ལ་དམ་ཚིག་སྩོལ་ཅིག་ཅེས་ལན་གསུམ་དུ་བརྗོད་དེ། ཇི་ལྟར་ཡང་དག་རྫོགས་སངས་ཀུན།། དགའ ་ལྡན་གནས་སུ་བཞུགས་ནས་ནི།། ལྷ་མོ་སྒྱུ་མའི་མངལ་འཇུག་པ།། དེ་བཞིན་འདིར་ཡང་བཞུགས་སུ་གསོལ།། མགོན་པོ་འདིར་ནི་རྟག་བཞུགས་ནས།། མེ་ཏོག་ལ་སོགས་འདི་བཞེས་ལ།། མི་འདིའི་དོན་ནི་གཟུང་ཕྱིར་དང་།། བྱང་ཆུབ་སེམས ་ནི་བརྟན་པར་མཛོད།། དེ་ནས་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་བྱའོ།། ལྷ་སྟ་གོན་དུ་གནས་ནས་ཐོ་རངས་ཀྱིས།། སྐུ་གཟུགས་གོས་སེར་པོས་གཡོགས་ལ།། ཁ་ཤོར་ཕྱོགས་སུ་བསྟན་ཏེ་ཁྲུས་བྱའོ།། དེ་ལ་རིམ་པ་ནི་འདི ་ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུ~ཾ་ཏྲཾ་ཧྲཱིཿཿཞེས་བྱ་བའི་ས་བོན་གྱིས། མངོན་པར་བསྔགས་པས་བསྐུས་ལ། དེ་ནས་དྲི་ཞིམ་པོའི་སྣུམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བྱ་བས་སྔགས་ཏེ། དུར་བའི་ཆང་བུས་བྱུག ་བར་བྱའོ།། དེ་ནས་ཤུན་པ་ལྔ་ཁར་བའི་སྣོང་དུ་བཞག་ལ་སྣུམ་ཕྱིའོ།། དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ། བུམ་པའི་སོ་སོའི་ཆུས་ཁྲུས་གསོལ་ལོ།། ཇི་ལྟར་བསྣམས་མ་ཐག་ཏུ་ཡང་།། དེ་བཞིན་གཤེགས་ཀུན་སྐུ ་བཀྲུས་ལྟར།། ལྷ་རྫས་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སོ།། དེའི་རྗེས་ལ་ན་མཁའ་ལ་གནས་པའི་ཙ་ར་ཙྪ་ཀ་ལ་སོགས་པ། རིག་པའི་ཚོགས་རྣམས ་བཀུག་ནས། ཡེ་ཤེས་བདུད་རྩི་ཆུས་གང་བའི་བུམ་པ་འཛིན་པ་དེ་རྣམས་ཀྱིས། དེ་མངོན་པར་དབང་བསྐུར་བར་བྱའོ།། དེ་ནས་གོས་ཀྱིས་རླན་མེད་པར་ཕྱིས་ལ། དང་པོའི་གནས་སུ་བཞག་གོ།། རས་བྲིས་སམ་གླེགས་བམ་མམ། མཆོད་རྟེན་ཆེན་པོ ་ནམས་ནི་མེ་ལོང་ལ་སྔ་མ་བཞིན་དུ་སྐུ་ཁྲུས་གསོལ་བར་བྱའོ།། དེ་ལྟ་བུ་ཁྲུས་གསོལ་བའི་རིམ་པའོ།། དེ་ནས་མིག་ལ་སོགས་པ་དང་། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང་། བདག་ཉིད་དབང་བསྐུར་ལ།། རིགས་ཀྱི་གཙོ་བོར་ཅོད་པན་ཉིད་དུ ་བཞག་ཅིང་། ན་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ལ། ཡོན་ཆབ་ལ་སོགས་པ་དབུལ་ཞིང་དམ་ཚིག་ལ་གཞུག་པར་བྱའོ།། གླེགས་བམ་ལ་ནི་ཡི་གེའི་གཟུགས་ཉིད་འགྱུར་བ ་བ་ལྡན་བཟའ་དབུལ་ཏེ། ཨོཾ་བཛྲ་བསྟཱ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ།། དེ་ནསྭ་མཱ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཆུ་དང་ཐང་ལ་སྐྱེས་པ་ཡི།། མེ་ཏོག་གཙོ་བོ་མཆོག་འདི་དག། གུས་པ་མཆོག་གིས་བདག་འབུལ ་ན། ཇི་ལྟར་བདེ་བས་བནས་སུ་གསོལ།། ལྷན་ཅིག་སྤྱོས་དང་སྦྱར་བ་ཡི།། བདུག་པའི་དྲི་ཡི་མཆོག་འདི་དག། གུས་པ་མཆོག་གིས་པིང་ག་འབུལ་ན།། ཇི་ལྟར་བདེ་བས་བཞེས་སུ་གསོལ།། ཞུན་མར་འབྲུ་མར་སྣང་བ་འདི།། ལྷ་རྫས་འོད ་འབར་མུན་པ་འཇིག། བདག་ཉིད་དང་བས་འབུལ་ལགས་ན།། མི་ཤེས་པ་ཀུན་གསལ་དུ་གསོལ།། བཟའ་བཅུའ་ཀུན་དང་བཅས་པ་ཡི།། ཁ་དོག་དྲི་དང་རོར་ལྡན་པ།། བཤོས་གཙང་དམ་པ་བདག་འབུལ་ན།། ་འདི་དག་ཐམས་ཅད་བཞེས་སུ་གསོལ།། དེ་ལྟར་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པ་དབུལ་ལོ།། ཕྱི་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་སྟེ།། དངུལ་གྱི་སྤྱོད་ན་ཡོད་པའི་མར་དང་།། སྦྲང་རྩི་གསེར་གྱི་ཐུར་མས་བླངས་ལ། ཨོཾ་བཛྲ་ཙུཀྲ ་ས་མནྟ་ཙུཀྵུ་བི་ཤོ་དྷ་ནཱི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ།། དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་ལ།། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད།། ཅེས་བྱ་བ་ལ་སོགས་པའི་བསྟོད་པ་བྱ་སྟེ། དེ་ལྟ་བུ་ནི་རབ་གནས ་ཀྱི་ཆོ་གའི།། གང་གི་ཚེ་སྙིང་རྗེ་མཆོག་གི་དབང་དུ་གྱུར་ཅིང་དབང་བསྐུར་ལ་སོགས་པས་སློབ་མྱ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་གནས་ཀྱི་ཕྱི་རོལ་དུ། རིགས་དང་གཟུགས་དང་ལང་ཚོ་དང་། དད་པ་དང་། ཐོས་པ་ལ ་སོགས་པ་དང་ལྡན་པ། དོན་དུ་གཉེར་བའི་སློབ་མོ་ལག་ཏུ་མེ་ཏོག་ཐོགས་ཏེ། དཀྱིལ་འཁོར་ལོ་ཕྱག་བྱས་པ་དང་། གཞན་ཡོན་ཏན་མེད་པ་ཡང་། སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། དགེ་བ་བཅུའི ་ལས་ཀྱི་ལམ་ལེ་གནས་པ་ཆོས་བཤད་པས་སྤྲོ་བ་བསྐྱེའོ།། རྗེ་སུ་གནང་བ་བཞི་པོ་འམ།། རང་གི་བསླབ་པ་ལྡན་པའི་འཁོར།། ཐེག་པ་ཆེན་པོའི་བློ་ཅན་ལ།། སངས་རྒྱས་ཡང་དག་ཆོ་ག་གསུངས།། སྔགས་ཀྱི་དངོས་གྲུབ་མཚན་མ ་འམ། འགའ་ཞིག་ཞི་བའི་དཀྱིལ་འཁོར་དང་།། དེ་བཞིན་བསོད་ནམས་འདོད་ལ་གཞན།། འཇིག་རྟེན་ཕྱི་མ་ཐེག་མཆོག་དང་།། མང་དུ་འཇིག་རྟེན་ཕ་རོལ་དོན།། བྱས་ནས་དང་ལྡན་བློ་དག་བྱེད།། འཇིག་རྟེན་འདི་ཡི་འབྲས་སྤངས་ནས།། འཇིག ་རྟེན་ཕྱི་མའི་འབྲས་འདོད་ལ།། གང་ཕྱིར་འདི་ལ་ཕན་མང་བ།། འདི་མེད་འཇིག་རྟེན་ཕ་རོལ་པ།། དེ་ཕྱིར་འཇིག་རྟེན་གཞན་གྲུབ་ཕྱིར།། ཁྱེད་ཀྱི་བསྟན་པ་ཡིད་ཀྱིས་བགྱིས།། དེ་ལྟར་སྨྲས་ནས་ཞི་བོར་འཇུག་པས་རྡོ་རྗེ་དང་པདྨ་དག་པར་བྱས་པ་ལ ་གསོལ་བ་གདབ་བོ།། བདག་གི་སྟོན་པ་དགའ་ཆེན་ཁྱེད།། མགོན་པོ་ཆེན་པོ་བདག་འཚལོ།། བྱང་ཆུབ་ཆེན་པོའི་ལམ་བསྟན་པ།། དམ་ཚིག་དེ་ཉིད་བདག་ལ་སྩོལ།། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ། ་སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་གཞུག་པར་གསོལ་ཞེས་ལན་གསུམ་བརྗོད་དེ།། གུས་པོ་དང་ལྡན་པའི་བླ་མ་ལ་འདི་ལྟར་གཙོར་བྱས་ལ་བརྗོད་དོ།། སྔགས་སྤྱོད ་ཚུལ་གྱི་ཆོ་ག་ཡིས།། ཐེག་ཆེན་འདི་ནི་བུ་ཁྱོད་ཤོག། ཁྱོད་ནི་ཐེག་པ་ཆེན་པོའི་སྣོད།། ཁྱོད་ལ་ཡང་དག་བཤད་པར་བྱ།། དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། རྡོ་རྗེ་གསང་སྔགས་མཐུ་ཉིད ་ཀྱིས།། ཡེ་ཤེས་མཉམ་པ་མེད་པ་བརྙེས།། ཤཱཀྱ་སེང་གེ་སོགས་མཆོག་གིས།། གསང་སྔགས་སྦྱོར་བ་མཉམ་མེད་པོས།། གང་གིས་སྟོབས་ཆེན་བདུད་ཀྱི་སྡེ། ཤིན་ཏུ་འཇིགས་པ་ཆེན་བཅོམ་ནས།། འཇིག་རྟེན་རྗེས་འཇུག་བཀོད ་པ་ཡིས།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་ཕྱིར་བུ་ཁྱོད་བློ་ཡིས་འདིར།། ཐམས་ཅད་མཁྱེན་ཉིད་ཐོབ་པར་གྱིས།། ཞེས་གསོལ་བ་འདེབས་པ་ལ་སྨྲས་ནས། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་བསྐྱེད་པའི་ཕྱིར་དང་། ་སྐྱེས་པ་རྣམས་ཡང་དག་པར་སྦྱོར་བར་བྱ་བའི་ཕྱིར། དེ་དག་ཤིན་ཏུ་འདོད་པར་བྱས་ལ། དྲིའི་སྙིང་གར་ཡི་གེ་ཧཱུ~ཾ་ལས་རྡོ་རྗེ་མགྲིན་པཱར་ཡི་གེ་ཨཱཿལས་པདྨ།། སྤྱི་བོར་ཡི་གེ་ཨོཾ་ལས་འཁོར་ལོ།། དེ་རྣམས་སུ་ས་བོན་དགོང་པ་འདི་ཧཱུཾ་ཨཿ ་ནོས་བརྗོད་ལ། དྲི་ཞིམ་པོར་བཅས་པའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཟུང་ནས་མགྲིན་པར་བསྐུའོ།། དེ་ནས་དེ་དག་གི་མགོ་ལ་མེ་ཏོག་སྦྱིན་ནོ།། དྲི་དང་བྱུག་པ་ནི་མདུན་དུའོ།། མར་མེ་མདུན་དུའོ།། ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླ ་དེ་ནས་ཆགས་པ་ལ་སོགས་པའི་སྐྱོན་དང་བྲལ་བའོ་ས་ཤིང་རྩེ་མོ་མེ་ཏོག་ཅན་སྦྱིན་ནོ།། དེས་ཁྭ་ཤར་ཕྱོགས་སུ་བལྟས་ཏེ། བཅའ་ཞིང་བ་ལང་གི་པགས་པ་ཙམ་གྱིས་ཕྱོགས་པ་ལང་གི་ལྕི་བས་བྱུགས་པར་དོར་རོ།། དེ་ནས་དེ་ལྷུང་བ ་དང་ཞི་བ་ལ་སོགས་པ་གྲུབ་པའི་མཚན་མ་དེ་ལ་བསྟན་པར་བྱའོ།། དེ་ནས་ཆུ་ཁྱོར་བ་གསུམ་གྱིས་ཁ་བ་ཤལ་ཏེ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨ་པཱ་པ་ནཱི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀ་ལ་པ་ཨ་པ་ན་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སོ།། སྟན་དང་སྤུ ་སུ་ཀུ་ཤ་གདིང་ངོ་།། དེའི་ཚད་སུམ་འགྱུར་གྱི་སྐུད་པས་བཅིངས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་པས་བསྲུང་ངོ་།། དེ་ནས་ཐམས་ཅད་མཁྱེན་ཉིད་འཇིག་རྟེན་དུ།། བརྒྱལ་འབྱུང་ངམ་མི་འབྱུང་འགྱུར།། ཨུ་དུམ་པ་རའི་མེ་ཏོག ་ཀྱང་རེས་འགའ་རས་འགའ་འབྱུང་བ་སྲིད།། གསང་སྔགས་ཚུལ་ལ་གནས་པ་ཡང་།། དེ་བས་ཀྱང་ནི་རྙེད་པར་དཀའ།། གང་གིས་སེམས་ཅན་དཔག་མེད་དོན།། ནུས་པར་མཛད་ལུས་འདས་པ་དང་།། བསྐལ་པ་དུ་མ་དཔག་མེད་དུ།། གང་གིས། ་སྡིག་པ་སྔོན་བྱས་པ།། དཀྱིལ་འཁོར་འདི་འདྲ་མཐོང་བས་ནི།། དེ་དག་ཐམས་ཅད་ཟད་འགྱུར་བས།། སྔགས་སྤྱོད་ཚུལ་ལ་གནས་པ་དང་།། མཉམ་པར་གྱུར་པས་གཞན་ཅི་ཡོད།། ཚེ་འདི་ཉིད་ལ་སྔགས་བཟླས་པས།། བླ་མེད་གནསུ་འགྲོ། ་འགྱུར་ཏེ།། སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི།། ངན་འགྲོའི་གནས་ནི་དེ་དག་སྤངས།། དེ་དག་ཐམས་ཅད་ཟད་འགྱུར་བྱས།། དེ་དག་སྤྱོད་པ་མཆོག་འདི་ལ།། བློ་གྲོས་ཤིན་ཏུ་བརྟུན་གྱུར་ནས།། ཁྱོད་ནི་དེ་རིང་རྙེད་པ་མཆོག། བདག་ཉིད ་ཆེན་པོ་རྙེད་པར་འགྱུར།། གང་གིས་རྒྱལ་བ་ཐམས་ཅད་ནི།། སྲས་དང་བཅས་པས་བསྟན་པ་འདི།། ཁྱོད་ཀྱི་ཀུན་གྱིས་ཡོངས་བཟུང་སྟེ།། གནས་ནས་བདག་ཉིད་ཆེན་པོ་ལ།། གང་གིས་ཁྱོད་ནི་ཐེག་ཚོན་ལས།། འདིར་ནི་འགྲོ་བར་འགྱུར་བ ་ཡིན། ལམ་འདི་མཆོག་སྟེ་དཔལ་དང་ལྡན།། ཐེག་པ་ཆེན་པོ་སྣང་བ་ཆེ།། གང་གིས་ཁྱོད་ནི་འགྲོ་འགྱུར་བས།། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་ཞེས་བསྟན་ནས།། ཀུ་ཤ་བཏིང་བ་ལ་བཞག་ལ་རྨི་ལམ་ཅུང་ཞིག་མཐོང་ནའང་ང་ལ་ཐོ་རངས ་ཁྱོད་ཀྱིས་ཟློས་ཤིག་ཅེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་དུ་གནས་པའོ།། གལ་ཏེ་མི་དགེ་བའི་མཚན་མ་ཟློས་ན་དེའི་ཚེ། ལས་ཐམས་ཅད་པའི་སྔགས་ཀྱིས་བརྡེག་པར་བྱའོ།། ཡང་ངེས་བསྲུངས་ལ་སྡོམ་པ་འཛིན་དུ་བཅུག་སྟེ། དཀྱིལ ་འཁོར་ཕྱིར་མི་ལྡོག་པའི་དབང་།། གསལ་བ་མགོན་པོས་བདག་ལ་སྩོལ།། དཀྱིལ་འཁོར་ལྔ་དག་བསྟོད་པ་དང་།། སློབ་དཔོན་གྱི་ནི་ལས་ངག་དང་།། སངས་རྒྱས་ཀུན་གྱི་དམ་ཚིག་དང་།། གསང་བའི་སྡོམ་པ་། ་མེད་རྣམས།། སློབ་དཔོན་གྱིས་ནི་བདག་ལ་སྩོལ།། རྟག་ཏུ་སེམས་ཅན་དོན་བགྱིད་དོ།། ཞེས་བརྗོད་ནས། བདག་དང་སློབ་མ་འཇུག་པའི་ཆོ་ག་ཡིན་ཏེ། དང་པོ་སློབ་དཔོན་དཀྱིལ་འཁོར་དུ་ཞུགས་ཤིང་། དབང་ཐམས་ཅད་རྫོགས་པར་བྱ་སྟེ། ་རྗེས་སུ་གནང་བ་ཐོབ་ནས། ཡོལ་བའི་ཕྱི་རོལ་ཏུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་གྱུར་པ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨོཾ་ཁཾ་བྷཻ་རེ་ཧཱུ~ཾ་ཞེས་བྱ་བའི་སྔོགས་བཟླ་ཞིང་མེ་ཏོག་གི་ཕྲེང་བ་བཟུང་སྟེ། མིག ་གཉིས་བཀབ་པ་ལས་ཐམས་ཅད་པའོ་སྔགས་ཀྱིས་བཏབ་པའི་ཆུས་བསངས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར་ཁྱོད་ག་ལ་དགའ་བ་ཡིན་ཞེས་དྲིའོ།། དེས་ཀྱང་སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ།། ཞེས་བརྗོད།། དེ་མ་ཐག ་ཏུ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡ་མི་ཞེས་བྱ་བས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ།། དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅྡོཾསྭཱ་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་སུ་མཱ་ཡ་སྟྭཾ་ཧོ་ཏིཥྛ་བཛྲ་ཡཱ་ཐཱ་སུ་ཁཾ་ཞེས་བྱའོ།། དེ་ནས་སྔར་བསྟན ་པོའི་ཡི་གེ་ལྔ་བརྗོད་རྩི་། ཡོལ་བའི་ནངོན་བཀུག་ལ་འདི་སྐད་ཅེས་བརྗོད་དོ།། དེ་རིང་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ཡེ་ཤེས་རྡོ་རྗེ་དེངས་བསྐྱེད་པར་ཕྱེའོ།། ཡེ་ཤེས་གོང་གིས་དེ་ཁོ་ན་ཉིད་ཀྱི ་དངོས་གྲུབ་ཀྱང་འབྲོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས།། ཁྱོད་ཀྱིས་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྷ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་དེ་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དོ།། འདི་ནི་དམ་ཆག ་རྗེསྟེ།། གལ་ཏེ་ཁྱོད་ཀྱིས་འདི་འགའ་ལ།། སྨྲས་ན་མགོ་བྱེ་འགས་པོར་འགྱུར།། རྡོ་རྗེ་སེམས་དཔའ་རང་ཉིད་ནི།། དེ་རིང་ཁྱོད་ཀྱི་སྟོང་ལ་གནས།། གལ་ཏེ་ཆུ་ལྔ་འདི་སྨྲས་ན་ནི།། དེ་ཡི་མོདོ་ལ་བཀས་ནས་གཤེགས།། ཞེས་བྱ་བ་འདིས་མནུར ་བསྒག་གོ། ཙན་དན་དང་གུར་ཀུམ་བསྲེས་པའི་ཆུ་ལ་ཨོཾ་བཛྲ་ཨུ་ད་ཀ་ཋཿཞེས་ལན་བདུན་གྱི་བར་དུ་བཟླས་ལ།། འདྲི་ནི་དམྱལ་བའི་ཆུ་ཡིན་ཏེ།། དམ་ཚིག་ཉམས་ན་བསྲེགས་པར་བྱེད།། དམ་ཚིག་སྤངས་ན་འགྲུབ་འགྱུར་བའི།། རྡོ་རྗེ ་བདུད་རྩིའི་ཆུ་འཐུངས་ཤིག། ཅེས་བརྗོད་ལ་བླུད་དོ།། དེ་ནས་འདི་སྦྱང་བརྗོད་དེ།། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས།། ངས་གང་སྨྲས་པ་དེ་ཁྱོད་ཀྱིས་བྱ་བ་ཡིན་ནོ།། ང་ལ་བརྙས་པར་མ་བྱེད་ཅིག། ཉམ་དྲ་བ་མ་སྤངས་པར་འཆི ་བའི་དུས་བྱས་ནས།། དམྱལ་བར་ལྟུང་བར་མ་བྱེད་ཅིག་ཅེས་བརྗོད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ།། ཞེས་བརྗོད་དོ།། དེའི་སྤྱི་བོར་ཡི་གེ་བཽ་ལས་བྱུང་བའི ་བུམ་པས་མཚན་པ་དཀར་པོ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀྱིལ་དུ་ཧའོ།། སྙིང་གར་ལམ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི། རྡོ་རྗེ་རྩ་གསུམ་པས་མཚམསུ་མཚན་པ་དེ་ལ་ཧཱུ~ཾ་ངོ་།། ལྟེ་བར་རོ་ལས་བྱུང་བའི་མེའི ་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་ཤིན་ཏུ་རྣོ་ཞིང་ཚ་བ་དེ་ལ་ཨཱའོ།། རྐང་པའི་འོག་ཏུ་ཡཾ་ལུས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་རྣམ་པ་ལྟ་བུ་གཡོ་བའི་བ་དན་ཕྱེད་པས་མཚན་པ་དེ་ལ་ཛྙེཿདྲག་ཅི ་རྣོ་བ་འབར་བའི་ཕུང་པོ་དེ་རླུང་གི་བུམ་པར་བསམས་ལ་ཇི་སྲིད་མེའི་དཀྱིལ་འཁོར་གཞན་གྱི་བར་དུའོ།། དེ་དག་གཡོས་པར་གྱུ་རེ་ནས་འབར་ཞིང་བྱུང་བས་དབང་ཆེན་གྱི་དཀྱིལ་འཁོར་ཡང་འབར་བར་གྱུར་ཏོ།། དེ་ནས་ཆུའི་དཀྱིལ ་འཁོར་ལས་དག་ཅང་གཙང་བའི་རྒྱུན་བབ་པས། ངོམས་ཤིང་ཚིམ་པར་གྱུར་ནས་རླུང་གིས་བཏེག་པ་དང་། སློབ་མ་དང་རང་འགྱིང་བག་དང་བཅས་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་སྐུ་ཤིན་ཏུ་དྲག་པོ་ཅན། ཕྱག་གཡས་པས ་རྡོ་རྗེ་གསོར་བ། གཡོན་པས་དྲིལ་བུ་འཁྲོལ་བ། འབེབས་པའི་སྔགས་ཀྱིས་ཕབ་སྟེ། སྤོས་དབུལ་ལོ།། དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨཱ་བེ་ཤྱ་ཡ་སྟཾ་བྷ་ཡ་ར་རུ་རཱ་ར་ཙཱ་ལེ་ཧཱུཾ་ཧཱ་ཛྙེཿཕཊ་ཅེས ་བྱ་བས་མྱུར་དུ་ཕེབས་པར་འགྱུར་རོ།། དེ་ནས་འདོད་ཆགས་གཤིན་རྗེ་གཤེད་དུ་ད་མ་ཐག་ཏུ་དམིགས་ལ། དེའི་ལྕེ་ལ་ཡི་གེ་ཨཱཿདམར་པོ་བསམས་ཏེ། ཏིཥྛ་བཛྲ་ཞེས་བརྗོད་དེ། རྡོ་རྗེ་ཆོས་ནི་མགོན་པོ་ཆེ།། འོད་དཔག་མེད་ནི་བདེ ་པོ་ཆེ།། སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ།། ངགེ་དང་མི་དགེ་བ་དེ་འདྲི།། བབས་ན་དག་དང་མི་དགེ་དེ།། ངག་གི་བརྟན་པ་རྗོད་པར་བྱེད་།། སེམས་ནི་བརྟན་ནིས་ཁམས་གསུམ་དགེ། ཤེས་ཤིང་ལུས་ནི་བརྟེན་གྱུར་ན།། ནམ ་མཁའ་ལ་ཡད་འགྲོ་བར་འགྱུར།། གླལ་ཏེ་རིང་དུ་འགྲོ་འགྱུར་ན།། མགོ་བཱིའི་གཙུག་ཏུ་ལྕམ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་ཀུན་ནས་མནནྡ་པར་བསྒོམས་ལ་དེ་རེངས་པར་བྱའོ།། དེ་ལྟ ་བུ་ནི་དབབ་པའོ།། དེ་ནས་ཐོག་ས་པའི་མེ་ཏོག་དེ་དཀྱིལ་ལ་ཁོར་དུ་དབུལ་ཞིང་བྷཱུ་ཏི་ཙྪ་བཛྲ་ཧོ་ནས་བརྗོད་དོ།། དེ་ལྟར་ལྔ་ག་གྀ་གནས་མཚན་མཱ་དང་ཉེ་བར་བབ་པར་གྱུར་ན།། དེའི་རིགས་ཡིན་པ་དེ་ལ་བསྟན་པར་བྱའོ།། གན ་མཆོག་ཏུ་བབ་ན་དངོས་གྲུབ་མཆོག་འགྲུབ་བོ།། གནས་དཀྱིལ་དུ་ནི་ངོ་ས་གྲུབ་འབྲིང་ངོ་།། གནས་སྨད་ཀྱི་ལས་དངོས་གྲུབ་ཐ་མའོ།། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བབ་ན་པོངོས་གྲུབ་མེད་དོ།། གལ་ཏེ་དཀྱིལ་འཁོར་དུ་མ་བྱབ་ན་དེ་ཡང ་འཕང་དོ།། ལན་གསུམ་འཕངས་ཀྱང་དེ་ཉིད་དུ་མཱ་བབ་ན་དེ་གཟུང་བར་མི་བྱའོ།། དེ་ནི་མེ་ཏོག་དོར་བྱའོ།། འཕངས་པའི་ཕྲེང་བ་དེ་བླངས་ཏེ་དེའི་མགཽ་ལུ་བཅིངས་ལ། སེམས་ཅན་སྟོབས་པོ་ཆེ་འདི་ལོང་ཞིག་ཅེས་བརྗོད་དོ།། དེ་ནས ་ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི།། དེ་རིང་ཁྱེད་ཀྱི་མིག་འབྱེད་མཛད།། དེ་ལྟར་མིག་ནི་ཐམས་ཅད་འབྱེད།། རྡོ་རྗེ་མིག་ནི་བླ་མེད་པ།། ཞེས་བརྗོད་ནས་གདོང་གཡོགས་དབྱེའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བསྟན་པ་སྔོན་དུ་འགྲོ ་བས།། བྱང་ཕྱོགས་ཀྱི་སྒོ་ནས་བརྩམས་ཏོ།། གཙོ་བོའི་བར་དུ་བསྟན་པར་བྱའོ།། དེ་ནི་དཀྱིལ་འཁོར་དུ་འཇུག་པའོ།། དེ་ནས་སངས་རྒྱས་ཆོས་ཆེན་པོ།། རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར།། བདག་ཀྱང་མགོན་པོས་དབང་བསྐུར་ནི ་ཉིད་ཀྱི་མཆོག་ཀྱང་སྐལ་དུ་གསོལ།། ཞེས་བྱ་བས་གསོལ་པ་འདེབས་པ་དང་ལྡན་པ་སློབ་མ་བཟུང་ལ། རྡོ་རྗེ་ཅར་ཙི་ཀ་ལ་སོགས་པས་བུམ་པས་དབང་བསྐུར་རོ།། རྡོ་རྗེ་ཆུན་པོས་དབྱུང་བསྐུར་བ།། ཁམས་གསུམ ་པོ་ཡིས་ཕྱག་བྱས་པ།། གསོང་གསུམ་པ་ཡི་གནས་བྱུང་བའི།། སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ།། ཞེས་བརྗོད་ཅིང་། ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་ཀུན་ནས་གཏོར་ཞིང་། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དེ།། ་སློབ་མ་འཁོར་ལོ་སྒྱུར་བ་བཞིན་དུ་དབང་བསྐུར་རོ།། ཆུའི་དབང་བསྐུར་བའོ།། དེ་ནས་གསོ་རུ་རམ་གོས་ལས་བསྒྲུབས་པའི་ཅོད་པན་ཇི་ལྟ་བའི་སྔགས་ཀྱིས་མགོའི་སྟེང་དུ་བཞག་ལ་ན་མཁའི་ཁོངས་སུ་གཏོགས་པའི་རང་གི་རིགས་ཀྱི ་གཟུགསུ་ཅོད་པན་ལ་བཞུགས་སུ་གསོལ་ཏེ་སྦྱིན་པ་ནི་ཅོད་པན་གྱི་དབང་བསྐུར་བའོ།། དེའི་རྗེས་ལ་རྡོ་རྗེ་བྱིན་ལ།། སངས་རྒྱས་རྡོ་རྗེ་དབང་བསྐུར་བྱས།། དེ་རིང་ཁྱོད་ནི་དབང་བསྐུར་བྱ།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་ལོང་ཞིང་རབ ་ཀླུབ་འགྱུར།། ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་ལ་སོགས་པར་རག་ལྱ་ལག་པ་གཡས་པར་སྦྱིན་པ་ནི་རྡོ་རྗེའི་དབང་བསྐུར་བའོ།། དེ་ནས་ལྡེག་པ་གཡོན་པར་དྲིལ་བུ་བྱིན་ལ།། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལྷག་པ་དག་གིས་འཁྱུང་བ་ལྟར་བྱས་ཏེ། ་ཨོཾ་བཛྲ་ཨོཾ་དྷི་པ་ཏི་ཏཱཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་སྦྱིན་ཏེ། དེ་ནི་དྲིལ་བུའི་དབང་བསྐུར་བའོ།། དེ་ཉིད་ལ་བདག་པོའི་དབང་ཞེས་ཀྱང་བྱའོ།། དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ལ།། ཨོཾ་བཛྲ་སཏྭ་ཏྲཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། རིགས་དང་རྗེས་སུ་མཐུན་པའི་མིང་གདག་སོ།། དབང་འདི་དག་གིས་སྔགས་དང་རྒྱུད་བཤད་པ་དང་། གསད་སྔགས་བསྒྲུབ་པ་ལ་དབང་བར་འགྱུར་རོ།། འདི་ནི་དབང་ལྔ་བ་སྟེ། རྩ་བའི ་དབང་ཡིན་ནོ།། རྩ་བའི་དབང་ཐམས་ཅད་ལ་ཡང་ཙར་ཙི་ཀ་ལ་སོགས་པའི་བྱ་བ་ཐམས་ཅད་ཡིན་པ་ཉིད་དོ།། དེ་ནས་རྩ་བའི་དབང་མནོས་པས་སློབ་དཔོན་སྡོམ་པ་ཅན། ཀྱེ་སྙིང་རྗེའི་གཏེར་བདག་དང་གཞན་གྱི་དོན་ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང ་དེ་ཁྱེད་ཀྱི་སྐུ་དྲིན་གྱིས་སྩལ་དུ་ཞེས་གསོལ་བ་གདབ་པ་དང་ལྡན་པས་དཀྱིལ་འཁོར་དང་ཉེ་བར་རྡུལ་ཚོན་དམར་པོ་ལས་བྱས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་གོར་སྟན་ལ་བཞག་སྟེ། རྡོ་རྗེ་ཙར་ཙི་ཀ་ལ་སོགས་པས་དབང་བསྐུར་ཞིང་དམ ་ཚིག་གསུམ་གཟུང་ངོ་།། དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ།། ཧཱུཾ་ལས་རྡོ་རྗེ་བསྒོམས་ལ།། ཁམས་གསུམ་པ་ཡི་རལ་གྲི་ཆེ།། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ།། འདི་ནི་ལས་ཀྱི་རལ་གྲི་མཆོག། དགྲ་རྣམས་ལས་རྒྱལ་བྱ་ཕྱིར། ་ཟུང་ཞེས་བྱ་བས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ངོ་།། འདི་ནི་རྡོ་རྗེའི་དམ་ཚྭ་གཾ་གོ།། དེ་ནས་ཨཱཿལས་བྱུང་བའི་དྲིལ་བུ་ལ་ཤེས་རབ་དང་། ཐབས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་དྲིལ་བུ་འདིས་འགྲུབ་པར་འགྱུར་གྱིས་ཟུང་ཞིག། བུ་རྡོ་རྗེ་ཁྱོད་ཀྱིས ་སློབ་མ་ལ་ཡང་ཟུང་ཞིག་ཅེས་བྱས་ལ། དེའི་ལག་པར་བྱིན་ཏེ། སྲིད་པ་ངོ་བོ་ཉིད་ཀྱིས་ངག། ངོ་བོ་ཉིད་ཀྱིས་དངོས་མེད་བྱས།། སེམས་ཅན་རང་བཞིན་རྟག་ཏུ་དག། སྲིད་པའི་མཆོག་ནི་བྱེད་པ་ཡིན་ཞེས་བྱ་བས་དེ་ལ་གདམས ་པར་བྱ་སྟེ། འང་ནཱི་དྲིལ་བུའི་དུམ་ཚིག་གོ།། དེ་ནས་ཕྱག་རྒྱའི་དམ་ཚིག་བསྣུན་ཏེ། ཡིད་ཀྱི་གཟུགས་ནི་བརྟན་པ་ཉིད།། ཕྱག་རྒྱུ་ཡིན་པར་རབ་གྲགས་ཏེ།། འང་ཡས་རང་གི་འདོད་ལྟ་ནི།། བདག་ཉིད་ཕྱག་རྒྱ་ཆེན་པར ་གནས།། ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ།། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང་དཀྱིལ་འཁོར་བསྒྲུབ་པ་དང་། སློབ་དཔོན་འཇུག་པའི་བྱ་བ་བསྟན་པར་བྱའོ།། དེ་ལ་སངས་རྒྱས ་དང་། སངས་རྒྱས་མ་ཡིན་པ་བདག་དེ་ཁོ་ན་ཉིད་དུ་མཉམ་པས་གྲུ་བཞི་པའོ།། ལུས་དང་། ཚོར་བ་དང་སེམས་དང་། ཆོས་རྣམས་གཅིག་དང་དུ་མ་དང་བྲལ་བས་གཟུགས་བརྙནྡ་དང་མཚུངས་པ་ཉིད་ལ། དང་པོ་རྣམ་པར་དག་པ་ནཱི ་ཤར་ཕྱོགས་ཀྱི་སྒོའོ།། སྐྱེས་པ་དང་མ་སྐྱེས་པའི་མྱི་དགེ་བའི་ཆོས་སྤང་བ་དང་། མི་སྐྱེད་པ་དང་སྐྱེས་པ་དང་མ་སྐྱེས་པའི་དགེ་བའི་ཆོས་འཕེལ་ཞིང་རྒྱས་པར་བྱ་བ་དང་། བསྐྱེད་པའི་ཕྱིར་རྩོམ་པའི་ལུས་དང་། རྟོག་པའི་བདག་ཉིད་ཀྱིས ་བརྩོན་འགྲུས་བཞི་པོ་རྣམ་པར་དག་པ་ནི་ལྷོའི་སྒོའོ།། འདུན་པ་དང་བརྩོན་འགྲུས་དང་སེམས་དང་། དཔྱོད་བྱ་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་། གོང་དྲན་པ་རྣམ་པར་དག་པ་ནི་ནུབ་ཀྱི་སྒོའོ།། དད་པ་དང་བརྩོན་འགྲུས་དང་། ་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཅེས་བྱ་བ་དབང་པོ་ལྔའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བྱང་གི་སྤྲོའོ།། རྟོག་པ་དང་།། དཔྱོད་པ་དང་དགའ་བ་དང་། བདེ་བ་དང་སེམས་རྩེ་གཅིག་པོ་ཞེས་བྱ་བ་བསམ་གཏན་དང་པོའི་ཡན ་ལྷག་དང་། རྟོག་པ་དང་དཔྱོད་པ་སྤངས་པ་བསམ་གཏན་གཉིས་པ་དང་། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང་། དྲན་པ་དང་ལྡན་པས་བསམ་གཏན་གསུམ་པ་དང་། བཏང་སྙོམས་དང་དྲན་པ་དག་པ་དང་། སྡུག་བསྔལ་ཡང་མ ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་བསྣམ་གཏན་བཞི་པ་རྣམ་པར་དག་པ་ནི། རྟ་བབས་བཞིའོ།། དཔའ་བར་འགྲོ་བ་དང་། ན་མཁའ་མཛོད་དང་། དྲི་མ་མྱེད་པ་དང་། སངྒ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི་པོ་རྣམ་པར་དགེ་པ་ནི་ཁྱུ ་ཁྱེར་བཞིའོ།། དོན་དང་གཞུང་དང་། ངེས་ཚིག་དང་། སྤོབས་པ་བཞི་དང་། གཟུངས་བཞི་རྣམ་པར་དག་པ་ནི་ཁ་ཁྱེར་ལ་གནས་པའི་མཆོད་པའི་ལྷ་མོའི་ཆོ་གསོ།། བསམ་པ་ཐམས་ཅད་རྫོགས་པས་ནི་རྒྱན་རྣམ་པ་སྣ་ཚོགས་སོ།། མདོ ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགསུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གྲེང་གཞི་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་སྨད་དུ་བུད་བ་གསུང་རབ་ཡན་ལག་དཀུ་གདུལ་བྱའི་སྐྱེ་བོ་ལ་བསྟན་པ་རྣམ་པར ་དག་པ་ནི་དྲིལ་བུ་དང་གཡེར་གའི་སྒྲ་དང་བ་དན་ནོ།། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ ་པར་དག་པ་ནི། དྲ་བ་དང་དྲ་བ་ཕྱེད་པ་དང་། མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང་། རྔ་ཡབ་འོབར་བའོ།། ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་མཐོང་བ ་ནས་བྱ་བ་རྣམ་པར་ཐར་པ་དང་པོ་དང་། ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་ནང་གི་གཟུགས་དེ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་གཉིས་པ་དང་། ན་རང་ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་གཟུགས ་རྣམས་མངོན་སུམ་དུ་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་ཞེས་བྱ་བ་གསུམ་པ་དང་། ན་མཁའ་མཐའ་ཡས་སྐྱེ་མཚད་ལ་སྙོམས་པར་འཇུག་པ་བཞི་པ་དང་། རྣམ་ཤེས་མཐའ་ཡོས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལྔ་པ་དང་། ་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དྲུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང་། འགོག་པའི་སྙོམས་པར་འཇུག་པོ་ནི་བརྒྱད་པ་སྟེ། འདི་དག་རྣམས་དག་པ་ནི། ་སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་བཞིའོ།། རྡོ་རྗེའི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གི་རིམ་པ་དང་། འབྲེལ་པའི་རྡོ་རྗེའི་ཐིག་དང་ཡང་དག་པར་ལྡན་པའོ།། འབྲས་བུ་དབྱེ་བས་འཇིག ་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཤིན་ཏུ་མཐོ་བའི་བྱེ་བྲག་གིས་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ།། རྟེན་དང་བརྟན་པའི་དབྱེ་བས་ས་ལྔ་ནི་ངོས་རྣམས་དང་སྟེང་ངོ་།། གོས་པ་མེད་པའི་ཆོས་གཅིག་དང་། དུ་མ་ཇི་ལྟར་རིགས་པ་རབ་ཏུ་སྟོན་པ་ནི། ་ལྷའི་གནས་ཀྱི་སྣ་ཚོགས་པདྨའོ།། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་པར་བྱེད་པས་ཉི་མའི་གདན་དང་ལྡན་པའོ།། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་འཕེལ་བར་བྱེད་པས་ཟླ་བའི་གདན་དང་ལྡན་པའོ།། སྙིང་རྗེའི་བདུད་རྩིས་ཡོངས་སུ ་གང་བས་བུམ་པ་བརྒྱད་དོ།། ཆོས་ཀྱི་འོད་ཀྱི་སྒྲོན་མའི་གྲགས་པ་ནི་དྲི་ཞིམ་པོའོ།། ཆོས་ཀྱི་ཟས་ནི་བཤོས་གཙང་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། ལྷའི་དེ་ཁོ་ན་ཉིད་བརྗོད་པར་བྱའོ།། དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང ་ཞེ་སྡང་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་སོ།། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བསྡུས་པས་གནག་པ་ནི་ནག་པོའོ།། བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་གཤིན ་རྗེ་མཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་ངོ་།། ཤིན་ཏུ་གདུག་པ་ཅན་དྲག་པོ་ཞི་བས་མི་འདུལ་ལ་ཁྲོ་བོ་ཆེན་པོའོ།། རྣམ་ཐར་སྒོ་གསུམ་རྣམ་པར་དག་པ་ཞལ་གསུམ་མོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕྱག་དྲུག་གོ།། སེར ་སྣ་ལ་སོགས་པ་འཇིག་པར་མཛད་པས་རྡོ་རྗེ་ལ་སོགས་པ་དྲུག་ཕྱག་ན་བསྣམས་པའོ།། ཞེ་སྡང་གི་ཆའི་ཉེ་བའི་ཉོན་མོངས་པ་འཇིག་པས་སྤྲུལ་གྱིས་བརྒྱན་པའོ།། ཚོགས་གཉིས་ཡོངས་སུ་རྫོགས་པས་རང་དང་མཚུངས་པའི་ཡེ་ཤེས་ལ ་འཁྱུད་པའོ།། རྟག་ཏུ་སེམས་ཅན་གྱི་དོན་མཛད་པས་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོའོ།། ཆོས་ཀྱི་སྐུ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་མཛད་པའོ།། གཟུགས་ཀྱི་ཕུང་པོ་དང་གཏི་མུག་ཆེན་པོ་རྣམ་པར་དག་པ་དང་། ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ།། གཞན་ནི་སྔ་མ་བཞིནོ།། གཏི་མུག་གི་ཆའི་ཉེ་བའི་ཉོན་མོངས་པའི་ཕྲ་མ་ཆེན་པོ་དང་། ཚོར་བའི་ཕུང་པོ་རྣམ་པར་དག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི ་བཅོམ་ལྡན་འདས་ཕྲ་མ་གཤིན་རྗེ་གཤེད་དོ།། ལྷག་མ་ནི་སྔ་མ་བཞིན་ནོ།། ང་རྒྱལ་གྱི་ཆའི་ཉེ་བའི་ཉོན་མོངས་པ་དང་།། འདོད་ཆགས་ཆེན་པོ་དང་། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ནི། བཅོམ ་ལྡན་འདས་འདོད་ཆགས་གཤིན་རྗེ་གཤེད་དོ།། འདོད་ཆགས་ཀྱི་ཆའི་ཉེ་བའི་ཉོན་མོངས་པ་དང་། ཕྲག་དོག་ཆེན་པོ་དང་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དོ།། ་ཕྲག་དོག་གི་ཆའི་ཉོན་མོངས་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་དང་། ཕུང་པོའི་བདུད་ལ་དད་པ་རྣམ་པར་དག་པ་ནི། བཅོམ་ལྡན་འདས་ཐོབ་གཤིན་རྗེ་གཤེད་ངོ་།། མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན ་མོངས་པ་དང་། མཐར་འཛིན་པར་ལྟ་བ་དང་། འདོད་པའི་སྒྲིབ་པ་དང་། ཉོན་མོངས་པའི་བདུད་ལ་བརྩོན་འགྲུས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་དབྱིག་པ་གཤིན་རྗེ་གཤེད་ངོ་།། མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པར་ཉེ་བའི་ཉོན་མོངས་པ་དང ་ལས་ཀྱི་སྒྲིབ་པ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། འཆི་བདག་གི་བདུད་ལ་དྲན་པ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་པདྨ་གཤིན་རྗེ་གཤེད་དོ།། མི་མཐུན་པའི་ཕྱོགས་ཀྱི་རྗེ་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང་། སྐྱེ་བའི་སྒྲིབ་པ་དང་། ཚུལ་ཁྲིམས ་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལྷའི་བུ་རྣམ་པར་གཡེང་བྱེད་བདུད་ལ་ཏིང་འཛིན་རྣམ་པར་དག་པ་ནི་བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་གཤེད་དོ།། སའི་ཁམས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱམས་པ་ཆེན་པོའི་ངོ་བོ ་ཉིད་རྡོ་རྗེ་ཙ་ར་ཙི་ཀའོ།། ཆུའི་ཁམས་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་ཕྱག་མོའོ།། མེའི་ཁམས་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དགའ་བ་ཆེན་པོའི་ངོ་བོ་རྡོ་རྗེ་དབྱངས་ཅན་མའོ།། རླུང་གི་ཁམས་དང་། ཡེ་ཤེས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཏང་སྙོམས་ཆེན་པོའི་ངོ་བོ་ནི་རྡོ་རྗེ་གཽ་རི་མའོ།། ཕྱི་རོལ་གྱི་གཟུགས་ལ་སོགས་པ་དག་པ་ནི་ཐོད་པ་བཞིའོ།། ནང་དྲི་ཞིམ་པོས་ཀྱང་བཀང་བ་ནི།། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོའོ།། ཕ་རོལ་ཏུ་ཕྱིན་པ་ས་དང་སྦྱར་བ་ཡང ་བརྟག་པར་བྱའོ།། སྟོབས་དང་མ་འདྲེས་པ་ལ་སོགས་པ་མ་བྲིས་པ་ནི་གཞུང་མངས་ཀྱི་ངོགས་པས་འཇིགས་པས་སོ།། དེ་ལྟ་བུ་ནི་ལྷའི་དེ་ཁོ་ན་ཉིད་དོ།། དེ་ནས་སློབ་དཔོན་གྱི་ལས་ཏེ་བསྲུང་བའི་དམ་ཚིག་དང་། བཟའ་བའི་དམ་ཚིག ་བསྒྲུབ་པ་རྒྱུད་དེ་དང་དེ་དག་བསྟན་པའོ།། བདག་བསྲུང་བྱ་ནི་སོ་སོར་འབྲང་མའི་དཀྱིལ་འཁོར་དང་སྒྲུབ་ཐབས་བསྟན་པས་སོ།། སློབ་དཔོན་འཇུག་པ་ནི་གཏོར་མ་བྱིན་ཏེ། དེ་ལ་རྣལ་འབྱོར་བཞི་དང་ལྡན་པའི་སློབ་དཔོན་གྱིས་བཅའ་བ་དང་། ་མྱང་བ་དང་། བཏུང་བ་དང་བལྡག་པ་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དྲི་དང་ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་དྲིལ་བུ་ལ་སོགས་པའི་སྒྲ་ཆེན་པོ་ཀུན་རྫོབ་དུ་རྫོགས་པ་དང་བཅས ་པའི་གཏོར་མ་ཤིང་རྟ་བཀང་པོ་འམ། མ་འབྱོར་ན་ནས་ཀྱི་ཁུར་བ་འམ། འབྲས་ཆན་ཉུང་ཤས་ཙམ་དང་བཅས་པའི་ཆུ་ཁྱོར་བྱ་གསུམ་ཙམ་ཡང་རུང་ངོ་།། དེ་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པ་སྤྲོས་ཏེ་ཕྱོགས་སྐྱོང་བ ་རྣམས་སྙིང་ག་ནས་ལྕགས་ཀྱུས་བཟུང་ཞིང་། མགྲིན་པ་ཞགས་པས་བཅིངས་ནས་དྲངས་པར་བསམ་མོ།། དེ་ལ་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་དུཥྚཱནྟ་ས་པ་རི་བཱ་ར་མཱ་ཀཪྵ་ཡ་ཛཿཞེས་བྱ་བས ་དབང་པོ་མིག་སྟོང་པ་མདོག་དམར་སེར་གླང་པོ་ཆེའི་སྟེང་ན་འདུག་པ། ལག་པ་གཡས་དང་གཡོན་རྡོ་རྗེ་དང་སྡིགས་མཛུབ་བྱས་པ་བཀུག་ལེ་བཞག་གོ།། སྔགས་དེ་ཉིད་ཀྱིས་ཉི་དབང་ན་མཁའ་ལྡིང་ལ་ཞོན་པ། རིན་པོ་ཆེའི་ཅོད ་པན་ཅན།། གཡས་ན་བསྲུབས་ཤིང་དང་། འཁོར་ལོ་གཡོན་ན་དུང་དང་ནོར་བུ་ཀོ་ཏུ་བྱ་ཐོགས་པ། དེའི་གཡོན་དུ་ཧ་ཅང་མཽ་རིང་བར་གཞག་གོ། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་སྐྲ་སེར་པོ་གྱེན་དུ་འབྱར་བ། ལག་པ་ན་དབྱིག ་པ་དང་། སྡིགས་མཛུབ་ཅན་གཤིན་རྗེའི་ཕྱོགས་སུའོ།། ཆུ་བདག་དཀར་པོ་བྲང་འགྲོ་ལ་ཞོན་པ། ལག་ན་ཀླུ་ཞགས་ཐོགས་པ། ནུབ་ཕྱོགས་སུའོ།། ཀུ་བེ་ར་ནོར་གྱི་སྟེང་ན་འདུག་པ་སེར་པོ་ས་བོན་གྱི་གྲོང་ཁྱེར་དང་། ནེའུ་ལོ་ལག ་ན་ཐོགས་པ་བྱང་ཕྱོགས་སུའོ།། དེ་ཉིད་དུ་སྣ་ཅན་དཀར་པོ་བྱི་བ་ལ་ཞོན་པ་ལུག་པ་གཡས་ན་ཕྲེང་བ་དང་། སྟ་རཾ། གཡོན་ན་ལ་ཕུག་དད་ལ་དུ་ཐོགས་པའོ།། དབང་ལྡན་དཀར་པོ་གླང་ལ་ཞོན་པ་རྣལ་པ་ཅན། མྱིག་གསུམ་པ་རྩ་གསུ ་དང་། ཐོད་པ་ཐོགས་པ་ལག་པ་གཉིས་ཀྱིས་གཽ་རི་ལ་འཁྱུད་པ་དབང་ལྡན་ཕྱོགས་སུའོ།། མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ལག་ན་ཕྲེང་བ་དང་སྤྱི་བླུགས་ཐོགས་པ། མའི་ཕྱོགས་སུའོ།། སྲིན་པོ་རོ་ལ་ཞོན་པ་གྲི་གུག་དང་། ་ཐོད་པ་ལག་ན་ཐོགས་པ་ཁྲོ་ཞིང་རྔམ་པ་སྔོན་པོ་བདེན་བྲལ་དུའོ།། རླུང་ལྷ་ངུ་བའི་མདོག་ཅན་རི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་གོས་ཐོགས་པ། རླུང་གི་ཕྱོགས་སུའོ།། ཟླ་བ་དཀར་པོ་ཀུ་མུ་ཏའི་སྣང་ན་འདུག་པ་ཀུ་མུ་ཏ་ལག་ན ་ཐོགས་པ་སྟང་དུའོ།། ཉི་མ་དམར་པོ་ལག་ན་པདྨ་ཐོགས་པ། རྟ་མཆོག་བདུན་ལ་ཞོན་པ་སྟེང་དུའོ།། ཚངས་པ་དམར་པོ་གདོང་གསུམ་པ་ལག་ན་ཐལ་བའི་སྣོད་དང་། མི་འཇིགས་པ་སྦྱིན་པ་དང་། དབྱིག་པ་དང་། ཕྲེང་བ་ཐོགས་པ་ཅན་དང་པ ་ལ་ཞོན་པ་ཡང་སྟང་དུའོ།། སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་གཡོན་ན་བུམ་པ་ཐོགས་པ། གཡས་པ་ཁས་ལེན་པའི་ལག་པ་ཅན་འོག་ཏུའོ།། ཐགས་བཟངས་རིས་སྔོན་པོ་ཤིན་རྟ་ལ་ཞོན་པ། ལག་པས་རལ་གྲི་དང་སྡིགས ་མཛུབ་ཅན་དེ་ཉིད་དུ་དགྲདང་ངོ་།། དེ་དག་ཐམས་ཅད་དགུག་པའི་སྔགས་ལ་སོགས་པ་ནི་སྔ་མ་དེ་ཉིད་དོ།། དེ་ནས་ཡང་རང་གི་སྙིང་ག་ནས་ཁྲོ་བོའི་ཕུར་བུས་མགྲིན་པ་ནས་བཟུང་ནས། ཐོགས་པའི་ཁྲོ་བོ་རྣམས་རྣམ་པར་སྤྲོས་ལ། དེ་དག ་གི་སཱིང་ག་དང་། མགྲིན་པ་དང་། མགོ་དང་། རྐང་པའི་བར་དུ་གདབ་པོ།། སྔགས་ནཱི་ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུཥྚཱནྣ་དཱི་སྱཱ་པཱ་རཱི་བཱ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱའོ།། དེའི་རྗེས་ལ་གྲུབ་པའི་བཅུད་ཀྱིས་ལྕེན་གྲུབ ་པ་བཞིན་དུ་ཀུན་ཀྱང་། གཤི་ན་རྫ་གཤེད་ཀྱི་རྣམ་པར་བསྒྲུབ་པ་འམ། བྱང་ཆུབ་ཀྱི་སེམས་ཁུ་བའི་ངོ་བོར་བསྒྲུབ་པོ།། གལ་ཏེ་ཁུ་བོའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་ས་བོན་དང་ཕྱག་མཚོན་གྱི་རིམ་པས་བསྐྱེད་པར་བྱའོ།། དེ་ལ་ཨོཾ་དང་རྡོ་རྗེ ་ལས་བྱུང་བའི་དབང་པོ་དམར་སེར་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ། ལྷག་མ་བཞིན་རྡོ་རྗེ་དང་རལ་གྲི་དང་། པདྨ་དང་འཁོར་ལོ་བསྣམས་པ། རི་བྲིང་ཅན་ལ་བཞུགས་པའོ།། ཧྲཱིཿདང ་དབྱིག་པ་ལས་གཤིན་རྗེ་སྔོན་པོ་གཡས་དང་གཡོན་པའི་ཞལ་དཀར་པོ་དང་དམར་པོ་གཡས་རྣམས་ནི་གི་གུག་དང་དབྱིག་པ་དང་རལཱ་གྲི། ཕྱག་གཡོན་རྣམས་ན་ཐོད་པ་དང་། པདྨ་དང་འཁོར་ལོ། སྐྲ་སེར་པོ་གྱེན་དུ་འགྲེང་བྱ། ཉི་མ་ལ་བཞུགས ་པ་ཁྲོ་བོའི་གཟུགས་ཅན་ནོ།། ཥྚྲཱིཥྛདང་ཀླུ་ཞུགས་ལས་ཆུ་ལྷ་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་། དམར་པོ་གཡས་ན་གྲི་གུགོ་དང་ཀླུ་ཞགས་དང་། རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ་དང་། འཁོར་ལོ་རིན་པོ་ཆེའི་ཅིང་བུན ་ཅན་ཟླ་བ་ལ་བཞུགས་པའོ།། ཝི་དང་ས་བོན་གྱི་གྲོང་ཁྱེར་ལས་ཀུ་བེ་ར་སེར་པོ་གཡས་དང་གཡོན་པའི་ཞལ་སྔོན་པོ་དང་། དམར་པོ་གྲི་གུག་དང་། ས་བོན་གྱི་གྲོང་ཁྱེར་དང་། རལ་གྲི་ཕྱག་གཡོན་ན་ཐོང་པ་དང་། པདྨ་དང་། འཁོར་ལོ ་འཚོ་བ་རིན་པོ་ཆེའི་ཅོད་པན་ཅན་རི་བོང་ཅན་ལ་བཞུགས་པོའོ།། ཀྲྀ་དང་རྩེ་གསུམ་པ་ལས་དབང་ལྡན་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་། དམར་པོ། གཡས་ནྱ་གྲི་གུག་དང་། རྩེ་གསུམ་པཱ་དང་། རལ་གྲི་དང་། ཕྱག་གཡོན་ན ་ཐོ་པ་དང་། ནོར་བུ་དང་། འཁོར་ལོ་གོ་རི་ལ་འཁྱུད་པ། ཐོད་པའི་ཕྲེང་བ་ཅན་རི་བོང་ཅན་ལ་བཞུགས་པའོ།། ཏ་དང་ཐལ་སྟོང་ལས་མེ་ལྷ་དམར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ།། གཡས་ནཾ་གྲི་གུག་དང་ཐལ་སྣོད་དང་རལ་གྲི། ཕྱག ་གཡོན་ན་ཐོད་པ་དང་པདྨ་དུང་ནོར་བུ། ཉི་མའི་གདན་ལ་བཞུགས་པའོ།། ཨཱ་དང་རྩེ་གསུམ་ལས་བདེན་བྲལ་སྔོན་པོ་ཁྲོ་བོའི་གཟུགས་དང་། ཞལ་གཡས་དང་གཡོན་དཀར་པོ་དང་། དམར་པོ་དང་། གཡས་ན་གྲི་གུག་དང་དབྱིག་པ ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ་དང་འཁོར་ལོ།། ཉི་མའི་གདན་ལ་བཞུགས་པའོ།། ན་དང་གོས་ལས་རླུང་ལྷ་དུ་བའི་མདོག་ཅན། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་དང་བ་དན་དང ་རུལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་པདྨ་དང་ཟླ་བ་ལ་བཞུགས་པའོ།། ན་དང་ཀུ་མུ་ཏ་ལས་ཟླ་བ་མདོག་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ། གཡས་གྲི་གུག་དང་ཀུ་མུ་ཏི་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང ་ནོར་བུ་དང་འཁོར་ལོའོ།། ཧཱུཾ་དང་པདྨ་ལས་ཉི་མ་དམར་པོ་ཞལ་གཡས་དང་། གཡོན་སྔོན་པོ་དང་དཀར་པོ།། གཡས་ན་གྲི་གུག་དང་། པདྨ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོ།། ཧཱུཾ་དང་ཕྲེང་བ་ལས། ཚངས་པ་དམར ་པོ་ཞལ་གཡས་དང་། གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་དང་ཕྲེང་བ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་། པདྨ་ཟླ་བ་ལཱྀ་བཞུགས་པའོ།། ཕཊ་དུང་པདྨ་ལུས། སའི་ལྷ་མོ་སེར་བ། ཞལ་གཡས་དང་གཡོན ་སྔོན་པོ་དང་དཀར་བ། གཡས་ན་གྲི་གུག་དང་བུམ་པ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་། ནོར་བུ་དང་། པདྨ་ཟླ་བ་ལ་བཞུགས་པའོ།། ཕཊ་དང་རལ་གྲི་ལས་ཐག་བཟངས་རིས་སྔོན་པོ། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ ་གཡས་ན་གྲི་གུག་དང་། རལ་གྲི་དང་རྡོ་རྗེ་དང་ཕྱག་གཡོན་ན་ཐོང་བ་དང་འཁོར་ལོ་དང་པདྨ་ཉི་མ་ལ་བཞུགས་པའོ།། སྭཱ་དང་དུང་ལས་ཁྱབ་འཇུག་སྟོན་པོ། ཞལྔ་གཡས་དང་གཡོན་དཀར་པོ་དང་དམར་པོ། གཡས་གྲི་གུག ་དང་དུང་དང་རལ་གྲི། ཕྱག་གཡོན་ནཱ་ཐོང་པ་དང་། འཁོར་ལོ་དང་། པདྨ་ཟླ་བ་ལ་བཞུགས་པའོ།། ཧཱ་དང་དགྲ་སྟི་ལས་སྣ་ཅན་དཀར་པོ། ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ། གཡས་ན་གྲི་གུག་དང་དགྲ་སྟ་དང་། རལ་གྲི་ཕྱག་གཡོན ་ནཐོང་པ་དང་འཁོར་ལོ་དང་པདྨ། རི་བོང་ཅན་ལ་བཞུགས་པའོ།། དེ་དག་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་སྐུ་དང་གཉིས་སུ་མེད་པར་གྱུར་པ། ཕྱག་དང་པོ་གཉིས་ན་ཐོང་པ་ཐོགས་པ་འཁྱུད་པའི་ཚུལ་གྱིས་འཛིན་པ། གཡོན ་བརྐྱང་བའི་ཞབས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པ། དེ་ལྟ་བུར་བསམས་ལ། དེ་དག་གི་མིག་ལ་སོགས་པ་ལ། ཇི་སྐད་བཤད་པའི་རྡོ་རྗེ་མིག་ལ་སོགས་པ་བསྐྱེད་དེ། ལུས་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས ་པ་དང་། ཇི་སྐད་བཤད་པས་དབང་པོ་སྐུར་ལ། ཅོད་པན་ལ་གཤིན་རྗེ་མཐར་བྱེད་བསམས་ཏེ། ཡོན་ཆབ་དང་ཞབས་བསིལ་དང་། བསང་གཏོར་དབུལ་ལོ།། དེ་ནས་གཏོར་མ་ཐམས་ཅད་བསྟོབ་པར་བྱ་སྟེ། བདུད་རྩི་སྒྲུབ་པའི་ཐབས་ཀྱིས་བསྒྲུབ ་ལ། དེ་ཉིད་གསུམ་གྱིས་བསྔགས་ཏེ། དེའི་ལྕེའི་སྦྱོར་བ་རྣམ་པར་བསམས་ལོ། བདུད་རྩི་དབུལ་ལོ།། སྔགས་འདི་ཡིན་ཏེ། ཨོཾ་ཨིནྡྲ་ཡ་དྷཱིཿཡ་མ་ཡཥྚི་བ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤཱ་ནོ་ཡ~ཾ་ཏ། ཨཏྤཱ་ཡེ་ཨཱ། ནེ་རི་ཏ་ཡེ་ན། བཱ་ཡ~ཾ ་བེ་ན། ཙནྡྲ་ཡ་ཧཱུཾ། ཨརྐཱ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སུ་དྷ་རེ་ཡཾ་ཕཊ། བེ་མ་ཙི་ཏྲ་ཎེ་སཱ། སརྦ་བྷུ་ཏེ་བྷྱོ་ཧཱ། ཧི་ཧི་ཧུཾ་ཧུཾ་ཕེཾ་པཾ་ཕཊ་སྭཱ་ཧཱ། དེ་ནས་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་བཤོས་གཙང་ལ་སོགས་པ་ཕུལ་ལ། དེ་དག་གིས་ཀྱང་སྒྲུབ་པ ་པོ་མངོན་པར་དགའ་བའི་མྱང་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པར་གྱུར་ཏེ།། དེ་ནས་ང་དག་ལ་བསྟོད་པ་སྟེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པས་བསྟོད་ནས། མངོན་པར་འདོད་པ་བླངས ་ལ་གཤེགས་སུ་གསོལ་ཏེ། ཨོཾ་ཨཿཧཱུཾ་མུཿཞེས་བྱ་བས་སོ།། སྒྲུབ་པ་པོ་དེ་ཇི་ལྟར་འདོད་པ་དེ་དང་། དེ་སྒྲུབ་ཅིང་མདུན་དུ་རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་འགྲོ་བའི་དོན་མཛད་དོ།། འདི་ནི་ཀཏོར་མའི་དེ་ཁོ་ན་ཉིད་དོ།། དེའི་རྗེས་ལ་སློབ་མ ་གཤིན་རྗེ་འདུལ་བའི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྐྱོན་ཏཱ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། ཇི་ལྟར་གདུལ་བྱ་སྣ་ཚོགས་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། ཆོས་ཀྱི་གནསུ ་རྡོ་རྡོརྗེ་དང་།། རིན་པོ་ཆེ་དང་པདྨ་དང་།། ལས་ཀྱི་སྒྲ་བཅུག་པའི་རིམ་པོའི་ཚིགསུ་བཅད་པ་ལྔ་ནི་རྗེ་སུ་གནང་བ་སྦྱིན་པའོ།། འདི་ངེ་སངས་རྒྱས་ཐམས་ཅད་ང།། རྡོ་རྗེ་སེམས་དཔའི་ལག་ན་གནས།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན།། ཁྱེད ་ཀྱིས་ཀྱང་ནི་རྟག་ཏུ་ཟུང་།། ཞེས་བྱ་བ་ནི་རྡོ་རྗེ་སྦྱིན་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏཱཾ་དྷོ་ར་ཡཱ་མི་བཛྲ་སཏྭ་ཧཱི་ཧཱི་ཧཱིཾ་ཧཱི་ཧཱུཾ་ཞེས་སློབ་མ་ལ་བརྟུལ་ཞུགས་སྦྱིན་པའོ།། འདི་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ།། དེ་ནས་བདག ་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྣམས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་སྙིང་གར་བཟུང་བའི་ཚུལ་དང་། གཡས་པ་མཆོག་སྦྱིན་པ་བྱས་ལ།། ཨོཾ་ཨེ་ཥོ་ཧྭཱ་བྱ་ཀ་རོ་མོ་ཏཱཾ། བཛྙཱ་སཏྭ་ཏ་ཐཱ་ག་ཏ། བྷཱ་བ་དུརྨྨ་ཏི་ཏ། ་བུཏྟི་ཏྱེ། ཨཏྟནྟ་བྷ་བ་སིདྡྷ་ཡ།། ། ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཏ་ཐཱ་ག་ཏ་སིདྡྷིཿས་མ་ཡ་སྟ་བྷུདྡྷཱཝཱ་སྭཱཿཞེས་ཚིག་འདི་དང་ཕྱག་རྒྱ་འདིས་ལུང་བསྟན་པ་བྱས་པ་དཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མགྲིན་གཅིག ་གོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། མངོན་པར་མཐོ་བའི་ཕྱག་རྒྱ་འདིའི་མཐུ་དང་སྔགས་འདི་ཡི་སྟོབས་ལ་དད་པར་གྱིས་ཤིག། ཅེས་བྱ་བ་སློབ་མ་ལ་བརྗོད་དེ་འདི་ནི་ལུང་བསྟན་པའོ།། དེ་ནས་གསང་བ་བརྗོད ་པར་བྱ་བ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། གཞན་ནི་ཁམས་གསུམ་ན་མྱེད་དེ།། དེས་ན་རྟག་ཏུ་ཁྱོད་ཀྱིས་ནི།། འདོད་ཆགས་བྲལ་བར་མི་བྱའོ།། དམ་ཚིག་སྦྱིན་པ་ནི་ཧཱུཾ་ཕཊ་གསང་བ་བརྗོད་པའོ།། དེ་ནས་གསང་བའི་དཀྱིལ་འཁོར ་མཆོག། མཐོང་བ་དང་ནི་རེག་པ་ཡིས།། སྡིག་པ་ཀུན་ལས་རྣམ་པར་གྲོལ།། དེ་རིང་ཁྱོད་ནི་གནས་པར་གྱུར།། ཁྱོད་ནི་ཡང་ཡང་མི་མཆི་བས།། དེ་ཕྱིར་བདེ་ཆེན་ཐེག་པ་མཐོང་།། སྲིད་པའི་སྡུག་བསྔལ་ལས་འདས་པའི།། སྲིད་པ་ཁྱོད་ཀྱིས་ཤིན་ཏུ ་འགྲུབ།། རྡོ་རྗེ་ཕྱག་རྒྱ་ཞེས་བྱ་གང་།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་འཐོབ་ཐེ་ཚོམ་མེད་།། བྱང་ཆུབ་སེམས་ནི་བཏང་མི་བྱ།། གང་ཕྱིར་རྡོ་རྗེའི་ཕྱག་རྒྱའི་ཕྱིར།། དམ་པའི་ཆོས་ནི་སྨད་མི་བགྱི།། ནམ་ཡང་སྤང་བར་མི་བྱའོ།། མ ་རིག་པ་འམ་གཏི་མུག་གིས།། རྟག་ཏུ་སྐུར་པ་མི་གདབ་པོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི།། ནམ་ཡང་བཏང་བར་མི་བྱའོ།། སློབ་དཔོན་བརྙས་པར་མཽ་བྱ་སྟེ།། དེ་ནི་སངས་རྒྱས་ཀུན་དང་མཉམ།། རང་གི་བདག་ཉིད་མི་སྤང་སྟེ།། དཀའ་ཐུབ་ཀྱིས་ཀྱང་གདུང ་མི་བྱ།། ཇི་ལྟར་བདེ་བས་བདེ་བ་གཟུང་།། འདི་ནི་མ་འོངས་སངས་རྒྱས་ཉིད།། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱིས།། ཁྱོད་ཀྱི་སྔགས་དང་རྒྱུད་ཀྱང་ཟུང་།། སངས་རྒྱས་བྱང་ཆུབ་སེམས་དདའ་དང་།། ལྷ་རྣམས་ཀྱིས་ཀྱང་འདོད་པ་ཡིན།། སེམས ་ཅན་རྣམས་ལ་སྙིང་བརྩེའི་ཕྱིར།། ཆོ་ག་བཞིན་དུ་ཁྱོད་ཀྱིས་ནི།། འབད་པས་དཀྱིལ་འཁོར་བྲི་བར་བྱ།། སྒྲུབ་པ་པོས་ནི་རྒྱུད་ལ་སྦྱར།། ཞེས་བྱ་བ་ནི་དབུགས་དབྱུང་བའོ།། འདི་དང་རྗེས་སུ་གནས་པ་བཞི་པོ་ནི།། དབང་བསྐུར་བའི་རྗེས ་ཐོགས་སམ་དབང་བཞི་པའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ།། སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ། འདི་ནི་སློབ་དཔོན་གྱི་དབང་བསྐུར་བའོ།། ད་ནི་གོས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས ་པའི་ཕྱོགས་ཅིག་ཏུ་སློབ་མར་ཟིན་པ་མཛེས་པ་གཟུགས་ལ་སོགས་པ་ཡོན་ཏན་དང་ལྡན་པ་དམ་ཚིག་གི་སྡོམ་པ་ཅན་སྦྱོར་བ་བཞི་ལོ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ་གསང་བའི་དབང་གི་དོན་དུ་དབུལ་ལོ།། དེ་ནས ་བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས།། ཇི་ལྟར་མཆོད་ཆེན་སྩོལ་མཛད་པ།། བདག་ལའང་བསྲུང་བའི་དོན་གྱི་ཕྱིར།། ནོ་མཁའི་རྡོ་རྗེ་དང་བདག་སྩོལ།། ཞེས་བྱ་བ་འམ། གཞན་གྱིས་ཀྱང་གསོལ་བ་གདབ་པོ།། དེ་ནས་བླ་མས་སྦྱོར་བ ་བཞི་མངོན་དུ་བྱས་ལ་ཆོས་ཉིད་ཀྱི་པདྨའི་ནང་ན་རྡོ་རྗེ་ཞུགས་པའི་མཐའ་བསྐྱེད་པས། རང་རིག་པའི་མཐར་ཕྱིན་པ་སྲིན་ལག་དང་མཐོ་བོས་བླངས་ཏེ་སློབ་མའི་ཁ་རུ་བཅུག་ནས།། བཏུང་བ་རིན་ཆེན་འདི་དེ་ནི།། ཛ~ཾ ་རྗེ་ལུས་སུ་རབ་སྣབ་བྱེད།། བུ་ཁྱོད་རྟག་ཏུ་ཤེས་གྱིས་ལ།། ཡིད་ལས་བྱུང་བའི་ཆུ་འདི་འཐུང་།། ཞེས་བྱ་བས་སྦྱིན་ནོ།། དེས་ཀྱང་ཨེ་མ་བདེ་བ་ཆེན་པོ།། ཞེས་བརྗོད་ཅིང་མེད་པར་བྱའོ།། དེས་ཀྱང་རང་གི་པདྨའི་ལྷག་མ ་ཡང་དེར་གཞུག་པར་བྱ་སྟེ། འདི་ནི་གསང་བའི་དབང་ངོ་།། དེའི་རྡོ་རྗེ་ལ་ང་ཉིད་ངོམ་གཞོན་ཡང་རུང་།། རང་རིག་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི ་སློབ་མའི་ལག་པར་དྲིའི་ལག་པ་གཏང་ལ། མཛེས་པ་འདི་ནི་གཟུང་བ་དང་།། བསྟོད་བྱ་སངས་རྒྱས་རྣམས་ཀྱི་བརྟགས།། འཁོར་ལོ་རྗེས་ཚོགས་སྦྱོར་བ་ཡིས།། དེ་ཕྱིར་བདེ་བ་དམ་པ་མྱང་།། ཐབས་གཞན ་གྱིས་ནི་སངས་རྒྱས་མིན།། འགྲོ་གསུམ་འདི་དག་དག་པ་སྟེ།། དེ་ཕྱིར་འཁོར་བ་སྤྱོད་བ་ནི།། ཁྱོད་ནི་ནམ་ཡང་མྱ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས་བློ་ན་མེད།། གླེན་པ ་གང་ཞིག་འདས་གྱུར་ན།། དངོས་གྲུབ་མཆོག་ནི་དེ་ལ་མེད།། ཅེས་བརྗོད་ལ་སྦྱིན་ནོ།། དེ་ཡང་གུར་ཀུམ་ལ་སོགས་པས་བྱུགས་ལ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་དང་བྲལ་བས་ཆུ་སྐྱེས་རབ་ཏུ ་རྒྱུརྒྱས་པར་གསོལ་བར་སྟོན་ཅིང་།། སྐྱོབ་མ་ལ་འདི་སྤྱད་བརྗོད་དོ།། བུ་ཁྱོད་དགའ་བ་གང་ལ་ཡིན།། དྲི་ཆེན་དྲོ་ཆུ་ལ་སྩོགས་ཟས།། དེ་བཞིན་ཁྲག་དང་ཤུཀྐ་དང་།། ཤྭ་དང་བུད་མོད་གུས་དང་གཞན།། དེ་བཞིན་བྷ་གའི་པདྨ་ལ།། འོ་བྱེད ་སྨྲོས་ཤིག་བདྲེ་བ་ཅན།། ཞེས་བརྗོད་པར་བྱའོ།། ངས་ཀྱང་། ལྷོ་མོ་ཅི་ཕྱིར་བདག་མི་སྤྲོས།། དྲི་ཆེན་དྲི་ཆུ་ཁུ་སོགས་འཚལ།། བུད་མིང་ལ་ཡང་རྟོག་དང་བགྱིད།། བྷ་ག་ལ་ཡང་འོ་བགྱིད་དོ་ཞེས་བརྗོད་དོ།། དེ་ནིས་དེས ་ཨུ་མའོ་བདག་གི་པདྨ་འདི།། བདེ་བ་ཀུན་དང་ཡང་དག་ལྡན།། གང་དོག་ཆོ་གས་བསྟེན་བྱེད་པ།། བདག་ནི་དྭེ་ཡི་མདུན་ན་གནས།། སངས་རྒྱས་མཉེས་པ་ལ་སོགས་པ།། ཇི་ལྟ་བ་བཞིན་པདྨར་བྱས།། བདེ་ཆེན་རྒྱལ ་པོ་རང་ཉིད་ཀྱང་།། འདི་ཉིད་ན་ནི་རྟག་ཏུ་བཞུགས།། ཀྱེ་ཐར་པ་བསྟན་ཅིག་ཅེས་བརྗིད་ནོས།། དེས་ཀྱང་བླ་མའི་མན་ངག་གིས།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར།། དམིགས་པ་བསྟན་པའི་ཆོ་གའི་བྱེ་བྲག་གིས།། རྣལ ་འབྱོར་པས་ནི་ཇི་སྲིད་དུ།། བྱང་ཆུབ་སེམས་ནི་འབྱུང་འགྱུར་བ།། དེ་སྲིད་རྒྱུན་མི་འཆུང་འཐོབ་པ།། དགའ་བའི་བདེ་ལས་གཞན་ཅི་ཡོད།། དངོས་གྲུབ་ཀུན་གྱི་གཏེར་གྱུར་ཏེ།། བྱང་ཆུབ་སེམས་ནི་འབབ་གྱུར་པས།། ཕུང ་པོའི་རྣམ་ཤེས་རྒྱལ་གྱུར་པ།། སྨད་པས་དངོས་གྲུབ་ག་ལ་ཡོད།། རྡོ་རྗེ་ན་མཁའི་ཁམས་སྦྱོར་བས།། དེར་རེག་པ་ལས་ངོ་མཚར་ཆེའི།། བདེ་བ་གང་གང་དེ་ལས་བསྐྱེད།། མཆོག་ཏུ་དགའ་བ་བྱེད་པའོ།། དགའ ་བྲལ་གྱི་ནི་དབུས་ངག་ཏུ།། ལྟོས་ལ་བསྟན་པ་མཚོན་པོར་གྱིས།། པདྨའི་རྡོ་རྗེ་ལ་རྡོ་རྗེའི་བར་ཏ་ཀས་མནན་པའི་གནས་སུ་རྡོ་རྗེ་སྐྱལ་ཀྲུང་གིས།། སེམས་ནོར་བུའི་ནང་དུ་སོང་བས་བལྟོས་ལ།། གོང་། ་གི་ཚེ་ཡེ་ཤེས་སྐྱེས་པ་དེའི་ཚེ། དེའི་གཟུགས་སུ་འགྱུར་ཏེ། འདོད་ཆགས་མ་ཡིན་ཆགས་བྲལ་མིན།། དབུས་ཀྱང་དམིགས་པར་མི་འགྱུར་རོ།། རྣལ་འབྱོར་གང་ཚེ་ཤེས་མིག་གིས།། ཟད་མེད་བདེ་ལ་གནས་པ་ནི།། ཐུན་ནམ་ཡང ་ན་ཉིན་མཚན་ནམོ།། ཟླ་ཕྱེད་ཟླ་གཅིག་ལོ་དང་ནི།། བསྐལ་པ་འམ་བསྐལ་པ་སྟོང་དག་ཏུ།། ཡེ་ཤེས་མངོན་པར་སྦྱོར་བས་གནས།། དེ་ལྟར་བརྟགས་ནས་ནུས་པ་ཇི་ལྟ་བ་བཞིན་སེམས་པ་བཏང་སྟེ། བཅུད་ཀྱིས་ལེན་གྱིས་རྟོགས ་པ་བཟུང་ལ་ཆུ་སྐྱེས་ཀྱིས་མཐའ་དེ་ཉིད་དུ་མཐོང་བའི་བྱང་ཆུབ་ཀྱི་སེམས་བླངས་ནས།། རོ་མཉམ་པར་གྱུར་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། གལ་ཏེ་འདིར་དབང་ལྔ་དང་།། ཤེས་རབ་ཡེ་ཤེས་ཀྱི་དབང་མ་གསུངས་པར ་དང་པོ་རྩ་བའི་དབང་ཡིན་ཏེ།། གཉིས་པར་རལ་གྲི་སྦྱིན་པར་བྱ།། གསུམ་པ་རྡོ་རྗེ་དྲིལ་བུ་སྟེ།། བཞི་པ་ཟླ་བ་བཟའ་བའོ།། བཞི་པོ་དེ་ནི་དབང་ཆེན་སྟེ།། ནག་པོའི་ཞལ་ནས་བྱུང་བ་ཡིན།། ཞེས་རྒྱུད་ལས་གསུངས་པ་མ་ཡིན་ནམ ་ཞེ་ན།། དབང་ལྔ་པོ་དེ་ཉིད་རྩ་བའི་དབང་ཞེས་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པ་རྩ་བའི་དབང་གི་བྱེད་པར་ལྡན་པའི་ཕྱིར་དང་། འདིས་ཐམས་ཅད་དུ་ལས་རང་དབང་དུ་གཙོ་བོར་གྱུར་པའི་ཕྱིར་རོ།། རྡོ་རྗེའི་དམ་ཚིག་སྦྱིན ་བནི་རལ་གྲིའི་དབང་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕྱིར་རོ།། ཕྱིར་མི་ལྡོག་པའི་དབང་བསྟན་པ་ཉིད་ཀྱིས་རྡོ་རྗེ་དང་། དྲིལ་བུ་སྤྱི་བོར་བཞག་པས་རྒྱུད་ལས་ཐུན་མོང་དུ་གསུངས་པའི་བརྟུལ་བཞུགས་དང་། ་ལུང་བསྟན་པ་དང་དབུགས་དབྱུང་བ་བསྟན་པའོ།། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམ་ནས། བཙུན་མོ་ཐམས་ཅད་བླང་བར་བྱའོ།། དེ་ནས་བཙུན་མོས་རྡོ་རྗེ་བལྟ། དེར་ནི་འོ་མ་བསྒྲུབ་པར ་བྱ། རྩེ་གཅིག་སེམས་ཀྱིས་འོ་མ་བསྒོམས།། ཕྱག་རྒྱ་ཆེན་པོར་རབ་བསྒྲུབ་པས་ཞེས་བྱ་བས་བསྒྲུབས་པ་ཉིད་ནི་བླ་ན་མེད་པའི་འགྲོ་བའི་དོན་མ་ལུས་པའི། བསྒྲུབ་པ་བརྟགས་པའི་ངོ་བོ་དང་བྲལ་བས་ཡང་རང་གིས་རིག་པ་དང་། ་ཐ་མི་དད་པ་ཐུབ་པའི་འཁོར་ལོའི་བདག་ཉིད། ཡིད་བཞིན་ནོར་བུ་ལྟ་བུའི་འོད་འཕྲོ་བ་བསྟན་པའི་རང་བཞིན་སློབ་མ་ལ་སྦྱིན་ནོ།། ཞེས་བྱ་བ་འདི་ཡང་སྦྱིན་པའོ།། སློབ་མ་དེ་ལ་ཕན་ཡོན་གྱིས་སྤྲོ་བར་བྱ་སྟེ། མཐོང་དང་རེག་པས ་མཆོག་ཉིད་ཀྱི།། སྙིང་པོ་མཆོག་གི་དཀྱིལ་འཁོར་ནི།། སྡིག་པ་ཀུན་ལས་རྣམ་གྲོལ་བཾ།། དེ་རིང་ཁྱོད་ནི་ལེགས་པར་གནས།། ཁྱོད་ལ་ཡང་ཡང་འཆི་བ་མེད།། བདེ་བ་ཆེན་པོའི་ཐེག་པ་འདི།། ཀུན་ཏུ་བཟང་པོ་ཡིན་པས ་ན། གར་ཡང་མ་འཇིགས་ཁྱེད་རོལ་ཅིག། ཁྱོད་ནི་སྲིད་པའི་སྡུག་བསྔལ་རྒལ།། སྲིད་པ་ཤིན་ཏུ་དག་པའི་ཕྱིར།། རྫོགས་སངས་རྒྱས་པའི་མཆོག་གི་མཆོག། འདི་ནི་རྟག་ཏུ་བསྲུང་བར་གྱིས།། དངོས་གྲུབ་དམ་ཚིག ་སྡོམ་པས་ཡིན།། སངས་རྒྱས་ཀུན་དང་མཉམ་པར་གསུངས།། དཀའ་འདི་རྟག་པ་མཆོག་ཡིན་ནོ།། སློབ་དཔོན་ལ་ནི་བརྙས་མཱི་བྱ།། བདེ་གཤེགས་བཀའ་ལས་འདར་མི་བྱ།། དེ་བཞིན་ཁྲོས་ནས་སྤྱན་ཟླ་ཡི།། ་སྐྱོན་རྣམས་བསྒྲགས་པར་མི་བྱའོ།། སེམས་ཅན་རྣམས་ལ་བྱམས་པའི་སེམས།། ནམ་ཡང་བཏང་བར་མི་བྱའོ།། བྱང་ཆུབ་སེམས་ཀྱང་སྤང་མི་བྱ།། རང་གཞན་ཆོས་ལ་སྨད་མི་བྱ།། སེམས་ཅན་ཡོངས་སུ་མ་སྨིན་ལ།། གསང་བ ་ཉིད་ནི་བསྒྲག་མི་བྱ།། བདག་ཉིད་སྨད་པར་མི་བྱའོ།། རང་གི་ཆོས་ལ་སྨད་མི་བྱ།། གདུག་པ་བྱམས་པས་རྟག་ཏུ་སྤང་།། ཆོས་ལ་ཚད་བཟུང་བར་མི་བགྱི།། སེམས་ཅན་དད་པ་ཅན་མི་བསླུ།། རྟག་ཏུ་དམ་ཚིག་བསྲུང་བར་བྱ།། ཤེས་རབ ་རླུང་བཞིན་དུད་མྱེད་རྣམས།། སྐྱོན་འདྲི་ཞེས་ཀྱང་སྨང་མི་བགྱི།། རྣལ་འབྱོར་སློང་མོས་མི་འཁོར་ནོ།། རྣལ་འབྱོར་ཉིད་ནི་སྤང་མི་བྱ།། རྟག་པར་རྒྱུན་ཏུ་གསང་སྔགས་བཟླ།། དམ་ཚིག་ལ་སོགས་རྟག་ཏུ་བསྟེན།། དེ་བཞིན་བླ་མའི་ངམ ་ཚིག་ལ།། གནོད་ན་དཀྱིལ་འ་ཁོར་བྲིས་བྱས་ལྔ།། བདེ་གཤེགས་རྣམས་ལ་སྡིག་པ་བཤགས།། དེ་རིང་སྐྱེ་བ་འབྲས་བུར་བཅས།། དེ་ཕྱིར་འདི་ནི་ལེགས་པར་མནོས།། མི་མཉམ་པ་ཡི་ལྷ་རྣམས་དང་།། མཉམ་གནས་འགྱུར་བར ་ཐེ་ཚོམ་མེད།། སངས་རྒྱས་རྡོ་རྗེར་བཅས་ཀུན་གྱིས།། ཚེ་དང་ལྡན་ཁྱོད་དེང་དབང་བསྐུར།། ཁམས་གསུམ་རྒྱལ་པོ་ཆེན་པོ་སྟེ།། དེ་རིང་བདག་པོར་རབ་ཏུ་བརྟན།། དེ་རིང་བདུད་ལས་རྣམ་པར་རྒྱལ།། གྲོང་ཁྱེར་མཆོག་ཏུ་རབ་ཏུ ་ཞུགས།། དེ་རིང་སངས་རྒྱས་ཉིད་ཐོབ་པར།། གྱུར་པ་འདི་ལ་ཐེ་ཚོམ་མེད།། ཅེས་བྱ་བས་རང་གི་རྡོ་རྗེ་དམ་ཚིག་མི་ཟད་པའི་བདེ་བ་བྱིན་ལ།། བསྟན་ཅིག་འགྲོ་བ་མྱུར་བ་ཡི།། རྡོ་རྗེ་སེམས་དཔའ་བདེ་བས་དང་།། རབ་ཏུ་མཚུངས ་པར་རྟག་ཏུ་གྱུར།། བླ་མའི་ཞབས་ལ་ཕྱག་འཚལ་ཏེ།། སློབ་མ་གུས་པ་གསལ་བ་ཡི།། གསུངས་ཤིག་དེ་བཞིན་བདག་གིས་བགྱི།། གཙོ་བོས་ཇི་ལྟར་བཀའ་སྩལ་བཞིན།། གལ་ཏེ་ཡོད་པར་གྱུར་ན་དེའི་ལག་པ་གཡིན ་པའི་སོར་མོ་ཐམས་ཅད་ཀྱིས་བླངས་ལ་སྦྱིན་སྲེག་གི་ཞི་བར་བྱའོ།། སྲེག་རྫས་གཅིག་གམ་གཉིས་སམ། བདུན་གྱི་བར་གྱིས་སོ།། དེས་ཀྱང་མགུ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང་། གླང་པོ་དང་། རྟ་དང་། གསེར ་དང་། རྒྱན་དང་། བུ་དང་ཆུང་མ་ལ་སོགས་པའི་འདོད་པའི་དངོས་པོ་འམ། བདག་ཉིད་ཀྱང་དངོས་གྲུབ་ལ་སོགས་པ་བསྒྲུབ་པའི་ཕྱིར་དབུལ་ལོ།། ཡོན་བཟའ་བ་དང་། རང་དང་གཞན་གྱི་འཁོར་ལོས་མཆོད་པར ་བྱའོ།། སྦྱར་བ་དང་ལྡན་པའི་སློབ་མ་བཟུང་ལ།། མཆོག་སྣ་ཚོགས་ཀྱིས་དེ་དག་ཚམི་པར་བྱས་ཏེ། གཤེགས་སུ་ག་སོལ་ལོ།། དེ་ནས་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ལ་གསོལ་བ ་བཽཏ་བྱ་སྟེ། བརྟན་པས་ལྷའི་ང་རྒྱལ་བྱའོ།། ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མང་བའོ་ཞེས་བརྗོད་དོ།། རྡོ་རྗེ་རྩེ་མོས་འཁོར་ལོ་གཤེགས་སུ་གསོལ་ལོ།། དེ་ནས་འདོད་པ་ལ་རྡུལ ་ཚོན་ཅུང་ཟད་བྱིན་ལ། ཆུ་ཆེན་པོར་གཤེགས་སུ་གསོལ་ལོ།། སྙིང་པོ་གྲོང་དུ་གང་བཅུག་དང་།། སྦྱིན་སྒྲོག་འཁོར་ལྷོའི་ནོར་གང་ཡོན།། དྲི་དག་ཐམས་ཅད་སློབ་དཔོན་ནོ།། རྡོ་རྗེ་འཆང་མཆོག ་བསྐུར་བར་བྱ།། བཟང་པོ་ཞབས་སོགས་ཀྱིས་མཛད་པ།། གསང་བ་འདུས་པའི་ཆོ་གར་གསལ།། འདིར་ནི་གསང་བའི་རླབས་འཁོར་ལོ།། ཆོ་ག་ལ་འབད་ཉིད་ཀྱིས་དུལ།། དེ་ཕྱིར་དབང་པོ་མཆོག་རྣམས་ནི།། སྐྱེ་བོ ་བཟང་ལ་བཟོད་པར་གསོལ།། གང་ཕྱིར་རང་ཉིད་དྲན་པའི་ཕྱིར།། དཔལ་ལྡན་ག་ཤིན་གཤེད་དཀྱིལ་འཁོར་གྱི།། ཆོ་ག་སེམས་ཅན་དོན་བསླང་བྱས།། དེ་ལས་དགེ་བ་གང་ཐོབ་པ།། རང་གི་ཤེས་ལས་གཞན་མིན་པའི།། ལས ་འཇོམས་ཤེས་རབ་དང་ལྡན་པ།། སྤྱོད་ཡུལ་མི་ཤེས་མུན་ཀུན་སེལ།། སྲིད་པ་མི་འཇིགས་སད་བྱེད་པའི།། ལེགས་པའི་ཚོགས་གང་ཐོབ་པ་དེས།། བུདག་དང་འགྲོ་བ་བློ་སྟེར་ཤོག། གཤིན་རྗེ་གཤེད་ནག ་པོའི་དཀྱིལ་འཁོར་སྒྲུབ་པའི་ཐུབས།། སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཱ་ན་ཀཱིརྞི་དང་།། ། ལ་ཙཱ་བ་དགེ་སློང ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། བཛྲ་ས་ར་སཱཏཱི་སྟོཏྨ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག ་སྤྲོ།། དེ་ཡིས་གཤིན་རྗེའི་གཟུགས་གནས་པའི།། བསྒྲུབ་བྱ་དེ་བསད་དེའི་ཤ་ཁྲག། ཟོས་འཐུངས་རུས་ཆོ་ག་རྐང་བཞིབས་བསམ།། སྤྲུལ་པ་བྱ་རྒོད་གཟུགས་ཅན་གྱིས། ནང་ཁྲོལ་ཕྱུང་ཁྱེར་ཁར་སོང ་བསམ།། ལས་ངན་བྱེད་དེ་དམྱལ་བར་འགྲོ།། མི་གདུང་བྱ་ཕྱིར་དེ་ཡི་སེམས།། རྒྱལ་བའི་གཟུགས་སུ་རང་སྙིང་གི། འོད་ཀྱིས་བསྡུས་ཏེ་རྒྱལ་བ་ཡི།། ཞིང་སར་ཁྱེར་ནས་བཀོད་པར་བསམ།། དེ་ལྟར་ལས་ཀྱི་ཚུལ་དྲ་ནི།། སྡིག ་ཅན་ལ་དགོངས་པས་གསུངས།། ཡང་ར་གཤིན་རྗེའི་བསྒོམ་ལུགས་གཞན།། ཞལ་གཅིག་ཕྱག་གཉིས་གཡས་ཞགས་པ།། གཡོན་པ་སྡིགས་མཛུབ་ལྡན་པ་ལ།། དབུ་རྒྱན་རང་དང་རིགས་བདག་གོ། སོ་སོའི་སྔགས ་ཀྱི་དབྱེ་བ་ནི།། གསལ་བར་བྲིས་པ་འདི་ཡིན་ནོ།། ཨོཾ་ཧྲཱིཿཥྛཿཝིཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་པཊ་སྭཱ་ཧཱ། ཆེ་གེ་མོ་ཤཱནྟི་ཀུ་རུ་སྭཱཧཱ། འདི་ནི་ལས་ཀྱི་བཟླས་པ་དང་། འཁོར་ལོ་རྩིབས་བཅུ་དྲུག་པ་སྤེལ་ལ། དགོད་པའི་སྔགས་སོ།། ་ཨོཾ་ཧཱུ~ཾཿཥྚྲྀཿཝི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་པཊ་པཊ་བཱི་ལཊ་ཆེ་གེ་མོ་པུཥྤཾ་ཀུ་རུ་བཻ་ཥཊ་དིང་། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏྲ་ན་ན་ཧཱི་ཧཱུཾ་ཕཊ་ཕཊ། ཧོ་ཆེ་གེ་ཛ་ཉྫ་ཛ་ཧ་ཝ་ཤཾ་ཀུ་རུ་ཧོ། ཨོཾ་ཧྲཱིཿཥྚིཿཝི་ཀྲྀ་ཏཱི་ནི་ནེ་ཧཱུཾ་ཧཱུཾ་ཕཊ་པཊ་བཽ་ཥཊ་ཆེ་གཱི་མོ་བ་ཤ ་ན་ཡ་བ་ཤ་ན་ཡ། ཨོཾ་ངྒེ་ཥྞཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧྲཱིཿབུད་མེད་ཆེ་ག་མོ་ཨཱ་ཀཪྵ་ཡ་ཧྲཱིཿཧྲཱིཝིཀྲྀ་ཏཱ་ན་ན་ཧཱུཾ་པཱུཊ་ཕཊ་ཛཾ་སྐྱེས་པ་ཆེ་གེ་མོ་ལ་ཨཱ་ཀཪྵ་ཡཻ་ཛེཿོཾ་ཧཱིཿཥྚེཝིཀྲྀ་ཏཱ་ན ་ཙྪིནཱ་པཱནྡྷ་པཱཿ། ལཆེ་ག་དང་གྷྲི་གནས་དང་བཿསྭཱ་པ། སྱཱ་བྷཱ་ཡཱ་ལཱྀ། དྲག་པོའི་འཁོར་ལོ་འོག་མ་ནི། ཨོཾ་ཛྷཻཾ། ཧྲཱི། ཝཱིཀྵ~ཾ་དྷཱ་ནཱ་ནཱ་ཛྙཱ་ཧཱུ~ཾ་ཕཊ་ཕཊྚ་དྲཱ་ཆེ་ག་མོ་མྦྷ་རྱཱ་ཡ་པཱཿ། སྟེང་མན། ཨོཾ་ཧྲཱིཿཥྚྲྀཝཀྲ་དྷཱ་ན་ནཎྜ ་པཊེ། ཧཱུ~ཾ་ཆེ་གི་མོ་མཱ་ར་ཡ་ཧཱུཾ། ཨོཾ་ཆེ་གཱི་མོ་སྭཱ་ཧཱ། བཽ་ཥཊ་ཆེ་ག་མེ་བཽ་ལ་ཊེ། ལཾ་ཆེ་གེ་མོ་ལ། ཧོ་ཆེ་གེ་མོ་ཧོ། ཆེ་གེ་མོ་ཆེ་གེ་མོཾ་ཧཱུ~ཾ། དབུས་ཀྱི་རེའུ་མིག་གྷུ་བནྟི་དང་།། གསུམ་པ་བཅུ་དྲུག་པ་ལ ་སྤེལ་བའི་སྔགས་སུ་ཤེས་པར་བྱ།། རིང་པོ་དག་ནི་སྤེལ་བ་སྟེ།། ལས་དུས་བཟླས་པ་དེ་ལྟར་རོ།། གྲུ་བཞི་དང་གསུམ་པའི་ཕྱོགས་བཅུ་དྲུག་སྤེལ་ལོ།། གཤེད་ནག་འཁོར་ལོའི་མན་ངག། སློབ་དཔོན་ཆེན་པོ་ནཱ་ག་པོ ་དྷིས་མཛད་པ་རྫོགས་སོ།། ། ལོ་ཙྪ་བ་དགེ་སློང་ཆོས་རབ་ཀྱིས་བསྒྱུར།། ། དཔལ་གེ་ཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། སྦྱིན་སྲེག་གི་རིམ་པ་ནི། སའི་ཆོ་ག་ང ་སྟ་གོན་དང་། ཐིག་རྣམས་ཚུལ་བཞིན་བྱས་ལ། ཐབ་ཁུང་དང་། ལུགས་མཐུན་པར་བྷས་ཏཱི། ས་ནག་པས་བྱུག་གོ། རྔ་མོ་དང་བོང་བུའི་སྐངས་དང་། ཐོབ་མ་དང་མེ་ཏོག་ནག་པོ་དྲི་མི་ཞིམ་པས་བྱུགས་ལ། ་ཤིན་ཏུ་རྩུབ་པ་དང་ཚ་བ་དེང་དུར་ཁྲོད་ཀྱི་ཐལ་བས་ཀྱང་བྱུགས་ལ། ཡམ་ཤིང་ཡང་དེ་ཉིད་ལས་བྱུང་བ། རྩེ་མོ་ཁྲག་དང་དུག་དང་ཡུངས་མར་ལ་སོགས་པ་དང་། དྲག་པོའི་སྲེག་རྫས་ཇི་ལྟར་འོས་པ་བསག། ་མེ་དང་པདྨ་ལས་བྱུང་བ།། ནུབ་ཏུ་འདོད་ཆགས་རྡོ་རྗེ་ཅན།། འདུ་ཤེས་ཕུང་པོ་རྣམ་དག་ཉིད།། པདྨ་རཱ་ག་འདྲ་བའི་འོད་།། རྩ་བའི་ཞལ་ནི་དམར་ལ་གདངས།། གཡས་པ་གནག་ཅིང་གཡོན་པ་དཀར།། གཡས ་ན་པདྨ་རལ་གྲི་བསྣམས།། ཕྱག་གཡོན་རིན་ཆེན་འཁོར་ལོ་སྟེ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། འདོད་ཆགས་འཇོམས་མཛད་ཕྱག་འཚལ་བསྟོད།། ང་དང་རལ་གྲི་ལས་བྱུང་བ།། འདུ་བྱེད་ཕུང་པོ་རྣམ་དག་ལས།། བྱང་དུ ་ཕྲག་དོག་གཤི་ནི་རྗེ་གཤེད།། མུརྐ་ཏ་ཨུཏ་པལ་ལྟ་བུའི་འོད།། རྩ་བའི་ཞལ་ནི་ལྗང་གུ་སྟེ།། གཡས་པ་གནག་ཅིང་གཡོན་པ་དཀར།། གཡས་ན་རལ་གྲི་འཁོར་ལོ་བསྣམས།། མཛེས་པའི་ནོར་བུ་པདྨ་གཡོན།། བྱ་བ་ནན ་ཏན་ཡེ་ཤེས་ཀྱིས།། ཕག་དོག་འཇོམས་མཛད་ཕྱག་འཚལ་བསྟོད།། ཁྲོ་བོའི་གཟུགས་ཅན་ཐམས་ཅད་ཀྱང་།། ཞེ་སྡང་གཤིན་རྗེའི་མཚན་ཉིད་མཚུངས།། དེ་དག་པ་ཡི་ཕྱག་གཉིས་ལ།། གྲི་གུག་དང་ནི་ཐོད་པ་བསྣམས།། ར ་གི་ཤེས་རབ་ལུས་དག་དྲང་།། བདེ་བའི་དངོས་པོ་གཉིས་མྱེད་རོལ།། ཉི་མའི་དཀྱིལ་འཁོར་མཉམ་པར་གནོན།། རྡོ་རྗེ་རྩིབས་ཀྱི་རྩར་བཞུགས་ཤིང་།། མྱ་ངན་འདས་པའོ་མཐའ་འཇོམས་ཤིང་།། སེམས་ཅན་ངོ་ནི་མཛད་ཕྱག ་འཚལ་བསྟོད།། ཤར་སྒོར་ཡ་དང་ཐོ་བ་ལས།། བྱུང་བ་སྔོན་པོའི་གཟུགས་ཅན་ཏེ།། འཇིག་ཚོགས་ལྟ་བ་རྣམ་ངག་ཉིད།། གཡས་དཀར་གཡོན་དམར་དབུས་སྔོ་ཞལ།། གཡས་ན་ཐོ་བ་རལ་གྲི་འཛིན།། ནོར་བུ་མཆོ ་དང་པདྨ་གཡོན།། ཐོ་བ་ཞེ་སྡང་གཤིནྡ་རྗེ་གཤེད་།། བརྩོནྡ་འགྲུས་སྟོབས་ཀྱི་རང་བཞིན་གྱིས།། ཕུང་པོའི་བདུད་འཇོམ་ས་ཕྱག་འཚལ་བསྟོད།། ཙྪ་དང་དབྱུག་པ་ལས་བྱུང་ལྷོར།། དབྱུག་པ་གླུ་ཤིནྡ་རྗེ་གཱ་ཤེད་མངོག། ་དཀར།། མཐར་འཛིན་ལྟ་བ་རྣམ་དག་ཉིད།། གཡས་སྔོ་གཡོན་དམར་དབུས་དཀར་ཞལ།། གཡས་ན་དབྱུག་པ་རལ་གྲི་བསྣམས།། ཆུ་སྐྱེས་འཁོར་ལོ་གཡོན་གྱི་ཕྱག། དབང་པོའི་སྟོབས་ཀྱི་རང་བཞིན་གྱིས།། ཉོན ་མོངས་བདུད་འཇོམས་ཕྱག་འཚལ་སྟོད།། ནི་དང་པདྨ་ལས་བྱུང་ནུབ།། པདྨ་ག་ཤྲཱིན་རྗེ་གཤེད་ཉིད་ནི།། ལོག་པར་བལྟ་བ་རྣམ་དག་ཉིད།། གྷ་ལས་གནག་གཡོན་དཀར་དབུས་ཞལ་དམར།། གཡས་ན་པདྨ་རལ་གྲོ ་བསྣམས།། ཕྱག་གཡོན་རིན་ཆེན་འཁོར་ལོ་སྟེ།། དྲན་པོའི་སྟོབས་ཀྱི་རང་བཞིན་གྱིས།། འཆི་བདག་བདུད་འཇོམས་ཕྱག་འཚལ་བསྟོད།། ར་དང་རལ་གྲི་ལས་བྱུང་བ།། བྱང་དུ་རལ་གྲཱི་གཤིན་རྗེ་གཤེད།། ལྟེ ་བ་མིཆོག་འཛིན་རྣམ་དག་ཉིད།། གཡས་གནག་གཡོན་དཀར་དབུས་ལྡང་ཞལ།། གཡས་ན་རལ་གྲི་འཁོར་ལོ་བསྣམས།། མཛེས་པའི་ནོར་བུ་པདྨ་གཡོན།། ཏིང་འཛིན་སྟོབས་ཀྱི་རང་བཞིན་གྱིས།། ལྷ་ཡི་བདུད ་འཇོམས་ཕྱག་འཚལ་བསྟོད།། ཀུན་ཀྱང་སྦྲུལ་གྱིས་རྣམ་པར་བརྒྱན།། རྣམ་འཇིགས་དགོད་པས་འཛེགས་བྱེད་པ།། སྒྲ་ནི་འབར་བ་གྱེན་དུ་འགྲེང་།། བསྐལ་པའི་མེ་ལྟར་འབར་ཞིང་འཕྲོ།། ཉི་མའི་དཀྱིལ་འཁོར་ལ ་