| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཀྲྀཋཱ་ཡ་མཱ་རི་མ་ཧཱ་ཏཱནྟ་རཱ་ཛཱ་པཉྩི་ཀ་རཏྣ་པྲ་དྭཱི་པ་ནཱ་མ། བོད་སྐད་དུ། དཔལ་ག་ཤཱིན་རྗེའི་དགླ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རབ་འཇིགས་བསྙེན་པར་དཀའ་ཞིང་བདུད་ཀྱི་རྩ་ལག་མང་པོ་འཁྲུགས་པ་ཚར་གཅོད་ལ།། རང་གི་མཐུ་ཡི་ཁྱད་པར་འཇོག་རྟེན་གསུམ་ལས་ཁྱད་འཕགས་བདུད་དག་རབ་ཏུ་དཔའ།། འདི ་འདྲའི་དཔལ་ལྡན་གཤིན་རྗེ་ལྀ་སྡང་དེ་ནི་དེང་འདིར་བདག་ལ་བསྲུང་གྱུར་ཅིག། དེས་བསྲུངས་གྱུར་པས་དེ་སྟོན་རྒྱུད་འདི་ཅུང་ཟད་བདག་འབྱེད་འདྲི་ལ་མཁོས་བཟོད་མཛོད།། འདིར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ ་ནས་བརྩམས་ཏེ་ལེའུ་བཅོ་བརྒྱད་པའི་ཞབས་ནས་བདུད་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངསོ་ཞེས་བྱ་བའི་བར་དུ། རྒྱུད་འདིའི་གཞུང་གིས་ཅི་ཞིག་སྟོན་ཅེ་ན། དེ་ནི་བཅོམ་ལྡན་འདས་འདིའི་རང་གི་ངོ་བོ་དང་། དེའི་ཕྲིན་ལས ་དང་། དེ་འཐོབ་པའི་རྒྱུ་རྣམས་སྟོན་ཏེ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་ག་ཤིགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རིགས་པ་རྣམས་ཀྱིས་ནི། འདིའི་རང་གི་ངོ་བོ་བསྟན་ཏོ།། ཇི་ལྟར་སེས ་ཅན་རབ་འཇུག་པ།། ལས་ཀྱི་དབྱེ་བ་རབ་འབྱེད་པ་ཞེས་བྱ་བ་ལ་སོགས་པ། ཇི་ལྟར་རིག་པ་རྣམས་ཀྱིས་ནི།། འདིའི་འཕྲིན་ལས་བསྟོན་ཏོ།། སློབ་དཔོན་ལ་ནི་བརྙས་མི་བྱ། ཞེས་བྱ་བ་ལ་སོགས་པ་ཇི་རིགས་པ་རྣམས་ཀྱིས་ནི། བཅོ ་ལྡན་འདས་འདིའི་གོ་འཕང་ཐོབ་པའི་རྒྱུ་ཕུལ་དུ་བྱུང་བ་བསྟན་ཏོ།། དེ་ལྟར་ན་རྒྱུད་འདིས་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི ་དོན་ཕུན་སུམ་ཚོགས་པ་དག་བསྟན་ཅིང་། སྐལ་བ་དང་ལྡན་པ་གང་ཞིག་རྒྱུད་འདིར་སློབ་པ་དེ་ཡང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རིམས་ཀྱིས་འགྱུར་བ་ནི་ཇི་ལྟར་དཔལ་འཁོར་ལོ་བདེ་མཆོག་ལས། མི་མཆོག་གང་ཞིག། ་ཀུན་སྤྱོད་པ།། སྡིག་ཀུན་རྣམ་དག་བདག་ཉིད་ཅན།། དེ་བཞིན་གཤེགས་པའི་ས་འཐོབ་ཅིང་།། སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི།། རིགས་འགྱུར་ཆོས་ལྡན་རྒྱལ་པོར་འགྱུར། ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་རྒྱུད་འདི་ནི་རྗོད ་པར་བྱེད་པ་ཡིན་ལ་འདིའི་དོན་ནི་བརྗོད་པར་བྱ་བའོ།། དེ་ཡང་ཐབས་དང་དེ་ལས་བྱུང་བར་འབྲེལ་ཅིང་འབྲེལ་བ་དང་བཅས་པས་དོན་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་ཅིང་། ཇི་ལྟར་ཁོང་དུ་ཆུད་པ་ལྟར་གུས་པས་བསྒྲུབས་པས་མི་གན ་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་དོག་པར་འཐོབ་པས་ན། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ཡང་དགོས་པ་ལ་སོགས་པའི་ཡན་ལག་འདི་དག་གིས་འགྲུབ་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་ཤེས།། ་དེའི་ཕྱིར་ངེས་པར་འདི་ལ་འཇུག་པ་རྣམས་ནི་དོན་མེད་པར་ནམ་ཡང་རིགས་པས་ཀྱང་མི་འགྱུར་ལ་གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཡང་ཐུགས་རྗེ་ཆེ་བ་ནི་གཞན་ལ་དོན་མེད་པའི་ཚིག་གསུང་མི ་སྲིད་པས་ན། ལུང་རྣམ་པར་དག་པ་འབའ་ཞིག་ལ་གུས་པས་ཀྱང་འདི་ལ་འཇུག་པར་མི་རིགས་ཏེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་ཟད་ལུང་དུ་ཤེས་པར་བྱ།། ཉེས་པ་ཟད་ཕྱིར་བརྫུན་གྱི་ཚིག། གསུང་བར་མི་རིགས ་རྒྱུ་མེད་ཕྱིར། ཞེས་ཚིགསུ་བཅད་པས་སོ།། གལ་ཏེ་སྦྱིན་པ་ལ་སོགས་པ་བདག་དང་གཞན་ལ་ཕན་པའི་ཐབས་རྒྱུད་འདི་ནས་སྟོན་པ་ལྟ་ན་བདེན་གྲང་ན། རྒྱུད་འདི་ནས་ནི་གསང་བ་ལ་སོགས་པ་སྟོན་ཅིང་། དེ་ནི་གཞན་ལ་ཕན ་པ་ཡང་མ་ཡིན་ལ། ཡང་བུད་མེད་དབང་དུ་བྱ་བ་ལ་སོགས་པའི་བྱ་བ་ཡང་སྟོན་ཅིང་དེ་ནི་དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན་ཞེས་རྒྱལ་བའི་ཡུམ་ལས་བཀག་ཅིང་། རིགས་པས་ཀྱང་འཐད་པའི་ལམ་དུ་མ་གྲུང ་པས། དེ་མི་རུང་ཞིང་། སྲིན་པོ་ལྟར་མ་རུངས་པའི་ལུས་སུ་གནས་པ་དང་འདོད་པའི་ལྷ་མེ་ཏོག་གོ་མངའ་ཅན་ལྔར། གཞནི་ཟོ་སློང་བའི་ལུས་སུ་གནས་པ་ཡང་། སྡང་བ་འམ་ཆགས་པའི་རྐྱེན་དུ་གྱུར་ལ། དེ་ཡང་རབ་ཏུ་མི་འདོད ་དེ། ཉན་ཐོས་ཉོན་མོངས་མེད་པའི་ལྷ།། མཱི་ཡི་ཉོན་མོངས་ཡོངས་སྤོང་ཉིད།། རྒྱལ་བའི་གྲོང་སོགས་དེ་དག་གི་སྟེ།། ཉོན་མོངས་རྒྱུད་གཅོད་ཉོན་མོངས་མེད།། ཅེས་གསུངས་ན། འདི་ནི་ཉོན་ཐོས་དག་པས་དམན་པར་གྱུར ་པས། རྒྱུད་འདིར་རྒྱུ་དང་དེ་ལས་བྱུང་བ་གཉི་ག་བླང་བར་བྱ་བ་མ་ཡིན་ནོ།། དེ་བས་ན་ལུང་རྣམ་པར་དག་པ་ཡང་འདི་མ་ཡིན་པས་སུ་ཞིག་འདི་ལ་འཇུག། དེ་བས་ན་འདིའི་འབྲས་བུ་མཆོག་རྒྱུ་དང་བཅས་ཏེ་འདོད་པར་བྱ་བ ་མ་ཡིན་ཏེ། འདམ་བུ་ཁྲུས་བྱས་པའི་ཆོ་ག་འགྲུབ་པར་ལྷ་ན་ཡང་དེ་ཁྲུས་མ་ཡིན་པས། མ་གྲུབ་པ་དང་བྱེ་བྲག་མེད་པ་འམ། ཆོས་སྨད་པ་ལྟ་བུ་འོ་ཞེ་ན། དེ་ལྟར་རྟག་པ་ནི་མ་ཡིན་ཏེ། རྒྱུད་འདིར་བསད ་པ་ལ་སོགས་པའི་བྱ་བ་གཞན་ལ་གནོད་པ་ལྟར་སྣང་བ་ཡང་། བདེ་བ་མ་ཡིན་ཡང་ཕན་པ་ཉིད་ཡིན་ཏེ། སྨན་ཚ་བ་ལ་བརྟེན་པ་ལྟ་བུའོ།། དོ་ན་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། མ་བྱས་ན་སླར་ཉེས་པ་ཉིད་ཡིན་པར། ཉོན་མོངས ་བཅས་ཀྱང་མཆོས་མི་བྱེད་ཅེས་བཤད་པས་སོ།། དེའི་ཕྱིར་སྙིང་རྗེ་ལས་བྱུང་བའི་བསད་པ་ལ་སོགས་པ་མདོ་སྡེ་དང་རྒྱུད་དུ་མ་ལས་གསོལ་པོར་སྣང་བས་རྒྱལ་བའི་ཡུ་མོ་ལས་ནི་རང་གི་སྡོང་བ་རྒྱུར་གྱུར་པས་དྲག་ཤུལ་སྤྱད་པ་བཀག་པར ་ཟད་དེ། དེ་བས་ན་འཕགས་པ་དེ་ཁོ་ན་འདུས་པས་ཀྱང་། སྡིག་པའི་སེམས་ཅན་ཕན་དོན་དུ།། སྡིག་ཅན་སྡིག་སྤྱོང་ལོག་པ་དང་།། སངས་རྒྱས་བཀའ་ནི་བསྒྲུབ་པའི་ཕྱིར།། བསད་པ་བྱས་ན་འགྲུབ་པར་འགྱུར། ཞེས་པ་དང་། ཡང་སྡིག། ་པ་དག་པའི་རྒྱུ་ཡི་ཕྱིར།། མཚམས་མེད་བྱེད་པ་མི་ཟློག་ན།། བསད་པའི་ལས་ལ་དང་ན་ཡང་།། དེས་ནི་དངོས་གྲུབ་འགྱུ་རོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་གསུངས་ལ། འཕགས་པཾ་གསང་ཆེན་ཐབས་ལ་མཁས ་པའི་མདོ་ལས་ཀྱང་། ཚོང་དཔོན་བྱང་ཆུབ་སེམས་དཔས་ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་གསུངས་པ་ན། བསད་པའི་བྱ་བ་སྟོན་པས་ནི་རྒྱུད་འདི་སྨད་པར་མི་བྱའོ།། བུད་མེ ་དབང་དུ་བྱ་བ་སྟོན་པས་ཀྱང་། འདི་སྨད་པར་མི་བྱ་སྟེ། སྨོན་ལམ་གྲུབ་པའི་བུད་མེད་བྱང་ཆུབ་སེམས་དཔའི་གནས་ཐོབ་པ་དག་ཡོད་ཅིང་དེ་དག་དབང་དུ་བྱ་བའི་ཕྱིར། སྔགས་དང་བསམ་གཏན་ལ་རབ་ཏུ་འབད་པ་ཉིད་ཀྱིས། བསྒྲུབ་པ་དེའི་སྒྲིབ ་པའི་དྲ་བོ་སིལ་ཙང་སྒྲིབ་པ་སྲབ་མོར་གྱུར་པ་ན་དོ་དང་འདུ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། དེ་དང་འདུས་པ་དེའི་འདོད་ཆགས་ལ་སོགས་པ་ཟད་པར་འགྱུར་ཏེ། ཇི་ལྟར་འཕགས་པ་སྡོང་པོ་བཀོད་པ་ལས། སྨད་འཚོང་མ་བཅོམ་པོ་མོ་ལྷའི ་བཤེས་གཉེན་གྱི་རྣམ་པར་ཐར་པ་བསྟན་པ་ལས་ཀྱང་། རིགས་ཀྱི་བུ་ཁེ་མེས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཞེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་དེ་ལྟར་ཁོ་མོ་ནི་ལྷ་རྣམས་ལ ་ལྷ་མོའི་གཟུགས་དང་། ཁ་དོག་དང་དབྱིབས་དང་། ཆུ་ཞེང་ལས་ཀྱང་ལྷག་པར་ཁ་དོག་གསལ་བ་དང་། རྣམ་པར་དག་པས་ཅི་ལ་མོས་པ་བཞིན་དུ་སྣང་བར་བྱུང་དེ།། དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ན་མཁའ ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཚོན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཡང་བུད་མེད་ཀྱི་གཟུགས་དང་ཁ་དོག་དང་དབྱིབས་དང་ཆུ་ཞེང་ལས་ལྷག་པར་འོད་གསལ་ཞིང་རྣམ་པར་དག་པོས་ཅི་ལ་སྨོས་པ་བཞིན་དུ་སྣང་བར་བྱེད ་སེམས་ཅན་གང་དག་འདོད་ཆགས་ཀྱིས་ཀུན་ནས་འཁོར་བའི་སེམས་དང་ལྡན་པ་དག། ཁོ་མོའི་དྲུང་དུ་འོང་ན་ཡང་། དེ་དག་ཐམས་ཅད་ལ་ཁོ་མོ་ནི་འདོད་ཆགས་དང་བྲལ་བར་འགྱུར་བའི་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ ་ཐོས་ནས་ཀྱང་། འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་ཁོ་མོ་མཐོང་མ་ཐག་ཏུ ་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དགའ་བ་དང་ལྡན་པ་ཞེས་བྱ་བ་ཡང་རབ་ཏུ་ཐོབ་བོ།། འགྱུར་པ་ལ་ལ་ནི་གཏམ་བྱས་པ་ཙམོ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང ་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་པའི་དབྱངས་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལི་ནོ་ལག་ནས་བཟུང་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས ་ཀྱི་ཞིང་ཐམས་ཅད་དུ་རྗེསུ་འགྲོ་ཞིང་གནས་པ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་གནས་གཅིག་ཏུ་འགྲོགས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་བྲལ་བས་སྣང ་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་བལྟས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་རྣམ་པའི་རྒྱན་ཅེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་གླལ ་བ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཕས་ཀྱི་རྒོལ་བ་རྣམ་པར་འཐོར་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་མིག་བཙུམ་པ་ཙམ་གྱིས་འདོད་ཆགས་དང ་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཡུལ་སྣང་བ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་པང་དུ་འཁྱུད་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས། ་དཔའི་ཏིང་ངེ་འཛིན་འགྲོ་བ་ཐམས་ཅད་ཡོངསུ་སྡུད་ཅིང་མི་གཏོང་བའི་སྙིང་པོ་ཞེས་བྱ་བ་ཡང་རབ་ཏུ་འཐོབ་བོ།། ལ་ལ་ནི་འོ་བྱས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་འཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན ་འགྲོ་བ་ཐམས་ཅད་བསོད་ནམས་ཀྱི་མཛོད་ལ་རེག་པར་བྱེད་པ་ཞེས་བྱ་བ་ཡངོ་རབ་ཏུ་འཐོབ་བོ།། དེ་ལྟར་ཁེ་མེ་ནཱི་སེམས་ཅན་གང་ཇི་སྐད་ཅིག་ཁོ་མོའི་དྲུང་དུ་འོངས་ཏེ། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་རྣ ་ཐར་པའི་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཐམས་ཅད་མཁྱེན་པོའོ་ས་ཆགས་པ་མྱེད་པ་ལ་མངོན་དུ་གྱུར་པ་འདི་ཉིད་ལ་རབ་ཏུ་འགོད་དོ་ཞེས་གསུངས་ལ་ཡང་དེ་ཉིད་ལ། རྒྱལ་པོ་རིན་ཆེན་མང་པོ་ཞེས་བྱ་བའི་བུ་མོ་དག ་ནི་རྣམ་པར་ཐར་པ་བསྟན་པ། འཁོར་ལོ་སྒྱུར་བའི་རྒྱལ་བཻ་རིནྡོ་ཆེན་མང་པོ་དེ་ལ་བུ་མོ་རྒྱ་མཚོ་ཀུན་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྱེ་བ་ཇི་སྙེད་ཀྱིས་སྦྲུལ ་པའི་བུད་མེད་རིན་པོ་ཆེ་དང་འདྲ་བ། ཡིད་ཀྱི་ལུས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བོ་སྙེད་དང་ལྡན་པ་སྲིད་པའི་ལམ་གྱི་རྒྱུན་གྱི་འཁོར་ལོ་སྣ་ཚོགས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙད་ཀྱི་མགོ་དང་ལྡན་པ། ཆོས་ཀྱི་དབྱིངས་ན་མཁའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙད་ཀྱི་དཔྲལ་བ་དང་ལྡན་པ། བསམ་པ་དང་ལྷག་པའི་བསམ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྨིན་ཚུགས་ཅན། ཤེས་རབ་དང་ཡེ་ཤེས་ཡངས་པ་རྒྱ་མཚོ་འཇིག་རྟེན་གྱི ་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྱེ་བ་སྙེད་ཀྱི་མིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐོས་པ་འཛིན་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྣ་བ་ཡིད་དུ་འོང་བ་དང་ལྡན་པ། སྡོམ ་པ་ཆེན་པོ་ཡང་དག་པར་བླང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྣ་ལེགས་པ་དང་ལྡན་པའི་ཆོས་རྒྱ་མཚོ་རབ་ཏུ་སྒྲོགས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྟེ ་ཀྱི་ལྕེ་དང་ལྡན་པ། ཆོས་ཀྱི་དབྱིངས་མཐའ་གཉིས་ཡོངསུ་སྤངས་པས་འཛུམ་པར་རྒོད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ལྡན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་འཇིག་རྟེན ་གྱི་ཁམས་རྒྱ་མཚོ་བཅུའི་རྡུ་ལོ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལག་པ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་བསྒྲིབས་པས་མི་ངོམས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁྲུ་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་པ ་དང་ལྡན་པ། བསོད་ནམས་དང་ཨེ་ཤེས་ཀྱི་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནུ་མ་ལེགས་པ་དང་ལྡན་པ། ཆོས་ཟབ་མོ་སྣ་ཚོགས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བ ་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལྟེ་བ་དང་ལྡན་པ། དམིགས་པ་ཐམས་ཅད་ཡོངས་སུ་བསོལ་བའི་མཐར་ཐུག་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྟོག་པ་དང་ལྡན་པ། རྡོ་རྗེ་ལྟ་བུའི་ཏིང་ངེ ་འཛིན་ཡངས་ཤིང་མི་ཤིགས་པ། བརྟན་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟ་ཟུར་དང་ལྡན་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རིམ་གྱིས་ལེགས་པར་འབྲལ་བ ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙད་ཀྱི་རྐང་པ་དང་ལྡན་པ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་སྣ་ཚོགས་ཀྱི་དྲ་བ་ཕྲེང་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེང་མཛེས ་པར་ཐོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གེས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྐད་ཤིན་ཏུ་བཟུང་བར་གྱེན་པ། སངས ་རྒྱུས་ཐམས་ཅད་ཀྱི་ཆོས་ཀྱི་རྒྱུན་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལགས་པར་བརྒྱན་པ་དེ་བཞིན་གཤེགས་པ་ཚུལ་ཁྲིམས་དྲི་ཞིམ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུ ་རྡུལ་ཤིམུ་ཏུ་ཕྲ་བ་སྙེད་ཀྱི་སྤོས་ཀྱི་ལུས་ཤིན་ཏུ་བྱུགས་པ། དགའ་བའི་རྒྱན་དང་ཐབས་མཁས་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕ་རོལ་ཏུ་ཕྱིན་པའི ་མཆོག་ཐོབ་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙད་ཡོད་དེ། དེ་དག་གི་ཁ་ནས་ཡཱ་ཤིས་ཀྱི་རྗེས་སུ་འབྲང་བའི་ཆོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཆེ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙིད་འབྱུང་ངོ་།། དེ་དག ་གི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་སྙིང་རྗེའི་རྗེསུ་འབྲང་བའི་ཙནྡན་གྱི་སྤོས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུངངོ་།། སྤྲོས་རྒྱ་མཚོ་དེ་དག་གི་དྲི་ཞིམ་པོས་ཀྱང་འཇིག་རྟེན་གྱི་ཁམ ་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚེ་མང་པོ་ཡོངས་སུ་རྒྱས་པར་འགེངས་ཏེ། དེ་དག་གི་དགའ་བའི་རྐྱེན་དང་ཐབས་མཁས་པ་རྒྱ་མཆིས་འདུལ་བའི་སེམས་ཅན་རྒྱ་མཚོ་གང་ཇི་སྙེད་ཡོད་པས ་དྲི་ཞིམ་པོ་རྒྱ་མཚོ་དེ་དག་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དྲི་ཞིམ་པོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཏུ་ཕྲ་བ་སྙིང་རབ་ཏུ་འཐོབ་བོ།། སེམས་ཅན་དག་དགའ་བྱའི་རྒྱན ་དང་ཐབས་མཁས་པ་རྒྱ་མཚོས་འདུལ་བ་དེ་དག་གིས་གཟུགས་ཀྱི་ཡོན་ཏན་རྣམ་པར་བྱ་བ་རྒྱ་མཚོ་དེ་དག་མཐོང་བ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ཡོངསུ་སྟོན ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ།། གང་གི་དབྱངས་རྒྱ་མཚོ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། དྲི་བཞིན་གཤེགས་པ་ཐམས་ཅད་ལས་ཐོས་པ་ཡོང་སུ་འཛིན་པ་རྒྱ ་མཚེ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྐད་རབ་ཏུ་འཐོབ་བོ།། གང་གིས་ལོག་ནུས་བཟུང་བ་དེ་དག་ཐམས་ཅད་ཀྱང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙད་རབ་ཏུ་འཐོབ་བོ།། གང་གིས་མཐོང་ལ་རེག་པ་དེ་དག་ཐམས་ཅད་ཉིད་བསོད་ན་མྱས་ཡེ་ཤེས་སྣ་ཚོགས་ཀྱི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ།། གང ་དག་སྟན་གཅིག་ལ་ལྷུན་གཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྙིང་པོ་བྱང་ཆུབ་ཀྱི་སང་གེའི་ཁྲི་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་རག་ཏུ་གནས་པར་འགྱུརརོ།། གང་གིས་ཁ་དང ་ཁར་ཕྲད་པར་བྱས་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཐར་པའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྱེ་བ་སྙིང་རབ་ཏུ་འཐོབ་པའོ།། གང་གིས་པང་དུ་འཁྱུད་པོ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་ག ་པའི་ཆོས་ཀྱི་སྒོ་མཉམ་པ་ཉིད་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་བོ།། གང་དང་ཆོས་ཀྱི་དབྱིངས་བརྟེན་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་མང ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྨད་ན་སེམས་ཅན་གྱི་ཁམས་རྒྱ་མཚོ་གང་ཇི་སྐད་ཡོད་པ་དེ་དག་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་དག་པ་རྒྱ་མཚོ་ལ་དེ་བཞིན་ག་ཤ ་པའི་བྱིན་གྱི་བརླབས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་འཐོབ་པ་དང་། ཡོངསུ་དག་པ་དང་། ཡོངསུ་རྫོགས་པར་འགྱུར་བརླ་ས་བོན་རྒྱ་མཚེ་རབ་ཏུ་འབེབསོ་ཞེས་གསུངས་ཏེ། འདིར་ཆོས་ཀྱི ་དབྱིངས་སུ་བརྟེན་པར་གྱུར་པ་ཞེས་བྱ་བ་གཉིས་ཀྱི་གཉིས་སྙོམས་པར་འཇུག་པ་སྟེ། གཙུག་ལག་གི་ཚིག་ཚོགས་པར་དབྱུང་བ་མ་ཡིན་པ། སྦས་པའི་ཕྱིར་གཞན་དུ་བསྒྱུར་བ་སྟེ། ས་བོན་ཞེས་བྱ་བ་ཡང་རང་གི་རྫས་ཉིད་དེ ་དེ་དོང་འདྲའོ།། དེ་བས་ན་འདི་ལྟ་བུའི་བུད་མེད་དབང་དུ་བྱ་བར་འདོད་པ་ཙམ་ཡང་བསོད་ནམས་དང་ལྡན་ཏེ། སངས་རྒྱས་རྗེ་བཙུན་ཉིད་དུད་མེད་དུ་གྱུར་པས་ན། འཕགས་པ་དེ་ཁཱ་ན་འདུས་པ་ལས་ཀྱང་། ཨོཾ་མའོ་གང་ཕྱིར་བྱང་ཆུབ ་སེམས།། སེམས་ཅན་ཀུན་ལ་ཕན་བཞེད་པ།། འདུལ་བའི་དབང་གིས་དཔའ་བོ་གང་།། བུང་མང་གཟུགས་སུ་མཛད་པར་གྱུར་ཅེས་གསུངསོ།། གཞན་ཡང་ཐུགས་རྗེའི་དབང་གིས་གང་དག་བུད་མེད་ལ་ལྷག་པར་ཆ་གོས་པོས་ཚུལ ་བཞིན་མ་ཡིན་པ་རབ་ཏུ་མང་པོ་ཡིད་ལ་བྱེད་ཅིང་། གཞན་གྱི་བུད་མེད་འཕྲོག་པར་སེམས་ཤིང་སྦྱོར་བ་དག་གིས་དེ་རྒྱུན་བཅད་པས་ཉེས་པ་བསླབ་པར་བྱ་བའི་ཕྱིར་དབང་དུ་བྱ་བ་གསུངས་ཏེ། དེ་ལྟར་ན་གསང་སྔགས་རྒྱལ་པོ་མི ་རྣམས་ཀྱིས་ཐོས་ནས།། སངས་རྒྱས་བྱེ་བ་དུ་མའི་བདེ་འཐོབ་ཅིང་།། ཁུ་བ་ཟག་ཅིང་སྲབ་ལ་རེག་དང་།། འཁོར་ལོར་ལྟ་ཞིང་ངེས་པར་རྟོགས་བྱེད་ལ།། ས་ལ་འགྱེལ་ཞིང་རྐང་པ་འཁྱལ་བ་དང་།། ཁུ་བ་འབྱུང་ཞིང་ཆགས་སྟོབས་ལྡན་གྱུར་པ། ་མཛེས་པ་མཛེས་མ་རྣམས་ཀྱིས་འདི་གཟིགས་ལ།། ཀུ་རུ་ཀུ་ལའི་གསང་སྔགས་འགྲོ་བ་རྣམས།། དབང་དུ་བྱེད་པའི་སྔགས་ཀྱིས་བསྒྲུབ་པོ་དང་།། བྲིས་སྐུ་བྲི་བ་ཡི་ནི་དམ་ཚིགོ་རྣམས།། མགོན་པོ་གསུང་བཟངས་ཀྱིས་ནི་བཤ་དུ་གསོལ ་ཅེས་གསུངས་ལ། ཡང་གཞན་ལས། གཞན་གྱི་ཆུང་མར་ཡིད་ལ་བཞག་ནས།། གང་ཞིག་དེ་ལ་འདོད་གདུངས་བསྟེན་བྱེད་པ།། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ།། འདོད་པ་སྤྱད་པས་སྡིག་པ་མང་དུ་འཐོབ།། རྒྱལ་བ ་ལ་དང་གཞན་ཕན་བརྩོན་པ་ཡི།། ལྷ་ཀླུ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་།། གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ།། དེ་དག་རྒྱལ་བའི་ཉན་ཐོས་རང་སངས་རྒྱས།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡིས། ་མ་འོངས་སེམས་ཅན་མགོན་སྐྱབས་མེང་རྣམས་ལ།། རབ་ཏུ་གཟིགས་ནས་བྱིན་གྱིས་བརླབ་པ་མཛད་ཅེས་གསུངས་ཏེ། དེ་བས་ན་ལམ་འདི་བུད་མེད་དབང་དུ་བྱ་བའི་སྦྱོར་བ་སྟོན་པས། སྤང་བར་བྱ་བ་ནི་རབ་ཏུ་ཡོང་མ་ཡིན་ཏཱ།། འཕགས་པ ་གསང་ཆེན་ཐབས་ལ་མཁསོ་པ་ལ་སོགས་པའི་གཞུང་ཡང་དོར་བར་བྱ་བར་འགྱུར་བས་སོ།། གཞན་ཡང་སྲིན་པོ་ལྟར་རབ་ཏུ་མི་སྡུག་པའི་སྐུ་འཛིན་པ་འདི་ནི། གདུལ་བ་ཞི་བས་རབ་ཏུ་མི་འདུལ་བ་དག་ལ་དེ་ཉིད་ཐབས་དམ་པ ་སྟེ། དེ་བས་ན་འཕྱགས་པ་དེ་ཁོ་ན་འདུས་པཱ་ལས་ཀྱང་། ཨེ་མའོ་ཐབས་ཀྱིས་འདུལ་བ་ཡིས།། ཐབས་ཆེན་ལྡན་པ་བདག་ཡིན་ཏེ།། གང་ཕྱིར་སེམས་ཅན་འདུལ་ཐབས་བཞིན།། དྲི་མ་མེད་པའི་ཁྲོ ་བོར་འགྱུར་ཞེས་གསུངས་ལ། འཕགས་པ་སྡོང་པོ་བཀོད་པ་ལས།། ལྷ་ལྷ་ཆེན་པོའི་རྣམ་པར་ཐར་པ་བསྟན་པ་ལས་ཀྱང་། རིགས་ཀྱི་གཞན་ཡང་ཁོ་བོ་ནི་སེམས་ཅན་འདེད་པོའི་དགའ་བས་མྱོང་བ། ཡལ་གྱི་ལོངས་སྤྱོད་ལ་ཡོངས ་པ་རྣམས་ལ། ཡུལ་དེ་དག་མི་སྡུག་པར་བྱིན་གྱིས་རློབ་པོ་ཁྲོ་བས་ནོན་པ་དང་། ང་རྒྱལ་ཅན་དང་། རྒྱགས་ཤིང་དྲེགས་པ་དང་། རློམ་པ་ཚར་བཅད་པས་འདུལ་བ་རྣམས་ལ་ནི།། གཏུམ་ཞིང་སྲིན་པོ་ལྟར་མི་སྡུག་ལ་འཇིགས་པའི་ཤ་ཟ ་ཞིང་ཁྲག་འཐུང་བའི་ཚུལ་དང་ལྡན་པར་བསྟན་ཏེ། རློམ་པ་དང་སྙེམས་པས་འཁྲུགས་པ་དེ་དག་ཐམས་ཅད་ཞི་བར་བྱུང་ངོ་།། ལེ་ལོ་ཅན་བརྩོན་འགྲུས་བོར་བའི་སེམས་ཅན་རྣམས་ལ་ནི། མེ་དང་ཆུ་དང་རྒྱལ་པོ་དང་། རྒྱན་པོ་དང་གཅོ ་པའི་འཇིགས་པ་ཡོངསུ་བསྟན་ཅིང་སྐྱོ་བར་བྱས་ཏེ་བརྩོན་འགྲུས་བརྩོམ་པ་ལ་དགོད་པར་བྱེད་དེ།། དེ་ལྟར་ཐབས་དེ་དོང་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕྱོགས་དང་མི་མཐུན་པ་རག་ཏུ་གཞོམ་པ་དང་། ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་ཀྱིས་ཚོགས་བསགས་པ་དང་། སྒྲུབ་པའི་རིའི་གཡངས་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་། སྒྲིབ་པ་མེད་པའི་ཆོས་ལ་གཟུང་བའི་ཕྱིར་མི་དགེ་ཐམས་ཅད་ལས་རྣམ་པར་བཟློག་སྟེ། དགེ་བ་ཐམས་ཅད་ཕུན་སུམ ་ཆགས་པ་ལ་ཡང་དག་པར་དགོད་པར་བྱེད་དོ་ཞེས་གསུངས་ལ། གཞན་ལས་ཀྱང་ཤིན་ཏུ་གདུག་ཅིང་གཏུམ་པ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། རྡོ་རྗེ་ཅན་གྱིས་དེ་གཟིགས་ནས།། རང་ཉིད་དགྱེས་པའི་རྡོ་རྗེར་གྱུར་ཅེས་གསུངས་ཏེ། དེ་བ ་ཁྲོ་བོའི་སྐུ་ལ་ཡང་སྨད་པར་མི་བརྗོད་དོ།། དེ་བཞིན་དུ་གཞན་རབ་ཏུ་ཆགས་པར་བྱེད་པའི་སྐུ་ཡན་ལག་མེད་པའི་རྡོ་རྗེ་ལ་སོགས་པ་ལ་ཡང་སྣད་པར་མི་བྱ་སྟེ། ཁ་ཅིག་སྐུ་ཡིད་དུ་འོང་བ་མ་ཡིན་པ་ཅི་ལ་ཡང་མི་འདུད་པ་དག་གི ་ཕྱིར་དེ་ཉིད་དམ་པ་ཨིན་ཏེ། དེ་བས་ན་གང་ཞིག་རང་བཞིན་ཆགས་སྡང་དང་བྲལ་བ།། འདུལ་བའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་།། འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ།། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལོ།། གང་ཞི། ་ལོས་དང་རྣམ་སྨིན་མཁྱེན་པ་ཡིས།། འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི།། གསང་སྔགས་གཟུགས་ཀྱི་རྗེས་སུ་ཆགས་མཛད་པ།། སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚ་ལོ།། ཟློས་གསུངས་ཏེ། དེའི་ཕྱིར་བསོད་པའི་བྱ་བ་སྟོན་པ་དང་། ་བུད་མེད་དབང་དུ་བྱ་བ་བརྗོད་པ་དང་། འཇིགས་པའི་སྐུ་འཛིན་པ་དང་། ཆགས་པར་བྱེད་པའི་སྐུ་འཛིན་པ་རྣམས་རིགས་པ་དང་ལུང་གིས་འཐད་པར་བྱས་ལ། རྒྱུད་ཀྱི་རྒྱལ་པོ་འདི་ལ་གུས་པར་འཇུག་པར་བྱ་ཞིང་འཇོག་པར་འདོད ་པ་དེ་དག་གིས་ཀྱང་། རྒྱུད་འདིའི་ཚུལ་ནི་འདི་ལྟར་ཤེས་པར་བྱ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ནས་ཐབས་གཅིག་ཞེས་བྱ་བའི་བར་གྱིས་ནི་གློང་གཞི་བསྟན་ཏེ།། དེ་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེ ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའི་ས་བོན་ནས་ཞེས་བྱ་བ་དང་། ལེའུ་བཅོ་བརྒྱད་པ་བསྟི་སྟང་དུ་བྱས།། ཞེས་བྱ་བའི་བར་གྱིས་ནི་གླེང་བསླངས་པ་བསྟན་ཏེ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེས་བྱ་བ་ནས། ལེའུ་བཅུ་བདུན་པ་རྫོགས་པའི་བར་གྱི་སྣ་ནི་རྒྱུད་དངོས་བསྟན་ཏོ།། གསང་བའོ་བདག་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་བདུད་ཀྱི་སྡེ་ཞི་བར་བྱ་བའི་ཕྱིར་དེ་སྐད་ཅེས་གསུངས་ངོ་ནས ་བྱ་བས་ནི། རྒྱད་འདི་སུས་བཤད་པ་དང་། ཅིའི་ཕྱིར་བཤད་པ་བསྟན་ཏོ།། དེ་ལ་འཇུག་པར་བྱ་བ་རྒྱུད་ཀྱི་དངོས་པོ་བསྟན་པའི་སྐབསུ་ཡང་ལེའུ་དང་པོས་ནི་སྒྲུབ་པ་པོའི་ལམ་མངོན་པར་རྟོགས་པ་བསྟན་ཏོ།། ལེའུ་གཉིས་པས་ནི་བསྟོད་པ། ་དོང་། ཡན་ལག་དྲུགུ་བྱིན་གྱིས་བརླབ་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དག་སྟོན་ཏེ།། ལེའུ་གསུམ་པ་ལས་ནི་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་དང་། བདུད་རྩི་མྱང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ལ་སོགས ་པ་དང་། ལྷ་རྣམས་ཀྱི་གོདན་ངེས་པ་དང་། ལས་བཞི་ལྔའི་རྣལ་འབྱོར་དང་། ལས་ཀྱི་སྦྱོར་བ་རྣམས་བསྟན་ཏོ།། ལེའུ་བཞི་པ་དང་ལྔ་པས་ནི་འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ།། ལེའུ་དྲུག་པ་ལས་ནི། ཕྱག་རྒྱ་ངེས་པ་དང་། དམ་ཚིག་དང་། དབང ་དང་གཏོར་མ་དང་། འཁྲུལ་འཁོར་གྱི་བྱ་བ་བསྟན་ཏོ།། ལེའུ་བདུན་པ་ལས་ནི་ལྷ་མོ་བཞིའི་ལས་ཀྱི་བྱེ་བྲག་དང་། དབང་བསྐུར་བསྟན་ཏོ།། ལེའུ་བརྒྱུད་པ་ལས་ནི་བཀའ་བསྲུང་བའི་འཁོར་ལོ་དང་། སློབ་མ་གཞུག་པ་དང་། སྟོང་པ་ཉིད་དུ་བྱིན ་གྱིས་བརླབས་པ་དང་། མཆོད་པ་བྱིན་གྱིས་བརླབ་པ་དང་། འབྲས་བུའི་སྐུ་བྱིན་གྱིས་བརླབ་པ་དང་། སྦྱིན་སྲེག་གི་བྱ་བ་བསྟན་ཏོ།། ལེའུ་དགུ་པ་ལས་ནི་ཆར་དབབ་པ་ལ་སོགས་པའི་ལས་ཀྱི་ཚོགས་བསྟན་ཏོ།། ལེའུ་བཅུ་པ་ལས་ནི་རོ ་འདས་ཀྱི་སྦྱོར་བ་དང་། བུ་མོ་དགུག་པ་དང་། སྒོ་སྐྱོང་གི་ངེས་པ་དང་། གསང་བའི་དཀྱིལ་འཁོར་དབྱུང་བའི་ཏིང་ངེ་འཛིན་དང་། སྒོ་སྐྱོང་དང་། ལྷ་མོ་རྣམས་ཀྱི་གདན་ངེས་པར་བསྟན་ཏོ།། ལེའུ་བཅུ་གཅིག་པ་ལས་ནི་ལྷའི་དེ་ཁོ་ན་ཉིད་དང་། ་གསང་བའི་དཀྱིལ་འཁོར་བསྐྱེད་པའི་བྱ་བ་དང་། སྤྱོད་པ་དང་། ཕྱག་རྒྱའི་སྒྲུབ་ཐབས་དང་། གཤིན་རྗེའི་དགྲ་བ་ཅོན་གྱི་སྒྲུབ་ཐབས་དང་། དམ་ཚིག་གི་རྫས་དང་། བྱུག་པའི་བྱ་བ་དང་། བདུད་རྩི་བསྟེན་པ་རྣམས་བསྟན་ཏོ།། ལེའུ་བཅུས ་པ་ལས་ནི་བསྟོད་པའི་གླུ་དང་། བཟླས་པོའི་ཚུལ་དང་། བགྲང་ཕྲེང་དང་། གདོན་ཚར་བཅད་པ་དང་། བཟླས་པའི་ཚད་དང་། གཏོར་མའི་བྱ་བ་དང་། ལྷ་བཤོས་དབུལ་བ་དང་། ཡོན་དབུལ་བའི་བྱ་བ་རྣམས་བསྟན་ཏོ།། ལེའུ་བཅུ་གསུམ་པ་ལྔ ་ནི་རྡོ་རྗེ་མཁ་འགྲོ་མའི་སྒྲུབ་ཐབས་དང་། རྡོ་རྗེ་ས་འོག་གི་སྒྲུབ་པའི་ཐབས་དང་། རྡོ་རྗེ་རྟ་མགྲིན་གྱི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ།། ལེའུ་བཅུ་བཞི་པ་ལས་ནི་ཐིག་གི་བྱ་བ་ངེས་པ་དང་། སློབ་མ་གཞུག་པ་དང་། ཡང་ཐིག་གི་བྱ་བ་དང་། ་གསོལ་བ་གདབ་པ་དང་། སའི་བྱ་བ་དང་། སའི་ཆ་ལ་ཐིག་གི་ཚེ་དབྱེ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། རྡུལ་ཆེན་དགྱེ་བ་དང་། དགང་གཟར་དང་། བླུགས་གཟར་གྱི་ཚད་དང་། རྒྱུད་ཀྱི་ཆེ་བ་དང་། དབབ་པའི་བྱ་བ་དང་། ལྡེར་སོ་དང་། རི་མོས ་བྱ་བ་དང་། རལ་པ་གཅིག་མའི་སྒྲུབ་པའི་ཐབས་དང་། པུ་ཀ་སིའི་སྒྲུབ་པའི་ཐབས་དང་། འཇམ་པའི་རྡོ་རྗེའི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ།། ལེའུ་བཅོ་ལྔ་པ་ལས་ནི། འཕགས་མ་དུག་སེལ་གྱི་སྒྲུ ་པའི་ཐབས་དང་། ཀུ་རུ་ཀུལླའི་སྒྲུབ་ཐབས་དང་། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པའི་ཐབས་རྣམས་བསྟན་ཏོ།། ལེའུ་བཅུ་དྲུག་པ་ལས་ནི་དཔལ་ཁྲག་འཐུང་གི་སྒྲུབ་པའི་ཐབས་འབའ་ཞིག་བསྟན་ཏོ།། ལེའུ་བཅུ་བདུན་པ་ལས་ནི། བདག་པོ་བསྒོམ ་པ་དང་། དཀྱིལ་འཁོར་པ་ལྷག་མ་བསྒོམ་པ་དང་། བདག་པོ་བླང་བའི་གླུ་དང་། ལྡང་བའི་ཚུལ་དང་། རྣལ་འབྱོར་བསྡུ་བས་བསྟན་པ་དང་། དམ་ཚིག་གི་ཚུལ་དང་། རྒྱུད་ཀྱི་ཆེ་བ་བསྟན་པ་དང་། དོན་དམ་པའི་བདེན་པ་རྫོགས་པའི་རིམ་པ་རྣམ ་བསྟན་ཏེ། འདི་ནི་བསྡུས་པའི་དོན་ཏོ།། དེ་དག་ཀྱང་ཐཱ་ཅད་དུ་འགྲོ་བ་དམ་ཚིག་གི་བྱ་བ་དང་། དམ་ཚིག་ལ་བརྟེན་པ་དབང་བསྐུར་བའི་བྱ་བ་དང་། དབང་ཐོབ་པ་བསྙེན་པ་བྱ་བའི་ཕྱིར་བསྙེན་པ་བྱ་བ་དང་། བསྙེན་པ་ཉེ་བར་བསྒྲུབ་པའི་བྱ་བ་དང་། ་བསྒྲུབ་པ་གྲུབ་པ་འབྲས་བུ་གནས་པ་ཡིན་པས་འབྲས་བུའི་ཚུ་ལ་དང་། འབྲས་བུ་ཐོབ་པ་གཞན་གྱི་དོན་བྱེད་པ་ཡིན་པས་སྤྲོས་པ་སྟེ། གང་ཟག་མཆོག་གི་དབང་དུ་ནི་དྲུག་པོ་འདིར་ངེས་པ། དམན་པ་དག་ལ་ནི་དམ་ཚིག་དང་དང་དོ་དང་། ་བསྙེན་པ་དང་། ལས་ཀྱི་སྤྲོས་པ་སྟེ། བཞིར་ངེས་པ་ནི་དེས་དངོས་གྲུབ་མཆོག་བསྒྲུབ་པར་མི་ནུས་པསོ།། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ནི་རབ་ཏུ་ཡང་འཁྲུགས་པ་སྟེ། དེའི་ཕྱིར་ཐ་མོའི་གདམ་ངག་དག་གིས་བསྙེན་པའི་བྱ་བ་ལ་སོགས་པ་རེ་རེ་ལ ་རིགསུ་འབྲེལ་བར་བྱ་སྟེ། དེ་ཡང་དང་པོ་ནི་དམ་ཚིག་བྱ་བ་སྟོན་པ་རྣ་གཅིག་ཏུ་བསྲེའོ།། དེ་ནས་ནི་དབང་བསྐུར་བའི་བྱ་བ་སྟོན་པ་རྣམ་སོ།། དེ་ནས་ནི་བསྙེན་པ་དང་བསྒྲུབ་པའི་བྱ་བ་སྟོན་པ་རྣམ་སོ།། དེ་ནས་ནི་འབྲས་བུའི་བྱ་བ་སྟོན་པ་རྣམ་སོ།། དེ་ནས་ནི་ལ ་འབྱམས་རྣམ་སོ།། དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ད་ནི་གཞུང་དབྱེ་བར་བྱ་བའི་ཕྱིར་འཇུག་སྟེ། ཨ་བ་ཞེས་བྱ་བ་ལ་ཨེ་ནི་རྩོལ་བ་དང་བྲལ་བར་བྱེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྤྲོས་པ་མེད་པའམ་རང་གི་ཡུལ་ཇི ་ལྟ་བ་རཽ་བྱེ་བྲག་འབྱེད་ཅིང་འཚོལ་བའོ།། དེ་ལྟར་ཡང་། སྣང་བ་མེད་ཅིང་བྱི་བྲགོ་ལཱ།། ཤེས་རབ་ཡང་དག་རབ་ཏུ་འཇུག། ཅེསཽ་གསུངསོ།། དེ་ཡང་ཤིན་ཏུ་སྟོང་པ་མ་ཡིན་ཏཽ། སྙིང་རྗེའི་སྙིང་པོ་ཅན་དུ་སྟོན་པ་ནི་ཡི་གེ་བཾ་སྟེ། མཆོག་གི་ཐབས་ཀྱིས ་འགྲོ་བ་ཨཽང་མི་འདོར་ལ། བདག་གི་བདེ་བ་ཡང་མི་གཏོང་བས་སོ་དེ་བཽས་ནེ་ཨི་གུ་ཨེ་ནི་ཤེས་རབ་བཟང་པོ་ཡིན་ལ། ཡི་གེ་བཾ་ནི་ཐབས་དམ་པ་སྟེ། ཨི་གེ་ཨ་འདྲ་མཛེས་གང་གིས།། དབུས་སུཾ་བཾ་གྱིས་རྣམ་པར་བརྒྱན། ཞེས་གསུངས་ལ།། ་དེ་ཉིད་སངས་རྒྱས་བདེ་བ་ཆེན་པོ་རྣམས་ཀྱི་གནས་ཡིན་པས་ན། སངས་རྒྱ་སྲ་རིན་ཆེན་ཟླ་མ་ཏོག། བདེ་བ་མ་ལུས་པ་མ་ཡིས་གཞི།། ཞེས་གསུང་སོ།། ཤེས་རབ་དང་ཐབས་དྲི་ཉིད་བདེ་བྱ་ཆེན་པོ་ཡིན་པའི་ཕྱིར་ཡི་གེ་མོ་སྟེ། ཐབས་དང་ཤེས ་རབ་གཉིསུ་མེད་པ། འགྲོ་བའི་དོན་གང་དང་གང་ཡིན་པ་བྱེད་པ་ནི་ཡི་གེ་ཡཽའོ།། དེས་འགྲོ་བ་རྣམས་ཀྱི་ཟག་པ་ཟད་པར་བྱེད་པ་ནི་ཤུའི་ཡི་གེ་སྟྭཾ། ཟག་པ་ཟད་ནས་དེ་ཁོ་ན་ཉིད་ལ་དགོད་པ་ཡང་ཡི་གེ་ཏའོ།། དེ་བས་ན་དུས་གཅིག་ན་ཞེས ་བྱ་བ་ནི་ཐབས་དྲང་ཤེས་རབ་གཉིས་སུ་མེད་པས་བ་བ་ཆེན་པོ་འགྲོ་བའི་དོན་མཛད་པའི་དུས་གཅིག་ནའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནཱི་ཨོཾ་བྱཾ་མ་ཡ་སྟེ་སྔར་བསྟན་པའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་གོཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱང་མི་ཕྱེད་པ་ཨེ་བཾ་མ་ཡ་ཡིན་པས་ན། རྡོ་རྗེ་སྟེ་མི་ཕྱེད་རྡོ་རྗེ་ཞེས་བརྗོད་དེ་ཞེས་གསུངས་པསོ།། ་ཉིད་སངས་རྒྱས་བསྐྱེད་པའི་ཕྱིར་བཙུན་མེ་སྟེ། གཞན་དྲོན་ལ་དགའ་བའི་བདག་ཉིད་ཅན།། དཔའ་བོ་དང་ནི་ཀུན་གྱི་ཡང་།། གསོ་མཛད་སྐྱོད་པར་མཛད་མ་སྟེ།། བྱམས་པ་ཡ་ནི་ཡུམ་ལོགསོ།། ཞེས་བསྟན་པས་སོ།། དེ་ལྟར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་བྷ་ག་སྟེ། ཉོན་མོངས་པའི་བདུད་འཇོམས་པས། བྷ་ག་འཇོམས་པར་བྱེད་པར་གསུངས།། ཤེས་རབ་ཉོན་མོངས་འཇོམས་པས་ཀྱང་།། དེ་ཕྱིར་ཤེས་རབ་བྷ་གར་གསུངས་ཞེས་བསྟན་པས་སོ།། བཞུ ་ཏེ་ཞེས་བྱ་བ་ནི་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཤིན་རྗེའི་དགྲ་དེ་བཞིན་གཤེགས་པ་རྣམས་དབྱེར་མེད་པར་གནས་པ་སྟེ། འཕགས་མ་ཡོན་ཏན་དབང་ཕྱུག་ཁྱོད་དང་།། སངས་རྒྱས་འགྲོ་བའི་བླ་མ་དག། ཁྱད་པར་ཡོད་པར ་མ་མཐོང་སྟེ།། ཟླ་བ་དང་ནི་ཟླ་ལྡན་བཞིན་ཞེས་བསྟན་པས་སོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། དེའི་བྱིན་གྱི་བརླབས་ཀྱིས་སྣང་བ་སངས་རྒྱས་དང་ཆོས་དང་དགེ་འདུན་ནི་གཤིན་རྗེའི་ངག་གཏི་མུག་རྡོ་རྗེ་དང་། ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཚིག་གི་དོན་ནི་འཆད་པར་བྱེད་པ་དང་འདྲའོ།། རྒྱུད་ཀྱི་གླང་གཞི་སྐུ་གཉིས་ཀྱི་དབང་དུ་བྱས་པའོ།། ད་ནི་བཤད་པ་གཞན་བརྗོད་དོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནི་ཡང་དག་པར་སྡུ ་པ་པོ་ཕུན་སུམ་ཚོགས་པར་བསྟན་ཏེ། འདི་ལྟར་འདི་སྐད་ཅེས་བྱ་བ་ནི་དྲིས་པའི་ལན་ཏེ། སངས་རྒྱས་ཀྱི་གསུང་རབ་ཡང་དག་པར་སྡུད་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཁྱོད་ཀྱིས་བཅོམ་ལྡན་འདི ་ལྷ་ཇི་ལྟར་ཐོས་པ་ལྟར་སྨྲོས་ཤིག་ཅེས་བྱིས་པ་དང་། བྱུག་ན་རྡོ་རྗེས་བདག་གིས་ནི་འདི་སྐད་ཐོས་སོ་ཞེས་འཆད་པར་བྱེད་པ་རྣམས་ལ་བསམས་ཏེ་བསྙད་པས་སོ།། བདག་གིས་ཞེས་བྱ་བས་སོ།། བདག་ཉིད་ཀྱིས་མངོན་སུམ་དུ ་ཐོས་ཀྱིས་གཞན་དུ་བརྒྱུད་པས་ནི་མ་ཡིནོ།། ཞེས་བྱ་བའི་དོན་ཏོ།། ཐོས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་བཟུང་བ་སྟེ། མངོན་དུ་ནི་མ་བྱས་ཞེས་བྱ་བའོ།། དུས་གཅིག་ན་ཞེས་བྱ་བ་ནི། དུས་གཅིག་ན་འདི་ཐོས་ལ་དུས་གཞན ་དུ་ནི་གཞན་ཐོས་ཞེས་བདག་ཉིད་མང་དུ་ཐོས་པར་ཁས་བླངས་པའོ།། ད་ལྟར་ན་གཞན་གྱིས་ཞུ་བར་བྱས་པའི་འོས་ཡིན་པ་དང་། མངོན་སུམ་གྱི་སློབ་མའི་ཕྱིར་དང་། ཐོས་པ་ཙོམ་ཁས་ལེན་པས་ང་རྒྱལ་བཅོམ་པ་དང་། མང ་དུ་ཐོས་པ་བདག་གིས་སྡུད་པ་པོ་བཟང་པོ་བརྗེད་པའོ།། དུས་གཅིག་ན་ཞེས་བྱ་བས་ནི་བསྟན་པ་རྙེད་པར་དཀོའ་པ་ཡིད་ཀྱང་བསྟན་ཏེ། དུས་གཅིག་ན་འདི་ཐོས་ཀྱི་ཡང་དོང་ཡང་དུ་ཐོས་པར་མ་གྱུར་ཏོ།། ཞེས་བསམས་པ་སྟེ་འདིས་ནི་ཤིན ་ཏུ་ཡང་རྙེད་པར་དཀའ་བས་བསྟན་པ་ཕུན་སུམ་ཚོགས་པ་ཉིད་བསྟན་ཏོ།། ཡང་དུས་གཅིག་ན་འདི་འབྱུང་བའི་དུས་ཏེ་མཆོག་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་བྱ་བས་དུས་ཕུན་སུམ་ཚོགས་པ་ཡང ་བསྟན་ཏོ།། སུ་ཞིག་ལས་ཤེ་ན། བཅོམ་ལྡན་འདས་ཞེས་སྨོས་ཏེ། བདུད་རྣམ་པ་བཞི་བཅོམ་པའི་སྟོན་པ་ལས་འདི་སྐད་ཅེས་པའོ།། ཡང་ན་ཡོན་ཏན་མཐའ་ཡས་པའི་སྟོན་པ་ལུས་འདི་སྐད་ཐོས་ཏེ། ཇི་སྐད་དུ་ཡོན་ཏན་ལྡན་པའི ་སངས་རྒྱུས་ནི།། བཅོམ་ལྡན་འདས་ཞེས་བཤད་པ་སྟེ།། ཡོན་ཏན་དྲུག་དང་ལྡན་གསུངས་པ།། དབང་སོགས་ཡོན་ཏན་ཐམས་ཅད་དོ།། ཞེས་གསུང་སོ།། འདི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། གང་དུ་ཐོས་ཤེ་ན། དེའི་ཕྱིར་དེ། ་བཞིན་གོཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་ལ་ཇི་ལྟར་འདུལ་བྱ་དེ་བཞིན་གཤེགས་པའི་སྐུ་གཉིས་ནི་འདིར་དེ་བཞིན་གཤེགས་པའོ།། དེ་རྣམས།། ་ཐམས་ཅད་མཚུངས་པར་བྷ་ག་ལ་གནས་པ་ཐམས་ཅད་ཀྱི་ཞེས་བྱ་བ་སྟེ། འགའ་ཞིག་ནི་མ་ཡིནོ།། དེས་ན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཉིད་འདོད་ཆགས་ཅན་རྣམས་རྗེསུ་བཟུང་བའི་ཕྱིར་བུད་མེད་ཀྱི་གཟུགསུ་གྱུར་པས་ན་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཞེས་བྱ་བའོ།། བྷ་གར་ཞེས་བྱ་བ་ནི། རྡོ་རྗེ་བཙུན་མོའི་བྷ་ག་ལྟར་གནས་པའི་གཞི་སྟེ། ཇི་ལྟར་བཙུན་མོའི་བྷ་ག་ཞེས་བྱ་བ་ལ། གསང་བའི་དཀྱིལ་འཁོར་གཞུག་པ་ལྟར་ཆོས་འབྱུང་བའི་ཕྱག་རྒྱ ་གྲུ་གསུམ་སྤྱི་འགྲེང་དུ་གནས་པ་ཁ་དོག་དཀར་པོ་ན་མཁའ་ཁྱབ་པ་དེའི་དབུས་ན་བཅོམ་ལྡན་འདས་འཁོར་དང་བཅས་བཞུགས་ཞུས་པའོ།། དེ་ཡང་དེའི་དབུས་ན་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཁང་པ་བརྩེགས་མ་དེ ་ལ་བཞུགསོ་པ་སྟེ། དེའི་ཕྱིར་བྷ་ག་ལ་བཞུགས་ཞེས་པ་སྟེ། བྷ་གའི་དབུས་ཀྱི་ཁང་པ་བརྩེགས་མ་ན་བཞུགས་པར་དགོངས་པའོ།། འདི་སྐད་དུ་བྷ་གའི་དཔེས་བསྟན་པ་ན་མཁའི་ཁམས་ཐམས་ཅད་ཁྱབ་པའི་ནང་དུ་བྱུང་བའི་གཞལ ་ཡུས་ཁང་དུ་བཞུགས་པོ་ལ་ཐོས་ཞེས་པ་སྟེ། འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ།། བཞུགས་ཏེ་ཞེས་བྱ་བ་ནི་སྤྱོད་ལམ་གསུམ་གྱི་བཞུགས་པ་འམ། སྐུ་གསུམ་གྱིས་བཞུགས་པའོ།། ཇི་ལྟ་བུའི་འཁོར་དོང་ཞེ་ན། གཤིན ་རྗེའི་དགྲ་གཏི་མུག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དང་དངོས་པོ་མེད་པ་ལ་མྱ་ངན་ལས་འདས་པར་འཛིན་པ་ནི་ཉེ་བར་གནོད་པས་ན་གཤིན་རྗེ་སྟེ། ལྟ་བ་དེ་གང་གིས་འཇོམས་པ་དེ་ནི་དགྲའོ།། ཆོས་རྣམས་ཀྱི་དངོས ་པོ་ལ་ལོག་པར་མི་ཤེས་པ་ནི་གཽཏི་མུག་སྟེ། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པའི་ལྟ་བ་འཇིགས་པས་རྡོ་རྗེའོ།། དེ་དང་ཐབས་གཅིག་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་འཆད་པར་འགྱུར་བ་གཞན།། ་ལ་ཡང་ངོ་།། མི་མཐུན་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟྭཾ་དེ་མཐར་བྱེད་པ་ཉིད་དགྲའོ།། གང་དག་གི་བྱ་བ་ལ་སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང་བར་ཀུན་ཏུ་འཛིན་པོ་ནི་སར་སྣ་སྟེ། དེ་ཡང་སྙིང་རྗེ་བ་མེད་པར་འཇོམས་པ་དང་།། ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་བདག་གིར་བྱེད་པས་རྡོ་རྗེའོ།། གླེགས་བམ་ལ་ལ་ལས་གཤིན་རྗེའི་ཕྲ་མ་རྡོ་རྗེ་དང་ཞེས་འདོན་ཏེ། དེར་ནི་འདི་ལྟར་བཤད་དེ། གང་ཕྱི་རོལ་གྱི་དོན་ཡོད། ་པར་སྨྲ་བ་སུན་འབྱིན་པ་སྨྲ་བའི་ལུང་དང་རིགས་པ་སྨྲ་བ་ནི་ཕྲ་མ་ཞེས་བྱ་ལ། དེ་དག་སུན་ཕྱུང་ནས་རང་གི་གྲུབ་པའི་མཐའ་ལས་བྱུང་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇོག་ཅིང་སྡེ་པ་ངན་པ་འཇོམས་པས་ན་རྡོ་རྗེའོ།། མི་མཐུན་པའི་མྱ ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ། དེ་འཇོམས་པས་ན། དེ་ཉིད་དགྲ་ཞེས་བྱའོ།། སེམས་ཅན་གྱི་དོན་ལ་ཚོགས་པ་ནི་འདོད་ཆགས་ཏེ། དེ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ཐ་མལ་པའི་དངོས་པོ་ལས་གྲོལ་ཞིང ་ཐ་མལ་པའི་རྟོག་པ་འཇིག་པས་རྡོ་རྗེའོ།། ཤིན་ཏུ་ཞི་བ་ལས་ཆགས་པའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ། དེ་མཐར་བྱེད་པས་ན་དགྲ་ཞི་པའོ།། བདག་གི་བདེ་བ་དོན་དུ་གཉེར་བ་ལ་འཁྲུལ་ཞིང་། གཞན་གྱི་དོན་ལ་སྲོད་པ་ནི ་ཕྲག་དོག་སྟེ། དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེསོ།། དྲི་ཡང་རང་གི་དོན་ལ་གཞོལ་བ་འཇིག་པས་ན་རྡོ་རྗེའོ།། གཟུང་བ་དང་འཛིན་པོ་ལ་སོགས་པ་ལི་སྡང་བྱས་ན་ཞེ་སྡང་སྟེ། དེ་ཡང་དངོས་པོར་འཛིན་པ་འཇིགས་པས་ན་རྡོ་རྗེ་ཞེས་སྨོས ་པའོ།། སྙིང་རྗེ་སྤངས་པོའི་མྱ་ངན་ལས་འདས་པ་ནི་གཤིན་རྗེ་སྟེ། དེ་དཔྱིས་འབྱིན་པའི་ཕྱིར་ཞེ་སྡང་རྡོ་རྗེའི་བདག་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་ལ་དགྲ་ཞེས་གསུངས་པའོ།། ཕུང་པོའི ་བདུད་ནི་གཤིན་རྗེ་སྟེ་དེ་འཇོམས་པས་དེ་ནི་དགྲའོ།། དེ་ཡང་འཇིག་ཚོགས་ལ་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་འཇོམས་པའི་ཕྱིར་ཐོ་བ་འཛིན་པས་ན་ཐོ་བ་སྟེ། མི་ཕྱེད་པས་ན་རྡོ་རྗེ་ཡང་དེ་ཉིད་དོ།། མཐར་འཛིན་པའི་ལྟ་བ་དང་། ཉོན་མོངས ་འི་སྒྲིབ་པ་འཇོམས་པའི་ཕྱིར་བེ་ཅོན་འཛིན་པས་ན་བེ་ཅོན་ཏེ་དེ་ཉིད་གཞན་གྱིས་མི་ཤིགས་པས་ན་རྡོ་རྗེའོ།། ཉོན་མོངས་པའི་བདུད་ནི་གཤིན་རྗེའོ།། དེ་འཇོམས་པ་དེ་ཉིད་དག་ཞེས་བྱའོ།། ལོག་པར་ལྟ་བ་དང་། སྐྱེ་བའི་སྒྲིབ་པས་མ་གོས ་པར་ཆོས་སྟོན་པས་ན་པདྨ་སྟྭཾ། དེ་ཉིད་མི་ཤིགས་པས་རྡོ་རྗེའོ།། འཆི་བདག་གི་བདུད་ནི་གཤིན་རྗེ་སྟེ། དེ་འཇོམས་པ་དེ་ཉིད་དགྲ་ཞེས་བྱའོ།། ལྟ་བ་མཆོག་ཏུ་འཛིན་པ་དང་། ལས་ཀྱི་སྒྲིབ་པ་གཅོད་པའི་ཕྱིར་རལ་གྲྀ་སྟ། དེ་ཡང་མི་ཆོམས། ་པས་རྡོ་རྗེའོ།། ལྷའི་བུའི་བདུད་ནི་གཤིན་རྗེ་སྟེ། དྲི་མཐར་བྱེད་པ་ནི་དགྲ་ཞེས་གསུངས་སོ།། མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པའི་ཕྱིར་བྱམས་པ་ཆེན་པོ་ནི་རྡོ་རྗེའོ།། དེ་ཉིད་གདུལ་བྱ་མ་ལུས་པ་ལོ་སྐུ་མཐའ་ཡས་པར་འཕྲོ་བས་ན ་འཕྲོ་བྱེད་མའོ།། གླེགས་བམ་ལ་ལ་ལས་ནི་རྡོ་རྗེ་སེམས་མ་དང་། ཞེས་འདོན་ཏཱཾ་དར་ནི་གདུལ་བྱའི་དོན་ལོ་ཐོགས་པ་མེད་པར་སེམས་པའི་ཕྱིར་རྡོ་རྗེ་སེམས་མ་དང་ཞེས་བྱའོ།། དྲི་ནི་གཏི་མུག་བདག་ཉིད་བཅོམ་ལྡན་འདས་ཉིད་དེར ་སྣང་བའོ།། མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེ་ཉིད་རྣམ་པར་དག་པའི་ཡེ་ཤེས་སུ་སྐྱེས་པས་ན་ཕག་མོའོ།། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེར་སྣང་བའོ།། མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དེ་ཡང་གདུལ་བྱ་རྣམས།། ་ཀྱི་མོས་པ་དང་འཚམས་པར་ཆོས་ཀྱི་དབྱངས་བརྗོད་པས་ནྱ་དབྱངས་ཅན་མའོ།། དེ་ཡང་བཅོམ་ལྡན་འདས་འདོད་ཆགས་ཀྱི་བདག་ཉིད་དེ་ཉིད་དེ་ལྟར་སྣང་བའོ།། མི་ཤིགས་པའི་ཡེ་ཤེས ་ནི་རྡོ་རྗེ་སྟེ། དེ་ཡང་སེམས་ཅན་གྱི་དོན་དུ་མགོ་ལ་སོགས་པའི་དབང་པོ་དྷཱ་རི་བས་ནི་གཽ་རིའོ།། དེ་ཡང་བཅོམ་ལྡན་འདས་ཕྲག་དོག་གྲཝ་ཤིན་རྗེའི་དགྲ་ཉིད་དེར་སྣང་བའོ།། གླེགས་བིལ་ལ་ལས་ནི་རྡོ་རྗེ་རལ་གྲི་མ་དང་ཞེས་འདོན་ཏེ་དེར་ནི། ་རྒྱལ་བ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགྲ་གཅོད་པའི་གསང་བའི་རལ་གྲི་འཛིན་པ་ན་རལ་གྲི་མ་སྟེ། སྐུ་གསུང་གསང་བའི་བདག་ཉིད་ཅེས་བྱ་བའི་དོནི་ཏོ།། དེ་ལྟར་ན་དཀྱིལ་འཁོར་གྱི་ལྕེ་དང་། ཆོས་ཉན་པའི་ལྷ་དང་། རྗེས་སུ ་མཐུན་པའི་ལྷ་ཞེས་བྱ་བ་རྣམ་པ་གསུམ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཉིད་ཆོས་ཉན་པའི་ལྷར་བསྟེན་ནས། ཆོས་ཉན་པའི་ལྷ་གཞན་ལ་སོགས་པ་འཁོར་ལྷག་མ་འདུས་པར་བསྟན་པའི་ཕྱིར་དེ་དག་ལ་སོགས་པ་ཞེས་བྱ་བ་ལ་སྲོཌ ་སྨོས་ཏེ། སྔར་བཤོད་པའི་ལྷ་བཅུ་གསུམ་ནི་གཙོ་བོ་ཙམ་བརྗོད་པ་སྟེ། གཙོ་བོ་དེ་དག་ལ་སོགས་པ་མཐའ་ཡས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ཀྱང་ཆོས་མཉན་པའི་ཕྱིར་འདུས་ཞེས་བྱ་བའི་ཐ་ཚིག།། ་དེ་དག་དེའི་ཚེ་ཚུལ་ཇི་ལྟར་གནས་ཤེ་ནོ། དེའི་ཕྱིར་གཤིན་རྗེའི་ངག་ཆེན་པོའི་དགེ་འདུན་རྣམས་དང་ཞེས་གསུངས་ཏེ། ཁ་ཅིག་ནི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས་ཅན་ཞེས་བྱ་བོ་ནས། དེ་བཞིན་དུ་ཁ་ཅིག་ཕྲག ་དོག་གཤིན་རྗེའི་དགྲའི་གཟུགས་ཅན་ཞེས་བྱ་བའི་བར་གྱིས་ཐམས་ཅད་ཀྱང་གང་ཤིན་རྗེའི་དགྲའི་གཟུགས་དང་མི་ལྡན་པ་མེད་དོ་ཞེས་བྱ་བའོ།། དེ་དག་ཀྱང་མི་ཕྱེད་པའམ་གཤིན་རྗེ་ཡང་དག་པར་འཇོམས་པའི་ཕྱིར་དགེ ་འདུན་རྣམས་དང་ཞེས་སྨོས་སོ།། ཐབས་ཅིགཽ་ཞེས་བྱ་བ་ནི་བཙུན་མོའི་བྷ་ག་ལ་གནས་པར་ལྷན་ཅིག་པའོ་ཞེས་པའོ།། འདིས་ནི་འཁོར་ཕུན་སུམ་ཚོགས་པའོ།། དེ་ལྟར་ནོ་སྔར་གྲཝར་ཏཱི་ཞེས་བྱ་བའི་ཚིག་བྱུང་བ་གང་ཡིན་པ་ཡོད་ཆོས ་ཉན་པའི་ལྷ་ཕལ་བ་སྟེ། གྲཝ་བཞིན་གཤིན་རྗེ་གཤེད་མཆིམས་བསྲུང་བ་བཞི་གནས་ཏེ། དེ་དག་ནི་ཐོང་པ་གཤིན་རྗེའི་དགྲ་བཞིའོ་ཞེས་སློབ་དཔོན་ལ་ལ་འཆད་དེ། དེ་ནི་རིགས་པོ་མ་ཡིན་ཏེ། དེ་ལྟ་ན་དཀྱིལ་འཁོར་གྱི ་ལྷ་བཅུ་བདུན་དུ་འགྱུར་བའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། དེར་ནི་དཀྱིལ་འཁོར་གྱི་ལྷ་འབའ་ཞིག་སྨོས་པའི་ཕྱིར་དང་། དཀྱིལ་འཁོར་གྱི་ལྷ་ནི་བཅུ་གསུམ་ལས་མེད་པར་སློབ་དཔོན་རྒན་པོ་རྣམས་ཀྱིས་བཤད་པའི་ཕྱིརརོ།། གང ་ཡང་གྲཝ་བཞི་ལ་ནི་མྲྀ་ཐོད་ཡཽནྡ་ཞེས་རྒྱུད་འཚེད་པ་ཡང་དེ་དག་ལྷ་མིན་པར་ནི་མ་གསུང་སོ།། དེ་བས་ན་གྲཝར་ཏཽ་ཞེས་བྱ་བ་ནི་རྡོ་རྗེ་ཙར་ཙི་ཀཱ་ལ་སོགས་པ་བཞིའི་གནས་ལྷའི་སྣམ་བུའི་གྲཝ་འམ། ནང་གི་གྲཝ་ཉིད་གཟུང་བར་རིགསོ།། ་རྒྱུད་ཀྱི་གླེང་གཞི་ནི་ཟབ་པ་དབྱིབས་ལྟར་བཤད་པའོ།། ཨོཾ་བཾ་ལོངས་སྤྱོད་རྫོགས་པའི་སྐུ།། བདག་གི་ཕྱག་བྱས་སེམས་ཀྱིས་ཏེ།། ཐོས་པ་སྟོན་ཏེ་དུས་གཅིག་ན།། གཉིས་མེད་ཆོས་ཏེ་བཅོམ་ལྡན་འདས།། རང་རྫས་ཐཾཌ་པ ་དེ་ཡིས་ནི།། དེ་བཞིན་གཤེགས་པ་ཀུན་ཉིད་དང་།། སྐུ་དང་གསུང་ཐུགས་རྡོ་རྗེ་ཞེས། བཙུན་མོ་པདྨ་བྷ་ག་ལ།། བཞུགས་ཏེ་ཆོས་སྐུའི་ངོ་བོ་ཉིད།། རྡོ་རྗེ་གཤིན་རྗེའི་དགྲ་རྨོངས་སོགས།། སྤྲུལ་པའི ་སྐུ་ཡིས་ཉན་པར་གཞོལ།། དེར་ནི་ལོངས་སྤྱོད་རྫོགས་སྐུ་ལས།། ཆོས་ཚིག་སྤྲུལ་པའི་སྐུ་ཡིས་ཐོས།། འདི་ནི་གླེང་གཞི་ཟབ་པ་སྔགས་ལྟར་བཤད་པའོ།། དེ་ལྟར་གླེང་གཞི་བཤད་ནས། ད་ནི་གླིང་སླང་བསྟན་པའི་ཕྱིར། དེ་ནས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ནོས་ཞེས་བྱ་བ་ནི། བཀྲ་ཤིས་པར་གྱུར་ཅིག་ཅེས་བྱ་བའམ། བདུད་བཏུལ་མ་ཐག་ཏུ་འམ། གླེང་གཞི་བཀོད་མ་ཐག་ཏུའོ།། ཁ་ཅིག་ན་རེ་རྒྱུད་འདི་ནི་རྩེ་བའི་རྒྱུད་འབུམ་ཉི་ཁྲི་ལྷ ་སྟོང་པོའི་དོན་མདོར་བསྡུས་པ་ཡིན་པའི་ཕྱིར་དེ་ནས་ཞེས་བྱ་བ་ནི་མདོར་བསྡུས་པའི་དབང་དུ་བྱོས་པའོ།། ཞེས་སྟོན་པའོ་ཞེས་ཟེར་ཏེ། འདི་ནི་མི་འཐད་དེ། དང་པོ་ཉིད་དུ་དེ་ནས་ཞེས་བྱ་བའི་སྒྲ་འདི་ལ་དབང་དུ་བྱ་བ་སྟོན་པའི་ཉི ་ཚེ་བ་ཉེ་བའི་གྲོགས་སྨོས་པར་བྱ་བ་ཡིན་ནི། དེ་ཡང་འདི་ལ་མེད་པས་དེ་མཐུ་ཡང་མེད་ཅིང་། རྒྱུད་འབུམ་ཉི་ཁྲི་ལྔ་སྟོང་པ་ནི་འདི་ཉིད་ཀྱི་གཞུང་ཡིན་ཡང་འདིས་དེ་ལས་བསྡུས་པར་སྟོན་པ་མ་ཡིན་ཏེ། འདིརོ་གླེང་གཞི་དང་པོ ་སྨོས་པའི་ཕྱིར་ཡང་དེ་མི་རུང་།། དེ་བས་ན་དེ་ནས་ཞེས་བྱ་བའི་སྒྲ་ནི་ངེས་པར་སྔ་མ་ལྟར་དྲང་བར་བྱའོ།། ཁ་ཅིག་ནེ་རི་དེ་ནས་ཤེས་བྱ་བ་ནི་དོན་གྱིས་ན་བཞུགས་མ་ཐག་ཏུའོ་ཞེས་ཟེར་ཏེ། ད་ལྟ་ན་བོད་པ་དང་སྒོ་བ་དང་། ་དེའི་སྔོན་དུ་བདུད་ཚར་བཅད་པ་ཇི་ལྟར་དྲང་། དེ་བས་ན་དེ་ནི་མི་རུང་ངོ་།། ཁ་ཅིག་ན་རེ་དེ་ནས་ཞེས་བྱ་བ་ནི་སྨོན་ལམ་ཡང་མ་ཡིན་ཏེ་དང་པོར་མ་སྨྱོས་པས་སོ།། གླེང་གཞི་བཀོད་མ་ཐག་ཏུ་ཡང་མ་ཡིན་ཏེ། འདིར་དོན་ལ་བརྟེན་པས་སོ།། མདོར ་བསྡུས་པའི་དབང་དུ་བྱས་པ་ཡང་མ་ཨིན་ཏེ། ནུས་པ་མེད་པསོ།། དེའི་ཕྱིར་འདི་ནི་ཕྱག་ན་རྡོ་རྗེའི་དབང་དུ་བྱས་ཏེ་གསུངས་པར་སྟོན་པའོ་ཞེས་ཟེརོ།། ཕྱག་ན་རྡོ་རྗེ་ལ་ཞེས་བྱ་བ་ནི་འདི་གནོད་སྦྱིན་ལག་ན་རྡོ་རྗེའི་རིགསུ་བྱུང་བས་ནའམ ་འདི་ལ་ལག་ཏུ་རྡོ་རྗེ་བྱིན་ཏེ་མིང་གིས་དབང་བསྐུར་བས་རྡོ་རྗེ་ཕྱག་ན་སྟེ། མཽ་འོངས་པའི་དུས་ན་བཅོམ་ལྡན་འོངས་རྡོ་རྗེ་རབ་ཏུ་འཇོམས་པ་ཞེས་བྱ་བར་ལུང་བསྟན་པས། ས་བཅུ་པའི་དབང་ཕྱུག་ཏུ་བསྟན་པའོ།། དེ་ཉིད་རྣལ་འབྱོར་གྱི ་རྒྱུད་འདིར་ན་རྣམ་པོར་སྣང་མཛད་ཆེན་པོའི་རྣམ་པར་འཕྲུལ་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་སྟེ། འདིར་རྡོ་རྗེ་ཡེ་ཤེས་ཆེན་པོའོ།། དེ་ལྟར་ཡང་གསུངས་པ། བསྐལ་པ་དུ་མར་རབ་ཏུ་བསླབས་པ་ཡི།། རྒྱུད་དང་རིགས་པའི།། ་ཚུལ་དང་ས་ལ་མཁས།། གང་གིས་འདུས་བྱས་གྲོང་ཁྱེར་རྣམ་འཇོག་པ།། ཡེ་ཤེས་རྡོ་རྗེ་བརྟན་ཏེ་འཕགས་དག་སྩོལ་ཞེསོ།། ད་ལྟར་ན་རྡོ་རྗེ་ཡེ་ཤེས་དེའི་རང་བཞིན་གྱི་ཕྱག་ལ་སོགས་པི་སྐུ་མངའ་བ་དེ་ནི་ཕྱག་ནི་རྡོ་རྗེ་སྟེ། སྤྲུལ་པའི ་སངས་རྒྱས་ཞེས་བྱའོ།། དེ་བས་ན་བཅོམ་ལྡན་འདས་འདི་ཉིད་ཀྱིས་གཞན་དུ་ཨེ་མའོ་བདག་ནི་རང་བྱུང་བ།། ཀུན་ཏུ་བཟང་པོ་སེམས་དཔའ་བརྟན།། དེ་ནི་བསྟན་ཕྱིར་ལུས་མེད་ཀྱང་།། སེམས་དཔའི་ལུས་སུ་གྱུར་པ་ཡིན་ཞེས། ་ཆེད་དུ་བརྗོད་དོ།། དེ་བས་ན་སྤྲུལ་པའི་སྐུ་ཡིས་སྤྲུལ་པའི་སྐུ་གསུངས་པའོ།། བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡང་ཡིན་ཏེ། སངས་རྒྱས ་རྣམས་གཅིག་ཉིད་སྨྲ་ཚོགསུ་སྣང་བ་བསྐྱེད་པར་སྤྱོད་པས་སོ།། དེ་ལྟར་ཡང་གསུངས་པ། ཡང་དག་སངས་རྒྱས་སྐུ་གཅིག་སྟེ།། འདྲེན་པ་ཐམས་ཅད་དོན་གཅིག་ཀྱང་།། ཚད་མེད་གཞན་དང་གཞན་དག་ཏུ།། ཕྱོགས་བཅུ་ཀུན་ནཱ ་རབ་ཏུ་སྣང་ཞེས་སོ།། དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་ཀྱང་བདག་པོ་ཉིད་ཡིན་ཏེ། གཅིག་ལ་གཅིག་གི་དབང་གིསོ།། དེ་བས་ན་སྔར་བཙུན་མོའི་བྷ་ག་རྣམས་ལ་ཞེས་བདུན་པ་མང ་ཚིག་ཅན་དུ་བསྟན་ཏོ།། རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི། གཉི་སུ་མེད་པའི་ཡེ་ཤེས་རྡོ་རྗེ་སྟེ། དེ་ཉིད་མི་འགྱུར་བར་རབ་ཏུ་གྲུབ་པས་ན། སེམས་དཔའ་ཞེས་བྱའོ།། དེ་ལྟར་ཡང་གསུངས་པ། བརྟན་པའི་ཕྱིར་ནཱ་སམས་དཔར་བརྗོད ་ཅེས་སོ།། དེ་བས་ན། བཅོམ་ལྡན་འདས་དེ་བཞིན་གོཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དོ།། དེས་བོས་ནས་ཞེས་བྱ་བཱི་ཀྱེ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། ཞེས་ངགྲ་གི ་བརྡས་གོ་བར་མཛད་པའོ།། བོས་ནས་དེ་ལ་ཅི་ཞིག་གསུངས་ཤེ་ན། དེའི་ཕྱིར་ལེའུ་བཅོ་བརྒྱད་པ། དེ་ནས་གཏམ་གྱི་མན་ངག་བཤད་པ་ཞེས་བྱ་བ་འདིར་དྲང་སྟེ། བླ་མ་རྒྱུད་པ་ལས་ཤེས་པོར་བྱ་བའི་བདག་ཉིད་ཀྱི་གཞུང་གིས ་ལུགས་ངེས་པ་ནི་མན་ངག་སྟེ། དེ་ཉིད་ནི་གཏ་མོ།། ཅིའི་འདི་ཉིད་ག་ལས་ཤེས་ཤེ་ན། རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་པ་ལསོ།། དེ་ཉིད་གང་ན་གནས་ཤེ་ན། སའི་འོག་ན་ཀླུ་རྣམས་ཀྱིས་བདག་གིར་བྱས་ནས་གནས་ཏེ། བསྟན་པ ་རབ་ཏུ་རྒྱས་པ་རྣམས་ནི་མི་རྣམས་རབ་ཏུ་སྣོད་དུ་མ་གྱུར་པས་རབ་ཏུ་བསྡུས་པ་ཙམ་ཞིག་འཛམ་བུའི་གླིང་ན་སྤྱོད་ཀྱི། ཕལ་ཆེར་ནི་དེ་ན་གནས་པ་ནི། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མེད་པ།། རྣམ་པར་དག་ཚུལ་གང་ཡིན ་ཀླུ་མགོ་གདེངས་ཀ་ཅན།། ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས།། སའི་གཏང་ན་གནས་པའི་རབ་རིབ་སེལ་བར་མཛད་ཅེས་གསུང་སོ།། འོ་ན་མི་རྣམས་ཇི་ལྟར་རབ་ཏུ་སྣོད་དུ་མ་གྱུར་ཅེ་ནཱ། ཇི་སྐད་དུ་གསུངས་པ། བཅོམ། ་ལྡན་འདས་ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བཀའ་སྩལ་པ། བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་ཚེ་འཐུང་བར་འགྱུར་ཏེ། ཇི་ལྟར་དེ་རྣམས་ཀྱིས་འཛིན་ནུས་པར་འགྱུར། ཇི་ལྟར་ན། ་དེ་རྣམས་ཐོས་པ་བྱེད་པར་འགྱུར། ཇི་ལྟར་ན་ཀུན་ཆུབ་པར་བྱེད་པར་འགྱུར། གསོལ་པ་བཅོམ་ལྡན་འདས་ཅིའི་ཕྱིར་སྐྱེ་དགུ་རྣམས་ཚེ་ཐུང་པོར་གྱུར་པ་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། གང་རྣམས་སློབ་དཔོན་དུ་གྱུར་པ་དེ ་སྲིད་དུ་དེ་རྣམས་རྩེ་བའི་ལྟུང་བ་དང་ལྡན་པར་འགྱུར་བ་དང་། གང་རྣམས་འཇུག་པར་འགྱུར་བ་སློབ་མ་དེ་རྣམས་ནི།། མི་དག་བཅུའི་ལས་ཀྱི་ལམ་ལ་འཇུག་པར་འགྱུར་བ་དང་། གང་རྣམས་སོ་སོ་སྐྱེ་བོ་དེ་རྣམས་ཀྱང་སྲོག ་གཅོད་པ་ཅན་དུ་འགྱུར་ཏེ། ཇི་ལྟར་འཛིན་ནུས་པར་འགྱུར། དེ་ལྟ་བུར་གང་དག་བུད་མེད་ཀྱི་ཚོགས་རྣམས་འདོད་པ་ལ་གཅིག་ཏུ་མངོན་པར་ཞེན་ཅིང་། ཀུན་ཏུ་ཞེན་པར་འགྱུར་ཏེ། དེའི་ཕྱིར་རྒྱུད་རྣམས ་ཐམས་ཅད་ཀྱིས་རྒྱ་ཆེར་བསྟན་པ་མ་ཡིནོ་ཞེས་ཏེ། དེ་བས་ན་བསམ་གཏན་གྱི་བདུད་རྩིའི་རོ་མ་མྱངས་པས། ཐོས་པ་དང་བསམ་པའི་ཤེས་རབ་ཙམ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པས། ཚད ་དུ་གཞུང་རྒྱས་མི་སྣང་བར་བྱིན་གྱིས་བརླབས་པ། ཁ་ཅིག་ན་རེ་གཞུང་རབ་ཏུ་རྒྱས་པ་ནི་རིག་པོ་འཛིན་པའི་གནས་ན་མཁ་འགྲོ་མ་རྣམས་ཀྱིས་གུས་པར་བཟུང་ནས་གནསོ།། འདི་ཞེས་ཟེར་ཏེ་བདག་གིས་ནི་འདི་ལྟ་བུའི་ལུང་མ་མཐོ ་གལཾ་ཏེ་འདི་ལྟ་བུའི་གཟུངས་རྒྱས་པ་ཡོད་པ་ནི་བདག་ཅག་གིས་ཇི་ལྟར་ཡང་མི་ཤེས་པ་སུ་ཞིག་ཡིད་ཆེས། འདི་ལ་ཡོད་པར་བསྒྲུབ་པའི་ཚད་མ་ཡང་གང་ཞིག་ཡོད་ཅེ་ན། འདི་ལ་ཇི་ལྟར་བསྟན་པའི་བླ་མའི་མན་ངག ་ལ་ཡིད་ཆེས་པ་ནི་དོན་རབ་ཏུ་འཐོབ་པ་ཡིན་ཏེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་གང་ཞིག་རྗེ་སུ་བསྟན་དང་མཐུན་བྱེད་ཅིང་།། དྲན་པ་ཉེ་བ.རཱ་གཞག་སྟེ་བླ་མའི་དྲུག་བཅོག་མི་བྱེད་ན།། དེའི་ཕྱིར་དེའི་དོན་རྣམས་ཐམས་ཅད་མཐུན ་པར་འགྲུབ་པར་འགྱུར།། མཐུན་པའི་སངས་རྒྱས་ཡེ་ཤེས་བྱང་ཆུབ་དྲུང་དུ་འཚང་ཡང་རྒྱ་ཞེས་གསུངས་ཏེ། རྒྱ་ཆེར་ནི་བྲམ་ཟེར་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་གཏམ་ལ་སྦྱོར་རོ།། དེ་ལྟོ་ན་སྒྲུབ་པའི་ཚད་མ་ཡང་དེ་ཉིད་ཡིན ་ཏཱཾ། ཇི་ལྟར་འཕགས་པ་ནོར་བཟངས་མེའི་ནང་དུ་ཞུགས་པས་དོན་རབ་ཏུ་གྲུབ་པ་ཡིན་ནོ།། དེ་བས་ན་མངོན་སུམ་ལ་སོགས་པའི་རྟོག་གིས་ཅི་ཞིག་བྱ། དཔལ་འཁོར་ལོ་བདེ་མཆོག་ལས་ཀྱང་། སྔགས་རྣམས་ཀུན་ལ་ཐུན་མོང་དུ།། གཏན ་ཚིགས་བདག་གིས་གཞོམ་མི་བྱ།། མིག་དང་ལོག་པས་མ་ཡིན་ཏེ།། དང་བ་ཉིད་ཀྱི་བླང་བར་བྱ་ཞེས་གསུངསོ།། དེ་ལྟར་ན་དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བདར་བའི་གསེར་བཞིན་དུ།། ཡོངསུ་བརྟགས་ནཱའི ་ད་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན། ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། ཡང་དག་པའི་བཤིས་གཉེན་དང་མ་ཕྲད་པ། འཇིག་རྟེན་རྒྱང་ཕན་ལ་སོགས་པའི་ལུང་ལ་ཡང་ཡང་དག་པར་འཛིན་པ་སྲིད་པ་དགག་པའི་ཕྱིར། ་འདི་ཡང་རིགས་ལ་ཡང་དག་པའི་བཤེས་གཉེན་དང་མ་ཕྲད་པ་ན། དྲིས་ཇི་ལྟར་བསྟན་པ་ཉིད་ཚད་མ་ཡིན་ཏེ། དེ་བས་ན་འདི་ལ་གནོད་པོ་མེད་དོ།། བཅོམ་ལྡན་འདས་ཞེས་བྱ་བ་ནཱི་ཤཱཀྱའི་སྐྱེས་མཆོག། མངོན་པར་རྫོགས་པར ་སངས་རྒྱས་པ་ན་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པ་ནཱ་སྟེ། དེའི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བཞེད་པ་ན་ཞེས་རྣམ་པར་སྦྱར་རོ།། བདུད་ནི་འདོད་པའི་ལྕེ་སྡིག་ཅན་ཏེ། དེའི་དཔུང་ནི་དཔུང་གི་ཚོགས་ཡན ་ལག་བཞི་པོ་རྟ་པ་དང་རྐོང་ཐང་པ་དང་། ཤིང་རྟ་པ་དང་། གླང་པོ་ཆེ་ཙྪ་པ་རྣཾ་སོ།། ཚེ་རོ་འཇིག་སུ་རུང་ཞིང་ཞེས་བྱ་བ་ནི་བདེན་པོ་མ་མཐོང་བ་དག་སྙིང་འགས་པ་སྲོད་དེ། དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། གལ་ཏེ་བཅོམ་ལྡན་འདས ་ཀྱིས་བྱིན་གྱིས་མ་བརླབས་ན་བདུད་ཀྱི་དམག་དེས་འཛམྦུ་གླིང་པ་རྣམས་སྙིང་འགས་པར་འགྱུར་བར་གསུངས་ཏེ། བདུད་ཀྱི་དཔུང་བཀོད་པ་ཡང་དེ་ལས་རྒྱ་ཆེར་བསྟན་ཏོ།། འཇིགས་པར་བྱེད་པ་ཞེས ་བྱ་བ་ནི་བཅོམ་ལྡན་འདས་ལ་བསྒྲག་པ་བསྐྱེད་པ་ཉེ་བར་གནས་པའོ།། དུ་མ་འདུས་ཏེ་ཞེས་བྱ་བ་ནི། འཛམྦུའི་གླིང་འདིར་སྟོང་གསུམ་གྱི་སྟོང་ཆེན་པོ་བྱ་བ་ཕྲག་བརྒྱའི་བདུད་མ་ལུས་པ་དམག་གི་ཕྱིར་འདུས་ཞེས་འཕགས་པ་རྨྱ ་ཚོ་རོལ་པ་ལས་གསུངས་པ་དེ་སྙེད་དུ་མང་བའོ།། ལོག་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་རི་འཕེན་པ་ལ་སོགས་པ་བྱིས་པའི་སྤྱོད་པ་ལ་རྩལ་དུ་ལོག་པའི་ང་རྒྱལ་བྱེད་པས་སོ།། བཅོམ་ལྡན་འདས་ནི་སྔོན་བཞིན་ནོ།། བདུད་ཀྱི་དཔུང་ཆེན ་པོ་ཐུབ་པས་ན་ཐུབ་པ་ཆེན་པོ་སྟེ། དེའི་བྱང་ཆུབ་རང་གི་སེམས་སོ་སོར་རྟོག་པ་འཇིགས་པར་བྱེད་དོ་ཞེས་བྱ་བོ་ནི་སྐུ་ལ་གནོད་པར་བྱས་པས་དེའི་བགྲོགས་བྱེད་པར་གནས་པའོ།། དེའི་ཚེ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བའི་དུས་ནའོ།། ་བདུད་ཆེན་པོ་ཞེས་བྱ་བ་ནི་ལྷའི་བུའི་བདུད་དམག་གི་དཔུང་རབ་ཏུ་རྒྱུ་ཆེན་པོའོ།། དེ་ལས་རྒྱལ་པོ་ཞེས་བྱ་བོ་ནི་རྒྱལ་བར་བྱེད་པའི་རྒྱུར་གྱུར་པས་སོ།། དེ་སྐད་ཙོས་བྱ་བའི་ཏིང་ངེ་འཛིན་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། ཇི་སྐད་དུ། ་ཤཱཀྱའི་སྲས་པོ་ཆོས་རྣམས་རྟེན་འབྱུང་བ།། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས།། ན་མཁའ་ལྟ་བུའི་སེམས་དང་རབོ་ལྡན་པས།། དཔུང་བཅས་གཡོ་སྒྱུ་མཐོང་ཡང་འཇིགས་པ་མེད། ཅེས་གསུངས་པའོ།། ཏིང་འཛིན་དེ ་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པ་སྟེ། རྒྱུད་ལ་བསྐྱེད་ཅེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཤཱཀྱའི་མགོན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རང་བཞིན་གཅིག་ཏུ་གྱུར་ཅིང་མི་ཕྱེད་པའི་ཕྱིར་རྡོ་རྗེ ་ལྟར་གྱུར་པ་ནི་གཅིག་ཡིན་ཡང་། བྱིས་པ་རྣམས་ལ་གྲགས་པ་དང་རྗེ་སུ་མི་མཐུན་པ་རོ་དྲུག་པ་མང་པོའི་ཚིགས་ཅན་དུ་རྣམས་ཞེས་གསུངས་ལ། དེ་རྣམས་ལས་ཀྱང་ལུས་ལས་བྱུང་བའི་འོད་ཟེར་ལྟར་ཁྲོ་བོ་ཆེན་པོ་གཤིན ་རྗེའི་དགྲ་ངེས་པར་ཕྱུང་ངོ་།། ཁ་ཅིག་ནཻ་རེ་འདིར་སྐུ་དང་གསུང་དང་ཐུགས་རྣམས་ལ་ཞེས་མང་པོའི་ཚིག་ཅན་དུ་བྱས་པ་ནི། སྐུ་ལས་ནི་ཁྲོ་བོའི་སྐུ་ཕྱུང་ལ། གསུང་ལས་ཀྱང་རབ་ཏུ་མ་རུངས་པའི་ང་རེ་དྲག་པོར་སྒྲོགས་པར ་ཕྱུང་ཞིང་། ཐུགས་ལས་ཀྱང་དངོས་པོས་རབ་ཏུ་དབེན་ཞིང་རྣམ་པར་རྟོག་པ་མེད་པར་བྱུང་སྟེ། དེ་བས་ན་མང་པོའི་ཚི་གཽ་ཅན་འདི་ནི་འདོད་པའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་གསུངས་པས། རྡོ་རྗེ་ནི ་ཟུང་དུ་འཇུག་པ་ཉིད་ཡིན་པས་ན་ཡང་དག་པར་ན་མངོན་པར་བྱང་ཆུབ་པ་བརྙེས་པ་ལས། གདུལ་བྱའི་དབང་དུ་བདུད་གདུལ་བ་སྟོན་ཅིང་ཁྲོ་བོ་ཆེན་པོ་ཡང་ཟུང་དུ་འཇུག་པ་ལས་སྤྲུལ་པས་ནཱ་མང་པོའི་ཚིག་ཅན་ནི་དོན་དང་མི ་མཐུན་ནོ་ཞེས་ཟེ་རོ།། དེ་ལ་ཁྲོ་བོ་ཞེས་ཟེར་རོ།། དེ་ལ་ཁྲོ་བོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུའི་རྣམ་པར་རྩོན་པས་གདུལ་བྱ་འདུལ་བའི་ཐབས་ཀྱིས་ནོར་ཡོད་པས་ན་རྣམ་པར་རྩེན་པའི་ནོར་ཅན་ནི་ཁྲོ་བོའོ།། དེ་ཉིད་བདུད་ཀྱི་རིས་ཀྱི ་ཁྲོ་བོ་རྣམས་ལས་རྣམ་པར་གནོན་པ་ཆེ་བས་ན་ཆེན་པོ་སྟེ། ཡང་ན་ལུས་ཀྱི་གོང་ཚོད་ཆེ་བའོ།། གཤིན་རྗེའི་དཔྱ་ཞེས་བྱ་བ་ལ་གཤིན་རྗེ་རྣམས་ཀྱི་སྒྲ་ནི་གཤིན་རྗེའི་སྒྲ་སྟེ། གཤིན་རྗེ་རབ་ཏུ་འཇོས ་པའོ།། དེ་ནི་དེ་ལྟར་ན་གཤིན་རྗེ་ཞེས་བྱ་བ་འདི་ཉིད་ཅི་ཞིག་ཅེ་ན། ལུས་ཅན་རྣམས་ལ་ལྷན་ཅིགེ་སྐྱེས་པའི་ལྷ་ལྟར་རྫས་འབྲང་ཞིང་གསོད་པར་བརྩོན་པ་ནི་གཤིན་རྗེ་སྟེ། མིང་གི་རྣམ་གྲངས་འཆི་བདག་ཅེས་བྱའོ།། དེ་ལྟར་ན་ནི་འདི་ནི། ་དེང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། འདི་ནི་དྲེའུ་རུ་བྱ་ཞེས་སྐྱེ་བོ་སེམས་པ་ན།། གཤིན་རྗེ་བ་ཙེནྡོ་ལག་ཐོགས་ཟུར་དྷྲྀ་ཨ་ལྟ་བ་ཡིས།། མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས་ཤེས་བརྗོད་ལ།། འཕགས་པ་མཚན ་མོ་བཟང་པོའི་མདོ་ལས་ཀྱང་།། སོང་ཙམ་འཆི་ཡང་སྲྀས་ཤེས་ཀྱིས།། དེ་རིང་ཉིད་དུ་བཏུན་ཏེ་བྱ།། འཆི་བདག་བདེ་ཆེན་འདི་དང་ནི།། བདག་ཏུ་བཤེས་པ་མ་ཡིན་ནོ།། ཞེས་གསུངས།། དེ་དག་ནི་ཡི་དགས་ཀྱི་འགྲོ་བ་མཐུ་རབ་ཏུ་ཆེ་བས ་ཁྱུད་ཞུགས་པ་སྡིག་སྤྱོད་པ་རྣམས་དུས་མ་ཡིན་པར་གསོད་པ་སྟེ། ཇི་སྐད་དུ། གནས་ཀྱི་གཤྲཱི་སུ་འཇེབས་པས་གཟིར་ན་ནི།། ཤིན་ཏུ་མི་བཟད་མུན་རུམ་འཇུག་པ་ལྟར།། ཡིད་འོངས་འདྲིས་པ་རྣམ་པར་འདོར་བར་འགྱུར།། གཤིན ་རྗེའི་ཞགས་པས་དམ་དུ་བཅིངས་པ་ལ།། ཙེ་ཏོ་འབལ་ཞིང་ཆོངས་འདེབས་བྱེད་ཀྱང་།། དེ་ཡིས་ཀློངས་པ་ཉེ་དའི་སྐྱེ་བོ་ཡིས།། རང་གི་བདུད་དགོས་གཟིར་བ་བཞིན་མི་ཐོས། ཞེས་བཤད་པསོ།། དེ་བཞིན་དུ་དེ་དག་ནི་སྲིད་པ ་བར་མའི་དུས་ན་ཡང་།། དྲི་ཟའི་སེམས་ཅན་དེ་རབ་ཏུ་གཟིར་བར་བྱེད་དེ། འགྲོ་དཀའ་ཆུ་དང་ཕ་བོང་ཐག་ཐུག་འདོམ་པའི་བར།། ཚར་མ་རྣོན་པོས་འཛིངས་པ་ཉམ་ང་བའི་ལམ་དག་ཏུ།། དུས་ཀྱིས་ཞགས་པས་སྐྱེ་ནས་བཏགས་ཏེ་གཤིན་རྗེའི ་མི།། གཏུམ་པོ་རྣམས་ཀྱི་དབྱུག་པས་བཏགས་ཤིང་ཁྲིད་པོར་འགྱུར། ཞེས་བཤད་པས་སོ།། དེ་བཞིན་དུ་དེ་དག་ནི་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་རབ་ཏུ་ཡང་འཇོམས་པ་སྟེ། དམྱལ་བའི་བསྲུང་མས་དབྱུག་པས ་ག་ཅིང་མཆི་མ་ཟག་བཞིན་དུ། ལྕགས་ཞུན་ཁུ་བ་མ་སྟག་འབར་བའི་ཕྲེང་བ་འ། ཁྲིགས་པ་ལུད་ཅེས་བཤད་དེ། དམྱལ་བའི་བསྲུང་མ་ནི་གཤིན་རྗེའི་སྐྱེས་བུ་ཡིན་ཏེ། དེ་ནས་སེམས་ཅན་དོ་མལ་བ་པ་དེ་དག་ལ་གཤིན་རྗེའི ་སྐྱེས་བུ་དེ་དག་གིས་སྨྲས་པ། ཁྱོད་ཅི་འདོད་ཅེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པས་སོ།། འདི་ལྟར་རབ་ཏུ་མི་བཟོད་པའི་འགྲོ་བར་སྐྱེ་བའི་རྒྱུ་ཡང་། ཇི་སྐད་དུ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང་།། གཡོ་མེད་རྫུན་དུ་སྨྲ་བ་དང་།། ་གཞན་ལ་གནོད་བྱེད་དགའ་བ་ནི།། གཤིན་རྗེ་སྲིནཽ་པོར་སྐྱེ་བར་འགྱུར།། ཞེས་གསུངས་པའོ།། དེའི་ཕྱིར་འདི་དག་ནི་གསོད་ཅིང་ཁྲིད་པ་དང་ཆེར་གཟིར་བས་ན། གཤིན་རྗེ་ཞེས་བྱའོ།། དེ་ལྟར་ན་སྔར་ལྷ་རྣམས་རྣམ་པར་བཤད ་པའི་དུས་སུ་གཤིན་རྗེ་ཞེས་བྱ་བའི་མིང་གི་དོན་འདི་ལྟར་མ་བརྗོད་པ་ཇི་ལྟ་བུ་ཞེ་ན། ཡུ་གམ་ཞིས་མ་དྲངས་པས་ན་གཉིསུ་གྱུར་པའི་དོན་འདི་གྱུར་པས་ན། དོན་མཆོག་སྟོན་པ་ན་དེ་ལྟར་གནོད་པ་མེད་ཅིང་བཤད་པ་འདི ་ཡང་དོན་གྱི་གླེང་གཞིར་ཡང་ཤེས་པར་འདིར་བཤད་པ་ཉིད་ཀྱིས་འགྱུར་བས་དེར་མ་བཀོད་པའོ།། སྔར་བཤད་པའི་ལུགས་ཀྱིས་ཞི་བས་མི་འདུལ་བ་དེ་དག་མཐོང་བ་ཙམ་གྱིས་ཚར་གཅོད་པ ་ཁྲོ་བོ་དེ་ནི་དགྲའོ།། ངེས་པར་ཕྱུང་ཞེས་བྱ་བ་ལ་ངེས་པར་ཞེས་པ་ནི་ཚར་བཅད་པའི་ཕྱིར་རོ།། ཕྱུང་ངོ་ཞེས་བྱ་བ་ནི་མངོན་པར་འཐོན་པའོ།། དེ་ལྟར་ན་འདི་རབ་ཏུ་ཡང་དམན་ཏེ། རྣམ་པར་སྣང་མཛད་ཆེན་པོའི་སྤྲུལ་པ་ནི་རྣམ་པར་སྣང ་མཛད་ཡིན་ལ། དེའི་ཡང་རྣམ་པར་འཕྲུལ་པ་ནི་སངས་རྒྱས་རྗེ་བཙུན་ཤཱཀྱ་ཐུབ་པོ་ཡིན་ཏེ། འོག་མིན་གནས་ནི་ཉམས་དགའ་བར།། གཙང་མའི་གནས་ཀྱི་སྟེང་དུ་ནི།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྤྲུལ་པ་རྣམས་ནི། ་འདིར་འཚང་རྒྱ།། ཞེས་གསུངས་པས་སོ།། སྤྲུལ་པ་དེ་ཡིས་ཡང་སྤྲུལ་པ་ནི་འདི་ཡིན་པས་སྔོ་ཞེ་ན། འདི་ནི་མ་ཡིན་ཏེ། ཇི་སྐད་དུ་བརྒྱུད་པ་འདྲ་བའི་སྤྲུལ་པ་དག་ཀྱང་རྣམ་པར་སྣང་མཛད་ཆེན་པོ་ཁོ་ན་སྣང་བ་སྐྱེས་པའི་ཕྱིརརོ།། སྔར ་སངས་རྒྱས་རྣམས་གཅིག་ཉིད་དུ་བསྟན་ཅིང་། གཞན་ཡང་སྤྲུལ་པོ་ཞེས་བྱ་བ་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་དབེན་པ་ཡང་མ་ཡིན་ཏེ། ཡེ་ཤེས་ཉིད་སྣང་བ་ཐོབ་པའོ།། དེ་བས་ནི་སློབ་དཔོན་སངས་རྒྱུས་དཔལ་ཞལ་སྟེན ་ཀྱིས་ཀྱང་། ཇི་སྐད་བཤད་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་མངོན་སུམ་དུ་བྱས་ནས། ཇི་སྲིད་དུ་སྤྲུལ་པ་རྣམས་ལ་དེ་དབང་དུ་གྱུར་པ་དེ་སྲིད་དུ། བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པའི་ངོས ་མངོན་དུ་བྱ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་བསྐྱེད་པར་རུང་བ་ཉིད་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་མཚན་ཉིད་གཅིག་པའི་ཕྱིར་དང་། རྒྱུ་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིརརོ།། ཀུནྡ་ཏུ་རྟོག་པ་སྔ་མཱ ་སྔ་མ་ལས་བྱུང་བའི་རྣམ་པོར་རྟོག་པའི་རྒྱུན་ནི་རྒྱུད་ཡིན་ཏེ། སྤྲུལ་པ་ཞེས་བྱ་བ་གཞན་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་དེ་ནི་ཀུན་ཏུ་རྟོག་པ་ཙམ་ཡིན་པོའི་ཕྱིར་རོ།། རིགས་པ་ཐ་དད་པས་སྣ་ཚོགས་པོའི་རང་བཞིན་ཉིད་ཡིན། ་པས་ཅི་ལྟར་གཅིག་ཅེས་བྱ་ཞེ་ན། དེ་ལྟར་ན་ནི་འགའ་ཞིག་ཀྱང་གཅིག་ཉིད་དུ་མི་འགྱུར་ཏེ། ལྷའི་སྐུ་གཅིག་ཉིད་ལ་ཡང་ཚྭ་ཤས་དུ་མའི་རང་བཞི་ནི་ཉིད་ཀྱིས་སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་ལ། ཆ་ཤེས ་མེད་པ་ཡང་དམིགས་པར་མི་གྱུར་བའི་ཕྱིར་རོ།། ཇི་ལྟར་གཅིག་པ་ཉིད་དུ་རྣམ་པར་གཞག་པ་ནི་ཀུན་རྫོབ་ཏུ་གཅིག་ཉིད་ཡིན་པ་ད་ལྟར་ཚུལ་གཞན་པའི་སྣ་ཚོགས་པའི་རང་བཞིན་ཉིད་ལ་ཡང་དེའི་ངོ་བོར་ཞེན་པ་ལ ་ལྟོས་ནས་ཐམས་ཅད་བདག་ཉིད་ཡིནོ་ཞེས་ཐ་མ་དད་པའི་ཞེན་པས་ཡིད་ལ་བྱེད་པ་ལ་འཇུག་པའི་ཕྱིརཱ་རོ།། དེ་དག་གིས་ནི་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་པར་བཤད་པ་ཡིན་ཏེ། འཛིན་པ་ལ ་སོགས་པའི་རྣམ་པ་དང་བྲལ་བར་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ།། གཞན་དུ་དེའི་སྣང་བའི་ཡུལ་ལས་ཐ་སྙད་ཀྱི་གཞིར་གྱུར་པའི་ཐམས་ཅད་ཅེས་བྱ་བ་གཞན་ལ་ཡང་ཡོད་པ་མ་ཡིན་ཏེ། དེ་རྣམས།། ་ཀྱང་ཅིག་ཅར་རྟོགས་པའི་རང་བཞིན་ཡིན་པས་ཐ་དད་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར། གཅིག་གིས་མཚན་ཉིད་གཞན་ཡོད་པ་ཡང་མ་བསྟན་ཞེས་པ་ཡིན་ཏེ། དེ་བས་ན་ཡང་དག་པ་ཇི་ལྟ་བ་རང་། ་གི་ངོ་བོ་སོ་སོར་རྟོགས་པ་ལ་གཞོལ་བ་ནི་ཀུན་རྫོབ་འབའ་ཞིག་པ་འདི་ལ་ཐམས་ཅད་བདུག་ཉིད་ཡིན་ནོ་ཞེས་ཤོས་པ་འཇུག་པར་འགྱུར་གྱིས། དངོས་པོ་གང་ཞིག་ལ་ཅུང་ཟད་ཀྱང་ཐ་དད་པ་མ་ཡིན་པར་ཡུལ་དུ་བྱེད་པ ་མི་ནུས་ཏེ། ཤེས་པ་ཐམས་ཅད་ནི་རང་གི་ངོ་བོ་ཙམ་ལ་སོན་པ་ཉིད་ཀྱིས་གཞན་གྱི་ངོ་བོ་ཡོངསུ་འཛིན་པ་མེད་པའི་ཕྱིར་རོ།། རྣལ་འབྱོར་པའི་རང་གི་སེམས་ལས་བྱུང་བ་རེ་རེ་ཡང་མི་མཐུན་པའི་ཕྱོགས་མ་ལུས་པ་ལྡོག་པའི་ངོ་བོ་ཉིད ་ཀྱིས་དཀྱིལ་འཁོར་བའི་ལྷ་མ་ལུས་པ་ཉིད་ཀྱི་རང་བཞིན་དུ་སོ་སོར་བརྟགས་པར་བྱ་བ་ཡིན་ཏེ། འདི་ལྟར་རང་གི་ཏིང་ངེ་འཛིན་རྣམས་ནི་ཕྱིན་ཅི་ལོག་དེ་དང་དེ་མི་དམིགས་པར་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱི་རོ་ཞེས་བཤད་དོ།། ། ་དེའི་ཕྱིར། ཡང་དག་སངས་རྒྱས་དྲིར་སངས་རྒྱས། ཞེས་བྱ་བ་ལ་སྩོགས་པ་ནི་བྱིས་པ་གང་དག་སེམས་ཁྱད་པར་དུ་སྦྱོར་བ་ལ་གཞུག་པར་བྱ་བ་དེ་དག་གི་ངོ་བོར་གསུངས་ཀྱི། རིགསོ་བར་ན་རྣམ་པར་སྣང་མཛད་དང་ཤཱཀྱ་ཐུབ ་པ་ལོ་སོགས་པ་ནི་ཡེ་ཤེས་གཅིག་ཉིད་ལ་ཐ་དད་པར་མཐོང་ཞིང་མིང་དུ་མཽར་བཏ་ཌ་བ་སྟེད་པས་དཔལ་མཁའ་གྲོ་མོ་རྡོ་རྗེ་གུར་ལས། རྒྱལ་བ་རྣམས་ཀྱི་མཚན་གྱི་རྣམ་གྲངས་ནི།། རྟག་དང་རྡོ་རྗེ་གཏི་མུག་དང་།། སྣ་ཚོགས་གྱུར ་དང་རྣམ་སྣང་མཛད།། ཨོཾ་ཡིག་སྒྱུ་འཕྲུལ་དྲ་བ་དང་།། སྐུ་ཡི་རྡོ་རྗེ་རབ་ཏུ་གྲགས།། ས་སྙིང་དང་ནི་གཏཱི་མུག་ཆེ།། ཐོ་བའི་དབང་ཕྱུག་གཤིན་རྗེ་གཤད།། དེ་བཞིན་གཤེགས་དང་ཤཱཀྱ་ཐུབ།། སངས་རྒྱས་ཞེས་བྱས་མཚན་དུ ་གྲགས་ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མཚན་གྱི་རྣམ་གྲངས་བསྟན་ཏེ། དེའི་ཕྱིར་ན་མཚན་མི་འདྲ་བ་འམ་སྤྲུལ་པར་སྣང་བ་ཐ་དད་པས་ནི་འདི་དམན་པར་ག་ལ་འགྱུར། དེ་ནི་ད་ལྟར་བདེན་མོད་ཀྱི་དྲི་བ ་གཞན་གནས་ཏེ། སྒྱུ་འཕྲུལ་དྲ་བ་ལས། ཧཱུཾ་གིས་ཡེ་ཤེས་ལས་གྲུབ་པ།། གཟི་བརྗིད་ལྡན་པ་འཇམ་དབྱངས་ཀྱིས།། གཤིན་རྗེའི་དགེ་ཞེས་རྣམ་གྲགས་པ།། བསྐལ་པ་མེ་ལྟར་འབར་བ་སྟེ། ཞེས་གསུངས་ལ། འཇིག་རྟེན་གསུམ། ་ལས་རྣམ་པར་རྒྱལ་པོའི་ཚིག་ཞིབ་མོ་ལས་ཀྱང་། དེ་ནས་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། དྲག་ལ་མཐུ་རྩལ་དྲག་ལྡན་པ།། མཚོན་ཆམེ་ལྕེ་འབར་བས་འཁྲིགས།། ཞེས་གསུངས་པས།། གཤིན ་རྗེའི་དགྲ་འདི་ནི་འཇམ་པའི་དབྱངས་ཀྱི་ཁྲོ་བོར་གསུངས་ན། རྒྱུད་འདི་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁྲོ་བོར་འདི་བསྲུངས་ཤེ་ན། རྒྱུད་དེ་དག་ལས་འཇམ་དཔལ་མ་ཡིན་པ་ལ་ནི་གཤིནྡ་དྷྲྀ་གཤེད་ཅེས་བྱ ་ཁྲོ་བོ་མེད་དོ་ཞེས་བཀག་པ་ནི་མེད་ལ་དེ་ཉིད་ཀྱིས་ནི་བཅོམ་ལྡན་འདི་ལ་གཤིན་རྗེའི་གཤེད་དུ་རྣམ་པར་བཞག་པ་ལ་སུ་ཞིག་འགོག་པར་བྱེད་ན་རྩོད་པ་འདི་སྨྲ་བ་དེ་བས་ན། དེ་དག་གིས་འདི་ལ་གནོད་པ་ཅི་ཡོད། གོཉྫ ་ཡང་འཇམ་དཔལ་ཞེས་བྱ་བ་ཉིད་དཔྱད་དེ་བསྐལ་པ་མཐའ་ཡས་པའི་གོང་དུ་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་ལས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ན་མཁའ་ཞེས་བྱ་བར་གྱུར་པ ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དགེ་སློང་རྒྱལ་བའི་བློ་གྲོས་ཞེས་བྱ་བར་གྱུར་པ་ན། ཆེས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བས་བསྐལ་བས་བློ་གྲོས་མཆོག་ཐོབ་པ། དེ་ཡང་ས་བཅུའི་དབང་ཕྱུག་ཏུ་གྱུར་ཅིང་། བསྐོལ་པ ་བརྗོད་ཀྱི་མི་ལཾངྒ་པཱ་ལ། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བར་ལུང་བསྟན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་འཇམ་དཔལ་གཞོན་ནུར་གྱུར་པའོ།། གསང་སྔགས་ཀྱི་ཚུལ་ཆེན་པོར་འདི་ནི། རྣམ་པར་སྣང་མཛད་ཀྱི ་ཐུགས་ཀའི་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣོན་པོ་ནི་འཇམ་པའི་དབྱངས་ཏེ་དེ་ཁོ་ན་འདུས་པ་ལས་ཀྱང་། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས ་དཔའ་ཆེན་པོ་འཇམ་དཔལ་གྱི་དམ་ཚིག་ལས་བྱུང་བ་ཆོ་སི་ཀྵོ་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤོས་ཆེན་པོའི་དུ ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་སྙིང་པོ་འདི་ཐུགས་ཀ་ནས་བྱུངངོ་།། བཛྲ་ཏཱིཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ལས་བྱུང་མ་ཐག་པ་འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ ་ཉིད་དེ་ཤེས་རབ་ཀྱི་རལ་གྲིར་གྱུར་ཏེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་རལ་གྲིའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཉིསུ་གནས།། དེ་ནས ་རྡོ་རྗེ་རལ་གྲིའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་གྱི་ཤིན་ཏུ་ཕྲ་མོ་དང་མཉམ་པོའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་ལ་སོགས་པ་དང་། ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་འཇམ་པའི་དཔལ་ཡིན་པ་དང་། ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་འཇམ ་དཔལ་གཞོན་ནུའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། འཇམ་དབྱངས་བདག་ནི་ཡིན་པོར་དགོངས།། གང་ཕྱིར་ཤེས ་རབ་གཟུགས་མེད་ཀྱང་།། དབྱངས་ཉིད་དུ་ནི་དམིགས་པ་ཡིན། ཞེས་གསུངས་ཏེ། དེ་ཕྱིར་འཇམ་དཔལ་ནི་བཅོམ་ལྡན་འདས་ཤཱཀྱའི་ཏོག་ཉིད་དེ། རྣམ་པར་སྣང་མཛད་ཆེན་པོ་ཉིད་འཇམ་དཔལ་དུ་སྣང་བའི་ཕྱིརརོ།། དེ་བས་ནི་འཇམ ་དཔལ་གྱི་ཁྲོ་བོ་གཤིན་རྗེ་གཤེད་དུ་གསུངས་པས་རྒྱུད་འདིར་རྩོད་པ་ནི། རྩོད་པ་ལོ་རབ་ཏུ་མི་བཟོ་བར་ཟད་དོ།། དེ་ནི་མཚམས་སྦྱར་བ་དྲན་པར་བྱ་སྟེ། དེ་ལྟར་ཕྱུང་བའི་གཤིན་རྗེ་གཤད་པ་དེས་བདུད་ཀྱི་དཔུང་ཚར་བཅད་ནས ་བཅོམ་ལྡན་འདས་ཀྱི་ཟུང་དུ་འཇུག་པའི་གནས་བརྙེས་ཏེ། ཁྲེ་བོ་ཆེན་པོ་དེ་གདུལ་བྱ་འབྱུང་བར་འགྱུར་བའི་དོན་དུ་ཕྱག་ན་རྡོ་རྗེ་རྟག་ཏུ་མྱི་བཞིན་འབྲང་བ་ལ་གཏད་པར་དགོངས་པས་རྒྱུ ་ནས་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བོས་ནས། བཅོམ་ལྡན་འདས་ཐུབ་པ་ཆེན་པོས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཀྱེ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཁྲོ་བ ་ཆེན་པོ་གཤིན་ཎཱཾ་གཤེད་པོའི་སྐུ་ནི་ཟུང་ལ། བདུད་དང་ཀླུ་དང་གནོད་སྦྱིན་དང་ལྷ་རྣམས་སྐྲག་པར་གྱིས་ཤིག། འཇིགས་པར་གྱིས་ཤིག། སེད་ཅིག་ཅེས་གསུངསོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་དེ་མ ་ཐག་ཏུ་བཟུང་བཅིང་སོ།། ཀུན་ཆུབ་པར་བྱསྟེ།། བསྟི་སྟེང་དུ་བྱསྔོ་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་ལ་སྐུ་འདྲི་ཟུང་ལྟ་ཞེས་བྱ་བ་ནི་ཇི་ལྟར་ང་ལ་ཁྱོད་གུས་ཤིང་རྟག་ཏུ་འབྲང་བ་ལྟར་ཁྲོ་བོ་ཆེན་པོ་འོད་ལ་ཡང་ཁྱེད་ཀྱིས་གུས་པ་དེ ་ལྟར་བྱོས་ཤིག་ཅེས་པའོ།། ཡང་ནཱ་སྒོ་འདི་ཟུང་ལེ་ཞེས་བྱ་བ་ནི་ཁྱོད་འདིའི་ལུས་སུ་བྱོས་ལ། འདི་དང་གཉིསུ་མེད་པར་བྱོས་ཤིག་ཅེས་པ་སྟེ། དེ་བས་ན་འདི་འཆད་པ་པོ་ཡང་ལག་ན་རྡོ་རྗེ་ཡིན་པར་འཆད་ཅིང་འཁོར་ཕུན་སུམ ་ཚོགས་པའི་དུས་སུ་ཡང་ཞེ་སྡང་གཤིན་རྗེའི་ངགྲ་དང་ཞེས་རྗེ་བཙུན་ཤཱཀྱ་ཐུབ་པ་ལོས་ལྟོས་ཏེ་འཁོར་དུ་བསྟན་པ་ཡང་ཡིན་ལ། ཕྱག་ན་རྡོ་རྗེ་དང་། ཁྲོ་བོ་ཆེན་པོ་འདི་གཉིསུ་མེད་པའི་ཉིད་སྟོན་པ་ཡང་ཡིན་ཏེ། རྒྱུད་འདི ་འཆད་པ་པོ་ནི་འདི་ཉིད་ཡིན་ལ། སྟོན་པ་བཟང་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཏོག་ཉིད་དོ།། བདུད་དང་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ནག་པོའི་རྩ་ལག་རྣམསོ།། ཀླུ་དང་ཞེས་བྱ་བ་ནི་གང་དག་ལྷ་མ་ཡིན་དང་བདུད་ལ་དགའ་བའི་ཀླུ ་རིགས་རྣམ་པ་ལྔ་དག་གོ།། གནོད་སྦྱིན་དང་ཞེས་བྱ་བ་ནི་ལག་ན་རྡོ་རྗེ་དང་། གོས་སྔོན་པོ་འཛིན་པ་དང་། གསང་བ་པ་བདུད་ཀྱི་རིས་པ་རྣམསོ།། ལྷ་རྣམས་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པ་གང་དང་གང་བདུད་ལ་མངོན་པར ་དགའ་བ་རྣམས་སོ།། དེ་ཡང་ཡང་དག་བྱར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་དུས་ན་ནི། ལྷ་ལ་སོགས་ཕལ་ཆེར་གཞན་ལོ་འཚེ་བ་མ་བཏང་ཞིང་བདུད་ཀྱིས་རིས་བྱ་ཉིད་དུ་བགྲང་པོ་ཡོན་ཏེ། དེ་ལྟར་ནི ་གསང་བ་ཟླ་བའི་ཐིག་ལེ་ལས། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོས་དཔལ་རྡོ་རྗེ་འཆང་བདེ་བ་ཆེན་པོས་བརྒྱན་པའི་དཔལ་ཡང་དག་པར་ལྡན་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། བཞེངས་ནས་ཕྱེ། ་བཅུའི་མཐའ་ཡས་འབྱམ་ཀླས་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གཟིགས་ནས་ངོ་མཚར་དུ་གྱུར་ཏོ།། ཀྱི་ཧུད་འཇིག་རྟེན་གྱི་ཁམས་འདི་ནི་སྟོངསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དང་བྲལ་བས་གདུག ་བ་ཐམས་ཅད་ཀྱིས་འདི་ཉེ་བར་གཙེས་ཏེ། གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་དང་། ནད་དང་། འཚེ་བ་དང་། གདོན་ཆེན་པོ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཡང་དག་པར་ཟོས་ཤེས་དགོངས་པ ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ལ་ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུ་བ་མཛད་ནས། ཡང་ནས་ཡང་བཅོམ་ལྡན་འདས་ལ་གཟིགས་ཏེ། བདེ་བ་ཆེན ་པོ་ཤིན་ཏུ་དགྱེས་པ་གཉིས་སུ་བྱེད་པ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བསྐུལ་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ཡང་དག་པར་ཐིམ ་པར་གྱུར་པ་ན། ཁམས་གསུམ་འདིར་དམ་པའི་ཆོས་སྟོན་པ་དང་། འཇུག་པར་བྱེད་པ་དང་། བསྟན་པ་ལ་གནས་པར་བྱེད་པ་འགའ་ཡང་མེད་ཅིང་། སངས་རྒྱས་དང་། ཆོས་དང་དགེ་འདུན་འཇུག་པར་བྱེད་པ་ཡང་མེད། ཁྲོས་པ ་དང་། གཏུམ་པོ་དང་། རྔམ་པ་ཆེན་པོ་དང་། རབ་ཏུ་གདུག་པ་ཆེན་པོས་སེམས་དཔའ་དོང་། འདོད་ཆགས་དང་། ཞེ་སྡང་དང་། གོ་ཏཱི་མུག་གི་མུན་པས་བསྒྲིབས་པ་དང་། གཏུམ་འཁྲུགས་ཆེན་པོ་དང་། གཞན་གྱི་སྲོག་འཕྲོག་པ་དང་། གཞན ་གྱི་སེམས་འཕྲོག་པ་དང་། གཞན་གྱི་བུད་མེད་ཀྱིས་མཚུངས་པ་དང་། བརྫུན་དང་ཕྲ་མ་དང་། ཚིག་རྩུབ་མེ་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པས་གཞན་ལ་གཙེས་པ་དང་། གཅིག་གིས་ཤ་གཅིག་གིས་ཟ་བ ་དང་། ཐབས་མེད་པའི་ལས་ལ་གནས་པ་རྣམས་ཀྱིས་ཀྱི་ཧུད་འཇིག་རྟེན་གསུམ་པོ་འདི་རླག་གོ་ཞེས་སྔོན་གྱི་སྨོན་ལམ་གྱི་སྟོབས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགསོ་ཞེས་གསུངས་ཏེ། དེ་བས་ན་སངས ་རྒྱས་འབྱུང་བ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བདེན་པ་མ་ལུས་པ་བརྟེན་པས་ན། སངས་རྒྱས་རྣམས་ནི་འབྱུང་བ་བདྨོ།། ཆོས་བསྟན་པ་ཡང་བདེ་བ་ཡིན། ཞེས་ཚིགསུ་བཅད།། ད་ནི་རབ་ཏུ་མ་རུངས་པ་དེ་དག་གདུལ་བའི ་ཐབས་གཞན་མེད་པ་སྐྲག་པ་གྱིས་ཤིག་ཅེས་གསུངས་ཏེ། གདུལ་སླ་བ་རྣམསོ།། གདུལ་བ་བར་མ་རྣམས་ནི་ཆེར་འཇིགས་པར་གྱིས་ཤིག་ཅེས་གསུང་སོ།། རབ་ཏུ་གདུལ་དཀའ་བ་དག་ནི་སོད་ཅིག་ཅེས་གསུང་སོ།། དེ་ཡང་ཇི་ལྟར་འཕ ་པ་དེ་ཁོ་ན་འདུས་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་གསུམ་གྱི་འཁོར་ལོ་བཏུལ་བ་ལྟ་བུ་སྟེ། འདིར་ནི་གཞུང་རབ་ཏུ་བསྡུས་པས་མ་གསུངས་པར་ཟད་དོ།། ཁ་ཅིག་ན་རེ་ཚིགས་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱིས ་ཁྲོ་བོ་ཕྱུང་སྟེ། གཏད་པ་མཛད་ནས་དེ་ནས་བདུད་ཚར་བཅུད་དེ་སྲུང་པོའི་འཁོར་ལོ་འཆད་པ་ལྟར་བསྒྲུབ་ནས། ངའི་འབྲས་བུ་ཟླ་བ་རྡོ་རྗེ་རབ་སྦྱོར་བས།། གཤིན་རྗེ་གཤེད་པོ་བསམ་པར་བྱ།། ཞེས་བྱ་བ་ལ་སོགས་པའི་རིམ་པས་བཅྡོཾས ་འདི་གཤིན་རྗེ་གཤེད་ཀྱི་སྐུར་མངོན་པར་སངས་རྒྱསོ་ཞེས་ཟེ་རོ།། དེ་ནི་མ་ཡིན་ཏེ། སྐུ་ཡང་དག་པར་གཏད་པའི་དོན་མེད་པའི་ཕྱིར་དང་། ཡང་དག་པར་ཐ་མི་དད་དུ་ཟིན་ཡང་། བཅོམ་ལྡན་འདས་འདིའི་བྱང་ཆུབ་གཝཱན་ལ་རག་ལས། ་པ་ནི་བྱིས་པ་དག་མི་འདོད་པའི་ཕྱི་རོ།། གཤིན་རྗེ་ཞེས་བྱ་བ་ནི་འཆི་བདག་གི་བདུད་དོ།། ཞེས་སྔར་སྨྲས་པ་མ་ཡིན་ནམ། འདིར་ནི་ལྷའི་བུའི་བདུ་བཏུལ་བར་གྱུར་པས་འདི་ནི་ལྷའི་བུའི་བདུད་ཀྱི་ངགྲ་ཡིན་གྱི་གཤིན་རྗེའི་དགྲ་མ་ཡིན།། ་ཞེ་ན་དེ་ནི་བདེན་མོད་ཀྱི་འོན་ཀྱང་ལྷའི་བུའི་བདུད་ནི་ཉེ་བར་ན་མེ་ཏོག་གི་མདའ་འཕེན་པའམ། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་ལམ་གྱི་བྱར་ཆད་བྱེད་པ་ལ་བརྗོད་ལ། འདིར་ནི་མཚོན་ཆུའི་ཆར་རབ་ཏུ་བ ་པ་དང་། མུའི་ཆུར་འབེབས་པ་ལ་སོགས་པའི་ཐུབ་པ་ཆེན་པོ་འགྲོངས་པར་སྦྱོར་བས་འཆི་བདག་ཉིད་ཡིན་ཏེ། ཇི་སྐད་དུ། བདུད་ཀྱི་དབང་ཕྱུག་གིས་སྤྲོས་པ་ཡང་། དགེ་སྦྱོང་མྱུར་ལོངས་ངའི་བསམས་པ་བཞིན་དུ་སོང་། འོད་མའི་མྱུ་གུ ་སྔོན་ལྟར་ངོ་མོད་བཏུབས་སུ་རེ་ཞེས།། གཞན་ཡང་རགས་པའི་གཟུགས་རྣམས་ཐོ་བ་ལ་སོགས་པས་བཅོམ་པ་ན། འཇིགས་པ་རགས་པ་ཐོབ་པ་ལ་སོགས་པས་བུམ་པ་ལ་སོགས་པ་བཅོམ་པར་སྣང་ཡང་ངེས་པར་ནི་འཇིག ་པར་རབ་ཏུ་ཕྲ་བ་སྐད་ཅིག་རེ་རེ་ལ་འཇིག་པ་ཉིད་ཀྱིས་དེ་ཞིག་པ་ཡིན་པ་ལྟར། གང་དག་འཆི་བར་བྱེད་པ་རགས་པ་དེ་དག་མ་ལུས་པ་ལ་ཡང་དངོས་སུ་ནི་བསོད་པ་པོ་གཤིན་རྗེ་ཡིན་ལ། ཐོ་བ་ལ་སོགས་པ་རགས་པ་འཇིག་པར ་བྱེད་པ་མེད་ན་སྐད་ཅིག་རེ་རེ་ལ་འཇིག་པའི་འཇིག་པ་ནི་མ་ཞིག་པ་དང་ཁྱད་མེད་པ་ལྟར་འཆི་བར་བྱེད་པ་རགས་པ་དག་བཟློག་ན་རྟག་ཏུ་གླགས་ལྟ་བའི་འཆི་བདག་གིས་གནས་མ་ཐོབ་པས་ན། འདིར་བཅོམུ་ལྡན་འདས་དེས ་གོ་ཤིན་རྗེ་རྒྱུ་དང་བཅས་རྐྱེན་དང་བཅས་པར་བཅོམ་པ་ཡི་ནོ།། གཞན་ཡང་རིགས་པར་ན་བདུད་ཅཞོ་ཆར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཉིད་དུ་བཅོམ་པར་ཤེས་པར་བྱའོ།། དེའི་ཚེ་ཞེས་བྱ་བ་ཡང ་བཀའ་ལུང་སྩལ་པའི་ཚེའོ།། བཅོམ་ལྡན་འདས་ཀྱི་དྲུང་དུ་ཇི་ལྟར་ཐོས་པ་ལྟར་ཞེས་བྱ་བ་ནི་སྟོན་པ་ལ་གུས་པ་དང་ཡིད་ཆེས་པས་བསྒྲེ་བ་སྣ་ལ་གསན་པའི་ཕྱི་རོ།། དེ་མ་ཐག་ཏུ་བཟུང་ངོ་ཞེས་བྱ་བ་ནི་བཀའ་ལུང་སྩལ་མ་ཐག་ཏུ་བདག ་ཉིད་གཤིན་རྗེ་དགྲ་དང་གཉིས་སུ་མེད་པར་གྱུར་ནས། དེའི་རང་བཞིན་བཟུང་ངོ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ནི་གཅིག་ཏུ་མ་གྱུར་ཞིང་། དུ་ཡང་གཅིག་ཏུ་འགྱུར་བ་ལ་ཐོགས་པ་མདོ་དེ། བསྐལ་པ་དུ་མར་ཚད་མེད་པའི་ཐབས ་མཁས་པ་ལ་བསྐྱབས་པས་སོ།། ཅིའི་ཕྱིར་འདིར་འདྲེ་བར་བྱེད་ཅེ་ན། རབ་ཏུ་མཐུ་དང་ལྗོན་པའི་ལྷ་གཉིས་གཅིག་ཏུ་གྱུར་པ་ནི་མཐུའི་ཁྱད་པར་རབ་ཏུ་ཕུལ་དུ་བྱུང་བ་སྟོན་པ་སྟེ། དེ་བས་ན་རྒྱུད་འདི་ནི་རབ་ཏུ་འགྲུབ་པ་འབྲས་བུ ་ཕྲལ་དུ་འབྱིན་པའོ།། ཞེས་དེང་སང་བླ་མོ་རྣམས་བཀུར་ནུས་གསུང་ངོ་།། གཞན་ཡང་སངས་རྒྱས་ཀྱི་རོལ་མོ་བསྟན་པ་རྒྱ་ཆེན་པོ་ལ་འཇུག་འདོད་པའི་ཕྱིར་ཏེ། ཇི་ལྟར་འཕགས་པ་དེ་ཁོ་ན་འདུས་པའི་རྒྱུད་དུ། དེ་བཞིན་གཤེགས། ་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགསུ་ཞུགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩོལ་པ། རིགས་ཀྱི་བུ་ཁྱོད་ཀྱང་ངའི་ཐུགསུ་ཞུགས་ཤིག་ཅེས་གསུངས་པ། ་ལྟ་བུའོ།། བཅང་སོ་ཞེས་བྱ་བ་ལ། དེའི་བདག་ཉིད་བཟུང་བ་དེ་ཉིད་མ་བཏང་བར་གནས་པའོ།། ཀུན་ཆུབ་པར་བྱས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་འཛིན་པ་ལ་རྗེསུ་དགའ་བ་བསྐྱེད་པའོ།། བསྟི་སྟང་དུ་བྱསོ་ཞེས་བྱ་བ་ནི་རྒྱུད ་འདིའི་དོན་ཡང་བཅོམ་ལྡན་འདས་དེ་ལ་གུས་པའི་ཕྱིར་བཤད་དོ་ཞེས་བྱ་བའོ།། ཁ་ཅིག་ནི་འདིར་སྐུ་ཡང་དག་པར་བཏད་པའི་བཤད་པ་དང་པོ་ལ་གུས་པས་ཚིག་འདི་དག་ཀྱང་གཞུང་ཡང་དག་པར ་གནོས་པས་འཆད་ལ། རྒྱུད་ཡོངས་སུ་རྫོགས་པ་ན་བྱེད་དོ།། གླང་བསླང་བུ་རྒྱ་ཆེར་བཤད་པ་རྫོགསོ།། །། ད་ནི་ཡོངསུ་ཤེས་པར་བྱ་བ་རྒྱུད་ཀྱི་གཞུང་ཉིད་བསྟན་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་ཡང་དག་པར་གཏང་པ་དག ་ཏུའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་དགྲ་སྟེ། ཇི་སྐད་དུ། འཕགས་པ་དེ་ཁོ་ན་འདུས་པོ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་འདི ་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་ལྷ་རྣམས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ། དེ་བཞིན་གཤེན ་པ་ཐམས་ཅད་ཀྱི་སྲས་ཐུའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟེ། སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོ་དབང་བསྐུ་རོ་ཞེས་གསུངས་པསོ།། བདུད་ཐམས་ཅད་ཙས། ་བྱ་བ་ནི་ལྷའི་བུའི་དང་འཆི་བདག་གི་བདུད་དོ།། སེལ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྤོང་ཞིང་དེ་དག་ལས་བསྲུང་བའོ་ཞེས་བྱ་བ་ནི་ཆོག་གིས་མཚམོས་སྦྱར་བ་དང་། མིང་གི་མཐའི་ཕྲད་དོ།། ཏིང་འཛིན་ཅེས་བྱ་བ་ནི་སེམས། ་རྗེ་གཅིག་པའོ།། འདིས་ཞེས་བྱ་བ་ནི་འོད་ཟེར་ལྔ་པོ་ནི་འཁྲུག་པའི་རྡོ་རྗེ་སྒོམ་བྱས་ཏེ། ཞེས་བྱ་བ་ལ་སོགས་པའོ།། དེ་མ་ཐུག་ཏུ་ཞེས་བྱ་བ་ནི་དོན་གྱི་དབང་གིས་ན་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་སྟེ། དེ་ཉིད ་ཀྱི་ཕྱིར་ཉིད་ཀྱི་སྐུ་དང་གསུང་དོང་ཐུགས་རྡོ་རྗེ་ལས་ཕྱུང་ཞེས་གསུངས་ཏེ། ཉིད་ཀྱི་ཞེས་བྱ་བ་ནི་གཤིན་རྗེའི་དགྲའོ།། སྐུ་དང་གཽསུང་དང་ཐུགས་རྣམས་ཆོས་ཀྱི་དབྱིངསུ་བསྒོམས་པས་དེ་ཉིད་བདག་ཉིད་ལས་མི་ཕྱེད་པས་གྱུར་པ ་ནི་རྡོ་རྗེའོ།། དེ་ཉིད་ལས་བསྲུང་བ་ལ་སོགས་པའི་མན་ངག་རྣམས་ཕྱུང་ངོ་།། དེ་བས་ན་འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་སྔོན་ཆད་མེད་པ་ཞིག་སྦྱར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན ་འདས་པའི་སྔགས་རྣམས་ཀྱི་ཐོག་མའི་བྱེད་པ་མེད་པའོ་ཞེས་གསུངས་ལྔ། ཡང་གསུངས་པ། གསང་པོའི་བདག་པོ་གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། དྲུད་དུ་མ་བཅུག་རྗེས ་སུ་ཡི་རང་བ་མ་ཡིན།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ནི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ཤེས་གནས་པ་སྟེ། དེ་ཡོང་འདི་ལྟར་གསང་སྔ། ་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ།། གསང་བའི་བདག་པོ་དེ་ལ་གང་གིས་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཆོས་ཉིད་ཚུལ་སྣ་ཚོགས་དང ་དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་ཡིག་འབྲུ་སྣ་ཚོགས་དང་། ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགསུ་གོ་བ་རྣམས་སུ ་བྱིན་གྱིས་རླབས་ཏེ། གསང་སྔགས་ཀྱི་ཚུལ་འཆང་ངོ་ཞེས་གསུངསོ།། དེ་ལས་བྱུང་བ་དེ་ཉིད་གང་ཞྭ་ནི། ཟླ་བ་རྡོ་རྗེ་རབ་སྦྱོར་བས།། གཤིན་རྗེ་གཤེད་པ་བསམ་པར་བྱ་ཞེས་བྱ་བ་གསུངས་ཏེ། དང་པོར་སྟོང་པ་ཉིད་དུ་གྱུར་པ་ལྤ་ཨམྲ ་བྱུང་བའི་ཟླ་བ་ལ་ཧཱུཾ་གི་ཡི་གེ་ལེས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམ་པའི་འོད་ཟེར་འཕྲོ་བ་དང་འདུ་བའི་བར་དུ་སྦྱོར་བས་དེ་དག་ཡོངསུ་གྱུར་པའི་འོད་ཀྱི་གོང་བུ་ལསོ་ཞེ་སྡང་གཤིནནེ་ཎཱཾ་གཤད་པོར་བདག་ཉིད་བསམ་པར་བྱའོ།། ་འདིའི་དོན་ཡང་ཞིབ་ཏུ་ནི་ཀུ་མུ་ཏ་ཁ་ཕྱེ་བར་བསལ་བར་བྱས་པས་དེར་ལྟའོ།། ཅི་བསྲུང་བ་མ་བསྒོམས་པར་རམ་ཞེ་ན། མ་ཨིན་ཏེ། བདུད་རྣམས་མེད་པའི་དོན་དུ་ནི།། ཕྱོགས་བཅིང་དོན་ནི་རབ་བསྟན་པ།། བསྒོམ་ཞེས་བྱ་བ་ནི་ཚོག ་ལྷག་མའོ།། ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། བསྲུང་བའི་དོན་ལ་པདྨའི་ཟླ་བ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་འོད་ཟེར་ཁ་དོག་ལྔ་པོ་རབ་ཏུ་འཁྲུག་པར་རོ།། ་དེས་ཇི་ཞིག་བྱེད་ཅེ་ན། འོད་ཟེར་ཁ་དོག་ལྔ་པོ་འཁྲུག་པ་དེ་དག་རྡོ་རྗེ་རབ་ཏུ་ཕྲ་བ་ནས་འབྲས་ཙམ་དུ་གྱུར་ཅིང་དེ་དག་འོག་ཏུ་རབ་ཏུ་འཐབས་པ་ནི་འོག་མ་ལུས་པ་འམ། བཅུད་ཀྱི་ངོས་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱི་སི་བཞིར་གྱུར ་ཅིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཀུན་ནས་གྲུ་བཞིར་ལྕམ་པར་ཁོར་ཡུག་ཆེན་པོར་རོ།། ཕྱོགསུ་ནི་འོད་ཟེར་དེ་དག་རྡོ་རྗེའི་རང་བཞིན་གྱི་ལྕགས་རིའི་ར་བར་གྱུར་ཏོ།། ཡང་འོད་ཟེར་དེ་དག་ཕྱོགསུ་ཁོར་ཡུག་ཆུང་ངུའི་རྣམ་པ ་ལྷུར་ཀུན་ནས་ཟླུམ་པོའི་རྡོ་རྗེའི་བརྩིག་པ་ཉིད་དུ་གྱུར་ཏོ།། ཡང་འོད་ཟེར་དེ་དག་སྟེང་གི་ཕྱོགས་སུ་རྡོ་རྗེའི་རང་བཞིན་གྱི་གུར་དག་ཏུ་གྱུར་པར་ཇི་ལྟར་གསུངས་པ་དེ་བཞིན་དུ་བསམ་པར་བྱ་སྟེ། དེ་བོས་ན་གང་ཞིག་དཔལ་གཤིན ་རྗེའི་དགེའི་གོ་འཕང་འདོད་ན་དེས་དང་པོར་བསྲུང་བྱར་བགྱིས་ལ། དེ་ནས་དེར་བདག་ཉིད་སྒོམས་ཤིག་ཅེས་གསུངས་པའོ།། དེ་ལ་ཁ་ཅིག་ན་རེ་བསྲུང་བ་ལ་སོགས་པ་ནི་རྣོལ་འབྱོར་ཡང་བདག་ཉིད་ལྷའི་སྐུར་གནས་པར་བྱ་བར ་རིགས་ལ། རྒྱུད་ལས་ཀྱང་དང་པོར་ལྷའི་རྣལ་འབྱོར་གསུངས་པས་རེ་ཤིག་དང་པོ་ཟླ་བ་དང་། རྡོ་རྗེ་ཙམ་ལས་ལྷའི་མངོན་དུ་བྱས་ལ་དེས་བསྲུང་བར་བྱ་སྟེ། དེའི་དབུས་སུ་མཆོད་པ་ལ་སོགས་པ་ལྷའི་རྣལ་འབྱོར་རྒྱས་པ། ཡན ་ལག་དང་བཅས་པར་བྱའོ་ཞེས་ཟེ་རོ།། དེ་ནས་ཞེས་བྱ་བ་ནི་བསྲུང་བ་བསྟན་པ་ཐག་ཏུའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞོ་སྟོང་གཤིན་རྗེ་གཤེ་ཉིད་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་འཁོར་བའི་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའོ་ཞེས་བྱའོ།། དེ་བདུད་ཐམས་ཅད་སྐྲག་པོར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་འབྲས་བུའི་གཤིན་རྗེ་གཤེད ་གྱུར་ནས་སོ།། གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་བྱ་བ་ལ་སོགས་པ་ནི་གོ་སླའོ།། ན་མཁའི་རྡོ་རྗེ་དབུས་སུ་ནི་ཞེས་བྱ་བ་ལས་ནམཁཱི་རྡོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཡོངསསུ་གྱུར་པ་ལས་བྱུང་བྱའི་ཆོས་ཀྱི་འབྱུང་གནས ་ནམ་མཁའ་ཐམས་ཅད་ཁྱབ་པའི་ཚད་ལ་ཆོས་འབྱུང་གི་རྡོ་རྗེ་དང་དབྱེར་མེང་པར་གློ་བུར་གྱི་སྒྲིབ་པ་དང་བྲལ་བས་ཁ་དོག་དཀར་བ་འདོད་པའི་ཁམསུ་ཁྱབ་པས་རྩེ་མོ་གཅིག་ཐུར་དུ་བལྟོས་པ་ཁམས་གོང་མ་གཉི་སྐྲ་ཁྱབ་པར ་རྩེ་མོ་གཉིས་སྟེང་ན་གནས་པའོ།། དེའི་དབུས་སུ་ཞེས་བྱ་བ་ནང་དུ་པ~ཾ་ལས་བྱུང་བའི་པདྨ་སྣ་ཚོགས་འདབ་ཀྱི་ལྟེ་བྱ་ལ་ཧཱུཾ་ལས་བྱུང་བའི་ཉི་མར་ཡི་གེ་ཁཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འོད་ཟེར་བསྐལ་པའི་མེ་འབར་བ་ལྟ་བུས་བདུད་ཀྱི ་དཔུང་ཆེན་པོ་སྲེགས་པས་འཇིགས་པ་བསམ་པར་བྱ་ཞིང་དེའི་དབུས་སུ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་སྦྱོར་བས་གཞལ་ཡས་ཁང་ཁང་པ་བརྩེགས་མ་བསམ་སྟེ། ཁང་པ་རྟོགས་མ་དེའི་དབུས་སུ་ཇི་ལྟར་གསུངས་པའི་གདན་ལ་བསམ ་པར་བྱ་བ་ནི་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པཾ་གོ་སླའོ།། སྣ་ཚོགོས་རྡོ་རྗེའི་གྲཝ་བཞི་ལ།། མིའི་མགོ་བོ་དེ་བཞིན་བཞི་ཞེས་བྱ་བ་ལ། སྣ་ཚོགས་རྡོ་རྗེའི་གྲཝ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་ཁང་པ་བརྩེགས་མོའི་གྲཝའི་རེའུ་ཆ་བཞི་པ ་པདྨའི་ཟླ་བ་བདུད་རྩིས་བཀང་པོའི་མིའི་མགོ་བོ་བཞི་དེ་བཞིན་དུ་བསྒྲིམ་པར་བྱའོ།། ཞེས་ཚིག་རྣམ་པར་སྦྱརོ།། ཁ་ཅིག་ན་ཇེ་ནི་དབུས་སུ་པདྨ་འདབ་བརྒྱད་བསྒོམ་ཞིང་དེའི་མཚམས་ཀྱི་འདབ་མ་བཞི་ལའོ་ཞེས་ཟེར་བ་ནི་མི་འཐད་དོ།། འདིར་གྲཝ་ཞེས་བྱ ་བཱ་ཡང་། ནང་གི་རྡོ་རྗེ་ར་བུའམ། ལྷའི་སྣམ་བུའི་གྲཝ་གླང་ལ་ཡང་རུང་བའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དབྱུང་བའི་སྔགས་ཏེ་གོ་སླའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས ་བྱིན་གྱིས་བརླབས་པ་སྟེ། འདིར་དོན་ནི་སྔོན་དུ་བྱ་བའི་ཡན་ལག་རྣམས་བྱས་ལ། དེ་ནས་རེ་ཞིག་རང་གི་ཚེགས་མར་ཨི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟང་དུ་ཡི་གེ་ཨོཾ་ཁ་དོག་དཀར་པོ་ལས་བྱུང་བའི་འཁོར་ལོ ་བརྒྱད་པ་བསྣམས་ལ། དེ་ཡོངསུ་གྱུར་པ་ལོས་རྣམ་པར་སྣང་མཛད་དཀོར་པོ། རྩཝ་བའི་ཞལ་དཀར་པོ། ཞལ་གཡས་གཡོན་གནག་པ་དང་དམར་བ། ཕྱག་གཡས་པ་གཉིས་ནི་འཁོར་ལོ་དང་རལ་གྲི་འཛིན་པ། གྲཝ་ཡོན་པ་གཉིས་ན་ནོ།། ་བུ་དང་པདྨ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་བཙུན་མོ་ལ་འཁྱུད་པ། རྡོ་རྗེ་སྐྱོལ་ཀྲུང་དུ་གནས་པ་བསམས་ཏེ། ཡད་དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱི ་ཚོགས་ཀྱིས་ན་མཁའི་གཏོས་ཁྱབ་པའི་སངས་རྒྱས་དཔག་ཏུ་མེད་པ་བསྡུས་ཏེ། མཁའ་ལ་གནས་པ་ལ་ཡད་དག་པར་མཆོད་དེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ།། རྡོ་རྗེ་མི་བྱེད་གསུམ་བསྒོམས་པས།། དང་བདག་བྱིན་གྱིས ་བརླབས་ནས་སུ།། རྡོ་རྗེ་སྐུས་ནི་མཛོད་དུ་གསོལ།། ཕྱོགས་བཅུ་རཾ་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དང་བདགེ་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། སངས་རྒྱས་ཀུན་གྱི་སྐུ་གང ་ཕུང་པོ་ལྔ་ཡིས་རབ་བཀང་བྱ།། སངས་རྒྱས་སྐུའི་ངོ་བོ་ཉིད།། བདག་ཀྱང་དེ་དང་འདྲ་བར་ཤོག། ཅེས་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཐཱ་གཽ་ཏ~ཾ་ཀ་སུ་རྫ། ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཱུཾ། ཞེས་བཟླས་པས་བྱིན་གྱིས་བརླའོ།། དེ་ནས་ཡང་མགྲིན་པའི་ཕྱོགསུ་ཨའི་ཡི་གེ་ལས་བྱུང་བའི་ཟླ་བ་ལ། ཡི་གེ་ཨ་དམར་པོ་བསམས་ཏེ་དེ་ལས་བྱུང་བའི་པདྨ་དམར་པེ་དང་། དེ་ལུས་བྱུང་བའི་བཅོམ་ལྡན་འདས་ཚེ་མཥྚཱན། ་ཡས་བསྐུ་མེདག་པདྨ་རཱ་ག་འདྲ་ག། ཞལ་གསུམ་ལ་རྨྱ་བའི་ཞལ་དམར་བ། ཞལ་གཡོས་དང་གཡོན་གནག་པ་དང་། དཀར་བ། ཕྱག་དྲུག་པ། གཡས་ན་པདྨ་དམར་པོ་དང་ནོར་བུ་མརྒད་འཛིན་པ། གཡོན་ན་ནོར་བུ་བེ་ཌཱུརྱ་དངེ་འཁོར་ལོ་། ་པ། གཱཡས་གཡོན་དང་པོ་གཉིས་ན་གྲི་གུགཾ་དང་ཐོད་པས་བྲེལ་བས་རང་སྣང་བའི་བཙུན་མོ་ལ་འཁྱུད་པར་བསམས་ཏེ། དེའི་ཐུགས་ཀའི་ཡི་གེ་ཨའི་འོད་ཟེར་གྱིས་སངས་རྒྱས་ན་མཁའ་ཁྱབ་པ་དཀུག་ལ་ཡོད་དག་པར་མཆོད་དེ ་ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མོཾ་ཕྱེད་གསུམ་བསྒྲིམས་པས།། དེང་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེ ་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན།། ངེས་པའི་ཚིག་ནི་ཕུན་སུམ་ཚོགས།། བདག་གི་ཚིག་ཀྱང་དེ་འདྲ་ཞིང་།། ཆོས་འཛིན་པ་དང་འདྲ་བར་ཤོག། ཅེས་གསེལ་བ་བཏབ་པས།། ་སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་ལ་རབ་ཏུ་བཞུགས་པར་བྱས་མོ།། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བཟླས་པས་བྱིན་གྱིས་བརླའོ།། དེའི་འོག་ཏུ་སྙིང་གར་ཡཱི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང ་བའི་རྡོ་རྗེ་ལས་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ནག་པོ་ཞལ་གསུམ་པ་ལ་ཕྱག་དྲུག་པ། ཞལ་དང་པོ་གནག་པ་གཡས་དང་གཡོན་དཀར་བ་དང་དམར་བ། ཕྱག་གཡས་པ་ན་རྡོ་རྗེ་དང་རལ་གྲི། གཡོན་པ་དག་ན་མོར་བུ་དང་པདྨ ་ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཆང་བས་རང་ལྟ་བུའི་ཤེས་རབ་མ་ལ་འོ་ཁྱུད་པར་བསམས་ཏེ། ངའི་ཐུགས་ཀ་ན་གནས་པའི་ཡི་ག་ཧཱུཾ་གི་འོད་ཟེར་གྱོས་བསྐུལ་བའི་སངས་རྒྱས་ན་མཁའ་གང་བ་ལ་ཡང་དག་པར་མ ་དོ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། ་དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན།། གསང་བའི་བདག་པོ་བློ་ལྡན་པ།། བདག་ཀྱང་དེ་དང་འདྲར་གྱུར་ཅིག། རྡོ་རྗེ་འཛིན་དང་མཚུངས་པོར་ཤོགྶ། ཅེས་གསོལ་པ། ་བཏབ་པསོ། སངས་རྒྱས་ཐམས་ཅད་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ&ཧཾ་ཞེས་བཟླས་པས་བྱིན་གྱིས་བརླབས་ཏེ། འདི་དག་ལ་སོགས་པ་བྱིན་གྱིས་བརླབས་པའི་སྔགས་ནི།། གང་དུ་ཡང ་ལན་གསུམ་མམ། བདུན་ནམྱ། ཡང་ན་དེའི་དོན་ལ་མོས་པ་ངེས་པར་གྱུར་གྱི་བར་དུ་བཟླ་སོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གཙོ་བོ་རང་བཞིན་བཤད་པ་དེ། དེའི་ལྕུག་མ་ནི་ལེའུ་བཅུ་པ་ལྔ ་འཆད་པར་བྱེད་དོ།། ཚིག་གི་དོན་འདི་གོ་སླ་བས་མུ་ཕྱེའོ།། མངོན་པར་རྟོག་པ་ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་ལམ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ཞེས་བྱའོ།། ལེའུ་དང་པོའི་བཤད་པ་རྫོགསོ།། ། ་དེ་ལྟར་མངོན་པར་རྟོགས་པ་བསྒོམ་པའི་དུས་སུ་བསྟོད་པ་ལ་སོགས་པ་བྱ་དགོས་པོས་ན། དེ་ནས་བསྟོད་པ་ལ་སོགས་པ་བའི་ལེའུ་གཉིས་པ་བསྟན་ཏོ།། དཀྱིལ་འཁོར་ཆེན་པོ་བྲི་བཾ་ཡང་།། སློབ་མས་གསོལ་བ་གདབ་དགོས་པས། གསོལ་བ་གདབ་པ ་ལ་སོགས་པ་ལེའུ་གསུམ་པ་བསྟན་ཏོ།། བདག་གི་དོན་དུ་དངོས་གྲུབ་ཐོབ་ནས་གཞན་རྗེས་སུ་གཟུང་བ་དང་། ཕན་གདགས་པར་རིགས་ཏེ། དེ་ལྟར་ནི་འཕགས་པ་དཔུང་བཟང་གྲིས་ཞུས་པ་ལས་ཀྱང་། འདི་ན་ཡུལ་རྣམས་སྦྱངས་ཤིང་ཆོས ་བསྒྲུབས་པས། ཚེ་རིང་པོ་ཉིད་ལེགས་པར་ཐོབ་གྱུར་ན། སྐྱོ་བ་མེང་བའི་སེམས་ཀྱིས་འགྲོ་བ་ཡིས།། བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། ཞེས་གསུང་སོ།། དེ་བས་ན་དེ་བཞིན་གྱི་དོན་ལེའུ་བཞི་པ་གསུང་སོ།། དེ་ནས་ཁ་ཅིག་ནི་ཞི་བ་ལ ་སོགས་པའི་ལས་ཀྱིས་མི་འདུལ་གྱི། དབྱེ་བ་དང་བསྐྲད་པོས་འདུལ་བར་བྱེད་པས་ན། ལེའུ་ལྔ་པ་གསུང་སོ།། དེ་ལྟར་རབ་འབྱམས་བྱེད་པ་ན་རང་གི་ལྷ་རྗེ་སུ་དྲན་ཞིང་བྱེད་ལ། ལས་དེ་ཡང་ལྷ་ལ་དབུལ་བར་རིགས་ཏེ། ཇི་སྐད་དུ་འཕགས་པ་དེ ་ཁོ་ན་འདས་པ་ལས། དགཱ་པའམ་ཡང་ན་མི་དགོ་དྷ།། གང་གི་ལས་རྣམས་བྱས་པ་ནི།། རྒྱལ་བ་ལྟ་ནི་དཱུལ་གྱུར་ན།། སྐད་ཅིག་གིས་ནི་གཟི་ནྡན་འགྱུར་ཞེས་གསུང་སོ།། དེ་བས་ན་ལས་དབུལ་བྱའི་ཡུལ་དུ་གྱུར་པ་སྤྱི་གཙུག་ཏུ་བཞག་པའི་ལྷ་རྒྱུས་གང ་བ་ལ་སོགས་པ་སྟོན་པའི་ལེའུ་དྲུག་པ་གསུང་སོ།། དེ་ལྟར་འཁྲུལ་འཁོར་བསྟན་ཀྱང་ཏིང་འཛིན་ཐོབ་པ་རྣམས་ནི་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་ཀྱི། དགོས་པ་ཐམས་ཅད་ནང་གི་རྣལ་འབྱོར་གྱིས་བྱེད་པས་ན། ལྷ་མྱེ་བཞི་ནང་གི་རྣལ་འབྱོར་སྟོན་པ ་ལ་སོགས་པ་ལེའུ་བདུན་པ་གསུང་སོ།། དེ་ལྟར་དབང་བསྐུར་བ་ནི་དཀྱིལ་འཁོར་ལ་རག་ལས་ལ། དཀྱིལ་འཁོར་བྲི་བླ་ཡང་བཀའི་བསྲུང་བའི་འཁོར་ལོ་བཀླག་པར་རིག་པས་ནི། བཀའི་བསྲུང་པོའི་འཁོར་ལོ་ལ་སོགས་པ་བསྟན་པ། ལྗོའུ་བརྒྱད ་བ་གསུང་སོ།། དེ་ལྟར་སྦྱིན་སྲེག་བསྟན་ནས་གནས་སྐབས་འགའ་ཞིག་ཏུ་ལས་གཞན་ངེས་པར་དགོས་པས་ན། སྦྱིན་སྲོག་ལས་ལས་གཞན་པ་ཆར་དབབ་པ་ལ་སོགས་པའི་ལས་སྟོན་པའི་ལེའུ་དགུ་པ་བསྟན་ཏོ།། ལས་དེ་དག་ནི་ཕྲ་བ་ཡིན་པས ་སྒྲུབ་པ་པོ་སྟོབས་ཆེ་བྱ་དག་ལ་ནི། དེས་ཡིད་མགུ་བར་བྱེད་མི་ནུས་པས་ན་དངོས་གྲུབ་ཆེན་པོ་རོ་ལངས་ཀྱི་བསྒྲུབ་པ་ལ་སོགས་པའི་ལེའུ་བཅུ་པ་བསྟན་ཏོ།། དེ་ལྟར་བསྟན་པའི་ལྷ་ང་རྣམ་པར་དག་པ་གང་ཞེ་ན། ཞེས་སྟོན་པ་དག་གི་ཕྱིར་ན། ལཱུ ་རྣམ་པར་དག་པ་ལ་སོགས་པའི་ལེའུ་བཅུག་པ་བསྟན་ཏོ།། ཇི་ལྟར་ལྷ་ཚིམ་པར་བྱ་བའི་ཕྱིར་བདུད་རྩི་ཟ་བ་དེ་བཞིན་དུ་ལྷ་རྣམས་དགྱེས་པར་བྱ་བའི་ཕྱིར་གླུའི་མཆོད་པ་ཡང་བྱ་སྟེ། ཇི་སྐད་དུ། གསང་བ་ཟླ་བའི་ཐིག་ལེ་ལས། པི་ཝང་གླིང ་རྡུས་མཚན་སྐུ་བརྙན་གྱི།། ཀླུ་དབྱངས་པོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད།། ཇི་སྙེད་ཡིད་དུ་འོང་བྱའི་གླུ་དག་ནི།། འཇིག་རྟེན་གྲགས་པའི་བདེ་བ་བདེ་བ་དག། བདེ་བའི་སྒྲ་ཡིས་བསྐྱེད་པ་རྣམ་བསྒྱུར་བ།། དེ་ང་མཐུན་པའི་དབྱངས་འདིས ་འགྲུབ་པར་བྱེད། ཅེས་གསུངས་ཏེ་གླུའི་མཆོད་པ་བསྟོན་པ་ལ་སོགས་པ་ལེའུ་བཅུས་པོ་བསྟན་ཏོ།། དེ་ལྟར་ཡོན་ཆེན་པོ་ཕུལ་བས་བྷྲ་མ་མཉེས་བྱར་བྱས་པའི་སྔགས་པ་ནི། དངོས་གྲུབ་མ་ལུས་པའི་ཞིང་ཡིན་པས། ན་མཁའ་ལོ་སྦྱོང་བའི་སྒྲ ་ཀྱི་མཐུས། ལྷའི་རྣ་བ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་བསྟན་པའི་ལེའུ་བཅུ་གསུམ་པ་བསྟན་ཏོ།། ནམ་མཁའ་ལ་འགྲོ་བའི་ལ་སོགས་པའི་དངོས་གྲུབ་དེ་དག་ཀྱང་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་རག་ལུས་ལ་དཀྱིལ་འཁོར་ཡང་ཐིག་གི ་བསྒྲུབ་པར་རིགས་ཏེ། དཀྱིལ་འཁོར་ཀུན་ལ་མཁས་པ་ཡིས།། ཐིག་ནི་ཚོ་གས་བྲི་བར་བྱ། ཞེས་གསུངས་པས་སོ།། དེ་བས་ན་ཐིག་གདབ་པ་ལ་སོགས་པའི་བྱ་བ་བསྟན་པ་ལེའུ་བཅུ་བཞི་པ་བསྟན་ཏོ།། ཁ་ཅིག་མི་སྤང་བའི་དངོས་གྲུབ་མི ་འདོད་ཀྱི། ཆུ་ལ་མི་བྱིང་བ་ལ་སོགས་པའི་དངོས་གྲུབ་འདོད་པ་སྲིད་པའི་ཕྱིར། འཕགས་པ་དུག་སེལ་ལ་སོགས་པའི་སྒྲུབ་པའི་ཐབས་བསྟན་པའི་ལེའུ་བཅོ་ལྔ་པོ་གསུང་སོ།། ཁ་ཅིག་དངོས་གྲུབ་དེ་དག་མི་འདོད་ཀྱི། དཔལ་ཧེ་རུ་ཀ་མཉེས་པ་ཡིས ་མཆོག་གྲུབ་པ་འདོད་པ་ཡོད་པས། དེ་དག་གི་ཕྱིར་ནི་དེ་ནས་དེ་བསྒྲུབ་པའི་ཐབས་ལེའུ་བཅུ་དྲུག་པ་གསུང་ས།། དེ་ལྟར་བསྐྱེད་པའི་རིམ་པ་མང་པོར་བསྟན་པ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་མངོན་པར་བྱང་ཆུབ་པའི་རིམ་པ་ཆོ་ག་ལྔས ་བདག་པོ་རྣམས་བསྐྱེད་པར་བྱ་བ་ཡིན་པས་ན། ཆོ་ག་ལྔ་ལ་སོགས་པ་སྟོན་པའི་ལེའུ་བཅུ་བདུན་པ་གསུང་སོ།། དེ་ལྟར་བསྟན་པ་ལ་ཁ་ཅིག་འདི་སྙམ་དུ་རྒྱུད་འདི་དང་པོ་ནི་ཅིའི་ཕྱིར་གསུངས། སུས་གསུངས་ཞེས་རྟོག་པའི་ཕྱིར་གླང་གཞི། ་དང་འདྲ་བའི་ལེའུ་བཅོ་བརྒྱད་པ་གསུང་སོ།། རེ་ཞིག་རྒྱུད་འདིའི་ལེའུ་རྣམས་ཀྱི་རིམ་པ་ངེས་པ་དང་། མཚམས་སྦྱར་བ་ནི་རེ་ཞིག་ནི་འདི་ཙམ་དུ་ཤེས་པར་བྱའོ།། ཁ་ཅིག་ན་རེ་རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་ལས། ཅུང་ཟད་ཅུང་ཟད་ཕྱུང་བ ་ཡིན་པས་མཚམས་སྦྱར་བ་དང་། གཽ་རིམས་ངེས་པར་བྱ་བ་མི་ནུས་ཞེས་ཟེར་རོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་སྟོན་ཏེ་ཚིག་གི་དོན་ནི་དེ་ནས་བྱ་བའི་ལེའུ་དང་པོ་བསྟན་མ་ཐག་ཏུའོ།། བཅོམ་ལྡན་འདས ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་རྣམས་ཏེ། ཚི་གི་དོན་སྔོན་བཞིན་ནོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་མ་ལུསྔོ་པ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འཆད་པར་འགྱུར་བའི་ཚིག་འདི་དག་གིས་བསྟོད་པ་སྟེ། གཙམ་བུའི་དོག་མཱིན་གྱི། ཡང་དག་པའི་ཡོན་ཏན་ཇི་ལྟ་བར་བསྙང་པོའོ།། ཇི་སྐད་ཅེ་ན། གཱཏི་མུག་རྡོ་རྗེའི་རང་བཞིན་ཁྱོད་ཅེས་བྱ་བ་ལ་སྥོ་ཌ ་སྤྲོ། གཏི་མུག་ཅེས་བྱ་བ་ནི་སྔར་བསྟན་པ་དེ་བཞིན་ཏེ་དེ་ཉིད་མི་ཕྱེད་པས་རྡོ་རྗེའི་རང་བཞིན་ཏེ་ཡང་ཞེ་སྡང་གཤིན་རྗེའི་དགྲ་ཁྱོད་དེར་སྣང་བའོ།། ཤིན་ཏུ་མི་ཟད་ཅེས་བྱ་བ་ནི་རབ་ཏུ་དྲག་པོས་གདུལ་བའོ།། གཤིན་རྗེའི་དངགྲ་ཞེས་བྱ་བ་ནི་ཛྫ། ་ལྡཞིན་ནོ།། སྟོན་པ་ཞེས་བྱ་བ་ནི་གཤིན་རྗེ་རབ་ཏུ་ཞི་བར་བྱེད་བསྣུན་འམ། ཆོས་ཀྱང་བ་ཉིད་ལས་མི་གཡོ་བས་སོ་སངས་རྒྱས་ཀུན་གྱི་དངོས་ཞེས་བྱ་བ་ནི་སྔར་བྱཤད་པའི་ཚུལ་གྱིས།། རྡོ་རྗེ་ནས་བྱ་བ་ནཱ་སཱུ་བྷྱ་རྒྱུ ་བརླབས་པས་རྡོ་རྗེ་ལྟར་མི་ཕྱེད་པའོ།། ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་ལུས་དང་ངག་གིསོ།། ཕྲ་མ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་ཚེགསཱ་ལས་དྲང་བར་བྱའོ།། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བཱ་ནི་མི་བསྐྱོད་པ་ཐུགས་བྱིན་གྱིས་རློབ་ཅིང ་རྡོ་རྗེ་ལྟར་མི་ཕྱེད་པའོ།། ར་སྣང་བ་ཞེས་བྱ་བ་ལ་རབ་ཏུ་སྣང་བ་ནི་མཆོག་ཏུ་འདྲ་བའོ།། ཇི་ལྟར་ཞེ་ན་རིགས་འོདི་ནི་རྡོ་རྗེའི་རིགས་ཐ་དད་པར་སྣང་བ་ཙམ་ཡིན་པས་ན་རིགྲོས་ཀྱི་བཙུན་མོ་ཡང་བདོག་ཉིད་མ་འམོ། རྡོ་རྗེ་ང་གྲ་མོ་གང་ཡང་རུང་བ ་གཉིས་ཀའི་བྱ་སྟེ། རིགས་གཅིག་ལསོ་གསུམ་དང་། གསུམ་ལས་ལྔར་འགྱུར་ཏེ། འདི་ནི་ཐུགས་ལས་རིན་པོ་ཆེར་འགྱུར་ཏེ། སེམས་དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་འབྱུང་བས་རིན་པོ་ཆེར་བཞག ་གི། ལུས་དང་ངག་ནི་དེ་ལྟ་མ་ཡིན་ཏེ། དེའི་ཁྱད་པར་ཙམ་སྣང་བར་ཟད་པསོ།། རིན་ཆེན་ཞེས་བྱ་བྱ་ནི་ཉིད་ཀྱི་ཐུགས་རིན་པོ་ཆེ་ལྟར་འདོད་པ་འབྱིན་པའི་ཕྱག་རྒྱ་ནོར་བུ་མར་ཀ་ཏ་ཆ་དགུ་པས་མཚོན་པ་ནི། འདིར་རྟགས་ལ་བྱ་སྟེ། ར་ཙ་ལ ་ཕྱག་རྒྱ་ཞེས་བྱ་བ་ལྟ་བུའོ།། རྡོ་རྗེ་ལྟར་མི་ཕྱེད་པ་ལ་སྔ་མ་ལྟར་ཕྱག་འཚལ་བསྟོད་ཅེས་གསུང་སོ།། འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞི་ནོ།། མངའ་བདག་ཅེས་བྱ་བ་ནི་བདག་པོའོ།། འདོད་ཆགས་ནི་སེམས་ཅན་ལ་ཆ། ་བ་སྟེ། དེ་ཉིད་ཐེག་པ་ཆེན་པོ་འདིར་ཆོས་ཏེ། མཁས་པ་དག་གི་གཟུང་བར་བྱ་བས་ནའོ།། དེ་ཡང་ཁྱོད་ལས་བྱུང་བ་སྟེ། འདི་ནི་འདོད་ཆགས་ཉིད་མཆོག་ཏུ་སྟོན་པ། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི།། དེ་ཉིད་ཁོ་ན་རྟོགས་པ་འདི།། བང ་སྟེ་བདག་གི་ལག་ཏུ་སྦྱིན།། ཆོས་ལ་ཆོས་ནི་གནས་པར་འགྱུར། ཅེས་ཇི་ལྟར་གསུངས་པ་ལྟ་བུའོ།། དེ་ལྟ་བས་ན་གསུང་རྣམས་ཏེ་སྨྲ་བའི་ཕྱི་རོལ་བསྟན་པ་ཀུན་གྱི་མཆོག་དང་། ཉོན་ཐོས་དང་། སངས་རྒྱས་ཀྱི་སྨྲ་བ་དག་གི་ཡང་དམ་པ་དང་། གང་དུ ་འདོད་ཆགས་ཀྱི་ཚུ་ལོ་སྣང་པ་དག་གིས་དག་པས་ཀྱང་འདི་མཆོ་གོ།། དེ་ཉིད་ཀྱི་ངག་རྣོ་རྗེ་གྲུབ་པར་འདོད་པས་གསུང་གི་གནསུ་རྡོ་རྗེ་འདོད་ཆགས་བསྒོམ་པར་བྱ་བ་ཁྱོད་ལ་སྔོན་བཞིན་དུ་ཕྱག་འཚལ་བསྙེད་ཅེས་གསུང་སོ།། ཕྲག་དོག་ཅེ ་བྱ་བ་ལ་སོགས་པ་ནི་སྔོན་བཞི་ནོ།། སྐུའི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། ཚིག་གི་དོན་ནི་སྔོན་བཞི་ནོ།། རབ་ཏུ་སྣང་པོའི་མཆོག་ཏུ་འདྲ་བ་སྟེ། ཇི་ལྟ་ཞོ་ནུ། འོདི་ནི་ལས་ཐམས་ཅད་པ་ཡིན་ལ། ལས་རབ་འབྱམས་ཡང་ལུས་ཀྱིས ་བྱེད་པར་ཚུ་རོལ་མཐོང་བ་དག་ལ་མངོན་སུམ་དུ་གྲུབ་པས་དེའི་ཕྱིར་སྐུའི་རིགས་ཉིད་ལས་འཕྲིན་ལས་ཀྱི་རིགས་འདི་ཕྱི་བས་ན། ལས་ཀུན་མཛད་ཅེས་གསུངསསོ།། དེ་ཉིད་ཀྱི་ཕྱག་རྒྱར་ནི་ཕྱག་ན་རལ་གྲི་འཛིན་པ་སྟེ། དེ་ལ་སྔོན་བཞིན་དུ་ཕྱག ་འཚལ་བསྟོད་ཅེས་གསུང་སོ།། སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རོ།། ཀུན་སྡུད་པ་ཞེས་བྱ་བ་ནི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སུའོ།། དེ་དག་འབྱིན་པ་པོ་ཡང་ཡིན་ཏེ། དེ་བས་ནི་སངས་རྒྱས་ཀུན་ཅེས་བྱ་བ་ནི། དཀྱིལ་འཁོར ་གཞན་པའི་ལྷ་སྟེ། དེ་དག་པས་མཆོག་ནཱི་གཏི་མུག་གཱ་ཤིན་རྗེ་གཤེང་ལ་སོགས་པའོ།། དེ་དག་གི་ཡང་དམ་པ་ནི་ཞེ་སྡང་གཤིན་རྗེ་ག་ཤེད་ཀྱི་སྐུ་སྟེ། འབྱིན་པ་དང་སྤྱད་པཱ་པོའི་ཕྱིརོ།། དེ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སྣང ་བྱའི་ཕྱིར་དེ་ནི་མཆོག་གོ།། དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་པཀྱིལ་འཁོར་གྷྲི་རྗེ་སྟེ། དབང་ཕྱུའོ།། དེ་ལ་ཕྱག་འཚལ་བསྟོད་ཅེས་སྟོན་བཞིན་སྒྱུར་བ་གསུང་སོ།། དེ་བས་ནི་བདག་པོ་ཁོ་ན་ལྕི་བསྟོད་དུ་སྒོ་ལྷ་ཐམས་ཅད་ལ་བསྟོད་པ་ཁོ་ནའི། ་རྡོ་རྗེ་མོག་ཅེས་བྱ་བ་ལ་སོགས་པས་ནི་ཡན་ལག་དྲུག་བསྒོམ་པའི་ཆོ་ག་སྟོན་ཏེ། འདིར་དོན་ནི་སྡེར་བྱ་བ་རྣམས་བྱས་ཏེ། དེ་ནས་མིག་རྣམས་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཀྵི་དཀར་པོ་ལས་བྱུང་བའི་འཁོར་ལོ་ཡོ ་སུ་གྱུར་པ་ལས་བྱུང་བའི་སའི་སྙིང་པོ་སྐུ་མདོག་དཀར་བ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞེ་ལོ་དཀར་བ། ཞལ་གཡས་གཡོན་གནག་པ་དང་དམར་བ། ཕྱག་གཡས་གཉིས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་དག ་ནཱནོར་བུ་དང་པདྨ་འཛིན་པ། ཕྱག་དང་པོ་གཉིས་རང་དང་འདྲ་བའི་དྷ་ན་སོ་རབ་ལ་འཁྱུད་ཅིང་རལ་གྲི་དང་ཐོད་པའམ། རྡོ་རྗེ་དྲིལ་བུཾ་གྷཱ་ཡས་དང་གཡོན་ན་འཛིན་པ་བྱས་མོ།། འདིར་ཟླ་བ་དང་ཕྱག་དང་པོ་གཉིས་དང་། རང་སྣང་བའི་བཙུན ་མོ་དང་། ཐམས་ཅད་ལ་པདྨའི་གདན་དང་ལྡན་པར་ཤེས་པར་བྱ་བ་ནི་ཐུན་མོང་བར་ཤེས་པར་བྱའོ།། དེ་བཞིན་རྣ་བ་རྣམསུ་ཡི་གེ་ཛཾ་ནག་པོ་ལས་བྱུང་བའི་རྡོ་རྗེ་ཡོངསུ་གྱུར་པ་ལས་ཕྱག་ནི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི ་ཞལ་གནག་ཅིང་སྐུ་མདོག་གནག་པ། ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་བ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གསོན་དག་ན་ནེར་བུ་དང་པདྨ་འཛིན་པའོ།། སྣའི་བུ་ག་རྣམསུ་ཡི་གེ་ཁ་སེར་པོ་ལས་བྱུང་བའི་།། ་པོ་ཆེ་ཡོངསུ་གྱུར་པ་ལས་བྱུང་བའི་ན་མཁའི་སྙིང་པོ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་སེར་གཞལ་གཡས་གཡོན་སྔོ་བུ་དང་དཀར་བྱ། ཕག་གཡས་པ་དག་ནཱི་ནོར་བུ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་འ ་ལོ་དང་པདྨ་འཛིན་པའོ།། ལྷའི་དབུས་སུ་ནི་ཡི་གེ་རཾ་དམར་པོ་ལས་བྱུང་བའི་པདྨ་ཡོངས་གྱུར་པ་ལས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ།། རྩེ་བའི་ཞལ་བི་རུའི་མདོག་འདྲ་བ། ཞལ་གཡས་དང་གཡོན་གནག་པ ་དང་དཀར་བ་ཕྱག་དྲུག་པ་གཡས་དགེ་ནཱ་པདྨ་དང་ནོར་བུ་འཛིན་པ། གཡོན་དག་ནྱ་ནོར་བུ་དང་འཁོར་ལོ་འཛིན་པའོ།། དཔྲལ་བར་ནི་ཡཱཾ་གཻ་ཀཾ་ལྗང་གུ་ལཱས་བྱུང་བའི་རལ་གྲི་ཡོངསུ་གྱུར་པ་ལ་སྐུ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བྱས ་མདོག་ལྗང་གུ་ཞལ་གསུམ་པ། རྩ་བའི་ཞལ་ལྗང་གུ། ཞལ་གཡས་གཡོན་སྡེ་པ་དང་དཀར་བ། ཕྱག་དྲུག་པ། གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ།། ལྦུ་བཱ་ར་ཡི་གཱ་སཾ་དཀར་པོ་ལྔ ་བྱུང་བའི་རྡོ་རྗེ་ཡེངསུ་གྱུར་པ་ལས། ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གསུམ་པ། རྩ་བའི་ཞལ་དཀར་བ། ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་དྲུག་པ་གཡས་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པའོ།། གཡེན་པ ་དག་ན་ནོར་བུ་དང་པདྨ་འཛིན་པའོ།། འདི་དག་ཀྱང་འོད་ཟེར་རབ་ཏུ་སྤྲོས་པ་བསྡུས་པའི་རིམ་པ་གཉིས་ལས་བྱུང་བའི་སེམས་དཔའི་རྒྱན་གྱིས་རབ་ཏུ་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་པའོ།། ཁ་ཅིག་ན་རེ་རྒྱུད་འདིར ་བཙུན་མོ་རྣམས་མ་གསུངས་པས། ལྷ་ཅི་སྙེད་པ་ཇི་ལྟར་བསྟན་པ་ཙ་མོ་ཞེས་ཟེར་ཏེ་གལ་ཏེ་བཙུན་མོ་མེད་ན་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ཅི་ཞིག་ཡིན། རིགས་ཀྱི་བཙུན་མོ་མེང་ན་བྱང་ཆུབ་ཀྱི་སེམས་ཀྱི་དབང་ལ་སོགས་པ ་ཡང་ཇི་ལྟར་སྦྱིན། དེ་བས་ན་རྒྱད་འདི་ནི་དཔལ་གསང་བ་འདུས་པ་དང་རྗེསུ་མཐུན་པའི་རྒྱུད་ཡིན་པས། རྒྱུད་དེ་ནས་མ་མཱ་ཀཱི་རྡོ་རྗེ་དང་རིན་པོ་ཆེའི་རིགསུ་བཞག་པ་ལྟར་འདིར་ཡང་རྡོ་རྗེ་ཕག་མི་ནི་རིགས་ཏེ་གཉིས་ཀའི་བཙུན་མོར་བཞག་ཅིང་། ལྷའི ་ཚོགས་མ་ལུས་པར་ཡང་རང་སྣང་བའི་བཙུན་མོ་དང་བཅས་པའོ།། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐིག་གི་བྱ་བ་སྟོན་ཏེ་གོ་སླའོ།། དེ་རུ་ལས་ཀྱི་རྡོ་རྗེ་བྲི་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་རུ་རྟ་བབ་ཀྱི་ཕྱོགས་གསུམ་དུ་རྩེ་མོ་གནས་པ་རིགས་ཐམས ་ཅད་ཀྱི་ལས་གྲུབ་པར་བྱེད་པའི་རྡོ་རྗེ་ཀུན་ཏུ་རྩེ་གནས་པར་བྲི་བར་བྱའོ།། འདི་ཡང་ཁ~ཾ་ཅིག་ན་རེ་འཇིགས་ཚོགས་ལ་ལྟ་བ་འཇོམས་པས་རྩེ་མོ་ལྔ་པོའི་ཞེས་ཟེ་རོ།། ཁ་ཅིག་ན་རེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར ་དག་པ་སྟོན་པ། རྩེ་མོ་བཅུ་གཉིས་པར་བྱའོ་ཞེས་ཟེརོ།། གཞན་ཡང་ཁ་ཅིག་ན་རེ་དཀྱིལ་འཁོར་འདིར་ནང་གི་རྡོ་རྗེའི་ཕྲེང་བའི་ནང་དུ་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཁ་ཕྱོར་ཐམས་ཅད་དུ་ལྟས་པ་བྲི་བར་བྱའོ་ཞེས་ཟེར་ཏེ། དེ་དག་གིས་ནི་འདིའི་དོན་ཅི ་ཡིན་པ་བརྗོད་དགོས་ཏེ། བདག་གིས་ནི་འདིའི་དོན་ཤེས་པ་མེད་དོ།། ཁ་ཅིག་ན་རེ་ལས་ཀྱི་རྡོ་རྗེ་ཞེས་སྨོས་པ་ལས། ལྷ་རེ་རེ་ཡང་རང་རང་གི་ལས་གྲུབ་པར་མཛད་པའི་མཚན་མ་ལྷ་ཐམས་ཅད་ཀྱི་གདན་དུ། སྣ་ཚོགས་རྡོ་རྗེ་རེ་རེ་ཡོད་དོ་ཞེ ་ཟེར་ཏེ། དེ་ལྟར་ན་དེར་མང་པོའི་ཚིག་ཅན་དུ་ཅིའི་ཕྱིར་མིང་བསྟམ་གཞན་ཡང་ལུགས་འདི་ལྟ་བུ་རྒྱུད་འདི་འམ་གཞན་ལས་ཟུར་གྱིས་ཀྱང་མ་བསྟན་པའི་ཕྱིར་མི་རུང་ངོ་།། ཀུན་ཏུ་རིགས་ནི་ལྔ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་དགོད་པ ་སྟེ་གོ་སླའོ།། དཀྱིལ་འཁོར་རྫོགས་པ་བསམས་ནས་མི་ནྟེ་བྱ་བ་ནི་དཀྱོར་བསྟིམ་པའི་བར་དུ་བྱས་ནས་སོ།། མཆོད་པའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་ནི་གཽ་སླའོ།། ལེའུ་གཉིས་པའི་བཤུད་པའོ།། ། དེ་ནས་བཅོམ་ལྡན ་འདས་ཞེས་བྱ་བ་ལ་སོགས་པསྣ་ནི་ས་ཡོངསུ་གཟུང་བའི་དུས་སུ་རྣམ་པར་སྣང་མཛད་ལོ་སོགས་པའི་གཟུགས་འཛིན་པའི་སློབ་མ་བཞིས་ཕྱོགས་བཞི་ནས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་པ་བསྟན་པ་སྟེ། དཀྱིལ་འཁྲུར ་ཀུན་གྱི་རྩུབ་སྟེ་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བའི་ཕྱིརརོ།། ཇི་ལྟར་ཞེ་ན། གདུལ་བྱའི་དབང་ལས་བྱ་བའི་རྒྱུད་དོག་ཏུ་ནི་ཡན་ལག་གི་སྨད་ལས་བྱུང་བས་རྡོ་རྗེའི ་རིགས་ནི་རིགས་རྣམས་ཀྱི་ཐ་མ་ཡིན་པས་ན། དེར་དབང་ཐོབ་པས་ནི་རིགས་གཞན་རྒྱལ་བ་གཙུག་ཏོར་ལས་བྱུང་བ་དང་པདྨ་རིགསུ་དབང་ཐོབ་པ་མ་ཡིན་ཞིང་། དེ་དག་གི་དངོས་གྲུབ་མི་ཐོབ་པར་བསྟན་ལ་རྣལ་འབྱོར་གྱི་རྒྱུད་འདིར་ནི་རྣམ ་སྣང་མཛད་ཆེན་པོ་ནི་མི་ཕྱེད་པས་རྡོ་རྗེ་ཡིན་ཞིང་ལྷ་ཐམས་ཅད་དེ་ལས་བྱུང་བས་ན། ལྷ་ཐམས་ཅད་ཀྱང་རྡོ་རྗེའི་རིགས་ཡིན་ལ་ཡན་ལག་གི་ཆ་ནི་གཙོ་བོར་མི་འདོད་པས་ན་རིགས་གཅིག་ཅེའམ། གཞན་ཡང་རྡོ ་རྗེའི་རིགས་ནི་སེམས་ཡིན་ཏེ། རྡོ་རྗེ་ནི་གྲུབ་པའི་མཐའ་ཡས་སེམས་ལ་འདོད་དེ། ཇི་སྐད། ས་ན་ཀུན་གྱི་སེམས་གང་ཡིན།། རྡོ་རྗེ་ཞེས་ནི་བཤད་པ་ཡིན་ཞེས་གསུངས་པསོ།། སེམས་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན ་ཐམས་ཅད་བསྐྱེད་པས་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ལ་དེ་ཉིད་ཀྱིས་ན་ངའི་བདག་ཉིད་ཀྱི་རིགས་དེ་ཡང་རིགས་ཐམས་ཅད་ཀྱི་མཆོག་ཏུ་འདོད་དེ། དེ་བས་ན་རིགས་མཆོག་དེའི་མཚན་མ་རྡོ་རྗེ་ཡང་མཚན་མ་གཞན་པས་མཆོག ་ཏུ་བསྟན་ཏོ།། དེའི་ཕྱིར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་འདིར་དབང་བསྐུར་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ།། འོ་ན་ནི་དེ་ལྟར་འཕགས་པ་ལྷའི་ཞལ་སྔ་ནས་བདག་གི་གཙུག་ལག་ལུང་གི་མཚན་གྱིས། སློབ་མ་བཀྲ ་ཤིས་ཐོག་མར་འདིར་བརྟགས་ནས།། དེ་ནས་རིག་པ་འཛིན་པས་བདག་རྒྱུད་ལ།། དེ་དག་ཡོངསུ་བཟུང་བར་རབ་ཏུ་བྱ།། གྲུབ་ཕྱིར་ཡོངསུ་གཟུང་ཕྱིར་དེ་བཤད་པ།། སྔགས་གུང་ཆོ་ག་ཤེས་པས་བྱས་པའོ།། ཡང་ན་དྲི་བཞིན་བདག་རིགས་དང ་བསྐུར་གཞན།། སློབ་དཔོན་དག་ཏུ་ཚུལ་བཞིན་བྱས་པའོ།། འདི་ནི་སྤྱིའི་ཡིན་པར་གཞན་གྱིས་བཤད།། དངོས་གྲུབ་འབྲས་བུ་ཐོབ་པར་དེ་མི་རུང་།། ཁྱད་པར་ཅན་དུ་དེ་ལྟར་བསྟེན་པ་ཉིད།། དེ་ལ་དབང་བསྐུར་རབ་ཏུ་ཤེས་པར་བཤད།། ཁྱད་པང། ་ཅན་ཡང་འདིར་ནི་ཆོ་ག་བཞིན།། བདག་གི་དཀྱིལ་འཁོར་སྙིང་པོ་དབང་བསྐུར་བའོ་ཞེས་གསུངས་པའི་བཀའ་ལུང་འདི་ཇི་ལྟར་ཞེ་ན། ཅི་ཙམ་དུ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་དབྱེར་མེད་པར་མཱ་ཤེས་པ་རིགས་ཐ་དད་པ་ལ་སྤྱོད་པའི་བར་དུ ་ནཱཾ། རང་གི་རྟོག་པ་ཉིད་ཀྱིས་དེ་ལྟར་བདེན་པར་ངེས་སོ།། དེ་བས་ན་ངེས་འདིར་མྱི་གནོད་ངོ་།། ལྕུག་མ་ནི་གོ་སླའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་མྱུང་པོ་བསྟན་ཏེ།། འདིར་ནི་ཐོད་པ་དུམ་བུ་གཅིག་པ་རབ་ཏུ་དགའ ་བའི་ནང་དུ་བུཾ་སྱཱ་མ་ར་ཤཱུ་ཞེས་བྱ་བ་རྣམས་ཤར་དང་དབུས་དང་བྱུང་དང་ལྷོ་དང་ནུབ་ཏུ་བཀོང་ལ་དེ་བཞིན་དུ་གྷོ་གྷཱ་ཏྱཱ་ཧ་ན་རྣམས་རེ་རཱི་དང་པོ་ཞག་སྟེ། རེ་རེ་ལཱ་ཡང་ཛྷཻཾ་ཛྷཻཾ་ཁ~ཾ་ཨོཾ་ཏཱི་བྷེས་བཀོད་པ་བྱས་ལ། འོགཽ་ཏྱཱ་ཡཾ་ལས་དྷྱ་བའི་རླུང་གྷ ་དཀྱིལ་འཁོར་གཅུ་ལྷ་བུ་མཆོག་མ་གཉིས་རྒྱལ་མཚན་ཏོག་དང་བཅྡོཾས་པས་མཚན་པའི་དབུས་སུ། ཡི་གཽ་རཾ་ལས་བྱུང་བའི་མེ་འབར་བྱའི་ཕུང་པོ་གྲུ་གསུམ་སུམ་མདོའི་རིས་ཀྱི་མཚོན་པ་ཅན་བསམས་ལ། དེའི་སྟེང་དུ་ཐོད་པ ་གནས་པར་བསམས་ཏེ། མེ་རབ་ཏུ་འབར་བསོ་བདུད་ནི་རྫས་རྣམས་ཡི་གེ་དང་བཅས་པར་གཅིག་ཏུ་གཞུ་ཞིང་། དེའི་རླངས་པའི་ཡི་གེ་ཨོཾ་དུ་གྱུར་པཱ་ལས་དེ་དག་ཀྱང་ལྕགས་ཀྱུའི་རྣམ་པ་མྱུ་གུ་ཅན་དུ་གྱུར་ཏེ། ཕྱོགས་བཙུན ་གནས་པའི་བདུད་རྩི་བསྡུས་ཏེ་ཐོད་པར་གཞག་ཅིང་། སྟེང་གི་ཡི་གེ་ཨ་ལས་བྱུང་བ་ཟླ་བ་ལྷུང་བས་ཧཱུ~ཾ་སྟེ། རག་ཏུ་བསིལ་ཞིང་དངས་པར་བྱས་ལོ། དེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ལན་དུ་མར་བསྔགས་ཏེ། དེ་བཞིན་གཤེགས་པ་ཐ~ཾད ་ཀྱི་སྐུ་དང་གསུང་དང་ཐུགས་ཚིམ་པར་གྱུར་ཅིག་ཅེས་མོས་པས་རང་གི་སྙིང་གའི་ས་དོན་གྱི་འོད་ཀྱིས་རྡོ་རྗེ་འཛིན་ཀུན་དགྱེས་པར་བྱ་བའི་ཕྱིར་སྤྱན་དྲངས་ལ། རང་གི་སྙིང་གའི་ཡ་ཤེས་སེམས་དཔའི་སྐུ་ལ་རྫོགས་པའི ་སངས་རྒྱས་ཐམས་ཅད་གཞུག་ཅིང་། དེ་ནས་རང་གི་ལྕེའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀཊ་པོ་ནས་འབྲས་ཙམ་གྱིས་གང་བའི་བར་དུ་སྦྱོར་བས། ཨོཾ་སརྦ་ཏ་ཐཱ་ག་ཏྭོ་ག་ཏཱ་མྲྀ་ཏཱ་སཱ་ཏཱ་ན་བཛྲཏྨ་ཀོ&ཧཾ་ཞེས་བརྗོད་དེ། མཐེ་བོ་དང་སྲིན་ལག་གྱིས ་ཞི་བའི་བཏུང་བ་བཞིན་མྱངས་ན་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བཟའ་བར་བྱའོ།། ཡེ་ཤེས་རྣམ་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་སེམས་དཔའི་གཞུག་པའི་ཆོ་ག་བསྟེན་ཏེ། འདིར་དོན་ནི་སྔར་བྱ་བ་རྣམས་བྱས་ལ། ཨོཾ ་མུཏྐ་རཱ་ཛ་ཞེས་བསྐུལ་པོས་ཤར་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུའོ།། བདག་གི་ས་བོན་ལས་འཐོན་པས་ལྷ་རྣམས་ཁང་པོ་བརྩེགས་མའི་ནང་དུ་གཤེགས་པར་བསྐུལ་ཏེ། དེར་སླར་བསྡུའོ།། དེ་ནས་ཨོཾ་བནྟ་ཧཱུཾ་ཞེས་བརྗོད་པས་རང་གི་གནས ་སྔ་མ་ནས་ལྷོ་ཕྱོགས་ཀྱི་སྒོ་བསྲུང་བ་ལྟ་བུ་བྱུང་བས། ལྷ་རྣམས་རང་དང་འདྲ་བའི་གྲོགས་པོ་ལ་ཞུག་པས་གསོལ་བ་བཏབ་སྟེ། དེ་ནི་སླར་བསྡུའོ།། དེ་ནས་ཡང་། ཨོཾ་པདྨ་བཾ་ཞེས་བརྗོད་པས་གནས་སྔ་མ་ཉིད་ནས་ནུབ་ཕྱོགས་ཀྱི་སྒོ་བསྲུངས ་ལྟེ་བུ་འཐོན་ཏོ།། ལྷ་རྣམས་ཇི་སྲིད་དུ་བྱ་བ་མི་རྫོགས་པར་དེ་སྲིད་དུ་ཁྱེད་རྣམས་པདྨའི་དམ་ཚིག་གིས་བཅིང་བར་བགྱི་བས་ཉེ་བར་གནས་པར་མཛོད་ཅིག་ཅེས་བསྒྲིགས་ཏེ། སྔར་རང་གི་གནས་ཐིམ་པར་གྱུར་ཏོ།། དེ་ནས་ཨོཾ་ཁཌྒ ་ཞེས་བརྗོད་པས་སྙིང་གའི་ས་བོན་ལས་བྱང་ཕྱོགས་ཀྱི་སྒོ་བསྲུངས་པ་ལྟ་བུའི་རྡོ་རྗེ་རལ་གྲི་བྱུང་སྟེ། ལྷ་རྣམས་ལ་ཇི་སྲིད་དུ་ཁྱེད་ཕྲིན་ལས་རང་འབྱམས་ལ་བདག་བརྩོན་པ་ཁྱེད་ཐགས་ལས་ཕྱུང་བས་གནོས་ཤིག་ཅེས་དགྱེས་པར་བྱས་ནས་སླར་རང ་གི་གནས་སུ་གཞུག། གཞན་དག་ནི་གཞུག་པ་ལ་སོགས་པ་འདི་དག་སྒྲ་སྐྱེང་བ་རྣམས་ཀྱིས་བྱ་བར་འདོད་དོ།། ཚིག་སྨོད་པ་དེ་ཉིད་ཡེ་ཤེས་སེམས་དཔའ་ཡང་དག་པར་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། མ་ཧཱ་རྡོ་རྗེ་ཞེས་བྱ་བ་ནི ་ཡི་གེ་ཡ་ལས་བྱུང་བ་འམ། དེ་ལྟར་མོས་པ་ཡིསོ།། ལྷག་མ་ནི་གོ་སླའོ།། ཞི་བ་རྡོ་རྗེ་གཏི་མུག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ལས་བཞིའི་ལྷའི་རྣལ་འབྱོར་བསྟན་པོའོ།། མིའི་མར་དབུ་ཞེས་བྱ་བ་ལ་སོགོས་པས་ནི་ལས་རབ་འབྱམ ་སྟོན་ཏེ། འདིར་ཅུང་ཟད་ཙམ་སྟོན་པས་རྒྱས་པར་ཤེས་འདོད་པ་དག་གིས་ནི་རྒྱུད་གང་ལས་རབ་འབྱམས་མོང་དུ་སྟེན་པ་དེར་ཤེས་པར་གྱིས་ཤིག་མིའི་སྒོ་ཞེས་པ་ནི། ཤིང་ཨརྒའི་ཤིང་བ.ལོ་དང་བསྲེས་པ་དང་། ལས་ཀྱི་རྡོ་རྗེ་ཞོས་བྱ་ད། ་ནི་ཕྲག་དོག་གཤིན་རྗེ་གཤད་དོ།། ལས་ཀྱི་ཟླས་པ་ཞེས་བྱ། ཨོཾ་ཧྲཱིཿཥྚྲྀཿཞེས་བྱ་བ་ལ་སོགས་པའོ།། གུར་གུམ་ཞེས་བྱ་བ་ནི་གུར་ཀུམ་སྟེ། ཁ་ཅི་ག་ན་རེ་ར་ཛ་སྭ་ལའི་ར་ཛའོ་ཞེས་ཟེ་རོ།། ཁྲག་ཅེས་བྱ་བ་ནཱི་རང་གི་སྲིན་ལྡག་གཏར་བའི ་ཁྭ་གོ། རྐང་པ་བྱུག་ཅེས་བྱ་བ་ནི་རྐང་མཐིལ་ལམ་ལོང་བུའི་བར་དུའོ།། ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དོང་ཟངས།། ལེའུ་གསུམ་པའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་བ་ནི་གོ་སླའོ།། ཡེ་ཤེས་རྒྱ་མཚོ་ཞེ ་བྱ་བ་ནི་གཤིན་རྗེའི་དགྲ་ནག་པོ་སྟེ་ཀྱེ་ཞི་བོད་པའོ།། དེ་ནཱ་ཊྚེ་བྱ་བ་ལ་སོགས་པ་ནི་གསུང་བར་འགྱུར་བ་ལ་དགོངས་པསོ།། ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་རབ་ཏུ་བསྒོམ་པ་ཉིད་མཆོད་པ་བྱས་པའོ།། དབང ་གི་སྔགས་ནི་རིམ་པ་མ་ཡིན་པས་མཚོན་པོའོ།། ཁཾ་ཕོར་ཞེས་བྱ་བ་ནི་ཐོད་པའམ་ཁཾ་ཕོར་ཉིད་དོ།། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ནན་ཏུར་གྱིས་བསྒྲུབ་པའོ།། ལྷག་མའི་ཚིག་གི་དོན་གོ་སླའོ།། ལེའུ་བཞི་པར་བཤད་པའོ།། ་དེ་ནས་འཁོར་ལོ་གཉིས་ཞེས་བྱ་བ་ལ་སོགས་པ་ཡང་གོ་སླའོ།། ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པར་འགྱུར་ཏེ་གལ་ཏེ་བསྙེན་ཉེ་བར་གྱུར་པའི་རྣལ་འབྱོར་པས། སློབ་མ་ལ་བསྟན་པ་ལ་སོགས་པའི་ཆེད་དུ་འཁྲུལ ་འཁོར་ས་ལ་སོགས་པ་ལས་བྲིས་པ་ལས་དོན་མ་གྲུབ་པས་རེ་ཞིག་ཉིན་ཞག་འགོའ་ཞིག་སླར་མི་མཆི་བར་ལྟ་ན། འཁྲུལ་འཁོར་གྱི་རེའུ་མིག་གི་མཐའི་ཡི་གེ་ཡ་གཉིས་དབྱི་ཞིང་། ཡི་གེ་ནི་གཉིས་ཀྱང་དབྱི་ལ། དབུས་ཀྱི་ཡ་ཡང་དབྱི ་སྟེ། ཡི་གེ་ལྷག་མ་རྣམས་གཞགོ།། དགོས་པ་གྲུབ་མ་ཐག་ཏུ་མ་ལུས་པར་དབྱི་སྟེ། འདི་ནི་གཞན་དུ་བྱས་ན་ནི།། འཁོར་ལོ་འདི་ནི་འཇིག་པ་ཆེ།། བྲིས་པ་གང་དུ་བསྟན་གནས་པའི།། ཁྱིམ་དུ་རྟག་ཏུ་འཐབ་མེ་ནོ།། ཡི་གེ་དྲིས་པས་འབྱུང་། ་ཞེས་བྱ་བའི་ཉེ་བར་གྱུར་པསོ།། ཁ་ཅིག་ན་རེ་ཡི་དང་ནིའི་ཡི་གེ་དབྱི་བ་ནི་མཚོན་པ་སྟེ། ཡི་གེ་གང་ཡང་རུང་བས་དབྱི་བས་ནུས་པ་སྨད་པའོ་ཞེས་ཟེར་ཏེ། འདི་ནི་རབ་ཏུ་ཡང་དཔའ་བོ་ཡིན་ཏེ། བདེ་གཤེགས་བཀའ་ལས་འདའ་མི་བྱ། ་ཞེས་གསུངས་པ་མ་ཡིན་ནམ། འདིར་ཡི་གེ་ནི་དང་ཡ་དབྱི་བ་ཅིའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་དྲང་ན། ཇི་ལྟར་གཞན་དུ་བྱེད་ཇི་སྐད་དུ། ཡིད་ཆེས་ལུང་དང་མི་ལྡན་པར།། ཆོས་རྣམས་སྟོན་པར་བྱེད་པ་ནི།། མཚན་ཉིད་རྣམ་པ། ་རྟོག་པ་ཡིས།། བདག་ཀྱང་ཆུད་གསོན་གཞན་ཆུང་གསོན།། ཞེས་ཀྱང་མོ་གསུངས་སམ། དེ་བས་ན་རབ་ཏུ་ཟབ་པའི་ལུང་གི་ཚུལ་ཆེན་པོའི་རྒྱ་མཚོ་རབ་ཏུ་དང་བ། རང་གི་རྣམ་པར་རྟོག་པ་ངན་པའི་རུས་སྦྲུལ་གྱི་སྟོབས་ཀྱིས། བརྙོག་པར་བྱས ་ན། ངེས་པར་བདག་ཉིད་འཕུང་བར་གྱུ་རཱ་ཏ་རེ།། འི་པགས་པ་ནཱ་གཱ་རྫྫ་ནའི་ཞལ་སྔ་ནས།། ལེགས་སམ་ཉེས་པ་མ་སྤྱད་པར།། མུན་སྦྲུལ་བཏུན་པ་དཔའ་བོ་མིན།། དོན་མེད་དཔག་ཚད་བརྒྱུ་བ་ཡི།། གཡུང་སར་ལྷུང་བ་ཅི་ཆ་ཡོད།། ཅིས་གསུངས ་ལ། རྟོག་གེ་ངན་པའི་འཇུག་པ་ལུང་གིས་བདག་གིས་དང་པོར་བཀག་ཟིན་པས། བདག་ལ་ཕན་པར་འདོད་པ་དག་གོསོ།། བླ་མ་དམ་པའི་བཀའི་ལ་གུས་པར་གྱིས་ཤིག། ཁྲི་བཟླས་པས་ཞེས་བྱ་བ་ནི་སྟགས་པ་བསོད་ནམས་བྱས་པ་ལ་དགོངས ་པ་སྟེ། རྣམ་པ་གཞན་དུ་བྱ་བ་ལ་སོགས་པར་འཆད་པར་བྱེད་པ། འཐབ་མོ་འབྱུང་བའི་ཞེས་བྱ་བ་ནི། ཁ་ཅིག་ན་རེ་རབ་ཏུ་བསྒྲུབས་པས་ཡི་གེ་བྲི་པ་ཙམ་གྱིས་ཞེས་ཟེར་སྟེ། དེ་ལྟ་ན། འཁོར་ལོ་འདི་ནི་འཇིགས་པ་ཆེ། ཞེས་གསུངས་པ་མི ་རིགས། ལེའུ་ལྔ་པའི་བཤད་པའོ།། ། སྤྱི་བོར་གཤིན་རྗེ་གཤོང་བསམ་བྱ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཞེ་སྡང་གཤིན་རྗེ་གཤེད་བསམ་ཞིང་། དེ་ལ་ནི་རྡོ་རྗེ་སེམས་དཔའ་འམ་མི་གཡོ་བའོ།། ཁ་ཅིག ་ན་རེ་གཱཏི་མུག་གཱཤིན་རྗེ་གཱ་ཤྭེད་ལྔ་སོགས་པ་ལ་ནི། ཞེ་སྡང་གཤིན་རྗེ་གཤེད་ཀྱིས་རྒྱས་གདབ་ཅིང་། ཐོ་བ་དང་ཅར་ཙུ་ཀ་ལ་སོགས་པ་ནི། གཏི་མུག་གཤིན་རྗེ་གཤེད་ས་སོ་ཁྭམྦྷ། གད་བ་ལ།། བདག་པ། ་ནི་མི་གཡོ་བ་འམ། གཏི་མུག་གིས་སོ་ཞེས་ཟེར་རོ།། གང་ངའི་སྦྱིན་སྲེག་ཅེས་བྱ་བ་ནི་ནང་གི་སྦྱིན་སྲེག་སྟེ། བདུད་རྩི་མྱང་བར་ཇི་སྐད་གསུངས་པ་ལྟ་བུསོ།། དམ་ཚིག་ཅེས་བྱ་བ་ནི་འོག་ནས་འཆད་པ་རྣམསོ།། སྡོམ་པ་ཞེས་བྱ་བ་ནི་ཐུན་མོང་དང ་ཁྱད་པར་རོ།། དང་པོ་དབུ་རྒྱན་དང་ཞེས་བྱ་བ་ནི། སློབ་དཔོན་དང་སློབ་མའི་སྡུག་པོའོ་ལྷའི་དབང་དངོ་གཞན་ཡང་ཆུ་དང་། དབུ་རྒྱན་དང་རྡོ་རྗེ་དང་། དྲིལ་བུ་དང་། མིང་དག་བསྡུས་པའོ།། གཉིས་པ་ལ་ནི་རལ་གྲི་ཞེས་བྱ་བ་ནི་རྡོ་རྗེ་བརྟུལ་ཞུགས ་སྦྱིན་པའོ།། རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་ལུང་བསྟན་པ་དང་། སློབ་དབེན་གྱི་དབང་བསྐུར་བའོ།། བཞི་པ་ཞེས་བྱ་བ་ནི་གསང་བའི་དབང་ངོ་།། ཁ་ཅིག་ན་རེ་དབུ་རྒྱན་ལ་སོགས་པ་འདི་དྲག་ནི་ལྷག་པའི་དབང་ཡིན་པས་ཆུ་ལ་སོགས་པ་བྱིན་ནས་དེའི་འོག ་ཏུ་སྦྱིན་ཞིང་། རྒྱུད་འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་མི་འདོད་དོ་ཞེས་ཟེ་རོ།། ཤེས་རབ་ཡེ་ཤེས་ནི་འདོད་དེ། ཞིབ་ཏུ་ནི་དབང་འདི་དག་དཀྱིལ་འཁོར་གྱི་ཆོ་གར་ལྟོས་ཤིག། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གཏོར་མ་འཆད་དེ། འདི ་ལསོ་བྱེད་དུ་གཞུག་པའི་གཏོར་མ་དང་། མ་རུངས་པ་ཕུར་བུས་གདབ་པའི་གཏོར་མ་དང་། ཚིམ་པར་བྱ་བའི་གཏོར་མ་དག་ལས་དང་པོ་གཉིས་ནི་སློབ་དཔོན་པ་སུ་ཛ་ན་བྷ་དྲའི་ཞལ་སྔོ་ནས་སྦྱར་བའི་བསྒྲུབ་པའི་ཐབ་སུ་ལྟོས་ཤིག། ་ཚོཚིམ་པར་བྱ་བའི་གཏེར་མ་ནི། ཨོཾ་སྭཱ་བྷཱ་བ་ཤུདྡྷ་སརྦྦ་དྷརྨྨ་སྭ་བྷཱ་བ་ཤུདྡྷོ&ཧཱུ~ཾ། ཞེས་པས་འདི་སྐད་ཅིག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་འདུ་གསལ་བར་བལྟའོ།། ཨོཾ་ཤཱུ་ནྱ་ཏཱ་དྷཱར་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྵཱཥྛཧཾ། འདིས་སྟོང་པ་ཉིད་དུ་ཡུད་ཙམ ་བསམས་ཏཽ། དེ་ནས་དེ་མ་ཐག་ཏུ་རང་གི་ལྷག་པའི་ལྷའི་གཟུགསུ་བྱས་ལ་གཏོར་མ་ཤ་དང་ཉ་དང་ཆང་དང་ཟན་དྲོན་ལ་སོགས་པ་དྲི་ཞིམ་པོ་དང་། མེ་ཏོག་དང་མར་མེ་དང་ལྡན་པ་ལྷག་པར་གནས་པས་རང་གི་སྙིང་གའི་ཡི་གཾ་ཡཾ་གྱི་ས་བོན་ལྕེས་བྱུང ་བའི་འོད་ཟེར་གྱིས་དབང་པོ་ལ་སོགས་པ་འཇིག་རྟེན་གསུམ་ན་གནོས་པ་མ་ལུས་པ་བཀུག་སྟེ་བསམས་ལ་དེ་དག་སྦྱངས་ཤིང་སྔོན་གྱི་བཟའ་བ་ཡང་བདུད་རྩི་སྦྱངས་པའི་རིམ་པས་སྦྱངས་ཏེ། ལན་བདུན་སྔགས་འདི་བརྗོད་པས་སྦྱིན་ཏོ།། ཨོཾ་ཨིནྡྲ ་ཡཱ་ཧྲི། ས་མ་ཡཥྚི། བཱ་རུ་ན་ཡ་ཝི། ཀུ་བེ་ར་ཡཱ་ཀྲྀ། ཨཱ་ཤ་ན་ཡ་ཏཱ་ཨཱ་ཀ་ནྱཻ་ཨ། ནི་རྀ་ཏཱི་ནཾ། བྷ་ཡ་བེ་ན། ཙནྡྲ་ཡཽ་ཧཱུཾ། ཨཱ་ཀ་ར་ཡ་ཧཱུཾ། བྷ་མ་ཧ་ནེ་ཕཊ། བཾ་སུ་ད་ར་ཡེ་ཕཊ། བེ་མི་ཙི་ཏཱི་ནི་སྭ། སརྦ་བྷྱེ་ཏི་བྷྱོ་ཧ། ཧི་ཧི་ཧི་ཧཱུཾ་ཧ་ཧེ་ཧྭེ་སྭཱ་ཧཱ།། དེ་ནས་ཐཾ། ་ཚི་མྱེ་བཱར་བལྟས་ཏེ། ཨོཾ་བཛྲ་པུཥྤཾ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་བྷེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷ་ཨཱཿཧཱུཾ། ཨོཾ་བཛྲཱ་ནཻ་པ་དྱ་ཨཱཿཧཱུཾ། ཞེས་མཆོད་པ་ལྔས་མཆོད་དེ་རྗེ་སུ་སྣང་བ་བྱིན་ལ། རྡོ་རྗེ་སེམས་དཔའོ་སྙིང་པོ་ཡི་གེ་བརྒྱ་པ་བརྗོད་པ། ་བྱའོ།། ཨོཾ་བཛྲ་སཏྭ་ཨ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྲེ་ནཻ་པི་ཏིཥྛ། དྲྀ་ཌྷོ་མེ་བྷཱ་བ། སུ་ཏོ་ཥྱོ་མེ་བྷཽ་བ། ཨ་ནུ་རཀྟོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་བ། སེརྦ་སིདྡྷི་མཾ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མ། ཙིཏྟཾ་ཤྲཱི་ཡ~ཾ་ཀུ་རུ་ཧཱུ~ཾ། ཧ་ཧ་ཧ་ཧ་ཧེ། བྷ་ག་བཱན་སརྦྦ་ཏ་ཐཱ་གཽ་ཏ། བཛྲེ་མཱ ་མེ་མུཉྩ། བཛྲི་བྷཱ་བ་མཧཱ་ས་མ་ཡཱ་སདྡྷ་ཨ། ཞེས་ཇི་ལྟར་དགའ་བས་བཟླས་པ་ཨོཾ་ཨཱཿཧཱུ~ཾ་མུཿཞེས་བྱ་བའི་སྔགས་ཀྱིས་སླར་བཏང་བར་བྱའོ།། འདི་ནི་གཏེར་མ་ཉེ་བར་སྦྱར་བའོ།། གླུ་ཙྱཻ་ཙནྡནྡ་ཞེས་བྱ་བ་ལ་སོགས་བསྟན ་འཁྲུལ་འཁོར་བྲི་བའི་དམ་ཚིག་བསྟན་ཏེ། རབ་ཏུ་དབེན་པའི་གནས་སུ་ཇི་སྐད་གསུངས་པའི་དྲིའི་ཆུས་མནྟོལ་གྲུ་བཞོ་པའི་དབུས་སུ་གྲུ་གསུམ་པས་མཚན་པ་བྱས་ལ། དེར་དཔའ་བོའི་བཟའ་སྟོན་བྱ་སྟེ། གཤིན་རྗེ་གཤེད་ཀྱི་བྲིས་སྐུ ་ཡང་དག་པར་མཆེད་ལ། ཧཱ་ཧ། ཧེ་ཧེ། ཧི་ཧོ་ཧཱུཾ་ཧཱུཾ། ཞེས་བྱ་བས་རང་གི་ཁྲོ་བོའི་སྐུ་རབ་ཏུ་གསལ་བར་དམིགས་ཏེ། ལྷ་རྣམས་ཀྱི་སྤྱན་སྔར་ཟླུམ་པོར་བསྐོར་བ་གསུམ་བྱ་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འཁྲུལ་འཁོར་བྲི་བར་བྱའོ།། ་ཡ་མ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འཁྲུལ་འཁོར་ལ་འགོད་པ་སྟེ། དང་པོ་བསྙེན་པ་ཅི་རིགས་ཉིད་དུ་འདི་ལ་བྱ་སྟེ། དེའི་རྗེས་ལ་ལས་ཀྱི་བཟླས་པ་ལ་བསྙེན་པ་བྱའོ།། ཁོ་ཅིག་ནི་འདི་གཉིས་ཕྲེང་བར་བྱས་ཏེ། ཨོཾ་ཧྲཱིཿཞེས་བྱ་བཱི་ལ ་སོགས་པ་མཽ་ཇུག་ཥྚོ་བྱས་པས་བསྙེན་པ་བྱེས་ཞེས་ཟེ་འོ།། དེ་འཁྲུལ་འཁོར་མ་ཡིན་པའི་ལས་ནི། ལས་ཀྱི་སྔགས་འབྲུའ་ཞིག་གིས་བྱའོ།། འཁྲུལ་འཁོར་ནི་བསྟན་པ་བྱས་པས་བྲིས་ཏེ། དེ་ནས་ལས་ཀྱི་བཟླས་པ་ཁ་ནས་བྱའོ།། ཚིག་གི་དོན ་རྣམས་ནི་གོ་སླའོ།། ཁ་ཅིག་ནི་ཡ་མ་རཱ་ཛཱི་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ཕྲེང་བ་འདི་ལ་སྔགས་ཀྱི་མིང་དང་དོན་ལསོ་དང་དབྱེ་བ་རྣམས་རྟོག་ཅིང་། ཡོ་ལ་སོགས་པ་བསྡུས་པ་དང་། ཕྱེ་བའི་དོན་འཆད་དོ།། རྒྱུད་འདི་ལ་ནི ་བཤད་པའི་རྒྱུད་ཀྱང་མ་མཐོང་ལ་བདག་གི་བླ་མ་གློ་ཆེན་པོ་དག་ཀྱང་འདིའི་དོན་མི་འཆད་ཅིང་འགྲོ་བཟངས་སྙིང་པོ་ལ་སོགས་པའི་སློབ་དཔོན་རྒན་པོ་ལ་ལ་དག་གིས་ཀྱང་འདིའི་དོན་རྣམ་པདྨ་ཕྱེ་བས། བདག་ནི་འདིའི་དོན་བྱེད་པ་ལ་ཡིད་སྤྲོག ་མེད་ཅིང་། གཞན་གྱིས་ཕྱེ་བ་ལ་ཡང་མངོན་པར་ཡིད་ཆེས་པ་དང་། རྗེ་སུ་དགའ་བ་མྱེད་དེ་སྔར་རྟོག་གེ་འགགས་པསོ།། གལ་ཏེ་རང་གི་རང་གི་རྟོག་གེའི་མཐུ་ལ་བརྟན་པ་ན་ནི་སྔགས་འདིའི་དོན་ཡང་རབ་ཏུ་མང་པོ་ཞིག་ཏུ་དྲང་བར་ནུས་པ ་འགྱུར་ན། སྐྱེས་བུ་དམ་པོ་དག་ལ་ངོ་ཚ་བའི་གནས་ཡིན་པས་ག་ལ་ཞིག་དབྱེ། ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་ཏོ།། འཕགས་པ་ནཱ་གཱ་རྫུ་ནའི་ལུགས་ཀྱིས་ཉེ་བར་བསྟན་པ་ཅན་སློབ་དཔོན་ཟླ་གྲགས་ཀྱིས་མཐའ་དྲུག ་བཔར་གསལ་བར་བྱ་བ་ཉིད་འདིར་ཡང་སྦྱར་ཞིང་། གཏེར་མ་སྦྱིན་པ་ན་ཡི་གེ་རོ་རེ་ཞིག་ཕྱེ་ང་ནི་ཡོ་གེ་དེ་དག་གི་རྒྱུད་ཚིམ་པར་བྱེད་པའི་མཐུ་ཅན་དུ་བྱིན་གྱིས་བརླབས་པའོ།། ཁ་ཅིག་ནི་དེའི་འཇིག་རྟེན་པའི་སྙིང་པོར་བསྟན་ཅེས་ཟེ་རོ།། དེ་ནི་རྟག ་གེའི་ལུང་ངོ་།། ལྷག་མ་ནི་གོ་སླའོ།། ལེའུ་དྲུག་པའི་བཤད་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་བཞོའི་ཏིང་ངེ་འཛིན་གྱི་ལས་སྟོན་ཏེ། ཁྲག་དགུག་པ་ལ་ནི་ལྕེ་ལས་འོད་སྦུ་གུའི་རྣམ་པ་བྱུང་བས་སྙིང་ག་ནས་ཁྲག་དང ་བའི་ཏིང་ངེ་འཛིན་བྱའོ།། ཆང་དགུག་པ་ལ་ནི་དེ་བཞིན་ཏེ་ཅུང་ཟད་མདུན་གྱི་སྣོད་ཇི་སྐད་བསྟོན་པ་རོ།། ཁུ་བ་དགུག་པ་ལ་ཡང་དེ་བཞིན་ཏེ། སྐྱེས་པའི་རྡོ་རྗེའི་ལམ་དང་། བུད་མེད་ཀྱི་བྱང་ཆུབ་ཀྱི་ལམ་ནས་ཨོཾ་བ་དྷཱུ་ཏཱིའི་རྩའི་ཁུ་བ་དྲ་།། རམ ་བ་བཞིན་དུ་བྱས་པ་བློ་འཕེལ་བ་ལ་ནི། རང་གི་ལྟེ་བར་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དབུས་སུ་པདྨ་རཱ་གའི་མདོག་འདྲ་བའི་ཡི་གེ་ཨ་ལུས་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་དམར་པོ་མང་པོ ་བྱུང་སྟེ། འགྲོ་བ་རེ་རེའི་སྙིང་གར་ཐིམ་པས་ཤེས་རབ་རྒྱས་པར་བྱས་ཏེ་སླར་བསྡུའོ།། བསྙེན་པ་ཉེ་བར་གྱུར་ནས་བསྒྲུབ་པ་ཟླ་བ་ཕྱེད་དུ་བྱ་བའི་ཕྱིར། ཚེས་གཅིག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི ་དབང་བསྐུར་བའི་ཚུལ་ཏེ། དཀྱིལ་འཁོར་གྱི་ཆ་ལས་ཤེས་པོར་བྱའོ།། ལེའུ་བདུན་པའི་བཤད་པའོ།། ། དེ་ནས་ཞེས་བྱ་བ་ལྀ་སོགས་པས་ནི་བཀའ་སྲུང་བའི་འཁོར་ལོ་སྟོན་ཏེ། ལུས་གསུམ་ལོས་ནི་བྱུང་བ་ཞེས་བྱ་བཱ་ནི། ་འཇིགས་པ་དང་འདོད་པ་དང་ནོར་གྱི་ལུས་ལས་བྱུང་བའི་བགེག་སོ།། ཡང་ན་ཚེས་དང་ལོངས་སྤྱོད་དང་སྤྲུལ་པའི་ལུས་གསུམ་དུ་དབྱེར་མེད་པར་བྱུང་བས་ཤས་ཚིག་རྣམ་པར་སྦྱརོ།། གཞན་དག་ནི་བགེགས་ནི་ལུས་ལས་བྱུང་བ་སྟེ། བྲག ་ནི་དེ་བཞིན་དྲུག་ལུས་བྱུང་།། བགྲགས་ན་དེ་བཞིན་སེམས་ལས་བྱུང་།། ཞེས་བྱ་བ་ལ་སོགས་པོའི་ཚུལ་གྱིས་ན་ལུས་ལྔ་སོགས་གསུམ་ལས་ནི་བྱུང་བ་བཅད་ཅེས་མཆེད་དེ། ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་ལ་སོགས་གསོལ ་བ་གདབ་པ་སྟོན་ཏོ།། ལྷ་མོ་འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་མངོན་པར་བྱང་ཆུབ་པའི་དབང་པོ་ཡིན་པས་བདག་གི་ཡང་དབང་པོར་བཞགོ།། དཀྱིལ་འཁོར་ཕོ་བྲང་ཞེས་བྱ་བ་ལ་སོགས་པ་ནི། སློབ་མ་འཇུག་པའི་ཆོ་ག ་སྟེ། དཀྱིལ་འཁོར་གྱི་ཆོ་གར་བལྟའོ།། དེ་ནས་དེ་བྱ་བ་ལ་སོགས་པའི་དོན་ནི་ཀུ་མུ་ཏྲ་ཕྱེ་བར་གྱིས་ཤིག། དེ་ནས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་དོན་ནི་དཀྱིལ་འཁོར་གྱི་ཆོ་གར་ཤེས་པར་སླའོ།། ལེའུ་བརྒྱད་པའི་བཤད་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆར་དབབ་པ་སྟོན་ཏེ། རྒྱ་མཚོ་ཆེན་པོ་བཞིའམ། ཕྱིའི་རྒྱ་མཚོ་ཆེན་པོའི་ས་བླངས་ལ། དེ་ན་ལྟོ་བ་ཡན་ཆད་སྐྱེས་པའི་ཆུ་བྱང་རྒྱན་མ་ལུས་པས་བརྒྱན་པ། གདེངས་ཀ་བདུན་པ་མདོག་དཀར་བ་ལྟ་བ་མན་ཆད ་སྦྲུལ་དུ་འདུག་བ། ལག་པ་གཡས་པ་མཆོག་སྦྱིན་པ། གཡོན་པ་ཨུཏྤལ་འཛིན་པོ་འམ། ཡང་ན་ལག་པ་བཞི་པ། གཡོན་པ་བདུད་རྩི་ལྔ་པོ་འོ་མ་དང་། ཞོ་དང་། མར་དང་། སྦྲང་རྩི་དང་། ཁ་རས་བཀང་བའི་ཐོད་པ་དང་པདྨ་འཛིན་པ། གཡས ་པབས་ཤིང་འབྲས་དང་རིན་པོ་ཆེ་འཛིན་པ་ཞིག་བྱོས་ལ་དེའི་སྙིང་གར་གུར་གུམ་གྱིས། ཨོཾ་ཕུཿཞེས་བྱ་བ་བྲིས་ལ། དེ་ནས་ཀླུ་གནས་པའི་མཚོ་ལ་སོགས་པར་དཔལ་གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་བྲིས་ལི་མཆོད་པ་བྱས་ཏེ། ་མཇུག་ཏུ་ཀླུ་གཟུགས་དེ་ལ་ཛ་ནཾ་ཛ་ཞེས་བྱ་བའི་སྔགས་ཀྱིས། སྙིང་གའི་ས་བོན་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་པས་ཀླུའི་རྒྱལ་པོ་མཐའ་ཡས་བཀུག་སྟེ། གཟུགས་དེ་ལ་བསྟིམ་སྟེ་ཀླུའི་དགའ་བའི་གཏོར་མ་དང་། མཆོད་པ་ཨོཾ་\ུ0f7fཞེས ་པས་མཆི་ལ། ཨོཾ་ཕུཿ་ནནྟ་ནཱ་ག་རཱ་ཛྙོ་བ་རི་ཤེ་ཡ་ཕུཿཞེས་བརྗོད་པས་ཆར་དབབ་སྟེ། བབ་ན་དཀྱིལ་འཁོར་དང་ཀློ་རྣམས་ལ་ཡང་མཆོད་པ་བྱའོ།། སྦྲུལ་ནག་པོ་ཅེས་བྱ་བ་ལ་སོགས་པ་ནི་རྒྱ་མཚོ་འཇུག་བཱི་ཚོང་བ་ལ་ཕན་པའི ་བྱ་བ་ནི་སྟེ་གོ་སླའོ།། སྦྱིན་སྲེག་གིས་ནི་ཞེས་བྱ་བ་ནི་ཚིམ་པར་བྱ་བའི་སྦྱིན་སྲེག་གིས་སོ།། ལྷ་རྣམས་མཐོང་ཞེས་བྱ་བ་ནི་ག་ཤྲཱིན་རྗེ་གཤེད་པོ་ལ་སོགས་པ་གང་འདོད་པ་སྟེ། སྦྱིན་སྲེག་གིས་ལྷ་རྣམས་རབ་ཏུ་ཚིམ ་ན་གང་འདོད་པའི་མཆོག་སྦྱིན་པའི་ཕྱིར་མིའི་དབུས་ལ་སོགས་པར་མངོན་སུམ་དུ་མཐོང་བར་འགྱུརརོ།། འདི་ནི་ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ལས་ཡང་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་མི་སྦྱརརོ།། མིག་སྨན་ཞེས ་བྱ་བ་ནི་སྲོ་ཙ་ཨཉྫ་ནའོ།། ཉལ་བ་ཞེས་བྱ་བ་ནི་སྦྲུལ་གྱིས་ཟིན་ཏེ་བརྒྱལ་བའོ།། བཟླས་པའི་ཞེས་བྱ་བ་ནི་བཟླས་ཏེ་བྲབ་ཅེས་བྱའོ།། ལག་པ་ཡི་ནི་ཞེས་བྱ་བ་ནི་ཡང་ན་ཞེས་བྱའོ།། གཏོར་མ་ཉི་མ་གཅིག་བཞིན་དབུལ། ཞེས་བྱ་བ་ནི་དྲི་ལ་རབ ་གནས་བྱིས་པའོ།། ཤིང་རྩེར་གང་ས་ཞེས་བྱ་བ་ནི་མིའི་རུས་པ་དེ་སྟེ། ཁ་ཅིག་ན་ར་འཁྲུལ་འཁོར་ཡང་དྲིས་ཏེ། དེ་དང་ལྷན་ཅིག་གདགས་ཤེས་ཟེར་རོ།། འཁྱམ་པར་འགྱུར་ཞེས་བྱ་བ་ནི་སྨོས་པར་འགྱུར་བས་སོ།། སླ་རོ་ཕོག་སྟེ་ཆུར ་བསྒྱུས་པས་ནི་བང་བར་གནས་པར་འགྱུར་རོ།། ལེའུ་དགུ་པའི་བཤད་པའོ།། །། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་རོ་ལངས་ཀྱི་སྒྲུབ་པོའི་ཐབས་རག་ཏུ་ཡང་བསྡུས་པ་སྟོན་ཏེ། འདིར་འདིའི་ཆ་དང་མཐུན་པའི་ལུང་ནི ་རང་གི་སེམས་སྦུབས་མཆོག་དང་ལྡན་པ་དེས་འདི་ནི་ཤིན་ཏུ་འཇིགས་པའི་ལས་ཀྱང་བྱ།། སེམས་སྟོབས་ཆུང་བའི་མི་ལོ་ཤ་ཟ་ཡིས།། གླགས་མཐོང་ནས་ནི་ཕུང་བར་བྱེད་པར་འགྱུར།། དཔའ་བོའོ་གོ་བགོས་མཚོན་ཆའི་ཐབས་མཁས་པ། ་ཆས་པའི་གླང་ཆེན་མཆོག་བཞོན་གཞུ་ཐོགས་ནས།། མདའ་འབན་མཐུ་དང་ལྡན་པ་གཅིག་པོས་ཀྱང་།། དགྲ་བོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས།། དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱིས།། གོ་བགོས་ལེགས་བསྲུངས ་གླང་ཆེན་ཞོན་ནས་སུ།། གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའ་འཕེན་པས།། འབྱུང་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ།། སྒུར་པོ་ཡན་ལག་ལྷག་ཆང་ཐུང་ངུ་དང་།། དེ་བཞིན་རིང་པོ་འམ་ཡང་ན་སྦོམ་པོ་འམ།། སྨད་པའི་མངལ ་ནས་སྐྱེས་པ་འམ་མ་ནིང་ངམ།། རྣམ་པ་དེ་འདྲའི་རོ་ནི་སྤང་བར་བྱ།། མ་ཞུ་བ་དང་རིམས་དྲག་ཚིད་པ་དང་།། འཁྲུ་སྐྱུག་བཅིངས་དང་ཆུ་དང་གསལ་ཤིང་དང་།། སྦྲུལ་གྱིས་བསང་དང་དུག་གི་ཤི་བའམ།། བད་ཀན་རླུང་སོགས་ཐོང་མོས་བསད་པ ་ལ།། ཡན་ལག་ཚང་ཞིང་ཁ་བཞིན་མ་སྨད་པ།། ལུས་ལ་སླད་མེང་སྐྱེས་པའི་རོ་མཐོང་ནས།། རལ་གྲི་བེ་ཅན་ལག་ན་ཐོགས་པ་ཡིས།། ཉིན་པར་ཐེག་ཐག་ཏུ་ནི་བསྲུང་བར་བྱ།། དུར་ཁྱོད་ཁང་སྟོང་དང་ནི་ཤིང་གཅིག་དང་།། བཞི་མདོ ་བ་ཆུ་དང་ནི་ཆུ་ཀླུང་ངམ།། མཚོའམ་རྒྱུརྒྱ་མཚོ་འམ་ནི་རི་བོ་ལས།། སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར།། གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི།། ས་དང་ལྕེ་བ་བསྲེས་པས་བྱུག་པར་བྱ།། གཙང་མ་དེར་ནི ་དཀར་ནག་དམར་པོ་འམ།། མཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི།། གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལ།། བསམས་ནས་འདོད་པ་གང་ཡང་རུང་བ་གཅིག། དང་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག།། བཟློག་ཅིང་རབ་ཏུ ་བསྒྲིམས་ཏེ་བྲི་བར་བྱ།། འཇིགས་པ་མེད་པའི་གཡོག་གིས་དེ་བླངས་ནས།། ཁྱེར་ཏེ་འོངས་ནས་ཀུ་ཤའི་སྟེང་བཞག་སྟེ།། སྐྲ་དང་ཁ་སྤུ་རྣམས་ཀྱང་བྲེགས་ནས།། དེ་ཡི་མོད་ལ་འབྲུ་མར་དག་གིས་སྐུ།། དེ་ནས་བུམ ་བ་ཞབས་མི་གནས་པ་བཞི།། གཙང་མའི་ཆུ་སཽ་བཀང་ཁྲུས་ནིར་སྦྱར་བས་བཀྲུ།། དེ་ནས་གོས་དཀར་ཕྲུག་ཅིག་བསྐོན་ནས་སུ།། དེ་ནས་དཀྱིལ་འཁོར་དབུས་སུ་རྩཝ་བསྟན་དང་།། མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང་།། རོ་ནི་མགོ་བོ་ཤྭར་རམ ་བྱང་དུ་བསྟན།། དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ།། ཕྲེང་པོ་གདགས་ཤིང་མེ་ཏོག་སིལཱ་མས་གཏོརཱ།། ཤ་དང་ཉ་ཤ་བལ་ཁུར་ཏིལ་བསྲེས་པའི།། ཁུར་བ་ལ་སོགས་ཇི་སྙེད་བུངས་བསྐྱེད་དོ།། འབྱུང་པོ་ཀླུ་དང་ཤྭ་ཟླ་གནོད་སྦྱིན་དང་། ་འབྲེལ་བླ་འོག་ཕྱོགསུ་བྱིན་པར་བྱ།། གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱས་ཏོ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ།། རོ་ནི་ལྗང་དུ་ཉེ་བའི་ཚེ་ན་ནི།། འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང་།། ་གཙུག་ཏོར་རྒྱལ་པོའི་སྔགས་ཀྱི་ཐལ་བའམ།། མ་གྲུགས་ཡུངས་ཀུར་ལ་སོགས་བསྔགས་ནས་ནི།། གུཏྟོ་ར་ནས་ཕྱོགས་བཅུ་དག་ནས་འོངས་པའི་བགེགས།། གསང་སྔགས་མཐུ་ཡིས་དེ་དག་འཇིགས་པར་འགྱུར།། དེ་དག་ཞི་བར་བྱ། ་ཕྱིར་ཁྲོ་བོ་ནི།། བདུད་རྩི་འཁྱིལ་པ་དྲག་ཤུལ་ལས་ཅེན་སྦྱར།། བགེགས་རྣམས་བཅོམ་ནས་དེ་ནས་རེ་དི་ཡང་།། གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར།། གང་ཞིག་སྔགས་ཀྱི་ཆོ་ག་ཞིབ་མོ་ལས།། མཐོང་བ་དེ་ནི་བགེགས་མེད ་ངེས་པར་འགྲུབ།། གལ་ཏེ་རི་དེ་ལྡང་བར་འགྱུར་བ་ལས།། དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ན།། སྔགས་གཞན་དག་ཏུ་ཆོ་ག་བསྟན་པ་ཡིས།། ལངས་པ་དེ་ལ་རང་གི་དངོས་གྲུབ་བླང་།། གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང་།། རལ་གྲི་ཨཱནྡྲ། ་གཞོན་པ་མངག་གཞུག་དང་།། འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་གཏེར།། བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང་།། དཀོའ་ཐུབ་སྟོབས་མེདོ་སེམས་སྟོབས་མོད་པ་ཡི།། ་བློ་གཞན་གང་ཞིག་རེ་ལངས་དངོས་གྲུབ་ཚོ་ལཱ།། དེ་ནས་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད་ཅེས་གསུངས་ཏེ། ཅུང་ཟད་དུ་ན་རོའི་མགོ་ནི་འདིར་ལྷོར་བསྟན་ཏོ།། ཁ་ཅོག་ན་རེ་འདིར་ལྷོར་བསྟ་ནོ།། ལནྡྷི་ན་རེ་བ་དྲྀརོ་ལ་ནག་བེ་བསྟི་མེ་སྭེ་ཊྚེ་བ་ནི་མི་འཛིད། དེ་ལྟར་དང་པོ ་གནས་ཉིད་དེའི་གནས་སྨོས་པའི་རིག་སོ།། འདིར་ནཱི་ལྷ་འམཱ་གཤིན་རྗེ་ལ་སོགས་པ་རོ་ལངས་ཀྱི་དངོས་གྲུབ་སྦྱིན་པར་ནུས་པ་གང་སུ་ཡང་རུང་བ་ཞིག། བཅོམ་ལྡན་འདས་གཤིན་རྗེ་རག་ཏུ་འཇོམས་པའི་མཐུས།། འདི་ལ་ཞུགས་ནས ་དངོས་གྲུབ་སྦྱིན་པར་ཟད་པས།། འདི་ལ་ངེས་པའི་ལྷ་ཙི་ཡང་མི་དགུགོ། ཡང་གཞན་ལས་ཤར་ཕྱོགས་སྒོར་ནི་ནིན་ཏན་དུ།། རྨ་མེད་པ་ཡཾ་རོ་བཞག་སྟེ།། སྙིང་གར་རི་ལངས་ཕྱག་རྒྱ་བཞག། དེ་ལ་རབ་ཏུ་བསྐོར་བ་བྱ།། དེ་ནས་ཁྲོས་པ་ཆེན ་བོ་ཡིས།། ཤིན་ཏུ་གུས་ཤིན་ལེགས་པ་རྒྱན།། དྲི་དང་མེ་ཏོག་མར་སྔོན་གྱིས།། ལེགས་པ་དག་ཏུ་མཆོད་ནས་ཀྱང་།། མཁས་པས་རོ་ལངས་ཕྱག་རྒྱ་ཡིས།། ཐོག་མར་བདག་ཉིད་བསྲུང་བར་བྱ།། གཤིན་རྗེ་གཤེད་བྱེད་ཡན་ལོག་ལྔ།། དེ་བཞིན་ལུས་ལ ་སྦྱར་བ་བྱ།། དཔའ་བོ་མཐུ་ཚོན་བདག་ཉིད་ཀྱིས།། རལ་གྲི་ལག་པས་བླངས་ནས་ནི།། དཔའ་བོའི་རྐང་པ་གཡོན་པ་ཡིས།། དེའི་སྙིང་གར་མནན་ནས་ནི།། ཁྲོ་བོ་ཡཱི་ནི་གཙོ་བོ་ཡིས།། ཡི་གེ་བཅུ་བདུན་སྔགས་བཟླས།། ་ཞེས་པ་དང་དེའི་སྤུཊ་དྲག་པོས་སྒྲོལ་པོ་དང་།། ཡི་དགས་དེ་ནི་གཡོ་བར་འགྱུར།། ཧ་ཧེར་གྱུར་པའི་འཁྲུགས་པ་དང་།། དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན།། དེ་ལས་ལངས་ནས་བདག་གིས་ནི།། དེ་ལ་མཆོད་ཡོན་དབུལ་བྱ་བ།། མཚན་ནི་རྣོན་པོ ་འབར་བ་ཡིས།། བསོད་པའི་ཤ་དང་ཁྲག་བཅས་པའོ།། རིག་པ་འཛིན་པ་ད་ཡི་ནི།། སེམས་ཀྱི་དྲོད་ནི་དེས་ཤེས་ནས།། མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི།། ཧ་ཧར་གྱུར་པས་འཇིགས་པར་བྱེད།། དེ་ནས་བདག་ཉིད་ཆེན་པོ་དཱའི།། འཇིགས ་རུང་བ་ཡིས་གཟུགས་མཐོང་ནས།། གཤིན་རྗེ་གཤེད་པོ་དཔའ་བོ་ཡིས།། རོ་ལངས་ཕྱག་རྒྱ་བསྟན་པར་བྱ།། དེ་ནས་གཤིན་རྗེ་གཤེང་པོ་དཔའ་བོ་ཡི།། རོ་ལངས་ཕྱག་རྒྱ་བསྟན་པར་བྱ།། དེ་ནས་གཤིན་རྗེ་གཤད་པོ་ནི།། ཡི་དགས་ལུས ་ལ་གནས་པ་དེས།། རོ་ལངས་ཕྱག་རྒྱ་མཐོང་ནས་སུ།། རིག་པ་འཛིན་པ་དེ་ཡི་ནི།། སེམས་དྲོད་རིག་ནས་འདོད་པའི་མཆོག། སྦྱིན་པར་བྱེད་པར་གདོན་མྱི་ཟ།། ཁྲོ་བོའི་རྒྱལ་པོ་སླར་གཤོགས་ནས།། མི་རོས་ལ་འགྱེལ་བར་འགྱུར།། དེ ་ཡི་ལུས་ནི་དེ་ཉིད་ཀྱང་།། གསོར་དུ་འགྱུར་བར་གདོན་མི་ཟ།། དེ་ཚེ་གྲོགས་པོ་རྣམས་དང་ཡང་།། སེམས་ཅན་རྣམས་ལ་ཅི་བདེར་སྦྱིན།། བདག་ཉིད་ཆེན་པོ་དཔའ་བོ་ཡི།། བསྒྲུབ་པ་བཤད་པ་འདི་ཡིན་ཏེ།། སེམས་དཔའ་རབ་ཏུ་དཔའི་བས་བྱན ་ངན་སོང་རྣམས་ཀྱིས་ཡོངས་མི་བྱ།། སེམས་ཞན་པ་ཡི་བསྒྲུབ་པ་པོས།། ཁྲོ་བོའི་རྒྱལ་པོ་དེ་བསྒྲུབ་ན།། ད་ནི་ལངས་ནས་མྱུར་བར་ནི།། གྲོགས་དང་བཅས་ནས་གསོད་པར་འགྱུར།། རོ་ལངས་ཕྱག་རྒྱ་མི་ཤེས་ན།། སེམས་ནི་ཇི་ལྟར ་དྲག་གྱུར་ཀྱང་།། ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི།། སྒྲུབ་པ་པོ་དེ་བསད་པར་འགྱུར།། རིགས་འཛིན་མཆོག་གིས་གང་དག་ཏུ།། དེ་བཞིན་གཤེགས་པའི་དམ་ཚིག་གིས།། བརྒྱན་ཅིང་འཁོར་ལོ་བསྐོར་པོ་ཡིས།། རོ་ལངས་ཕྱག་རྒྱ་བཅིངས་པ་དང ་གདོན་མི་ཟ་བར་ཁྲོ་བོས་ནི། ལེགས་པར་བྱིན་གྱིས་རློབ་པར་འགྱུར།། མྱུར་དུ་མཆོག་ཀྱང་སྩོལ་བར་མཛད། འགྲོ་བར་འགྱུར་བའང་གདོན་མི་ཟ།། ཨོཾ་ན་མོ་བུདྡྷོ་དྷརྨྨ་སཾ་གི་བྱཱ་ཀྲེ་དྷེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བོཉྫ་ཧཱུ~ཾ་བེ་དྷ་ལི་རཀྵ་རཿ ་མཾ། ཏ་ཐཱ་ག་ཏ་བཛྲཱི་བ་ཡ་ཏི་སྭཱ་ཧཱ། དེ་བཞིན་ག་ཤེ་ཌ་བའི་བཀྲ་བརྒྱ་ནུ་པ།། རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགསོ་ཞེས་པ་དང་། དེ་ནས་ལག་པ་གཉི་གྲཝ་ཡི།། སེར་མོ་ཕན་ཚུནི་བསྣོལ་བ་ཡི།། མཛུབ་མོ་གཉིས་ཀྱིས་སྲིན་ལག ་གཉིས།། ལེགས་པར་བཟུང་ནས་དགུག་པར་བྱ།། གུང་མོའི་སོར་མོ་བསྒྲེངས་ཏེ་ཕྱར།། མཐེའུ་ཆུང་གཉིས་ཀྱང་ནང་དུ་གཞུག། དེ་བཞིན་དུ་ནི་མཐེ་བོ་གཉིས།། ཕན་ཚུན་བསྣོལ་བར་བརྐྱང་སྟེ་སྦྱར།། ཤེས་རབ་ཅན་གྱིས་རོ་ལངས ་འདི།། རྟག་ཏུ་ཚུལ་བཞིན་ཁྲོ་བོར་བསྟན།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དོག་ལས་འདིར་ཇི་ལྟར་རིགས་པར་སྦྱར་བ་ནི།། གང་ཞིག་ཏུ་ནཻ་རཱ་ཉིད་ཀྱིས།། ལས་ཀྱི་ཆ་ག་རྣམས་མེད་པར།། དེར་ནི་སྤྱི་གཙུག་ལས་གྲགས་པའི།། ་ཆོ་ག་མཁས་པས་ཤེས་པར་བྱ།། ཞེས་གསུངས་པསོ།། གཤིན་རྗེའི་དགྲ་ཞེས་བྱ་བྷཱ་ནི།། བསད་པའི་འཁྲུལ་འཁོར་གྱི་སྐབས་གསུངས་པ་ལྟ་བུས་བྱས་ཏེ་དེ་སྤྱན་ཕྱེ་ལའོ།། ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་ནི ་གོ་སླའོ།། བྷ་གར་ལིང་ཞེས་བྱ་བ་ལ་སོགས་པས་ནི་སྙོམས་པོར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ལས་གསེང་བའི་དཀྱིལ་འཁོར་སྔགས་མངོན་དུ་བསྟན་པས་འབྱིན་པ་ན། འགྲོ་བའི་དོན་ལོ་ཉེ་བར་དམིགས་པའི་ཏིང་ངེ་འཛི་ནོ་ཏྭེ་ལྷ་ལྷག་མ་རྣམས ་ཀྱང་དེ་དག་གི་ཆར་ཇི་ལྟར་རིགས་པར་བསྡུ་བའམ་སྔར་གླེང་གཞི་བཤད་པ་ལྟར་དྲང་བར་བྱ་ཞིང་། ཐོད་པ་བཞིས་ནི་སེམས་ཅན་ཐམས་ཅིང་ཉོན་མོངས་པ་དང་བྲལ་ནས་དབང་བསྐུརོ།། བ་སྤུ་རྩེ་ལས་ཞེས་བྱ་བ་ནི་བཙུན་མོའི་བ་སྤུའི ་རྩེ་ལས་ཏེ། དེ་ཡང་དཔག་ཏུ་མེད་པར་འཕྲོ་བས་ནི་སྤྲིན་ཞེས་གསུངསོ།། ཉི་མའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལེའུ་བཅུ་པའི་བཤད་པའོ།། །། འགྲོ་བ་ཁྱོང་ཁྲོས་ནོན་གཟིགས་ནས་ཞེས་བྱ་བ་ལ་སོགས་པ་ནི། ་ཅིག་བདག་པོ་གཅིག་པུས་ཆོགས་པ་མ་ཡིན་ནམ། ཇི་ལྟར་ན་ལྷ་འདི་སྙེད་ཅིག་བསྟན་ཅེས་རྟོག་པ་བཟློག་པའི་ཕྱིར། ལྷ་སོ་སོའི་རྣམ་པར་དག་པ་གསུངས་པའོ།། རང་སྙིང་ས་བོན་ཞེས་བྱ་བ་ལ་སོགས་པས་ནི་གསང་བའི་དཀྱིལ་འཁོར ་བསྐྱེད་པའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རང་གི་སྙིང་གའི་ས་བོན་གྱི་ཡི་གེ་འབྲུ་ལས་བྱུང་བའི་འོད་ཟེར་གྱིས་བཀུག་ལ། བདག་གི་ལུས་ལ་བསྟིམ་སྟེ། དེ་དག་ཞུ་བ~ཾ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ལས ་བྱུང་བའི་དཀྱིལ་འཁོར་རྫོགས་པར་བྱས་ནས། སྔོན་བཞིན་དུ་ཏིང་ངེ་འཛིན་དང་སྔགས་ཀྱིས་སྤྲོས་ཏེ་བསླར་བསྡུས་ནས། ཕྱི་རོལ་གྱི་དཀྱིལ་འཁོར་བསྒྲུབ་པའི་རྣལ་འབྱོར་འགྲུབ་པར་ཐེ་ཚོམ་མེད་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ ་ནརྀ་སྤྱོད་པ་སྟོན་ཏེ། དྲོད་ཅེས་བྱ་བ་ནི་འོཚོང་བར་འགྱུར་བའི་ཡེ་ཤེས་ཅུང་ཟད་བབ་པ་སྟེ། ཆར་དང་རླུང་དང་གྲང་བ་དང་།། གནས་དང་ཟས་ལ་སོགས་པ་ལ།། ཙི་མི་སྙན་པར་ནམ་གྱུར་པ།། དེ་ཚེ་ལས་ཀྱི་འབྲས་བུ་དེས་ཞེས་གསུངས་པའོ།། གར ་ཞེས་བྱ་བ་ནི་ལྷོ་ཉིད་ཀྱི་རྣལ་འབྱོར་ཏེ། གར་ནི་བསྒོམ་པར་བྱའོ་ཞེས་གསུངས་པསོ།། གླུ་ཞེས་བྱ་བ་ནི་སྟེགས་ཀྱི་ཟླས་པ་སྟེ། སྔགས་དག་པར་ནི་གླུ་གནས་ཏེ་ཞེས་གསུངས་སོ།། རྒྱུལ་མཚན་ཞེས་བྱ་བ་ནི་རྡོ་རྗེ་སྟེ་སྦས་པ་ཞེས་བྱ་བ་པདྨ ་དེ་ནསོ་ཞེས་བྱ་བ་ནི་ཐབས་དཔོ་ཤོས་རབ་འདུ་བའི་ཚེ་དབོང་དུ་བྱས་པའོ།། ལྷ་ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པའོ།། དེ་ལ་ཞེས་བྱ་བ་དེའི་ཚེའོ།། འོ་མ་ཞེས་བྱ་བ་ནི་མཻ་ཏིག་ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདེ་བོ་དང་བཅས ་པ་སྟེ། བདེ་བ་མེད་ན་དེ་མེད་ཅིང་།། དེ་མེད་ན་ཡང་བདེ་བ་མེད་ཅེས་གསུངས་པསོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་རྙེད་པའི་རིག་པ་འཛིན་པ་སངས་རྒྱས་ཀྱི་གཟུགས་འཛིན་པའོ།། དེ་ནི་འདོད་པ་འབྱོར་ཅིང་འཇིགས་པ་སྤངས ་པ་ཡིན་པས་ན། ཕག་མོའི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ཡང་གང་ལ་བརྟེན་ནས་འོ་མ་གྲུབ་ཅེ་ན།། ཕག་མོའི་གཟུན་ནི་བཟུང་ནཱ་ནི། བཙུན་མོ་ཐམས་ཅད་བླང་བར་བྱ་ཞེས་གསུངས་ཏེ། རིགས་ཀྱི་ཕྱག་རྒྱ་འོད་ཡིན་པས་སོ།། ཇི་ལྟར་ན ་ཕག་མོའི་གཟུགས་བཟུང་བ་ཡིན་ཞེ་ན། ཇི་སྐད་དུ་གསུངས་པ། གང་གིས་ལག་པའམ་དཔལ་བ་ནི།། འཁོར་ལོ་སྣང་འགྱུར་སྤུ་ལྷགས་འཆང་།། སྤྲིན་སྔོན་གྱི་ནི་མདོག་འདྲ་བ།། བསྐལ་བཟང་ཆེན་མོའི་ཕུན་སུམ ་ཚོགས།། མཆོག་ཏུ་བདེ་བ་གང་ཡིན་དང་།། ཁྱིམ་དུ་འཁོར་ལོ་བྲི་བྱེད་ཅིང་།། རྟག་ཏུ་དེ་ལ་མཆོད་བྱེད་པ།། རྡོ་རྗེ་ཕག་མོའི་རིགས་བྱུང་བའི།། སྟོབས་ཀྱི་དྲེགས་པའི་མཁའ་གྲོ་མའོ།། གང་ཞིག་མིག་སྨན་གནག་འདྲ་ཞིང་།། སོ་ནི་དཀར་ཞིང ་བ་དང་།། རྟག་ཏུ་སྡུག་པར་གྱུར་པ་དང་།། སེམས་སྟོབས་ལྡན་པར་གྱུར་པ་དང་།། ཁྲུས་ལ་རྟག་པར་དགའ་བ་དང་།། མང་དུ་སྨྲ་བར་མི་བྱེད་ཅིང་།། ཁྱིམ་དུ་རྡོ་རྗེ་དྲི་བ་དང་།། རྟག་ཏུ་དགེ་བས་མཆོད་བྱེད་པ།། རྡོ་རྗེ་ཕག་མོའི་རིགས་བྱུང་བ།། སྟོང་ཕྲག ་ལྔ་ལྡན་ཡིན་ཞེས་པས་ཏེ།། དེ་ཡི་བུ་མོ་གྲུབ་པ་པོ།། གལ་ཏེ་དེ་མ་རྙེད་ན་ནི།། ཨི་དམ་ལྷའི་རིགས་ཀྱིས་བྱ།། ཡང་ན་གཞོན་གྱི་རིགས་ཀྱང་རུང་། ཞེས་གསུངས་པ་སྦྱརོ།། འདི་ནི་མྱུར་དུ་ཕྱག་རྒྱ་ཆེན་པོ་འགྲུབ་པར་བྱེད་པའི་བུད་མད་སྔོན་དུ ་བསྟེན་པའི་མཐུ་ཅ་ནོ།། དཔའ་བོ་སེང་གེ་ལྟ་བུར་སྤྱོད་ཅེས་བྱ་བ་ནི་འདུ་འཛི་སྤངས་ཏེ་གནས་པས་ན། སང་གི་ལྟ་བུར་སྤྱོད་པ་སྟེ། ཇི་སྐད་དུ། ས་ལ་སྱེང་གཱ་ཁྱུས་འཁོར་སྟོན་མ་བྱུང་།། ལྟ་བའི་གདུག་པ་དག་ཀྱང་འཁྱུས་མི་འཁོད།། གཎྜཱི་ལྡན་བདེ་བ ་ཕ་རོལ་གནོན་པའོ།། སྐྱེས་བུ་ཁྱུ་མཆོག་རྣམས་ཀྱང་ཁྱུས་མི་འཁོད་ཅེས་གསུངས་ལ། ཡང་འཇིག་རྟེན་དག་ན་ཉི་ཟླ་དཔུང་མ་མཆིས།། འཁོར་ལོས་སྒྱུར་དང་སེངྒེ་དཔུང་མ་མཆིས།། བྱང་ཆུབ་སེམས་དཔའ་འདི་ནི་དཔུང་མ་མཆིས།། འོན ་ཀྱང་གཅིག་པུས་བདུད་ནི་གཞོམ་པར་སྤྱོད། ཅེས་གསུངས་ལ། ཡང་འཇིག་རྟེན་དག་ན་དེ་ལྟར་གཅིག་པུས་ན་དཔའ་བའོ།། གཞན་དག་ན་ཊེ། འདི་ནི་འདྲེས་པར་སྤྱོད་པར་མ་བཀག་སྟེ། སྔར་རོལ་དང་བཅས་པས་གྲོང་ཁྱེར་འཇུག་ཅེས་གསུངསྟེ ་པས་སོ།། འོན་ཀྱང་ལྷའི་བུའི་བདུད་དང་བདུད་ཀྱི་རི་སུ་གཏོགས་པའི་འཚེ་བས་མོ་ཚུགས་པས་ན། དཔའ་བོ་སོང་གི་ལྟ་བུར་སྤྱོད་ཅེས་གསུངས་ཏེ། ཇི་སྐད་དུ། བརྟུལ་ཞུགས་དྲག་པོ་འཛིན་པ་ཡི།། སྒྲུབ་པ་པོ་ལས་བདུད་ཀྱི་ར་སོ།། ལྷ་མ་འདོད་གཟུ ་ཅན་དག་དང་།། གཞན་གྱི་ལུས་ཀྱིས་དེ་བཞིན་དུ།། དབང་པོ་བསྡམས་ལ་འཚེ་བྱེད་པ།། རྣམ་པོ་བསྡམས་ལ་འཚེ་བྱེད་པ།། རྣམ་བྱ་སྣ་ཚོགས་གཟུགས་ཀྱིས་ཏྭེ།། དེ་དང་ལྷན་ཅིག་སྨྲ་མི་བྱ།། ཅུང་ཟད་ཀྱང་ནི་ཆགས་མི་བྱ།། བྱང་ཆུབ་སེམས་དཔའ ་རབ་ལྡན་ཞིང་།། ཁྲོ་བོའི་བཟླས་པ་གཞོལ་བྱེད་པ།། གལ་ཏེ་དེ་ལྟར་འགྲོ་བ་ན།། མི་ཟད་འཇིགས་བྱའི་གཟུགས་དག་གཽམ།། ཤིན་ཏུ་ངོ་ཆེར་གཞན་མ་རྣམས།། བདེ་གཤགས་བསམས་པས་མཐོང་བ་ན།། དེ་དག་གིས་ནི་འཇིགས་མི་བྱ།། གནོད་ཀྱི ་སྐྲག་པར་བྱེད་པ་ནི།། ཁྱོ་བདག་ཉིད་ནི་རྣམ་འཇིགས་ཏེ།། བདེ་གཤེགས་བཀའ་ནི་བསྒོམས་ཕྱི་རོ།། བདེ་གཤེགས་བསམས་པས་བསྒོམས་པ་ཡི།། རྟུལ་ཕོད་པ་ཡིས་དཔའ་བློ་ཡིས།། བརྟུལ་ཞུགས་འདི་ནི་བརྟེན་པར་བྱ།། དཔའ་བྲིས་བྱ་ཡིས ་གཞན་གྱིས་མིན།། དངོས་གྲུབ་མཆོག་ནི་འདོད་པ་ཡིས།། ལྷ་ཡི་བརྟུལ་ཞུགས་གསུངས་པོ་འདི།། ཇི་སྐད་གསུངས་པའི་ཚུལ་བཞིན་དུ།། རབ་ཏུ་འབད་པས་བསྙེན་པས་པ་ཞེས་གསུངས་ལ། གཞན་ལས་ཀྱང་བརྒྱ་བྱིན་ལྟ་བུའི་ལྷོ་མིན ་གང་།། མདུན་དུ་ངེས་པར་འོངས་གྱུར་ཀྱང་།། དེ་ལ་འཇིགས་པར་མི་བྱ་སྟེ།། དཔའ་བོ་སང་གི་ལྟ་བུར་སྤྱོད། ཅེས་གསུང་སོ་ཞེས་ཟེར་ཏེ་ལེགས་པར་སྨྲ་སོ།། འདིར་ནི་ཡང་དག་པར་བསྡམས་བས་ན་བརྟུལ་ཞུགས་ཤེས ་དྲང་བར་བྱ་བས་ན། དབང་པོ་བསྡམས་པ་དང་། རབ་ཏུ་བརྩོན་འགྲུས་སུ་གྱུར་པ་སྟེ། བརྩོན་འགྲུས་འབྲུ་ཞི་གྲོགས་གྱུར་པས།། གོ་འཕང་བླ་ན་མེད་པ་བརྙེས་གསུངས་པ་ལྟ་བུ་དང་། གྲུབ་པའི་ཕྱག་རྒྱའི་སྟོབས་དགེ་གིས་འདི་འགྲུབ་ཀྱི། ཚིགས་ངར ་བར་སྤྱོད་ཅིང་བུད་མེད་ཐ་མལ་པའི་ཡུལ་ལ་ལྷག་པར་ཆགསོ་བས་ནི་འགྲུབ་མི་སྲིད་པར་ཤེས་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་རབ་ཏུ་གསལ་བའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། ་ཕྱག་རློབ་ཏུ་མང་པོ་སྟོན་པ་སྟེ། སྔགས་ནི་གཅིག་པོ་ཉིད་གསུམ་གྱིའོ།། དེ་ནས་དམ་རྫས་ཞེས་བྱཱ་བྷ་ལ་སྩོགས་པ་གོ་སླའོ།། རོམས་དང་ཞེས་བྱ་བ་ལ་སོགས་པ་ནཱི།། བཟླས་པ་གྲུབ་པའི་བྱུག་པའི་བྱ་བ་བསྟན་ཏེ་གློ་སླའོ།། ཆུ་ཆེན་པོ་ཞེས་བྱ ་ནི་རྡོ་རྗེའི་ཆུའོ།། རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་རང་གི་རྫ་སོ།། རང་བྱུང་མེ་ཏོག་ཅེས་བྱ་བ་ནི་བུད་མེད་ཀྱི་ཉི་མའོ།། འདི་དག་སྣ་བུག་གཡོན་པ་ལས་འཐུངས་པས་འཆི་བ་འཇོམས་པས་ན་སྦྱོར་བས་འོད་དག་མཆོག་གི་མཆོགེ་སྟེ། མཆོགཽ་གི ་ཚེ་རིང་པོ་སྦྱིན་པས་སོ།། དེའི་ཡང་མཆོག་ནི་རྒས་པ་དང་རྒུད་པ་རབ་ཏུ་འཇིགས་པསོ།། ལེའུ་བཅུ་གཅིག་པའི་བཤད་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དག་གིས་ནི་མཆོད་པའི་གླུ་གསུངས ་ཏེ། ཙ་ར་ཙྱཻ་ཀ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བར་འགྱུར་བའི་རྣལ་འབྱོར་པ་རྣམས་ཀྱིས། བདག་ཉིད་ལྷ་མོ་བཞིའི་ཏིང་ངེ་འཛིན་དུ་བྱོས་ལ་གླུའི་བསྟོད་པ་གྱིས་ཤིག་ཅེས་བསྟན་པའི་ཕྱི་།། ཨ་ཀྱཻ་ཀྱེ་ཀྵུ་ཞེས་བྱ་བ་ལ་སོགས་པ་ནི་ཐཱ་མ ་བའི་སྐད་དུ་བསྟོད་པ་སྟེ་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཟླསྔོ་པའི་བྱ་བ་ཕྲེང་བ་དང་བཅས་པའི་བྱ་བ་སྟོན་ཏེ། ཀུ་མུ་ཏ་ཁོ་ཕྱེ་བར་ཅུང་ཟད་བསྟན་པས་ཁོང་དུ་ཆུད་པར་ནུས་སོ།། ཡི་དགས་ཚོགས་སྟོང་བསད་པར་བྱ་ཞེས་བྱ ་བ་ནི་འགྲོ་བ་ཆོས་ཅན་ལ་འཚེ་བའི་བགེགས་དྲག་པོ་ནི་ཞི་བར་ཇི་ལྟར་མི་ནུས་ནོ།། སྔགས་པས་སྙིང་རྗེ་བསྐྱེད་ལ་འཁྲུལ་འཁོར་རམ་སྦྱིན་སྲེག་གིས་བསད་པར་བྱ་སྟེ། ཇི་སྐད་གསུངས་པ་ཡང་ཉེས་པ་ཅུང་ཟུད་ཙམ་གྱི་ཕྱིར། བགེགས ་རྣམས་ལ་ནི་གནོད་མི་བྱ།། ཤིན་ཏུ་སྡུད་པར་རིགས་ནས།། གལྤ་ཏེ་བགེགས་ལ་གནོད་བྱ་ན།། ཤིན་ཏུ་སྣང་ཞིང་དྲག་རྣམས་ལ།། འཇམ་ངོས་ཉིད་ཀྱིས་མི་བྱའོ།། གལ་ཏེ་འཇམ་དེས་ཉིད་བྱ་ན།། དེ་ནི་མྱོང་ལྔ་གནོད་པ་བྱེད།། ཐོག་མཱར་འཇམ ་པར་སྦྱར་བར་བྱ།། ལན་གཉིས་ཚེ་ནི་དབྱེ་བར་བརྩོན།། གསུམ་ཚེ་མཆོད་ཡོན་ཐོགས་ནས་སུ།། མེ་ཏིག་བསྟིམྦྷ་པར་གནས་བྱས་ལ།། དེ་ནས་བགེགས་རློམས་མཆོད་པར་བྱ།། འབྱུང་ཀུན་ཕན་གཏོར་བྱིན་ནཱས་སོ།། འདི་སྐད་གྱི་ནཱི་ཚིགས ་བརྗོད་དོ།། བདག་གིས་ད་ནི་ཁྱེད་མཆོད་ཀྱིས།། སོང་ཞིག་བགེགས་ཆེན་འགྲོ་བར་གྱིས།། ཕྱིན་ཆད་དེ་ལྟར་མ་བྱེད་ཅིག། ཁྱེད་ཀྱིས་སྟོབས་དང་རྩ་ལ་མཐོང་ནི།། ཁྱེད་ནི་བདག་ལ་བགེགས་བྱེད་ནུས།། ཁྱོད་ནི་ལྷའི་སྤྲུལ་པ་སྟེ།། ཁྱེད་ནི ་དགེགས་བྱེད་མི་ནུས་མིན།། སྔོན་ཆད་མཆོད་པ་མ་ཐོབ་པ།། དེ་ནི་བདག་གིས་མཆོད་བྱས་ཏེ།། མཆོད་གྱིས་ད་ནི་མཆོད་ཁྱེར་ལ།། བགེགས་ཀྱི་རྒྱལ་པོ་སོང་ཞེས་བརྗེད།། གལ་ཏེ་འདུག་ཀྱང་བགེགས་མེད་ན།། དེ་ལ་ལ་ཌཱ ་བར་སྦྱང་བར་བྱ།། སྔགས་པས་མཆོད་པ་བྱས་ནས་ཀྱང་།། ཅི་སྟི་དགེགས་ནི་ཡང་བྱུང་ན།། ཕྱོགས་བཅུའི་སངས་རྒྱ་སྟེ་དབང་གྱུར་པ།། མི་མཆོག་རྣམས་ལ་མཁྱེན་པར་གསོལ།། བགེགས་ལ་ཆད་པས་བཅད་པ་ཡི།། སྦྱོར་བགྱིད་བདག་ལ་ནོངས་མ་མཆི ་སངས་རྒྱུས་རྣམས་དང་སངས་རྒྱས་སྲ་སོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི།། བཀའ་དང་འགལ་བ་བདག་མི་བགྱིད།། ལྷ་དང་ལྷ་ནི་གནོད་སྦྱིན་བཅ་སོ།། གང་དག་ཀླུ་དང་དྲི་ཟླ་དང་།། གཟའ་དང་མི་འམ་ཅི་དག་ལོ།། བགེགས་ཀྱིས་གཅེས་པར ་གྱུར་པ་དོག། ཕྱོགས་རྣམས་ཀུན་ཏུ་བསྒྲེགས་པར་བྱ།། གལ་ཏེ་ཅུང་ཞིག་སྐྱེ་བ་ཚེ་ན།། མྱུར་དུ་ཡེངསུ་སྐྱོབས་ཤིག་ཅེས་སྔགས་པའི་གལ་ཏེ་མོཉན་བྱས་ནས།། བགེགས་བྱ་བ་ཞི་བར་གྱུར་ནས་ནི།། དེ་ནས་ཕྱོགས་མཚམས་ཐམས་ཅད་དུ།། ལྷ་རྣམས ་ལཱྀ་ནི་མཆོད་པོ་བྱ།། གལ་ཏེ་དེ་ལྟར་མི་བཏུབ་ན།། མེ་ཏོག་ཐལ་མོ་མཆོད་ཡོན་གྱིས།། སངས་རྒྱས་སོགས་ལ་རབ་བསྐུལ་ཏེ།། དེ་ལ་ཆད་པས་བཅད་པར་བྱ།། དྲག་པ་ཤིན་ཏུ་ལྡན་སེམས་དཔའ།། བཀའ་ལུང་ལས་ནི་འགལ་བྱེད་ཅིང་།། མི་ལ་གནོད ་ཅིང་སྲོག་འཕྲོག་པ།། སངས་རྒྱས་རྣམས་ཀྱང་མི་གཡེལ་བར།། དེ་ལ་ཕན་པར་ཤེས་ནས་སུ།། བསྐལ་པ་བྱེ་བ་དུ་མར་ནི།། སེམས་དམྱལ་གནས་སྐྱེ་བ་ཡི།། སྡུག་བསྔལ་མང་པོར་འདིར་འགྱུར་ཞེས།། ཇི་ལྟར་སྨན་པོས་སེམས་ཅན་གྱིས།། ་ནད་རྣམས་གསོ་བར་བྱེད་པ་བཞིན།། གཟིར་བས་བདག་ལ་ཉེས་པ་མེད།། མཁས་པ་རྣམ་པར་སྤངས་པ་ཡིན།། དེ་ལས་སེམས་ནི་མཉྫམ་གཞག་ཅིང་།། སྙིང་རྗེའི་ཡིད་དང་ལྡན་པ་ཡིས།། བྱང་ཆུབ་སེམས་ནི་བརྟན་བྱས་ཏེ།། དེ་ལྟར་ཆད་པས་བཅཝ ་བཱ་ཙམ།། ཇི་ལྟར་སྨན་པ་མཁས་པ་དག། ཉེས་ཏྭེ་ཡལ་བར་མི་འདོར་ཞིང་།། ཐབས་དང་ཤེས་རབ་ལྡན་པ་ཡང་།། མཁས་ནའང་མི་བྱེད་ཉེས་དང་བཅས།། ཇི་ལྟར་སྨན་པ་མི་མཁས་པོ།། ཐབས་དང་ཤེས་རབ་བློལ་པ་ཡིས།། ནད་པ་ཡལ་བྲེ། ་མི་འདོར་ཞིང་།། གསོ་བའི་ཆོ་ག་བྱེད་གྱུར་པ།། དེ་བཞིན་གཤེགས་དང་བྲལ་བ་ཡིས།། གལ་ཏེ་གསོ་བར་བརྩོན་ནཱ་ཡང་།། ཐབས་དང་ཤེས་རབ་བྲལ་བ་ལ།། སངས་རྒྱས་རྣམས་ནི་སྔགས་མི་མཛད།། ནད་པ་དང་ནི་ནད་པ་ལ།། སྨན་པ་ཅི་ལྟར ་སྨན་སྦྱིན་པ།། ཁ་དང་ཚ་དང་བསྐ་བོ་ཡང་།། འཇིག་རྟེན་སྨོད་པར་མི་བྱེད་པ།། དེ་བཞིན་འདུལ་བའི་བྱེ་བྲག་གིས།། ཅི་རིགས་པར་ནི་གསོལ་བར་བྱ།། སྡང་བའི་སེམས་ཅན་རྣམས་ལ་ནརྀ།། བྱ་སྟེ་སངས་རྒྱས་རྣམས་མི་སྤྱོད།། འོ་ན་སྔགས་པ་མ ་ཁྲིས་ལོ།། བསྐལ་པའི་མེའི་འོད་ལྟ་བུས།། རྡོ་རྗེ་རལོ་གྲིའི་ཕྱག་རྒྱ་ཡིས།། དགེགས་རྣམས་ཐམས་ཅད་བཅད་པར་བྱ།། ཞེས་གསུངསོ།། གུལ་ཏོ་བློ་བུར་དུ་བགེགས་བསད་བའི་བྱ་བ་ཉེ་བར་གནས་ན།། ཡུངས་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར ་བར་བྱས་པས་བསྣུན་ཏེ། ལུས་ཐལ་བྱུང་དུ་སོང་བར་བསམ་པའམ།། ཡང་མི་སྲོག་ལ་མི་གནོད་པར་རལ་གྲི་ལ་སོགས་པར་བསམས་པའི་དབྱིག་པ་དང་། ཐེག་པ་ལ་སོགས་པས་རོབ་ཏུ་དྲགས་པར་བསྣུན་པའམ། མེ་ལ་གདུང་བའམ། ཆུ་ལ་སྤྲིང ་པར་བྱའོ།། འདི་ཡང་ལྷའི་རྣལ་འབྱོར་གྱི་བྱའི། གཞན་དུ་མ་ཡིན་ནོ།། གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན་ཞེས་བྱ་བ་ནི། འབྱོར་པ་མཆོད་ལ་སོགས་པའི་བྱེ་བྲག་གིས་ཉིན་རེ་ལ་སོགས་པརོ།། གཤིན་རྗེའི་དགྲ་ལ ་དབུལ་ཞེས་བྱ་བ་ནི།། ལྷ་བཤོས་ཀྱི་བྱ་བ་ངེས་པ་སྟེ། རབ་ཏུ་འབད་པོས་དབུའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གཽ་སླའོ།། ལོའུ་བཅུས་པའི་བཤད་པའོ།། །། དེ་ནས་ཞེས་བྱ་བ་ལྔ་སོགས་པ་ནི་རྡོ་རྗེ་མཁ་འགྲོ་མའི་དཀྱིལ་འཁོར་སྟོན་ཏེ། ་འདི་ནས་བརྩོམས་ཏེ་དཀྱིལ་འཁོར་འབྱུང་བར་འགྱུར་བ་དག་ཏུ་གང་ཡང་ངེས་པར་གསུངས་པའི་ལྷ་དང་། དེའི་སྐུ་མདོག་དང་ཕྱག་མཚན་དང་། དབྱིངས་ནི་ལེའུ་དང་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྩ་བའི་ཕྱག་མཚན་དང་སྐུ་མདོག་ལ ་སོགས་པ་ལྟར་ཤེས་པར་བྱའོ་ཞེས་བྱ་བ་ནི་བླ་མ་བགྲེས་པོ་དག་གི་ལུངོ་།། ཁ་ཅིག་ནི་གཟུགས་ནི་གཉིསུ་ཞེས་བྱ་བ། བུད་མེང་དོང་ནི་སྐྱེས་པ་ཉིད།། ཡང་ན་ཀུན་ཏུ་ཐམས་ཅད་ཀྱི།། ཁ་དོག་དབྱི་ས་དང་གཟུགས་རྣམས་ཏེ།། བསམ་ཡཾས་ཡེ་ཤེས ་ལས་བྱུང་བས།། དེ་བས་དེ་རྣམས་བསམ་ཡས་ཏེ།། ཨེ་ཤེས་མཁྱེན་གྱི་ཡེ་ཤེས་ནི།། སེམས་ཅན་དོན་ཕྱིར་ཐ་དད་གྱུར་ཅེས་གསུངས་པས།། གང་དུ་ཁ་དོག་ལ་སོགས་པ་ངེས་པ་མ་བརྗོད་པོ་དེར། རང་གི་བློ་ལ་ཅི་དགའ་བར་སོམས་ཤིག་ཅེས ་ཟེར་ཏེ། དེ་དག་གིས་ཀྱང་ལེགས་པར་སྨྲས་པ་ཉིད་དོ།། སྡིག་པའི་ལས་གཅོད་པའི་གྲི་གུག་སྟེ་ཞེས་བྱ་བ་ནི་སྡིག་པ་གཅོད་པའི་བརྟགས་ཏེ། ཁར་སིལ་གྱི་དོན་བཞིན་ནོ།། ཐོས་པ་ཞེས་བྱ་བ་ནི་ལྷའི་རྣ་བའོ།། མཁའ་དབྱིངས་ཞེས་བྱ་བ་ནི་ཆོས ་འབྱུང་བའི་ཕྱག་རྒྱའོ།། རྩེ་མོ་ལྔ་པ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་སྟེ། ཉི་མའི་དཀྱིལ་འཁོར་པདྨ་ལ་གནས་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་སྟེ། དེའི་དབུས་སུ་གུནས་ཞེས་བྱ་བ་ཁང་པ་བརྩེགས་མ་དགོད་པ་བྱ་སྟྭཾ། ཛྷ་ལས་བྱུང་བའོ་གཞན་དག་ནི་གནས་ཞེ ་བྱ་བ་ས་བོན་གྱི་ཡི་གེར་འདོད་དོ།། ཌི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཅུང་ཟད་དུ་ན་བླ་མི་དགྱེས་པས་དབང་བསྐུར་བི་དམ་ཚིག་དང་ལྡན་པས། བསྐྱེད་པའི་རིམ་པ་ལ་གུས་པས། ལྷའི་རྣ་བའི་ཚོད་དུ་བསྙེན་པ་བྱེ་བ་ཕྲག་བཞི་དང་། འབུམ ་ཕྲག་བནི་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲིས་པའི་དབུས་སུ་བདག་པོའི་གནས་གསལ་བར་བདག་འདུག་ནས་བདེན་པའི་བྱིན་གྱིས་བརླབས་དམིགས་ནས་མཚན་ཐོག་ཐག་ཏུ་བཟླས་ན། ཐོ་རངས་དྲིའི་རྣ་བ་རྣམ་པར་དག་བྱས་སྒྲ་རབ་ཏུ་ཕྲ ་བ་དང་། རིང་པོ་ནརྀ་གྲགས་པ་ཡང་ཐོབ་པར་འགྱུ་རོ་ཞེས་བྱ་བ་ནི་མནྟྲ་དགྲོ། ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ནི། ལྷའི་ལུས་བསྐྱེད་པར་བྱའོ།། ཨོཾ་ཨཱུ་ཀ་ཤ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་སྔགས།། རྡོ་རྗེ་ས་འོག་ཅེས ་བྱ་བ་ནི་གནོད་མཛེས་རྒྱལ་པོའོ།། ས་འོག་བུག་པོ་ཅེས་བྱ་བི་ནཱི་ལྷ་མ་ཡིན་གྱི་ཡུལ་དུ་འགྲོ་པོའི་དཔལ་གྱི་སྒོ་ཞེས་བྱེ་བ་ནི་བུ་ག་སྟེ། ཇི་ལྟར་སྒྲུབ་པ་པོ་མཽ་ཧེ་སྟོར་བའི་གཏམ་ལྟར་ཏེ་ཛམྦུའི་གླིང་ཕལ་ན་ཡོད་ཅིང་། ཕལ་ཆེར་ནི་གསེར ་གྱི་བྲག་རཾ་བྱ་སྐྱིབས་ལྷ་མ་ཡིན་གྱི་སྟེང་ན་ཡོད་དོ།། གནོད་མཛེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རྨི་ལམ་གྱིས་ནི་བུག་པ་ཞེས་བྱ་བ་ནི། ཚུལ་སྔ་མ་ལྟར་བསྙེན་པ་བྱ་སྟེ། མཚན་མོ་མཆོད་པ་རབ་ཏུ་རྒྱས་པར་བྱས་ནས ་ལྷ་ལ་གསོལ་བ་གདབ་སྟེ། མི་སྨྲ་བར་བློ་གཡས་པ་ཕང་ནས་ཡིད་ལ་བྱེད་པ་གཞན་སྤངས་ཏེ། ཉལ་ན། རྨི་ལམ་ན་གང་ནས་འོག་གི་སྒྲོ་ཡོད་པ་ངེས་པར་སྟོན་ཏེ། དེ་ནས་ནང་པར་མཆོད་པ་ཆེན་པོ་བྱས་ལ། གནས་དེར་རྗེ ་འམ་གཏུན་ཤིང་ཁྱེར་ལ་སོང་བ་དང་། འགའ་ཡང་མེད་ན་དེར་དཀྱིལ་འཁོར་ཇི་ལྟ་བ་བྲི་བོར་བྱའོ།། དེ་ལྟ་ན་ཡང་སུ་ཡང་མེད་པ་ལྟ་ན། རབ་ཏུ་ཁྲོས་ཏེ་རྡོ་རྗེ་འམ་ག་ཏུ་རླུང་ཤིང་གིས་དེར་དྲག་ཏུ་བསྣུན་ནུ་ངེས་པར་ས་འོག་ན་གནས་པ་རྣམས ་སྐྲག་པས་འཐོན་ཏོ།། ཀྱེ་བསྒྲུབ་པ་པོ་བདག་ཉིད་ཆེན་པོ་ཁྱེད་ཅི་བཞེད་གནས་འདིར་གཤེགས་ཤོག་ཅེས་སྨྲ་བར་འགྱུ་རོ།། དེས་གང་འདོད་པ་སྨྲ་སྟེ་དེ་ཕན་ཆང་ས་འོག་གི་རིག་པ་འཛིན་པ་ཚེ་དཔ་གི་ཏུ་མེད་པ་ལྷའི་ལུས་དང་ལོངས་སྤྱོད་ཅེན ་དུ་འགྱུར་ཏེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་བཞིན་དུ་བྱང་ཆུབ་ཐོབ་པར་འགྱུར་རོ།། མཁའ་སྤྱོད་རབ་བསྒྲུབ་ཅེས་བྱ་བ་ནི་ན་མཁའ་ལ་འགྲོ་བའི་རིགས་འཛིནྡ་ཏེ། སྔ་མ་ལྟར་བྱ་བ་བྱས་ཏེ། བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་མཚམ ་ཐོག་ཐག་བཟླས་ནས། ཐོ་རངས་ན་མཁའ་ལ་བྱ་ཁྱུད་ལྟར་འགྲོ་བར་འགྱུརརོ།། ན་མཁའི་རྡོ་རྗེ་ཞེས་བྱ་བ་ནི། གཽ་ནམཱ་ལྷགས་མའི་འོད་འཕྲོ་བ་སྟེ། གླེགས་བམ་ཁ་ཅིག་ལས་མི། ནོས་ཀྱི་སོགས་མཱཾ་ཞེས་འདོད་དོ།། ཁམས་གསུམ་ན་མཁར་འགྲོ་བའོ།། ་ཞེས་བྱ་བ་ནི་ས་འོག་དང་ས་སྟེང་དང་མཐོ་རིས་སུ་གང་དགའ་བར་འགྲོ་བའོ།། ལེའུ་བསུཾ་གསུམ་པོའི་བཤད་པའོ།། ། དེ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཐིག་སྐུད་བསྒྲིལ་བའི་བྱ་བ་སྟེ་གོ་སླའོ།། ་གཞུག་པ་ཞེས་བྱ་བ་ནཱི་ཡོལ་བ་བསལ་བའོ།། ཉིས་འགྱུར་ཞེས་བྱ་བ་ནི་སོགས་པ་ནི་གོ་སླའོ།། དཀྱིལ་འཁོར་མ་ཞུགས་རྣམས་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་གདུལ་བྱ་མ་རུངས་པ་ཡང་ཐུགས་བརྩེ་བས། སྦྱར་བྱས་པ་མི་ལྟ་བར་གཏུ། ་སྟེ་ཞེས་སྟོན་པོ་ནི་ཇི་ལྟར་འཕགས་པ་དེ་ཁོ་ན་བསྡུས་པ་ལས། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་རྡོ་རྗེ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱུས་པ་མཆིསོ།། དེ་ལ་དང་པོ་ནི་གཞུག་པ་ལགས་ཏེ། ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱེབ་པོ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་མཆོག་འགྲུབ་པར་བགྱི་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང ་སྣོད་དུ་མ་གྱུར་པ་རྟག་ནི་མི་འཚ་ལོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སེ་ནཾ་ཁ་ཅིག། ནཾ་སྡིག་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན། ང་ནི་སོང་ཐམས་ཅད ་དང་བྲལ་བར་འགྱུར་རོ།། བཅོམ་ལྡན་འདས་ནོར་དང་བཟའ་བ་དང་བཏུང་བ་དང་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་དམ་ཚིག་ལ་མི་དགའ་བ་དང་། སྔར་བཅད་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། ་དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་རོ།། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང་། གླུ་དང་གད་མོ་དང་། ཁ་ཟས་དང་། སྤྱོད་པ་ལ ་དགའ་བ་རྣམས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག། དེ་བཞིན་ག་ཤ ་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་བ་བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པ་རྣམས་འབྱུང་བ་དེར་ནི་བསླབ་པའི་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང ་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་ལྔས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་དང་ངན་སོང་གི་རྒྱུད་དུ་འཇུག ་པར་ཁ་ལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུ་།། བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང ་ཏི་ངེ་ཛྙཱན་དང་ཤེས་རབ་དམ་པ་གྲུབ་པའི་ཐབས་ཀྱིས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་བ་ནི་བསམ་གཽཏཱན་དང་རྣམ་པར་ཐར་པ་དང་། ས་རྣམས་ཀྱི་འབད་ཅིང་ཉོན་མོངས་པར་གྱུར་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པར་ཡང་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་ཏེ།། དེ་བས་ན་སྥཿ ་གང་དག་སྲོག་གཅོད་པ་ལ་རྒྱུབ་ཀྱིས་ཕྱོགས་པ་དེ་ནི་ཡོན་ཏན་གཞན་བྲལ་ཡང་གཞུག་ཅིང་། གལ་ཏེ་སྙིང་རྩེ་བ་མེད་པས་སྲོག་གཅོད་པ་ལས་མ་ལོག་པ་ལྟ་ན། དེ་ནི་བཏང་སྙོམས་སམ་ནན་ཏུར་གྱིས་གཞུག་པ་མ་ཡིན་པ། ་ཐབས་གཞན་མ་མཐོང་བ་སྟེ། གདུལ་དཀའ་བ་དང་མཚུངས་འདྲ་བ།། སངས་རྒྱུས་བྱུང་ཆུབ་བསྣོད་མ་ཡིན།། དེ་དག་རྟོགས་པར་བྱ་བའི་ཕྱིར།། བཏང་སྙོམས་ཆེན་པོ་གོམས་པར་བྱ་ཞེས་པ་དང་། སྡིག་པའི་སེམས་ཅན་ཕན་དོན་དུ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ནས་ཞེས་བྱ་བ་ལ་སོགས་པོ་ནཱི་གོ་སླའོ།། དེ་དག་ཡང་དག་བཤད་བྱ་བ་ཞེས་བྱ་བ་ནི་གོ་ལཱ་ཏཱ་རྣལ་འབྱོར་པ་རལ་པ་གཅིག་མིའི་མཐུས་གནོད་སྦྱིན་མོ་བསྒྲུབ་པར་འདོད་ན། སྔར ་བསྟན་པ་ལྟར་དང་པོར་བྱ་བ་རྣམས་བྱས་ནས་བསྙེན་པ་རྫོགས་པ་དང་། བ་རུ་རུའི་ཤིང་དྲུང་ལ་སོགས་པར་སོང་སྟེ་གང་འདོད་པའི་གནོད་སྦྱིན་མོ་དེའི་མིང་སྨོས་པའི་སྔགས། ཨོཾ་ཨཱི་ཀ་ཛ་ཊི་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། ་དེ་ནས་ཕྱི་ནས་སྔགས་ནི་སྤྲོ་ཞིང་བཟློས་ཤེས་གསུངས་པས་སྙིང་ག་ནས་ས་བོན་གྱི་ཡི་གེ་ལས་རྡོ་རྗེ་ལྕགས་ཀྵ་སྠེསྟཱ་ཏེ་དེའི་སྙིངྒ་ག་ནས་དྲང་བར་བསྣམས་ཤིང་བཟླས་པ་བྱཱ་སྟེ། དེར་གཏོར་མ་དོང་མཆོད་པ་ལྔ་ཡང་དེ་ལ་བསྔོ་བར་བྱའོ།། ་གང་གི་ཚེ་འཚེ་བེ་ན་བསྟན་པར་བྱ་ཞིང་། བཀའ་གུས་པས་ནོད་པ་ན་བཀའ་སྩལ་ཏེ། དེ་ནས་བཟུང་སྟེ་གྲུབ་པའོ།། འདིར་ལུང་ནི། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མར་ནི།། གསང་སྔགས་མཉེས་བྱས་གྲུབ་པ་འདི་དག་སྟེར།། མ་དང་སྒྱུ། ་མོ་སྲིང་མོ་གྲོགས་མོ་དང་།། བུ་མོ་ཆུང་མ་མནའ་མར་རབ་འགྲུབ་པར།། མ་དང་སྲིང་མོ་སྒྱུག་མོ་དེ་དག་རྣམས།། ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག། ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་།། ཆུང་མ་མནའ་མ ་གྲུབ་པ་མཐའ་མཱར་གྲགས།། དུས་གསུམ་དུ་ནི་མེ་ཏོག་འཕྲེང་བ་དཱི།། མར་རམ་འབྲུའི་མར་མེ་ཙན་དུན་དང་།། ཨོཾ་ཀར་དྲི་ཞིམ་བདུག་པ་མཆོད་པ་དང་།། གཏོར་མ་སྣ་ཚོགས་ནུབ་མོ་སྦྱིན་པར་བྱ།། གནོད་སྦྱིན་མོ་ནཱི་དགའ་ནས་མངོན་ཕྱོགས ་ནིས་རྙེད་པ་རྙེད་ཅིང་ཁུ་བར་འབྱུང་བར་བྱེད།། འདོད་ཆགས་ཟིལ་གྱིས་གནོན་པའི་བུད་མེད་དག། གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར།། གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང་།། རྙེད་པ་མང་ཉུང་ལ་ཡང་འདོད་མི་བསྐྱེད།། སྔགས་པས ་མཚན་མོ་ཁུ་བ་དག་བྱས་ནས།། བརྩེན་འགྲུས་རབ་ཏུ་འབད་དེ་བསྒྲུབ་པར་བྱ།། སྔགས་པ་སེམས་རྨོངས་པོས་ནི་གཞན་དུ་ཡང་།། བརྩམས་ནས་ཕུང་བར་ཡང་ནི་འགྱུར་བ་ཉིད་ཅེས་པ་སྦྱརོ།། ཡང་ན་ཁུ་བྱ་དགག་པར་བྱ་སྟེ། བུ་མོས ་བཀལ་བའི་སྐུད་པ་ནི།། ལེ་བརྒྱན་རྩི་འམ་གུར་ཀུམ་བཅོས།། དེ་ནི་བཟླས་བཛྲོད་སྟོང་བྱས་ཤིང་།། མདུད་པ་དག་ནི་བདུན་བེ་རཾ་བ།། སྲོད་ལ་རིགས་སྔགས་འདི་ཡིས་ནི།། བདག་གི་རྐེང་པར་གདོགས་པར་བྱ།། ཨོཾ་ཧ་ར་ཧ་ར་བནྡྷོ་ནི་ཤཱུ་ཀྵ་དྷ་རི་ནི ་སིདྡྷི་སྭཱ་ཧཱ། ཟློས་པ་པོ་ལ་འདི་ཡིས་ནི།། རྟག་ཏུ་ཁུ་བ་འགག་པར་འགྱུར། ཞེས་འཕགས་པ་ལེགས་པར་འགྲུབ་ཅེས་བྱ་བ་ལས་གསུང་སོ།། པུ་ཀེ་སི་ནི་རབ་བསྒྲུབ་པ་ཞེས་བྱ་བ་ནི་དེའི་བསྒྲུབ་པའི་ཐབས་ལ་ཤེས་པར་བྱའོ།། དེ་ནས་ཞེས ་བྱ་བ་ལ་སོགས་པ་ནི་མི་སྣང་བ་བསྒྲུབ་པ་སྟེ། སྔར་བསྟན་པ་ལྟར་དང་པོར་བྱ་བ་བྱས་ལ་དཀྱིལ་འཁོནྟི་དབུས་སུ་འདུག་ནས་བཟླས་ན་དེའི་ཐོ་རངས་དེ་མི་སྣང་བྱར་འགྱུར་ཏེ། ལྷས་ཀྱང་མི་མཐོང་བར་འགྱུརརོ།། ལྷག་མྱ་ནཱི་གློ་སླའོ།། ལེའུ་བཅུ ་བཞི་པའི་བཤད་པའོ།། ། དེ་ནས་ཡང་དག་བཤང་བྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔ་མ་ལྟར་བྱ་བ་བྱས་ཏེ་དཀྱིལའི་ཁོར་གྱི་དབུས་སུ་འདུག་ནས་ཆུའི་སྣོད་ལ་རྡོ་ལ་སོགས་པ་བོར་བ་མི་འབྱུང་བ་ཐོ་ར་ངས ་གྲུབ་པ་ན་དེས་དེ་གྲུབ་བོ།། གཞན་དག་ནི་ནཱ་མཁའ་ལ་འགྲོ་བ་ལ་ནི།། ལུས་ཡང་བ་ཡང་བསམས་ཏེ། བདག་ཟླ་བའི་སྟན་དང་བཅས་པ། སོར་གཅིག་ནས་བརྩམས་ཏེ། ཅུང་ཟད་འཕགས་པར་བསྒོམ་ཞིང་སྔགས་བཟླའོ།། མཽ་སྨང་བ་ལ་ནི ་རང་གི་ལུས་ཕྲ་རབ་ཀྱི་མཐར་ཤིག་ཅིང་དེ་ཡང་མི་སྣང་བྱེར་བྱ་བ་སྔགས་བཟླས་པ་བྱའོ།། ཆུ་ལ་མི་འབྱིང་བར་བྱ་བཱ་ལ་ནི་མདུན་དུ་གནས་པའི་ཆུ་རྡུལ་ཕྲ་རབ་ཇི་སྙེད་པ་ཡི་གཾ་ལཾ་སེར་པོར་གྱུར་པ་ལས་དེ་དག་གཅིག་ཏུ་བསྡུས་ཏེ། དབང་ཆེན ་དུ་གྱུར་པར་བསམ་ཞིང་སྔགས་ཀྱིས་བྱིན་གྱིས་བརླབ་བོ་ཞེས་འཆེད་ལ་གཞན་དག་ནི། འདི་དག་ནི་རྫུ་འཕྲུལ་གྱི་རིགས་པ་འཛིན་པའི་དངོས་གྲུབ་ཡིན་པས་ན། མདོ་ལས་ཆོས་བཞི་པོ་འདི་དག་ནི་རྫུ་འཕྲུལ་ཐོབ་པའི་རྒྱུ་རྣམ་པ་སྟེ། བཞི ་གང་ཞེ་ན། ལུས་ཡང་བ་དང་། སེམས་ཡང་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པ་དང་། ཁམས་བཞི་པོ་ན་མཁའི་ཁམསུ་བྱིན་གྱིས་རློབ་པའོ།། ཞེས་གསུངས་པས་ཡན་ལག་བཞི་པོ་འདི་དང་ལྡན་པས་སྔགས་བཟླའོ།། ་འཆད་དོ།། ཡན་ལག་དེ་དག་མེད་ཀྱང་འདིར་སྔགས་ཀྱི་མཐུས་དེ་ལྟར་འགྱུར་ཞིང་ཡན་ལག་དེ་དག་ནི་གང་འདིར་བསླུ་བ་མེད་དོ།། ཚིག་གི་དོན་ནི་གོ་སླའོ།། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ ་བའི་ཐབ་སུ་ཤེས་པར་བྱའོ།། མཁའ་སྤྱོད་འགུགས་པར་བྱེད་པའོ་ཞེས་བྱེ་བ་ལ་མཁའ་སྦྱོང་ནི་ལྷའི་བུ་མོའོ།། ན་མཁའི་གནས་ལ་ཞེས་བྱ་བ་ནི་པདྨའི་སྙིང་པོའི་ནང་དུའོ།། རྡོ་རྗེ་ཡན་ལོག་མཽང་བསམ་པ། ཞེས་བྱ་བ་ནི་དེའི་སྔགས་ཨ ་ཞེས་བྱ་བ་ལ་སོགས་པོ་ནི་ཡི་གེ་ཁ་དོག་དམར་པོ་འོད་རབ་ཏུ་འཕྲོ་བ་བསམས་ལ། དེ་ལོ་འོད་ཟེར་གྱི་ལུས་གང་བས་ཆགས་པ་ཆེན་པོས་ལུས་འཇུ་བའི་ཚད་ཙམ་དུ་བསྐུལ་ཏེ། བདག་ལ་ལྷག་པར་ཆགས་པས་དྲུང་དུ་འགྱེལ་བར ་བསམ་མོ།། ལེའུ་བཅཝོ་ལྔ་པའི་བཤད་པའོ།། ། ཁྲིག་འཐུང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདིའི་ལས་སྤགས་མྱ་བསྟན་པ་ལ། ཁ་ཅིག་ན་རོ་འདིའི་ལས་ནི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ཡིན་ཏཱཾ། བཟླས་པའི་སྤུན ་ནི་དཔལ་དགྱེས་པའི་རྡོ་རྗེའི་རབ་ཏུ་བསྡུས་པའི་ལྷ་དང་མདོག་དང་ལག་ཚྭ་མཐུན་པས་དེའི་སྔགས། ཨོཾ་ཏྲེ་ལོཀྐཀྵེ་པ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱའོ།། ཟེར་རོ། ཁ་ཅིག་ནི་དཔལ་བདེ་མཆོག་ལས་གསུངས་པའི་ཡི་གེ་བདུན་པའི་སྡུག་སོ་ཞེས ་འདི་དག་ནི་ཅིར་ཡང་མི་སྔགས་པས་སྤངས་ཏེ། འབྲེལ་བ་ཅི་ཡོད། ཨོཾ་ཨཱཾ་ཧེ་རུ་ཀ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་བཟླས་སྔགས་ཏེ། འདིར་ལྷག་པར་ནི་མཚན་ཡིད་ལ་བྱེད་པ་ཡིན་ལ། དེའི་རྗེསུ་ནི་མཚན་གྱི་བཟླས་པ་བྱེ་སྟེ། དེ་ནས ་རབ་འབྱམས་རྒྱུད་འདི་ལས་གསུངས་པའམ། རྒྱུད་གཞན་དུ་གསུངས་པའི་ལས་གང་རུང་བ་བསྒྲུབ་པར་བྱའོ་ཞེས་དགོངས་པ་ཡིན་པ་ལས་ངེས་པ་མ་གསུངསོ།། ཚིག་གི་དོན་ནི་གོ་སླའོ།། ལེའུ་བཅུ་དྲུག་པའི་བཤད་པའོ།། ། ་དེ་ལྟ་རོ་ལེའུ་བཅུ་དྲུག་པ་བསྟན་ནུས། ད་ནི་ལེའུ་བཅུ་བདུན་པའི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱིས་ན་བསྲུང་བ་བསྒོམས་མ་ཐག་ཏུའོ།། བསྒོམ་པ་རྣམ་ལྔ་ཡིས་ཞེས་བྱ་བ་ནི་ཟླ་བ་ཉིད་དང་། ས་བོན་ལས་བྱུང་བ ་མཚན་མ་དང་། དེ་དག་འོད་ཀྱི་གོང་བུར་གྱུར་པ་དང་དེ་ལས་བྱུང་བཱི་སྐུའམ། ཡང་འདིར་རང་གི་སེམས་སོ་སོར་རྟོག་པ་དང་། ཟླ་བ་དང་། ཟླ་བ་གཉིས་དང་། རྡོ་རྗེ་དང་། དེ་ལ་ང་རྒྱ་ལ་བྱ་བ་དང་། དེ་ལས་བྱུང་བའི་སྐུ་ཡོང་སུ་རྫོགས་པ་སྟེ། ་འཕགས་པ་དེ་ཁོ་ན་འདུས་པ་ལས་ཇི་སྐད་གསུངས་པའི་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པའོ།། སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་སེམས་དཔའོ།། དེ་ནས་མཁས་པས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས། ་བྱ་བ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བའམ། གསང་པོའི་དཀྱིལ་འཁོར་དབྱུང་བའོ།། དེ་ནཱ་ཇི་ལྟར་སྐོར་མ་འཕོ་བ་ལྟར།། བྱང་ཆུབ་སེམས་ནི་བཱ་ལྟ་བྱ་སྟེ།། ཆགས་པའི་སེམས་ཀྱིས་ནཱི་ཞེས་འཆད་པ་སྦྱར་རོ།། དེ་ལྟར་ཞུ་བ ་ལོས་འབྲོས་བུའི་རྡོ་རྗེ་སདེའི་བསྐུལ་བའི་ཕྱིར་ཙུཙྪ་ཀ་སོ། \ུ0f7fཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གེ་སླའོ།། དེ་ལྟར་བསྐུལ་བས་སྙིང་རྗེས་ཞུ་བོ་ལས་རྡོ་རྗེ་འཛིན་གྱི་དངོས་སུ་གྱུར་ཞེས་ཚིག་ལྷག་མའོ།། ད་ནི་རྣལ་འབྱོར་བསྒོམ་པའི ་ས་མཚམས་གོ་སྐ་བར་བྱ་བའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ནི་རྣལ་འབྱོར་རོ།། དེ་དང་རྗེསུ་མཐུན་པའི་ལྷའི་སྐུ་ལྟ་བུ་ནི་རྗེ་སུ་རྣལ་འབྱོར་ཏེ། ཇི་ལྟར་ཞལ་དང་། ་ཕྱག་མཚན་ལ་སོགས་སྨྲས་ཇི་བཞིན། ཞེས་གསུངས་པ་ལྟ་བུའོ།། ལྷའི་འཁོར་ལེ་ཤིན་ཏུ་རྒྱ་ཆེར་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་རོ།། བྱིན་གྱིས་བརློབ་པའི་བདག་ཉིད་ཆེན་པོ་ནི་རྣལ་འབྱོར་ཆེན་པོ་ཞེས་བྱའོ།། དེ་ཡང་ལས་དང་པོའི ་རྣལ་འབྱོར་པས་ཇི་སྲིད་ལྷའི་རྣལ་འབྱོར་རགས་པ་སྣང་བ་ཙམ་མངོན་སུམ་དུ་གྱུར་གྱི་བར་དུ་ནི་ཐུན་མཚམས་གསུམ་དུ་རྣལ་འབྱོར་པོ་འི་ཆར་བསྒོམ་སྟེ། སྔ་དྲོའི་ཐུན་ལ་ནི་སྤྱན་དྲང་ཞིང་ཕྱི་འཕྲེད་ཀྱི་ཐུན་ལོ་ནི་སླར་གཤེགས་ཤིང ་གུང་གི་ཐུན་ལ་ནི་དཀྱིལ་འཁོར་དབྱུང་བ་དང་། བསྡུ་བ་ཙམ་སྙིང་གར་བྱའོ།། གང་གི་ཚེ་རགས་པའི་ཡན་ལག་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་ཕྲ་བ་མངོན་སུམ་དུ་གྱུར་གྱི་བོར་དུ་ནི་དྭེ་ལྀ་ཡེ་ཤེས་ལ་ཅུང་ཟད་དབང་བ་དེ། དེས་ནི ་ཐུན་མཚམས་པ་ནས་བརྩམས་ཏེ་ཤིན་ཏུ་སྦྱོར་བའི་བར་དུ་ཡུད་ཙམ་གྱིས་བསམས་ལ་རྣལ་འབྱོར་ཆེན་པོ་ལ་ནི་གུས་པས་བསྒོམ་པར་བྱའོ།། དེས་སྐུ་རྡོ་རྗེ་ལ་སོགས་པོ་ལག་མཐིལ་གྱི་ནི་ཤིང་ཏོག་ལྟར་རང་དབང་དུ་མཐོང་བ་ན། ད་ཡེ ་ཤེས་ལ་དབང་ཐོབ་པ་ཡིན་པས་ཐུན་མཚམས་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་པའི་རིམ་པ་བསྒོམ་པར་བྱའོ།། དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལངས་པ་ན་ཇི་ལྟར་འདོད་པར་སྣང་བ ་བྱིན་གྱིས་བརླབས་པར་ནུས་པ་ན། དེ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་སྟེ། བྱ་བ་ངེས་པས་སྒྲོལ་བ་རང་དབང་དུ་གྱུར་པ་གྲུབ་པའི་སྐྱེས་བུ་ཞེས་བྱ་བར་གནས་པའོ།། ཚིག་གི་དོན་ནི་གོ་སླའོ།། ད་ནི་དེ་ལྟར་སྒོམ་པའི་རྣལ ་འབྱོར་པ་བཞི་ཅར་གྱིས་དམ་ཚིག་བསྲུང་བར་བྱ་བ་ཡིན་པས་ན། སློབ་དཔོན་ལ་ནཱི་བརྙེས་མོ་བྱོ་ཞྭ་བྱ་བ་ལ་སོ་ཌ་པྲས་དམ་ཚིག་བསྟན་ཏེ། ཇི་སྐད་དུ་རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བའོ།། དེ་ལ་བསྟི་སྟང་མེད་པ་ནི་དྲོང་འཛིན་ཅིང ་བརྙེས་ཐབས་བྱེད་པའོ།། ཞེས་བཤད་པ་ལྟ་བུ་དེ་སྤང་ངོ་།། འདིར་དེ་མ་སྤངས་ན་རྩ་བའི་ལྟུང་བ་ཡིན་ཏེ། ཇི་སྐད་དུ་སྙིང་ནས་སློབ་དཔོན་སྨོད་པ་དག། སྦུབས་ཀྱང་འགྲུབ་པར་ཡང་མི་འགྱུར་ཞེས་བྱ་བ་ལ་གང་གིས་ཐད་ནས་གདམས་ངག ་ལ་སོགས་བླངས་ནས་ད་ནི་གདམས་ངག་ལ་སོགས་པ་ཐོས་པས་འདིས་ཅི་ཞིག་དགོས་ཞེས་སྙིང་རིང་བ་ནི། སྙིང་ནས་སླེབ་དབེན་སྨོད་པའོ་ཞེས་བཤད་པ་ལྟ་བུའི།། དེ་བས་ན་བླ་མ་དཀྱིལ་འཁོར་སྟོན་པ་ནི།། སྤྱོད་པ་ངན་པར་གྱུར་ན་ཡང ་ལུས་སམ་ཡང་མ་ཡིད་ཀྱིས་ཀྱང་།། ཤེས་པས་ནམ་ཡང་སྨད་མི་བྱ།། ཞེས་གསུངས།། ཅི་དབང་བསྐུར་བ་འབྱའ་ཞིག་སློབ་དཔོན་ཡིན་ནམ་ཞེ་ན། སློབ་དཔོན་གང་གིས་དབང་བསྐུར་བ་དང་། རྒྱུད་བསྟན་པ་དང་། གང་གིས་ཐད་ནས་ལས་ཀྱི། ་མན་ངག་གནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ་ཞེས་བཤད་པ་བཟུང་ངོ་།། དེ་བས་ན་གང་ཞིག་དམ་ཆིས་ཀློག་པ་དང་། འཆད་དང་མན་ངག་སྟོན་པ ་དབང་བསྐུར་བ་དང་ལས་བྱེད་པ།། སློབ་དཔོན་ཞེས་ནི་བྱ་བ་ཡིན།། ཞེས་ཚིགས་སུ་བཅད་ཅིང་། ཡང་ཚིགས་བཅུད་གཅིག་ཙམ་མཉན་པ་ལའང་། གླང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས ་ནས།། སྨེ་ཤ་ཅན་དུའང་སྐྱེ་བར་འགྱུར། ཞེས་གསུངས།། དེ་བས་ན་གསང་བ་ཟླ་བའི་ཐིག་ལ་ལས།། མྱུར་དུ་རྡོ་རྗེ་སློབ་དཔོན་ལས།། སྔགས་ཀྱི་དངོས་གྲུབ་དོན་འདོད་པས། གུས་ཤིང་ཞེ་སར་བཅས་པ་ཡིས།། ཤིན་ཏུ་ལྷག་པར་ཕྱོགས་པར ་བྱ།། ནམ་ཡང་རྡོ་རྗེ་སློབ་དཔོན་གྱི།། ཐུགས་ནི་དཀྲུགས་པཪྵི་བྱ་སྟེ། ཅི་སྟེ་ཤེས་རབ་འཆལ་བར་བྱེད།། མྱུར་དུ་དམྱལ་བར་ལྟུང་བར་འགྱུར།། ནད་དང་འཚེ་བ་དགྲ་དགྲ་དང་།། གདོན་དང་ཉེར་འཚེ་དུག་རྣམས་ཀྱི།། སློབ་དཔོན་ཞབས་ལོ་སྨོད་བྱེད ་པོ།། གཏི་མུག་ཆེན་པོ་དེ་འཆིའོ།། བླ་མཱ་ལས་ནི་དངས་གྲུབ་ཐོབ།། བླ་མ་མ་རིས་བླ་མ་བདེ།། དེ་བོས་ནན་ཏན་ཐམས་ཅད་ཀྱིས།། བླ་མའི་བཀའ་ལས་འདའ་མི་བྱ་ཞེསོ།། ཤེས་བཞིན་དུ་དེ་མི་དགྱེས་པས་མི་འཇིགས་པ་ནི་འདིར་རྫོགས་པའི ་བདེ་གཤེགས་བཀའ་ལས་འདའ་བ་མིན་ཞེས་བྱ་བ་ནི་སྔར་ཡི་གེ་དབྱེ་བའི་དུས་སུ་བསྟན་པ་ལྟ་བུ་སྟེ། བཀའ་ཁྱད་དུ་གསོད་པའོ།། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལས་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པ་སྟེ། དེ་ལ་ཕྲག། ་དོག་ལ་སོགས་པའི་རྒྱུས་སྟོན་རྣམས་བརྗོད་པོར་མི་བྱའོ།། བྱམས་པའི་སེམས་ནི་བླ་མེད་པའི་ཕན་པ་དང་བདེ་བོ་བསྒྲུབ་པར་འདོད་པ་སྟེ། དེ་ནམ་ཡང་དོར་བར་མི་བྱའོ།། བྱང་ཆུབ་སེམས་ཞེས་བྱ་བ་ནི་གཞན་དུ་སྡུག་བསྔལ་རྒྱུ་དང ་བཅས་པ་དང་། བྲལ་བར་འདོད་པ་ཡུལ་སྙིང་རྗེ་སྟེ། དེ་ནམ་ཡང་དོར་བར་མི་བྱ་ཞེས་བྱ་བ་སྐད་ཅིག་ཙམ་ཡང་མི་སྤ་།། བདག་གཞན་ཆོས་ཤེས་བྱ་བ་ནི། རང་དང་གཞན་གྱི་གྲུབ་པའི་མཐའི་ཆོས་ལ་སྟེ། སྨད་མི་བྱ་ཞེས་བྱ་བ་ནི་རྩོད་པས་སུན ་དབྱུང་བར་མི་བྱ་སྟེ། འགྲོ་བ་དག་ནི་རང་རང་གི་འདུན་པའི་ཐེག་པ་ཙམ་ལས་རིམ་གྱིས་འཇུག་ཅིང་བྱང་ཆུབ་པར་འགྱུར་གྱི་བཙན་ཐབསུ་འདུན་པོ་བཟློག་པ་ནི་སྡང་བ་འཕེལ་བའི་རྒྱུ་ཙམྲ་ཡིན་པས་བཞག་སྟེ། དྲི་བས་ནི་འཕགས་པ་དམ་པ ་ཆེས་པདྨ་དཀོར་པཾ་ལས་ཀྱང་།། ཆོས་ལ་བརྩོད་པར་མི་བྱ།། ཆོས་ལ་བརྩོད་པར་དགའ་བར་མི་བྱའོ།། ཞེས་གསུང་སོ།། མ་སྦྱངས་པ་ནི་ཤེས་རབ་མ་སྦྱངས་པ་སྟེ། དེ་ལས་གསང་ཞེས་བྱ་བ་སྟོང་པ་ཉིད་དང་ལྡན་པའི་ཚིག་རྣམས་སྨྲ་བར་མི་བྱའོ།། ་རང་གི་ཕུང་པོ་ནི་གཟུགས་ལ་སོགས་པ་སྟེ་དེ་དག་ལ་བོརྙས་པར་མི་བྱ་བ་ནི། འདི་ཁུར་གྱི་ཕྱིར་ཕུང་པོའོ།། ཞེས་བྱ་བ་ལ་སོགས་པས་མི་སྨད་དོ།། བདག་སྦེད་རོ་ཡིན་སྐྱེས་བུའི་སྤྱོད་པ་འཇིག་པར་བྱུང་ཅིས་བཤད་བའི་ཕྱིར་དང་། གས་སྨྲ ་ཀྱི་ཚུལ་འདིར་ནི་ཕུང་པོ་ལྔ་པོ་འདི་ཉིད་ལ་བླ་ན་མང་བའི་བྱང་ཆུབ་བརྩོན་འགྲུས་ཀྱིས་ངེས་པོར་གནས་པའོ།། དངོས་མེད་ཆོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནམ་ཡང་མི་སྨད་དེ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི ་སྤོང་བར་བྱེད་དེ། སྤངས་ནས་བསྐྱབས་མེད་གྱུར་པ་དེ་ནི་མོནར་མེད་འགྲོ། ཞེས་གསུངས་པས་སོ།། སྡང་བ་ཞེས་བྱ་བ་ནི་བསྟན་པ་འཇིག་པ་སྟེ། དེ་ལ་བྱམས་པ་ནི་བཟོད་ཅིང་ཕན་འདོགས་པ་སྟེ། དེ་སྤང་བ་ནི་བསད་པ་ལ་སོགས་པར་སྦྱར་བས ་སོ་ཆོས་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གསུངས་པའོ།། དེ་ལ་ཚད་མས་གཞལ་མི་བྱ་ཞེས་བྱ་བའི་དོན་ནི་སྔོན་དུ་དཔྱད་ཟིན་ཏོ།། དང་ལྡན་སེམས་ཅན་ཞེས་བྱ་བ་ནི། བདག་གི་ཕའི་བགོ་སྐལ་གྱི་ཡུལ་ལ་རབ ་ཏུ་དང་བ་སྟེ། དེའི་སེམས་བཟློག་པ་མིན་ཞེས་བྱ་བ་སུན་མི་དབྱུང་བའོ།། དམ་རྫས་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། བསྟན་པོར་བྱ་བོ་ནི་བྱིན་གྱིས་བརླབསཽ་པས་ཏེ། དེ་ཡང་རྟག་ཏུ་ཞེས་བྱ་བ་དུསཽ་ཐམས་ཅད་དུའོ།། ཁ་ཅིག་ན་རེ་སྤྱོད་པ་བྱེད་པ་ནའོ། ་ཞེས་ཟེར་རོ།། ཁ་ཅིག་ན་རེ་ནི། རྣམ་དག་ཆོས་ཉི་དྲ་ཤུཀྲ་སྟེ་ཞེས་བྱ་བ་ལ་སོགས་པའི་རིམ་པས་བསྟན་པ་ཡིན་གྱི་གཞན་དུ་མ་ཡོན།། ཞེས་ཟེར་ཏེ་ལེགས་པར་བཤཱ་།། བུད་མོདོ་ཅེས་བྱ་བ་ནི་རྡོ་རྗེ་ཕག་མྱེ་ལ་སོགས་པའི་ལྷ་མོ་འཇིག་རྟེན ་ལས་འདས་པའོ།། དེ་དག་ཉིད་སྲིད་པ་སྐྱེད་པས་ན་ཤེས་རབ་ཀྱི་རང་བཞིན་ཏེ། རྒྱལ་བ་སྐྱང་མ་ལས། སྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དབྱུང་བ་དང་ཆོས་མཐུན་ཏེ། ཇི་སྐད་དུ། གཞན་དོན་ལ་དགའ་བདག་ཉིད་ཅན།། དཔའ། ་བོ་དག་ནི་ཀུན་གྱི་ཡང་།། གསོ་མཛ་སྐྱེད་པར་མཛད་མ་དེ།། བྱམས་པ་ཡི་ནཽ་ཡུམ་ལོག་སོ།། ཞེས་གསུངས་པ་དང་སྦྱ་རོ།། བུད་མེང་ཤེས་རབ་རང་བཞིན་པས་ཞེས་བྱ་བ་ནི་བུད་མེད་རྣམས་ནི་ཤེས་རབ་སོར་གཉིས་པའོ་ཞེས་བྱ་བ་ལ་སོགས ་བ་སྟེ། རྩོད་པའི་དུས་འདིར་ནི་འགོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་ཅིང་འཛིན་དོ། བུད་མེད་འདོད་པས་འགྲོ་འོང་མེདོ་ཅེས་གསུངས་པ་ཡིནོ།། དེ་བས་ན་དེ་རྣམས་རབ་ཏུ་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ནས་པར་ག་ལ ་སྨད་དོ།། དགེ་སྦྱོང་གིས་རབ་ཏུ་དབྱེ་བ་ལས། བུད་མེད་རྣམས་ལ་སྨད་མི་བྱ།། བསྟོད་པར་ཡང་ནི་དེ་མི་བྱ། ཞེས་བཤད་ཅིང་འདིར་འགྱུར་བའི་ལུང་གཞན་ཡང་འཕགས་པ་འདུས་པ་ཆེན་པོ་རིན་ཆེན་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ ་ལས་ཀྱང་། ཡང་དེ་ཆེ་ཚངསོ་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་ཁྭ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ལྷའི་ལས་འདས་པའི་གོས་དང་སྡུད་པ་དང་རྒྱུན་དང་། མེ་ཏོག་དང་སྤོས་དང་ཕྲེང་བ་དང་བྱུག་པ་རྒྱ་ཆེན་པོ་མཆོག ་རྣམས་ཀྱིས་ལུས་བརྒྱན་ནས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ། ཚངས་པོ་ཆེན་པོའི་སྟོབས་ཀྱིས་ཡུལ་བཀོད་པའི་བྱིན་གྱིས་བརླབས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔ་ན་འདུག་གོ།། དེ་ནས་ཚངས་པ ་ཆེན་པོ་ཕུན་སུམ་ཚོགས་པའི་དབང་ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནུས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་དབྱངས་ཀྱི་གོ་བར ་བགྱི་བ་ལ་དེར་བདག་ལ་བགེགས་ཅུང་ཟད་ཀྱང་མི་འབྱུང་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་རྣམ་པར་གདོན་མི་འཚལ་བར་བསྟན་པར་བདག་ལ་བྱིན་གྱིས་རློབ་དུ་གསོལ། བདག་གིས་ད་ལྟར་ཆོས་སྨྲ་བ་རྣམས་དང་། ཆོས་ཉན་པ་རྣམས ་ཀྱི་སླད་དུ་འདི་འདྲ་བའི་གསང་སྔགས་ཀྱི་ཚིག་བསྲུང་བ་བཤད་པོར་བགྱི་སྟེ། ཅི་ནས་སླད་མའི་དུས་ན་བདུད་དང་བདུད་ཀྱི་འཁོར་རམ། ལྷ་འམ། ཀླུའམ། ཀླུ་མཽ་འམ། ཀླུ་རྒན་པོའམ། ཀླུའི་འཁོར་ཕོའམ། ཀླུའོ་འཁོར་མོ་འམ། ཀླུའི་བུ་ཕོའམ། ་ཀླུའི་བུ་མོའམ། དེ་བཞིན་དུ་རྒྱས་པར་བགྱི་སྟེ། ཤ་ཟའམ་ཤ་ཟ་མོའམ་ཤ་ཟ་རྒན་པོའམ། ཤ་ཟ་རྒན་མེ་འམ། ཤ་ཟའི་འཁོར་ཕོའམ། ཤ་ཟའི་འཁོར་མོ་འམ། ཤ་ཟའི་འཁོར་བུའམ། ཤ་ཟའི་འཁོར་བུ་མོའམ། ་མིའམ་མི་མ་ལགས་པའི་བར་གང་ལ་ལ་ཆོས་སྨྲ་བ་དང་ཆོས་ཉན་པ་རྣམས་ལ་གླགས་ལྟའམ། སྐབས་ཚོལ་བའི་དགྲ་ཕྱིར་རྒོལ་བ་ཞིག་མཆིས་ཏེ་ཐ་ན་ཆོས་སྨྲ་བའམ། ཆོས་ཉན་པ་རྣམས་ཀྱི་སྤུའི་ཁུང་བུ་གཅིག་ཙམ་ལ་ཡང་འཚེ་བ་དམ། ་གནོད་པར་བགྱིད་དམ་འཇིགས་པ་བགྱིད་དམ། མདངས་འཕྲོག་གམ། ལུས་ལ་དབུགས་ཆེན་པོ་གཏོང་ངམ། ཐ་ན་སྐད་ཅིག་གཅིག་ཀྱང་སྡང་བའི་སེམས་ཀྱིས་ལྟ་ན། བདག་གིས་བདུད་ནས་མི་དང་མི་མ་ལགས་པའི་བར་དེ་དག་བཟློག་པ་དང་། ་ཆད་པ་བཅད་པ་དང་། ཚུར་བཅད་པ་དང་རྨུགས་པ་དང་། རེངས་པ་དང་རྨོངས་པར་བགྱི། བྲོན་པ་སྩོལ་བར་དགྱི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། གང་བདག་གིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དབྱངས་ཀྱིས་གང་བར་བགྱི་བའི ་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བྱིན་གྱིས་བརླབ་ཏུ་གསོལ། འདི་ལ་སུ་ཞིག་བདག་གི་གྲོགསུ་འགྱུར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཅང་མི་གསུང་བར་གྱུར་པ་སྣང་བ་མཛད་དོ།། དེ་ནས་བརྒྱ་བྱིན་གཙུག་པུད ་འཛིན་ཅེས་བྱ་བ་ཛམྦུ་ཆུའི་གསེར་གྱིས་རྒྱན་གྱིས་ལུས་ལ་བརྒྱན་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་འདག། དེ་ནས་བརྒྱ་བྱིན་གཙུག་ཕུང་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨོསོ།། སྲིང་མོ་དེ་བཞིན ་གཤེགས་པ་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་མ་འདུག་ཅིག། སྲིང་མོ་འདིར་བག་མེད་པར་མ་བྱེད་ཅིག། བཅོམ་ལྡན་འདས་ལ་མ་འཚེ་ཞིག་དེ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་སྤྲོས་ལ་དགའ།། དེ་བཞིན་གཤེགས་པ་སྤྲོས་མི་མངའ། དེ་དག་སྐྱེ ་འཇིགས་མཚན་ཉིད་ཀྱི།། འདུས་བྱས་དག་ཀྱང་སྟོན་པར་མཛད།། དེ་བཞིན་གཤེགས་པ་ནི་གཟུགས་དང་། ཡི་གེ་དང་། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་བརྙེས་པ་སྟེ། སྲིང་མོ་དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ། ནམ ་མཁའ་དང་མཉམ་པ་ཉིད་དུ་གཅིག་པས་དེ་བཞིན་ཉིད་ལ་འགལ་བར་མི་འཛད་དོ།། ནམ་མཁའ་ལ་ནི་འདུ་བྱེད་གསུམ་གྱིས་འཇིག་པའི་མཚན་ཉིད་སྒྲོ་བཏགས་པ་མེད་དོ།། ཇི་ལྟར་འདུ་བྱེད་རྣམས་ལ་ན་མཁའ་མི་རྟོག་ཅིང་། རྣམ་པར་མི ་རྟོག་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འདོད་པའི་ཡོན་ཏན་ལ་སྤྲོས་པར་མི་མཛད་དོ།། མི་རྟོག་རྣམ་པར་མི་རྟོག། མི་གནས་མངོན་པར་མི་ཞེན་ཏེ། དེ་བཞིན་དུ་སྲོག་ལ་མ་ཡིན། སྐྱེ་བ་པོ་ལ་མ་ཡིན་གསོ་བ་ལ་མ་ཡིན། སྐྱེས་བུ་ལ་མ ་ཡིན། གང་ཟག་ལེ་མ་ཡིན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་སྤྲོ་བར་མི་མཛད་མངོན་པར་མི་ཞེན་ན། སྙིང་མོ་ཁྱོད་ཀྱིས་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ལ་སྤྲོ་བར་བྱེད། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བ ་སྩལ་པ། ལྷའི་དབང་པོ་རྟོག་སྟེ། ཚིག་སྨྲས་ཤིག་ཁྱོད་ལ་དེས་མི་སྡུག་པའི་འབྲས་བུར་གྱུར་ཏེ་རེ། སྐྱེས་བུ་དམ་པ་ཆེན་པོ་འདི་ནི་སངས་རྒྱས་མེང་པོ་ལ་ལྷག་པར་བྱ་བ་བྱས་ཤིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དབྱེ་བའི་བྱ ་བསྐྱེད་པའོ།། སྐྱེས་བུ་དམ་པ་འདི་ནི་དེ་བཞིན་གཤགས་པ་ལ་མཆོད་པ་བྱ་བའི་ཕྱིར། ལེགས་པར་བརྒྱན་ནས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་པ་ཡིན་གྱིས། འདི་ལ་བུད་མེད་ཅེས་ཚིག་ཏུ་མ་བརྗོད་ཅིག། དེ་ནས ་བརྒྱ་བྱིན་གཙུག་པུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བདག་ལ་ཐུགས་བརྩེ་དགོངས་ཏེ་བཟེད་པར་གསོལ་ལོ།། འདི་སྐད་སྨྲས་པས་བདགྲ་འབྲས་བུ་མི་སྡུག་པ་ཐོབ་པར་མ་གྱུར ་ཅིག། དེ་ནས་བྱང་ཆུབ་སེམས་དཔའ་ལྟུད་མོ་ཅན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྒྱ་བྱིན་གྱིས་ཚིག་དེ་སླར་མ་བཤགས་ན་དེའི་འབྲས་བུ་རྣམ་པར་སྨིན་པ་ཇི་ཙམ་ཞིག་ཏུ་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས ་བཀའ་སྩ་ལོ་བ། རིགས་ཀྱི་བུ་གལ་ཏེ་སྦྱར་མྱ་བཤགས་སུ་ཟིན་ན་ཚེ་རབས་བརྒྱུད་ཁྲི་བནི་སྟོང་དུ་འདོང་པའི་མངལ་སྨྱུང་བ་བུད་མེད་ཀྱི་དངོས་པོ་ཡོངས་སུ་བླངས་པར་འགྱུ་རོ།། དེ་བས་ན་རིགས་ཀྱི་བུཅི་ནས་ཀྱང་ངག་གི་ལས་བསྲུང་བར་བྱའོ།། ་གསུང་སོ།། དེའི་ཕྱིར་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ནི། སྔགས་རྣམས་ཀྱི་གནོད་ཀྱི་གནས་ལྟ་བུར་མི་ཟད་པའི་གནས་ཡིན་པས་རབ་ཏུ་ཡང་འབད་པས་བསྲུང་ངོ་།། གལ་ཏེ་ཉམས་པ་ལྟ་ན་འཆད་པར་བྱེད་པ་ལྟར་གསོ་བར་བྱའོ།། ་གཞིན་དུ་ནི་ཛཾ་ལྟར་ཤིང་ཏྲཻ་ལ་ཡ་ཏིག་སྐམས་པ་ལྟར་ལྷག་མའི་རྣལ་འབྱོར་ལ་སོགས་པས་འབྲས་བུ་འབྱིན་པར་མི་ནུསོ།། འོ་ན་ཤིན་དུ་ཚུལ་ཁྲིམས་འཚལ་དུ་ཟིན་ཀྱང་། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྒྲུབས་ནོ་འགྲུབ་པ་། ་འགྱུར་བས་ཡི་ཆད་པ་མེད་པར་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། བསྒྲུབ་པ་ཉིད་ལྟུང་བ་ལས་བསླང་བ་དང་། དུས་དང་པོའི་དབང་ངམ། ཡིད་ལ་རེ་བ་ཆད་པ་དག་ཐུགས་རྗེས་བཟུང་བ་ཉིད་ཀྱི་ཕྱིར། དེ་སྐད་ཅེས་གསུངས ་བར་གས་ལོ།། དེ་ལྟར་རྩ་བའི་ལྟུང་བ་རྣམ་པར་དབྱེ་བའི་གནས་སྐབས་འདིའི། བདག་གིས་ནི་གཞུང་ཉེ་བོར་དབྱེ་བ་ཙམ་ལས་མ་བརྗོད་ཀྱིས། བདག་ལ་ལེགས་པར་འདོད་པ་དག་ཞལ་ནས་ཞལ་དུ་འོངས་པའི་བླ་མའི་མན་ངག་བཟང་པོ་པར ་འདིར་གུས་པར་བླ་མ་མཉེས་པར་གྱིས་ལ་ཞུགོས་ཤིག། དེ་བཞིན་དུ་རྒྱུད་འདི་དང་གཞན་དུ་བློ་མ་ལ་གུས་པའི་སློབ་མས་རང་གི་བློའི་འཇུག་པས་མི་སྤོགས་པས་བླ་མ་ལ་རག་ལས་པ་ཡོད་དེ། གསང་སྔགས་ཀྱིས་རློམ་ཞིང་གླེགས་པ ་མཐོང་བས་ཁེངས་ཞེས་བྱ་བ་ལ་སོགས་པས་སྨད་པ་དེ་དག་གིས་མི་ཤེས་པར་བྱསྟེ།། །། ད་ནི་ཡན་ལག་གི་ལྟུང་བ་བསྟན་ཏེ། སློང་ཞིང་འཁྱམ་པར་མི་བྱ་སྟེ་ཞེས་བྱ་བ་ནི། ཟས་ལ་ཆགས་པས་ནི་སློངས་མོ་མི་བྱའོ།། རྣལ་འབྱོར། ་སྦྱོར་བ་ནི་ལྷའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ཏོ།། གསང་སྔགས་ཞེས་བྱ་བ་ནི། ཧྲཱིཾཿཥྚྲྀཿལ་སོགས་པའོ།། དམ་རྫས་ལ་སོགས་ཞེས་བྱ་བ་ནི། ཤ་ལྔ་དང་གཏོར་མོ་དང་ལྷ་བ་ཤོས་ལ་སོགས་པའོ།། བླ་མྱ་བརྙས་པར་གྱུར་པའམ། ཞེས ་བྱ་བ་ལ་སོགས་པས་ནི་རྩ་བའི་ལྟུང་བ་བྱུང་ན་སླར་དཀྱིལ་འཁོར་དུ་ཞུགས་ལ་དབདེ་བླང་བ་སྟེ། ཇི་སྐད་དུ། རྩ་བའི་ལྟུང་བ་བྱུང་བ་ན།། སྦྱང་ཕྱིར་དཀྱིལ་འཁོར་ཞུགས་ནས་ནི།། བཀའ་ཐོབ་བྱས་ན་ཐུ་བོ་ཡང་།། ཆུང་ངུ་དག་ཏུ་འགྱུར་བ ་ཡིན། ཞེས་གསུངས་པས་སོ།། དད་ལྡན་ཞེས་བྱ་བ་ནི་དད་པ་དང་ལྡན་པར་བྱ་བ་སྟེ། དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་ནི་མི་སྐྱེ་སྟེ།། ས་བོན་མེ་ཡིས་ཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞི་ནོ།། ཞེས་ཤློ་ཀྲ ་གསུངས་པས་སོ།། བླ་མ་ཞེས་བྱ་བ་ནི། དེ་ལ་གུས་པར་བྱ་བ་སྟེ། ཇི་སྐད་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔེར་ན་ཉི་མ་ཟླ་བ་གཉིས།། འཇིག་རྟེན་མིག་ཏུ་མཁས་པ་འདོད།། དེ་བཞིན་སྐྱེ་བོ་འདི་ལ་ཡང་།། སློབ་དཔོན་འདི་ནི་མིག ་འདྲར་འདོད།། དཔེར་ན་མེ་ཡི་ཁ་མོས་དེ་ནི།། བུད་ཤིང་ཐམས་ཅད་སྲེག་པར་བྱེད།། དེ་བཞིན་སློབ་དཔོན་ཞེས་བྱ་བ།། མི་ཤེས་བུད་ཤིང་སྲེག་པར་བྱེད།། དཔེར་ན་ཆུ་ཡི་ཁམས་དེ་ནི།། འཇིག་རྟེན་གདུང་པ་ཐམས་ཅད་གཅོད།། དེ་བཞིན་དུ ་ནི་སླེབ་དབེན་ཡང་།། གདུང་བ་ཀུན་གཅོད་ཤེས་པར་བྱ།། དཔེར་ནི་རླུང་གི་ཁམས་དེ་ཡང་།། འཇིག་རྟེན་ཐམས་ཅད་རྟག་ཏུ་སྒྲུབ།། དེ་བཞིན་སློབ་དཔོན་མཱུ་ལ།། དགེ་བ་རྣམ་པར་སྒྲུབ་པར་བྱེད་།། དཔེར་ན་ལུས་ཙཱ་ཐས་ཅད་ཀྱི།། གནས ་ནི་ས་གཞིར་གྲགས་པ་ལྟར།། དེ་བཞིན་དུ་ནི་ཆོས་རྣམས་ཀྱི་ནགནས་སུ་སློབ་དཔོན་གྲགས་པ་ཡིན།། ཇི་ལྟར་བཅོམ་ལྡན་རྣམ་སྣང་མཛད།། ཆོས་རྣམས་ཐམས་ཅད་རྟོགས་འགྱུར་པ།། དེ་བཞིན་སླེབ་དཔོནི་ཞེས་བྱ་བ།། ཆོས་རྣམ ་ཐམས་ཅད་རྟོགས་བྱུར་པ།། ཇི་ལྟར་དཔལ་ལྡན་རྡོ་རྗེ་འཛིན།། གསང་བ་ཐམས་ཅད་འཛིན་པའོ།། དེ་བཞིན་འདིར་ཡང་སློབ་དཔོན་ནི།། གསང་སྔགས་རྣམས་ཀྱི་གསང་བ་འཛིན།། དཀོན་མཆོག་གསུམ་གྱི་བསྔགས་པ་དག། དེ་ནི ་རྟག་ཏུ་སྨྲ་བར་བྱེད།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི།། སྔགས་པ་ཆེན་པོ་དེའང་དེ་ཉིད་སྨྲ།། དཔེར་ན་སངས་རྒྱས་བཅོམ་ལྡན་འདས།། ཡང་དག་ལམ་སྟོན་མིག་མཛད་པ།། དེ་བཞིན་སྔགས་པ་འཇིག་མེད་པའང་།། ཐེག་ཆེན་འདི་ལ་ལམ ་སྟེན་མིག། ང་དང་འདྲ་བར་སྔགས་པ་ལྟ།། ང་དང་སྔགས་པ་གཞན་མི་ལྟ།། སློབ་དཔོན་གྱི་ནི་ཡོན་ཏནྡ་བཟུང་།། སྐྱོན་ནི་ནམ་ཡང་བཟུང་མི་བྱ།། ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ།། སྐྱོན་རྣམས་བཟུང་ན་དངོས་གྲུབ་མིན།། དེ་བཞིན་ཚེ་ཡང་ཐུང ་བ་དང་།། ངན་འགྲོ་དག་ཏུ་ལྟུང་བར་འགྱུར།། སློབ་དཔོན་སྨོད་པར་བྱེད་པ་ནི།། ཉ་པ་ལ་སོགས་རི་གསུ་སྐྱེ།། ཉེས་པ་ཐམས་ཅད་བྱེད་འགྱུར་ཡང་།། མཁས་པས་བླ་མ་སྨད་མི་བྱ།། ཆོས་འདོད་པས་ནི་རྟག་པ་རུ།། ། སློབ་དཔོན་རབ་ཏུ ་མགུ་བར་བྱ།། ས་གཞི་གང་ན་རྒྱལ་སྲས་དེ།། བཞུགས་པའི་ས་ངོ་མཆོད་རྟེན་འགྱུར།། དེར་ནི་ང་དང་རྒྱལ་སྲས་ཀུན།། གསལ་ཞིང་དབྱེ་བ་ཅུང་ཟད་མེད། ཅེས་གསུངསོ།། ཁ་ཅིག་ནི་བླ་མ་ལ་དད་པ་དང་ལྡན་པར་བྱེ་ཞེས་འདོན་ཏེ། ་འདིར་བླ་མའི་བཀུར་བ་གསུམ་བསྟན་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་དབང་དུ་བྱས་པའམ། རབ་ཏུ་ཡང་གུས་པར་བྱ་བའི་ཕྱིར་བཟླས་པ་སྟེ། འདི་གསུམ་གྱིས་དང་པོ་སྤངས་པ་ལ་དགོངསོ།། དམ་ཚིགོ་བསྲུང་ཞེས་བྱ ་བ་ནི། དམ་ཚིག་རབ་ཏུ་མི་སྤང་བ་སྟེ། ཇི་སྐད་དུ་གསང་བ་ཟླ་བའི་ཐིག་ལ་ལས། སྔགས་ཀྱི་དམ་ཚིག་དོན་འདོད་པས།། དམ་ཚིག་བསྲུང་བ་བརྩོན་པར་བྱ།། གཞན་དུ་བྱས་ན་སྔགས་མཁན་གྱིས།། སྔགས་ལ་སོགས་པའི་དོན་མི ་འགྲུབ།། ལྷ་རྣམས་ཀྱང་ནི་དམ་ཚིག་ཉམས།། གསོལ་ཡང་བཞི་སུ་མི་གནང་སྟེ།། འཇིག་རྟེན་འདིར་ནི་སྡུག་བསྔལ་ཆེ།། འཇིག་རྟེན་ཕ་རོལ་དམྱལ་བ་རྣམས།། དམ་ཚིག་སྤྱོད་པ་འདོད་བྱའོ།། རྨོངས་པའི་བདེན ་ཉིད་དེས་ཐོབ་བོ།། སློབ་མ་ད་ཡང་དེ་བཞིན་དུ།། བློ་གཞན་སྡུག་བསྔལ་ཐོབ་འགྱུར་ཏེ།། དེ་ནི་སྔགས་ཀྱི་དོན་མི་སྨིན།། ལྷ་རྣམས་ཀྱི་ནི་བདེ་བ་མཆོག། དམ་ཚིག་མེད་པའི་སློབ་མ་ལ།། ནམ་ཡང་སྦྱིན་པོར་མི་འགྱུརརོ།། དེ་བས་དམ ་གཙོ་ཡིན་ཏེ།། ཐོག་མར་བྱས་ནས་སྦྱིན་པར་བྱ་ཞེས་གསུངསོ།། བརྟན་པར་སྙིང་རྗེ་བསྐྱེད་ཅེས་བྱ་བ་སྟེ། བརྟེན་པའི་རིམ་པ་སྙིང་རྗེས་ཕྱེ་བའི་ཕྱིར་ཏེ། བསྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་།། དེ་ཉིད་བསྒོམ་དང་མཆོད་པ་དང་། ་སྙིང་རྗེས་སྔགས་ནི་གྲུབ་འགྱུར་ཏེ།། གཞོན་དུ་མཆོག་ཏུ་ཉོན་མོངས་འགྱུར་ཞེས་གསུངས་པའོ།། ཉོས་པ་ཐམས་ཅད་རྣམ་པར་སྤངས། ཞེས་བྱ་བ་ནི།། འཇིག་རྟེན་དང་བསྟན་བཅོས་ལས་སྨད་པའི་བྱ་བ་མི་བྱ་བ་སྟེ། ཇི་སྐད་དུ། སྟངས་པ ་མཆོད་པ་དང་ནི་གར་བྱེད་དང་།། གླུ་ལན་རྔ་བརྡུང་སྐྱེ་བོས་དཔྱ་འགྱུར་དང་།། ལྷག་པའི་ང་རྒྱལ་འདི་དང་འདོད་ཆེན་དང་།། རྒྱན་པོ་དག་ནི་འདུས་པ་ལྟོ་འདོད་དང་།། དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང་།། བསྟན་བཅོས་ངན་དང་སྙན་དངགས ་ཀློག་འདོན་དང་།། ཆ་གོས་དང་འཚིག་དང་དྲེགས་དོང་རྒྱགས་པ་དང་།། ཞེ་ལ་འཛིན་དང་ལེ་ལོ་ཡ། ཨོཾ་སྒྱུ་སྤང་།། ཤ་ཆང་ཀེའུ་དང་བཙོང་དེང་སྒོང་སྡོག་དང་།། འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན།། འབྱུང་པོའི་ཟས་དང་ལྷ་བཤེས་གཏོར ་མཱ་དང་། གུ་ལང་མཆོད་བྱས་གཏོར་མ་མི་ཟའོ།། ངས་ནི་སྔགས་པའི་ཁ་ཟས་དཀར་གསུམ་དང་།། རྩ་བ་སྟོང་བུ་འབྲས་བུ་ཚོད་མ་དང་།། ཞོ་ངང་ནས་དང་འོ་མ་མྱུར་དང་ནི།། འབྲུ་མར་ཚིགས་མ་དུར་བ་འོལ་ཀོན་དང་། ཐུགས་པ་རྣམས་ནི་བཟའ་བཏུད ་ཡིན་པར་གསུངས། ཞེས་བཤད་ལ། ཡང་གཞན་དུ། དེ་ནས་གཞན་ཡང་བཤད་པ་ནི།། གསང་སྔགས་ཟློས་པའི་འདུལ་བ་སྟེ།། གང་ལ་གནས་ནུ་དངོས་གྲུབ་རྣམས།། ཟློས་པས་མྱུར་དུ་ཐོབ་འགྱུར་བ།། གསང་སྔགས་ཀུན་དང་ལྷ་ཀུན་དང་།། ་ཟློས་པ་མཐུ་ཆེན་རྣམས་ལ་ཡང་།། སྒྲུབ་པོས་ཞེ་སྡང་མི་བྱའོ།། མཁས་པས་གསང་སྔགས་ཆོ་ག་དང་།། གསང་སྔགས་རང་བཟོར་མི་བྱའོ།། བདག་ཉིད་ངན་པའི་མི་རྣམས་ལའདི་།། བརྙེས་པ་དག་ནི་ཡོང་མི་བྱ།། བླ་མ་དཀྱིལ་འཁོར་སྟོན་པ ་ནི། སྤྱོད་པ་ངན་པར་གྱུར་ན་ཡང་།། ལུས་སམ་ཡང་ན་ཡིད་ཀྱིས་ཀྱང་།། ཤེས་པས་ནམ་ཡང་མི་སྨད།། རིགས་སྔགས་དག་ལ་ཁྲོས་ནས་ནི།། དགུག་དང་བཅིང་དང་བཅད་པ་དང་།། ཚར་བཅང་མཁས་པས་མི་བྱའོ།། དྲག་སྤྱོད་དེ་དུང་དེ་མི་བྱ།། ་གཞན་གྱིས་རྗེས་མ་གནང་བར།། གསང་སྔགས་དག་ནི་མི་བཟུང་ངོ་།། བསྙེན་བཀུར་མ་བྱས་པར་ཡང་ནི།། ཆོ་ག་ཤེས་པས་སྔགས་མི་སྦྱིན།། གསང་སྔགས་ཆོ་ག་ཕྱག་རྒྱ་དང་།། རྒྱུད་དང་དཀྱིལ་འཁོར་བཤད་པོ་དག། དཀྱིལ་འཁོར་མ་ཨཽ ་པ་ལ་ནི།། རྒྱུད་ཤེས་མཁས་པས་མི་སྦྱིན།། མཚོན་ཆ་འདྲ་བ་ཐམས་ཅད་དང་།། སེམས་ཅན་གཟུགས་བརྙན་དེ་བཞིན་ཏེ།། ཕྱག་རྒྱའི་གཟུགས་ནི་སྣ་ཚོགས་པའང་།། བཟའ་བར་མི་བྱ་མི་འགོང་ངོ་།། སྨན་རྣམས་སྨད་པར་མི་བྱ་ཞིང་།། མི ་གཙང་བས་ཀྱང་རག་མི་བྱ།། སྒྲུབ་པ་པོ་ནི་བློ་ཅན་གྱིས།། རྐང་པ་དག་གི་མི་འགོང་ངོ་།། ཐེག་པ་ཆེན་པོ་པ་དག་དང་།། ཤེས་རབ་ཅན་གྱི་རྩང་མི་བྱ།། བྱང་ཆུབ་སེམས་དཔའ་མཐུ་ཆེན་དག། ཐུས་ནུས་སུན་ཡང་མི་དབྱུང་།། ་སྒྲུབ་པ་པོ་དང་འགྲན་པ་དང་།། སྔགས་ཀྱིས་ནམ་ཡང་མེ་བྱཾའོ།། ཁྲོས་པས་ཉེས་པ་ཆུང་ངུ་ལ།། དྲུག་ཤུལ་སྤྱད་པར་མི་བྱའོ།། ཟློས་པ་ཆོ་ག་ལ་གནས་པས།། གླུ་གར་རྩད་མི་མི་བྱའོ།། ཕྲེང་བ་ཁ་དོག་བྱུག་པ་དང། མཛེས་པའི་ཕྱིར་ནི་མི་བྱ ་གོང་བ་དང་ནི་འཚེང་མི་བྱ།། རྒྱུག་དང་དྲག་ཤུལ་མི་བྱའོ།། ལུས་ལས་བྱུང་བ་ཐམས་ཅད་ཀྱི།། ཉེས་པའི་དངོས་པོ་སྤོང་བར་བྱ།། ལོག་པ་གཏུམ་པོ་འགྱུར་དང་རྩུབ།། དབྱེན་གྱི་ཚིག་རྣམས་སྨྲ་མི་བྱ།། བདེན་པའི་ཆོས་ལ་གནས་པས་ནི ་དོན་མེད་གཏམ་ཡང་མི་དྱཽ་ཞིང་།། མུ་སྟེགས་ཅན་དང་གནས་པ་དང་།། རྩོད་པ་དག་ཀྱང་མི་བྱའོ།། གདེལ་པ་ལ་སོགས་མོ་རབས་དང་།། གསང་སྔགས་བཟློས་པས་སྨྱོ་མི་བྱ།། སྔགས་གཡོག་གཅིག་པུས་མ་གཏོགས་པར།། གཞན ་དང་ལྷན་ཅིག་མི་དོགས་པ་རཽ།། བློ་ཅན་བཟླས་བརྗེད་བྱེད་པ་ན།། སུ་དང་ཡང་ནཱི་མི་སྨྲའོ།། འབྲུ་མར་དག་གིས་ལུས་མི་བསྐུ།། ཏི་ལ་ཡང་བཟའ་བར་མི་བྱའོ།། ལ་ཕུག་སྒོག་པ་བཙོང་དགེ་དང་།། བཅའ་སྒྱུར་རྣམ་པ་ཐ་དད་དང་།། ཅུང་པང་དང་ནི་སྲི ་རིལ་དང་།། མ་ཤའི་སྲན་ཅན་དེ་བཞིན་ཏེ།། ཏིལ་གྱི་ཅུང་པང་ལ་དུ་དག། དངོས་གྲུབ་འདོད་པས་རྣམ་པར་སྤང་།། ལོག་འདྲེན་གྱི་ནི་ཟས་ཀུན་དང་།། གཏེར་མའི་ཁ་ཟས་ཐམས་ཅད་དང་།། ཀྲྀ་སཽ་ར་དིང་འོ་ཐུག་ཀྱང་།། གསང་སྔགས་བཟླ ་པས་རྣམ་པར་སྤང་།། ཤིང་རྟ་ལ་སོགས་བཞོན་པ་དང་།། པདྨ་ལ་སོགས་དེ་བཞིན་ཏེ།། ཁ་ཟས་ལྷག་མ་བོར་བ་ལའང་།། རྐང་པ་དག་གིས་རེག་མི་བྱ།། སྒྲེགས་པའི་ཆོ་ག་ཐམས་ཅད་དང་།། ལྡུམ་དང་གདུགས་ངག་འཛིན་པ་དང་།། ལུས་ཀྱུ ་དོར་ཐམས་ཅད་ནི།། གསང་སྔགས་ཟློས་པས་རྣམ་པར་སྤང་།། རྐང་པས་རྐང་པ་མི་གཉེ་ཞིང་།། ལག་པས་ལག་པའང་མི་མཉེའོ།། བཤང་གཅི་དག་ནི་ཆུར་མི་འདོར།། དེ་དང་ཉེ་བར་ཡང་མི་དོར།། སྙིམ་པ་འབའ་ཞིག་ཏུ་མི་བཟོའ ་ཁར་བའི་གནོདང་དུ་མི་བཟའོ།། ལེ་མིའི་རྒྱབ་ཏུའང་མི་བཟའ་ཞོང་།། མཁས་པས་ཆགས་པའི་ཟས་མི་བཟའ།། ཁྲི་དང་བཏགས་པའི་ཁྲི་དག་དང་།། གཞན་ཡང་ལྷན་ཅིག་མི་གཙང་བ།། སྒྲུབ་པེ་བློ་ཅན་མི་ཉ་ལོ།། གན་རྒྱལ་ཁ་བུ ་མཱི་ཉལ་ཞིང་།། ཡང་དང་ཡང་དུ་མི་བཟའ་སྟེ།། ཧ་ཅང་ཆུང་ཆེ་བར་མི་བཟའ།། མི་བཟའ་བར་ཡང་མི་བྱ་ཞིང་།། གང་དག་དེགས་པའང་མི་བཟའོ།། དེ་མཚར་དག་ལ་དགའ་མི་བྱ།། ལྟད་མོ་ཀུན་ལ་མི་ལྟའོ།། བུད་མེང་ཡུལ་ནི་ལྷག་པ་ལ།། ་ཞེན་པའི་སེམས་ཀྱི་ཆགས་མི་བྱ།། ལུས་དང་ངག་དྲང་སེམས་ཀྱིས་ཀྱང་།། དེ་བཞིན་ཟས་དང་སྤྱོད་པ་ལ།། སྔགས་ཟློས་ཆོ་ག་ལ་གནས་པར།། མཱ་བསྡམས་པར་ནི་ཡོང་མི་བྱ།། སྔགས་ཟློས་ཚིག་མཁས་པ་ཡིས།། ཁ་དོག་བསྟ ་བའི་གོས་མི་བགོ།། དེ་བཞིན་རྙིངས་དང་དྲི་ཅན་དང་།། གོས་གཅིག་པར་ཡང་ཡོང་མི་བྱ།། བདག་ཉིད་སྨད་པར་ཡོང་མི་བྱ།། བདག་ལ་མཾ་དགར་མི་བྱ་སྟེ།། ཡིད་འབྱུང་བར་ཡང་མེ་གྱུར་ཅིང་།། ནང་རྣམས་ཀྱིས་ཀྱང་ཞུང་མི་བྱ།། ་བཀའ་ལནཱ་གྱིལ་བ་མ་གཏོགས་པར།། དདག་གིས་གསད་སྔགས་མི་གཏིང་ངོ་།། གཏི་མུག་ཟློས་ནི་མི་སྣད་ཅིང་།། སྤྲིང་བ་ལྗོང་པར་མི་བྱའོ།། སཱིད་གྷྲི་ཝཱན་དུ་མ་གྱུར་ཅིང་།། བསམྦྷ་པ་མང་པོ་མ་བྱའོ།། མི་གཙང་རྒྱ ་བའི་སེམས་མེད་པར།། ཟློས་པ་པོས་ནི་གསང་སྔགས་གདོན།། གདེན་གྱི་ལས་རྣམས་མི་བྱ་ཞིང་།། བསྲུང་དང་སླར་བཟློག་མི་བྱའོ།། རང་གི་སྔགས་སམ་གཞནོ་དག་གིས།། ཟློས་པས་དུག་གཱི་ལས་མི་བྱ།། བསྒྲུབ་པོ་དགོས་པ་མ་གཏྭོ་ཌ་བཱ། ་སྔགས་ཀྱི་གཞན་དྲག་མི་སྤྱད་དོ།། བདག་གི་སྔགས་ཀྱིས་མགྲིན་པར་ནི།། སད་པའི་ཕྱིར་ཡོང་མི་བྱའོ།། བློ་གྲོས་ཅན་གྱིས་དུས་གསུམ་བཟླས།། དུས་གསུམ་དུ་ནི་ཁྲུས་ཀྱང་བྱིད་ཞེས་པ་དང་། ཟློས་པ་ཆེ་གོ་ཤེས་པ་ཡིས།། སྡོམ་པ་དག་ནི ་བཟུང་བ་དང་།། དམ་ཚིག་བསྲུང་བ་ནན་ཏན་བྱ།། བཟླས་བརྗེད་སྤྱོད་ལ་བརྩོན་པར་བྱ།། དཀྱིལ་འཁོར་ཡང་ནི་རྟག་ཏུ་བྱ།། གླགས་བམེ་ཡང་ནི་རྟག་ཏུ་བཀླག།། མཁས་པས་མཆོད་རྟེན་རྟག་ཏུ་བྱ།། དགེ་དྭའི་ཕྱོགས་ཀྱང་རྟག་ཏུ་བྱ།། དུས ་གསུམ་དག་ཏུ་སྐྱབསུ་འགྲོ། དུས་གསུམ་དག་ཏུ་སྡིག་པ་བཤོགས།། སྒྲུབ་པ་པོ་ནི་བློ་ཅན་གྱིས།། དུས་གསུམ་དུ་ནི་བྱང་ཆུབ་སེམས།། དུས་གསུམ་དུ་ཡང་སྨོན་ལམ་གདབ།། རྒྱུད་མཐོང་ཚི་ག་ཤེས་པ་ཡིསོ།། ཆོ་ག་བཤད་པ་དེ་དང་དེ།། ཇི ་ལྟར་འདོད་པ་ཙཽ་ནུས་བྱ།། རྟག་ཏུ་གཏིང་ལ་བརྩོན་པར་བྱ།། སྙིང་རྗེར་ལྡན་ཞིང་མཇུངས་དང་བྲལ།། རྟག་ཏུ་བཟོད་ཅིང་བྱམས་པར་ལྡན།། རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ།། རྗེ་སུ་དྲན་པ་དྲུག་རྣམས་ཀྱང་།། བསམ་པ་དེ་བས་རྟག་ཏུ་བསྒོམ ་རྣམ་པ་སྣ་ཚོགས་ཆོས་ཐོས་ནས།། མོས་པ་རྣམ་པར་སྤྱད་པར་བྱ།། གསང་སྔགས་ཆོ་ག་བཀླག་པར་བྱ།། སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད།། ཆོ་ག་ལས་ནི་འབྱུང་བ་བཞིན།། བློ་དང་ལྡན་པས་དཀྱིལ་འཁོར་བྲི།། བྱང་ཆུབ་སེམས་ནི ་བརྟན་ནི་སུ།། ཡང་དག་ལྷ་ལ་ངེས་བྱས་རྣམས།། དམ་ཚིག་ཕྱོག་རྒྱ་བཅིངསཾ་ནཱས་ནི།། མཁས་པསོ་དགེ་སློང་ལ་སོགས་པ།། འཁྱེར་བཞི་པོ་དག་བཟུང་བར་བྱ།། བདག་རང་གིས་ནི་རྒྱུད་ཀྱང་བསྟན།། མཁས་པསོ་གསང་སྔགས་ལུང ་རྣམས་ཀུན།། ཡང་དག་རྒྱས་པར་ཤེས་པར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་དང་།། བཅོ་ལྔ་དག་ལ་སྒྲུབ་པ་པོས།། ཆོ་འཕྲུལ་གྱི་ནི་ཟླ་ཕྱུད་ལ།། བྱེ་བྲག་ཏུ་ནི་མཆོད་པ་བྱ།། བཟླས་པ་སྦྱིན་སྲེག་མཆོད་པ་དང་།། དེ་བཞིན་སྡོམ་པ་བཟླ ་བ་དང་།། བསྐྱོད་ནཱཾ་དག་ལོས་ཁྱད་པར་དུ།། གུས་ཤིང་མངོན་པར་བརྩོན་པར་བྱ་ཉེས་པ་དང་།། ཡང་བཟླས་དེ་སྦྱིནྡ་སྲེག་མཆོད་པའོ།། རྟག་ཏྱོ་སྟོད་གཡོགས་ཡོད་པོར་བྱ།། ཉལ་དང་ཁྲུས་ལ་ཉེས་པ་མེད།། དེ་ཡང་མངོན་པར་སྨྲ ་པར་བྱ།། ཕྱི་རོལ་སྔར་ནི་ཤིང་གཽ་ལྷམ།། རྟག་པ་ཉིད་དུ་བྱུགོ་བར་བྱ།། ལྷ་དང་བླ་མོ་མཆོད་ནས་ནི།། གནས་རྣམས་སུ་ནི་སྤང་བར་བྱ།། ལུས་དང་ངག་ཡིད་འཇུག་པའི་ས།། རྟོག་ཏུ་མཆོད་གཱནཱཾ་སུ་མཆོད་པར་བྱ།། གང་དག་རྟག་ཏུ་བརྩོན ་བ་ཡཽ།། ཟློས་པ་དངོས་གྲུབ་འདོད་པོའི་ས།། མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང་།། དགེ་སློང་མཐོང་ནའང་ཕྱག་བྱའོ།། ལྷ་དག་མཐོང་ན་རིམ་གྲོ་བྱ།། བླ་མ་མཐིང་ན་མཆོད་པར་བྱ།། ཟབ་མོའི་ཆོས་ནི་བཤོད་པ་དག། ཐོས་ནས་དད་པ ་བསྐྱེད་པར་བྱ།། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གིས།། མཐུ་ལ་རབ་ཏུ་དགའ་བར་བྱ།། སྔགས་ཀྱི་ལས་རྣམས་སྣ་ཚོགས་པ།། ཐོས་ནས་ཡིད་ནི་སྐྱེ་བར་བྱ།། སྒྲུབ་པོས་དངོས་གྲུབ་འདོད་བསྡུ་ནི།། བློ་གྲོས ་ལྡན་པས་བརྩོན་འགྲུས་བསྐྱེད།། འདི་བྱ་འོ་ནརྀ་མི་བྱའོ་ཞེས། རིགས་སྔགས་འདུལ་བ་ལ་སྨོད་དང་།། བསླབ་པའི་སྡོམ་པ་ཉིད་ལ་ཡང་།། ཟློས་པས་རྟག་ཏུ་རྣམ་པར་བསམ།། རང་གི་བདེ་ལོ་ཆགས་པ་དང་།། ཉིན་མཚན་དུ་ནི་སྤང་བར ་བྱ།། འདི་དག་བྱས་ནས་འདི་བྱ་ཞེས།། མི་གཡེལ་བར་མི་འགྱུར་བར་བྱ།། ཉིན་པར་བག་མོད་ཉེས་བྱས་པ།། སྲོག་ལ་སོ་སོར་བཤགས་པར་བྱ།། ལེགས་པར་བྱས་ལའང་མངོན་པར་དགའ།། ནུབ་མོ་བྱས་པའང་ནང་པར་བཤགས ་བཟླས་བརྗོད་སྦྱིན་སྲེག་གཙོད་སྒྲ་དང་།། རིགས་སྔགས་མཆོད་དང་སྡོམ་པ་དང་།། རིགས་སྔགས་འདུལ་བ་དག་ལ་ཡང་།། སྒྲུབ་པ་པེས་ནི་ནནོ་ཏན་གནས་ཤེས་པ་དང་།། ཡང་དེ་རིང་ཕན་ཆད་ཁྱོད་རྣམས་ཀྱིས།། སངས་རྒྱས་ཆེས ་དང་དགེ་འདུན་དང་།། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། རིགས་སྔགས་གསང་སྔགས་ཚོགས་ལ་ཡང་།། དད་པ་རབ་ཏུ་བསྟན་པར་བྱ།། རྟག་པར་ཐེག་པ་ཆེན་པོ་ལ།། ཁྱད་པར་དུ་ནི་མེས་པོར་བྱ།། དམ་ཚིག་ཅན་དང་མཛད་པ ་དང་།། བླ་མ་ལ་ཡང་གོས་པར་བྱ།། ལྷ་རྣམས་ཀུན་ལ་སྡང་མི་བྱ།། དུས་མཚམས་དག་ཏུ་མཆོད་པའང་བྱ།། སྟེན་པ་གཞན་གྱི་གཞུང་མི་བསྟོད།། གློ་བུར་པ་ལ་འགྲེན་ཡང་བྱ།། སྲོག་ཆགས་རྣམས་ལ་བྱམས་པའི་སེམས།། རབ་ཏུ་བསྟན་པ། ་ཉེ་བར་བཞག། ཐེག་ཆེན་འདི་ལ་དགའ་རྣམས་ཀྱི།། བསོད་ནམས་དག་ལ་ནན་ཏན་བསྐྱད་།། བཟླས་རྗོད་བྱེད་ལ་འབད་པ་ཡིས།། གསང་སྔགས་སྤྱོད་ལ་མངོན་པར་བྱ།། གསང་སྔགས་རྒྱུད་ལ་བསྟན་པ་ཡི།། དམ་ཚིག་རྣམས་ཀྱང་བསྲུང ་བབར་བྱ།། དམ་ཚིག་མེད་པ་རྣམས་ལ་ནི།། གསང་སྔགས་ཕྱག་རྒྱ་མི་སྦྱིན་ནོ།། གསང་སྔགས་རྒྱུད་ནི་ལོགས་པར་བསྲུང་།། དེ་ཡང་བདག་གིས་རྟོགས་པར་བྱ་ཞེས་གསུངས་ཏེ། འདི་ལྟ་བུའི་བྱ་བ་ལ་སློབ་བོ།། དམ་ཚིག་དེ་དག་ནི་བདག་གི ་བྱ་བའི་རྒྱུད་དག་ལས་བཏུས་པ་ཡིན་གྱིས།། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་དག་གིས་ཀྱང་།། ཡུལ་དང་དུས་ཀྱི་དབང་དང་བསམ་པའི་དབང་གིས་ཇི་ལྟར་རིགས་པར་བསྲུངས་ཤིག། གང་དག་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ ་ཡིན་པར་སྨྲ་བ། གཙང་སྦྲ་དང་གདམས་པ་མེད་པརོ་འདོད་པ་དག་ནི་མ་རུངས་པར་འགྱུར་ཏེ། བསམ་པ་ལ་སོགས་པའི་དབང་ལས་ནི་བྱ་བའི་རྒྱུད་དག་ཏུ་ཡང་།། གཙང་རུང་དེ་ནི་མི་གཙང་རུང་།། ཟས་ནི་ཟློས་རུང་མ་ཟོས་རུང་།། ཁྱུས ་བྱས་དེ་ནི་མ་བྱས་རུང་།། བདག་གི་བདག་ཉིད་དྲན་པར་འགྲུབ།། ཅེས་བྱ་བ་ལ་སོགས་པ་བག་ཡངསུ་བྱ་བ་གསུངས་ལ། ཕལ་ཆེར་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པས་ཀྱང་། ཇི་སྐད་གསུངས་པའི་དམ་ཚིག་ལས་འདའ་བར་མི ་བོས་སོ།། གཞོན་ཡང་རྣལ་འབྱོར་གཅེར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་ནི། ལུས་རྟས་པར་བྱེད་པའི་ཁ་ཟས་ལ་སོགས་པ་འཕགས་པོ་ཉན་ཐོས་འདོད་པ་ཆུང་ཞིང་ཆེ་ག་ཤེས་པ་སྦྱངས་པའི་ཡོན་ཏན་ལྷུར་ལེན་པས་གྲོལ ་བར་འདོད་པ། གནས་དབེན་པ་བཞི་ལ་གནས་པར་དམ་བཅས་པ་དག་ལ་ཡང་གནང་སྟེ། ཇི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་ཀཽནྡི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། ་ཁྱོད་དང་བས་མཐར་གནས་ཤྲིང་ཏིང་ངེ་འཛིན་བསྒོམ་པའི་དགེ་སློང་དག་གནས་ཁང་མཆོག་དག་ན་གནས་ཤིང་།། ལམ་མཆེག་དང་ཁ་ཟས་མཆོག་ལ་སྤྱོད། དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་སྣང་ངོ་།། ང་ཅིའི་ཕྱིར་ཞེན།། ་ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚེ་བའི་ཡེ་བྱད་ཀྱིས་བྲེལ་བར་གྱུར་ན། སེམས་དང་སེམས་ལས་བྱུང་བའི་ཆེས་ངན་པ་སྐྱེ་ཞིང་།། ཏིང་ངེ་འཛིན་ཐམས་ཅད་མི་འགྲུབ་པས་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྷུང ་མི་བཟང་པའི་སྡུག་བསྔལ་ཆེན་པོ་རྣམས་ཚད་མོད་པ་ཇི་སྙེད་མྱོང་བར་འགྱུར་རོ།། ཏིང་ངེ་འཛིན་བསྒོམ་པ་དག་གལ་ཏེ་འཚེ་བའི་ཡོ་བྱད་དང་ལྡན་ན། ཏིང་ངེ་འཛིན་མང་པོ་མ་གྲུབ་པ་ཡང་གྲུབ་པ་དང་། སྔར་གྲུབ་པ་དག་ཀྱང་མི་ཉམསོ།། དེའི ་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེ་བས་ན། གཞུང་བཞིན་དུ་རྒྱས་པར་མི་དགེ་པའི་རྟག་པ་དང་སྤྱོད་པའི་བར་དུ་མི་སྐྱོ་ལ།། མཐེ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་ན།། ་འོན་ཀྱང་གང་དག་བཅོམ་ལྡན་འདས་ཀྱིས་བཀའ་མདོ་སྡེ་རིན་པོ་ཆེའི་ཚེགས་ལ་སོགས་པ་སྡེ་སྣོད་དུ་གཏོགས་པའི་གསུང་རབ་རྒྱ་ཆེན་པོ་མ་མཐོང་ཞིང་མི་ཐོས་ལོ།། དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ལ་སོགས་པའི་རྒྱུད་རྩེ་བ་དང་། ་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་བཅས་པ་རབ་ཏུ་རྒྱུས་པ། འཁྲུལ་པའི་གནས་གཏན་ལ་འབེབས་པ་མ་ཐོས་ཤིང་མ་མཐོང་བར་རྒྱུད་མདོར་བསྡུས་པ་འགའ་ཞིག་གི་ཚིག་ལ་ཇི་བཞིན་པར་འཛིན་པས། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་།། ་བྱ་བའི་རྒྱུ་ལ་སོགས་པ་ལས་དང་བྱ་བ་རབ་ཏུ་སྟོན་པ་དེ་དག་ནི། ལམ་སྡུག་བསྔལ་བ་ཁ་ཟས་ལ་སོགས་པ་བྱེ་བྲག་ཅན། བཟའ་བ་ཡིད་ལ་གང་འདོད་པ་ལོངས་སྤྱོད་དུ་མེད་པའོ།། རྣལ་འབྱོར་ཆེན་པོའི་རྒྱུད་རྒྱ་མཚོ་ལྟ་བུ་འདི་ལྟས་ནི ་ཇི་ལྟར་དགའ་བས་ལོངས་སྤྱད་ཀྱང་འགའ་ཡང་གང་དུ་ཡང་ནམ་ཡང་མི་ཉམས་ཏེ། ཇི་ལྟར་དགའ་བ་སྤྱོད་ལ་རེག། བུད་མེད་དང་ཆང་དང་ཤ་ལ་སོགས་པ་འདི་དག་ནི་མཆོད་པ་ཆེན་པོ། མཆེད་པ་བཟང་མྱུར་དུ་འགྲུབ་པར་བྱེད་པའོ།། ་ཞེས་སྨྲ་བ་དེ་དག་རབ་ཏུ་མ་རུངས་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཞལ་སྔ་ནས། ཚུལ་འདི་འདྲ་བ་འབྱུང་བར་གཟིགས་ཏེ། ང་ཡོངསུ་མྱ་ངན་ལས་འདས་ནས་ལོ་བདུན་རྒྱོ་ལེན ་ནས་བདུད་སྡིག་ཅན་གྱིས་ངའི་བསྟན་པ་ཕྱེ་ཞིང་འཚོད་པར་འགྱུ་རེ་ཞེས་བསུངས་ཤིང་།། དེ་ཉིད་བྱེ་ཤེས་པར་བྱ་བའི་ཕྱིར་ནི། ཆེས་རྟགས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱིས་ཉིད་ཀྱི་རྒྱས་བཏབ་ཅིང་། འདིར་མི་རུང་བར་མཛད་ལ། ནག ་པོཔོར་བསྟེན་པ་དང་། ཆེན་པོར་བསྟན་པ་རྣམ་པར་དབྱེ་བ་མཛད་པས། ཉིད་ཀྱི་བསྟན་པ་བརྟག་པ་རྡོ་ཀ་ཤི་ལྟ་བུ་བཞག་པ་མཛད་དོ།། དེའི་ཕྱིར་དང་སོང་བསྟན་པ་ལ་གཞུག་པ་དག་གིས་ཞི་བ་པོའི་བློས་བརྟག་པར་བྱ་བའི་རིགས་ཀྱི་མ ་རྟགས་པར་བཞག་གི་ཚིག་སྡིག་པ་ཅན་ལ་འཇུག་པར་མི་བྱའོ།། དེ་ལྟར་ན་སྔར་རྟོག་དེ་བཀག་པ་ཞེ་ན། འདིར་ནི་གང་ལུང་འབེགས་པ་དེ་བླ་མར་རུང་བ་ཡིན་ནམ་མ་ཡིན་པ་ནི་ངེས་པར་དཔྱད་པ་མ་ཡིན་ལ། ་གང་རང་བཞིན་ལ་སོགས་པའི་ཁ་ན་མ་ཐེ་བ་སྤོང་བར་སྟེན་པ་ལ་སོགས་པའི་ཕྱག་རྒྱ་གང་ཡང་རུང་བས་ཐེབས་ཤིང་ཆེན་པོ་བསྟན་པས་ཁྱབ་ན་ངེས་པར་ངེས་བསྟན་པ་བླང་ངོ་།། སེམས་ཀྱི་བསམ་གཏན་ཞེས་བྱ་བ་ནི་གོ་སླའོ།། དེ་ལྟའི ་ཞེས་བྱ་བ་ལ་སོགས་པས་ནི། སླེབ་མ་དམ་པ་འབའ་ཞིག་གཟུང་བར་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ངེས་པས་དེ་ལྟར་བདོན་པས་འདི་ལ་བདག་ཅག་གིས་རྩད་ཅིང་ཞུར་མེད་དེ།། ཞེས་ཡིད་ཆེས་པས་ཅང་མི་གསུང་བ ་གྱུར་པོའོ།། རྒྱུད་ལ་གཞན་དང་བར་བྱ་བའི་དགེས་པ་གཟིགས་པས། མ་དྲིས་པ་ཆེད་དུ་གསུངས་པ་ནི་ཆེད་དུ་བརྗེད་པ་འདི་ཆེད་དུ་བརྗོད་དོ།། ཞེས་བྱ་བ་ནི་གཞན་གྱིས་དྲི་བ་སྐབས་མེད་པར་ཉེ་བར་བརྗོད་པའོ།། ཇི་སྐད་དུ་ཞེ་ན་གཤིན ་རྗེ་མཐར་བྱེད་འཁྲུལ་འཁོར་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུད་ཐམས་ཅད་ཀྱི་རྩེ་མི་དཔལ་གསང་བ་འདུས་པ་ཡིན་ན། དྭེར་ཡང་རྒྱུད་འདིར་གསུངས་པའི་ཐབས་མི་འབྱུང་སྟེ། དེ་བས་རྒྱུད་འདི་ནི་རྒྱུད་དེའི་ཡང་བླ་མ་ཡིན་ན། གཞན ་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་པའོ།། ད་ནི་ཨེ་མའོ་མཆོག་ཏུ་མྱ་ངན་ལས་འདྲེས་བྱ་བ་ལ་སོགས་པས། དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོན་ཏེ། དང་པོ་ནི་རིགས་ལྔའི་རྒྱལ་བ་རྣམས་ཀྱིས་གསུངས ་ཨེ་མའོ་ཞེས་བྱ་བ་ནི་སྤྲོ་བར་སྟེན་པའོ།། མཆོག་ཏུ་མྱ་ངན་འདས་ཤེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ནི། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་བས་མཆོག་ཏུ་གྱུར་པ་སྟེ། བདག་དང་གཞན་གྱི་དོན་ཕུན ་སུམ་ཚོགས་པ་མི་ཟད་པའི་ཕྱིར།། མི་གནས་པའི་མྱི་དོན་ལས་པ་དེ་ཡང་གོང་ཞེ་ན། ཨེ་མའོ་ཁྱེ་བོ་འཇིགས་པར་བྱེད་ནས་གསུངས་ཏེ། དཔལ་གཤིན་རྗེའི་གཤེད་འདིའི་སྐུ་ཉིད་སྣང་ཞིང་མ་གོས་པས་ན། མི་གནས་པའི་མྱ་ངན ་ལས་འདས་པ་ཡིན་ཏེ། དེ་བོས་ན་ངོ་མཚར་ཆའོ།། བདས་ན་འཁོར་བའི་ཐོག་མ་དང་ཐ་མ་མོད་པའི་ཕྱིར་རྒྱུན་ཚད་པ་མེད་ཅིང་། གཞོན་གྱི་དབང་དང་ཡོངསུ་གྲུབ་པ་མཛད་པ་མང་བས་ན། ཨེ་མའོ་འཁོར་བ་དག་གི་རྒྱུན་ཞེས ་གསུངས་ཏེ། མངོན་པར་བྱང་ཆུབ་པ་དེ་བཞིན་ཉིད་ལ་དམིགས་པ་ལ་སོགས་པའི་ཡེ་ཤེས་གནས་ཡོངསུ་དག་པར་གྱུར་པ་རྒྱུན་མི་ཆད་པ་ཉིད་འཁོར་བ་ཞེས་བྱའོ།། དེ་ལྟར་ཡང་། འཁོར་བ་དང་ནི་མྱ་ཏན་འདས།། འདི་གཉིས ་ཡོད་པ་མ་ཡིན་ཏེ།། འཁོར་བཾ་ཨེངསུ་ཤེས་པ་ནི།། མྱ་ངནཱ་ལས་འདས་པ་ཞེས་བཤ་ཞེས་གསུང་སྟེ།། དེ་ནི་དེའི་ངོར་བྱས་ན་ཆོས་ཐམས་ཅད་ནི་རང་གི་དེ་བེ་དྷྲྀ་ལྟ་བ་བཞིན་བརྩན་པར་ན། གདོང་མོ་ནས་མྱ་ངན་མ་འདས་ཕྲ་བ ་ཡང་མེད་པས། ཨེ་མའོ།། ཆོས་ཐམས་ཅད་གདོད་ནོས་ཤིན་ཏུ་མྱ་ངན་ལས་འདས་པ་ཉིད་དེ་ཞེས་ཚིག་རྣམ་པར་སྦྱོར་རོ།། དེ་ལྟར་ན་ཆེས་འདི་དག་ནི་རབ་ཏུ་སྐྱེ་ཞིང་འཇིག་ཀྱང་རྒྱུན་ཆད་པ་ཡང་ནམ་ཡོང་མེད། བརྟགས་ཞེས ་བྱ་བ་བརྟགས་པ་ཙམ། འཁོར་བ་ལ་ནི་མཐའ་མི་དམིགས་ཞེས་གསུངས་པ་དང་། མྱ་ངན་ལས་འདས་པ་ཡིན་ཏུ་ཟིན་ཀྱང་། འཁོར་བར་འགྱུར་ལ། འཁོར་བའི་རྒྱུར་གྱུར་ཀྱང་མྱ་ངན་ལས་འདས་པ་མ་བཏང ་བའི་ཕྱིར། ཕན་ཚུན་འགྲོལ་བ་བྱིས་པའི་ཡུལ་མ་ཡིན་པའི་བདེན་པ་གཉིས་པ་འདི་ནི། ཨི་མའོ་ཤིན་ཏུ་མཚར་འདི་ཞེས་གསུངས།། དེ་ན་འགལ་བ་འདྲ་མི་འགལ་བར་ཤེས་པས་ཅི་ལ་ཕན་ཨཽ་ན། གང་ཞིག་གིས་ཤེས ་ནུ་བྱིས་པ་དག་འཚོང་བའི་ཉེས་པོའི་སྐྱེནའི་དི་དག། རྣལ་འབྱོར་པ་དེ་ལ་ཡོན་ཏན་དུ་ནི་འགྱུར་བའོ།། ཞེས་ཚིག་རྣམ་པར་སྦྱར་ཏེ་ཇི་སྐད་དུ། ཆོས་གང་གིས་ནི་བྱིས་པ་དག། འཁོར་བའི་གནས་སུ་འཆིང་འགྱུར་བ།། ཆོས་དེ་ཉིད ་ནི་རྣོལ་འབྱོར་པ།། འཁོར་བའི་མཐར་ནི་འགྲོ་བ་ཡིན་ཞེས་གསུང་སོ།། དེ་ཅིའི་ཕྱིར་ཞེ་ན། གང་གིས་འཆིང་བའི་ཆོས་དེ་ནི་འགའ་ཡང་མ་མཐོང་བའི་ཕྱིར། དངོས་མིན་དངོས་པོ་མེད་པ་མིན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདི་དོག་རིགས་པས་བལྟས་ན་གནས་པའི་མཐུ་མེད་པས་ནི་དངོས་པོ་མྱིན་ཏེ། འོན་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་མངོན་སུམ་ཁེ་ནྡར་གསོལ་བར་སྣང་བས་ན། དངོས་པོ་མེད་པ་འང་མིན་ཏེ། དེ་ལྟར་ན་རྟག་པ་དང ་ཆད་པའི་ཐབས་ལས་རྒལ་བ་སྒྱུ་མ་ཙམ་དུ་གནས་ཏེ། དེ་ཤེས་པ་ལ་ནི་གནོད་པ་གང་ཡང་མི་འབྱུང་སྟེ། དེ་ནི་ཉེས་པའི་ཚིགས་ཀྱི་གཉེན་པོ་ཡིན་པས་ན། ཆོས་ལ་བདག་མེད་མཁས་པ་ནི། རང་བཞིན་མེད་པ་གོམས ་བྱས་པས།། ཕྱིན་ཅི་ལོག་ལས་བྱུང་བ་ཡིས།། ཉེན་མོངས་སྒྲིབ་པ་མེད་པར་སྤོང་ཞེས་གསུངས་པསོ།། རང་བཞིན་ཕྲ་རབ་རྟོག་པ་དེ་ཡང་མེད་དེ། ཁམས་མིན་ཞེས་བྱ་བ་མིག་ལ་སོགས་པའམ། དུས་ནི་གཉིད་ལོག་སད་པར་བྱེད། ཅེས ་བྱེ་བ་ལ་སེམས་པས་དུས་ལ་སོགས་པའི་ཁམས་འདོད་པ་ཡང་། ཀུན་ཏུ་བརྟ་ཌ་པ་ཙཾ་སྙིང་པོར་གྱུར་གྱི་རང་བཞིན་མེད་དོ།། བྱེ་བྲག་ཏུ་སྨྲ་བས་བཞག་པ་བསྟན་དུ་མེད་པའི་རྫས་རག་ཏུ་དགེ་པ་ཡང་མི་མཐང་དེ། འཕགས་པ་ལིང་ཀར ་གཤེགས་པ་ལ་སེགས་པའི་ནང་དུ་བསལ་བས་ན། མ་ངན་འདས་པ་མིན་ཞེས་གསུངསོ།། འོ་ན་ཅི་ཞེ་ན། རེ་ཞིག་ཀུན་གཞི་རྣམ་པར་རིཤེས་པ་རྒྱ་ཡོངསུ་ཆད་པ་མེད་པ་འདི་ཙམ་ཞིག་སྣ་ཚོགས་ཀྱི་བདག་ཉིད་ཡིན་པར་ཟད་དེ། ས་ལ ་གཟུགས་རྣམས་གང་ཡོད་དང་། ལྷ་ཡུལ་གནས་པའོ་ཁྱིམ་རྣམས་ཀྱང་།། རྣམ་པ་སྣ་ཚིགས་གང་སྣང་བ།། དེ་དག་ཀུན་གཞི་སྦྱང་བ་ཡིན།། ཀུན་གཞི་ཀུན་ཏུ་ལག་པ་སྟེ།། ཀུན་ཏུ་ཁཾ་ནིག་མགོ་བོ་ཡང་།། ཅིག་ཅར་རོ་ནི་རཾ་གྱིས ་ས་རྣམས་ཡོག་པར་རབ་ཏུ་གནས། ཞེས་གསུངས་པསོ་ན། རྣམ་ཤེས་ནཱ་མཁའི་བཞི་མཉམ་སྟེ། ཞེས་གསུངསོ།། དེ་ལྟ་ན་དེ་ཉིད་གནོད་པར་འགྱུར་རོ།། སྙམ་ན་ནཱ་མཁའ་འདི་ལྟར་བདག་ཉིད་མེད་ཅེས་གསུངས་ཏེ། དེ་གནས་ཡོངསུ ་གྱུར་པ་ན་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ན་མཁའ་ལྟ་བུ་ཡིན་གྱི་ཡང་དག་པའི་ཡེ་ཤེས་ལ་བཟུང་བ་དང་འཛིན་པའི་བདག་ནི་ཅི་ཡང་མེད་པས་འདི་ལ་གནོད་པ་མེདོ་ཞེས་བསྟན་པའོ།། དེ་ཉིད་ནི་ཆོས་འདི་བདེ་བ ་ཆེན་པོ་ཡིན་ཞེས་གསུངས་ཏེ། ཇི་སྐད་དུ་བདེ་བ་གང་ཞེ་ན། གང་ལ་ཀུན་ཏུ་རྟོག་པ་མེད་པ་དེ་བདེ་བའོ་ཞེས་གསུང་སོ།། འདི་དོན་དམ་པར་ཡོད་པ་ཉིད་དེ། འདི་ཙམ་ཡང་སུན་འབྱིན་པ་ནི་བྱ་རབ་གནོན་པ་དང་། སྟག་གི་རབས། ་མདོ་ལས་བསལ་ཏོ།། འདི་ནི་རག་ལས་པ་དང་བྲལ་བའི་ཆེས་རབ་དཔང་དུ་གྱུར་པ་ཡིན་པས་ན། སཽ་མིན་མ་དང་ཆུ་མ་ཡིན།། རླུང་མིན་དེ་བཞིན་ན་མཁའ་མིན་ཞེས་གསུངས་ཏེ། ཚུལ་ཁྲིམས་དང་ཡེ་ཤིས་བསམ་གཏན་གྱིས་མྱ་ངན་འདས་ཞི་དུལ ་པ་དྲི་མེད་པའི།། གོ་འཕངས་མི་རྒ་མི་འཆི་ཟད་མི་འཚལ། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། ཅེས་བཤད་པ་ལྟ་བུའོ།། གོ་འཕང་དེ་ཡང་ཆོས་ཀྱི་དབྱིངས་རྟོག་འབྱུང་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི།། སྐྱེ་བོ་འདི་ནི་རབ་ཏུ་གནས། ་ཤེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་ང་ནི་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཆོས་སྣ་ཚོགས་པའི་རྒྱུར་གྱུར་པས་ཆེས་ཀྱི་དབྱིངས་ཏེ། དེ་ལྀ་རབ་ཏུ་སྦྱར་བ་ཡིས་ཤེས་བྱ་བ་ནི། རབ་ཏུ་ཡང་གསལ་པོས་ཟུང་དུ་འཇུག་པས། སྔར་བསྟན་ཧཱུ~ཾ ་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པ་བྱུང་བས་ན། སྐྱེ་བ་འདི་ནི་རབ་ཏུ་གནས་ཞེས་གསུངས་ཏེ། ཇི་སྐད་དུ། རྒྱལ་བས་ཆོས་ཉིད་ལུང་མེད་རགོ་ཞི་བ།། གཉིས་མེང་རང་བཞིན་མེད་པ་ཐུགས་ཆུད་ནས།། གཟུགས ་སྐུ་བཟང་པོ་མཚོན་གྱིས་བརྒྱན་པ་ཡིས།། འགྲོ་བ་མ་ལུས་བཀའ་བ་ནིན་སྟོན་པར་མཛད་ཅེས་གསུངས་པས་སོ།། དེ་ཙམ་ཞིག་བདེན་གྱི་གཞན་དུ་གྱུར་པ་ནི། དངོས་ཀུན་དངོས་པོ་ཞེས་བྱ་བ།། དེ་ནི་དངོས་པོ་མེད་པར་གྲགས་ཞེས་པ་གསུང ་ཏེ། རིགས་པས་འཇལ་པ་རྣམས་ལ་ཞེས་བྱ་བ་ནི་ཚིག་ཡི་ལྷག་མའོ།། ཇི་ལྟར་ཞེ་ན། རྣལ་འབྱོར་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བ་རྣལ་འབྱོར་ཟུང་དུ་འཇུག་པ་དང་བྲལ་བར་གྱུར་བའི་ཚེ་དེའི་ཤེས་པ་དོན་ཁྱད་པར་ཅན་འཛིན་པ་དེ་ལ ་རྟག་པ་སྣང་བ་མ་ཡིན་ཞིང་། དེ་བཞིན་དུ་ཚོད་པ་ཡང་མ་ཡིན་ལ། ཕྱག་དང་ཞལ་དང་ཁ་དོག་ཀྱང་སྣང་བ་མ་ཡིན་པས། དེའི་ཕྱིར་གྲོགས་ཞེས་བྱ་བ་ནི། དེ་ན་ཇི་ལྟར་ཉམ་སུ་མྱོང་པ་གཅིག་ནས་གཅིག་ཏུ་མཆོད་པ་བྱེད་པ་ཡིན་པའི་ཕྱིརརོ།། ། ་འོན་ཀྱང་དེའི་ཡུལ་དུ་སྔར་བསྟན་པའི་དམ་པའི་དགའ་བའི་མཚན་ཉིད་དེ་ཁོ་ན་ཉིད་ཙམ་ཞིག་གནས་པར་ཟད་དོ།། དེ་མོ་ཚན་ཉིད་གཞན་ཡང་སྲིད་པ་ཀུན་དང་ཕྱག་བྲལ་བ། ཐེག་མ་པར་དག་སྤང་བའོ་ཞེས་གསུངས་ཏེ། སྲིད་པ་ནི་འཁོར ་བརྒྱན་དུ་འཇུག་པའི་སེམས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི།། སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད། ཅེས་གསུངས་པ་ལྟ་བུ་སྟེ། དེ་རརིག་ཏུ་སྤངས་པ། ཉེན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲེ་བ།། སྙིང་བའི ་རྒྱ་མཚེའི་མཐར་ནི་ཡོངསུ་བསྒྲགས། ཞེས་གསུངས་པའི་བདག་ཉིད་ངོ་།། དེ་བས་ན་ཀུན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་བར་གྱི་སེམས་ལས་ནི་མེ་གཏོགས་པར་གྱུར་པའོ།། ཆགས་བྲལ་དང་ཞེས་བྱ་བ་ནི། འཕགས་པ་ཉན་ཐིས་གང ་དག་སྲིད་པས་རབ་ཏུ་སྐྲག་པོའི་ཞི་བའི་བདག་ཉིད་རྣམ་པར་ཤེས་པ་མར་མ་རྒྱུན་ཆད་པ་ལྟར་གྱུར་པའི་བདེ་བ་མེད་པ་ལ་བདེ་བར་འདུ་ཤེས་པ། སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཞུམ་པ་མེད་པའི་ལུས ་ཀྱིས་ནི།། ཚོར་དུ་སྟ་གོན་གནས་པར་བྱ།། མར་མེ་འདྲ་བའི་རྣམ་པར་ཐར།། དེ་ཡི་སེམས་ནི་མྱ་ངན་འདས་ཞེས་བྱ་བ་གང་ཡིན་པ་འདི་ནི་ཁམས་གསུམ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཡང་ཆ་ཌ ་དང་བྲལ་བའོ།། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་རྒྱུད་ལ་ནན་ཏན་བྱས་པས་འཁོརོ་བའི་མཐའ་མེད་པ་ལྟར། འདིའི་སྐུ་ཆེ་ཡི་མཐའ་མེད་པ་སྟེ། ན་མཁའི་མཐའ་ཐུག་གྱུར་པ་ཀྱི་ཙམ་པར།། སེམས ་ཅན་མེ་ལུས་མཐའ་མས་དེ་བཞིན་ཏེ།། ཅི་ཙམ་ལུས་དང་ཉོན་མོངས་མཐར་ཐུབ་གྱུར་པ།། བདག་གི་སྨོན་ལམ་མཐའ་ཡང་དེ་ཙ་མོ་ཞེས་གསུངས་ལ། སྨོན་ལམ་ཡང་ཇི་ལྟར་སྨོན་པའི་འབྲས་བུ་འབྱིན་པ་སྟེ། ཆོས་རྣམས་ཐམས་ཅད་རྐྱེམ་བཎྜཱི ་ཏེ། འདུན་པའི་རྩལ་ལ་རབ་ཏུ་རྟེན།། གང་གིས་སྨོན་ལམ་ཅི་བཏབ་པ།། དེ་དང་འདྲ་བའི་འབྲས་བུ་ཐོབ་ཅེས་གསུངས་པས་སོ།། ཐོག་མ་བར་དགེ་སྤངས་པའོ།། ཞེས་བྱ་བ་ནི་སྔར་འཁོར་བའི་ཐོག་མོ་མེད་པར་བསྟན་པ་འདི་ཡིས་ཐོག་མ་སྤངས ་པ་ཡིན་ལ། གང་ལ་ཐོག་མ་མེད་པ་དེ་ལ་བར་ཡོང་མི་སྲིད་དེ། བར་ནི་ཐེག་མ་དང་ཐ་མའི་ཚེ་ལས་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ།། དེས་ན་བར་སྤངས་པའོ།། དེ་ཉིད་ཀྱིས་ན་འདི་ལ་ཐ་མ་མེད་པར་ནི་རབ་ཏུ་ཡང་གསལ་བས་མ་གསུ། ་སོ།། གལ་ཏེ་བསྟན་དུ་མེད་པ་དགེ་བའི་རྫས་མ་ཏན་ལས་འདས་པ་ཡང་འདི་མིན་ལ། མར་མེ་ཆད་པ་ལྟ་བུའི་མ་ངན་ལས་འདས་པ་ཡང་འདི་མིན་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངསུ་མྱ་ངན་ལས་འདས་པ་ཞེས་གསུང་ཀྱི ་པ་ཇི་ལྟ་བུ་ཡིན་ཞེ་ན། དོན་གྱི་དབང་བཅུས་རྒྱུན་ཆད་པ་མེད་ཅིང་སྐུ་གཞན་དུ་སྣང་བ་སྐྱེད་པ་ཙམ་ལ་མྱ་ངན་ལས་འདས་པར་བཞག་སྟེ། ཇི་སྐད་དུ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དག་སངས་རྒྱས་ཀྱི ་འཕྲིན་ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དོན་བཅུའི་དངང་གཟིགས་ནས་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་མི་རྟག་པ་ཡོངསུ་བསྟན་པ་དང་། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང་། མྱ་ངན་ལས་འདས་པའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་། ངག་ཚ་བ་ཐམས་ཅད་དང ་བྲལ་བར་ཡང་དག་པར་བསྟན་པ་དང་།། གཟུགས་ཀྱི་ལུས་ལ་ཞེན་པའི་ལྷ་དང་མི་རྣམས་ལ་གཟུགས་ཀྱི་ལུས་མི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང་། རྣམ་པར་འགྱུར་བའི་མཐུ་ཕྱིར་མི ་བཟློག་པར་ཡོངསུ་བསྟན་པ་དང་། འདུ་བྱེད་ཐམས་ཅད་མདོར་རྒྱུར་མི་རུང་ཞིང་དབང་སྒྱུར་དུ་མེད་པ་ཡོངསུ་བསྟན་པ་དང་། མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ་དང་། ཀུན ་འབྱུང་ཞིང་འཇིག་པས་བྲལ་བར་འགྱུར་བ་ཡོངསུ་བསྟན་པ་དང་། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད་དེ། དགེ་སྤ་ཐང ་ཡོངསུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་དུལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངསུ་མྱ ་ངན་ལས་འདས་པ་ཆེན་པོར་ཡོངས་མྱ་ངན་ལུས་འདའོ།། ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པ་མེད་པའི་གོ་འཕང ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངསུ་སྟོན་ཏོ།། ཞེས་གསུངས་སོ།། དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཇི་སྐད་དུ་གསུངས་པ་དེ་ཉིད་དང་རྗེ་སུ་མཐུན་པར་རྣལ་འབྱོར་པས་མོས་པ་ཡིད་ལ་བྱེད་པའམ། དེ་ཁོ་ན་ཡིད་ལ་བྱེད་པས ་གནས་པོར་བྱ་སྟེ། དེ་བས་ན་འདི་ནི་ལམ་དང་དེའི་འབྲས་བུ་གཉིས་ཀར་རྣམ་པར་བཞགོ།། དོན་དེ་ཉིད་བཙུན་མེ་རྣམས་ཀྱིས་ཀྱང་གསལ་བར་བསྟན་པའི་ཕྱིར། དེ་ནསོ་ཞེས་བྱ་བ་ལ་སེགས་པ་གསུངས་ཏེ། གོ་བར་བླ་ཞིང་སྔར་ཇི་སྐད ་བཤད་པ་ཙོམ་ཞིག་འདིས་ཀྱང་བརྗོད་པར་བྱེད་དོ།། མྱ་ངན་ལས་འདས་པ་ཆེན་པོ་འདིའི་མཚན་ཉིད་ནི། གཞན་ལས་ཇི་ལྟ་མཁའ་ཕྱོགས་རྣམས།། ཀུན་ལ་རྟག་པར་མི་གནས་པ།། དེ་བཞིན་ཆོས་རྣམས་ཐམས་ཅད་ལ།། གསང ་སྔགས་མགོན་པོ་མི་གནས་སོ།། ཇི་ལྟར་དངོས་རྣམས་ན་མཁའ་ལ།། གནས་ཤིང་རྟག་ཏུ་རྣམ་སྣང་ཡང་།། དེ་ནི་གནས་མི་འགྱུར་རོ།། གསང་སྔགས་མགོན་པོའང་དེ་བཞི་ནོ།། ནམ་མཁའ་དུས་གསུམ་ལ་སོགས་དང་། ཇི་ལྟར་བྲལ ་བྷར་འདོད་པ་བཞིན།། དེ་ལྟར་གསང་སྔགས་མགྲོན་པོ་ཡང་།། དུས་གསུམ་མེད་ཀྱང་རྣམ་པར་སྣང་།། མིང་ཙམ་དུ་ནི་གདགས་པའི་གནས།། བྱེད་པོ་ལ་སོགས་དང་བྲལ་ནི།། ན་མཁའ་ལ་ནི་ཐ་སྙད་དུ།། མཁས་པ་རྣམས་ནི་འདྲེ་པར ་བྱེད།། མིང་མ་གཏོགས་པ་ཅུང་ཟད་ཀྱང་།། ཡོད་པ་མ་ཡིན་ན་མིཁའི་བཞིན།། དེ་བཞིན་གསེང་སྔགས་དང་དེ་ཕྱུག་ཀྱང་།། ཐ་སྙད་ཙམ་དུ་སྣང་བར་ཟད།། མེ་དང་ཆུ་དང་རླུང་མ་ཡིན།། ས་དང་ཉི་མ་འང་མ་ཡིན་ཞིང་།། ཟླ་བ་ལ་སོགས ་གཟའ་ཀུན་མིན།། ཉིན་པར་དང་ནི་མཚན་མོའང་མིན།། སྐྱེ་བ་དང་ནི་འགག་པའང་མིན།། འཆི་བ་དང་ནི་རྒུད་པ་མིན།། སྐད་ཅིག་མ་ཡིན་ཡུད་ཙམ་མིན།། ལེ་ལ་སོགས་པ་འོང་མ་ཡིན་ཞིང་།། འཇིག་པ་དང་ནི་འཆག་པའང་མིན།། བསྐལ ་པའི་གྲངས་ཀྱང་ཡོད་མ་ཡིན།། དགེ་དང་མི་དག་ལས་བྱུང་བའི།། དབུས་སུའང་ཡོད་པ་མ་ཡིན་ནོ།། ཀུན་མཁྱེན་གེ་འཕངས་འདེད་པ་ཡིས།། རྡེག་པ་རྣམ་པ་སྣ་ཚོགས་པ།། དེ་ཀུན་གང་ལའང་མེད་འགྱུར་བ།། དེ་ལ་བརྟག་ཏུ་བརྩོན་བྷར ་བྱ་ཞེས་གསུངས་སོ།། བྱང་ཆུབ་ཅེས་བྱ་བ་ནི་རྣམ་པར་མི་རྟག་པ་རང་བཞིན་གྱིས་འོད་གསལ་བ་སྟེ། བྱང་ཆུབ་ན་མཁའི་མཚན་ཉིད་དེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། ཞེས་གསུངསོ།། དེའི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི ་སོམས་ཏེ། ཡ་ཤཱ་རིའི་བུ་སེམས་དེ་ནོ་བྱང་ཆུབ་ཀྱི་རང་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱའོ།། ཞེས་གསུངས་པསོ།། གླེང་གཞི་ཞེས་བྱ་བ་ནི་མ་ལུས་པའི་མན་ངག་འདིར་བྱིན་པས་སོ།། ལེའུ་ཞེས་བྱ་བ་ནི་སྔོན་བཞིན་པ། ་ལེའུ་བཅུ་བདུན་པའི་བཤད་པའོ།། ། ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། གསང་བའི་བདག་པོ་ཆེན་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་སྔགས་དྲུག ་པོ་འཆང་བ་རྣམས་ནི་གསང་བ་སྟེ། དེ་དག་གདུལ་བའི་ཕྱིར་དེ་དག་གི་དབང་ཕྱུག་ཏུ་སྐྱེས་པས་ན་བདག་པོའོ།། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་འཛིན་པར་དབང་བསྐུར་བས་ན། གསང་པོའི་བདེག་པོའོ།། ་དེ་ཉིད་མཐུའི་ཁྱད་པར་རབ་ཏུ་ཆེ་བས་ན་ཆེན་པོའོ།། རྡོ་རྗེའི་མཚན་མ་ལས་བྱུང་བས་ན་རྡོ་རྗེའི་རིགས་སོ།། ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེ་དག་གི་རིགསུ་སྐྱེས་པ་ནི་རྡོ་རྗེའི་རིགས།། སྔར་བསྟན་པའི་ཡོན་ཏན་དང་བཅས་པས་ནུ་ཁྱད་པར་ཅན།། ་དེས་དེ་སྐད་ཅེསོ་གསུང་ས།། དེ་ཅིའི་ཕྱིར་གསུངས་ཤེ་ན། ན་ཊ་ཀུ་བེ་ར་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་ལྷ་མོའི་བུད་མེད་ཀྱི་སྒྱུ་མ་རབ་ཏུ་མང་པོ་དང་། རབ་ཏུ་འཇིག་སུ་རུང་བའི་གར་བྱེད་པས་ན། གར་མཁན་ན་ཊ་སྟེ་བདུད་ཀྱི་སྔོའོ།། དེས་ནི ་འགྲེ་བ་མ་ལུས་པ་ལོ་མ་ལས་བཟློག་ཅིང་ཆུང་གསོན་པས་ན་ངན་པ་སྟེ་ཀོའོ།། བདུད་ཀྱི་ལས་ནི་དྲན་པ་ཡིན་པསོ།། དེ་བཟློག་པའི་ཕྱིར་བཻ་ར་ཏེ། དེ་སྐད་ཅེས་གསུངས་ཞེས་སྦྱར་རོ།། བདུད་ཀྱི་བདེ་ལྡོག་པ་ཉིད་ཅི་ལ་དགོངས་ཤེ་ན། བརྒྱ ་བྱིན་ལེག་པར་རྣམ་པར་སྣང་བྱེད་དུ་གྱུར་པའི་ལས་ཀྱི་འབྲས་བུ་ཆུད་མི་བཟའ་བར་བསྟན་པ་དང་དགོས་པ་བཅུའི་ཆེད་དུ་སྟེ། དེ་ནི་ཇི་སྐད་དུ། འཕགས་པ་འཇིག་རྟེན་ལས་འོངས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི ་དང་། དབང་ཡང་དག་པར་མཐོང་ནས། སྙིང་པོ་བྱང་ཆུབ་མཆོག་ལ་འདུག་པའི་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམ་ཀླས་པ་ན། འཐབ་མོ་དང ་གཡུལ་ལ་མེས་པའི་སེམས་རྣམས་ལ། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ།། ཡིད་གཉིས་དང་ཐེ་ཚོམ་དུ་གྱུར་པའི་མོ་དང་། ལྷ་རྣམས་ཀྱི་ཡིད་གཎྜཱི ་དང་། ཐེ་ཚོམ་བཅད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ།། བདུད་ཀྱི་སྡེ་ཡེངསུ་སྨིན་པར་བྱ་བའི་ཕྱིར། བདུད་འདུལ་པོ་སྟོན་ཏོ།། འཐབ་མེ་དང་གཡུལ་ལེ་མེས་པའི་མི་དང་། ལྷ་རྣམས་ཀུན་ནས་བསྡུ་བ་དང་། ཀུན་ནས་འདུས་པའི་ལྷ་དང་། མི ་རྣམས་འདུལ་བའི་དབང་གི་ཕྱིར། བདུད་འདུལ་བ་སྟོན་ཏོ།། བྱང་ཆུབ་སེམས་དཔའི་མོཐུ་ལ་ཐུབ་པ་མེད་པར་ཡོངསུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ།། སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར། བདུད་འདུལ་བ་སྟོན་ཏོ།། ། ་ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར། བདུད་འདུལ་པོ་སྟོན་ཏོ།། སྙིང་པོ་བྱང་ཆུབ་ཀྱི་སྙིང་པར་བདུད་ཀྱི་ལས་ཡོངསུ་བསྟན་པོ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འོངས་པརོ་ཡོངསུ་བསྟན་པའི་ཕྱིར། བདུད ་འདུལ་བ་སྟོན་ཏེ།། ཉོན་མོངས་པའི་སྟོབས་ཀྱི་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངསུ་བསྟན་པ་དང་། དགེ་བའི་རྩ་བ་བརྗེད་པ་དང་། དགེ་བོའི་རྩ་བ་བརྗོད་པ་དང་། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར། བདུད ་འདུལ་བ་སྟེན་ཏོ།། ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྱུང་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ།། ཀྱེ་རྒྱལ་བའི་སྲས་དོན་བཅུ ་པོ་དེ་དག་གི་དབང་ཐོབ་པས་ན། བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ།། ཞེས་གསུང་སོ།། གཞན་དག་འདི་འགྲོ་བ་ཆགས་པར་བྱེད་པའི་གོར་གྱི་ཉམས་དགུའོ།། སྒེག་དང་དཔའ་དང་འཇིགས་སུ་རུང་།། དགོད་དང་ཁྲོ་དང ་འཇིགས་པར་བྱེད།། སྙིང་རྗེ་ངོ་མཚར་ཞི་བ་སྟེ།། འབར་བའི་ཀར་དགུའི་ཉམས་དང་ལྡནི། ཞེས་པས་གྲཝར་མཛད་པས་ན། ཎ་ཊོ་སཱུ་སྟེ་སྐུ་ཞེས་བྱ་བ་ནི་ཀུརྦནྟི་སྟི། བྱེད་པའམ་མཁན་པོའོ།། དེ་ཉིད་འགྲོ་བ་ལམ་དམ་པ་ལ་འགོས ་པས་གར་ཏེ། མཆོག་དམ་པའོ།། དེ་བས་ན་འདི་ནི་གར་མཁན་མཆོག་ཡིན་པས་ན། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུང་དུ། ཚུར་ཤོ་ག་ཎ་ཊ་ཀུ་བ་ར་ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས། འདི་ལ་ཉམ ་བར་བོས་པའོ།། ཞེས་འཆང་དེ་མི་འཐད་པ་མེད་དེ།། དེས་ན་རྒྱུད་འདིར་ཡང་གང་དག་དོན་གྱི་དབང་བཅུ་པོ་འདི་མཐོང་བ་དང་། གསང་སྔགས་ཀྱི་མཐུ་རག་ཏུ་བསྟན་པའི་ཕྱིར། བདུད་བཏུལ་བ་མཉམ་པ་མེད་པ་བསྟན་ཞིང་། ་འགྲོ་བ་འབྱུང་བར་འགྱུར་པ་རྣམས་ལ་ཡང་། གོ་འཕང་འདི་ལྟ་བུཾ་བསྒྲུབས་ཤིག། ཅེས་སྟོན་པའོ།། །། རྩོད་པའི་དུས་སུ་སྙིགས་མ་ལྔས ་གཟིར་བས།། བློ་དམན་བདག་འདུས་འདིར་བསྡུས་རྣམ་ཕྱེ་བས།། བདག་ནི་དཔལ་ལྡན་གཤིན་རྗེ་ལཱ་སྡང་བ།། གཅིག་པུ་བདེ་མཆོག་གོ་འཕངས་ཐོབ་པནྡྷ་ཤོག། དཔལ་གཤིན་རྗེ་དགྲ་ནག་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་བ ་ཆེན་པོའི་དཀའི་འགྲེལ། རིན་པོ་ཆེའི་སྒྲེན་མི་ཞེས་བྱོ་བ། སླེབ་དཔོན་མཁྲ་བ་ཚྭ་བེ་རཏྣ་ཀཱ་ར་ཤིནྡས། ཉུང་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། ། ཨཱ་ཙརྱ་བིན ་ཡ་ཙནྡ་དང་།། ལེ་ཙེ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་དང་པས་བསྒྱུར་ཅིའི་ནུས་ཏེ་བཏན་ལ་ཕབ་པའོ།། ། སརྦ་མ། ་