CLOSE WINDOW

GT783: dpal gshin rje gshed kyi rgyud kyi dka' 'grel lhan cig skyes pa'i snang ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ཡ་མཱ་རི་ཏནྟྲ་པཉྩི་ཀཱ་སྱཱ་ཛྭཱ་ལོ་ཀཱ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ། འཕགས་པ་འཇམ ་དཔལ་གཞོན་ནུར་གྱུར་པ་ལྔ་ཕྱག་འཚལོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དངོས་པོ་ཀུན་གྱི་བླ་མ་རྣམས།། ཟབ་མོ་རྡོ་རྗེ་འཆང་བཏུང་ངོ་།། དཔལ་ལྡན་གཤིན་རྗེའི་དཀའགྲེལ་ནི།། ལྷོན་ཅིག་སྐྱེས་པའི་སྣང་བ་བྲི།། ་ལུང་དང་ཚད་མས་སྤྱོད་པ་ཡི།། བློ་གསལ་རྣམས་ལའང་སྦས་པོ་ལ།། སྒྲོ་ཙམ་ཉིད་ཀྱང་མི་ཤེས་པའི།། བདགེ་འདྲ་རྨོངས་པ་སྨོས་ཅི་དགོས།། འོན་ཀྱང་བླ་མའི་ཟབ་མོའི་བཀའི།། ཅུང་ཟད་དོན་སྟོབས་ཐོས་སྐྱེས་གང་།། བདག་ནི་ཡོངས ་སུ་ངལ་བ་ཡིས།། དྲི་ཡི་དོན་ནི་དྲན་པར་བྱ།། ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་མཐོང་ནས་འཇུག་པ་ཡིན་པས། དེའི་ཕྱིར་དང་པོར་འཇུག་པའི་ཡན་ལག་ཏུ་ཐུན་མོང་མ་ཡིན་པའི་འབྲས་བུ་འཐོབ་པའི་རྒྱུ་དགོངས་པ ་སྒྲུབ་པར་ནུས་པ་བརྗོད་པར་བྱའོ།། གང་ཡོང་བསྟན་བཅོས་དག་ནི་ཐམས་ཅད་དང་།། ལས་རྣམས་དག་ནི་འགའ་ཞིག་ལ།། ཇི་སྲིད་དགོས་པ་མ་སྨྲས་པར།། དེ་སྲིད་སུ་ཞིག་ལེན་པར་བྱེད།། ཅེས་བསྟན་པ་ཡིན་ནོ།། དེ་ཡང་འབྲེལ་པ ་དང་བརྗོད་པར་བྱེད་པ་མ་བསྟོན་པར། རྟོགས་པར་མི་ནུས་པ་ཡིན་པའི་ཕྱིར། འབྲེལ་པ་དང་རྗོད་པར་བྱེད་པ་ཡང་བསྟན་པར་བྱའོ།། ཐབས་མེད་པར་ཡང་བསྒྲུབ་པར་མི་ནུས་པས་ཐོབས་ཀྱང་བསྟན་པར་བྱའོ།། དེ་ལ་བདག་དང ་གཞན་གྱི་བདེ་བ་མཆོག་གི་རྒྱུ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཉིད་ནི་འདིར་བརྗོད་པར་བྱ་བ་སྟེ། འདིར་དགོས་པའོ།། དེ་གང་གིས་ངེས་པར་སྟོན་པར་བྱེད་པ་དེ་ཡང་རྗོད་པར་བྱེད་པ ་ཡིན་པས་སངས་རྒྱས་ཀྱིས་མཛད་པ་སྙན་དངགས་ཀྱིས་སྟོན་པ་ལྟར་རྒྱུད་ལ་ཡང་གཤིན་རྗེ་གཤེང་ནག་པོ་ཞེས་དེ་སྐད་བརྗེད་དེ།། རྗོད་བྱེད་དང་བརྗོད་བྱ་འདི་དག་གི་བརྗེད་པ་དང་བརྗོད་བྱའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་དོན་གྱི་ཤུ། ་ཀྱིས་བསྟན་པ་ཡིན་ནོ།། འདིར་ཐབས་ཀྱང་གསུངས་ལ་སྐྱབསུ་དགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་འཇུག་པོ་ལ་སོགས་པས་དབང་བསྐུར་བ་ཐོབ་པས་རྣལ་འབྱོར་བཞི་བསྒོམས་པའི་མཚན་ཉིད་ཅམ་ཡིན་ཏེ། ་གང་གི་ཕྱིར་འདིས་བདག་དེའི་ངོ་བོར་མངོན་སུམ་དུ་འགྱུར་བ་ཡོན་ནོ།། དེ་ཕྱིར་ཡང་དག་ཡང་དག་མིན།། ཤིན་ཏུ་བསྒོམས་པ་གང་གང་ཡིན།། བསྒོམ་པའི་སྟོབས་ནི་རྫོགས་པ་ན།། དེ་གསོལ་མི་རྟོགས་བློ་འབྲས་བུ། ཞེས་བསྟན་པ ་ཡིན་ནོ།། གལ་ཏེ་ཇི་ལྟར་ནི་འདི་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཐམས་ཅད་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱི་བདེ་བའི་དོན་དུ་འཇུག་པ་ཡིན་ཏེ། དེ་ཡང་འདི་ལྟར་སྤང་བྱ་དང་བསྒྲུབ་བྱ་མི་ཤེས་པས་མུ་སྟེགས་པ་རྣམས་ན ་ལྷ་དང་མིའི་བདེ་བ་འདོད་པ་ཉིད་ཀྱིས་འཇུག་པར་བྱེད་དེ། ཆུ་དང་མེ་ལ་སོགས་པའི་ནང་དུ་བདག་ཉིད་འཇུག་པ་དང་། འདབ་མ་དང་ནས་ལ་སོགས་པ་ཟ་བ་དང་གཅིག་ལ་སློང་བ་དང་གཉི་སོ་ལ་སློང་བ་ལ་སོགས་པས་ལུས་ལ ་གནོད་པ་བྱེད་ཀྱང་། རེ་ཞིག་དེ་ལ་སོགས་པའི་དཀའ་ལས་ཀྱི་བརྟུལ་ཞུགས་ཀྱིས་སྤྱོད་ན་ཡང་འབྲས་བུ་དབྱེ་བ་ནི་མང་ངོ་།། གང་གི་ཕྱིར་སྡུག་བསྔལ་ལ་སོགས་སེམས་གཡངས་ན།། གཡངས་པའི་དངོས་གྲུབ་གཞན་དུ་འགྱུར།། དངོས་གྲུབ ་མེད་ན་འཁོར་བ་སྟེ། འཁོར་བས་དམྱལ་བ་སྒྲུབ་པར་བྱེད། ཅེས་གསུངས་པས་སོ།། ཉན་ཐོས་ལ་སོགས་པ་ཡང་དངོས་པོ་མོ་ལུས་པའི་དེ་ཁོ་ན་ཉིད་ཡོངསུ་མི་ཤེས་པས་ཕུང་པོ་མེད་པའི་བདེ་བ་མཆོག་ཡིནོ།། ཞེས་བྱ་བར་ཤེས ་ནས་བདག་ཉིད་མྱ་ངན་ལས་འདས་པོར་ངེས་པར་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱོད་པ་ཡང་སྦྱིན་པ་ལ་སོགས་པ་ལ་ཞུགས་ན་ཡང་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ ་གཉིས་མེད་པའི་ཕྱིར། སྙིང་རྗེ་དམན་པས་བདག་ཉིད་ཀྱི་མྱ་ངན་ལས་འོངས་པ་གཙོར་བྱེད་པ་ཉིད་དོ།། ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་ཐེབ་པའི་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དེ་ཡང་སངས་རྒྱས་ནི་མ་ཡིན་ཏེ་དེ་ལྟ་ནི་ནི་ས་བཅུ ་བར་སངས་རྒྱས་པོར་ཐལ་བར་འགྱུར་རོ།། གཞན་ཡང་ཟ་བོ་མོ་མངོན་སུམ་དུ་བྱས་པ་ཉིད་ཨིན་ཡང་སེམས་ཅན་གྱི་དོན་ནི་མེད་དེ། འགྲེ་བ་མ་ལུས་པ་ཉོ་བར་འཚེ་བར་གྱུར་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེསུ་འདོད་ན་བདག་མེད ་མཐར་ཐུག་པོ་ལ་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་ནི་མ་ཡིན་ཏེ། དེ་ནི་བརྟགས་པའི་གཉེན་པོ་ཙམ་ཡིན་པའི་ཕྱིར་རོ།། དེ་ཡང་ཐབས་དང་བྲལ་བའི་དངོས་མེད་ཙམ།། བསྒྲུབ་པར་བྱ་བའང་མ་ཡིན་ཏེ།། བདག་དང་གཞན་གྱི་དོན་སྒྲུབ་མཐུ།། ་མེད་ཕྱིར་ན་མཁའི་མེ་ཏོག་བཞིན། ཞེས་བསྟན་པ་ཡིན་ནོ།། སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང་། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ།། ཞེས་བརྗོད་པར་ཡང་མི་བྱ་སྟེ། གང ་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ནི་ཇི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ན་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུརརོ་ཞེ་ན། བདག་མེད་པོ་ཡང་མ་བསྒོ ་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམས་པའི་དུལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གནས་པས་ཀྱང་སྐུ་གསུང་གི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ།། དེ་ནི་བསྒོམས་པས་གསལ་བར་འགྱུར་རོ།། དེའི་ཕྱིར་སངས་རྒྱས་ཉིད་ནི་སྡུ་བའོ་རྒྱུ ་སངས་རྒྱས་རྣལ་འབྱོར་ཀུན་ཏུ་ཡང་།། རྒྱུ་དང་འདྲ་བའི་འབྲས་བུ་ཉིད།། ཀུན་ཏུ་མཐོང་བ་མ་ཡིན་ནམ། ཞེས་བསྟན་པ་དང་ཐམས་ཅད་གསང་བ་ལས་ཀྱང་། སངས་རྒྱས་ཉིད་ཀྱང་མདོར་བསྔོ་བ།། ཏིང་འཛིན་ཡེ་ཤེས་ལས་ངེས ་འབྱུང་།། སངས་རྒྱས་རྣལ་འབྱོར་མ་གཏོགས་པར།། སངས་རྒྱས་རྣལ་འབྱོར་པས་མི་འཐོབ། ཅེས་གསུངས་པས། སངས་རྒྱས་ཀྱི་རྣལ་འབྱོར་ཡང་སེམས་ཅན་མ་ལུས་པ་འདུལ་བ་དང་། ཁྲོ་ཞིང་ཞི་པའི་བདག་ཉིད་ཅན་ག ་རྗེ་གཤེད་ནག་པོ་ཉིད་དོ།། བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་ཎྱེ་སུ་མི་འཇུག་སྟེ། དེ་དག་དྷཱི་རྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེར་ནི་འདི་ལྟར་རས་བྲིས་ལ་སོགས་པར་རྟོགས་ཐཱ། ་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིརརོ།། རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ་རང་གི་ལྷའི་རྣལ་འབྱོར་གྱིས་རས་བྲིས་ལ་སོགས་པར་རྟོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་པར ་བྱེད་དོ།། རྣལ་འབྱོར་བླ་ན་མེད་པར་ནི་གཙོ་བོ་ཉིད་དུ་དེའི་རྒྱུའི་གླཙོ་བོར་མ་བསྟན་ཏོ།། འདིར་ནི་ཐུབས་དང་ཤེས་རབ་གཉིས་མེད་པའི་རྣལ་འབྱོར་གྱིས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་བདག་ཉིད་ཅན་གཅིག་ཏུ་འགྲོ་བ ་མཱ་ལུས་པ་ལ་ཕན་པར་བྱེད་པ་ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་བསྟན་ཏེ། དེས་ན་ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་བྱའི་རྒྱུ་ཉིད་ཡོན་ས་བླ་ན་མེད་པའོ།། ཏཀྵ་ཀོའི་མགོ་ལ་ཡོད་པའི་རིམས་ནད་སོལ་བའི་གཙུག་གི་ནོར་བུ ་བཞིན་དུ་བསྒྲུབ་པར་མི་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཡུལ་མ་ལུས་པ་ལ་བརྟེན་ཅིང་བསྒྲུབས་པས་གསལ་པོར་འགྱུར་རོ།། དེ་ཇི་ལྟ་བུ་ཞིག་ཅེ་ན་སྔགས་ལ་སོགས་པས་སྦྱངས་པའི་དུག་ལ་སྤྱོད་ལ་ལྟར་ཁྱད་པར་ཅན་གྱི་འབྲས ་བུ་འདྲེན་པར་བྱེད་པ་ཉིད་དོ།། དེ་ཡང་ཇི་ལྟར་དུ་གི་དེ་ཉིད་རིག། དུག་གིས་དུག་ནི་སེལ་བར་བྱེད།། དེ་བཞིན་འདོད་པའི་རྩེད་མེའི་རོས།། བརྟགས་པ་ཐམས་ཅད་སྦྱོར་བར་བྱ།། ཞེས་གསུངས་པས་སོ།། དཔལ་གསང་བ་འདུས་པ་ལས་ཀྱང ་དཀའ་ཐུབ་སྡོམ་པ་མི་བཟད་པས།། བསྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ།། འདོད་པ་ཀུན་ལ་ལོངས་སྤྱད་ཅིང་།། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར།། ཞེས་གསུང་སོ།། ད་ནི་འདི་སྐད་ཅེས་བྱ་བ་ལ ་སོགས་པས་དགོས་པ་དང་བསྡུས་པའི་དོན་དང་ཚིག་གི་དོན་དང་། འབྲེལ་བ་དང་། རྒལ་བ་དང་། ལནྡ་རྣམས་བརྗོད་པར་བྱའོ།། དེ་ལ་རེ་ཞིག་དགོས་པ་སྨྲས་ཟིན་ཏོ།། བསྡུས་པའི་དོན་ནི་མངོན་པར་རྟོགས་པ་ལས་ཤེས་པར་བྱ ་ད་ནི་འབྲེལ་པ་མངོན་དུ་འགྲོ་བའི་ཚིག་འགའ་ཞིག་གིས་བཤད་པ་བརྗོད་པར་བྱའོ།། རྒལ་བ་དང་ལྡན་ནི་དེ་དང་དེར་བསྒྲུབ་པོར་བྱའོ།། འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་རྒྱུད་མ་ལུས་པའི ་དོན་དང་གཞུང་སེམས་ལྔ་བསྡོགས་ནས་འདི་སྐད་ཅེས་ངེས་པར་བྱས་ནས་རདྨོ་དང་རྗེ་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ཉེ་བར་སྟོན་པ་ལྔ་གཅིག་ཏུ་ངེས་པ་བྱས་ནས་ཕྱིན་ཅི་མ་ལོག ་སྨྲས་པའོ།། བདག་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་གིས་དོན་དང་གཞུང་དག་ཐོས་ཀྱི་བདག་གིས་བྱས་པ་ཡང་མ་ཡིན། བཅོམ་ལྡན་འོངས་ལས་གཅིག་ནས་གཅིག ་ཏུ་བརྒྱད་པས་བསྟེན་པ་ཡང་མཽ་ཡིན་ཞེས་པའོ།། ཡང་ན་བདག་གིས་རང་གི་མོས་པའི་དབང་གིས་འདི་སྐད་ཐོས་ཀྱི། གཞན་གྱིས་ནི་གཞན་དུ་ཡང་མ་ཡིན་ཏེ། འཆད་པར་འགྱུར་བའི་ཁོར་བསྟན་པསོ།། འདིས་ནི་གཞན་དང་ལྡན་པ ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ།། སློབ་དཔོན་མ་ཁོལ་གྱིས་ཀྱང་།། གསུང་གཅིག་གིས་ནི་བསྟན་མོད་ཀྱང་།། དུ་མ་ཉིད་དུ་རྟོགས་མཛད་པར།། བདག་ལ་ཉེ་བར་སྟོན་ཏོ་ཞེས།། སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། ཞེས་གསུངས་པས། ་ཐོས་པས་ཞེས་བྱ་བས་ནི་བདག་ཉིད་ཉན་པའི་དུས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་བསྟན་ལ། བསྡུད་པའི་དུས་ན་ནི་འདིས་སངས་རྒྱས་ཉིད་ཡིན་ཏེ། གང་གི་ཕྱིར་ལེའུ་བཅཝོ་བརྒྱད་པ་ལོས། དེའི་དུས་ན་བདག་གིས་བཅོམ་ལྡན་འདས་ཀྱིས ་གསུངས་པ་ཐོས་ཏེ། སྐད་ཅིག་མ་གཅིག་ལ་ཟུ་ནོང་དོ་ནི་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པསོ།། འདིས་ནི་ཡང་བསྟོན་པས་ཤིན་ཏུ་ཡང་ཚད་མི་ཡིན་ནོ་ཞེས་བསྟན་པ་ཡིནོ།། མངོན་སུམ་དུ་ཐོས་པས་ཡང་འདི་ལྟར་ཤེས ་པར་བྱའོ།། སློབ་དཔོན་མེད་པར་འདིའི་བྱ་བ་མི་བྱའོ།། ཞེས་ཡང་དག་པར་གཟུང་བར་བྱའོ།། དེ་ལྟར་བསྟན་ནས་གང་གི་ཚེ་གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང་དེ་རིམ་པ་བཞིན་བསྟན་པར་བྱ་བའི་ཕྱིར། དུས་གཅིག་ན་ཞེས ་བྱ་བ་གསུངས་ཏེ། འདིས་ནི་ཤིན་ཏུ་དཀོན་པ་ཉིད་དང་བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དེ། འདི་ལྟ་བུའི་ཕྱིར་ཅི་མ་ལོག་པ་དྲི་མཚར་ཆེ་བའི་ཆོས་ནི་གཞན་གྱི་ཚེ་བསྟན་པར་མི་སྲིད་པའི་ཕྱིརརོ།། འདིས་ནི་མ་འོངས་པའི་འགྲོ ་བོ་རྣམས་གུས་པ་བསྐྱེད་པ་བསྟན་པར་བྱེད་པའོ།། དུས་གཅིག་གི་ཚེ་བདག་གིས་འདི་ཐོས་ཀྱི་གཞོན་གྱི་ཚེ་ནི་གཞན་དོང་གཞན་པའི་འདི་ཐོསོ།། ཞེས་མང་དུ་ཐོས་པ་ཉིད་ཀྱང་བསྟན་ཏོ།། གལ་ཏེ་ཡི་གེ་དང་ངག་དང་ཚིག་སྣ་ཚོགས་པ་ཐ ་དང་པ་ཉིད་ཀྱིས་ཕྱིར་དུས་གཅིག་ན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདེན་ན་ཡང་རྒྱུན་མི་འཆད་པར་རྟག་ཏུ་ཐོས་པའམ། ཡང་ན་བཅོམ་ལྡན་འདས་ཀྱིས་དབང་གིས་བདག་གིས་བསམ་གྱིས ་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་པས་དུས་གཅིག་ཉིད་དུ་ཐོབ་ཅེས་བྱ་བའོ།། གང་ལས་ཞེས་འདྲི་ན་བཅོམ་ལྡན་འདས་ལས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོ་བླ་ན་མེད་པའི་ཤེས་རབ ་ནི་བཅོམ་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་སོ།། དེ་ཡང་འཇོམས་པའི་ཕྱིར་ན་བཅོམ་ལྡན་ཏེ། ཉོན་མོངས་བདུད་ལ་སོགས་འཇོམས་པས།། ཤེས་རབ་ཉོན་མོངས་དེ་འཇོམས་ཕྱིར།། དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད།། ་ཅེས་གསུངས་པ་དང་ཡང་ན་དབང་ཕྱུག་དང་ནི་གཟུགས་བཟུང་དང་། དཔལ་དང་གྲོགས་དང་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ།། དྲུག་པོ་དེ་ལ་ལྡན་ཞེས་བྱ། ཞེས་བྱ་བསཽ་དེ་དང་ལྡན་པ་ལ་བཅོམ་ལྡན་འདས ་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་པས་གསུངས་པ་ནི་ཕྱིན་སྟི་མ་ལོག་པ་ཞེས་པའོ།། དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ལས་ཐོས་པས་གཞན་དག་ལ་དེ་ལྟ་བུར་གྱུར་པ་མེད་པའི་ཕྱིར་རོ།། འདི་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ།། ་གནསོ་གང་དུ་ཐོས་ཤེས་འདྲི་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ།། རང་རང་གི་རང་བཞིན་གྱིས་དེ་བཞིན་ཉིད་དུ་སོང་བས་ན་དེ ་བཞིན་གཤེགས་པ་སྟེ་རྒྱས་ཀྱི་སྐུའི་ཛ་བའོ།། ཀུན་རྫོབ་ཏུ་ནི་ལོངས་སྤྱད་རྫོགས་པ་དང་སྤྲུལ་པའི་གཟུགས་ཉིད་ཀྱིས་རླུང་གི་མོས་པའི་དབང་གིས་རྣམ་པ་གླང་དང་གང་གིས་འཇིག་རྟེན་ལ་སྣང་བར་གྱུར་པའི་གཟུགས་དེ་དང་དཱུར་ག ་དེ་བཞིན་གཤེགས་པའོ།། ཆོས་ཀྱི་སྐུ་ཉིད་ཡིན་ན་ཡང་སྙིང་རྗེའི་དབང་གིས་དེ་བཞིན་དུ་སྣང་བ་ཡིན་གྱི་དེ་ཁོ་ན་ཉིད་ལ་ནི་རྟོག་པ་མ་ལུས་པ་མི་མངའ་བས་གར་ཡང་གཤེགས་པ་མེད་དོ།། ཐམས་ཅད་ཀྱང་ཡིན་ལ་དེ ་བཞིན་གཤེགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སྩོགས་པའོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོརྗེ ་བཙུན་མོ་ཐམས་ཅད་ཀྱི་བྷ་གཱ་སྟེ། མི་བྱེད་ཅིང་འབྱེད་པ་བྱེད་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པའི་དང་། བླ་ན་མེད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དང་། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཆོས ་འབྱུང་གི་ཕྱག་རྒྱ་གྲཝ་གསུམ་ཉིད་དེ། འདོད་པ་དང་གཟུགསསོ་དང་གཟུགས་མེད་པ་རྣམ་པར་དྲག་པའི་རང་བཞིན་ཡིན་པའི་ཕྱིར་འོག་ཏུ་ཟུར་གཅིག་སྟེང་དུ་ཟུར་གཉིས་པའོ།། འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། གང་གི་ཚེ ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྗེསུ་བཟུང་བའི་ཕྱིར་ག་ཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་སྦྲོན་ཅིག་བཅོམ་ལྡན་འདས་ཆོས་ཀྱོ་འཐུང་གནས་ཀྱི་ཁོངས་གཏོགས་པའི་གཞལ་ཡས་ཁང་ན་བཅུ ་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་ཞེས་བྱའོ།། འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ།། འདི་ལྟ་བུའི་ཁྱད་བ་ཙྪ་གྱི་གནས་སུ་འདོད་ཆགས་ཆེན་པོས་འདུལ་བ་རྣམས་ཡིད་མཉམ་པར་འཇོག་པར ་འགྱུརརོ།། སེམས་མཉམ་པར་བཞག་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟོ་བ་ཉིད་སོ་སོར་རྟོག་པ་བཟོད་པར་འགྱུར་རོ།། དེས་ན་འདི་དག་ལ་འོད་ནི་ཕན་གདགས་པ་ཆེན་པོ་ཉིད་ཡིནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བདེ་བ ་དང་ལྡན་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ།། སེམས་མཉམ་པར་བཞག་པས་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ།། ཞེས་བྱ་བ་རྒྱས་པར་གསུངས་པ་ཡིནོ།། མང་པོའི་ཚིག་ཉིད་ནི་འཇིག་རྟེན་གསུམ ་པོ་མ་ལུས་པའི་རྡུལ་ཕྲ་རབ་སོ་སོའི་ཁོངསུ་གཏོགས་པའི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་གི་ནང་ན་དཀྱིལ་འཁོར་བ་ཐམས་ཅད་དང་ལྷ་ནི་ཅོག་ཏུ་བཅོམ་ལྡན་འདས་རང་གི་རིག་མ་གཉིསུ་མེད་པར་སྣང་བར་འགྱུར ་བའོ།། བཞུགས་ཏེ་ཞེས་བྱེ་བ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་གདུལ་བྱའི་འགྲོ་བའི་སེམས་འཕྲོག་པར་བྱེད་ཅེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་བདག་ཉིད་ཆེ་བ་དང་། ཕན་པ་ཆེན་པོ་མཛད་པ་ཉིད་དོང་། དབང་པོ་དང་བཅས་པ ་ཉིད་དུ་བསྒྲུབ་པའི་ཕྱིར་འཁོར་འདུས་པ་ཆེན་པོ་ཉིད་དུ་གསུངས་པ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བོ་ལ། གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་དང་ཤེས་པ་མེད་པ ་ནི་གཏི་མུག་སྟེ། དེ་ཉིད་ནི་གཟུགས་བརྙན་ལྟར་མི་འཁྲུལ་པ་ཉིད་ཀྱི་ཕྱིར་མི་ཕྱེད་པ་དང་། དེ་ལས་གཞན་པ་འབྱེངད་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ཏེ། བྱམས་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། མྱ་ངན་ལས་འདས་པའི ་འཆི་བའི་གཤིན་རྗེ་འཇོམས་པས། དེའི་ཕྱིར་གཱ་ཏི་མུག་རྡོ་རྗེ་གཤིན་རྫོག་ཤེད་དེ། དེས་ཀྱང་དེར་ཐོས་ཤེས་བྱའོ།། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ། གཞན་འབྱེད་པའི་ཚིག་ནི་ཕྲ་མ་ཞེས་བྱའོ།། དེ་ལ་གཞན་ནི ་ཕྱི་རོལ་གྱི་དོན་ཨོཾ་བྷ་སྨྲ་བ་སྟེ། རིགས་པ་དང་ལུང་གིས་ཕྱེ་ཞིང་སུན་ཕྱུང་ནས་རང་དང་མཉམ་པ་ཉིད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་དེ། ཞེས་བྱ་བ་རང་དང་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དབྱེར་མེད་པ་དང་ངོས་གཞན་དོག་འབྱེད་པ་ཉིད་ཀྱིས ་རྡོ་རྗེ་ཞེས་བྱ་ལ། སྙིང་རྗེ་ཆེན་པོ་རང་བཞིན་གྱིས་མངོན་སུམ་དུ་བྱས་པའི་ངོ་བོས་མི་འདྲ་བའི་མྱ་ངན་ལས་འདས་པའི་གཤིན་རྗེ་གཤེང་པོ་ཡིན་པས་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དོ།། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས ་བྱ་བ་ལ། སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་ལ་ཞེན་པ་ནི་ཚོགས་པའོ།། དེའི་ངོ་བོ་ཉིད་ཀྱི་སོ་མཱི་ཕྱེད་པ་དང་གཞན་འབྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་། དགའ་བ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། འདོད་ཆགས་དང་བྲལ ་བོས་བསྐྱེད་པའི་མྱ་ངན་ལས་འདས་པའི་འཆི་བའི་གཤིན་རྗེ་འཇོམས་པས། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ།། ཕྲོག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་དང་། ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལོ་སྡང་བ་སྟེ། རང་རང་གི་སེཾན ་གྱི་དོན་བྱེད་པ་གྲུབ་པ་ལ་གཞན་གྱིས་མི་བྱ་སྟེ། དེ་བདག་གིས་བྱའོ་ཞེས་རྣམ་པར་སྡང་བའོ།། བྱ་བ་ནན་ཏན་ཉིད་ཀྱི་ཕྱིར་མི་ཕྱེད་ཅིང་འབྱེད་པར་བྱེད་པས་རྡོ་རྗེ་སྟེ། བཏང་སྙོམས་ཆེན་པོ་མངོན ་སུམ་དུ་བྱས་པའི་ཕྱིར་རང་གི་དོན་ཙམ་གྱིས་མྱ་ངན་ལོས་འདས་པའི་གཤིན་རྗེ་འཇོམས་པར་བྱེད་པས་ཕྲོག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ།། ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤིང་དང་ཞེས་བྱ་བ་ལ་ཕན་ཚུན་དགའ་དར་མི་བྱེད་པ ་སྡང་བ་ནི་ཞེ་སྡང་ངོ་།། ཡང་ན་ཆོས་ཐམས་ཅད་ཤེས་པ་དང་ཤེས་བྱ་བ་ལ་སོགས་པའི་ངོ་བོར་རྣམ་པར་བཞག་པ་ལ་སྡང་བ་ནི་བདག་མེད་པའི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེ་སྡང་ངོ་།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པ་ཉིད ་དང་། དེ་ལས་གཞན་པ་འབྱེད་པར་བྱེད་པའི་ཕྱིར་དང་། སྙིང་པོ་ཆེན་པོའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མདོར་བའི་རྟག་ཏུ་བདེ་བ་ཉིད་ཀྱི་མྱ་ངན་ལས་འདས་པར་ལྟུང་བའི་གཤིན་རྗེ་འཇོམས་པར ་བྱེད་པའི་ཕྱིར་ཞེ་སྡང་རྡོ་རྗེ་གོ་ཤིན་རྗེ་གཤོད་དོ།། ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བཱ་ལ། འཇིགས་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་འཇིག་པར་བྱེད་པ་མཚོན་པས་ཐོབ་སྟེ། ཕུང་པོའི་བདུད་ཀྱི་གཤིན་རྗེ་འཇོམ ་པོར་བྱེད་པ་ཐོ་བ་རྡོ་རྗེ་གཤིན་རྗེ་གཤེད་དོ།། མཐར་འཛིན་པར་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པོ་འཇིག་པར་བྱེད་པས་དབྱིག་པས་ཉེ་བར་མཚོན་པ་སྟེ། ཉོན་མོངས་པའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་དབྱིག་པ་གཤིན་རྗེ་ག ་དཽ། ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པས་གོས་པ་མེད་པའི་ཆོས་རབ་ཏུ་སྟོན་པས་ནི་པདྨས་ཉེ་བར་མཚོན་པ་ཡིན་པ་དང་འཆི་བདག་གི་བདུད་ཀྱི་གཤིན་རྗེ་འཇིག་པར་བྱེད་པས་པདྨ་གཤིན་རྗེ་ག་ཤི་།། ལྟ་བ་མཆོག་ཏུ་འཛིན་པ ་དང་ལས་ཀྱི་སྒྲིབ་པ་གཅོད་པོར་བྱེད་པ་ནི་རལ་གྲིས་ཉེ་བར་མཚོན་པ་ཡིན་པ་དང་། རྣམ་པར་གཡེང་བར་བྱེད་པའི་ལྷའི་བུའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པསོ་རལ་གྲི་གཤིན་རྗེ་གཤེད་དོ།། མི་ཕྱེད་པའི་བྱམས་པ་ཆེ། ་པོའི་ངོ་བོས་རང་གི་གདུལ་བྱ་ལ་སྤྱོད་པར་བྱེད་པས་རྡོ་ཎཱཾ་ཙ་ར་ཙྪ་ཀའོ།། རྡོ་རྗེ་ནི་གཏི་མུག་གཤིན་རྗེ་གཤོད་ལ་སོགས་པའོ།། པར་ནི་དེ་རྣམས་ཀྱི་མཆོག་སྟེ་གོ་ཤིན་རྗེ་གཤེད་ནག་པོའོ།། ཧི་ནི་དེ་ལ་ཕན་པ་སྟེ། བྱང་ཆུབ་ལའོ།། ་དེ་ཡང་རང་གི་ཕྱག་རྒྱ་དང་གཉིསུ་མེང་པོར་གྱུར་པ་ཉིད་ལས་ཐོབ་པས་དེས་ན་རྡོ་རྗེ་ཕག་མེའོ།། པཱུ་རཱ་ཧཱི་ཞེས་བྱ་བའི་ཚིག་གིས་ནི་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འབྱུང་བས་ཞེ་སྡང་གི་རླུང་དུ་ལྷུང་བའི་སེམ ་བཟློག་པར་བྱེད་ཅིང་ཞེ་སྡང་ལས་བཟློག་ནས་ཞེ་སྡང་ཆེན་པོ་ལ་སྦྱོར་བར་བྱེད་དོ།། དེའི་ཕྱིར་བཛྲ་བཱ་རཱ་ནི་བཅོམ་ལྡན་འདས་ཉིད་དོ།། ཧཱི་ནི་ངོ་ལ་ཕན་པ་ཉིད་དུ་སྔ་མ་བཞི་ནོ།། དབྱར་མེད་པའི་གདུལ་བྱའི་པདྨ་མ་ལུས་པའི་སྐྱེ་གནས་ཡིན་། ་ཕྱིར་རྡོ་རྗེའི་མོ་ཆེ་ནི་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེ་།། དེ་ཉིད་ནི་ལྷ་ནི་ཙོག་སྐྱེས་པའོ་མཆོག་གི་བདེ་བ་གཉིསུ་མེད་པའི་དགའ་བ་བསྐྱེད་པར་བྱེད་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དབྱངས་ཅན་མའོ།། གོ་ནི་མིག་ལ་སོགས་པའི ་དབང་པོ་རྣམས་སོ།། དེའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་སེམས་ཅན་གྱི་དོན་གྱི་ངོ་བོ་ཉིད་དུ་སོང་ཞིང་འཛིན་པར་བྱེད་པས་གྷོ་རི་སྟེ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེ་།། འདི་ནི་དེ་ལ་ཕན་པའི་བླ་ན་མེད་པའི ་ལྷན་ཅིག་སྐྱེས་པའི་བདེ་བ་གཉིསུ་མེད་པའི་ངོ་བོ་ཉིད་ཡིན་པས་གཽ་ཌི་སྟེ། རང་གི་བྱེ་བ་ལ་མི་ཕྱེད་པས་རྡོ་རྗེ་ཡང་ཡིན་ལ་དེ་ཉིད་གཽ་རི་ཡང་ཡིན་པོས་རྡོ་རྗེ་གཽ་རིའོ།། མཚམ་སུ་ཞེས་བྱ་བ་ནི་མཚམས་བཞིར་གནས་པའི་ཐོད་པ་བཞི་པོ ་ཐོད་པ་གཤིན་རྗེ་གཤད་དེ། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙེ་བོར་གྱུར་པའི་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོའོ།། བཅུ་བདུན་པོ་སྨོས་པས་འདི་དག་དང་ཞེས་བྱ་བོ་བརྗོད་པར་བྱ་བ་ཡིན་ན་ཡང་སོགས་པ་ཞེས་བྱ་བའི ་སྒྲ་ནི་འདི་ལྟར་སྒྲུབ་པར་བྱེད་དེ། འདི་དག་ཉི་ཚེ་དང་མ་ཡིན་གྱི་གཞན་ཡང་ནང་གི་བདག་ཉིད་ཅན་གྱི་དབང་པོ་རྣམ་པར་དག་པར་གྲུབ་པ་རྡོ་རྗེ་མིག་ལ་སོགས་པ་དང་ཡ་།། འདི་སྐད་བསྟན་པར་ཨཽང་འགྱུར་ཏེ་དེ་ལྟ་བུའི་ཁཱདྨ་ཙྪན་གཽ ་བོར་གྱུར་པ་གང་ལ་ཡོད་པ་དེ་ནི་དེ་དག་ལ་སོགས་པ་སྟེ། མིག་རྡོ་རྗེ་ལ་སོགས་པ་དང་། ལུས་རྡོ་རྗེ་ལ་སོགས་པའོ།། འདི་རྣམས་ཀྱིས་ཐམས་ཅད་ཀྱི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གྲུབ་པ་ཡིན་ནོ།། ཁེ་ཅི་གོ་ནི་བཅོམ་ལྡན ་འདས་ཁོ་ནའི་སྤྱན་ལ་སོགས་པ་བྱིན་གྱིས་བརླབ་པར་འདོད་དོ།། དེ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ་ལ་མཐུན་པ་མ་ཡིན་ནོ།། ཞེས་ཁོ་བོའི་བློ་མ་གསུང་ངོ་།། རྟ་མཆོག་གི་དཀྱིལ་འཁོར་ལ་སོགས་པའི ་ལྷ་མོ་ལ་སོགས་པ་དང་ལྷན་ཅིག་ཐོས་སོ་ཞེས་བྱ་བར་འབྲེའོ།། ད་ནི་དངོས་གྲུབ་དང་མན་ངག་ནི་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དང་། རང་དགར་འཇུག་པ་དགག་པའི་ཕྱིར་མངོན་པར་རྟོགས་པ་ལ་སོགས་པའི་འབྲེལ་པ་འཚོ ་བར་བསྟན་པ་ནི་ཐེ་ཚོམ་མེད་པར་བསྒྲུབ་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དུ་བསྟན། ཐེ་ཚོམ་དུ་འགྱུར་བ་ནི་སྒྲའི་དོན་དུ་མར་འབྱུང་པོའི་ཕྱིར་རོ།། ཇི་ལྟར་དཀར་པོ་རྒྱུག་ཅེས་བྱ་བས་ཅི་ཁྱི་འདི་རྒྱུག་གམ་འོན་ཏེ་དཀར་པོའི་ཡོན་ཏན་དང ་ལྡན་པ་གཞན་རྒྱུག་ཅེས་བྱ་བ་ལྟ་བུའོ།། དེ་ལྟ་བོས་ན་གང་མཁས་པ་ང་རྒྱལ་བྱེད་པ་དུག་རང་དགར་འཇུག་པར་མ་གྱུར་པར་ཅིག་ཅེས་བརླབ་པར་བྱ་བའི་ཕྱིར་འབྲེལ་པ་འཚོལ་པར་བསྟན་ཏོ།། དེ་ལ་བཅོམ་ལྡན་འདས་མངོན་པར་བྱང ་ཆུབ་པའི་དུས་སུ་ཞེས་བྱ་བོ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ཆེན་པོ་ངེས་པར་ཕྱུང་ནས་ཞེས་བྱ་བའི་བྱར་རིམ་པར་ཕྱེ་ནས་བཅོ་བརྒྱད་པ་ལས་གསུངས་པའི་དེ་མ་ཐག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བལྟ་བར་བྱའོ།། དང་པོའི ་དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་ནས་ཤེས་བྱ་བ་ནི་ངེས་པར་བཟུང་བའམ་ཚིག་གི་རྒྱནོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔེས་ཕྱག་ན་རྡོ་རྗེ་ལ་བོས་ཏེ། གསུངས་པ་ཞེས་བྱ་བ ་འབྲེལོ།། དེ་ལོ་བོས་ཏེ་གསུངས་པ་ནི་འདི་ཡིན་ཏོ།། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ། ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགསུ་བསྒྱུར་ལ། བདུད་ལ་སོགས་པ ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་བཅོ་བརྒྱད་པ་ནས་གསུངས་པ་འབྲེལ་ཏོ།། ད་ནི་དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་གང་དེ་ལྟ་བུའི་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་འཆ ་ས་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བའི་སྐུ་ནི་སྣ་ཚོགས་རྡོ་རྗེ་འཇིགས་རུང་བ།། ན་མཁའི་རྡོ་རྗེའི་དཀྱིལ་དུ་བསམ་ཞེས ་བྱ་བའི་རྗེས་ཐོགས་སུའོ།། ཐམས་ཅད་ཀྱང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའོ།། དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཆང་ངོ་།། བདུད་ཐང ་ནོནི་ཕུང་པོ་ལ་སོགས་པའོ།། ཏིང་ངེ་འཛིན་གང་གིས་དེ་དག་འཇོམས་པར་བྱེད་གཅོད་པར་བྱེད་པ་དེ་ཉིད་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་མིང་འདི་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལས་དེའི་བདག་ཉིད་དུ་ངེས་པར་བསྟན་ཏོ་ཞེས་བྱ་བོ་སྟེ་རྣམ་པར་སྤྲོས་སོ་ཞེས་བྱ་བའི་དོན་ཏོ།། ཏིང་ངེ་འཛིན་གྱི་དོན་བསྟན་པའི་ཕྱིར། ཟླ་བ་རྡོ་རྗེ་སྦྱོར་བ་ཡིསོ།། ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་སོགས་པ་དབྱངས ་ཀྱི་ཡཾ་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཤེས་རབ་ཀྱི་བདག་ཉིད་ཅོན་གྱི་ཟླ་བའོ།། དེའི་སྟེང་དུ་ཀ་ལོ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་དང་ཌ་དྷ་ད་དྷ་ཡ་ལ་བསྣུན་པའི་ཡི་གེ་བཞི་བཅུ་ཉིས་འགྱུར་དུ་བྱས་པའི་ཐབས་ཀྱི་བདག་ཉིད་ཅན ་གྱི་ཟླ་བ་བཞིན་ནོ།། དེ་དག་གཉི་ག་ཡང་རོ་མཉམ་པར་གྱུར་པའི་ཟླ་བ་དང་། དེ་ལས་གྱུར་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀར་ལ་དམར་བའི་ཧཱུཾ་ལས་སྐྱེས་པ། ནོར་བུ་དམར་པོ་ལྟ་བུའི་རྡོ་རྗེའོ།། དེའི ་སྦྱོར་བ་ཁྱད་པར་ཅན་ལས་ཉིད་དང་མཚུངས་པའི་ཤེས་རབ་ཀྱིས་འཁྱུད་བའི་རྡོ་རྗེ་འཆང་གི་རྣམ་པ་ཅན་དཀར་ལ་དམར་བ་གཡོན་བརྐྱ་བ་གཡོས་བསྐུམ་པ། དེ་ལས་གྱུར་པ་རོལ་ཅིང་ཁྲོ་བ་ཕྱག་གཡས་པ་རྣམས་ན་རྡོ་རྗེ ་དོང་རལོ་གྲྀ་དང་གྲི་གུག་བསྣམས་པ། ཕྱག་གཡོན་པ་རྣམས་ན་འཁོར་ལོ་དང་བྱེདྨ་དང་ཐོད་པ་བསྣམས་པ། ཞི་བ་དང་ཐ་མལ་པ་རྗེ་སུ་འཛིན་པས་ཞི་བ་ཤིན་ཏུ་གདུགས་པ་ཅན་རྗེས་སུ་འཛིན་པོས་ཁྲོ་བོའི་གཟུགས་ཅནོ།། ་ནག་བོར་ལེ་ལ་འདོད་དོ།། དེ་ནི་མི་འཐད་དེ་གང་གི་ཕྱིར་ཐམས་ཅད་རྗེ་སུ་གཟུང་བའི་ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེསུ་བཟུང་བའི་དོན་ཡིན་པའི་ཕྱིརརོ།། གཞན་ཡང་རྒྱུད་གཞན་ནས་བསྟན ་དང་ཡང་འགལ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས།། ནོར་བུ་ཆུ་ཤེལ་འོད་འདྲོ་ཞིང་། ཞེས་གསུངས་པ་དང་། དཔལ་འདུས་པའི་དོན་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། ཟླ་བ་རྒྱས་པའི་མདངས་ལྟར་དཀར་བ་ལ། ་གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། ཞེས་གསུངས་པས། དེའི་ཕྱིར་ཟླ་བ་རྡོ་རྗེ་སྦྱོར་བ་ཡིས་ཏེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཡོངསུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་བསྒོམ་པར་བྱའོ།། འདིའི་ཕྱག་དང་། ་ཞལ་དང་མདོག་དང་དབྱིབས་ནི་རིམ་པར་ཕྱེ་བ་བཞི་པ་བསྒྲུབ་པར་བྱའོ།། ཅིའི་ཕྱིར་ཞེ་ན། བདུད་རྣམས་ཞི་བར་བྱ་ཕྱིར་དང་། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྟོང་པ་ཉིད་བསྒོམ་པའི་རྗེས ་ཐོག་སུ་རྣལ་འབྱོར་པའི་བསྲུང་བ་གསུངས་པ། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམོ། ཞེས་བྱའོ།། རང་གི་དོན་རྫོགས་ནས་གཞན་གྱི་དོན་བྱ་བའི་ཕྱིར་གཞན་གྱི་དོན་སྤྲུལ་པའི་དཀྱིལ་འཁོར་གསུངས་པ། དེ་ནས་བཅོམ་ལྡན ་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་གཽ་ཤིན་རྗེ་གཤད་ལ་སོགས་པ་བསྐྱེད་པ་ནི་ཉིད་དང་མོ་ཚུངས་པའི་ཆུ་སྐྱེས་སུ་རྫོགས་པར་བྱེད་པས། དེས་ན་དེ་བཞིན་གཤེགས་པ ་ཐམས་ཅད་སྐྱེད་པ་པོ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོའི་ངོ་བོའོ།། གུང་གིས་བདུད་ཐམས་ཅད་འདུལ་བར་བྱེད་པ་དེས་ནི་མོ་ཕྱེང་བའི་གྲཝཤིན་རྗེ་གཤེད་ཀྱི་གཟུགས་དེ་ཉིད་རྡོ་རྗེའོ།། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང ་དེ་སྐད་ཅེས་བསྟན་ཏོ།། དེ་ལ་སྙོམས་པར་ཞུགས་པ་ནི་དེར་སེམས་རྩེ་གཅིག་པར་བྱས་པའོ།། འདི་ཞེས་བྱ་བ་ནི་འཚོད་པར་འགྱུར་པོའོ།། གཏི་མུག་གཤིན་རྗེ་གཤིད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཞེས་བྱ་བ་ནི་བསྐྱེད ་པའི་རྒྱུའོ།། ངེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ།། འདི་སྐད་བསྟན་པར་འགྱུར་ཏེ་རང་གི་སྙིང་གའི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ནས། ཞལ་དུ་བཅུག་སྟེ་ཐུགསུ་བཞུ་ནས་རྡོ་རྗེའི་ལམ་ནོ ་ཕྱུང་ཞིང་ཉིད་མཚུངས་པའི་ཆུ་སྐྱེས་སུ་ཟླ་བ་ཞུ་བར་གྱུར་པ་ལས་བྱུང་བའི་ཡ་ལས་གཞལ་ཡས་ཁང་སྤྲུལ་པར་མཛད་པ་དེ་འདི་ལྟར་འཆད་པར་འགྱུར་བའི་གནས་དེརུ་ཉི་མ་དང་ཟླ་བ་ལ་སོགས་པ་ལ་ས་བོནྡ་བཅུ་བདུན ་དགོད་པར་བྱ་བ་ཡིན་ནོ།། འདིར་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པ་ནི་མ་ཡིནོ་ཞེས་ལ་ལ་འདོད། དེའི་ལུགས་ལྟར་ན་བྷ་གར་ལིང་ག་རྣམས་བསྒོམ་ཉིད།། དཀྱིལ་བ་ཁོར་བདག་པོར་རྣམ་པར་བསྒོམ། ཞེས ་རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་པ་དང་འགལ་བར་འགྱུར་རོ།། གཞན་ཡང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་དཀྱིལ་འཁོར་བསྐྱེད་ནས་འབྱིན་པར་བྱེད་པ་ཡང་སྙོམས་པར་འཇུག་པ་མེད་ན་ཇི་ལྟར་དེར་འགྱུར། འོན ་ཏེ་དེ་མེད་དུ་ཟད་མོད་ཅེ་ན། དེ་ལྟར་ན་ནི་འབྱིན་པའི་སྔགས་དགོད་པ་མེད་པར་འགྱུར་རོ།། འོན་ཏེ་སྔགས་ཉིད་ཀྱིས་རང་གི་སྙིང་ག་ནས་སྤྲོ་བར་བྱའོ།། ཞེ་ནི་དེ་ལྟར་ན་ནི་ས་བོན་དགོད་པའི་དོན་ཅི་ཡིན། ས་བོན་ལས་བསྐྱེད་ནས་ག ་ཇི་ལྟར་བར་འབྱིན་པར་བྱེད་ཅིང་དགོད་པར་བྱ་བཱར་ནཱི་གྲག་སོ།། གང་གི་ཚེ་དམ་ཚིག་གི་དཀྱིལ་འཁོར་དུ་ས་བོན་ལས་རྫོགས་པར་གྱུར་ན། དེའི་ཚེ་དེ་ལྟར་ཕྱུང་ནས་གང་དུ་ཁྱེར་བར་བྱེད། དེའི་ཕྱིར་ངེས་པ་ཁོ་ནར་གསང་བའི ་དཀྱིལ་འཁོར་དུ་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་ལྷའི་འཁོར་ལོ་མ་ལུས་པ་སྤྲུལ་ལ་ཕྱུང་ནས་དམ་ཚིག་གི་དཀྱིལ་འཁོར་དུ་རྣམ་པར་བཞག་པར་བྱའོ།། ཞེས་བྱ་བས་ཚིག་གོ་མོང་དུ་སྨྲ་ཅི་དགོས། ར་སོགས་ཡི། ་པྲེ་དང་པོ་ནི་ཡའོ།། དེ་ནི་གཤཱིན་རྗེ་གཤུད་དུ་འགྱུར་བ་སྟེ་འབྱུང་བའོ།། དེ་ཡོངསུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏེ།། ཡི་གེ་ཀྵེ་ནི་གཏི་མུག་བརྗོད་ཅེས་བྱ་བ་ལ་ཡི་གེ་ཀྵ་གྱུར་པ་ནས་གཏི་མུག་དུ་བརྗོད་ཅེས ་བྱ་བ་སྟེ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དུ་བསྟན་ཏེ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་གཞན་དག་བསྐྱེད་པ་ཡང་རང་རང་གི་ས་བོན་དུ་གྱུར་པ་ལས་རབ་ཏུ་བསྒྲུབ་པར་བྱའོ།། ཉིད་དང་མཽ་ཚུངས་པའི་ཆུ་སྐྱེས་སུ་གཞལ་ཡས་ཁང་བསྐྱེད་པ ་ནི་རིགས་སོ།། སྣ་ཚོགས་རྡོ་རྗེ་འཇིགས་རུང་བ།། ནཱ་མཁྱེའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ན་མཁའ་ནི་ནཱ་མཁའོ།། དེ་ཉིད་བརྟགས་པ་མ་ལུས་པར་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེའོ།། ཆོས་ཀྱི་བརྡས་ནི་ཉིད་དོང ་རྨྱརྨུ་ཨུ་པའི་ཆུས་འབྱུ་བྱཱཥྚི་དྱཱགླུ་རྒྱུ་ཕྱུང་སྦྱིནྡ་ནོ།། འི་དཱཀྱྀ་ལ་དུ་སྟེ་ཉིད་མཚུངས་པའི་རྒྱུ་སྒྱུས་ཀྱི་བའི་བྷྱོ་སྣ་ཚོགས་པདྨཱ་དྷཱ་། སྣ་ཚོགས་རྡོ་རྗེ་སྙིང་དུ་ཟླ་ལ་གནས་པའི་གཞུ་ལོ་ཡས་ཁོང་གི་གཟུགས་དེར་བསེམ་པ་སཱི། ་ཚོགས་རྡོ་རྗེ་ནི་སྣ་ཚོགས་ཀྱི་རྔ་ཉྀད་ཀྱི་ཕྱི་། འདྀའི་ཁ་དོག་གི་ཁྱད་པར་ནི་བཅོཾ་བཞི་པ་ལས་བསྐྲིན་བཱར་བྷཧཱུ~ཾ།། དེའི་དེ་ཀྱི་མྦི་དུ་ག། ཤིན་རྫོག་ཤིང་བསྒོམ་པར་བྱཱ།། ཤི་དུ་ཞེས་བྱ་བ་ནི་རྙིབས་ཀྱི་རྩ་བར་ཞེས་བྱ་བའི་དོན་ཏོ།། གཞན་དུ་ཡང་དེ་བཞིན ་མ་གྱིར་རྗེ་ཙོ་བན་ལ་ནས་བྱོའོས་སྔ་ཚིགས་མཆིམས་ཟིན་པ་ཞེས་བྱ་བ་ཛིན་ཏོ།། ར་བོན་མིནས་བྱི་ན་སྒོར་བྷྱོ་ཅིའི་སྡོ་ཚོགས་རྩོམ་ལའོ།། སྣ་ཚོགས་མ་ནི ་སྣ་ཚོགས་རྡོ་རྗེའི་མཚམས་བཞིའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི་ལྷག་མའོ།། ད་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་སྔགས་གསུངས་པ་ནི། ཨོཾ་ཧྲཱིཿཥྚྲྀཿཞེས་བྱ་བ་ལ ་སོགས་པ་ཇི་ལྟར་རིག་པའོ།། གཤིན་རྗེ་གཤེད་ཉིད་དུ་རིགས་གཅིག་པའི་ཕྱིར་ཐམས་ཅད་གཤིན་རྗེ་གཤེད་ཀྱི་གཟུགསུ་གདོན་པར་བྱའོ།། སྤྲོ་བ་ཡང་བཅུ་པ་ལས་བ་སྤུའི་ཁུང་ནས་སྤྲོ་བར་བྱ་ཞེས་བྱ་བ་ལ་སོགས་པ་འཆང་བར་འགྱུརརོ།། ་དཀྱིལ་འཁོར་ཡོངསུ་རྫོགས་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པོའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ།། སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱ~ཾཿཧཱུཾ་ལས་སྐྱེས་པའི་འཁོར་ལ ་དང་། པདྨ་དང་རྡོ་རྗེའི་དཀྱིལ་ན་བཞུགས་པའི་ལྷའི་གཟུགསཽ་ཏཱ། སྔགས་འདི་རྣམས་ཀྱིསྐུ་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དེན་ཏོ།། དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་བསྐྱེད་ཟིན་པའི་མདོག་དང་ཞལ་དང་ཕྱག་མཚན་བསྟན་ཏོ།། ཞི་བ ་ཞེས་བྱ་བ་ལ་ཞི་བ་ཞེས་བྱ་བའི་ནི་ཞི་བའི་ལས་བྱེད་པའི་ཕྱིར་རོ།། གསལ་བའི་གཟུགསི་ནྡོ་ཟླ་བའི་གཟུག་སོ།། གང་གོ་གཟུགས་དེ་དང་འདྲ་བར་འོད་གསལ་བའི་རྒྱུ་ཞེས་བྱའོ།། རྒྱས་པ་ཞེས་བྱ་བ་ནི་རྒྱས་པའོ་ལས་ལའོ།། གསེར་གྱི ་རྣམ་པོའི་ཞེས་བྱ་བ་ནི་སོར་པོའོ།། དབང་བྱེད་པ་ཞེས་བྱ་བོ་ནི་དབང་དུ་བྱ་བའི་ལས་ལའོ།། པདྨ་རཱ་ག་ནི་རིན་པོ་ཆེའི་ཁྱད་པར་རོ།། རིན་ཆེན་མརྒད་འོད་དང་ལྡན་ཞེས་བྱ་བ་ནི་ལྗང་གུ་སྟོ། རིན་པོ་ཆེ་མ་རྒད་དང་འདྲ་བའི་འོད་ཅནོ།། ་ཤུགས་ཅན་ཞེས་བྱ་བ་ནི་རལ་གྲིའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་གཤིན་རྗེ་གཤད་ནག་པོའོ།། དེ་རྒྱས་པར་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བསྟན ་ཏོ།། མངོན་པར་ནི་དངོས་པོ་ཀུན་གྱིསོ།། རྟོགས་པ་ནི་མངོན་སུམ་དུ་ངོ་བོ་ཉིད་གང་གིས་ཐོབ་པ་སྟེ། དེ་ནི་མངོན་པར་རྟོགས་པའོ།། མི་ཤེས་པ་ཐམས་ཅད་མི་སྣང་བར་བྱེད་པས་གོས་དང་འདྲ་བའི་ཕྱིར་རིམ་པའོ།། དེ་ལེན་ཅིང་འཛིན་པར ་བྱེད་པས་དེ་ཉིད་ནི་རིམ་པར་ཕྱེ་བ་ཡང་ཡིན་པས་མངོན་པར་རྟོགས་པའི་རིམ་པས་ཕྱེ་བ་སྟེ། གཉིས་པ་ལ་ལྟོས་ནས་དང་པོའོ།། རྫོགསོ་ཞེས་བྱ་བ་ནི་ལྷག་མོ་མེད་པའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀ་འགྲེལ་སློབ ་དོདཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དང་པོའི་བཤད་པའོ།། །། ད་ནི་སེམས་ཅན་རྣམས་དབང་བསྐུར་བ་ལ་སོགས་པས་སྨོད་དུ་བསྒྲུབས་ནས་གསང་བ་བསྟན་པར་བྱའོ།། ་ཞེས་བྱ་བ་ཡིན་ལ་དེ་ཡང་སྔོན་དུ་དཀྱིལ་འཁོར་འགྲོ་བ་ཡིནོ་ཞེས་བྱ་བ་ལས་དང་པོ་པའི་རྣལ་འབྱོར་པས་དཀྱིལ་འཁོར་བྲི་བ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འགྲོ་པོ་རྣསྔ་། ་པ་པོ་ཉིད་ཡིན་པས་ཆེན་པོའོ།། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་རྡོ་རྗེའོ།། དེ་ཡང་བྱང་ཆུབ་སེམས་ག་རྡོ་རྗེ། ཞེས་གསུངས་པས་སོ།། གང་ལ་དེ་ལོ་སེམས་དཔའ་ཡོད་པ་དེ་ལ་བསྟོད་པ་ཞེས་བྱ་བ་འཚོང་པར་འགྱུར་དྲི། ་ཡོན་ཏན་དམ་པས་བསྟོད་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ།། ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་ནི་གཏི་མུགྲོ། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། གང་ལ་དེའི་ངོ་བོ་ཡོད་པ་དེ་ནི་དེ་ཉིད་དོ།། གཤིན་ཏུ ་གཤེད་ནག་པོ་ནི་བསྟན་ཟིན་ཏོ།། རབ་འཇིགས་པ་ཞེས་བྱ་བ་ནི་རང་གི་མི་མཐུན་པའི་ཕྱོགསོ།། འདི་ཡང་ཡེ་ཤེས་ལྷའི་བདག་ཉིད་ཡིན་པས་སངས་རྒྱས་ཀུན་རང་བཞིན་ནོ།། རང་གི་གདུལ་བྱ་རྣམས་ལ་སྟོན་ཅིང་ཕན་པ་ལ་སྦྱོར་བར་བྱེད་པ ་སྟོན་པའོ།། རྡོ་རྗེ་སྐུ་ཞེས་བྱ་བ་ལ་མ་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་འཇིགས་ཤིང་མི་ཕྱེད་པའི་ཡེ་ཤེས་ལྔའོ།། ད་ལྟར་བོས་ནས་ཕྱག་འཚལ་ཞིང་བསྟོད་པའོ།། ཡང་ན་གཤིན་རྗེ་ཞེས་བྱ་བ་ནས་བསྟོད་པ་ལ་ཐུག་པོའི་ཚིག་ལྔས ་གཤིན་རྗེ་གཤིང་ལྔ་བསྟན་ཏེ།། རྡོ་རྗེ་སྐུ་ལ་ཞེས་བྱ་བ་གཅིག་པུས་ནི་དབྱེ་བ་མ་བྱས་པའི་རྡོ་རྗེ་འཆང་སྟེ། ཅི་ལྟར་རིགས་པར་སྦྱར་བར་བྱའོ།། དེ་བཞིན་དུ་ཕྲ་མ་རྡོ་རྗེ་ལ་སོགས་པ་ལ་ཡང་སྦྱར་རོ།། འདིས་ནི་མ་འོངས་པའི་སློབ་དཔོན་རྣམ ་ཀྱིས་ཀྱང་གསོལ་བ་གདངས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བྲི་བར་བྱའོ།། ཞེས་བསྟན་པ་ཡིན་ནོ།། མཆོད་པའི་རྗེས་ཐོག་སུ་བསྟེད་པ་ཡང་བྱའོ།། དེ་ནི་རྣལ་འབྱོར་ཆེན་པོ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་མིག་ལ་སོགས་པ་བྱིན་གྱི ་བརླབ་པ་གསུངས་པ། རྡོ་རྗེ་མིག་དེང་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་རྡོ་རྗེ་ལྟར་མི་ཕྱེད་ཅིང་མི་ཤིགས་པའི་མིག་སྒྲུབ་པར་བྱེད་པ་དེ་ལྔ་སྐད་ཅེས་བྱའོ།། དེ་ལྟར་གཞག་ལ་ཡང་གོ་བོར་བྱའོ།། ཞེས་བྱ་བ་བསྟན་ཟིན་པོའོ།། ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་མིག་ལ་སོགས་པ་ལྷའི་ངོ་བོ་ཉིད་ཡང་དག་པར་སྒྲུབ་པར་བྱེད་འཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ།། འདི ་རྣམས་ཀྱི་སྐུ་མདོག་དང་ཕྱག་གི་ངེས་པར་མངོན་པར་རྟོགས་པར་སྒྲུབ་པར་བྱེད་པ་སྟེ་འདིར་མ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བྲི་བར་བསྟན་ཏོ།། འཇིགས་པ་ཞེས་བྱ་བ་ནི་དྲག་པོའི་གཟུགས ་ཅན་ཡིན་པའི་ཕྱིརརོ།། དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ།། དེ་ཡང་དཔལ་གསང་བ་འདུས་པ་ལས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་ཞེས་གསུངས་པ་ཡིན་ནོ།། དེའི་ཕྱིར་གསུངས་པ། གཤིན་རྗེ་གཤེད་པོ ་ཉིད་མཚུངས་པོ་ཞེས་བྱ་བ་ནི་འདྲ་བ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་བཅོམ་ལྡན་འདས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་གཟུགས་ཅན་ཡིན་པ་དེ་བཞིན་དུ་དཀྱིལ་འཁོར་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འད ་བའི་དོན་ཀུན་ནི་འདོད་པར་བྱ་བ་ལྔ་པོ་གཟུགས་ལ་སོགས་པའོ།། དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་སྒྲུབ་པར་བྱེད་པ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོ་བསྒོམས་པས་མངོན་སུམ་དུ་བྱེད་པ་འདོད་པའི་དོན་ཀུན ་སྒྲུབ་བྱེད་པའོ།། ཐིག་གདབ་པ་གསུངས་པ་ལ་སར་པ་ཞེས་བྱ་བ་ནི་ལོངས་མ་སྤྱད་པའོ།། ལེགས་བསྒྲིལ་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི་དབྱེ་བ་ལས་སྐུད་པ་ལྔའི་བདག་ཉིད་དུ་བསྒྲིལ་བའོ།། ལེགས་པའི་ཚད་ལ་ཞེས་བྱ་བ་ནི ་སྒོའི་ཉི་ཤུ་ཆར་སྡོམ་པ། དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་དུ་རིང་བའོ།། མཛེས་པ་ཞེས་བྱ་བ་ནི་དྲི་ཞིམ་པོ་ལྔ་དང་བདུད་རྩི་ལྔས་སྤངས་པ་རང་གི་ལྷའི་གཟུགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཞུགས་པས་ཡེ་ཤེས་ཀྱིས ་སྐུད་པར་བྱས་པས་ཐིག་གང་པོ་ཞེས་བྱ་བར་འབྲེལ་ཏེ།། ཤེས་རབ་ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་ལ་བཟོ་བའོ།། ཚི་ག་ནི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྒྲུབ་སོ།། མཚན་ཉིད་ཐད་རབ ་རྫོགས་ཤིང་ཞེས་བྱ། གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ།། བར་ཆད་ཐམས་ཅད་རབྱ་ཉམས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བར་ཆད་ཐམས་ཅད་རྣམ་པར་ཉམས་པའོ།། ཞི ་བལ་སྩོགས་རབ་འགྶ་པ་ཞེས་བྱ་བ་ནི་ཞི་བ་དང་རྒྱུས་པ་ལ་སོགས་པའི་ལས་བྱེད་པའོ།། དཀྱིལ་འཁོར་ཉིད་གང་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བྱད་དང་འདྲ་བ་ཡོད་པར་བསྡུ་བཨཱ་རྱ་བྱའོ།། འདིས་ནི་ཕྱི་རོལ་ཉིད་ཀྱི་རྟོག་པ་སྟོང ་བྱེད་དོ།། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནརྀ་སྣ་ཚོགས་རྡོ་རྗེའོ།། དེ་ལ་ཞེས་བྱ་བ་ནཱི་དཀྱིལ་འཁོར་གྱི་དབུས་སུ་བྲི་བར་བྱའོ།། རྩེ་མོ་ལྟེ་དང་མཉམ་ལྡན་པོ་ཞེས་བྱ་བྱ་ནཱི་ཕྱོགས་བཞི་རོ།། དེའི་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ།། དབུས ་ཞེས་བྱ་བ་ནི་དབུས་ཀྱི་གན་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་ཁ་གྱེས་པ། མཛེས་པ་བྲི་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འབར་པོ་འཁྲིགས་པའི་ཞེས་བྱ་བ་ནི་དབྱེར་མེང་པོའི་འོད་ཀྱིས་བསྐོར་བས་སོ།། ཤིར་གྱི་རྩིབསི་ལ་ཞེས་བྱེ་བ་ནི་ནི ་གྷུཎྜཱི་བས་ཀྱི་རྩུ་བརྱཱ་ཞེས་བྱ་བའི་དོན་ཏོ།། འཁོར་ལོ་ཞེས་བྱ་བྷ་ནི་རྩིབས་བརྒྱུད་པ་དཀར་པོའོ།། འཁོར་ལོའི་འོད་ཀྱིས་འཁྲིགས་བསྐོར་བ་ཞེས་བྱ་བ་ནི་འཁྱོར་མའི་རྣམ་པ་ཅན་གྱི་འོད་ཀྱིས་ཀུན་ཏུ་བསྐོ ་བའོ།། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་རྩིབས་ཀྱི་རྩ་བོ་ལ་ནི་རིན་པོ་ཆེ་དང་པདྨ་དང་རལ་གྲོའོ།། ཤར་གྱི་མཚམ་སུ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མེའི་མཚམསུ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི ་མཚམས་རྣམས་ནི་རྡོ་རྗེ་ལ་སོགས་པོའོ།། དེ་བཞིན་དུ་ཐོ་བ་དང་དབྱིག་པ་དང་འདམ་སྐྱེས་དང་རལ་གྲི་རྣམས་ཤར་ལ་སོགས་པའི་སྒོ་རྣམསུ་བྲི་བར་བྱའོ།། རྫོགས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་སྒྲུབ་པའི་རིམ་པས་བསྐྱེད་པོ་སྟེ། དེ་ནི ་བཅུ་བཞི་པ་ལས་འཆད་པར་འགྱུ་རོ།། ཐེ་ཚོམ་ནི་མེད་པར་ཞེས་བྱ་བ་ནི་མཆོད་བྱ་དང་མཆོད་པ་པོ་དང་མཆོད་པ་དབྱེར་མེད་པའི་བློས་སོ།། རིམ་པར་ཕྱེ་བ་གང་གིས་དཀྱིལ་འཁོར་ཆེན་པོ་སྒྲུབ་པར་བྱེད་པའི་རིམ་པར་ཕྱེ་འདི ་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲོ་ལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་གཉིས་པའི་བཤད་པའོ།། ། གསོལ་བ་མ་བཏབ་པར་དཀྱིལ་འཁོར་བྲི་བོར་མི་བྱའོ།། ་ཞེས་མ་འོངས་པའི་སློབ་དཔོན་རྣམས་ལ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་གོདབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཞེས་བྱ་བ་ནི་རྡུལ་ཚེན་གྱོ ་དཀྱིལ་འཁོར་རོ།། སྡིག་པ་ཐམས་ཅད་དེ། དེས་སྐྱེས་ཟིན་པའི་སྲོག་གཅོད་པ་ལ་སོགས་པ་རྣམས་འཇོམས་པའོ།། དཀྱིལ་འཁོར་ཐམས་ཅད་ནི་རྒྱུད་གཞན་ནས་སྒྲུབ་པ་ཡང་ལེན་ཅིང་བསྒྲུབས་པས་དཀྱིལ་འཁོར་ཐམས་ཅད ་ཀྱི་གཙོ་བོའོ།། འདི་སྐད་བསྟན་པར་འགྱུར་ཏེ། འདིར་དབང་བསྐུར་བ་ཐོབ་པའི་བསྒོམ་པ་པོས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པར་འགྱུ་རོ་ཞེས་བྱའོ།། རྣལ་འབྱོར་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་གསུངས་པ ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་ཆེན་པོ་ནཱི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔའོ།། དེ་དེའི་བདྲག་ཉིད་དུ་འཛིན་པར་མཛད་པས་རྡོ་རྗེ་འཆང་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། བྱང་ཆུབ ་ཀྱི་སེམས་རྡོ་རྗེའི་བདུད་རྩི་གང་གིས་མྱང་བར་བྱེད་ཅིང་དེ་ཉིད་ཀྱིས་དབང་དུ་བྱེད་པ་དེ་ནི་མི་འདའ་བར་བྱ་བ་ཉིད་ཀྱི་ཕྱིར་དེ་མ་ཚིག་གོ།། ངེས་པར་ཕྱུང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་སྤྲོས་པ་དང་ལྡན་པའོ།། དེ་ཉིད་གསུངས་པ། ་ཨཱཿཧཱུཾ་ཆོས་ཐམས་ཅད་དངོས་པོ་མེ་པ་ཞེས་བྱ་བ་ནི་ཨཱ། ཅིའི་ཕྱིར་ཞི་ནོ། སྐྱེ་བ་དང་བྲལ་བའི་ཕྱིར་ཏི་དེས་ནོ་ཨུའོ།། གནས་པ་གསུངས་པ། སྒྱུ་མ་ལྟ་བུའི་ཞེས་བྱ་བས་མའོ།། འདི་དག་བསྡུས་པ་ནི་ཨོཾ་མོ།། ཆོས་ཐམས་ཅད། ་གདོད་མི་ནས་མ་སྐྱེས་པ་ཞེས་བྱ་བ་ཨ་སྟེ། མཚོན་མ་མེད་པ་ཞེས་བྱ་བའི་དོན་ཏོ།། གནས་པ་གསུངས་པ་དངོས་པོ་དང་དལ་བ་ལྦ་དང་པོ་ད་དྲ་བཱི་ཆོས་རྣམ་རབ་ཏུ་འབྱུང་ངོ་ཞེས་བྱ་བས་ཨཱའོ།། ཆོས་ཐམས་ཅད་ཉམས་པ་མེད་དོ་ཝེ། ་བྱཱ་བས་ཧའོ།། ཆོས་ཐམས་ཅད་རྟོག་པ་དང་བྲལ་བས་ཨུའོ།། དེ་ཉིད་ཀྱིས་སྨོན་པ་མེད་པས་སྒྱུ་མ་ལྟ་བུའོ་ཞེས་བྱ་བས་མའོ།། དེ་རྣམས་བསྡུས་པ་ནི་ཧཱུཾ་ངོ་།། ཡང་ནཱ་བདུད་རྩི་ནཱི་བདུད་རྩི་ལྔའོ།། དེ་མྱང་བ་ནི་ཉེ་བར ་ལོངས་སྤྱོད་པའོ།། དེའི་དོན་གྱིས་དམ་ཚིག་ནི་འདའ་བར་མི་བྱ་བའི་སྔགས་ཀྱིས་གཟུགསོ།། ངེས་པར་ཕྱུང་ཞེས་བྱ་བ་ནི་གསལ་བར་བསྟན་པ་སྟེ། ཨོཾ་ཨཱཿཧཱུཾ་འདི་སྐད་བསྟན་ཏེ། འདིས་བདུད་རྩི་ལྔ་མངོན་པར་སྔོགས་ལ་མྱང་བར ་བྱའོ།། ཞེས་བྱ་བ་ཡིནོ།། མྱང་བའི་ཆོ་གུ་གསུངས་པ། རྡོ་རྗེའི་ལྕེ་ཞེས་བྱ་བ་ལ། ལྕེ་ཉིད་རྡོ་རྗེ་སྟེ། མན་ངག་གི་ཧཱུཾ་ལས་སྐྱེས་པའོ།། དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་སྦྱོར་བ་ཡིས་ཞེས་བྱ་བ་སྟེ། འོད་ཟེར་སྦུ་གུ་འདྲ་བའི་རྡོ་རྗེ་ལྕེའི་སྦྱོར ་བོ་དེ་སོ།། རྡོ་རྗེ་ཙན་ཀུནྡ་ཞེས་བྱ་བ་ལ། རྡོ་རྗེ་ནི་མི་ལོང་ལྟ་བུ་དང་། མཉམ་པོ་ཉིད་དང་སོར་རྟོག་པ་དང་། བྱཱ་བ་ནན་ཏན་དང་། ཆེས་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤ་སོ།། དཔལ་གསོང་བ་འདུས་པ་ལས་ཀྱང་། ཤེས་དང་ཤེས་བྱ ་ལྔ་ཉིད་ནི།། རྡོ་རྗེ་ཞེས་ནི་བརྗོད་པ་ཡིན།། ཞེས་གསུངས་པ་ཡིན་ནོ།། རྡོ་རྗེ་ཅན་གང་ལ་དོ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བདག་ཉིད་ཅནོ།། དེ་ནི་ཀུན་ཡང་ཡིན་ལ་རྡོ་རྗེ་ཅན་ཡིན་པས་རྡོ་རྗེ་ཅན་ཀུན་ཏེ་དེ་རྣ ་སོ།། ཀུན་ཞེས་བྱ་བའི་སྒྲས་ནི་དེའི་རིགས་རྣམས་ཀྱང་བསྡུའོ།། འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ་འཇིག་རྟེན་གསུམ་པོ་མ་ལུས་པ་ན་བཞུགས་པའི་འཁོར་དང་བཅོས་པའི་སངས་རྒྱས་རྣམས། བདག་གི་ལུས་ལ་བཅུག་ལ།། ་བདུད་རྩི་མྱང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། བདུད་རྩི་སྒྲུབ་པའི་ཐབས་གསུངས་པ། རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག་ཅེས་བྱ་བ་ལ་གཞུག་ཅེས་བྱ་བ་ནི་རླུང་དང་མེ་ལ་གནས་པའི་སྣོད་དུ། བི་མུ་མ་ར་སུ་དང་། ད་ཧཱ་ན་གོ་ཀུ་རྣམས ་རྡོ་རྗེ་དང་བཅས་པར་ཞུ་བར་བྱས་ལ། ཨོཾ་གྱི་འོད་ཀྱིས་དགུ་གོ་ཞེས་བྱ་བའི་དོན་ཏོ།། ཡ་ཤེས་འབྱུང་གནས་ཞེས་བྱ་བ་ནི་ཨི་ཤས་ཀྱི་ངོ་བོས་ཞེས་བྱ་བའི་དོན་ཏོ།། དམ་ཚིག་གི་འཁོར་ལོ་བསྐྱེད་ནས་ཡཾ་ཤེས་ཀྱི་འཁོར་ལོ་ཇི་ལྟར ་གཞུག་པར་བྱ་ཞེ་ན། གསུངས་པ་ངོ་བོ་ཉིད་ཅེས་བྱ་བ་སྟེ། ངོ་བོ་ཉིད་ནི་དམ་ཚིག་གི་འཁོར་ལོའི་ངོ་བོ་ཇི་ལྟ་བའི་གཟུགས་དེས་ཞེས་བྱ་བའི་དོན་ཏོ།། དགུག་པ་དང་ནི་ཞེས་བྱ་བ་ནི་དགུག་པའོ།། གཞུག་པ་དང་ཞེས་བྱ་བ་ནི་རབ་ཏུ ་གཞུག་པའོ།། བཅིངས་པ་དང་ཞེས་བྱ་བ་ནཱཾ་ཡིད་མྲྀ་གཡོ་བ་རུ་བྱ་བའོ།། དབང་དུ་བྱཱ་ཞེས་བྱ་བ་ནི་དགའ་བར་བྱའོ།། འདི་དག་ཇི་ལྟར་བྱ་བ་ཡིན་ཞེ་ན། གསུངས་པ། ཐོབ་ལོ་སོགས་སྔགས་བཞི་ཡིས་ཞེས་བྱ་བས་སོ།། ཐོ་བ་ལ་སི ་པ་སྟེ། ཐོ་བ་དང་དབྱིག་པ་དང་པདྨ་དང་རོལ་གྲི་གཤིན་རྗེ་གཤིང་བཞིའི་སྔགས་བཞི་ཡིས་ཞེས་བྱ་བའི་དོན་ཏོ།། དེ་ཡང་རིམ་པར་ཕྱེ་བ་བཅུ་གསུམ་པ་ལས་གོ་བར་བྱའོ།། དཀྱིལ་འཁོར་གྱི་གཙོ་བོ་བསྒོམ་བ་གསུངས་པ། མ་ཧེ་ཛེ ་ཞེས་བྱ་བ་ལ་མ་ཧཽ་ཤ་ནི་མ་ཧེའོ།། དེའི་རྒྱུག་ཏུ་ནི་རྡོ་རྗེ་སྟེ། ཡང་ལས་རྫོགས་པ་ཞེས་བྱ་བའི་དོན་ཏོ།། རྣམ་བསྒོམ་ཞེས་བྱ་བ་དེ་ནས་དེ་གྱུར་པ་ལས་བསྒོམ་པའོ།། རྟ་བདུན་ལྗོན་པ་ནི་ཉི་མའོ།། དམར་པོ་ཡིན་པའི་ཕྱིར་དེ་ཉིད་ནི་དཀྱིལ ་འཁོར་དམར་པོའོ།། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་ཏེ། ཉི་མ་ཉིད་དོ།། གཞན་ནི་གོ་སླའོ།། ད་ནི་རྣལ་འབྱོར་པ་མཚན་དང་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་མི་ནུས་ནང། ་གསོ་བའི་རྒྱུར་མི་སྣང་བ་ལ་སོགས་པའི་དངོས་གྲུབ་གསུངས་པ། མི་ཚིལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིནོ།། རྡོ་རྗེ་ལས་ཀྱི་རྣལ་འབྱོར་པས་སྔོན་དུ་བསྙོན་པ་བྱས་ལ་མདུང་གི་ཕུག་པོ་འམ། དཔྱངས་པའམ། མཚན ་གྱིས་རྒྱབ་པོའི་མི་ཐོད་པར་དེ་ལྟ་བུའི་མིའི་སྐྲ་དང་ཨར་ཀའི་སྨྲ་བ་བསྲེས་པས་སྡོང་བུ་བྱས་ལ་མར་མེ་སྦར་ཏེ། དེའི་སྟེང་དུ་ཐོད་པ་གཞན་ཞིག་ལ་ཇི་སྐད་གསུངས་པའི་གན་སུ་དུ་བ་བསྒྲུབ་ལ་དེ་བསྒྲུབོ་ནས་ཐོད་པར་གཞག ་ལ། དེ་ཡང་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བསྒོམས་ནས་མར་ངོའི་གང་ཡང་རུང་བ་ཞིག་གི་ནུབ་མོ་ལག་པ་གཡོན་པས་བཀབ་ནས་ཇི་སྲིད་འབར་བའི་བར་དུ་བཟླས་པ་བྱས་ནས་དེ་མིག་ལ་བཀུས་ནུ་སུས་ཀྱང་མི་མཐོང་ངོ་།། འཇིག་རྟེན ་གསུམ་དུ་ཡང་སྤྱོད་པར་འགྱུར་རོ།། དུ་བ་བྱུང་བས་ན་ས་སྤྱོད་དུ་འགྱུར་རོ།། དྲོ་བས་ནི་འགྲི་བ་ཐམས་ཅད་དགའ་བར་འགྱུརརོ།། ཞེས་བྱ་བ་ནི་མན་ངགོ། རྐང་མགྱོ་གོས་བསྒྲུབ་པ་ནི་དེའི་རྣལ་འབྱོར་པས་གུར་ཀུམ་ཞེས་བྱ་བ་ནི་མངལ ་ནས་སྐྱེས་པའི་རོང་བྱུང་གི་ཁྲིགོ། དེ་ཡང་གུར་ཀུམ་མངལ་གྱི་ཁྲག་ཡིནོ་ཞེས་བྱ་བས་བསྟན་པསོ།། ཁྲག་ཅེས་བྱ་བ་ནི་སྔར་བསྟན་པའི་ཤའི་ཞེས་བྱ་བ་ནི་མནི་ངགོ། སྔར་བསྟན་པའི་གན་སུ་སྔར་བསྟན་པ་བཞག་ལ ་དེར་རྡོ་རྗེ་ལས་རྣམ་པར་བསྒོམས་ནུས་ལག་པ་གཡས་པས་བཀབ་ལ་ཇི་སྲིད་དུ་སྔར་བསྟན་པའི་དངོས་གྲུབ་གསུམ་འབྱུང་གི་བར་དུ་བཟླ་བར་བྱའོ་ཞེས་བྱ་བའོ།། རི་ལུ་བསྒྲུབ་པའི་ཐབས་ནི་གསེར་དང་དངུལ་དང་ཟངས་མ་རྣམས།། མུན ་ཆ་གསུམ་དང་བཞི་བཞི་དག། ར་ཏི་དང་པོ་ཐུབ་པ་དང་།། ཡོན་ཏན་མངའ་ཡིས་བཤད་པའོ།། རིམ་པ་བཞིན་དུ་རི་ལུར་བཅིང་།། ཞེས་བྱ་བ་འདི་དག་གིས་ཤ་ལྔ་དང་ལྡན་པའི་བདུད་རྩི་ལྔ་རྒྱ་ཤུག་གི་འབྲས་བུ་ཙམ་མམ་རས་བལ་གྱི ་འབྲས་བུ་ཙམ་རིམ་པ་བཞིན་གཏུམས་ནས་དེའི་རྣམ་པར་བསྒོམས་ལ་ལག་པས་བཀབ་ཅིང་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟློ་བར་བྱའོ།། དེ་ནས་ཁར་བཅུག་ནས་གང་དུ་འདོད་པ་དེར་བསམས་པ་ཙམ་གྱིས་ཐོགས་པ་མེད་པར ་འགྲོའོ།། རལ་གྲི་བསྒྲུབ་པ་ནི་གདོང་དྲུག་པའི་ས་བོན་ལས་བྱུང་བའི་ཁབ་ལོང་གི་ལྕགས་ལས་བྱས་པའི་རལ་གྲི་དེའི་རྣལ་འབྱོར་གྱིས་དེའི་བདག་ཉིད་དུ་བསྒོམས་ནས་ལག་པས་བཟུང་ནས་ཇི་སྲིད་འབར་གྱི་བར་དུ་བཟླ་བར་བྱའོ།། ་དེ་ནས་དེ་བླངས་ནས་ཐོགས་པ་མེད་པར་གང་དུ་འདོང་པ་དེར་འགྲེའོ།། སུམ་རྩུ་བ་ཁྲིས་ཀྱང་མི་འོཕོ་མོ།། དེ་བཞིན་དུ་ཞེ་སྡང་གཤིན་རྗེ་གཤུད་ཀྱི་རྣལྟ་འབྱོར་གྱིས་ལྕགས་ལས་བསྡུ་པའམ། གསེར་ལས་བྱས་པའི་ཎཱཾ་རྞྞ་ལ་བསྒྲུབ་པ ་བྱའོ།། དེ་བཞིན་དུ་གཏི་མུག་གི་རྣལ་འབྱོར་གྱིས་ནི་དངུལ་ལས་བྱས་པོ་འམ་ཤོལ་ལས་བྱས་པའི་འཁོར་ལོ་ནིའི་ཁོར་ལ་ཐོགས་པའི་རྣོ་བ་འཛིན་པོ་བསྒྲུབ་པར་བྱའོ།། དེ་བཞིན་དུ་ཕྲ་མའི་རྣལ་འབྱོར་གྱིས་ནི་རིན་པོ ་མརྒང་ཆ་དགུ་པས་ནི་རིན་པ་རླབ་རིག་འཛིན་གྱི་དངོས་གླུང་བསྒྲུབ་པར་བྱའོ།། དེ་བཞིན་དུ་འདོད་ཆགས་ཀྱི་རྣལ་འབྱོར་གྱི་ཟངས་ལས་བྱས་པའམ་པདྨ་ར་གཱ་ལས་བྱས་པའི་པདྨས་ནི་པདྨ་ཐོགས་པའི་རིག ་འཛིན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ།། དེ་བཞིན་དུ་ཀྱོ་བ་དང་། ཞགས་པ་དང་། གྷི་ཝང་གི་ཐིག་ལེ་དང་། མཽ་ཆིལ་ལྷ་མ་ལ་སོགས་པ་རྒྱུད་གཞན་དུ་མཐོང་བ་དག་ལ་ཡོང་ལས་ཀྱི་རྣལ་འབྱོར་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡི་ནོ།། ལས་ནི ་དངོས་གྲུབ་སྣ་ཚོགས་ཀྱི་རྒྱུན་ཚོན་གྱི་ཁྱད་པར་གྱི་ལྷའི་རྣལ་འབྱོར་གྱིས་གཟུགས་ཀྱིས་དེ་དང་དེ་བསྒྲུབ་པའོ།། རིམ་པར་ཕྱེ་བ་གང་དུ་དེ་བསྟན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀྲོའ་འགྲེལ་སློབ་དབེན ་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བོ་གསུམ་པའི་བཤད་པའོ།། །། ད་ནི་སྡུག་པ་ཅན་དང་ཞི་བ་དང་བར་མོ་རྣམས་རྗེསུ་བཟུང་བའི་ཕྱིར། རྣལ་འབྱོར་པས་ཚོར་བཅད་པ་དང་། རྗེསུ་བཟུང་བའི་ལས་བྱའོ་ཞེས་བྱ་བས། དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ནས་ཡོན་ཏན་རྒྱ་མཚོ་རྣམས་གསན་ཞེས་བྱ་བའི་བར་གྱིས་དེའི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པོ་བཏབ་པ་གསུངས་པ་ཡིན་ནོ།། བུད་མེད་དབང་དུ་བྱ་བ་དང་གསུང་བའི་ལྀ་ནཱི་གྷི་ཝང ་གིས་སོ།། སྐྱེས་པ་ལ་ནི་གུར་ཀུམ་གྱིས་སོ།། ངག་རེངས་པར་བྱ་བ་ལ་ཁྱོད་པར་འདི་ཡོ་།། བསྒྲུབ་བྱའི་ལྕེ་ལ་ལཾ་ལས་སྐྱེས་པའི་དབང་གིས་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གནོན་པའི་གཤིན་རྗེ་ག ་སེར་པོ་བསྒོམ་པར་བྱའོ།། ཚུར་གཙང་བའི་སྤྲུལ་པའི་ཁྲོ་བོ་གསུངས་པ་བཱ་སྤུའི་ཁུང་ནས་ཞེས་བྱ་བཱ་ལ་སོགས་པ་ལ། ཆེན་པོ་ནཱི་བ་སྤུའི་ཁུང་ཆེན་པོ་སྟེ། ཁུང་བུའི་ཚོག་སོ།། དེ་ལས་རྣམ་པར་སྤྲོ་བར་བྱའོ།། རབ་རིག་བདག་པོ་ཞེས་བྱ་བ ་ལ་རིགས་ནི་གཏི་མུག་ལ་སོགས་པའོ།། དེ་དང་ལྡན་པ་ནི་བདག་པོ་སྟེ། རིགས་ཀྱི་བདག་པོའོ།། འདི་རང་ཡང་ཡིན་ལ་རིགས་ཀྱི་བདག་པོ་ཡང་ཡིན་པས་རང་རིག་བདག་པོའོ།། དོན་ནི་འདི་ཡིན་ཏེ། འདིས་བདག་ཉིད་ཀྱི་རིགས་ཀྱི ་ཁྲོ་བོ་གཟུགས་ཀྱིས་སྤྲོ་བར་བྱའོ།། དེ་རྣམ་པར་སྤྲོས་ནས་བསྒྲུབ་བྱའི་ལུས་ལ་ཞུགས་ཏེ་དེ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་ཡང་དག་པར་མཆོད་དེ། དེའི་ལས་དེ་བྱེད་པར་ཤེས་བྱར་བྱ་སྟེ། བཅོམ་ལྡན་འདས་རྣམས་འདི་ནི་འདི ་ལྟ་བུའི་ལས་བྱེད་པ་དམྱལ་པོར་འགྲོ་བ་ཡིན་གྱིས་དེའི་ཕྱིར་འདི་ཡོངསུ་བཏང་བར་འཚལོ་ཞེས་བྱས་པ་དང་། དེ་དག་དེ་མ་ཐག་ཏུ་དེ་བཏང་ནས་འོང་བར་འགྱུར་རོ།། དེ་ནས་ཡོན་ཚབ་ལ་སོགས་པ་ཕུལ་ལ་རང་གི་ཡེ་ཤེས ་ཀྱི་ས་བོན་ལྔ་གཞུགོ། རཱང་གཱི་ཁྲོ་བོའི་ཚོགས་ཀྱིས་དེའི་སྲུང་བྱ་ལ་སོགས་པ་བླངས་ནས་འོང་བརློ་བྱེད་དོ།། བསྐྱང་བ་ལ་སྩོགས་པ་དེ་དྲུག་ཀྱང་ཉིད་ཀྱི་བཙུན་མོའི་པདྨའི་རླུང་དུ་གཤིན་རྗེ་ག་ཤེད་ཁྲོ་བོའི་ཕུར་བུས་བཏབ་པ ་ལ་རྡོ་རྗེས་བཙིར་བར་བྱའོ།། ཕྱི་ནས་ལས་ཐམས་ཅད་ཀྱང་བྱའོ།། གསལ་པོར་ནི་བླ་མ་ལས་ཤེས་སོ།། འཁྲུལ་འཁོར་ནི་བྲིས་པའི་འཁོར་ལོའོ།། སྔགས་ནི་ཧྲཱིཿཥྚྲཱིཿལ་སོགས་པའོ།། རྒྱུད་ན་བསམ་གཏན་ནོ།། འདི ་ངག་ཉིད་བསད་པ་ལ་སོགས་པ་ལ་འདའ་བར་བྱ་བ་མ་ཡིན་པའི་ཕྱུར་དམ་ཚིགོ། གླང་དུ་རིམ་པར་ཕྱེ་བ་དེ་ལ་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་གྲེལ་སློབ་དཔོན་ཤྲཱི་དྷཱ་ར་སྱ ་མཛད་པ་ལས་རིམ་པར་ཕྱེ་བ་བཞི་པའི་བཤད་པའོ།། །། ད་ནི་སྔར་བསྟན་པོའི་མངོན་སྤྱོད་ཀྱི་ཕྱོགས་གཅིག་དབྱེ་བ་དང་བསྐང་པོའི་ལས་གཉིས་ཉེ་བར་བཞག་པར་བྱ་བའི་ཕྱིར། འཁོར་ལོ་རིམ་བཞིན ་བྲི་བ་གསུངས་པ། དེ་ནས་ཞེས་པ་བ་ལ་སོགས་པ་གོ་སླའོ།། ལྷོར་བལྟས་ལ་ཞེས་བྱ་བ་ནི་ལྷོར་མངོན་པར་ཕྱོགས་པའོ།། རྀང་ཁྲག་ཅེས་བྱ་བ་ནི་སྲིན་ལག་གིའོ།། རོ་བསྲེགས་ཐལ་བ་ནི་དུར་ཁྱོད་ཀྱི་མེ་ཡིའོ།། སྨྱོན་པའི་ཁུ་བ་ནི ་ད་རུ་རའི་འོད་བ་མའི་ཁུ་བའོ།། རས་ནཱི་རས་ཉིད་དོ།། གཤིན་རྗེའི་ལུས་ལ་གནས་པ་ཞེས་པ་ནཱི་གཱ་ཤིན་རྗེའི་ལྟོ་བར་གནས་པའོ།། རྟ་དང་མ་ཧཽ་ནི་རྒྱབ་ཏུའོ།། བསྐྲད་པ་ནི་གདོན་པའོ།། རྔ་མོའི་ལུས་ལ་བསྐྱོན་ཞེས་པ་ནི་རྒྱབ་ཏུ་གནས ་པའོ།། བཙུན་མེའི་སྙིང་ག་ནི་པདྨའོ།། ར་ལ་ཞེས་བྱ་བ་ནི་རའི་སྒྱིང་ལ་གནས་པའོ།། རི་བོའི་དཀྱིལ་དུ་ཞེས་བྱ་བ་ནི་སྟང་དང་འོག་དང་གཡས་དང་གཡོན་དང་མདུན་རྒྱབ་ཀྱི་རའི་དཀྱིལ་དུ་བཞག་པ་ཞེས་བྱ་བའི་དོན་ཏོ།། ཤར་བྷ་ནརྀ ་རྐང་པ་བརྒྱད་ཡོད་པའི་སེངྒེའོ།། དེ་བཞིན་དུ་སྨྱོ་བར་བྱ་བ་ནི་སྨྱོ་བའི་བྱེད་པའམ། སྤྲེའུ་ལ་སོགས་པ་ལ་བོ་སྒྲུབ་བྱ་དགོད་པར་མཚོན་པར་བྱའོ།། རེ་ཙི་ན་ནི་གོ་ཝང་སྟེ་བུད་མེད་དབང་དུ་བྱ་བ་དང་གསུང་བ་ལའོ།། ཁ་ཚོ་ནི ་གུར་ཀུམ་སྟེ། སྐྱེས་པ་དབང་དུ་བྱ་བ་དང་རྒྱས་པ་ལའོ།། ཞི་བ་དང་རྒྱས་པ་ནི་དགེ་བའི་སེམས་ཀྱིསོ།། ཁྭ་ནི་བྱ་རོག་ཆེན་པོའོ།། བྲི་བར་བྱ་ཞེས་བྱ་བ་ནི་བསྐྲད་པ་ལའོ།། རོ་བསྲེགས་པ་ནི་དུར་ཁྲོད་ཀྱི་མེའོ།། པདྨ་ཁ་སྦྱར་ནི་ཐོད་པ་ཁ་སྦྱ ་མངོན་སྤྱོད་གསུམ་ལ་ཞེས་བྱ་བོ་ལྷག་མའོ།། ཚུར་གཅད་པ་ནི་ཚར་བཅད་པར་བྱའོ།། ལྷོ་ཕྱོགས་ན་གནས་ཏྭེ་ཞེས་བྱ་བཱ་ནི་ཁ་ལྷོར་བལྟས་ཏེ་གནས་ཞེས་བྱ་བའི་དོན་ཏོ།། ཞི་བ་ལ་ཞེས་བྱེ་བ་ནི་ཞི་བའི་ལས་ལོའོ།། ཡ་ཞེས་བྱ ་བ་ནི་ཤར་གྱི་ཡའོ།། ནཱི་དེ་གཉི་ག་ཞེས་བྱ་བ་ནི་ཡི་གེ་གཉིས།། ཡ་ནི་དེའི་དབུས་ཀྱི་ཡི་གེ་ཡཽའོ།། ཡེ་ཤྭས་ནཱི་གཱ་ཤྲཱིནཽ་རྗེ་གཤད་ཀྱི་རྣམ་པའོ།། དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ་སྟེ། ་རྣལ་འབྱོར་པ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རབ་ཏུ་དྲག་པའི་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་ཆེ་བའི་བདག་ཉིད་གསུངས་པའོ།། འཁོར་ལེ་བྲི་བའི་གློ་རིམས་གང་དུ་བསྟན་པ་དེ་ལོ་དེ་སྐད་ཅེས་བྱའོ།། ་དཔལ་གཽ་ཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷཱ་རས་མཛད་པ་ལས་རིམ་པར་ཕྱེ་བ་ལྔ་པའི་བཤད་པའོ།། ། ད་ནི་དེ་ནས་ཞེས་བྱ་བ་ནས། དབུ་ལ་གཤིན་རྟེ་གོ་ཤེད ་པོ་བསྒོམ་ཞེས་བྱ་བའི་བར་གྱིས་རྒྱས་གདབ་པ་གསུངས་ནས་གཏོར་མ་སྔོན་དུ་འགྲོ་བའི་འཁོར་ལོ་རྣམ་པར་ལྟ་བའི་རིམ་པར་ཕྱེ་བ་གསུངས་པ། དེ་ཡང་རྟག་ཏུ་དཀྱིལ་འཁོར་བསྒོམ་པར་བྱེད་པ་དང་། དམ་ཚིག་སྒྲུབ་པ ་ལ་བརྩོན་པ་དང་། སྡོམ་པ་བཟུང་བ་དང་དབང་ཐོབ་པས་བྱའོ་ཞེས་བསླབ་པར་བྱའོ།། དེ་ཉིད་བསྟན་པའི་ཕྱིར་རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། ཞེས་བྱ་བ་ལ་བྲི་བར་བྱ་བ་ནི་བསྒོམ་པར་བྱའོ།། རྟག་ཏུ་ནི་རྒྱུན་ཏུའོ།། སྦྱིན ་སྲེག་ནི་ནང་གི་བདག་ཉིད་ཅ་ནོ།། དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ།། དེ་ལ་བསྲུང་བ་ནི་མཚམས་མེད་པ་བྱུད་པ་ལོས་སོ།། བཟའ་བ་ནི་གོ་ཀུ་ལ་སོགས་པའོ།། སྡོམ་པ་ནི་སློབ་དཔོན་གྱིའོ།། དང་པོ་ཞེས་བྱ་བ་ལ་སོགས་པས་དབང ་མདོར་བསྟན་པའོ།། རྒྱས་པར་བསྟན་པ་ཡང་བཤད་པར་བྱའོ།། ཟླ་བ་བཟའ་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའོ།། བཞི་པོ་འདི་ནི་དབང་ཆེན་པོ་ཞེས་བྱ་བ་ལ་དང་ང་བསྐུར་བ་བཞི་པོ་འདི་ཉིད་ཤེས་རབ་ཡེ་ཤེས་ཀྱི་རྒྱུའི་གནས་སྐབས་ཙམ ་དང་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དབང་ནི་མ་ཡིནོ།། དྲི་མ་འཁྱུད་པར་ཆོས་མཐུན་པས་སོ་ཞེ་ན། དེ་ཡིན་དུ་ཟད་མེད་བདག་ལ་ཅི་གནོད་སྔགས་ནི་དེ་ནས་བཤད་པར་བྱ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བཤད་པར་བྱའོ་རབ་ཀྱི་མཐར་ཐུག་པའི ་དོན་ཡང་དཀྱིལ་འཁོར་གྱི་ཆོ་གརོ་རྒྱས་པར་བསྟན་པས་འདིར་མི་བརྗོད་དོ།། ཕྱི་རོལ་གྱི་ལྷ་མཉེས་པར་བྱ་བའི་གནས་གསུངས་པ། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཟུར་གཽ་སུ་མོ།། ཆུ་ནི་བྱང་ཆུབ་ཀྱི ་སེམས་སོ།། བསྲེས་ཞེས་བྱ་བ་ནི་ཁྲག་དང་གསལ་བྱེད་ལྔའོ།། དོན་ནི་འོད་ཡིན་ཏེ་གསལ་བྱེད་ལྔ་དང་བཅས་པའི་བདུད་རྩི་ལྔས་དཀྱིལ་འཁོར་གྲུ་གསུམ་བྱས་ལ་དེརོ་ཕྱི་རོལ་གྱི་ལྷ་རྣམས་ཚིམ་པར་བྱ་ཞིང་གཏོར་མ་ཡང་དེར་སྦྱིན ་བྱ་ཞེས་བྱའོ།། ཧ་ཧ་ཞེས་ཀྱང་དྲན་པར་བྱ་ཞེས་བྱ་བ་ནི་མཉེས་ནས་མཇུག་རྫོགས་པར་བྱ་བའི་ཕྱིར་གད་མོ་རྣམ་པ་བརྒྱད་བྱའོ།། ད་ནི་འཁོར་ལོ་བྲི་བའི་རིམ་པ་གསུངས་པའི་འཁོར་ལོ་རིམ་གསུམ་བྱས་ནས་ཞེས་བྱ་བ་ལ། དཀྱིལ་མ་གཏོགས་པ ་མོག་བསྐྱོད་པའི་དཀྱིལ་འཁོར་དང་། དྲིའི་ཕྱི་རོལ་དུ་གཞན་རེ་མིག་བཅུ་གཉིས་པའི་དཀྱིལ་འཁོར་དང་། དེའི་ཡང་ཕྱི་རོལ་དུ་གཞན་རེ་མྱིག་བཅུ་དྲུག་པའི་དཀྱིལ་འཁོར་བྲི་བར་བྱའོ།། ཇི་སྐད་གསུངས་པའི་ཞི་བ་དང་རྒྱས་པའི་ཆོ་ག་དང་ལས་དེ་དང ་དེའི་རྣལ་འབྱོར་གྱིས་སོ།། མཁས་པ་ནི་གོམས་པའི་བདག་ཉིད།། ཀུན་ཏུ་ཞེས་བྱ་བ་ནི་རྣམ་པ་ཀུན་གྱིས་དགོད་པོར་བྱ། ཞེས་བྱ་བའི་དོན་ཏེ།། གྲུབ་པའི་སྔགས་ནི་ཡི་གེ་བཅུ་གཉིས་པའི་ཡཙྪི་ནི་རཱ་ཛྙཱ་ས་དོ་རུ་ན་ཡཽ་ནི་ར་ཞེས་བརྗོད་པ་སྟེ། ་མིག་བཅུ་གཉིས་པར་དགོད་པར་བྱའོ།། འདིའི་ཆེ་བའི་བདག་ཉིད་གསུངས་པ། མཽ་ལུས་ལུས་པ་མེད་པར་འགྲུབ། ཅེས་བྱ་བ་ལ་སོགས་པའོ།། ལྷག་མ་མེ་ལུས་པ་ནི་མ་ལུས་པའོ།། དེས་ན་ལུས་པ་མེད་པར་འགྲུབ་པའོ།། ཅི་ཞིག་ཅེ་ན། འཇིག ་རྟེན་གསུམ་སྟེ། འཇིག་རྟེན་གསུམ་གྱི་ལས་ཞེས་བྱ་བ་ནི་ལྷག་མའོ།། རྒྱུ་དང་མི་རྒྱུ་བོ་ནི་བརྟན་པ་དང་གཡོ་བའོ།། རྩ་བའི་སྔགས་གསུངས་པ། ཡ་མ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་དུ་ཡང་ཞེས་བྱ་བ་ནི་དཀྱིལ་གྱི་རཾ་མིག་ལའོ།། ཀྵེ་མ ་མེད་ནི་ཤར་ལ་སོགས་པའི་ཕྱོག་སུའོ།། ཧཱུཾ་གཉིས་དང་བཅས་པའི་བསྒྲུབ་བྱའི་མིང་ལས་ཐམས་ཅད་ལ་དགོད་པར་བྱའོ་ཞེས་གསུངས་པས། བསྒྲུབ་བྱའི་མིང་ནི་ཞེས་བྱ་བ་ལ་སོགས་པའོ།། རེ་མོག་བཅུ་གཉིས་པའི་སྔགས་གསུངས ་པཱ་ཡཙྪ་ཞེས་བྱ་བ་ལ་སོགས་པའོ།། ཕྱི་རོལ་ཞེས་བྱ་བ་ནི་རེ་མིག་བརྒྱུད་པའི་ཕྱི་རོལ་རེ་མིག་བཅུ་གཉིས་པ་ལའོ།། གཡོན་ནས་བརྩམས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུའོ།། གསུམ་པ་ཞེས་བྱ་བ་ནི་རེ་མིག་བཅུ ་དྲུག་པ་ལའོ།། ཆ་རེ་བོརྱ་བ་ལཱ་སྟེ་དེའི་རོ་མྱིག་དོང་པོ་ལ་ཨོཾ་དྭེའི་རྒྱ་བྱཱ་ཏུ་ཧཱུ~ཾའོ།། དེའི་གཉིས་པཱ་ལ་བྷཱིའོ།། དེའི་རྒྱབ་ཏོ་ཝིའོ།། གསུམ་པ་ལ་ནི་ཀྲྀའོ།། དེའི་རྒྱག་ཏུ་དྷཱའོ།། བཞི་པ་ལ་ནི་ནའོ།། དེའི་རྒྱོབ་ཏུ་ཡང་ནའོ།། ལྔ་པོ་ལཱ་ནི་ཧཱུཾ་ངོ་།། དེའི་རྒྱབ་ཏྱཱ་ཡ ་ཧཱུཾ་། དྲུག་པ་ལ་ནི་ཕའོ།། དེའི་རྒྱུག་ཏུ་ཊའོ།། བདུན་པ་ལ་ནི་དེ་ཉིད་དོ།། བརྒྱད་པ་ལ་ནི་སྐུའོ།། དེའི་རྒྱུ་བ་ཏུ་ནི་ཧའོ།། དེ་ལྟར་མདོར་བསྡུས་ནས་བྲི་བར་བྱའོ།། ཨོཾ་ཧྲཱིཥྚྲྀ་ཝི་ཀྲྀ་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་རེ་མིག་བརྒྱད་པོ་ལ་དགོད་པ ་ཡང་འདི་ནི་མངོན་སྤྱོད་ཙམ་ལ་ཡི་ནོ།། ཞི་བ་ལ་སོགས་པ་ལ་ནི་ཚུལ་ཇི་ལྟ་བ་བཞིན་དུའོ།། བོར་བའི་རེ་མིག་རྣམས་ལ་ཡང་བྲི་བར་བྱ་བ་ཡིན་པས་གསུངས་པ། དེའི་བར་དག་ཐམས་ཅད་ཀྱི། ཞེས་བྱ་བ་ལ་སོགས་པ་སྟེ། ལས་དང་རྗེས ་མཐུན་པར་ནི། ཞེས་བྱ་བ་ནི་ལས་དྷཱི་ལྟ་བའི་རྗེསུ་འབྲངས་ནསོ།། ཕྱག་འཚལ་ཞེས་པ་ནི་ཨོཾ་མོ།། དེའི་ཕྱི་ནས་ན་མའོ།། དེའི་རྗེས་ལ་སྔོགས་དང་མིང་།། མཐའ་དང་ལྡན་པར་ཡང་ན་མའོ།། ཞེས་བྱ་བོའི་སྭཱ་ཧཱའི་ལྷག་ཏུ་ཡང་ན་མཿསྟ ་ནི་བི་ལའོ།། རྒྱས་པོ་ལ་ནི་པུཤྲཱི་བོ་ཥཊའོ།། དབང་ལ་ནི་བ་ཤོང་ག་ཥ་ཊ་ཧོ་རྗེ་སུ། ཧཱུཾ་ཕཊ་ནི་མཐོའ་སྟེ་མངོན་སྤྱོད་ལའོ།། ཇི་ལྟར་རིགས་པས་བྱད་ཅེས་བྱ་བ་བྱེད་པ་པོར་འགྱུ་རོ་ཞེས་བྱ་བར་ཤེས་པར་བྱའོ།། རིམ་པར་ཕྱེ་བ་རཱ ་དུ་འཁོར་ལོ་རྣམ་པར་བྲི་བ་དགོད་པར་ཀུན་ཏུ་བསྟན་པ་དེ་ལ་དེ་སྐད་ཅེ་སོ།། དཔལ་གཤིན་རྗེ་གཤད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དྲུག་པའི་བཤད་པའོ།། ། ་རྣལ་འབྱོར་པ་མཚན་མ་ཐོབ་པས་གདུག་པ་ཅན་ཚེར་བཅད་ཅིང་སེམས་ཅན་གཞུག་པའོ།། ཞེས་བྱ་བས་དེའི་ཕྱིར་གདུག་པ་ཅན་ཚར་བཅད་པ་གསུངས་བྱ་ཞལ་གསུམ་ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ་བསྒོམ་བྱ་ཞེས་བྱ་བ་དང་འབྲེའོ།། ། ་དེ་ལ་སྙིང་གར་སྣ་ཚོགས་པདྨ་དང་། ཟླ་བར་ཡི་གེ་ཛ་བཀོད་ལ། སངས་རྒྱས་རྣམས་དམིགས་ནས་ཕྱོག་འཚལ་པོ་ལ་སོགས་པ་མ་ལུས་པ་བསྒྲུབས་ལཾ། སྟོང་པ་ཉིད་དུ་བསྒོམས་ནས་སྔགས་ཀྱིས་བྱིན་གྱིས་བརླབས་པོར་བྱ་ཞིང་ཨོཾ་ལས་ཉི ་མ་ཧཱུཾ་ལས་རྡོ་རྗེས་རྡོ་རྗེ་གུར་གྱི་དཀྱིལ་དུ་པདྨ་དང་ཟླ་བ་ལ་ཛ་དང་འཁོར་ལོ་ལས་བྱུང་བའི་ཞལ་གསུམ་པ་རྩ་བའི་ཞལ་དང་སྐུ་ཀུན་དཀར་བ། ཞལ་གཡས་དང་གཡོན་སྡེ་པ་དང་དམར་བ། གཡས་ནོ་འཁོར་ལོ་དང་རལ་གྲོ་འཛིན་པ། གཡེམ ་ན་པདྨེ་དང་ནོར་བུ་འཛིན་པ། རྩ་བའི་གཡས་དང་གཡོན་ན་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཙནཱ། གཡོན་བརྐྱང་བའི་ཞབས་ཅན་ལུས་ལ་ཤ་མེད་པ་སྨྲེ་དམར་སར་འབར་ཞིང་གྱེན་དུ་འགྲེང་བ། མི་མགྲོ་རློན་པ་ཁྲག་འཛག ་པའི་འཕྲེང་བ་འཕྱང་བ་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཀྱི་འཕྲེང་བ་འཕྲོ་བའོ།། མཁས་པས་ཞེས་བྱ་བ་ནི་འགུགས་པ་ལ་མཁས་པའོ།། ཁྲག་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ལ། དེའི་སྦྱོར་བ་ནི་འདི་ཡིན་ཏེ། རང་གི་ལྕེ་ལ ་ཡི་གེ་ཛ་དམར་པོ་དཀོད་ལ་དེའི་འོད་ཁབ་ཀྱི་རྣམ་པ་ལྟ་བུས་སྙིང་ཕུག་ལ། དེའི་ཕྱི་ནས་སྤྲོས་པའི་འོད་ཟེར་པདྨའི་སྣུམ་པ་ལྟ་བུས་ཁྲག་རྣམས་བཀུག་ནས། བདག་ཉིད་ཀྱི་ཁ་གང་བར་བསྒོམ་པར་བྱའོ།། དོན་འདི་འཆང ་པར་འགྱུར་བའི་ཁ་གདངས་པ་དག་བྱས་པས་ནི་ཞེས་བྱ་བས་རྫོགས་པར་བྱའོ།། ཕག་མོའི་ཏིང་ངེ་འཛིན་གྱིས་ཆང་དགུག་པ་གསུངས་པ། ཞལ་གསུམ་པ་སྟེ། རྩ་བའི་ཞལ་ཕག་གདོང་ལྟ་བུ་སྔོན་པོའོ།། ཞལ་གཡས་དང་གཡེན་པ་ནི་དཀར ་པོ་དང་དམར་པོའོ།། ཕྱག་གཡས་ན་རྡོ་རྗེ་དང་རལ་གྱི། གོ་ཡོན་ན་འཁོར་ལོ་པདྨ་བསྣམས་པ།། ཕྱག་གཙོ་བོ་གཉིས་ན་གྲི་གུག་དང་ཐོད་པ་དང་འཁྱུད་པའི་ཚུལ་ཅ་ནོ།། ཕྱག་འཚལ་བ་ལ་སོགས་པ་ལྷག་མ་ནི་སྔ་མ་བཞི་ནོ།། ས་དང་རྡོ་རྗེ་ལས ་བྱུང་བ་ཞེས་བྱ་བ་ནི་ཁྱོད་པ་རོ།། ཆང་དགུག་པའི་སྦྱོར་བ་ནི་ཞེས་བྱ་བ་ལ་ལྕེ་ལ་ཛ་དམར་པོ་བཀོད་ལ་དྲིའི་འོད་ཟེར་སྦུ་གུའི་རྣམ་པ་འདྲ་བས་བཀུག་ལ་འཆད་པར་འགྱུར་བའི་རྫུ་མཁན་གྱི་ལག་པ་ཕྱིས་པའི་ས་ལ་བུམ་པ་བྱས་པར་གཞུགོ། ་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་དབྱངས་ཅན་མོ་སྤྲུལ་པ་གསུངས་ཏེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པའོ།། ཕྱོག་འཚལ་བ་ལ་སོགས་པ་ཐམས་ཅད་ནི་སྔ་མེ་བཞིན་ནོ།། ཁྱད་པར་ནི་འདི་ཡིན་ཏེ། དོ་དང་པདྨ་ལས་བྱུང་བའི་རྩ་བའི ་ཞལ་དང་ལུས་ཀུན་དམོར་བགོཡོ་སོ་སྔོ་བ་གཡོན་རི་མར་བ་གཡས་ན་པདྨ་དང་རོལ་གྲི། གོཡོན་ན་འཁོར་ལོ་དོང་ནོར་བུ་འཛིན་པ། གཞན་དག་གི་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཅན་ཞི་བ། རིན་པོ་ཆེའི་རྒྱན ་འཆང་བའོ།། འདིར་སྦྱོར་བ་ནི་འཆད་པར་འགྱུར་བའི་ཚེས་ཀྱི་དང་པོ་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ།། ཁུ་བ་དགུག་པའི་གཽ་རི་སྤྲུལ་པ་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གཡས་དང་གཡོན ་གཡོན་པའི་ཞལ་ནི་སྔོ་བ་དང་དཀཱར་བ། ཕྱག་གཡས་ན་རལ་གྱི་དང་འཁོར་ལེ། གཡོན་ན་ནོར་བུ་དང་པདྨ་བསྣམས་པ། གཞན་དག་གིས་གྲི་གུག་དང་ཐོད་པ་བསྣམས་པས་འཁྱུད་པའི་ཚུལ་ཅ་ནོ།། ནོར་བུ་མརྒང་འདྲ་བ་ནི་རིན་པོ་ཆེ་ལྗང ་གུའོ།། ཁ་བ་དགུག་པའི་སྦྱོར་བྱ་ནི་ཞེས་བྱ་བ་ནི་ཛཱ་དམར་པོའི་འོད་ཀྱིས་འཆད་པར་འགྱུར་བའི་པདྨའི་ཁ་དིང་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ།། ལྷ་མོ་ཀུན་ཡང་གཡོན་བརྐྱང་བའི་ཞབས་ཀྱིས་སྣ་ཚོགས་པདྨ་དང་ཟླ་བ ་བཞུགས་པའོ།། ཕག་མོ་དང་གཽ་རི་གཉིས་ནི་ཐུབ་ཤིང་ལྟོ་འཕྱང་བའོ།། ཙི་ར་ཙིཀྲ་ནི་སྐྱེམ་པའོ།། དབྱངས་ཅན་མ་ནི་ཞི་བའོ།། དེ་ནས་ཤེས་བྱ་བ་ལ་སོགས་པས་ནི་ཇི་སྐད་སྨྲས་པའི་སྦྱོར་བ་རྣམས་སྟོན་པར་བྱེད་པའོ།། ཁྲིག་འགུགས་པའི་ཞེས ་བྱཱ་བ་ལ་གང་གིས་ཁྲག་འགུགས་པར་བྱེད་པའི་རྡོ་རྗེ་ཙ་ར་ཙི་ཀོ་འདྲི་ནི་བྱམས་པ་ཆེན་པོའི་ངོ་བོ་དང་དབྱེར་མེད་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐྲོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་ཞེས་བྱའོ།། འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ།། སྔགས ་ཞེས་བྱ་བ་ནི་ཡིད་སྐྱོབས་པར་འགྱུར་བའི་ཕྱིར་རོ།། གསུངསོ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ།། ཁ་ཞེས་བྱ་བ་ནི་ཁྲོ་བོའི་གཟུགས་ཅན་ཉིད་དོ།། གདངས་ཤེས་བྱ་བ་ནི་རབ་ཏུ་ཕྱེ་བའོ།། འདི་དག་ཅེས་པ་ནི་སྨྲས་མ་ཐག་པའོ། ་འཇིག་རྟེན་གསུམ་ནི་འཇིག་རྟེན་གྱི་སྲིད་པའོ།། ཁྲག་ཆེན་ཞེས་བྱ་བ་ནི་ཁག་ཀུ་ནོ།། དཀོན་མཆོག་གསུམ་ལ་སོགས་པ་ལ་སྡང་བའི་ཞེས་བྱ་བ་ནི་ལྷག་མའོ།། ཆང་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ལ་གང་གིས ་ཆང་འགུགས་པར་བྱེད་པ་འདི་ནི་སྙིང་རྗེའི་ངོ་བོ་དང་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིརྱ་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བཱིའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ།། གསུངས་པ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ།། ཁྲུ་གང་ཙམ་གྱི་བུམ་པ་རྫུ་མཁན ་ལག་པ་ཕྱིས་པའི་སོས་ཞེས་བྱ་བ་རྫ་མཁན་གྱིའོ།། བུམ་པ་ཞེས་བྱ་བ་རྫ་མཁན་གྱི་སོ།། ཁ་མཛེས་ཞེས་བྱ་བ་ནི་མཐོ་གང་གིས་ཁྱོན་ཙམོ།། རྐུན་མའི་སྒོའི་རྟེན་གཞག་སྟེ་ཞེས་བྱ་བ་ནི་དཔྱངས་པའི་རྐུནི་མའི་སྐྲའི་རྟེན་ལ་གཞག་པའོ།། དོན་ནི་འདི ་ཡིན་ཏེ། ཆང་ཚོང་གི་ཁྱིམ་ནོས་ཆང་བླངས་ལ། སྔར་བསྟན་པའི་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱིས་བུམ་པར་བླུགས་ལ་ཤིན་ཏུ་མཉམ་པར་བཞག་པའི་ཡིད་ཀྱིས་རྟེན་ལ་གཞག་ལོ།། སྔར་བསྟེན་པའི་ཆོ་གས་སྔགས་གང་དང་གང་དུ་བཟླས་པ ་བྱས་པའི་ཆང་ལས་པ་མྱེད་པར་འགུག་པར་བྱེད་དོ།། སྔགས་འདིའི་ཆེ་བའི་བདག་ཉིད་ནི། པཽ་ཏ་ན་མཐོད་རྟེན་དུ་བསྟན་ཞེས་བྱ་བ་ནི་པ་ཏ་ནའི་མཆོད་རྟེན་ཞེས་བྱ་བ་ཨེ་ཏཱའི་ཡུལ་ཤར་ཕྱོགས་ཀྱི་ཡུལ་གྱི་རྒྱ་མཚོའི་འགྲམོ།། དེར་དཔའ་བོ་དང་དཔལ ་མེའི་དབང་ཕྱུག་གི་ཚོགས་ཀྱི་དཀྱིལ་འཁོར་དུ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་འཇིག་རྟེན་གསུམ་པ་མ་ལུས་པའི་ཚང་བཀུ་གོ་ཞེས་ཐོས་ཏོ།། དེ་ནས་དེ་ལྟར་ཡང་རྡོ་རྗེ་ཕག་མོའི་སྙིང་པོའི་ཁྱིམ་ན་ནམ་ཡང་ཆང་ཟད་པ་མེདོ་ཞེས ་ཟེར་ཏེ། འདི་ལ་དང་པ་རྣམས་ཀྱི་དད་པ་ཕྱིར་ཞིང་འཕེལ་བ་བྱ་བའི་ཕྱིར་འདིའི་ཆེ་བའི་བདག་ཉིད་ཉེ་བར་བསྟན་ཏེ།། དལ་གྱིས་དམིགས་ནས་ཞེས་བྱ་བ་ནི་བསྟན་པར་བྱས་ནས་སོ།། རག་ཏུ་གྲགས་ཤེས་པ་ནི་སྒྲུབ་པརོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཞེས་བྱ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པོར་རྟོག་པ་ཉིད་དོ།། འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོགས་པོ་རྒྱ་མཚོའི་ཕ་རོལ་མི་གནས་པའི་མྱ་དྲན་ལས་འདས་པར་ཕྱིན་པ་ནི་སོན་པ་སྟེ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དབྱར་མེད་པའི་ངོ་བོ་རྡོ་རྗེ་དབྱངས་ཅན་མའི་རྣམ་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྤྱོད་ཅེས་བྱའོ།། ཆོས་ཀྱི་དང་པོ་ནས ་བཟུང་སྟེ། ཀཽན་ཏུ་ཟླ་བ་ཉའི་བར།། ཞེས་བྱ་བ་ལ་ཚས་གཅིག་ནས་བརྩམས་ནས་ཟླ་བ་ཉའི་བར་དུའོ།། ཀུནཽ་ཏུ་ནི་རྣམ་པ་ཀུན་གྱིས་སོ།། ཇི་སྲིད་ཟླ་བའི་རྗེས་འཇུག་པས། ཞེས་བྱ་བ་ནི་ཟླ་བ་འཕེལ་བའི་རིམ་པས་སོ།། དེ་ལ་མངོན་དུ་ཕྱོ། ་བས་ཤེས་བྱ་བི་ནི་མན་ངག་གོ། དེས་ཅི་རོ་འགྱུར་ཞེ་ན། གསུངས་པ་འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། རྣལ་འབྱོར་པ་ནི་ཐབས་རང་ཤེས་རབ་ཀྱི་སྙེམས་པར་འཇུག་པའོ།། དེ་འདི་ལ་ཡོད་པས་རྣལ་འབྱོར་ཏེ། བཅོམ ་ལྡན་འདས་གཤིན་རྗེ་གཤད་ནག་པོའོ།། དེའི་དབང་ཕྱུག་ནི་ཇི་སྲིད་ཕྱག་རྒྱ་ཆེན་པོའི་བར་ཕུན་སུམ་ཚོགས་པ་མ་ལུས་པོ་འགྲུབ་པ་སྟེ། འདིའི་སྒོམ་པ་རབ་ཀྱི་མཐར་ཕྱིན་ན་དེ་ལྟ་བུའི་དངོས་གྲུབ་ཁྱད་པར་ཙོན་འབྱུང་ངོ་ཞེས ་བྱ་བའི་དོན་ཏོ།། བྱ་བའི་འབྲས་བུ་གསུངས་པ། ཚིགས་བཅད་བརྒྱ་ཞེས་བྱ་བ་ལ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བརྒྱ་དང་སྟོང་ཡང་ཟིན་པའོ།། འདི་ཞེས་བྱ་བ་ནི་བྱ་བ་དང་ལྡན་པའི་རྣལ་འབྱོར་པའོ།། ་འགྲུབ་པར་འགྱུར་ཞེས་པ་ནི་ངེས་པར་འགྲུབ་པར་བྱེད་པའོ།། མ་ལུས་པར་ཞི་བ་ལ་སོགས་པའི་ལས་རྣམསོ།། ལུས་པ་མེད་པ་ནི་ཇི་ལྟར་འབྱུང་བ་སྟེ། ཁམས་གསུམ་པའི་ལས་དེ་ལྟར་བྱ་ཞེས་བྱ་བའི་དོན་ཏོ།། མ་ལུས་པ་དག ་ནི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཁྱབ་འཇུག་དང་བདེ་བྱེད་དང་ཚངས་པ་ལ་སོགས་པ་འདུལ་བའི་ལས་ཞེས་བྱ་བའི་དོན་ཏེ།། ཁུ་བ་འགུགས་པའི་རྡོ་རྗེ་ཞེས་བྱ་བ་ནི་གང་གིས་ཁུ་བོ་འགུགས་པར་བྱེད་པ་འདི་ལྟ ་བཏང་སྙོམས་ཆེན་པོའི་ངོ་བོས་གཽ་རིའི་རྣམ་པ་ལྟ་བུའི་མི་བྱེད་པ་ཡོད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་ཡང་དེ་སྐད་ཅེས་བྱའོ།། པདྨའི་ཁ་ཞེས་བྱ་བ་ནི་བཙུན་མོའི་ཟེ་འབྲུའོ།། རྡོ་རྗེ་ནས་ཞེས་བྱ་བ་ནི་སྐྱེས ་པའི་རྡོ་རྗེའི་ཁུང་བུའོ།། རླུང་ཞེས་བྱ་བ་ནི་འཇུག་པའི་རླུང་ངོ་།། དྲིལ་བུ་ཞེས་བྱ་བོ་ནི་ཨོཾ་ཀ་ཌྷ་ནི་ཞེས་བྱ་བ་ལོ་སོགས་པའི་སྔགས་ཀྱི་སྒྲའོ།། ལྕགས་ཀྱུའི་སྦྱར་བ་ནི་ལྕགས་ཀྱིའོ་རྣམ་པ་ལྟ་བུའི་འོད་ཟེར་གྱི་སྦྱོར་བའོ།། རླུང་དང་དྲིལ་བུ་ང ་ལྕགས་ཀྱུ་སྦྱོར་བ་ནི་དྲིལ་བུའི་ལྕོགས་ཀྱུའི་རླུང་སྦྱོར་རོ།། དོན་ནི་འདི་ཡིན་ཏེ། ཛཾ་དམར་པོ་ལྕེ་ལ་དཀོད་པའི་འོད་ཟེར་འབྱུང་བའི་རླུང་བྱུང་ནས་བསྒྲུབ་བྱའི་བསྟན་པའི་ལམ་ནས་ཞུགས་ནས། ཀླང་པོ་ན་ཡེང་བ་ཚུན་ཆད་བླངས ་ནས་བསྟན་པའི་ལམ་དུ་བལྟས་ལ། དེ་ལས་འཇུག་པའི་རླུང་གིས་རང་གི་ཁར་བཏུང་བར་བས་མེ།། དེ་ཡང་གསུངས་པ། འགུགས་པར་བྱེད་པ་བ་ལ་སོགས་པ་སྟེ། ཁུ་བའི་ཚོགས་ནི་ཁུ་བ་བསྡུས་པའོ།། འདས་དང་ཞེས་བྱ་བ་ནི་སྔགས་བཟླས ་པའོ།། བསྒོམས་པ་ནི་གོམས་པར་བྱེད་པའོ།། སྦྱོར་བ་འདི་དག་ལ་སེམས་བསྟན་པར་གྱུར་པར་བྱའོ།། དབེན་པ་ཞེས་བྱ་བ་ལ་སོགས་པོ་ནི་གོ་བླའོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་རྒྱས་པར་བཤད་པ་གསུངས་པ། ནག ་པོ་ནི་འཇིགས་པ་ཞེས་བྱ་བ་ལ་ནག་པོ་ནི་གཤིན་རྗེ་གཤེད་ནག་པོའོ།། དེ་འཇིག་པ་ནི་ཉམས་པར་བྱེད་པའོ།། དེ་ཉིད་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱེར་མྱེད་པས་རྡོ་རྗེའོ།། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ ་སྐད་ཅེས་བྱའོ།། འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ།། དབང་བསྐུར་བ་མཆོག་གི་དམ་ཚིག་ཤོས་བྱ་བ་ལ། མཆོག་ནི་གང་དུ་དབང་བསྐུར་བས་བདག་དང་གོཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའོ།། དེ་ནི་འདའ་བར་མི་བྱ ་བ་ཡིན་པས་དམ་ཚིགོ། དྲོ་ཕྱུང་བར་མཛད་ཞེས་བྱ་བར་གསུངས་པར་གྱུར་པའོ།། ཨུ་དུམ་པ་ར་ཞེས་བྱ་བ་ལ་སོགས་པྱ་ལ། དོན་ནི་འདི་ཡིན་ཏེ། དཀྱིལ་འཁོར་དུ་འཇུག་པའི་དུས་སུ་དཀྱིལ་འཁོར་དུ་འཕངས་པའི་ཕྲེང་བ་ཚིག ་བཅད་འདིས་མགོ་ལ་བཅིང་བར་བྱའོ།། ཡང་ན་རིགས་ལྔ་ཉིད་དུ་གཏོགས་པའི་རིགས་མ་ལྔ་པོ་བསྟན་པས་ནི། མེ་ཏོག་མིང་གིས་སློབ་མ་ལ། བདེ་བ་དམ་པ་གཏོགས་པར་བྱེད། ཅེས་པས་དེ་དག་རེ་རེ་ལ་ཡང་མྱུ་གུ་དང་ཁ ་བྱ་བ་དང་། རྒྱས་པའི་བྱེ་བྲག་གིས་གསུམ་ཡིན་པ་ཉིད་ནི་ཕྲེང་བ་སྟེ། རྒྱུན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རལ་གྲི་ཆེན་པོ་ཁམས་གསུམ་པའི་ཞེས་བྱ་བ་ལ། ཁམས་གསུམ་དུ་འབྱུང་བའི་འདོད ་ཆགས་ལ་སོགས་པ་དེ་གཅོད་པར་ཆོས་མཐུན་པར་རལ་གྲྀ་དང་འདྲ་བར་རལ་དྲི་སྟེ། ཞེས་རྡོ་རྗེ་བྱེ་བའོ།། དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པ་ཡེ་ཤེས་ལྔའི་ངོ་བོ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཕྱག་བྱས་པའོ།། བདུད་ལྔས་ཞེས་བྱ ་བ་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། རྣམ་པར་གཡེང་བྱར་བྱེད་པ་ནི་ལྷའི་བུའི་བདུད་དེ། དེ་དག་ལསོ།། ལུས་ཀྱི་རལ་གྲི་ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པའི་ཕྱིར་ཕྲག་དོག་གཤིན་རྗེ་ག ་དོ།། དེ་ནི་རལ་གྲི་དང་འདྲ་བར་ཇི་ལྟར་ལས་ཐམས་ཅད་རབ་ཏུ་བསྒྲུབ་པ་ཉིད་ཀྱིས་ཉོན་མོངས་པ་གཅོད་པར་བྱེད་པ་དེ་བཞིན་དུ་འདི་ཡང་དེ་ལྟ་བུའི་དོན་དུ་ཞེས་བྱ་དེའི་དོན་ཏོ།། འདི་ནི་རྡོ་རྗེའི་བརྟུལ་ཞུགསོ་སྦྱིན་པའོ།། ཤེས་རབ་ཐབས ་ཀྱི་ངོ་བོ་ཉིད། ཅེས་བྱ་བ་ལ་ཤེས་རབ་ཉིད་རྣམ་པར་རྟོག་པ་མ་ལུས་པ་ཉམས་པར་བྱེད་པས་ཐབས་ཏེ། དེའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ།། ་དེ་ཡང་རྣམ་པ་ཀུན་གྱི་མཆོག་ལྡན་པ།། སྟོང་པ་ཉིད་ནི་རྡོ་རྗེར་བརྗེད།། ཅེས་གསུངས་པས་སོ།། དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པོར་བྱེད་པས་དྲིལ་བུའོ།། སྒྲུབ་པ་ནི་བླ་ན་མེད་པའི་བྱང་ཆུབ་རྫོགས་པར་བྱེད་པ། ་རྡོ་རྗེ་ཁྱོད་ཅེས་བྱ་བ་ནཱི་མི་བྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཁྱོད་ཅེས་བྱ་བའི་དོན་ཏེ།། འདི་ནི་དྲིལ་བུའི་དམ་ཚིག་སྔོན་དུ་འགྲོ་བའི་དབུགས་དབྱུང་བའོ།། སློབ་མ་ཡང་དག་ཟུང་ཞེས་བྱ་བ་ནི་རྗེས་སྣང་བ་སྦྱིན་པའོ།། འདུན་ཞེས་བྱ་བ་ནི་བླ་མའི་མདུན་ན ་གནས་པའོ།། བླ་མའི་རྡོ་རྗེའི་ནང་གི་མཐར་མཐེ་བོང་དང་སྨོན་ལག་གོས་མནན་པའི་རང་གི་རིག་པས་མྱོང་བའོ།། བཏུད་པ་རིན་པོ་ཆེ་ཞེས་བྱ་བ་ནི་བླ་ནཱ་མེད་པའི་དེ་བཞིན་གཤེགས་པའི་དགའ་བ་རྒྱས་པར་བྱེད་པས་རིན་པོ་ཆེའོ།། རྡོ་རྗེའི ་ལུས་ནི་རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་གྱི་ལུས་ཀྱི་རྡོ་རྗེ་སྟེ། ཡེ་ཤེས་ལྷའི་ངོ་བོར་དེ་སྒྲུབ་པར་བྱེད་པའོ།། འཐུབ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་སྦུབསུ་གཏོང་བར་བྱེད་པ་སྟེ། རང་རིག་པའོ་མཐར་བྱ་བའི་ཕྱིརརོ།། འདིས་ཅིར ་འགྱུར་བ་དེ་གསུངས་པ། ཡེ་ཤེས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་དབྱེར་མེད་པའི་བླ་ན་མེད་པའི་རྟོག་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་དགའ་བའི་སེམས་ཤེས་བྱ་བ་ནི་བརྟན་པའོ།། བདག་ཉིད་ཅེས་བྱ་བ་ནི་རང་གིས་རིག་ན ་ཡང་སློབ་མ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུའི་རྣམ་པར་གཞུག་པའི་རྡོ་རྗེ་སློབ་དཔོན་གྱིས་ཞེས་བྱ་བའི་དོན་ཏོ།། གང་དུ་དགུག་པ་ལ་སོགས་པའི་སྦྱོར་བ་མངོན་པར་བརྗོད་པ་དེ་ལོ་དེ་སྐད་ཅེས་བྱ་བའོ།། དཔལ་གཤིན་རྗེ་གཤད་ནག་པོའི ་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བདུན་པའི་བཤད་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསོལ་བ་བཏབ་པོའི་རྗེས་ཐོགས་ལའོ།། རྡོ་རྗེ་ནི་ཡེ་ཤེས་དེའི ་བདག་ཉིད་འཆང་བས་རྡོ་རྗེ་འཛིན་ནོ།། བསྲུང་བ་ནི་བདུད་མ་ལུས་པར་བསྐྱོད་པར་བྱེད་པས་རྡོ་རྗེ་ར་བ་སྤྲུལ་པ་ཉིད་དེ།། འཁོར་ལོ་ནི་རྡོ་རྗེ་ར་བ་དང་གུར་གྱི་རྣམ་པ་གཉིས་སྦྱོར་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ་བགེགས་ནི་ལུས་ལས་ཀུན་ཏུ་འབྱུང་བའོ།། ལོག་པར་འདྲེན་པ་ནི་ངག་ལས་ཀུན་ཏུ་བྱུང་བའོ།། གདུག་པ་ཅན་ནོ་སེམས་ལས་ཀུན་ཏུ་འབྱུང་བའོ།། བསལ་བ་ནི་རྣམ་པར་གཅོད་པའོ།། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུར་གཅིག་པའོ།། རལ་གྲི་འཆང་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་འཆང་དེ་ཉིད་དུ་གྲུབ་པས་རལ་གྲི་གང་འཛིན་པ་ཉིད་ཀྱིས་མཚན་མ་ཐམས་ཅད་ཉེ་བར་མཚོན་པའི་དོན་ཏེ།། དོན་ནི་འདི་ཡིན་ཏེ། བརྗེད་པའི་དུས་རལ་གྲིའི ་གནསུ་རྡོ་རྗེ་དང་འཁོར་ལེ་དང་པདྨ་དང་རིན་པོ་ཆེ་བཅུག་པས་ཚིག་སུ་བཅད་པ་ལྔར་འགྱུར་བའོ།། བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་དང་ལྡན་པས་དཔལ་ལྡན་ནོ།། རལ་གྲི་འབར་བ་ཞེས་བྱ་བ་ནི་མཚོན་པ་སྟེ། སྔ་མ་བཞིན་ནོ།། ་གང་ལ་འབར་ཞིང་གསལ་བའི་གཟུགས་ཡོད་པ་དེས་གཅོད་པ་ཞེས་བྱ་བ་འགེགས་པ་སྟེ། སྔར་བསྟན་པའི་བགེགས་ལ་སོགས་པའོ།། གསལ་པོར་བྱ་བའི་ཕྱིར་གསུངས་པ། རིགས་གསུམ་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། ་རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ལས་སྐྱེས་པོའོ།། སའི་ལྷ་མོ་ལྷག་པར་གནས་པར་བྱ་བའི་ཕྱིར་གསུངས་པ། ལྷ་མོ་ཁྱོད་ནོ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའི་དོན ་གྱི་གཉིས་པའོ།། སློབ་མ་གཞུག་པ་གསུངས་པ། གོས་ཀྱི་ཞེས་བྱ་བ་ནི་གོས་ཀྱི་ཁྱད་པར་དེ་དམྱུར་པོའོ།། སློབ་དཔོན་གྱི་དྲི་བར་བྱ་བ་གསུངས་པ། ཁྱེད་སུ་ཞེས་བྱ་བ་སྟེ། གང་ལ་དགའ་ཞེས་བྱ་བ་ནི་ལྷག་མའོ།། སློབ་མས་སྨྲས་པར་བྱ ་བུ་གསུངས་པ། བསྐལ་བཟངས་བདག་ནི་ཞེས་བྱ་བ་སྟེ། བདེ་བ་ཚོན་པོ་ཞེས་བྱ་བོ་ནི་ལྷག་མའོ།། ཅི་ཞིག་བྱས་ནས་བྱ་བ་ཡིན་པ་དེ་གསུངས་པ། ཡོལ་བའི་བོར་དུ་ཞེས་བྱ་བ་གོས་ཀྱི་ཡོལ་བའི་བར་དུའོ།། བླ་མ་ལ་གསོལ་བ་བཏབ་པ ་ཞེས་བྱ་བར་འབྲེལ་ཏོ།། བློ་བཟང་ཞེས་བྱ་བ་ནི་དཀྱིལ་འཁོར་མཐོང་བར་སྤྱི་བོའི་ཡིད་ཅན་ནོ།། གསོལ་བ་བཏབ་པ་གསུངས་པ། ཇི་ལྟར་ཞེས་བྱ་བ་ནི་ཆོ་ག་གང་གིསོ།། སངས་རྒྱས་ནི་ཆོས་ཀྱི་སྐུ་དང་གི་ཉེ་སུ་མེད་པའི་སྤྲུལ་པའི་ངོ་བོ ་ཉིད་དོ།། ཆོས་ཆེན་པོས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་གནས་སྐབས་པའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་ཆོས་ཐམས་ཅད་དཔེར་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་ལ་སེམས་དཔས་ནི་དེ་སྐད་ཅེ ་བྱའོ།། བདག་གི་ཞེས་བྱ་བ་ནི་བདོག་ལའོ།། དེ་བཞིན་དུ་ཆོ་ག་དེས་དབང་བསྐུར་བར་བྱའོ།། མཆོག་ནི་མངོན་པར་འདོད་པ་དེ་འདོད་པའོ།། བདག་ནི་བང་གོ།། སཱལ་དུ་གསོལ་བ་ནི་བྱིན་ཅིག་པའོ།། སློབ་མའི་བྱ་བ་མདོར་བསྟན་པ་གསུངས་པ། དེ ་བཞིན་གླུ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་དག་ཐམས་ཅད་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་རྟོགས་པར་བྱའོ།། དེ་ནས་ཤེས་བྱ་བ་བསོད་ནམས་ཀྱི་ཚོགས་ཀྱི་རྗེས་ཐོག་སུའོ།། རྡོ་རྗེ་ནི་ཆོས་ཐམས་ཅད་དབྱེར་མེད ་ངོ་བོ་ཉིད་དོ།། དེ་དེའི་བདག་ཉིད་དུ་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་བླ་ན་མེད་པ་ཉིད་ཡིན་པས་རྒྱལ་པོ་ཉིད་དོ་ཞེས་བྱ་བས་རྒྱལྔ་པོའོ།། ཨོཾ་ཞེས་བྱ་བ་ནི་ཁས་ལེན་པ་སྟེ། མ་སྐྱེས་པ་དང་། རྣམ་པར ་རྟོག་པ་སྤངས་པ་དང་། སྒྱུ་མ་ལྟ་བུ་ཉིད་ནི་ཨོཾ་མོ། ཤུ་ནྱཱ་ཏ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་གཅིག་དང་དུ་མ་ཉིད་དང་བྲལ་བས་བདག་མེད་པོ་ཉིད་དོ།། དེའི་ངོ་བོ་ཉིད་ནི་བདེན་པའོ།། དེ་ཉིད་ནི་རྟོགས་པོའི་ངོ་བོ་ཉིད་ཀྱི་ཛྙཱ་ནའོ།། ། ་དེ་ཉིད་ནི་མི་ཕྱེད་ཅིང་གཞན་འབྱེད་པའི་ཕྱིར་དང་། བླུ་ན་མེད་པའི་ཕྱིར་བཛྲའོ།། དེའི་བདག་ཉིད་ཀྱི་ངོ་བོ་སྭཱ་བྷཱ་བ་གང་ལ་ཡོད་པ་དེའི་བདག་ཉིད་ནི་ཨཱཏྨ་ཀོའོ།། དེའི་བདག་ཉིད་ཡིན་པས་ཨ་ཧཾ་སྟེ། ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཱུ~ཾ་ཞེས ་བསྡུ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ངོ་བོ་ཟང་ཟིང་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ།། དེའི་བདག་ཉིད་གང་ལ་ཡོད་པ་དེའི་བདག་ཉིད་ཨ་ཧཾ་ཞེས་བྱ་བ་ནི་པཱུ་ཛ་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀྵེ་སྟེ། ཡེ་ཤཱ ་ཀྱི་འིཁོར་ལོ་བཅུག་པའི་རྗེས་ཐོགསསུ་བྱ་བའོ།། ཁུ་བ་ཡེངསུ་གྱུར་པ་ལས་གཞེངས་ནས་སྲིད་པ་དང་ཞི་བ་གཉིསུ་མོད་པ་ཉིད་ཀྱིས་ང་རྒྱུ་ལ་གསུངས་པ། དྷརྨ་དྷཱ་ཏུ་ནི་རང་བཞིན་སྡོང་པོ་ཉིད་དོ།། གང་ལ་རང་བཞིན་དུ་ཡོད་པ་དེ་ས ་བྷ་བ་སྟེ་ཕྱག་དང་ཤེལ་དང་དབྱིབས་ཀྱི་བདག་ཉིད་ཅན་ནི་ཨཱཏྨ་ཀོ&ཧ~ཾ་ངོ་།། ད་ནི་ཞི་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྦྱིན་སྲེག་གི་ལས་རབ་འབྱམས་གསུངས་པ་སྟེ། ཞི་བ་ལ་སོགས་དབྱེ་བའི་ཞེས་བྱ་བ་ནི་ཞི་བ་དང་རྒྱས ་པ་དང་དབང་དང་དགུག་པ་དང་རེངས་པ་དང་དབྱེ་བ་དང་བསྐྲད་པ་དང་མངོན་སྤྱོད་ཀྱི་དབྱེ་བས་སོ།། གྲུབ་པ་སྟེ་རྫོགས་པར་གྱུར་ནའོ།། ཡིད་ཞེས་བྱ་བ་བྱུང་ནའོ།། དེ་ཉིད་ཀྱི་ཕྱིར་ལས་རྣམས་ཐམས་ཅད་རབ་བསྒྲུབ་པ་ཞེས་བྱ་བའོ།། ཞི་བའི་སེམས ་ཀྱིས་ཞེས་བྱ་བ་ནི་དགེ་བའི་སེམས་ཀྱིས་རྣམ་པར་མི་གཡེང་བས་སོ།། རྒྱས་པའི་སེམས་ཀྱིས་ཞེས་བྱ་བ་ནི་བུ་རམ་དང་འོ་མ་ཟ་ཞིང་ངོ་།། ཆགས་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཆགས་པའི་སེམས་ཀྱིསོ།། ལ་ཡང་ཞེས་བྱ་བ་ནི་ཁྲོས་པ་དང་། ་བཅས་པའི་སེམས་ཀྱིསོ།། ཐག་ཁུང་གསུངས་པ། ཞི་བའི་དཀྱིལ་འཁོར་རྣམ་པ་སྟེ། ནོས་པ་ནི་ཟླུམ་པོའོ།། རྫིང་བུ་འདྲ་ཞེས་བྱ་བ་ནི་གྲུ་བཞིའོ།། ཟླ་གམ་འདྲ་ཞེས་བྱ་བ་ནི་གཞུ་ལྟ་བུའོ།། ན་མཁའི་ཁམས་འདྲ་ཞེས་བྱ་བ་ནི་གྲུ ་གསུམ་པའོ།། དེ་དག་གི་རྒྱའི་ཚད་གསུངས་པ། ཁྲུ་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཟབ་སུ་གསུངས་པ་ནི་གཏིང་དུ་ཁྱུ་ཕྱོད་ཚད་ཅེས་བྱ་བ་ལ་སོགས་པའོ།། སྦྱོར་ལྔ་གཉིས་ནི་བཅུའོ།། ཞི་བ་ལ་ནི་སོར་བཞི་བོར་བའི་པདྨ་རྒྱས ་པ་ལྟ་བུའི་རྣམ་པ་སོར་བཞི་མཐོ་བའི་ཁེ་ཁྱེའོ།། དཀྱིལ་དུ་ནི་སོར་བརྒྱད་པའི་བཞིའི་རྡོ་རྗེའོ།། ཨ་མ་ཤིང་ནི་དཀྱིལ་འ་ཁོར་གྱི་ཆོ་གར་བསྐོན་ཏོ།། རྒྱུས་པ་ལ་ནི་སྒོར་བརྒྱུད་བོར་བའི་ཁེ་ཁྱེར་རྡོ་རྗེས་མཚན་པའོ།། དཀྱིལ་དུ་ནི་རྡོ་རྗེ ་མ་ལྟ་བུའོ།། ཞོ་དང་སྦྲང་རྩི་དང་ཤ་ཁ་ར་དོང་། མ་གོང་པའི་འབྲས་དང་། སྲན་གྲེའུ་དང་། ནྱ་གྲོ་ཏ་རློན་པའི་ཡམ་ཤིང་སོར་ཉི་ཤུ་རྩ་བཞི་པའོ།། མངོན་སྤྱོད་ལ་ནི་ནིམ་པོ་དང་། དུག་དང་། ད་དུ་ར་དང་། ཆི་བའི་མར་དང་སྐྱེ་ཚེ་དང་ཚ ་རྣམས་སོ།། བསྐྲང་བ་ལ་ནི་ཁའི་སྐྱེའོ།། གང་དུ་སྦྱིན་སྲེག་གི་ཆོ་ག་གསུངས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ ་བར་ཕྱེ་བ་བརྒྱད་པའི་བཤད་པའོ།། དི་ནི་རྒྱ་མཚོའི་ཞེས་བྱ་བ་ལ་སོགས་པས་ཆར་དབབ་པའི་ཆོ་ག་གསུངས་པ་ནི། དེ་ལ་དཔལ་གཤིན་རྗེ་གཤོད་ནག་པོའི་རྣལ་འབྱོར་པ་ལྷག་པའི་བསམ་པ ་བསྟན་པས། རམས་ཀྱི་ཁུ་བས་ཁ་ཕོར་མ་སྲེགས་པའི་ནང་དུ། རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པོའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་ཀུ་རུ་ཀུ་ལའི་སྔགས་བསྒྲུབ་བྱའི་མིང་དུང་སྤེལ་བར་བྲི་བོར་བྱའོ།། དེ་ལ་དབྱར་ཟླ་ཐ ་ཆུང་ལ་ཀར་ཀོ་ཏས་སོ།། སྟོན་ཟླ་ར་བ་ལ་ཤཱཾ་ཀ་པ་ལ་སོ།། སྟོན་ཟླ་འབྲིང་པོ་ལ་ཏག་ཀྵ་ཀའོ།། སྟོན་ཟླ་ཐོ་ཆུང་ལ་བྷཱུ་སུ་ཀོས་སོ།། དེ་དག་ཉིད་ཡང་གདབ་ནས་དགུ་ནི་ཟླ་ར་བ~ཾ་ལ་སོགས་པ་ལ་ཚོར་འབབ་སོ།། དེ་ལས་གཞན་པོའི་ཁམ་ཕོ་རོ་མ་བསྲྀཿ ་པ་དང་། ཁ་སྦྱར་དུ་བྱས་ལ། སྐུད་པ་སྔོན་པོས་བཅིངས་ནས་དར་ཀུ་རུ་ཀུ་ལ་འཆད་པར་འགྱུར་བའི་གཟུགས་ཀྱིས་བཀུག་ལ་ཡང་དག་པར་མཆོད་དེ་བཀྲེས་སྒྲོ་ལ་ཀླུ་གནས་པའི་མཚོ་ལ་སོགས་པར་གཞུག་པར་བྱའོ།། ཡང་ན་མ་སི ་བིཊྭཱ~ཾ་ཀྲོ་ཌ་བསྟོན་པོའི་སྔགས་ཀྱི་ཚིག་བྲིས་ལ། དེ་ཡོངསུ་གྱུར་པ་ལསཾ། ཀུ་རུ་ཀུ་ལ་ཀླུ་ཐམས་ཅད་སྐྲག་པར་བྱེད་པ་བསྒོམས་ལ་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་མ་བདག་གི་ཆེ་གེ་མོའི་དགོས་པ་མཛོད་ཅིག་ཅེས་བཀའ ་བསྒོ་ནས་ཀླུའི་གན་སུ་གཞུག་པར་བྱའོ།། དེ་ནས་ཆར་དབབ་པའི་ས་ཕྱོགསུ་འདུག་ལ་གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་ཡོལ་བ་ལ་སོགས་པ་ཐམས་ཅད་སྔོན་པོར་བྱས་ལ་གདུང་བའི་ཁྱད་པར་ཐམས་ཅད་དང་ལྡན་པར་རྒྱན ་སྔོན་པོ་དང་ལྡན་པའི་རྣལ་འབྱོར་པས་མེའི་དཀྱིལ་འཁོར་གྲུ་གསུམ་པ་འོད་འབར་ཞིང་གསལ་བར་བྲིས་ལ། དེའི་དབུསུ་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མོཚན་པ་སྔོན་པོའོ།། དེའི་དབུས་སུ་ཆུའི་དཀྱིལ་འཁོར་བུ ་པ་ལྟ་བུ་དཀར་པོའོ།། དེ་ལ་པདྨ་འདབ་མ་བརྒྱད་པའོ།། དེའི་དཀྱིལ་དུ་ཆུ་བདག་སྦྲུལ་དཀར་པོ་བདུན་གྱི་གདེངས་ཀ་ཡོད་པ། སྐྱེས་བུའི་ཆ་བྱད་ཅན་ལག་པ་གཡས་ན་རལ་གྲི་གཡོན་ན་ཀླུའི་ཞགས་པ་ཐོགས་པའོ།། ཤར་གྱི་འདབ་མ ་ལ་དགའ་བོ་ཨུཏྤ་ལ་སྔོན་པོ་ལྟར་ལྷུང་བ། ལྷོའི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དཀར་པོ། ནུབ་ཀྱི་འདབ་མ་ལ་ཏཀྵ་ཀ་དམར་པོ། བྱུང་གི་འོད་བ་མ་ལ་ཀཱ་ར་ཀོ་ཊ་ནག་པོ། མར་ནི་པདྨ་སྟེ། དཀར་པོའོ།། བདེན་བྲལ་དུ་ནི་པདྨ་ཆེན་པོ་སྟེ། དཀར་སྐྱ ་རླུང་དུ་དུང་སྐྱོང་སེར་པོ། དབང་ལྡན་དུ་རིགས་ལྡན་སྣ་ཚོགས་ཀྱི་མདོག་གོ།། དེ་ནས་ནཾ་ལས་ཀླུ་ཐམས་ཅད་བསྐྱེད་ལ། བུ་རམ་དང་འོ་མ་དང་མར་ལ་སོགསྠ་ཀླུ་ལ་འོས་པས་བཤེས་གཙང་ཡི་གེ་ཕུས་སྔགས་ལ་དབུལོ།། མེ་ཏོག་སྔོན ་བ་དེ་བ་ཞིན་དྲི།། གོས་དང་ཕན་དགེ་སྔོན་པོ་དང་།། སྔོན་པོ་ཆུ་དང་ལྡན་པ་ཡིས།། བུམ་པ་དག་ཀྱང་དངུལ་བོར་བྱ།། དུས་ཀྱི་རྗེསུ་འབྲང་བ་དང་།། ཏ་ཀ་ར་དང་། ཀུན་ཏུ་རུ་དང་། ཆུ་སྲིན་སྔར་མོ་དང་། ཡུངས་ཀར་སེ་རི་བི་དང་། ནག ་བུས་པ་རྣམས་ཤ་ཁ་ར་དང་སྦྱར་བ་འམ། ཡང་ན་ནཱ་ག་ག་སར་གྱི་རྡུལ་ཤ་ཁ་ར་དང་། སྦྱར་བའི་སྤོས་དང་ཞུན་མར་གྱི་མར་མེ་མངོན་པར་བསྔགས་པ་ཡང་དབུལ་བར་བྱའོ།། དེ་ནས་ཛྙཱ་ནཾ་ཛཿཞེས་བྱ་བའི ་སྔགས་ཀྱིས་ཡིད་ཀྱིས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ལྔ། ཀླུ་རྣམས་དཀུག་ནུས་རང་རང་གི་གནསུ་བསྒོམ་ཞིང་། ཡོན་ཆབ་བྱིན་ནོས་ཡང་དག་པར་མཆོད་དེ་ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་བྱིཀའ་དང་།། བདག་ལ་པོརྩེ་བར ་དགོངས་ནས་ཆར་ཆེན་པོ་དབབ་པ་མཛོད་ཅིག་ཅེས་གསོལ་བ་གདབ།། དེ་ནས་ཀླུ་རྣམས་ཀུན་ནས་ཆར་ཆེན་པོ་འབེབས་པ་ལ་ཆང་ཆེར་བྱེད་པར་བསམས་ལ། ཨོཾ་ཧྲཱིཿཥྚྲྀཉྫབི་ཀྲྀ་ཏཱ་ན་ནཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨོཾ་ཕུ་ན་བ་ནཾ་བ་རི་ཤ་པ་ཡ་སྭཱ ་ཞེས་བཟླས་ལ་ངའི་རྗེས་ལ་ཆར་འབབསོ།། གལ་ཏེ་ཡང་མི་འབབས་ན་དེ་ནས་མི་ཏྲ་བ་ཟླུམ་པོ་ལ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ་དགུག་ཅིང་དེ་རྣམས་ཀྱི་ལྕེ་ལེ་ཡི་གེ་ནི་བསྒོམས་ནས། ཡོན་ཆབ་ལ་སོགས་པ་སྔོན་དུ ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་བུ་རམ་དང་འོ་མ་དང་ཞུན་མར་གྱི་བཀང་བའི་སྲེགས་བླུགས་གསུམ་བྱིན་ནས། ཨོཾ་ནཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་བུ་རམ་དང་འོ་མ་ལ་སོགས་པ་བསྲེག། དེ་ལྟར་ཚིམ་པར་གྱུར་པས་ཆར་འབབས ་དེ་ལྟ་ན་ཡང་ཆར་མི་འབེབས་ན་ཆད་པ་བྱ་སྟེ། སྔ་མའི་རིམ་པ་ཉིད་ཀྱིས་ཀླུའི་དཀྱིལ་འཁོར་བྱ་སྟེ། འོན་ཀྱང་དང་པོར་རླུང་གི་དཀྱིལ་འཁོར་བྲི་བོར་བྱའོ།། བདག་ཉིད་ཀྱང་པོ་ཡིས་པདྨའི་དབུསུ་བསྐལ་པོ་མེ་ལྟར་འབར་བའི ་རྣམ་པ་ཅན། ཀླུ་ཐམས་ཅད་འཇིགས་པར་བྱེད་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དུ་བྱས་ནས། ཀླུ་ཐམས་ཅད་ཀྱི་མཇུག་མ་བསྡོམས་པ་ལ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་ནས་རང་གི་སྔགས་ཀྱི་ཡི་གེ་རེ་རེའི་བར་དུ་ཀླུའི་སྙིང ་བཅུག་ནས་ང་རྒྱལ་དང་བཅས་པས་བཟླ་བར་བྱའོ།། དེ་ནས་རླུང་གིས་བསྐུལ་པའི་མའི་འོད་ཀྱི་པདྨ་སྙིང་པར་ལྟ་སྟེ། དེ་ལྟར་བོག་ནས་མས་གདུངས་ཤིང་སྟེང་ནས་ཀྱང་ཁྲོ་བོའི་མས་གདུངས་པས་ཤིན་ཏུ་སེམས་སྟོར་བར་གྱུར་པས་ཆུ ་སྐྱུག་པར་བྱེད་བའི་ཀླུའི་འཁོར་ལོར་མོས་པར་བསམས་ན་ངེས་པར་ཆར་འབེབསོ།། དེ་ལྟ་ན་ཡང་ཆར་མི་འབེབས་ན་དུར་ཁོད་ཀྱི་གོས་སེམ་མཚོན་གྱི་བསད་པའི་གོས་ལ་དུག་དང་། ཚ་བ་དང་། སྐྱེ་ཚ་དང་། ཆི་བའི་མར་གྱིས་རྩི་ངྒེ ་བརྒྱད་པའི་རོལ་གྲིའི་འཁོར་ལེ་བྲིས་ལ། དེའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པའི་འདབ་མ་སོ་སོ་ལ་ཀླུའི་སྙིང་པོ་ཡི་གེ་བཾ་དང་ཧཱུཾ་གིས་བར་དུ་བཅུག་པ་བྲི་བར་བྱའོ།། ཆུ་རླུང་གི་ངོས་ཀྱི་ས་འམ། ཀླུའི་གནས་ཀྱི་ས་དང་། རོ་བསྲེགས་པའི ་ཐལ་བ་དང་གྲོགས་མཁར་གྱི་ས་དང་། ཤིང་གཅིག་གི་རྩ་བའི་ས་དང་བཅས་པ་ལས་ཀླུའི་གཟུགས་བྱས་ལ། འཁྲུལ་འཁོར་བྲིས་ནས་དེའི་སྙིང་གར་བཅུག་ནས་བཀུག་པའི་རྗེས་ལ་བསྐལ་པའི་མེ་ལྟར་འབར་བའི་གཤིན ་རྗེགཤེད་ཀྱི་གཟུགས་སུ་གྱུར་པས་ཞབས་ཀྱིས་དེའི་གཟུགས་མནན་ནས། སྔ་མ་བཞིན་དུ་ཁྲོས་པོ་དང་བཅས་པས་བསྔགས་བཟླ་བར་བྱ་ཞིང་ན་མཁའི་དཀྱིལ་མ་ལུས་པ་ན་ཀླུ་རྣམས་ཀྱིས་ཁྱབ་པས་ཆར་ཆེན་པོ ་འབེབས་པར་བྱེད་པར་བསམས་ན་ཆར་འབབ་པར་འགྱུ་རོ།། གལ་ཏེ་དེ་ལྟ་ན་ཡང་མི་འབབ་ན་གཟུགས་དེ་ཉིད་ཚ་བ་གསུམ་དང་སྐྱེ་ཚེ་ལ་སོགས་པས་མངོན་པར་བྱུགས་ལ་གྲུ་གསུམ་པ་ཐག་ཁུང་གི ་འགྲམ་དུ་གཞག་ནས་དུར་ཁྲོད་ཀྱི་ཤིང་ལས་མོ་སྦར་ལ་ཁྲོས་པས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་བསྡུད་པའམ། ཡུངས་ཀར་བརྡེགས་ན་ངེས་པར་ཆར་འོབེབ་སོ།། དེ་ལྟ་ན་ཡང་མི་འབབ་ན། དེའི་ཚེ་གཟུགས་དེ་ཉིད་སྐྱེ་ཚེ་དང་ཚྭ་དང ་དུག་དང་། ད་དུ་ར་ལས་བྱས་པ་ལ་སེང་ལྡེང་གི་ཕུར་པ་སོར་དགུ་པས་སྙིང་གར་གདབ་ཅིང་རྐང་པོ་གཡོན་པས་མགོ་བི་མཱནན་ལ། ཁ་ལྟོ་འམ་ནུབ་ཏུ་བལྟས་ཏེ། ཆར་འབབ་པའི་ཚུལ་གྱིས་མནན་ཅིང་མ་ཐབ་གྲུ་གསུམ་པ་ལ་དུརོ་ཁྲོད་ཀྱི་མ ་ཕུ་ཡིས་སྦར་ལེ། དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམས་ནས། དྲིའི་ཞལ་དུ་ཧཱུཾ་གིས་མནན་པའི་ལྕེ་ལ་ཁྲོས་ཤིང་སྔགས་འཚོལ་བར་བརྗོད་པས་མཇུག་མ་ནས་བརྩམས་ནས། མཚོན་རྣོན་པོས་བཅུད་ཅིང་བཅད་ཅིང་བརྒྱ་རྩེ་བརྒྱད ་ཀྱི་བར་དུ་བསྲེགས་པས་ཆར་འབབ་པར་འགྱུར་རོ།། དེ་ལྟ་ན་ཡང་གལ་ཏེ་མི་འབབ་ནི། འདི་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་སྐྱེན་ཏེ། བདག་ཉིད་ཁྲོ་བོ་ཆེན་པོ་རྡོ་རྗེ་འཆང་གི་རྣལ་འབྱོར་དུ་བསྒོམས་ནས་སྔ་མ་བཞིན་དུ་ཆུང། ་གཉིས་ཀྱི་ས་ལ་སོགས་པ་ལས་གཤིན་རྗེ་གཤེད་ཀྱི་གཟུགས་བྱས་ལ། འཁོར་ལོ་དེ་སྙིང་གར་བཅུག་ནས་རྐང་པས་མནན་ཏེ། རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ནས་དེ་བཞིན་དུ་བཅད་ཅིང་བཅད་ཅིང་མངོན ་སྤྱོད་ལོ་གནས་པའི་རྡོ་རྗེ་འཆང་གི་ཞལ་དུ་བསྒྱུར་བར་བྱའོ།། དེ་ལྟ་བུས་ཁྲི་བྱས་ནས་ངེས་པར་གཱ་ཤིན་རྗེ་གཤེད་ཀྱིས་ཆར་འབེབས་པར་བྱེད་དོ།། བཅད་པ་ནི་ཀླུ་ལ་སོགས་པའི་ཞི་བའི་ཐབ་ཁུང་དུ་གཏི་མུག་གཤིན་རྗེ་གཤད ་ལྕི་བ་བཞིན་དུ་བསྒོམས་ནས། ཞི་བའི་ཆོ་གསོ་མར་དོང་འོ་མཱ་ལ་སོགས་པོའི་སྦྱིན་སྲེག་ཁྲི་བྱའོ།། དེ་ལྟ་ན་ཡང་ཀླུ་གདུག་པ་མ་ཚུར་མི་གཙོད་ན། དེའི་ཚེ་སྔར་བསྟན་པའི་མངོན་སྤྱོད་ཀྱི་ཐབ་ཁུང་དུ་མངོན་སྤྱོད་ཀྱི་ཆོ་གས། དཔལ་རྡོ ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང་། རུས་བལ་གྱི་འབྲས་བུར་བཙོས་པས་སྦྱིན་སྲེག་བྱས་ན་ངེས་པར་ཆར་གཅོད་དོ།། ཆར་ནི་མི་འབབ་དུས་དག་ཏུ་ཞེས་བྱ་བ་ནི་ཚོར་མི་འབབ་པའི་ཚེའོ།། འོབབ་པར་ཞེས་བྱ་བ་ནི་ཆར ་འབབ་པར་འགྱུརརོ།། ཞེས་བྱ་བའི་དོན་ཏོ།། རྒྱ་མཚོར་གཞོན་པ་དང་འགྲོ་བའི་ཚེ་རླབས་རིངས་པར་བྱེད་པའི་ཚོ་གས་གསུངས་པ། སྦྲུལ་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལྷ་ལ་སོགས་པ་ལྟ་བའི་ཕྱིར་སྦྱོར་བ་གསུངས ་བ། ཙན་ངའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ། ཙན་དའི་འབྲས་བུ་ནི་ད་དུ་རཱའི་འབྲས་བུའོ།། གཞན་དག་ནི་གོ་སླའོ།། དོན་ནི་འདི་ཡིན་ཏེ། གཤིན་རྗེ་གཤད་ཀྱི་རྣལ་འབྱོར་པས་དབང་དུ་བྱ་བའི་ཚེ་གསོ་ཐབ་ཁུང་བྱས་ལ། ་བསྟན་པ་ལྟར་སྦྱིན་སྲེག་བྱོས་ལ། ལྷ་དེ་བཅོམ་ལྡན་འདས་གཤིན་རྗེ་གཤིང་ངོ་དོ།། འདི་ནི་མཚོན་པ་ཙམ་སྟེ། ཚངས་པ་ལ་སོགས་པ་ཡང་མཐོང་བར་འགྱུར།། མཐོང་ནས་དགྱེས་པར་འགྱུར་བས་མངོན་པར་འདོད ་སྟེར་བར་འགྱུར་རོ།། གདུག་པ་ཐམས་ཅད་ཚར་བཅད་པའི་ཕྱིར། དུར་ཁྲོད་རོ་བསྲེགས་ཡོད་པའི་ཤིང་། ཞེས་བྱ་བ་གསུངས་ཏེ། ཡོག་པ་ནི་གང་གིས་ཤི་བའི་རོ་བསྐུལ་བའོ།། མན་ངག་ནི་ཨར་ཀའི ་ཤིང་ལས་གཟུགས་ནི་གཟུགས་བརྙན་བྱ་བའོ།། སྨྱོན་པའི་ཁུ་བ་ནི་ང་དུ་རའི་ལོ་མའི་ཁུ་བའོ།། དེ་ལ་བསྒྲུབ་བྱ་བཀུག་ལེ་བཟླས་ན་མཛེས་ཐེབས་པར་འགྱུ་རོ་ཞེས་བྱ་བའི་དེན་ཏོ།། འབུམ་ཕྲག་བཞི་ནི་བཟླས་བྱས་མ་ཞེས་བྱ་བ་ནི་འབུམ ་ཕྲག་བཞི་བཟླས་པའོ།། གྲུབ་པའི་ཨུངསོ་ཀར་ནི་ཡུངས་ཀར་སེར་པོའོ།། དེ་བླངས་ཏེ་ཞེས་བྱ་བ་མང་པོ་ཉིད་དོ།། དེ་ན་གྲུབ་པའི་ཡུངས་ཀར་བླངས་བྱས་ཞེས་བྱའོ།། སྦྲུལ་གྱིས་བཟུང་ནས་འགྱེལ་བ་ལ། ཞེས་བྱ་བ་སྦྲུལ་གྱིས་བཟུང་ནས ་འགྱེལ་བ་ལ་གཏོར་ན་འཆི་བར་འགྱུར་བས་འགྱེལ་བ་འཚོ་བྱ་ཞེས་བྱ་སྟེ། བྱ་ཞེས་བྱ་བ་ནི་བྱ་བ་ཉིད་དོ།། དོན་ནི་འདི་ཡིན་ཏེ་གཤིན་རྗེ་གཤིང་མདོག་དཀར་པོ་ཞོ་བས་ཡར་དེའི་ཚེས་གཅིག་ལ་གྲུབ་པོའི་ཡུངས་ཀར་དཀར་བ ་ལག་ཏུ་བླངས་ལ་སྔགས་འབུམ་བྲག་བཞིའི་བཱར་དུ་བཟླ་བར་བྱའོ།། དེ་ནོས་དེ་རྣལ་འབྱོར་པས་བསྡུས་ནས་བཟུང་བར་བྱའོ།། དེ་ནས་སྦྲུལ་གྱིས་བཟུང་བ་བྱུང་ན་དེས་བསྔགས་ན་འཚེ་བར་འགྱུརརོ།། དེ་ལས་གཞན་པའི་སྦྱི་བ་མན་ངག་གིས ་བཤད་པར་བྱའོ།། དེ་ལ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་གཤེད་ཀྱིས་རྣལ་འབྱེར་བྱས་ལ་དུག་སད་པར་བྱ་བའི་དོན་དུ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ངམ་ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུཾ་དེའི ་བོད་ཀྱིས་དེ་ན་ཡོད་པའི་དུག་རབ་ཏུ་འབར་བར་འགྱུར་རོ།། ལག་པ་གཡོན་པའམ་ལག་པ་གཡས་པའི་མཐིལ་དུ་པཾ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའོ།། དེའི་དཀྱིལ་དུ་འོད་ཟེར་གྱིས་བརྒྱན་པའི་ཧཱུཾ་དཀར་པོ་བདུད་རྩི་འཛག་པ་ལྟ་བར ་བྱའོ།། གཞན་དག་ནི་འོད་དཀར་པོ་ཅན་གྱི་དཀྱིལ་དུ་ཧ་བཀོད་པས་སོ།། ཞེས་མན་ངག་སྟོན་ཏོ།། དེ་ནས་ཧྲཱིཿཥྚྲཱིཿའི་སྔགས་སོམ། དབྱིག་པ་གཤིན་རྗེ་གཤེད་ཀྱིའམ། བིགྷྣཱཾཿཏཱ་ན་ན་འམ། ཨོཾ་ཧྲི་ཧ་ཧཱུཾ་ཛ་ཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་།། ་འགྱེལ་བ་དེའི་སྤྱི་བོའི་སྐུ་ནས་བརྩམས་ནས་རྐང་པའི་བར་དུ་བྱ་བའོ།། དེ་ལ་ལག་པ་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་དུག་བླངས་ནས་འོངས་པས་ནག་པོར་གྱུར་པ་དེ་གཞན་དུ་བོར་ནས་བདུད་རྩིས་གང་། དཀར་པོ་འཕྲོ་བར་གྱུར་པཱ ་དཀར་པོར་གྱུར་པར་བས་མོ།། ཡང་ན་སྤང་ལེབ་ལ་ནི་ཡི་གོ་བཅུ་པ་དཾ་རེ་དྭང་ཧ་ཡིག་དཀར་པོ་རེ་རེར་སྦྲེལ་ལ་བསྒྲུབ་པའི་མྲྀང་སྤེལ་བྲི་བར་བྱའོ།། དེས་དུག་མེད་པར་འགྱུར་ཞིང་འཚེ་བར་འགྱུར་བ་ལ་ཐེ་ཚོམ་མེདོ།། ཡང་ན་མགོ ་ཧྲཱི་བདུད་རྩིའི་ཚོགས་འོ་མཱ་ལྟ་བུ་འབབ་པ་བཀོད་ལ་ལུས་ལ་གནས་པའི་དུག་ངོ་བོ་ཉིད་ཀྱིས་ནག་པོར་འདུག་པོའི་དྲི་མ་རིམ་གྱིས་སེ་ལོ་བཱ་རུ་བྱེད་པའི་འོད་ཀྱི་རྒྱུན་བསམས་ལ། སྔགས་བཟླས་པས་དུག་མེད་པར་འགྱུར་རོ།། ་རེངེངས་པར་བྱ་བའི་དོན་དུ་ནི་ཡི་གེ་ཉིད་ཀྱིས་དབང་ཆེན་གྱིས་བཅིངས་པ་མདོག་སེར་པོ་མགོ་ལ་སོགས་པ་རྣམས་དགོད་དོ།། སྦར་བ་ནི་མོའི་ས་བོན་མཆེ་བས་བཏབ་པའི་གནསུ་བསྒོམས་ལ། ཕྱག་འཚལ་དང་པོ ་གཤེགས་གསོལ་མཐའ། བརྡེགས་པ་ཆོ་ག་བཞིན་དུ་སྦྱར།། དུག་ནི་བཅིང་བ་བྱས་པ་ཡིན།། རྣལ་འབྱོར་པས་ནི་གསལ་འདོད་ཀྱང་ཞེས་པ་སོ།། གཏོར་ན་འཚོ་བྱ་ཐེ་ཚོམ་མེད། ཅེས་བྱ་བ་ཡིནོ།། རི ་གཤེད་ཆུའི་ས་ཞེས་བྱ་བ་ལ་སོགས་པ་མགོའི་ནད་ཞི་བར་བྱ་བ་ནི་གོ་སླའོ།། དེ་ལྟ་བུ་གཞན་ཡང་འབྱུང་པོ་དང་ཕེལ་མིག་དང་འབྲུམ་ཕྲ་ནྡོ་ལ་སོགས་པ་ཡང་གསོ་བར་བྱའོ།། གདུག་པ་ཅན་ཚར་བཅད་པའི་ཕྱིར། འཇི་གཽས་བྱེད་གཤིན ་རྗེ་གཤེད་ཀྱི་རྣལ་འབྱོར་གསུངས་པ། བྲམ་ཟེ་ཞེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ཐལ་བ་ནི་དུརཾ་ཁྲོད་ཀྱི་མེའི་ཐལ་བའོ།། དི་ཡིས་ནི་དུར་ཁྲོད་ཀྱི་སཱ་ཏེ། གཱ་ཤྲཱི་ནོ་རྗེ་གཤེད་ཀྱི་གཟུགས་བྱའོ་ཞེས་བྱ་བར་འགྲེལ་ཏོ།། གྲཡས ་པ་ན་སྟེ་ཞེས་ཕྱག་གཡས་ནའོ།། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་དགྱེས་པའོ།། གཡོན་པ་ཞེས་བྱ་བྱིན་ཕྱག་གཡོན་པའོ།། མི་མགོ་ཞེས་བྱ་བ་ནརྀ་སྐྱེས་པའི་མགོ་བོའོ།། དཀར་པོ་ཞེས་བྱ་བ་ནི་བྲི་བ་འམ་དེ་ལྟར་བསྒོམ་པའོ།། དེ་ཡིས ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཏེ། ངས་བཀུག་སྟེ་འཇོམས་པར་བྱེད། རྣམ་པར་འཇིགས་པར་བྱེད་པོའོ་འདི་སྐད་ཅེས་བསྟན་པར་འགྱུར་ཏེ། ག་ཤི་ནརྀ་རྗེ་གཤེད་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་གསང་བའི་གནས་སུ་བྱས་ལ་རབ་གནས ་བྱ་ཞིང་རང་དེ་ལྟ་བུའི་སྦྱོར་བ་དང་ལྡན་པས་བསྟན་པ་ལྟར་བྱའོ།། དེ་ཉིད་གསུངས་པ། ཉིན་རེ་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་དང་ནི་ཤ་ལྔ་ཡིས་ཞེས་བྱ་བ་ནི་ཤ་ལྔ་ཡིས་ཞེས་བྱ་བའི་བདུད་རྩི་ལྔ་དང་ཤ་ལྡན ་པས་སོ།། རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་།། གསེལ་བ་གདབ་པ་ཞེས་བྱ་བ་ནི་དོན་དུ་གཉེར་བའོ།། ཡང་ན་ནད་ཀྱི་ཐེབས་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་ཐུན་བཞིའམ་ཐུན་གསུམ་དུ་བདག་གི་དག་འདི་ཆོམས་ཤིག་ཅེས་བྱ་བ་ནི ་བསྐུལ་ཚིག་དང་བཅསོ་པའི་སྔགས་བཟླ་ཞིང་ནུབ་མོ་འདི་སྐད་བརྗོད་པོས་ཉལ་ན་ཐི་རེངས་ཀྱི་དུས་སུ་དག་སྟེ། དགྲ་བོ་ཉིད་འཆི་བར་འགྱུར་བ་སྟེ། དེའི་ཚེ་འདུ་བྱེད་ཟད་པར་འགྱུ་རོ།། ཡང་ན་ནཱནད་ཀྱི་ཐིབས་པར་འགྱུར་ཞེས་བྱ་བ་ནི་གལ ་ཏེ་མེ་ཤི་ན་ཡང་ང་ཞེས་བྱ་བའི་དོན་ཏོ།། གཞནི་ཡང་སྤྲོ་བར་བྱ་བའི་སྦྱོར་བ་གསུངས་པ་ལ། དགྲའོ་བེ་རི་ཙཱ་ན་ཞེས་བྱ་བ་ནི་དགྲའི་དྲི་ཆེ་ནོ།། མིའི་རྐང་སྦུབསོ་ཞེས་བྱ་བ་ནི་སྐྱེས་བུའི་རྐང་གི་སྦུབ་སོ།། དེས་དགང་བར་བྱའོ་ཞེས་བྱ་བ ་དང་འབྲེལ་ཏོ།། བཀང་ནས་ཞེས་བྱ་བ་གང་ཡིན་པ་དུ་གསོངས་པ། རབ་ཏུ་བཀང་ནས་འབུམ་བཟླས་ན།། ཤིང་རྩེར་རྒྱུ་བའི་ཡི་དགས་མཚུངས་ཤེས་བྱ་བ་ལ་ཡི་དགས་ཀྱི་ཤིང་གི་རྩེ་མོ་ལ་བཏགིས་ནའོ།། རྒྱུ་བ་ཨི་དགོས་མཚུ་ངས ་ཞེས་བྱ་བ་ནི་ཇི་ལྟར་ཡི་དགས་ཤིང་སྐམ་པོ་ལྟ་བུའི་བདག་ཉིད་ཡིན་པ་ལྟར་དེ་ལྟ་བུར་རྒྱུ་བ་སྟེ། ཡོངསུ་འཁྱམ་ཞེས་བྱ་བ་དང་སྨྱོ་བར་འགྱུར་ཞེས་བྱ་བའི་དོན་ཏོ།། དོན་ནི་འདི་ཡིན་ཏེ། མིའི་རྗེ་ངར་གྱི་རུས་པའི་སྦུབསུ་དགའི་དྲི་ཆེ ་གྱི་སོ་བཀང་ནས། འཁྲལ་འཁོར་ནི་དུག་དང་ཚ་དང་ད་རུ་རའི་ལོ་མའི་ཁུ་བའི་སྣག་ཚི་དང་། བྱ་རོག་གི་རྗེ་ངོར་གྱི་རུས་པའམ། སྒྲོའི་རྩ་བའི་སྨྱུ་གུས་རྒྱལ་མཚན་གྱི་གོས་སམ། དུར་ཁྲོད་ཀྱི་གོས་ལ་བྲིས་ལ་གཞག་ཅིང་། ་ས་ཀེ་ཏ་ཀའི་ཤིང་ངམ། བ་རུ་རའི་ཤིང་ལ་བཏགས་ན་བསྟན་པ་བཞིན་དུ་འགྱུར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་ཆེན་པོ་བསྒྲུབ་པ་བསྟན་ཏེ། རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་ཏོ།། གཤྩི ་རྗེ་གཤང་འཇིགས་བྱེད་ནི་འཇིགསུ་རུང་བའོ།། གང་དུ་དགྲ་ཚར་བཅད་པ་གསུངས་པ་དེ་ནི་འཇིགས་བྱེད་གཤིན་རྗེ་གཤེད་དེ། དེ་སྟོན་པའི་ལོའུ་ལ་ཡང་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤོད་ནག་པོའི་དཀོའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས ་མཛད་པ་ལས་རིམ་པོར་ཕྱེ་བ་དགུ་པོའི་བཤད་པའོ།། །། དཽ་ནཾ་དཾ་ནས་ཞེས་བྱ་བ་ལ་སོགས་པས་རོ་ལངས་བསྒྲུབ་པའི་ཐབས་མདོར་སྟོན་ཏོ།། ཤིང་ལ་སྦྱངས་པ་ཞེས་བྱ་བ་དཔྱངས་པའོ།། མ་གོད་ཅེས་བྱ ་བ་ནི་མཚོན་གྱིས་མི་ཕོག་པའོ།། རྨ་མེད་པ་ཞེས་བྱ་བ་རྣག་ཏུ་མ་རུལ་བའོ།། ཕབ་ལ་ལགས་པར་བཀྲུ་བྱ་སྟེ་ཞེས་བྱ་བ་ནི་ཁྲུས་བྱ་བའོ།། སྔགས་ནི་ཧྲཱིཛྫིཥྚྲྀ་ལ་སོགས་པའོ།། དེར་ཞེས་བྱ་བ་ནི་དེའི་སྙིང་ག་རོ།། ཁ་ཅིག་ནི་དེའི་མདུན་དུ་ཞེས་ཟེར་རོ།། ། ་འདི་སྐད་དུ་བསྟན་པ་ཡིན་ཏེ།། རྐུན་མ་དབྱིངས་པའི་རོ་ཤིང་ལས་ཕབ་ལ་རླི་ཞིམ་པོ་ལ་སོགས་པས་བཀྲུ་ཞིང་དེར་རོ་ལངས་གཽཞུག་སྟེ། ནག་པོ་འཇིག་སུ་རུང་བ་གྲི་གུག་དང་ཐོད་པོ་ལྟག་ན་ཐོགས་པའོ།། སྤོས་དང་མེ་ཏོག་ལ་སོགས་པས ་མཆོད་ཅིང་ས་རྩི་ལ་སོགས་པ་ཡིང་བྱིན་ནས། དེའི་སྙིང་གའི་སྟེང་དུ་གཤིན་རྗེ་གཤད་ཀྱི་རྣལ་འབྱོར་གྱིས་ཁྲོ་བ་དང་བཅས་པས་འདུག་ལ་སྔགས་པོ་ཟླ་བར་བྱའོ།། སྔགས་ཀྱི་ཕྱེ་བའི་བདག་ཉིད་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ ་སོགས་པ་ལ་བསམ་པ་མེད་པ་ནི་ཤི་བའོ།། རྣལ་འབྱོར་པས་འཇིགས་པར་མི་བྱ་བ་གསུངས་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ།། དེས་ཅིར་འགྱུར་ཞེ་ན། གསུངས་པ་རྣལ་འབྱོར་པ་ནི་གང་འདོད་པ་ཞེས་བྱ་བ ་ལ་སོགས་པ་ལ། རལ་གྲི་དང་། མིག་སྨན་དང་། རྐང་པ་བྱུག་པ་དང་། ཞགས་པོ་དང་། ལྕགས་ཀྱུ་དང་། རྡོ་རྗེ་དང་། གྲི་ལྗང་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་པ་ལ་སོགས་པ་གང་ཅི་ཡང་རུང་བ་རྣལ་འབྱོར་པས་བླང་བར་བྱ་ཞིང་འདོད ་པའི་དོན་ལ་གསོལ་བ་གདབ་པར་བྱའོ།། དེ་ཀུན་ཐམས་ཅད་སྟེར་བར་བྱེད་ཅེས་བྱ་བ་སྦྱིན་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རིག་པའི་བརྟུལ་ཞུགས་ཀྱི་ཕྱིར་བུ་མོ་དགུག་པའི་སྦྱོར་པོ་གསུངས ་པ། མ་ཧེ་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། དོམ་ནི་ངོམ་ཉིད་དོ།། འདི་དག་ཅེས་བྱ་བ་ནི་རྫས་འདི་དག་གཅིག་ཏུ་བྱས་ནསོ།། གཟུགས་ཞེས་བྱ་བ་ནི་ཤིན་ཏུ་འཇིགས་པའི་གཤིན་རྗེ་གཤེད་ཀྱི་གཟུགས་ཏེ། དེ་ཉིད་ཀྱི་ཕྱིར་གཱ་ཤཱི ་རྗེ་གཤོད་པོ་འཇིགས་པའི་གཟུགས་ཞེས་གསུངས་པའོ།། འདིར་ཡང་ཉིན་རེ་ཞིང་སྡོ་མ་བཞིན་དུ་ཤ་ལྔ་བཅས་པའོ་བདུད་རྩི་ལྔས་གི་ཏོ་རྀ་མ་སྦྱིན་པར་བྱའོ་ཞེས་ཤེས་པར་བྱའོ།། དེ་ལ་རྣལ་འབྱོར་པས་གསོལ་གདབ། ཧྲཱིཿཥྚྲྀཿ ་ལ་སོགས་པའི་སྔགས་ཀྱིས་ནི་ཞེས་བྱ་བ་ལ་ཆེ་གེ་མོ་དེ་དག་ལ་སྩོལ་ཞེས་བྱ་བའི་གསོལ་བ་གདབ་པའི་ཚིག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། དེའི་ཕ་གང་ཡིན་པས་ཞེས་བྱ་བའོ།། འདིར་ནི་དེའི་ཕ་ལ་ཇི་ལྟར་འབྱུང་བ་དེ ་གསུངས་པ་སྟེ། རྨི་ལམ་གཤིན་རྗེ་གཤེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་འཇིགས་པར་གྱུར་ན་ངེས་པར་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དོན་ནི་འདི་ཡིན་ཏེ། བསྟན་པའི་ཆོ་གས་གཤིན ་རྗེ་གཤད་འདུས་བྱས་ལ་རབ་གནས་བྱ་ཞིང་དེའི་མདུན་དུ་བདག་ཉིད་གཤིན་རྗེ་གང་ཤེ་པའི་རྣལ་འབྱོར་གྱི་ང་རྒྱལ་དང་བཅས་པས་བཟླས་པ་བྱས་ན་འདོད་པ་དེ་ཐོབ་པར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། མངོན་པར་རྟོག་པའི་རིམ་པར ་ཕྱེ་བར་ཞེ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་ཕྱག་དང་ཞལ་དང་མདོག་ནི་བསྟན་ཟིན་ཏོ།། སྒོ་སྐྱོང་རྣམས་ཀྱི་འདིར་གསུངས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རལ་གྲི་ཞེས་བྱ་བ་ནི་སྔོ་ལྡང་ངོ་།། རིམ་པར་ཕྱེ་བ ་དོང་པོར་གསུངས་པའི་དཀྱིལ་འཁོར་གྱི་བདག་པོ་ཇི་ལྟར་བསྒོམ་པར་བྱ་བ་དེ་ལྟ་བུ་ཉིད་དུ་སྒྲུབ་པའི་ཕྱིར། བྷ་གཱར་ཞེས་བྱ་བ་གསུངས་པ་ནི་ཉིད་དང་མཚུངས་པའི་པདྨ་ལའོ།། ལིང་ག་ཞེས་བྱ་བ་ནི་རང་གི་གསེང་བའི་རྡོ་རྗེའོ།། རྣམ ་བསྒོམ་ཉིད་ཅེས་བྱ་བ་ནི་རྣམ་པར་བསྒོམ་པར་བྱ་བའོ།། དཀྱིལ་འཁོར་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོའོ།། རྣམ་པར་བསྒོམ་ཞེས་བྱ་བ་ནི་དོན་འདི་ཡིན་ཏེ། ཉིད་དང་མཚུངས་པ་དང་།། འཁྱུད་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར ་བ་བྱས་ལ། བཅོམ་ལྡན་འདས་རྣམ་པར་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། འདིས་ནི་བཅོམ་ལྡན་འདས་ནི་སྙོམས་པར་ཞུགས་པ་མོ་ཡིན་ནོ་ཞེས་འདོད་པ་གསལ་བ་ཡིནོ།། ད་ནི་རིམ་པ་གང་གིས་གསང་བའི་དཀྱིལ ་འཁོར་དུ་ཞྭ་སྡང་གཤིན་རྗེ་གཤེད་ལ་སོགས་པའི་རྗེསུ་དྲན་པ་བསྒོམ་པ་གསུངས་པ། ཞེ་སྡང་རྗེས་དྲན་ཞེས་བྱ་བ་ལ་སྩོགས་པ་ལ་ཞེ་སྡང་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གཟུགསོ།། འབྲས་བུ་རྡོ་རྗེ་འཆང་གཤིན་རྗེ་གཤེད་ནག་པོའི ་གཟུགས་ཀྱི་རྗེསུ་སྟེ་ཕྱིན་ནསོ།། དྲན་པ་ནི་རྗེསུ་དྲན་པ་སྟེ་ཞེ་སྡང་རྗེ་སུ་དྲན་པ་དང་ལྡན་པའོ།། རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་ནི་ཤྲེ་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པའོ།། དེ་ཡང་དཔལ་གསང་བ་འདུས་པ་ལས། ཐབས ་དང་ཤེས་རབ་སྙོམས་འཇུག་པས།། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། ཞེས་གསུངས་པསོ།། དེ་གང་ལ་ཡོད་པ་དེ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ།། འདིས་ནི་བདག་ཉིད་དེ་ཁོ་ནའི་བདག་ཉིད་ཅན ་ཞེས་བསྟན་ཏོ།། གཏི་མུག་ན་གཏི་མུག་གཤཽན་ཎྜེ་གཤད་དོ།། ཞེ་སྡང་གི་རྗེས་ལ་སྟེ་ཕྱིན་ནསོ།། དྲན་པ་ནི་རྗེསུ་དྲན་པའོ།། ཕྲ་མ་ཞེས་བྱ་བ་ལ་ཕྲ་མ་ནི་གཏི་མུག་གི་རྗེས་ལྀ་ཏེ་སྔ་མ་བཞི་ནོ།། འདོད་ཆགས་ནརྀ་ཕྲ་མའི་རྗེས་ལ ་སྔ་མ་བཞི་ནོ།། དེའི་རྗེས་ལ་ནི་ཕྲག་དོག་སྟེ། ཕྲག་དོག་ནི་གཤིན་རྗེ་གཤད་དོ།། དྲྀན་པ་ཞེས་བྱ་བ་ནི་རྣམ་པར་བལྟ་བར་བྱ་ཞེས་བྱ་བོའི་དོན་ཏོ།། བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི་དམ་ཚིག་བསྲུང་བ་གང ་ལ་ཡོད་པ་དེ་ནི་བརྟུལ་ཞུགས་ཅ་ནོ།། དེ་ནི་གསང་བའི་འཁོར་ལོ་རྫོགས་ནས་སྤྲོ་བ་གསུངས་པ། བི་སྤུའི་ཁུང་ནས་སྤྲོ་བར་བྱོ་ཞེས་བྱ་བ་ལ་སྤྲོ་བ་ནི་སྔོན་ལ། དམ་ཆོག་གི་འཁོར་ཁོར་དགོད་པར་བྱའོ་ཞེས་བྱ་བའི ་དོན་ཏོ།། བ་སྤུའི་ཁུང་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་བ་སྤུའི་ཁུང་ནསོ།། རིགས་ཀྱི་ཞེས་བྱ་བ་ནི་གཞན་དག་གི་རྒྱུར་གྱུར་པ་ཞེ་སྡང་ལ་སོགས་པའི་རིག་སོ།། དེ་ཉིད་ཀྱི་སྤྲིན་རྣམས་ནི་མཐཱ། ་མེད་པའི་སྤྲུལ་པའི་གཟུགས་ཉིད་ཀྱིས། ན་མཁའི་དཀྱིལ་འཁོར་ཁྱབ་པའོ།། སོ་སེ་ཞེས་བྱ་བ་རི་རཾ་ལས་ཀྱང་ངོ་།། སྤྲོ་བར་བྱ་ཞེས་བྱ་བ་སྔ་མ་བཞིན་སྦྱར།། དཀྱིལ་འཁོར་པའི་གདན་གསུངས་པ། ཉི་མའི་དཀྱིལ་འཁོར་ཞེས ་བྱ་བ་ལ་སེགས་པའོ།། རྗེསུ་དྲན་པ་བསྒོམ་པ་གང་བསྟན་པ་དེ་ནི་རྗེསུ་དྲན་པ་བསྒོམ་པའི་རིམ་པར་ཕྱེ་བའོ།། དཔལ་གཤིན་རྗེ་གཽ་ཤེང་ནག་པོའི་དཀའ་འགྲེལ་སློབ་དཔོན་གྲཱྀ་དྷ་རས་མཛད་པ་ལཱ་རཾ་པཱ་ཕྱེ་བ་བཅུ་པའི་བཤད་པའོ།། ་དོ་ནི་རྣལ་འབྱོར་པ་མཚན་མ་ཐོབ་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། རིག་པའི་བརྟུལ་ཞུགས་ཀྱི་ངོ་བོ་སྤྱོད་པ་བྱའོ་ཞེས་བྱ་བས་དེའི་ཕྱིར་ཞེ་སྡང་ལ་སོགས་པ་རྣམ་པར་དགེ་བ་རྩེ་བའི་མངོན་དུ་འགྲོ་བ་བསྟན་པས་སྤྱོད་པའི ་རིམ་པར་ཕྱེ་བ་གསུངས་པ། ཞེ་སྡང་གིསོ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ནི་ཕན་ཚུན་མི་དགའ་བའོ།། དེས་མིན་ནོ་པ་ནི་ཤིན་ཏུ་ཁྱབ་པའོ།། འགྲོ་བ་ཞེས་བྱ་བ་ནི་སྣ་ཚོགས་པའོ།། མཐོང་ནས་ཞེ་སྡང་གྲྀ་ཤིནྡ་རྫི་གཤེད་ཀྱི་གརྦྷ ་སུ་མཛད་དོ་ཞེས་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཅོན་ཞིག་ཅེ་ན་གསུངས་པ། ཞེ་སྡང་ཐམས་ཅད་ཟད་པར་བྱེད་ཅེས་བྱ་བ་སྟེ། ཞེ་སྡང་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ།། དེའི་ཟེད་པ་ནི་དངོས་པོ ་མེད་པར་བྱེད་པའོ།། དེས་ན་ཞེ་སྡང་ཐམས་ཅད་ཟད་པར་བྱེད་ཅེས་བྱའོ།། འདིས་ནི་འདི་ལྟར་བསྟན་པ་ཡིན་ཏེ། འདྲིའི་ངོ་བོ་མངོན་པར་རྟོགས་པར་གྱུར་པ་ན་དེ་དག་ཀྱང་ཟད་པར་འགྱུར་རོ།། གལ་ཏེ་བཅོམ་ལྡན་འདས་སྒྲིབ་པ ་ཐམས་ཙོད་སྤངས་པ་ཡིན་ན། ཇི་ལྟར་ན་གཟུགས་འདི་ལྟ་བུར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། སྙིང་རྗེའི་དབང་གིས་ཞེས་བྱ་བ་སྟེ། སྙིང་རྗེའི་གཞན་དབང་དུ་གྱུར་པས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་གཏི་མུག་གིས ་མནན་ཞེས་བྱ་བ་ལ་སོགས་པར་ཡང་གོ་བར་བྱའོ།། རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོ་གསུངས་པ་ནི་བྱམས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདྲི་བ་སྟེར་བའོ ་དེར་ནི་ཙར་ཙིཙོ་ཀ་ཞེས་གསུང་སོ།། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་ལོས་འབྱིན་པར་འདོད་པའོ།། དགའ་བ་ནི་སེམས་ཅན་རྣམས་ངོ་བོ་ཉིད་མེད་པར་རྟོགས་ནས་དེ་དག་ལ ་འདི་ཡོད་དོ་ཞེས་བྱ་བས་དཀའ་བ་མེད་པར་རྟོགས་པར་ནུསོ་ཞེས་དགའ་བའི་སེམསོ།། བཏང་སྙོམས་ནི་བདག་ཉིད་ཀྱིས་བདེ་བ་དང་། སྡུག་བསྔལ་དང་། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་།། སྨད ་པ་དང་། བསྟོད་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སེམས་མཉམ་པ་ཉིད་དོ།། དཀྱིལ་འཁོར་ཇི་ལྟར་སྤྲོ་བར་བྱ་ཞེ་ན། གསུངས་པ། བདག་ཉིད་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཅེས ་བྱ་བ་ནི་རང་གི་གཟུགས་ཀྱི་སོ།། རྫོགས་པར་བྱས་ནས་ཤེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྗེས་ཐོགས་པའོ།། བཅོམ་ལྡན་འདས་ཀྱིས་གཟུགསུ་རྫོགས་པར་བྱས་ནས། དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱརརོ།། ་གང་ནས་ཤ་ན། གསུངས་པ། སྙིང་གའི་ས་བོན་ཞེས་བྱ་བ་གསུངས་ཏེ། སྙིང་ག་ན་གནོས་པའི་ཡ་ལས་ཞེས་བྱ་བའི་དོན་ཏོ།། འདི་སྐད་བསྟན་པ་ཡིན་ཏེ། སྙིང་གོའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པོ་ཐམས་ཅད་བཀུག་ལ ་ཁ་ནས་ཞུགས་པ་སྙིང་གའི་ས་བོན་གྱིས་ཞུ་བར་གྱུར་ཏེ། དེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བ་སྟེ། ལྷ་མེའི་པདྨའི་ནང་དུ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ།། དེས་ཅིར་འགྱུར་ཞེ་ན། གསུངས་པ་འགྲུབ་པར་འདི་ལ་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། ད་ནི་ཡེ་ཤེ ་ལ་དབང་ཐོབ་པའི་རྣལ་འབྱོར་པས་ཡང་དག་པའི་ཨོཾ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར། རིག་པ་བརྟུལ་ཞུགས་ཀྱི་ངོ་བོ་སྤྱད་པར་བྱའོ་ཞེས་བྱ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་བྱ་བའི་ངོ་བོ་ཉིད་དོ།། དེ ་མཚན་ཉིད་གང་གིས་མཚོན་པར་བྱེད་པ་དེའི་ཁྱད་པར་ཇི་ལྟ་བུ་ཙན་ཞིག་ཅེ་ན་མཆོག་ཅེས་བྱ་བ་ཀུན་གྱི་གོང་མ་སྟེ། བདག་དང་གཞན་གྱི་དོན་ངེས་པར་བསྒྲུབ་པའི་ཕྱིར་རོ།། གང་གི་ཡིན་ཞེ་ན། གཤིན་རྗེ་གཤིང་པོ་ཞེས་བྱ་བ་གསུངས་པའོ། ་འཇིགས་གཟུགས་ཞེས་བྱ་བ་ནི་ཉོན་མོངས་པོ་ཐམས་ཅད་འཇིགས་པར་མཛད་པས་འཛི་ཌོ་ག་ནུཊཌི་ཏེ་གཟུ་དེ་གང་ལ་ཡོད་པའོ།། ཅིའི་དོན་དུ་སྤྱོད་པར་བྱེད་ཅེ་ན། གསུངས་པ། སྐུ་དང་གསུང་དང་། ཐུགསུ་འགྲུབ་ཅེས་བྱ་སྟེ། དྲག་པོ་དང་། ་ཞི་བ་ལ་སོགས་པའི་རྣམ་པའི་སྐུའི་སྦྱོར་བ་ཉིད་ནི་སྤྲུལ་པའི་སྐུའི་གཟུགས་སོ།། གདུལ་བྱ་མ་ལུས་པའི་དབང་གིས་བསྟན་པའི་ངོ་བོ་དག་གི། སྦྱོར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། རྣམ་པར་རྟོག་པ་མ་ལུས་པ་ནུབ་པར་འགྱུར་བའི་རང་བཞིན ་མེད་པའི་ངོ་བོ་ཉིད་ཀྱི་སེམས་ནི་ཆོས་ཀྱི་སྐུའོ།། འདི་རྣམས་འགྲུབ་པ་ནི་རྫོགས་པར་འགྱུར་བ་སྟེ་དེའི་དོན་དུའོ།། སྐུ་དང་གསུང་དང་ཐུགསོ་འགྲུབ་པར་བྱ་བའི་ཕྱིར་ཏེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་རྫོགས་པར་བྱ་བའི་ཕྱིར ་ཞེས་བྱ་བའི་དོན་ཏེ།། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལྕགས་ནི་ལྕག་སོ།། གཟུང་བར་བྱ་ཞེས་བྱ་བ་ནི་གསོར་བའོ།། སེདླྀ་སྒྲ་ཞེས་བྱ་བ་ནི་ཉོན་མོངས་པའི་རི་དགས་མ་ལུས་པ་གསོད་པར་བྱེད་པས་སིངྒེ་སྟེ། བཅོམ་ལྡན ་འདས་གཤིན་རྗེ་གཤེད་ནག་པོའོ།། དེའི་སྒྲ་ནི་ཡ་མཱ་རཱ་ཛཱི་ཞེས་བྱ་བ་ལ་སོགས་པའོ།། རིག་པ་དང་ཡང་དག་པར་སྦྱོར་བ་གསུངས་པ། རྡོ་རྗེ་གཤིན་རྗེ་གཤོང་སྦྱོར་བས་ཞེས་བྱ་བ་ལ་རང་ཉིད་གཤི་ནོ་རྗེ་གཤེད་དེ། རང་གི་རིག་པའི ་ཉམསུ་མྱོང་བ་དེ་ཉིད་གཤྲིན་ཎཱཾ་གཱ་ཤདྨོ། རྣམ་པར་མི་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ།། དེའི་ཁྱད་པར་ཅན་གྱི་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པའོ།། དེའི་ཕྱིར་ཤེས་རབ་དང་ཐབས ་ཀྱི་སྙོམས་པར་འཇུག་པ་ཉིད་ཀྱི་རིག་པའི་བརྟུལ་ཞུགས་སྔོན་དུ་འགྲོ་བའི་སྤྱོད་པ་སྤྱད་ཞེས་པ་ནི་ལྷག་མའོ།། ཅི་དང་པོ་ཉིད་ནས་བྱ་བ་འམ་ཞེ་ན། གསུངས་པ། ནུས་པ་ཅུང་ཞིག་སྐྱེས་པ་ན་ཞེས་བྱ་བ་སྟེ། ནུས་པ་ནི་སེམས་ཀྱི་སྟེ། སྔ ་ལ་སོགས་པའི་ནུས་པའོ།། སྐྱེས་པ་ནི་ཡོད་པའོ།། རོལ་ཅིང་ཞེས་བྱ་བ་ནི་སེམས་ཅན་མངོན་པར་དད་པར་བྱ་བའི་མཚན་ཉིད་།། སྡུག་ལས་སྐྱེས་པ་ཞེས་བྱ་བ་ན་རྡོ་རྗེའི་ཚིག་དང་ལྡན་པའི་གླུའི་ཁྱད་པར།། ་འདིས་ནི་མཉམ་པར་མ་བཞག་པའི་སྦྱོར་བ་བསྟན་ཏེ།། བསྟན་པའི་རིག་པ་དང་སྙོམས་པར་འཇུག་པ་གོས་ལ་པོར་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་ངེས་པར་བཤད་པ་གསུངས་པ། རྒྱལ་མཚོན་ཞེས་བྱ་བ་ལ་རྒྱལ་མཚན་ནི་མིཚན་མའོ།། ་དེ་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེའོ།། ཁྱམས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཚོགས་སྐྱེས་སོ།། དེ་ནས་ཞེས་བྱ་བ་ནི་བུ་མི་རྙེད་པོའི་རྗེས་ཐིགས་སོའོ།། མཐོང་ནས་ཞེས་བྱ་ཏཱ་ནཻ་ཧཱུཾ་དང་ཨོཾ་ལས་ལས་སྐྱེས་པའི་རྡོ་རྗེ་དང་། ནོར་བུ་དང་ཕཊ་ལས ་བུག་པ་དང་། ཧཱུཾ་དང་ཨ་དག་ལུས་པདྨ་དང་ག་སར་དང་ཕོཊ་ནི་བུག་པ་རོ།། འོ་མ་ཞེས་བྱ་བ་ནི་བདུད་རྩི་སྟེ། ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཅན་གྱི་བྱང་ཆུབ་ཀྱི་སེམ་སོ་ཞེས་བྱ་བའི་དོན་ཏོ།། དེར་ནོ་ཞེས་བྱ་བ་ནི་གཉི་གའི་བུག་པ་ནུས ་མཉམ་དུ་ཚོགས་པའི་སྐད་ཅིགྲོ། རབ་བསྒྲུབ་བྱ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་བསྒྲུབ་པར་བྱའོ།། དོན་ནི་འདྲི་ཡིན་ཏེ། བླ་མྱ་ལ་སོགས་པའི་བཀའ་ཐོབ་ནས་སྔགས་པས་རིག་པོའི་བརྟུལ་ཞུགས་ཀྱི་རིམ་པས། ཐུན་བཞིར་ལྷ ་ལ་སོགས་པའི་བུ་མོ་བཀུག་སྟེ། ནང་དང་ཕྱིའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཇི་ལྟར་རྙེད་པའི་མན་ངག་གིས་བདག་གོམས་པར་བྱེད་པས་ཉེ་བར་མཚོན་པར་བྱ་སྟེ། ཨ་བ་དྷཱུ་ཏཱི་ཞེས་བྱ་བའི་རྩར་སོར་མོ་དང་ལྕེས་མངོན ་དུ་ཕྱོགས་པར་བྱས་ལ། རྡོ་རྗེ་དལ་བུས་བསྐྱོད་པས་དུས་དང་གནས་ཀྱི་ཁྱད་པར་གྱིས་བྱང་ཆུབ་ཀྱི་སེམས་མི་གཏོང་བས་གནས་ན་ཟླ་བ་བཅོ་བརྒྱད་དམ། ཟླ་བ་དྲུག་གམ། གསུམ་མམ། ཕྱེད་དང་གཉིས་སམ། ཐུན་བཞི་སྐྱ་རེངས ་འཆོར་བའི་དུས་སུ་ཆེས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་ངོ་བོར་དངོས་པོ་ཐམས་ཅད་མཚོན་ནས་ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ་ཞེས་བྱ་བ་ནི་རྫོགས་པར་བྱ་ཞེས་བྱ་བའི་དོན་ཏེ།། ཡང་དོན་འདི་ཉིད་གསལ་བར་བྱ ་བའི་ཕྱིར་གསུངས་པ། འོ་མ་ལ་སེམས་གཅིག་གོམས་པས་ཞེས་བྱ་བ་ལ་སོགས་འོ་མ་ནི་རང་གི་རིག་པའི་ཕན་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཏེ། གོམས་པ་ནི་ཡང་དང་ཡང་དུ་འཇལ་བའོ།། འོ་མ་གོམས་པའི་དེ་ཉིད ་གཉིསུ་མེད་པའི་སེམས་ཏེ། དེས་ན་འོ་མ་ལ་སེམས་གཅིག་གོམས་པསོ།། བས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་གསུམ་པའོ།། དེའི་རྒྱུས་གོམོས་པའི་གནས་སྐབས་ན་རྒྱུར་གྱུར་པསོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པའི་དོན ་བདེ་བ་ཆེན་པོའི་ངོ་བོ་མངོན་པར་རྫོགས་པར་བྱང་ཆུབ་པ་རབ་ཏུ་བསྒྲུབ་པ་སྟེ། རྫོགས་པོར་བྱ་ཞེས་བྱ་བའི་དོན་ཏེ།། དེ་ཡང་སེ་རི་མོས་བཅུང་ཞིག་བསྐྱོང་བྱས་ནས།། ཕྱི་ནས་ལྕེ་ཡིས་སྐམས་པས་ཀྱང་།། ནཱ་དི་གང་དེ་རྒྱས་པ་ལས།། ་བྱང་ཆུབ་སེམས་ནི་འབབ་པར་འགྱུར།། སྔགས་པས་རྡོ་རྗེ་ཅུང་ཞིག་ཙམ།། འབར་བར་དུ་ནི་བསྐུལ་བར་བྱ།། ནོར་བུ་ལ་གནས་ཕཊ་ཀྱིས་ནི།། སེམས་ལོས་བྱུང་བ་བརྟེན་པར་བྱ།། བྱང་ཆུབ་སེམས་ནི་མ་ཤོར་ན།། དམ་པའི་བདེ་བ ་རྒྱས་མྱོང་འགྱུར།། འགྲོ་བ་དེ་ཡི་རང་བཞིན་དུ།། སྤྲོས་པ་རྒྱུན་མི་ཆང་སྣང་བྱ།། བརྟན་པ་ཁྱབ་པ་བདེ་བ་ནི།། གོ་འཕང་མཆོག་ནི་ཐོབ་པར་འགྱུར།། བྱང་ཆུབ་སེམས་ནི་ཤོར་གྱུར་ན།། ཐོབ་པ་ཉམ ་འགྱུར་སེམས་བརྒྱ་ལ་ཕྱིར། ཞེས་བསྟན་པོ་ཡིནོ།། རིག་མ་འདུ་བྱ་བ་གསལ་བར་གསུངས་པ། ཕག་མོའི་ནི་བྱ་བ་ལ་སོགས་པ་ལ་ཕག་མེའི་ནི་བཤད་ཟིན་ཏེ།། ཉིད་དང་མཚུངས་པའི་ཤེས་རའོ།། དེའི་ངོ་བོ་བཟུང་བ་ནི་བདག ་པ་སྟེ་བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ།། བཙུན་མོ་ཀུན་ལ་ཞེས་བྱ་བ་ནི་རིགས་ཐམས་ཅད་ལས་བྱུང་བའི་བཅུ་ནོ་མོའོ།། འདོད་པའི་ཞེས་བྱ་བ་ནི་འདོད་པར་བྱ་བའོ།། དེ་ན་ནི་འདི་ཡིན་ཏེ། རིགས་ལྔ་དང་འབྲེལ་པའི་གང་ཡང་རུང་བའི ་བུ་མོ་བླངས་ལ། ཐོས་པ་ལོ་སོགས་པའི་ཡོན་ཏན་གྱིས་འདུས་བྱས་པ་ཉིད་དང་མཚུངས་པར་བསྐྱེད་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་འདོད་པར་བྱའོ།། དེ་ལྟར་རྣམ་པར་གནས་པའི་རྣལ་འབྱོར་པས་འཇིགས་པ་མེད་པར ་བྱ་བ་གསུངས་པ། དཔའ་བོས་སེང་གེ་བཞིན་ཞེས་བྱ་བ་ལ། ཉོན་མོངས་པའི་རི་དགས་ཐམས་ཅད་གསོད་པར་བྱེད་པས་སེང་གེ་སྟེ། བཅོམ་ལྡན་འོངས་སོ།། དེ་བཞིན་དུ་སྤྱོད་པ་བྱ་ཞེས་བྱ་བའོ་དོན་ཏོ།། དེའི་ཕྱིར་གསུངས་པ ་དཔའ་བས་ཞེས་བྱ་བ་ལ་ཉོན་མོངས་པའི་དགྲ་མ་ལུས་པ་ལས་རྒྱལ་བས་ན་དཔའ་བོའོ།། འདོད་པའི་དོན་ཀུན་རབ་ཏུ་བསྒྲུབ་ཅེས་བྱ་བ་ལ་འདོད་པར་བྱ་བས་ན་འདོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམསོ།། ཐམས་ཅད ་ཀྱང་ཡིན་ལ་འདོད་པ་ཡང་ཡིན་པས་འདོད་པའདོན་ཀུ་ནོ།། དེས་དོན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅཅཝ་སྒྲུབ་པར་བྱེད་པས། འདོད་པའི་དོན་ཀུན་རབ་བསྒྲུབ་པའོ།། དོན་ནི་འདི་ཡིན་ཏེ། འདོད་པའི་ཡོན་ཏན་ལྔའི་རོལ་མ་མ། ་ལུས་པས་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བསྒྲུབ་པར་བྱའོ་ཞེས་བྱའོ།། ད་ནི་སྙིང་རྗེས་གདུལ་བྱའི་བསམ་པའི་དབང་གིས་བསྒྲུབ་པའི་ཐབས་ཀྱི་ཁྱད་པར་གཞན་གསུངས་པ། དེ་ནས་ད་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྲུང ་བ་དང་གུར་གྱི་རྗེས་ཐོགས་སུའོ།། གང་ལོ་ཕྱག་རྒྱ་ཡོད་པ་དེ་ནི་ཕྱག་བརྒྱ་པ་སྟེ། དེའི་སྒྲུབ་པའི་ཐབས་བཤད་པར་བྱའོ་ཞེས་བྱ་བར་སྦྱ་རོ།། གསང་སྔགས་ཆེན་པོའི་ཡི་གྲི་གཅིག་ཅེས་བྱ་བ་ནི་ཥྚྲྀཿཉིད་དེ། བསྐྱེད་པའི་རྒྱུ་ཉིད ་ཀྱི་ས་བོན་ནོ།། དེ་ཉིད་ནི་བཟླས་པ་ཡིནོ་ཞེས་བསྟན་ཏོ།། མ་ཧེ་ཡང་དོག་བསྒོམ་པར་བྱ་ཞེས་བྱ་བ་ལ་གང་ལ་མ་ཧཱ་ལྟ་བུའི་གདེང་ཡོད་པ་དཱི་ནི་མ་ཧེའོ།། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རྡོ་རྗེ་གུར་གྱི་ཁོངསུ་ཆུད་པའི་དཀྱིལ་ལ ་ནི་རྡོ་རྗེའི་དཀྱིལ་འཁོར་རོ།། བཅོམ་ལྡན་འདས་ཁྲོ་བོའི་གཟུགས་ཉིད་ཡིན་པསོ་ཉི་མའི་དཀྱིལ་འཁོར་ཏེ། དེ་ལ་གནས་པའོ།། མཱུ་ཧེའི་སྟེང་དུ་ཞེས་བྱ་བ་ནི་མ་ཧེའི་རྒྱུབ་ཀྱི་སྟེང་དུའོ།། དོན་ནི་འདི་ཡིནྡེ་ཏཱཾ། སྡིག་པ་བཤ ་པ་ལ་སོགས་པ་སྔོན་དུ་འགྲོ་བའི་སྟེང་པ་ཉིད་དང་། བསྲུང་བ་དང་ཤུར་གྱི་ནང་དུ་ཥྚྲྀཿཡོངསུ་གྱུར་པ་ལས་ཕྱག་བརྒྱ་པ་མ་ཧའི་ཞལ་ཅན། མི་ཧོའི་སྟེང་དུ་གཤིན་རྗེ་མནན་པ་དཔག་ཏུ་མེད་པའི་འོད་ཀྱི་འཕྲེང་བ ་འཕྲོ་བ། གཡོན་བརྐྱ་བ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་པར་བྱའོ།། ཕྱག་གི་གཙོ་བོ་གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དང་རལ ་གྲི་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་མཚོན་ཆ་བསྣམས་པ་ཞེས་བྱ་བར་གསུངས་པ། གང་ཡང་ཅུང་ཞིག་གཅོད་ཅིང་ཞེས་བྱ་བ་ལ་སོགས་པསོ།། བློ་དང་ལྡན་པ་ཞེས་བྱ་བ་ནི་གཉིསུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའོ། ་དེ་ལས་གཞན་ཡང་དེ་ནས་ཤེས་བྱ་བ་ལ་སོགས་པས་དབྱིག་པ་གཤིན་རྗེ་གཤེད་ཀྱི་བསྒྲུབ་ཐངས་གསུངས་པ་ལ་ཡང་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ།། འོན་ཀྱང་ཡི་གེ་ཧྲཱིཿལས་རྫོགས་པ་ཐལ་བས་བྱུགས་པ། ་ཕྱག་འབུམ་ཕྲག་གཉིས་མངའ་བོའོ།། དེ་ནས་ཡང་དག་པོཤད་བྱ་པཱ་ཅེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྱུར་བའི་ཞལ་ཅན་གྱི་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་གསུངས་པ་སྟེ། འདི་ཡང་གཞན་ཐམས་ཅད་ནི་སྔ ་མཽ་དང་འདྲའོ།། ཧཱུཾ་ལས་བསྐྱེད་པ་ཞེས་བྱ་བ་ནི་ཁྱད་པརོ།། སྔར་གཤི་ནོ་རྗེ་གཤོད་གཉིས་ཀྱི་བཟླས་པའི་སྔགས་ཡི་གེ་ཥྚྲྀཿགཅིག་པོ་ཉིད་དེ་ཉིད་ཞལ་རྣམ་པར་འགྱུར་བ་འདི་ཡང་དེ་རང་ཉིད་ཡི་ནོ།། ད་ནི་རྣལ་འབྱོར་པས་བཟའ་བ ་དང་མི་བཟའ་བའི་རྣམ་པར་རྟོག་པ་སྤོང་བ་དང་སྔགས་ཀྱིས་དུབ་ན་རྒྱས་པར་བྱ་བའི་ཕྱིར་དམ་ཚིག་སྒྲུབ་པའི་ཐབས་གསུངས་པ། དམ་ཚིག་སྒྲུབ་ཐབས་བཤད་པར་བྱ་ཞེས་བྱ་བ་ལ། དམ་ཚིག་འདིས་རྣམ་པར་མི་རྟེ་ཌ་པ ་དང་མཉམ་པར་བྱེད་ཅིང་ཐོབ་པར་བྱེད་པས་དམ་ཚིག་གམ། རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། དེའི་སྒྲུབ་ཐབ་སོ།། རྣམ་པར་མི་རྟོག་པ་ཉིད་ཀྱིས་དགོས་པ་ཐམས་ཅད་བསྒྲུབ་པས། དེའི་ཕྱིར་དགོས་པ་ཐང ་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནི་སེམས་ཅན་ལ་གནོད་པ་མེད་པས་བྱའོ་ཞེས་གསུངས་པ་ནི་ངན་པ་དང་བྲལ་ཞེས་བྱ་བ་སྟེ། དཔྱས་དང་བྲལ་བ་ནི་ངན་པ་དང་བྲལ་ཏེ། སྲོག་ཆགས་ལ་གནོད་པ་དང་བྲལ་བས་ངན་པ ་དང་བྲལ་བའོ།། རྙེད་དཀའ་མིན་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བོར་བ་ཉིད་།། ཤ་ཆེ་ནཽ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྣུམཽ་ཆེན་གྱིས་ཞེས་བྱ་བ་ནི་མདུང་ལ་སྐྱོན་པོ་འམ། མཚོན་གྱིས་ཕུག་པའམ། ཤིང་ལ་བཏགས་པའི ་མིའི་ཚིལ་གྱིསོ།། རམས་དང་བསྲེསཽ་པའི་ཞེས་བྱ་བ་ལ་དེ་དག་མཉམ་པར་བསྐོལ་བར་བྱ་ཞེས་བྱ་བའི་དོན་ཏོ།། དེས་ཅིར་འགྱུར་ཞེ་ན་དེའི་ཕྱིར་གསུངས་པ། དབང་དུ་འགྱུར་ཞེས་བྱ་བ་ལ་སོགས་པའོ།། གཞན་ཡང་སྦྱོར་བ་གསུངས ་པ། སྣང་མཛད་ནི་བ་རེ་ཙ་ནའོ།། སི་དུ་བ་ར་ནི་སིན་དུ་རའི་ལོ་མའོ།། བིལ་བ་ནི་དཔལ་འབྲསཽ།། སེ་ཕེཾག་ཕྱེ་མ་བསྲེས་པ་དང་ཞེས་བྱ་བ་དང་། རྟག་པ་ལ་སོགས་པ་དང་མཉམ་པའི་སོ་ཕོག་གི་ཕྱེ་མའོ།། གསེར་ཤིང་ལོ་མའི་ཁུ་བ་རྣམས ་ཞེས་བྱ་བ་ནི་ད་དུ་རའི་ལོ་མའི་ཁུ་བ་དང་བཏགས་ལ་བསྲེ་བར་བྱའོ།། འདི་ཡིས་ཞེས་བྱ་བ་ནི་གོ་སླའོ།། སྦྱོར་བ་གཞན་ཡང་གསུངས་པ། གཅི་བ་ཆེན་པོ་ཞེས་བྱ་བ་ལ་གཅི་བ་ཆེན་པོ་ནི་གཅི་ནོ།། རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་དང ་ཆུབ་ཀྱི་སེམས་སོ།། འདི་དག་མཉམ་པར་རྟག་ཏུ་བཏུང་བར་བྱ་སྟེ། དབུགས་རྒྱུ་བའི་སྣའི་ཁུང་བུ་ནསོ།། རེ་རེས་ཀྱང་རྒྱས་པ་དང་ཤི་བ་སྤོང་བར་འགྱུ་རོ་ཞེས་ཤེས་པར་བྱས་ལ། འཆི་བའི་ཚེ་འཕྲལ་གྱི་རྡོ་རྗེ ་བདུད་རྩི་སྣ་གཉིས་ཀྱི་སྦུབས་ནས་པུས་བཏབ་ལ་བླུགས་ན་ཡང་འཚེ་བར་འགྱུརརོ།། སྦྱོར་བ་འདིའི་ཕན་ཡོན་གསུངས་པ་ནི། འདྲ་ནི་རྣལ་འབྱོར་མཆོག་གཙོ་བོས་ཤེས་བྱ་བའོ།། ཅི་ལྟར་ཞེ་ན། གསུངས་པ། རང་འབྱུང་མི་ཏྲོག་བཏྟི། ་བ་བཞིན་ཞེས་བྱ་བ་སྟེ། རང་འབྱུང་གི་མེ་ཏོག་ནི་བུད་མེད་ཀྱི་དང་པོའི་མེ་ཏོག་གོ། བསྟན་པའི་ཆོ་གས་འཐུངས་ན་འཆི་བར་མི་འགྱུ་རོ་ཞེས་གྲགས་ཏེ། དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ནག་མེ་ཡི་ནི་མར་དྲོ་བླང་། དཀར་མེ་ཡི་ནི་ཡར་ཧཱུ~ཾ། ་བླང་། ཞེས་བྱ་བ་ཡིན་ལ། སྔོ་བསངས་དང་། དཀར་བསངས་ནི་དེ་དག་གི་ཁོངསུ་གཏོག་སོ་ཞེས་བྱ་བ་ནི་མན་ངག། གང་དུ་སྤྱོད་པ་སྟོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱྀ་དྷ་རས་མ ་པ་ལས་རིམ་པར་ཕྱེ་བ་བཅུ་གཅིག་པའི་བཤད་པའོ།། །། ད་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པའི་མཆོད་པའི་གླུས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ་གསུངས་པ། དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། སེམས་ཀྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་བྱམས་པའི་བདག་ཉིད་ཡིན་པའི་ཕྱིར་ཆེན་པོའོ།། འདི་ནི་ཆེན་པོ་ཡང་ཡིན་ཞིང་སྐྱེས་བུ་ཡང་ཡིན་པས་སྐྱེས ་བུ་ཆེན་པོ་སྟེ། གང་ཕྱིར་ཕོ་བྲང་འགེངས་བྱེད་པ།། དེའི་ཕྱིར་སྐྱེས་བུ་ཞེས་བརྗོད་དོ།། ཞེས་བྱ་བའི་ཚིག་གིས་སྐྱེས་བུ་སྟེ། སངས་རྒྱས་ཀྱི་ཞིང་གི་ངོ་བོ་མ་ལུས་པའི་རྟེན་གྱི་དཀྱིལ་འཁོར་གྱི་ཕོ་བྲང་བརྟེན་པའི་དཀྱིལ་འཁོར་གྱི་འགེངས་པ། ་ཕྱིར་རོ།། སྙིང་རྗེའི་དབང་གིས་འདའ་བ.རོ་མི་བྱ་བའི་ཕྱིར་དྲི་མ་ཚི་གྷོ། ཙ་རཱ་ཙི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ལ་དེའི་རྣམ་པར་སེམས་རྩེ་གཅིག་པར་བྱས་ཞེས་བྱ་བའི་དོན་ཏོ།། ཕེག་མོའི་རྣམ་པ་ལྟ་བུའི་ཞེས་བྱ་བ་ལ་སོ། ་པོ་ནི་གོ་སླའོ།། འདི་དག་ཅེས་བྱ་བ་ནི་འཆང་པོར་འགྱུར་བའོ།། མཆོད་པའི་གླུ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་དུ་གསལ་བར་བྱེད་པའི་ངོ་བོ་ཉིད་དོ།། བརྗོད་པར་མཛོད་དོ་ཞེས་བྱ་བ་ནི་གསུང་བ་དང་ལྡན་པའོ།། ཨ་ཀྱོ་ཀྱེ་ཞེས་བྱ་བ། ་ནི་ཡུལ་ར་ངའི་བོད་སྐད་དོ།། ཡང་བླ་ན་མེད་པའི་སྐུ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཨ་ཀྱི་ཀྱེ་ཞེས་བོད་པའོ།། གཤིན་རྗེ་གཤེད་ནོག་པོ་ཞེས་བྱ་བ་ནི་བོད་པ་སྟེ། འདིའི་དོན་ནི་བཤད་ཟིན་ཏོ།། བླ་མ་ཞེས་བྱ་བ་ནི་བླ་མའོ།། སྲིན་པོའི ་གཟུགས་ཅན་རང་བཞིན་ཁྱེད་ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ཏེ། དུག་པ་ཅན་རྣམས་འཇིགས་པར་བྱེད་པས་སྦྱིན་པའི་གཟུགསོ།། ཉོན་མོངས་པའི་རྣམ་པར་རྟོགས་པ་མ་ལུས་པར་ཟད་པོར་བྱེད་པའི་ཕྱིར་ར་བཞིན ་ཁྱེད་ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ནོ།། བདག་གིས་ཞེས་བྱ་བ་ནི་བྱམས་པ་བདག་གིསོ།། ཁྱོད་ཅེས་བྱ་བ་ནི་ཁྱོད་ཉིད།། མཐོང་ན་ཞེས་བྱ་བ་ནི་བལྟས་ན་ཞེས་བྱ་བ་སྟེ། མཐོང་བར་གྱུར་ན་ཞེས་བྱ་བའི་བར་དུའོ།། ཤིན་ཏུ ་འཇིགས་ཤེས་བྱ་བ་ནི་སྐྲག་པར་གྱུར་པ་སྟེ། ཞི་བ་ཉིད་ཡིན་ན་ཡང་འདི་ལྟ་བུའི་རྣམ་པར་གནས་པར་གྱུར་པའི་ཕྱིརརོ།། འདི་ཐོང་མཛོད་ཅེས་བྱ་བ་ནི་ཡོངས་ཐོང་མཛོད་ཅེས་བྱ་བའོ།། ཁྲོས་པའི་རང ་བཞིན་ཞེས་བྱ་བ་ནི་ཁྲོ་བའི་ངོ་བོ་སྟེ། ཞི་བ་དང་བོར་མར་གནས་པའི་གདུལ་བ་རྣམས་ལ་ཡང་སོ་སོར་དེའི་ངོ་བོར་མཛདདོ་ཞེས་བྱ་བའི་དོན་ཏོ།། སྙིང་རྗེའི་གླུ་གསུངས་པ། ཁྱེད་ཀྱི་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱིའོ།། གར་གྱི་ཞེས་བྱ་བ་ནི་བླ ་ན་མེད་པའི་སངས་རྒྱས་ཀྱི་གརུ་བྱས་པ་ནཱའོ།། ག་ཨོས་པར་ཞེས་བྱ་བ་ནི་འདོར་བར་རོ།། མཐོ་རིས་ས་སྟེངས་ས་འོག་བཅས་ཞེས་བྱ་བ་ནི་ས་བླ་ས་སྟེངས་སོ་འོགྲོ་རྣམསོ།། དོནི་ནི་འདི་ཡིན་ཏེ་ཁྱོད་ཀྱིས་གར་མཛད་པས་སྲིད་པོ་གསུཾ ་གཡོས་པར་འགྱུར་གྱིས་དེ་བྱེ་དྲོ་ཐོང་མཛོད་ལ་སངས་རྒྱས་ཀྱི་གཟུགསུ་མཛྲོད་ཅིག་ཅེས་བྱ་བའོ།། ནག་པོ་ནི་རྣམ་པར་འགྱུར་བའོ།། ཨེཉྫ་ནར་བཅག་པ་འདྲ་ཞེས་བྱ་བ་ལ་བཅག་པ་ནི་མགོ་སྨན་གྱི་ལྡེ་གུ་སྟེ་ཨཉྫ་ནཱ་བཅུག་པ ་དང་འདྲ་བར་མཐོང་བའོ།། ཁྲོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་ཁྲོས་པའི་ཡིད་ཅན།། ག་རོ་མཛོད་ཅེས་བྱ་བ་ནི་བླ་ན་མེད་པའི་གར་མཛོད་ཅིག་ཅེས་བྱའོ།། ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིས།། རོ་ལངས་ནི་རཾ་ལངས་ཉིད་དོ།། ཁྲོ་བ ་ཆེན་པོ་ཞེས་བྱ་བའི་དོན་ཏོ།། དགའ་བོའི་གླུ་གསུངས་པ། མདོག་ནག་ཚད་ནི་ཐུང་བ་ལ་ཞེས་བྱ་བ་ནི་མདོག་ནགོ་པོ་ཚད་ཐུང་བའོ།། རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞོང་ཞེས་བྱ་བ་ནི་སེམས་ཅན་གྱི་དེ་ན་མཐོང་བས་དགའ་བར་གྱུར་ནས ་གཟུགས་རྣམ་པ་སྣ་ཚོགས་པ་སྤྲུལ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། རྡོ་རྗེ་དབྱངས་ཅན་མ་ཞེས་བྱ་བ་ནི་བདག་རྡོ་རྗེ་དབྱངས་ཅན་མ་གསོལ་བ་འདེབས་པའོ།། བདེ་བ་ཆེན་ངོ་བོས་ཁྱོད་གར་མཛོད་ཅེས་བྱ་བ་ལ་ཁྱོད་གར་མཛོད ་ཅེས་བྱ་བ་ནི་བསྦྱིན་ཟིན་ཏོ།། བདེ་ཆེན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པོའི་ངོ་བོ་བདེ་བ་ཆེན་པོའོ།། བཏང་སྙོམས་ཀྱི་གླུ་གསུངས་པ། ཧྲཱིཿཥྚྲྀཿའི་སྔགོས་དང་ཞེས་བྱ་པ་ནི་ཧྲཱིཿཥྚྲྀཿལོ་སོགས་པའི ་སྔགས་ཀྱི་ཕ་རེའི་སྒྲ་སོ།། སྲིད་པ་གསུམ་གྱི་འཁྲུལ་པ་ཆོད་ཅེས་བྱ་བ་ལ་སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གཟུང་བ་དང་འཛིན་པོའི་དེ་བོར་འཁྲུལ་པའོ།། དེ་སྤོང་བར་བྱེ་བ་འདི་ཉིད་ནི་བཏང ་སྙོམས་ཆེན་པོའོ་ཞེས་བྱ་བའི་དོན་ཏོ།། འདིས་གསང་སྔགས་ཀྱི་ཆེ་བ་ཡང་བསྟན་པར་འགྱུརརོ།། སྙིང་རྗེས་ཁྲོས་པའི་དང་སྒྲོལ་གཞངས་བྱ་བ་ལ་སྙིང་རྗེ་ཁྲོས་པ་ནི་སྙིང་རྗེའི་དབང་གིས་ཁྲོ་བར་སྤྲུལ་ཞེས་བྱ་བའི་དོན་ཏོ།། དད་པ ་གྱུར་པ་དེ་སྦྲེལ་བར་བྱེད་པོས་དང་སྒྲོལལོ།། འགྲོ་བས་མཐོང་ན་ཞེས་བྱ་བ་ནི་འགྲོ་བས་གཟུགས་མཐོང་ན་ཞེས་བྱེ་བའི་དོན་དོ།། དེ་ནས་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པས་ནི་བཟླས་པ་གསུངས་ཏེ། ར་བོ་བཟླས་ན་ཞེས་བྱ་བ། ་ནི་ཁྱད་པར་ཅན་གྱིས་བཟླས་པ་ནི་རབ་བཟླས་ན་སྟེ། ནང་གི་མ་ནིང་གི་བཟླས་པའི་ངོ་བོའོ།། ཡངས་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་ནོ།། མྱུར་བར་མ་ཡིན་ཞེས་བྱ་བ་ནི་རྐྱེན་པར་མ་ཡིན་པའོ།། དེལ་བར་མ ་ཡིན་པ་ནི་ཡི་གེ་རེ་རེ་ནས་དལ་བུས་བརྗོད་པ་མ་ཡིན་པའོ།། རབ་ཏུ་མ་ཡིན་ཞེས་བྱ་བ་ནི་ཐུང་བ་རྣམས།། ཐུང་བར་མིན་ཞེས་བྱ་བ་ནི་རིང་པོ་རྣམས་ཞེས་བྱ་བ་ནི་ལྷག་མའོ།། ཅུང་ཟད་མི་ཐོས་པར ་ཞེས་བྱ་བ་ནི་ཇི་ལྟར་གཞན་གྱིས་མི་ཐོས་པར་རོ།། ཕྲེང་བ་འདུས་བྱ་བ་གསུངས་པ། མ་ཧེ་མི་དང་ཞེས་བྱ་བ་ལ་སོགས་པ་ལ་སོ་གཉིས་ནི་གླང་པོ་ཆེའོ།། རྟ་ནཽ་རྟའོ།། བོང་བུ་ནི་ལུང་བོང་ངོ་།། རི་བུ་དག་ནི་སོ་སེ་ལོ་ཞེས་བྱ་བ་ནི་རི་བུ་སེ ་སྔོ་ལའོ།། ཕྱོགས་གཞན་གསུངས་པ། མཁས་པས་ཡང་ན་མི་མགོ་བསྒོམ་ཞེས་བྱའོ།། བཟླས་པའི་གྲོངས་ཀྱི་སྦྱོར་བ་གསུངས་པ། ཁྲི་ཙམ་གྱིས་ཤེས་བྱའོ།། འབྱུང་པོ་རྣམས་དང་མཁའ་གྲེ་མའི་ཞེས་བྱ་བ་ནི་གཉིས་པའི་དེན ་གྱི་དྲུག་པའོ།། འཆི་བ་ཞེས་བྱ་བ་ནི་ཚར་གཅོད་པའོ།། དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། འབྱུང་པོ་ལ་སོགས་པས་བཟུང་བར་ཤོ་སྐྱེ་བར་བྱས་ནས་དེ་ལ་བཀུག་ནས་བསྒྲུབ་བྱའི་ལུས་ལ ་གཞུག་ཅིང་བཅིངས་ལ་སྣ་ཚོགས་རྡོ་རྗེས་མནན་ནས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། གཉིས་ཀྱི་གློ་གཉིས་ནོས་བཅེར་ལ། འོག་ཏུ་འབར་ཞིང་གཡོ་བ་མའི་དཀྱོར་ལ་གནས་པཱི་བསྒྲུབ་བྱའི་སྙིང་ག་དོང་མགྲིན་པར་བལྟས ་ལ|ཧཱུཾ་འབར་བ་ལས་བྱུང་བའི་རྡོ་རྗེ་དང་འདྲ་བའི་ཡུངས་ཀར་གྱི་རྒྱལ་པོ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས། ལུས་ངེས་པར་འབིགས་པར་བྱེད་པས་བལྟས་ལ། ང་རྒྱལ་དང་བཅས་པས་སྔགས་བཟླས་ནས་བརྡེགས་ན། ་ངེས་པར་གྲོལ་བར་འགྱུརརོ།། ཡང་ན་ལག་པ་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒོམས་ལ་དེས་བཟུང་བའི་ལུས་ལ་འབྱུང་པོ་ལ་སོགས་བཀུག་ལ། རྡོ་རྗེ་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ་དེའི་འོད་ཀྱིས་བསྲེགས་ཤིང ་རང་གི་ལག་པའི་རྡོ་རྗེའི་ཁ་སྦྱོར་གྱིས་བཙིར་ཞིང་མཉེས་ལ་སྔགས་བཟླས་ན་གྲོལ་བར་འགྱུར་རོ།། རྐང་པས་ཀྱང་མཉེ་བར་བྱའོ།། རྩལ་སྤྱོད་པ་ལྟར་སྙིང་ག་ནས་ཀྱང་མཉེ་ཞིང་མནན་པར་བྱའོ།། ཡང་ན་དེས་ཟིན་པར་འདོད་ན ་དེའི་རྣལ་འབྱོར་བྱས་ལ་མར་ངོའི་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བ་ཆུ་དང་བཅས་པས་སྤངས་པའི་གོས་བྱོན་ལ། མདུང་ལ་བསྐྱོན་པའམ། མཚོན་གྱིས་བརྒྱབ་པའམ། དཔྱངས་པའི་མིའི་ཐོད་པ་ལ་དུར་ཁྲད ་ཀྱི་སོལ་བས་ཧཱུཾ་ལོས་བྱུང་བའི་མཆེ་བ་རྣོན་པོ་གཙིགས་པ། ཐོད་པའི་ཕྲེང་བའི་རྒྱན་ཙན་ཁྲོ་བ་དང་བཅས་པ། སྐྲ་གྱེན་དུ་འབོར་བ། ལག་པ་གཡོས་པ་བསྒྲེང་བ་ན་གྲི་གུག་རིང་པོ་ཐོགས་པ། ལོག་པ་གཡོན་ན་མིའི་མགོ་དང ་བསྡིགས་མཛུབ་མཛད་པའི་སྲིན་པོ་བྲིས་ལ། མི་བསྲེགས་པའི་སོལ་བ་དང་ས་དང་ཐལ་བ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་རྣམས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་སྔ་མ་བཞིན་དུ་སྔགས་ཏ་ལའི་ལོ་མ་ལ་བྲིས ་བ་བཅུག་ལ། དུག་དང་ལན་ཚྭ་དང་། སྐེ་ཚ་ལ་སོགས་པས་བྱུགས་པའི་གཟུགས་བརྙན་ཐོད་པ་གཉིས་པར་བཅུག་ནས། གཉི་ག་ཡ་དགུག་པ་ལ་སོགས་པ་བྱས་ནས། བྲིས་པའི་ཐོད་པ་དེའི་སྟེང་དུ་ཁ་ཐུར་དུ་བསྟན་ནས ་བཀབ་ལ་དེས་དེ་བཟུང་བར་བསམས་ནས་རྐང་པས་མུནན་ཅིང་དུར་ཁྲོད་དུ་ནམ་ཕྱེད་ན་ཁྲོ་བ་དང་བཅས་པས་ཆེ་གེ་མོ་ཟུང་ཤིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པས་བཟླས་ན་ངེས་པར་ངེས ་འཛིན་པར་འགྱུར་རོ།། སྦྱོར་བ་འདི་ཉིད་ཀྱིས་རིམས་ལ་སོགས་པས་ཀྱང་འདེབས་པར་བྱེད་དོ།། དེ་ལ་ཆེ་བའི་རིམས་ལོ་ནི་དམར་པོ་སྐྲ་དམར་པོ་འབར་བའི་གྱེན་དུ་འགྲེང་པོའོ།། གྱང་བའི་རིམས་ལ་ནི་དཀར་བ་དང་གསུས་པ་འཕྱང་བ ་སྟེ། གཉི་ག་ཨིང་རྐང་པ་གསུམ་པ་མགོ་གསུམ་པ། ལག་པ་གསུམ་པ་ཁྲོ་བ་དང་བཅོས་པའོ།། འདི་ཉིད་གསུངས་པ། གཤིན་རྗེ་གཤེད་རྡོ་རྗེ་སྦྱོར་བ་ཡིས་ཤེས་བྱ་བ་ཡིན།། སྔོན་དུ་བསྙེན་པའི་ཆོ་ག་གསུངས་པ། རྣལ་འབྱོར་བདག ་ཉྫད་འབུམ་བཟླས་ཞེས་བྱ་བ་ལ་སོགས་པ་སྨོས་ཅི་དགོས་ཞེས་བྱ་བ་ནི་འགྲུབ་པ་ཉིད་དུ་ཇི་ལྟར་མི་འགྱུར་ཏེ། འདི་ནི་ངེས་ཞེས་བྱ་བའི་དོན་ཏེ།། བསྒྲུབ་པ་པོའི་གཏོརྱ་མའི་ཚི་ག་གསུངས་པ་ལ། ཉིན་རེ་འམ་ཞེས་བྱ་བ་ནི་རྟག་ཏུའོ ་ཟླ་རེའམ་ཞེས་བྱ་བ་ནི་ཟློ་བོ་རེ་རེ་ལ་ཉིན་རེའོ།། ལོ་ནི་རེ་རེ་ཞེས་བྱ་བ་ནི་ལོ་རེ་རྀ་ལ། སྨོས་ཅི་དགོས་ཞེས་བྱ་བ་ནི་འགྲུབ་པ་ཉིད་དུ་ཇི་ལྟར་མི་འགྱུར་ཏེ། ཉིན་རེའོ།། གཏོར་མ་དྲུག་ཅུ་རྩ་བཞིའི་སྦྱིན་ཞེས་བྱ་བར་སྦྱ་རོ།། དུས་ནམ་ཞེ་ན། དུས ་བསྟན་པའི་ཕྱིརརོ་གསུངས་པ། དབྱིག་གུ་ཞེས་བྱ་བ་ལ་ཐུན་གཙོག་གི་བརྒྱད་ཆ་ནི་དབྱིག་གུའོ།། དེའི་གྲངས་གང་ཞེ་ནི། གསུངས་པ། དྲུག་ཅུ་རྩ་བཞི་ཞེས་བྱ་བར་སྦྱ་རོ།། དོན་ནི་འདི་ཡིན་ཏེ། ཐུན་བརྒྱད་ཀྱིས་མཚོན་པའི་ཉིན་ཞག ་གཅིག་ལ། དབྱིག་གུ་དྲུག་ཅུ་རྩ་བཞིའོ། ཞེས་ཤེས་བྱ་བ་ནི་དབྱིག་གུའི་སྦྱོར་བ་ལ་བཟོ་བའོ།། དེ་ལ་ཡར་ངོའི་ཚེས་གཅིག་ནས་བརྩམས་ནས་སྣ་གཡོན་པའི་བུག་པ་ནས་ཟླ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེ་ཡང་ཐུན་ཕྱེང་ཁྱབ་པར ་གནསོ།། དེའི་རྗེས་ལ་ནི་འཕོ་བོ་སྟེ། ཐུན་ཕྱེད་པ་བརྒྱད་ཀྱི་བར་དུ་བྱུང་ནས་ནུབ་པར་འགྱུརརོ།། དེ་བཞིན་དུ་ནུབ་མོ་ཡང་དེ་འདི་དག་ནི་འཕོ་བ་བཅུ་དྲུག། དེ་ལ་འཕོ་བ་དེ་རེ་རེ་ལ་ཡང་མེ་དང་རླུང་དང་ཆུ་དང་དབང་ཆེན་གྱི་དབྱེ་བོས་སྐྲོད་ཅིག ་བཞི་ལ་ནི་དབྱིག་གུ་ཞེས་བྱ་བ་སྟེ། དེ་ལ་གང་གི་ཚེ་སྟེང་དུ་འབྱུང་བ་དེ་ནི་མེ་ཡིན། ལོགས་གཉིསུ་འབྱུང་བ་ནི་རླུང་ཡིན། ཐུར་ལ་འབྱུང་བ་ནི་ཆུ་ཡིན། དབུས་ནས་འབྱུང་བ་ནི་དབང་ཆེན་ཡིན་ནོ།། དེ་ལ་གང་གི་ཚེ་དབུས་ནས་གང་ཚེ་སྟེང ་གང་ཚེ་ཡང་ནི་བློ་གཉིས་ནས།། གང་ཚེ་འོག་ཅར་ཁྱབ་པ་ནི།། སྐད་ཅིག་སྐད་ཅིག་རླུང་འབྱུང་བ།། འཕོ་བ་བཞི་ནི་ཤེས་བྱས་ལ།། དབྱིག་གུ་བཞི་རུ་ལྟ་བར་བྱ།། ཇི་ལྟར་དབྱིག་གུ་དབྱི་གུ་བཞིན།། རབ་སྦྱོར་བདག་ཉིད་གཏོར་མ ་སྦྱིན།། དེ་བཞིན་དུ་མར་པོ་ལ་ནི་ཉི་མ་ཞེས་བྱ་བའི་མིང་ཅན་སྣ་ཁུང་གཡས་པ་ནས་འབྱུང་བར་རིག་པར་བྱའོ།། དེ་ལྟར་ཆོས་གཉིས་དོང་གསུམ་གྱི་བར་དུའོ།། དེ་ནས་བཞི་པ་ཡང་ཉི་མ་ནས་ཟླ་བར་རོ།། དེ་ལྟར་ལྔ་པ་དང་དྲུག་། ་བར་དུའོ།། དེ་ནས་ཡང་ལྡོག་སྟེ། ཚེས་བདུན་དང་བརྒྱད་དང་དགུའི་བར་དུའོ།། དེ་ནས་བཅུ་དང་བཅིག་དང་བཅུ་གཉིས་ཀྱི་བར་དུའོ།། དེ་ནས་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔའི་བར་དུ་སྟེ། ཟླ་བ་ཕྱེད་གང་ལ་དང་པོ་ནས་བྱུང་བ ་དེར་ཐ་མར་ནུབ་པར་འགྱུ་རོ།། ཉིན་མོའི་ཇི་ལྟ་བ་དེ་བཞིན་དུ་ནུབ་མོ་ཡང་།། འདིར་དག་བ་དང་མི་དགེ་བའི་ལས་དང་། འགྲོ་བ་དང་། འོང་བ་ལ་སོགས་པའི་ལས་བྱའོ།། དེ་ལ་ས་དང་ཆུ་ལ་དགེ་བའི་ལས།། མེ་དང ་རླུང་ལས་ནཱག་པོའོ།། ཟླ་བ་ཡང་དག་ཤེས་པར་བྱ།། འོང་རྣཾ་བ་ལ་འབྲིང་པོ་ཡིན།། མི་དག་གོ་ལི་ཏེ་ཉི་མར་བྱས།། དེ་ནི་དྭེས་པཱཪྵ་འཆི་བ་སྟེར།། དེ་ཉིད་ཟླ་བར་བྱུང་གྱུར་ན།། ཤིན་ཏུ་སྡུག་བསྔལ་སྟེར་བ་མི་ནི།། ཞེས་བྱ་བ་ཡི་ནོ།། རྟག ་ཧཱུ~ཾ་རླུང་ཟད་ཅི་ཟ་དང་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་བྱ་བ་ཉིད་གསུངས་པ་སྟེ། ཕུད་ཅེས་བྱ་བ་ནི་དང་པོའོ།། འདིས་ནི་ཕྱིའི་གཤིན་རྗེ་གཤེད་ཚིམ་པར་བྱ་བ་གསུངས་པའོ།། ཡང་ན་རྣལ་འབྱོར་པའི་མཆོག་གི་ཏིང་ངེ་འཛིན ་གྱི་ཁྱད་པར་གཞན་གསུངས་པ་སྟེ། ཕུད་ཅེས་བྱ་བ་ནི་གོང་ན་མེད་པ་དེར་ཇི་ལྟར་འགྱུར་བ་དེ་ལྟ་བུར་གཤིན་རྗེ་གཤེད་རང་གིས་རིག་པའི་བདག་ཉིད་ཅན་ལོ་ཞེས་བྱ་བའི་དོན་ཏོ།། ད་ནི་བླ་མ་མོཉེས་པར་གྱུར་ན་དངོས་གྲུབ ་འབྱུང་ངོ་ཞེས་བྱ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཉེ་བར་འཁོར་བའི་ཁྱད་པར་ཐམས་ཅད་ནི་ཕྲེང་བ་ལ་སོགས་པ་འདུས་བྱ་བའི་ཁྱད་པརོ།། གང་དུ་དེ ་ལྟ་བུ་བསྟན་པ་དེ་ཡང་ཉེ་བར་འཁོར་པོའི་ཁྱད་པར་ཐམས་ཅད་པ་ཞེས་བྱའོ།། དཔལ་གཤིན་རྗེ་གཤིང་ནག་པོའི་དཀའགྲེལ་སློབ་དཔོན་བྷྲྀ་དྷཱ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཞི་སོ་པའི་ལཤད་པའོ།། ་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཚོན་ཆའི་རྣམ་པར་དག་པ་སྔོན་དུ་འགྲོ་བའི་ངེས་པའི་ཚུལ་གསུངས་པ་ལ། ཇི་སྙེད་པ་ཞེས་བྱ་བ་ནི་ཚད་ཇི་ཙམ་ཡོད་པའོ།། གང་མི་དགེ་བའི་རྒྱུས་སྡིགས་པ་བྱས་པ་ཉིད་ནི་སྡིག་པའོ།། དེ་དག ་ཅེས་བྱ་བ་ནི་རྣམ་པ་ཀུན་ཏུ་གཅོད་ཅིང་འབིགས་པས་གྲི་གུགོ། ཤུགས་ཅན་ནི་རེལ་གྲི་སྟེ། ཉོན་མོངས་པ་ཉིད་ཀྱི་ངག་ཡིན་པས་རལ་གྲིའོ།། དེས་གཅོད་ཅིང་གཤེག་པར་བྱེད་པའི་ཕྱིར་རོ།། རིང་པོའི་ཐོས་པ་བསྒྲུབ་པའི་ཕྱིར། དེ ་ནས་ཤེས་བྱ་བ་ལ་སོགས་པས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་ཐེབྲས་གསུངས་པ་ལ། རིང་པོའི་ཐོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས།། ཀུན་ཏུ་ཞེས་བྱ་བ་མ་ལུས་པའི་རྣམ་པ་ཐོས་པ་ནི་རིང་བའི་ཐོས་པའོ།། དེ་བསྒྲུབ་པ་ནི་རྫོ་གས་པར ་པར་བྱ་བའོ།། དེའི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ནམ་མཁའ་ཞེས་བྱ་བི་ནི་མཁའོ།། དེ་ཉིད་ནི་ཁམས་དེ་ཆོས་ཐམས་ཅད་ནི་རང་བཞིན་ནོ།། དེའི་དབུས་སུ་གཞལ་ཡས་ཁོང་སྟེ། དེ་གཏོགས ་པྲཱི་དྲོའི་ཁོངས་སུ་གཏོགས་པར་རོ།། ཉི་མའི་དཀྱིལ་འཁོར་བསམོ་པར་བྱ་ཞེས་བྱ་བ་སྒོམ་པའོ།། རྩེ་ལྔ་པ་ཡང་ཞེས་བྱ་བ་ནི་གང་ལ་རྩེ་ལྔ་ཡོད་པ་དེ་ནི་རྩེ་ལྔ་པ་སྟེ། རྡོ་རྗེ་ཞེས་བྱ་བའི་དོན་ཏོ།། གནས་ཞེས་བྱ་བཱ་ནི་ས་བོན་གྱི ་ཡི་གེ་སྟེ། ས་བོན་ཡི་གེ་གནས་ཞེས་བརྗོད་ཅེས་བྱ་བའི་ཚིག་གིས།། དེའི་སྟེང་དུ་ཞེས་པ་ནི་དེའི་ལྟེ་བའི་དཀྱིལ་དུའོ།། དེ་ཉིད་གསུངས་པ། ཞེས་བྱ་བ་སྟེ་ཡོངསུ་གྱུར་པ་ལསོ་ཞེས་བྱ་བའི་དོན་ཏོ།། ནག་པོ་འཇིག་སུ་རུང་བ ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའོ།། གྷ་ཡྻ་གཡོན་པའི་ཞལ་ནི་དཀར་བ་དམར་བའོ།། ཕྱག་ཏུ་རྡོ་རྗེ་རྣམ་བསྒོམ་བྱ་བཱ་ནི་ཕྱུག་གི་གཙོ་བོ་ནའོ།། གཝཱན་ནཱི་ཕྱག་གཞན་དག་ལྔ་དཀོད་ཅེས་བྱ་བ་ནཱི་ཕྱུག ་མཚན་ལྷག་མ་རལ་གྲི་དང་། གྲི་གུག་དང་འཁོར་ལོ་དང་། པདྨ་དང་། ཐོད་པ་རྣམས་ཕྱག་གཞན་དག་ན་སྟེ། ལྷག་མ་ལྔ་པོ་ལ་དགོད་པར་བྱ་བོ་སྟེ། བསྒྲིམ་པར་བྱ་ཞེས་བྱ་བའི་དོན་ཏོ།། སྦྱོར་བའི་དཀྱིལ་འཁོར་ནཱི་ཟླ་བོའི་དཀྱིལ ་འཁོར་རོ།། རལ་གྲི་འཛིན་མ་ཞེས་བྱ་བ་ནི་གང་ལ་རལ་གྲི་ཡོད་པ་དེ་ནི་རལ་གྲི་འཛིན་མའོ།། དཀྱིལ་འཁོར་རིམ་པའོ་ཞེས་བྱེ་བ་ནི་ལྷ་མེ་ལྔ་པོ་དི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ།། འདིས་ནི་དཀྱིལ་འཁོར་རིམ་པ་གཉིས ་པར་བསྟན་པ་ཡིན་ནོ།། འདི་སྐད་བསྟོན་པ་ཡིན་ཏེ། དཀྱིལ་འཁོར་སྔ་མའི་སྣ་ཚོགས་རྡོ་རྗེ་མེད་པ་ལ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཤར་གྱི་ཀ་བ་གཉིས་ནི་འཁོར་ལོའི་རང་བཞི་ནོ།། ལྷོ་གཉིས ་ནི་རིན་པོ་ཆེའི་རང་བཞིན་ནོ།། ནུབ་ཀྱི་གཉིས་ནི་པདྨའི་རང་བཞིན་ནོ།། བྱང་གི་གཉིས་ནི་རལ་གྲིའི་རང་བཞིན་ནོ།། གཞན་ཐམས་ཅད་ནི་སྔ་མ་བཞིནོ།། མེ་ལ་སོགས་པའི་མཚམས་བཞི་རུ་ཞེས་བྱ་བ་ནི་མེ་དང་བདེན་བྲལ་དང་རླུང ་དང་དབང་ལྡན་གྱི་མཚམས་རྣམས་སུའོ།། ལཱ་སྱེ་མ་དཀར་མོ་གར་བྱེད་པའི་ཚུལ་དང་། ཕྲེང་བ་སེར་མོ་ཕྲེང་བ་འཛིན་པའི་ཚུལ་དང་། གར་མ་དམར་མོ་གར་བྱེད་པའི་ཚུལ་དང་། གླུ་མོ་སྡེ་སངས་གླུ་ལེན་པའི་ཚུལ་ཅན་ཏེ། ལྷ་མོ ་ཀུན་ཀྱང་ཕྱག་གཉིས་པ་ཞལ་གཅིག་པ་གཡོན་རྐྱང་བའི་ཞབས། རིན་པོ་ཆེའི་ཕྲེང་བ་འཛིན་པ་ཅུང་ཞིག་ཁྲོས་པའི་གཟུགས་ཅནོ།། སངས་རྒྱསྐུ་མཁའ་གྲེ་མ་ནས་བརྩམས་ནས་རལ་གྲི་འཛིན་མ་ཞེས་བྱ་བའི་བར་གྱི་ཕྱག་དང ་ཞལ་དང་ཕྱག་མཚན་དང་ཁ་དོག་འཁོར་ལེ་ནི་སྔ་མ་བཞིན་བལྟ་བར་བྱའོ།། ཨོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་བོད་པའོ།། ཨོཾ་ཀརྨཱ་ཌཱ་ཀིཾ་ནི་ཞེས་བྱ་བ་ནི་ཆོས་ཀྱི་མཁའ་འགྲོ་མ་ལའོ།། ཨོཾ་བུདྡྷ་ཊཱི་ཀོ་ནཾ་ཞེས ་བྱ་བ་ནི་སངས་རྒྱས་མཁ་འགྲོ་ལ་འབོད་པའོ།། ཨོཾ་རཏྣ་ཌཱ་ཀི་ནཱི་ཞེས་བྱ་བོ་ནི་རིན་ཆེན་མཁྲེའ་འགྲོ་མ་ལིའོ།། ལཾ་ལ་སོགས་པ་ནི་ལཱ་སྱ་ལ་སོགས་པའོ།། ཨོཾ་མུཏྟ་རཱ་ཛཱ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་སྐྱོང་བ་རྣམས་ལའོ།། དགུག་པ་ལ ་སོགས་པའི་སྔགས་ནི་འཁོར་ལོ་སྔ་མའི་ཡིན་ནོ།། འདི་ནི་ཞེས་བྱ་བ་ནི་བསྟན་ཟིན་པ་ཉིད་དོ།། འདི་ལྟ་བུའི་བསྒོམ་པ་ནི་སྔོན་གྱི་བསྙེན་པའི་ཆོ་གའོ།། དེ་རི་ནི་ཞེས་བྱ་བ་ལ་སོགས་པས་ནི་བསྒྲུབ་པའི་དུས་ཀྱི་བཟླས་པའི་སྔགས ་བསྟན་ཏེ། ཨོཾ་ཨཱ་ཀ་ཤ་ཞེས་བྱ་བ་ལ་སོགས་པའོ།། ས་འོག་སྒྲུབ་པའི་ཕྱིར་གསུངས་པ། དེ་ནས་ཡང་དག་ཅེས་བྱ་བ་ལ་སོགས་པ་ལ། ཡང་དག་ཅེས་བྱ་བ་ཡང་དག་བཤད་པར་བྱ་བའོ།། ཡང་དགུ་པ་ཉིད་ནི་ཡེང་ཕྱག་འཚལ ་བ་ལ་སོགས་པ་ཐམས་ཅད་དང་། སྟོང་པ་ཉིད་དང་། བསྲུང་བ་དང་གུར་གྱི་ནང་དུ་ཆུད་པའི་གཞལ་ཡས་ཁང་མངོན་པར་སྤྲུལ་ལ། དེའི་དཀྱིལ་དུ་ཉི་མ་ལྀ་གནས་པའི་ཧྲཱིཿལས་སྨྱོས་པའི་གནོད་མཛེས་རྡོ་རྗེ་བསྒོམ་པོར་བྱའོ་ཞེས ་བྱཱཏྠའི་དོན་ཏེ། ཕྱག་དྲུག་པ་སྔ་མ་བཞིན་དུ་མཚོན་ཆ་འཛིན་པ་རྩ་བུའི་ཞལ་དང་ལུས་ཐམས་ཅད་སྔོ་བ། གཡས་དང་གཡོན་པའི་ཞལ་དཀར་བ་དང་དམར་བའོ།། ཕྱུག་ཏུ་གཏུན་ཤིང་ཞེས་བྱ་བ་ནི་རྡོ་རྗེ ་གནས་སུ་སྟེ། ཕྱག་གཙོ་བོ་གཉིས་པ་ནིའོ།། དཀྱིལ་དོག་ཏུ་ཞེས་བྱ་བ་ནི་ཀ་པ་བརྒྱད་ཀྱིས་ཉེ་བཱར་མཛེས་པར་བྱས་པའི་དཀྱིལ་འཁོར་གྱི་དབུས་སུའོ།། འདི་ནི་ཞེས་བྱ་བ་འཆད་པར་འགྱུར་བའོ།། ཤར་དུ་སྤྱན་མ་ནི་དཀོར་མོ་སྟེ། ་ཞལ་གཡས་དང་གཡོན་སྔོ་བ་དང་དམར་བ། འཁོར་ལོ་དང་རལ་གྲི་དང་། རིན་པོ་ཆེ་དང་། པདྨ་འཛིན་པའོ།། ལྷོ་རུ་མཱ་མ་ཀཱི་སྔོན་མོ་ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་བ། རྡོ་རྗེ་དང་རལ་གྲི་དང་འཁོར་ལེ་དང་པདྨ་བསྣམས ་པའོ།། ནུབ་ཏུ་གོས་དཀར་མོ་དམར་མོ་ཞལ་གཡས་དང་གཡོན་སྔོ་བ་དང་དཀར་བ། པདྨ་དང་རལ་གྲི་དང་། འཁོར་ལོ་དང་ནོར་བུ་བསྣམས་པ། བྱང་དུ་སྦྲེལ་མ་སྡེ་བསངས་ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ། རལ་གྲི ་དང་འཁར་ལེ་དང་ནོར་བུ་དང་པདྨ་བསྣམས་པའོ།། ལྷ་མོ་ཀུན་ཀྱང་གཡོན་བརྐྱང་བུ་ཁྲོ་བ་དང་བཅས་པའོ།། གྲི་གུག་དང་། ཐོད་པས་འཁྱུད་པའི་ཚུལ་ཅན་ནོ།། མེ་ཏེག་ཅེས་བྱ་བ་ནི་མྱེ་ཏོག་མ། མེ་ཏོག་དཀར་པོའི་འཕྲེང་བ་ལག་ཏུ ་ཐོགས་པའོ།། སྤོས་ཤེས་བྱ་བ་ནི་སྤོས་མེ་མ་སྤོས་སྣོད་ལག་ཏུ་ཐེགས་པའོ།། མར་མེ་མ་ཞེས་བྱ་བ་ནི་མར་མ་མ། མར་མེ་ལག་ཏུ་ཐོགས་པའི་ཚུལ་ཅན་ནོ།། དྲི་ཞེས་བྱ་བ་ནི་དྲོའི་དུང་ཕོར་ཐོགས་པོའི་ལག་པའི་ཚུལ་ཅན་ནོ།། མི ་སོགས་མཚམ་སུ་དགོད་ཅེས་བྱ་བ་ནི་མེ་དང་། བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་གེ་རིམས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ།། ཐོ་བ་ལ་སོགས་སྒོ་རུ་སྭཱ་ཞེས་བྱ་བ་ནི་གོ་སླའོ།། འདི་ནི་བཅོམ་ལྡན་འདས་བསྐྱེད་ནས་དཀྱིལ་འཁོར ་བ་ཡང་བསྐྱེད་པར་བྱའོ་ཞེས་གསུངས་པ། ཆོ་ག་མཐོང་ནས་ཞེས་བྱ་བ་ལ། འདིར་ཆོ་ག་ནི་འཁོར་ལོ་སྔ་མ་ཉིད་ལྟ་རོ།། རྨི་ལམ་ནི་མཚན་མ་ཉིད་དོ།། དོན་ནི་འོད་ཡིན་ཏེ། རྣོལ་འབྱོར་པ་སྔོན་དུ་བསྙེན་པ་བྱེས་ལ། བཅོམ་ལྡན་འདས་རྨི ་ལམ་གྱི་མོཚན་མོར་ས་འོག་གི་ཁུང་བུ་སྟོན་པར་འགྱུར་རོ།། དེར་རྡོ་རྗེ་ས་འོག་གི་རྣལ་འབྱོར་པ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མཁའི་སྤྱོད་ཀྱི་དངོས་གྲུབ་གསུངས་ཏེ། འདིར་ཡང་གཞན་ཐ~ཾད ་ནི་སྔ་མ་བཞི་ནོ།། བདུན་པའི་རྒྱལ་པོ་ཞེས་བྱ་བ་ལ་བདུན་པ་སྟེ་རྔའོ།། དེའི་གཟུགས་ཀྱིས་འདུལ་བའི་རྒྱུད་ལ་རྒྱལོ་པོ་ལྟར་བྱེད་པས་བདུན་པའི་རྒྱལ་པེཥྚོ།། དཀྱིལ་འཁོར་སྔ་མ་དང་དེའི་ཁྱད་གསུངས་པ། ཕྱག་གཉིས་པ་ལ་ཞེས་བྱ་བ་ལ ་སོགས་པ་ལ། སྨན་གླེའུ་ཁུ་ཚུར་བཅངསོ་ཤེས་བྱ་བ་ནི་སྲན་གའུ་ཡི་རྡུངས་པ་དང་བཅས་པའོ།། འདི་དག་སྔ་མ་གཉི་གའི་སྔགས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་ཤོར་དུ་ཞེས་བྱ་བ་ལ་སོགས་པས་ལྷ་མོ་དགོད་པ་ནི་གེ ་སླའོ།། ཁ་དོག་གི་དབྱེ་བ་ཡང་བསྟན་ཟིན་ཏོ།། སྔོགས་འདི་ཡོས་ནི་ཞེས་བྱ་བ་ནི་ཡི་གེ་ཧྲཱིཿསོ།། གཤེགསུ་གསོལ་བ་ནི་ཕྱུང་བ་སྟེ། སྤྲུལ་པ་ཞེས་པ་པོའི་བར་དུའོ།། འདི་སྐད་བསྟན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་སྭ་ཊ ་ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་ཀྱང་སྤྲུལ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སྨྱུག་མའི་གླིང་བུ་ནི་གླིང་བུ་ཉིད་ལ་ཆང་དུ་བྱེད་པའོ།། བི་ཝང་ནི་པི་ཝང་ཉིང་ལ་ཆེད་དུ་གཏང་བའོ།། རྔ་ཟླུམ་ཡང ་བཞིན་ཏེ། ཁ་ཅིག་པགས་པའི་གཡོགས་པ་ནི་རྔ་ཟླུ་མོ།། རྔ་བྲན་ནི་པ་ཏྲ་ཧཱ་ཆེན་པོ་སྟེ། དེ་ནི་ཁ་གྱོན་དུ་བསྟན་ནས་བརྡུང་བའོ།། འདི་དག་གི་ཡང་ཁ་དེ་ག་དང་དགོད་པའི་གནས་ནི་གོ་རིམས་བཞིན་ཤེས་པར་བྱའོ།། བ་ལང ་རྣ་དང་གླང་པོའི་རྣ་ནི་མིང་གི་དོན་གོ་བར་ཟད་དོ།། གདོང་བཟང་གདོང་ངན་ཞེས་བྱ་བ་ནི་མིང་དུ་ཆགས་པའི་སྒོའོ།། ཐམས་ཅད་ཀྱང་ཁྲོ་བོའི་གཟུགསོ།། ཁ་དོག་གི་དབྱེ་བ་ནི་སྒྱུ་མ་བཞིནོ།། འདི་དག་གི་ཕྱག་མཚན་གསུངས་པ་ནི ་གཏུན་ཤིང་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྒོ་བནི་རུ་ནི་ཞེས་བྱ་བ་ལ་སོགས་པོ་ནི་གོ་སླའོ།། ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི་ཞེས་བྱ་བ་ལ། རྟ་མཆོག་གི་སྔགས་དེ་ཉིད་རྡོ་རྗེ་ས་འོག་གི་སྔགས་ཀྱང་དེ་ཉིད་ཡཾ་ནོ་ཞེས་བྱ་བའི་དོན ་ཏོ།། འདི་བསྒོམས་པའི་སྦྱོར་བས་ཅིར་འགྱུར་བཔ་དེ་གསུངས་པ། ཁམས་གསུམ་ན་མཁའི་ཁོངས་རྒྱུ་བ་སྟེ་ཡོངསུ་འཁོར་བའོ།། བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བའི་དོན་ཏོ།། གང་དུ་ས་འོག་ཏུ་འཇུག་པ་ལ་སོགས་པའི་ད ་གྲུབ་ངེས་པ་བསྟན་པའི་ལེའུ་ལ་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤད་ནག་པོའི་དཀའ་གྲེལ་སློབ་དཔོན་ཤྲྀ་དྷ་རས་མཛད་པ་ལས་རིམ་པ་རོ་ཕྱེ་བ་བཅུ་གསུམ་པའི་བཤད་པའོ།། ་ད་ནི་ས་བཟུང་བའི་རྗེས་ཐོག་སུ་ཐིག་གདབ་པ་གསུངས་པ། དེ་ལ་ཞེས་བྱ་བ་ནི་ས་གཟུང་བ་བྱས་པའི་ས་གཞི་ལའོ།། འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ།། སྲད་བུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྲད་བུའོ།། དེ་བརྐྱང་བའི་ཕུན་སུམ ་ཚོགས་པའི་མཆོག་གང་ལ་ཡོད་པ་དེ་ནི་སྲང་བུ་བརྐྱང་བའི་དམ་ཚིགྲོ་གི་མཆོག་སྟེ། རྣལ་འབྱོར་པས་སེམས་ཅན་བསྡུ་བར་བྱ་བའི་ཕྱིར་འདའ་བར་མི་བྱ་བ་ཉིད་དོ།། སྲད་བུ་དེ་ཉིད་མངོན་པར་བསྔགས་པའི་སྔགས་གསུངས་པ ་ཨཱ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྕི་འཆད་པར་འགྱུར་བའི་དེ་ཁོ་ན་ཉིད་གསུངས་ཀྱིས་སྦལ་བ་ཡིན་པར་ཤོས་པརོ+ོ་བྱའོ།། སློབ་མ་རྣམ་པར་སྣོང་མཛད་དུ་བསྒོམ་ཞེས་བྱ་བ་ནི་གཏི་མུག་ག་ཤིན་རྗེ་གཤེད་ཀྱི་གཟུགས ་སུ་དམིགས་པར་བྱས་ལ་ཞེས་བྱ་བའི་དོན་ཏོ།། རང་ཉིད་ནི་དཔལ་གཤིན་རྗེ་གཤད་ཀྱི་གཟུགས་དང་ལྡན་པར་རོ།། ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེ་ཞེས་བྱ་བ་ནི། ཡེ་ཤེས་ནཽ་ཡཀྵེ་མ་མེ་དང་ཞེས་བྱ་བའི་ས་བོན་གྱིས་ངོ་བོའོ ་དེས་བསྐྱེད་པའི་ལྷའི་བདག་ཉིད་ཅན་གྱི་གཟུགས་ནི་ཡེ་ཤེས་ཀྱི་ཐིག་གོ།། དེ་ནི་དྲི་ཞིམ་པོ་ལྔས་བསྒོམ་པ་མཆོགོ།། རྩེ་མོ་ནི་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོ་དེ་བཞིན་གཤེགས་པ་རྣམསོ།། དེ་ཞུགས་པས་རྩེ་མོའི་རྩེ་སྟེ་གཙོ་བོའོ།། ་དེས་ན་ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེའོ།། ཤིན་ཏུ་མཉམ་པར་བཞག་པས་ཞེས་བྱ་བ་ནི་ཕྱོགས་དང་ས་ལ་མཁས་པ་སྟེ། ཕྱོགས་ཀུན་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ནོ།། དེ་ལ་ཞེས་བྱ་བ་ནི་སེ་ཤིང་བཟའ་བ་ལ་སོཌ་པ ་ཐམས་ཅད་བསྒྲུབ་གནསོ།། འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ།། དཀྱིལ་འཁོར་ཆེན་པོར་འཇུག་པ་ཞེས་བྱ་བ་ལ་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་དཀྱིལ་འཁོར་ཆེན་པོར་འཇུག་པ་སྟེ། ་སླེབ་མ་ཞེས་བྱ་བ་ནི་ལྷག་མའོ།། དེ་ཉིད་འདའ་བར་མི་བྱཱ་བོ་ཡིན་པས་དམ་ཚི་གོ། དེ་ཉིད་གསུངས་པ། ཨོཾ་ཨཱཿཧཱུཾ་དོན་ནི་འདི་ཡིན་ཏེ། སྔགས་འདི་ཟློས་ཤིང་སློབ་མ་གཞུག་པར་བྱ་བ་ལ། དཀྱིལ་འཁོར་བྲི་བའི་དུས་སུ་རེ་ཁའི་ནང་དུ་འཇུག ་ཅིང་ཕྱིར་འབྱུང་བར་ཡང་བཟླ་བར་བྱའོ།། དཀྱིལ་འཁོར་ཉིས་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་ཐིག་སྐྱེད་ཀྱི་ཁྱད་པར་རོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མས་གསང་པོའི་དབང་ལ་སོགས་པའི་གསོལ་བ་གདབ་པ་བསྟན་ཏོ།། ཡཱ ་དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་མོ་དགུག་པའོ།། སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་མཚན་ཉིད་དོ།། འདི་དག་ཐམས་ཅད་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྟན་པས་དགྲོལ་བར་མི་བྱའོ།། དཀྱིལ ་འཁོར་བསྒྲུབ་པ་གསུངས་པ། དེ་ནས་ཞེས་བྱ་བ་ནི་བྲིས་ཟིན་ནས་སོ།། དེ་བཞིན་གཤེགས་པ་ལ་སོགས་པ་ཆེན་པོ་རྣམས་ཀྱི་སྙིང་པོ་ནི་འབྱིན་པའི་སྔག་སོ།། འདིས་བྱེད་པའི་དོན་གྱི་གསུམ་པ་སྟེ། སྙིང་པོ་ཆེན་པོ་ཡིས་ཞེས་བྱ་བའི་དོན ་བདག་ཉིད་ནི་རང་སྟེ་འཁོར་ལོ་དགོད་ཅེས་སྔ་མ་དང་སྦྱར་རོ།། རང་གི་ཕྱག་རྒྱ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་མཚན་ཉིད་དང་ལྡན་པའི་རང་སྣང་བ་དེར་བསྟན་པའོ།། དོན་ནི་འདི་ཡིན་ཏེ། རྡུལ་ཆེན་གྱི་དཀྱིལ་འཁོར་བསྒྲུབ་ལོ། དེར་བློས ་རྣམ་པར་གནས་ནས་རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་སྔོན་དུ་འགྲོ་བས་རང་སྣང་བའི་ཆུ་སྐྱེས་དཀྱིལ་འཁོར་མངོན་པར་སྤྲུལ་ནས། འབྱིན་པའི་སྔགས་ཀྱིས་སྟོན་ལ་གནས་ཇི་ལྟ་བར་བཀོད་དེ། དཀྱིལ་འཁོར་བསྒྲུབ་པར་བྱའོ།། དེ་ཇི་ལྟ་བུ་ཞེ ་ན། གསལ་བར་བྱ་བའི་ཕྱིར་གསུངས་པ། དམ་ཚིག་ཡི་གེ་ཞེས་བྱ་བ་ལ་ཡང་དག་པ་རོ་འགྲོ་ཞིང་རྣམ་པར་མི་རྟོག་པ་བཱི་བདག་ཉིད་ཅན་གྱི་ཡིད་ཤེས་ཐོབ་པར་བྱེད་པས་དམ་ཚིག་ཅེས་རང་སྣང་བའི་རིག་པ་ལ་བྱའོ།། དེའི་ཡི་གེ་ནི་མ ་འགྱུར་ཞིང་ངོ་བོ་ཉིད་ལ་མི་འཕོ་བས་རང་གི་རིག་པའི་ཡེ་ཤེས་ཏེ། དམ་ཚིག་གི་ཡི་གེ་དེས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་སྟེ། ངེས་པར་བསྐྱོད་པར་བྱ་བ་ནི་དཀྱིལ་འཁོ་རི་བསྒྲུབ་པར་བྱའོ།། དཔལ་གསང་བ་འདུས་པ ་ལས་ཀྱང་། བྷ་གོའི་དཀྱིལ་འཁོར་ཞེས་བྱ་དང་།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དོང་།། ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་པས།། དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས་ཞེས་གསུངས་པསོ།། འདི་དག་ནི་དཀྱིལ་འཁོར ་གྱི་ཆོ་ག་དང་བླ་མ་ལས་གསལ་བར་འགྱུར་རོ།། ཤོར་དུ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ཁ་དོག་རྫོགས་པར་བྱེད་དོ།། ཕྱག་རྒྱ་དགོད་པ་ཞེས་བྱ་བ་ནི་མཚན་མེ་དགོད་པའོ།། ལས་ཀྱི་ཆོ་ག་མཐོང་ནས་ནི་ཞེས་བྱ་བ་ནི་དཀྱི ་འཁོར་གྱི་ཆོ་གར་བསྟན་པའོ།། དཀྱིལ་དུ་ཞེས་བྱ་བ་ནི་དབུས་ཀྱི་གདན་ལ་རྡོ་རྗེ་བྲི་བའོ།། ཤར་དུ་ནི་འཁོར་ལོའོ།། དེ་ལྟ་བུ་ལ་སོགས་པར་ལྟ་ཞེས་བྱ་བ་ལ། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་ནི་ལྷོ་དང་ནུབ་དང་བྱང་དུའོ།། འཁོ་རོ་ལོ་དང་རྡོ ་དང་པདྨ་དང་རལ་གྲི་རྣམས་ནི་མེ་དང་བདེན་བྲལ་དང་། རླུང་དང་དབང་ལྡན་རྣམསུའོ།། ཐོ་བ་དང་དབྱིག་པ་དང་པདྨ་དང་། རལ་གྲི་རྣམས་ནི་ཤར་ལ་སོགས་པའི་སྒོར་རོ།། ཐོད་པ་བཞི་ནི་མཚམས་བཞིར་བྲི་བཱ། ་བྱའོ།། ཕྱག་མཚན་ཀུན་ཏུ་ཞལ་དང་མཚུངས། ཞེས་བྱ་བ་ནི་ཞལ་དང་འདྲ་བ་ནི་ཞལ་དང་མཚུངས་པ་སྟེ་ཞལ་གྱི་གཙོ་བོ་དང་མདོག་འདྲ་བ་སྟེ། གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་གཙོ་བོ་དང་འདྲ་བའི་ཕྱག་མཚན་ཞེས་བྱ་བའི་དོན་ཏོ།། དེ་ལ ་འདི་ཡི་སཽ་ཞེས་བྱ་བ་ལ་སོགས་པས་ནི་དགང་གཟར་དང་། བླུགས་གཟུར་གྱི་ཚད་བསྟན་ཏེ་གེ་སླའོ།། ད་ནི་རྒྱུད་ཀྱི་ཆེ་བའི་བདག་ཉིད་དཀྱིལ་འཁོར་དུ་ནཱི་མ་གཞུག་དང་ཞེས་བྱ་བ་ལ་སོགས་པས་གསུངསོ་པ་སྟེ། གཤིན་རྗེ་རྒྱུད་མངོན་གཞོལ་ཝ ་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཅིག་ཏུ་མངོན་པར་ཞེན་པའོ།། དོན་ནི་འདི་ཡིན་ཏེ་སྔར་དེ་ལྟར་ཞུགས་པ་དག་ཕྱི་ནས་གཤིན་རྗེ་གཤད་ཀྱི་རྒྱུད་རྙེད་པས་ལས་དེ་དྲང་ང་ཡོངསུ་བཏང་ནས། དེའི་ཡོན་ཏན་རྙེད་པས་འདོད་པའི་དོན ་འགྲུབ་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འགྲུབ་པར་འདི་ལ་ཞེས་བྱ་བ་སྟེ་ཕྱག་རྒྱ་ཆེན་པོའི་ངོ་བོར་ངེས་པར་འགྲུབ་པའོ།། ཡང་ན་ཐམས་ཅད་ཀྱང་ཇི་ལྟར་གཉི་སུ་མེད་པའི་རྣལ་འབྱོར་པ་ལ་ནི་དེ་ལྟར་གསུངས་ཏེ། དཔལ་གསང་བ ་འདུས་པ་ལས་ཀྱང་། མི་བྱ་བ་ནི་ཅུང་ཞིག་མེད།། དེ་བཞིན་མི་བཟའ་བ་འོང་ཅུང་ཞིག་མེད།། མི་སྨྲ་བ་ཡང་ཅི་ཡང་མེད།། ཀུན་ཏུ་མི་བསམ་ཅི་ཡང་མེད།། མཉམ་པར་མ་གཞག་རྣལ་འབྱོར་གྱིས།། རྟག་ཏུ་མཉམ་པར་གཞག་པ་ཡིན།། ། ་ཞེས་གསུངས་པསོ།། གཱ་ལ་ཏེ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྒྱུར་བ་ཐོབ་པ་ལ་ལྷ་དངོས་གྲུབ་གསུངས་ན། དཀྱིལ་འཁོར་དུ་མ་ཞུགས་པ་དང་། དབང་མ་བསྐུར་བ་ལ་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། ནག་པོས་གསུ ་པའི་ཚིག་བཞིན་དུ། ཞེས་བྱ་བ་སྟེ། ནག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་པོ།། དེའི་ཚིག་ནི་གསུང་ངོ་།། དེ་ཡང་གསུངས་པ་སྟེ། རྒྱུད་མ་ལུས་པར་བསྟན་པོའི་དབང་བསྐུར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཆོ་གའི་རྣམ་པས་ཞེས ་བྱ་བར་དགོངསོ།། དེ་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་བསྟན་པའི་རྗེས་ཐོག་སུའོ།། བྱམས་པ་ལ་སོགས་ཀྱིས་ཤེས་བྱ་བ་ནི་བྱམས་པ་ལ་སོགས་པ་གཞན་དག་གིས་ཀྱང་ངོ་།། རྡོ་རྗེ་ངེས་པ་ནི་དབྱར་མེད་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱིས ་དྲིས་པའོ།། མི་སྨྲ་བར་ནི་སྡོད་པོར་གྱུར་ཅེས་བྱ་བ་ནི་རྟོག་པ་མ་ལུས་པ་གསལ་ནས་ངག་གི་སྤྱོད་ཡུལ་ལས་འདས་པའི་ཆོས་མངོན་སུམ་དུ་བྱས་པ་དང་ལྡན་པའོ།། ད་ནི་དཀྱིལ་འཁོར་དུ་སྐྱོབ་མ་ངོ་མཚར་དང་ཡིད་ཆེས་པ་བསྐྱེད་པའི ་ཕྱིར་རྡོ་རྗེ་དབབ་པ་གསུངས་པ། འབྱུང་བ་བཞི་ཞེས་བྱ་བ་ནས་ལྟེར་བསིལ་བ་ཞེས་བྱ་བའི་བར་ནི་གཱི་སླའོ།། གནས་བཞི་རུ་ནཱི་ཞེས་བྱ་བ་ནི་མགོ་དང་སྙིང་ག་དང་ལྟེ་བུ་དང་རྐང་པ་རྣམ་སུའོ།། སྦྱོར་བ་ཁྱད་པར་ཅན་གྱི་དཀྱིལ་འཁོར་གྱི་ཆོ ་གོར་བསྟན་ཏོ།། འཕར་བར་འགྱུར་ཞེས་བྱ་བ་ནི་ལྟ་བར་འགྱུར་བ་སྟེ། ན་མཁའོ་ལ་ཞེས་བྱ་བ་ནི་ལྷག་མའོ།། གནོད་སྦྱིན་མེའི་སྒྲུབ་ཐབས་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་ཅེ ་བྱ་བ་ནི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཏེ། དཀྱིལ་འཁོར་སྤྲུལ་པ་ནི་སྔ་མ་བཞིན་ནོ།། ཕྱག་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཧཱུཾ་ལས་བསྐྱེད་པ་ཞེས་བྱ་བ་ནི་ལྷག་མའོ།། དོན་ནི ་འདི་ཡིན་ཏེ། སྔགས་པས་སྔོན་དུ་བསྙེན་པོ་བྱས་ལ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མས་བསྐལ་བའི་སྤྱོད་པ་ལས་བྱས་པའི་རས་ཁ་ཚར་མ་བཅད་པ་ལ། གནོད་སྦྱིན་མོའི་མངོན་པོར་བྲིས་ཏེ། རྒྱན་རྣམ་པ་སྣ ་ཚོགས་ཀྱིས་བརྒྱན་པ། ལང་ཚེ་ལྀ་བབ་པ།། སྒྲེགས་པཱི་རོ་དང་ལྡན་པ། ཤིང་ཆེན་པོ་དང་། མྱ་ངན་མེད་པའི་ཤིང་དང་། ཨ་མྲའི་མེ་ཏེག་དང་། འབྲས་བུ་དང་བཅས་པ་གང་ཡང་རུང་བ་ཞིག་ལ་ལག་པ་གཡོན་པ་རོག་པ། ལག་པ ་གཡས་པ་མཆོག་སྦྱིན་པའོ།། དེའི་མདུན་དུ་མེ་ཏོག་དང་། སྤོས་དང་། བཤེས་གཙང་ཕུལ་ལ་རང་གི་རྣལ་འབྱོར་དང་ལྡན་པས་མཚན་མོ་བཟླས་པ་བྱས་ནས་ཉི་མ་བདུན་འོང་བར་འགྱུར་འོངས་ནས་ཀྱང་མེ་ཏོག་དྲི་ཞིམ་པོ་དང་ཆུ ་གཙང་མའི་ཡོན་ཆ་བོ་འབུལ་བར་བྱའོ།། དེས་འགྲུབ་པར་འགྱུར་ཏེ། མ་དྲང་སྲིང་མོ་དང་ཆུང་མའི་ཚུལ་གྱིསོ་བྱུང་ན་ཇི་ལྟར་རིགས་པ་བཞིན་དུ་ཐ་སྙད་དུ་བྱའོ།། ཡང་ནེ་དུར་ཁྱོད་ཀྱི་སེལ་བས་མར་ངོའི་གང་ཡང་རུང་བ་ཞིག་ལ ་བརྩིག་ངོས་སམ། སྤང་ལེབ་ལ་མཚན་མ་སྔ་མོ་བཞིན་དུ་བྲིས་ལ། དེ་དགུག་ཅིང་བཅུག་ལ། སྐྱེ་གནས་ལག་པས་བཀབ་ནས་སྔ་མ་བཞིན་དུ་གཞན་དང་ཅི་ཡང་མི་སྨྲ་བས་སྔགས་བཟླས་ན་དེ་ནས་ཞག་བདུན་ན་དེ ་འོང་བར་འགྱུར་རོ།། འོངས་ནས་སྟོབས་ཀྱིས་ཀྱང་སྒྲུབ་པ་པོ་འདོད་པར་བྱེད་དོ།། བརྩེ་བའི་ཚིག་ཏུ་སྨྲ་བར་བྱེད་དོ།། འཇིགས་པའི་ཚུལ་ཡང་བསྟན་ཏོ།། དེ་ལྟ་ན་ཡང་འཇིགས་པར་མི་བྱའོ།། སྨྲ་བར་མི་བྱའོ།། དེ་ལྟ་ན་ཡང་སྦྱོར་བའི་རྗེས་ཐོགས་སུ ་འགྲུབ་པར་འགྱུར་རོ།། གང་དང་གང་རྣལ་འབྱོར་པ་འདོད་པ་དེ་དང་དེ་འདོད་པའི་རྩེད་མོ་བྱས་པས་སྦྱོར་བར་བྱེད་དོ།། དེ་ལྟ་ཡང་མ་གྲུབ་ན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་རམ། རོལ་གཙུག་མའི་རྣལ་འབྱོར་གྱིས་རྡོ་རྗེ་ལྕགས་ཀྱུ ་སྤྲོས་ལ། ལྕགས་ཀྱུས་སྐྱེ་གནས་ཕུག་ལ་མཽགུལ་ནས་ཞགས་པས་བཅིངས་ཏེ་བཀོག་ལ། དེའི་མགོ་ལོ་གཤིན་རྗེ་གཤེད་བསྐལ་པའི་མེ་དང་འདྲ་བ་སྒོམ་པར་བྱའོ།། འོག་ཏུ་ནི་མེའི་དཀྱིལ་འཁོར་རོ།། དེ་ནས་ཁཾ་དང་བཅས ་པུས་དེའི་མིང་གི་ཚིག་གི་ཚིག་དང་བཅས་པའི་ཧྲཱིཿཥྚྲྀཿལ་སོགས་པའི་སྔགས་སམ། རལ་གཅིག་མུའི་སྔགས་བཟླས་ན་ཞག་བདུན་གྱིས་ངེས་པར་འགྲུབ་པར་འགྱུར་རོ།། གདུག་པ་ཅན་ཚར་བཅད་པའི་ཕྱིར།། སྐྱེས ་བྱེད་མའི་བསྒྲུབ་ཟཿགསུངས་པ། དེ་ནས་ཡང་དག་བཤེད་བྱ་བ་ཞེས་བྱ་བ་ལ། འཇིག་རྟེན་གསུམ་ལ་མཚེ་ནུས་པ་ཞེས་བྱ་བ་ནི་སྤྲོས་པར་བྱེད་པའོ།། འདི་ཡང་སྔ་མ་བཞིན་དུ་བསྲུང་བ་དང་གུར་གྱི་ནང་དུའོ།། སྐུ་མདོག་སེར་པོ་ཞེས ་བྱ་བ་ལ་སོགས་པ་ནི་གོ་སླའོ།། བུའི་ས་བོན་ལས་ཤེས་པར་བྱའོ།། བུཾ་ཀ་སིའི་ལས་ཞེས་བྱ་བ་ལཾ། དེའི་ལས་ནི་འདི་ཡིན་ཏེ། ལྕེ་ལ་ཛ་དོམར་པོ་བཀོད་ལ་དེའི་འོད་ཀྱིས་བསྒྲུབ་བྱའི་སྙིང་གར་ཁཾ་དམར་པོ་བསྒོམས་ནས། སྙིང ་ལ་སོགས་པ་ཐམས་ཅད་བཀུག་ལ་རང་གི་ལྟོར་བཅུག་པཱ་བསམྦྷན་བསྟན་པ་བཞིན་དུ་འགྱུ་རོ།། ཐོ་བ་རྒྱས་པ་མངའ་དག་ཅེས་བྱ་བ་ལ་གང་གི་ཁ་གྱེས་པའི་ཐོ་བ་ནི་ཐོ་བ་རྒྱས་པ་སྟེ། དེ་དང་བཅས ་པའི་མདའ་རྣ་བའི་བར་དུ་བཀང་བས་འབིགས་པའོ་ཞེས་བྱ་བ་ནི་མན་ངགོ། ཕྱག་བཞི་ཕུང་བ་ལྡེ་བཅིངས་པ་ཞེས་བྱ་བ་ནི་གོ་སླའོ།། མི་སྣང་བར་བྱ་བའི་ཕྱིར། འཇམ་པའི་རྡོ་རྗེའི་སྒྲུབ་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ལ་སོགས་པ ་ལ་འདིར་ཡང་ཡང་དག་པར་བཤད་པར་བྱ་ཞེས་པ་ནི་སྡོ་མ་བཞིནོ།། མི་སྣང་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅོད་ཀྱིས་མཐོང་བའི་ལམ་ལས་འངས་པའོ།། དེའི་མདོ་ལ་ཞེས་བྱ་བ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའི་སྐད་ཅིངག ་ལ་ཞེས་བྱ་བའི་དོན་ཏོ།། ཞལ་གསུམ་ཞེསོ་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདིར་ནི་ཕྱག་མཚན་མ་བསྟན་ཏེ། སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་ཕྱག་མཚན་ཡི་ནོ།། དེར་ནི་གཡོས་ན་རལ་གྲི་དང་མདའ་གཡོན་ན་ཨུཏྤ་ལ་སྔོན་པོ་དང་། ་གཞུའོ།། ཕྱག་གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པའོ།། སྔོན་པོ་དང་དཀར་པོ་ནི་གཡས་དང་གཡོན་པའི་ཞ་ལི་ལྷོ།། ཤཱར་དུ་མཛེས་མ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། གཏི་མུག་ལ་སོགས་པའི་ཁ་དོག་དང ་ཕྱག་མཚན་དགོད་དེ།། འཁོར་ལོ་ལ་སོགས་ཞེས་བྱི་བ་ཡང་དེ་ཉིད་ལྟར་རོ།། འདིའི་ཁྱད་པར་གསུངས་པ་ནི་ས་བོན་ཡི་གེ་མཾ་ལས་བྱུང་ཞེས་བྱ་བའོ།། དོན་ནི་འདི་ཡིན་ཏེ། ཡི་གེ་མ་ལས་བཅོམ་ལྡན་འདས་བསྐྱེད་པ་ན་ཐ ་ཀྱང་བསྐྱེད་པར་བྱའོ།། དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས་ཞེས་བྱ་བ་ནི་དབུས་ཉིད་དུ་ཀ་བཱ་བརྒྱད་ཀྱིས་ཉེ་བར་མཛེས་པའི་སྙིང་པོའི་དཀྱིལ་འཁོར་ལ་གནས་པའོ།། ཐམས་ཅད་གཡོན་བརྐྱང་པ་ཁོ་ནའོ།། སྔོན་གྱི་འཁོར་ལོ་ལས ་གདན་གྱི་ཁྱད་པོར་གསུངས་པ། ཟླ་བའི་དཀྱིལ་འཁོར་ཡང་དགྲ་གནས་ཤེས་བྱའོ།། ཕྱིའི་དཀྱིལ་འཁོར་དགོད་པ་གསུངས་པ། འོད་ཟེར་ཅན་དང་ཞེས་བྱ་བ་ལ་སོགས་པ་ལ། མེ་ལ་སོགས་པའི་ཞེས་བྱ་བ་ནི་མེ་དང་བདེན་བྲལ་དང ་རླུང་དང་དབང་ལྡན་གྱི་མཚམ་སུའོ།། དེ་དག་གི་ཕྱག་མཚན་གྱི་གཙོ་བོ་རྣམས་གསུངས་པོ། མྱ་ངན་མེད་དང་ཞེས་བྱ་བ་ལ་སོགས་པའོ།། ཁ་དོག་གསུང་བ་ནི་སོར་པོ་ཞེས་བྱ་བ་ལ་སོགས་པའོ།། ཞལ་དང་ཕྱག་གཞན་ནི་སྔ་མ་བཞིན་ནོ།། ་ཐི་བ་ལ་སོགས་པའི་དོན་ནི་གེ་བཱིར་ཟད་དོ།། དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་བསྒོམས་ན། མཐོང་པོར་མི་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཐོང་བའི་ཡུལ་ལས་འདའ་བར་འགྱུརརོ།། ཡང་ཞེས་བྱ་བ་ནི ་གདུལ་བྱའི་བསམ་པ་དང་སྙིང་རྗེའི་ཁྱད་པར་གྱིས་མཐོང་བར་ཡང་འགྱུར་ཞིང་འདོད་པ་བཞིན་སྤྱོད་པར་ཡང་འགྱུརརོ།། འདིར་མན་ངག་ནི་འདི་ཡིན་ཏེ། རྣལ་འབྱོར་པ་སེམས་བརྟན་པར་འགྱུར་བས་འཇམ་པའི་རྡོ་རྗེའི་སྐུར་བྱོས་ལ། ་བ་སྤུའི་བུ་ག་ཐམས་ཅད་དུ་མ་བཀོདོ་ན་བསྟན་པ་བཞིན་དུ་འགྱུར་རོ།། གང་དུ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས། གཙོ་བོ་ཉིད་དུ་བསྟན་པའི་རིམ་པར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནགོ་པོ ་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷཱ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་བཞི་པའི་བཤད་པའོ།། ། སེམས་ཅན་མངོན་པར་མོས་པར་བྱ་བའི་ཕྱིར་ཆུ་རེངས་པར་བྱ་བ ་གསུངས་པ། དེ་ནས་ཡང་དག་བཤད་པར་བྱ། ཞེས་བྱ་བ་ལ་སོགས་པ་ལ། འདིར་ཐམས་ཅད་སྔ་མ་བཞི་ནོ།། འོན་ཀྱང་སྤྲུལ་དང་། རལ་གྲི་དང་། འཁོར་ལོ་དང་པདྨ་འཛིན་པ་རྨ་བྱཱ་ལ་ཞོན་པོའོ།། ཤར་དུ་ཞེས་བྱ་བ་ལ་སོ། ་པ་ནི་གོ་སླའོ།། སྒྲོ་དང་ཞེས་བྱ་བ་ནི་རྨ་བྱའི་སྒོའོ།། ཡལ་གཽ་ཞེས་བྱ་བ་ནི་འདབ་མ་དང་བཅས་པའི་ཡལ་གའོ།། ལྕགས་སྒྲོག་ཅེས་བྱ་བ་ནི་རྡོ་རྗེའི་ལྕགས་སྒྲོག་གོ།། དེ་དག་གི་མདོག་གི་དབྱེ་བོ་ནི་གོ་རིམས་བཞིན་དུ་ས་རེ་དང་ཞེས་བྱ་བ་ལ ་སོགས་པའོ།། མཁས་པས་ཤེས་བྱ་བ་ནི་ཆུ་རེངས་པར་བྱེད་པའི་ཆོ་ག་ལ་མཁས་པའོ།། དེ་ལ་ཆུའི་རྡུལ་ཕྲ་རབ་རྣམས་ལྕི་མ་ལོས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་གཟུགས་སུ་བསྒོམས་ལ་དེ་ལཱ་ཨོཾ་གུ་ལིའི་རྣལ ་འབྱོར་གྱི་སྔགས་བཟླས་ཤིང་བཙོག་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཀུ་རུ་ཀུ་ལི་སྒྲུབ་པའི་ཐབས་ཀྱིས་ཀླུ་འགུགས་པར་བྱེད་པ་གསུངས་པ་འདིར་ཡང་སྔ་མ་བཞིན་དུ་ཐམས་ཅད་ཡིནོ།། འོན་ཀྱང་སྟོང ་པ་ཉིད་ཀྱི་རྗེས་ཐོགས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱིཿལས་བྱུང་བའོ།། གཞན་ནི་གོ་སླའོ།། མཚེ་ནི་ཆེའི་ཁྱད་པར་གསུངས་པ་ནི། ཕྱག་བརྒྱད་དོ་ནཱི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་གཡས་ཀྱི་ཕྱག་ན་ནི་མཐའ་ཡས་དང་། ཏཱཙྪ ་ཀ་དང་། རིགས་ལྡན་དང་། དུང་སྐྱོང་ངོ་།། ཕྱག་གཱ་ཡོན་པ་རྣམས་ན་ནི་པདྨ་དང་། ཀཱར་གོ་ཊ་དང་། ནོར་རྒྱས་ཀྱི་བུ་དང་། པདྨ་ཆེན་པོ་བསྒོམ་པར་བྱའོ།། འདིར་ཡང་རང་གི་སྙིང་གར་བཀོད་པའི་དྷིའོ།། འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྷ ་བུས་སྔ་མ་བཞིན་དུ་བཀུག་པས་ཤེས་པར་བྱའོ།། ལྷའི་བུ་མོ་དགུག་པའི་ཕྱིར་རྡོ་རྗེ་ལུས་མིང་བསྒོམ་པ་གསུངས་པ། དེ་ནས་ཤེས་བྱ་བ་ལ་སོགས་པ་ལ་གསང་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས ་གསུང་བྱའོ།། འདིར་ཡང་དཀྱིལ་འཁོར་ནི་སྔ་མོ་བཞིན་ནོ།། མདའ་ནི་འཕང་པོའོ།། གཞུ་ནི་གཞུའོ།། ཤར་དུ་དགའ་མ་ཞེས་བྱ་བ་ལོ་སོགས་པ་ནི་གོ་སླའོ།། བཅོམ་ལྡན་འདས་ཀྱི་ཕྱག་མཚན་ཉིད་ཀྱིས་ཐམས་ཅད་ཀྱང་མཚ ་པའོ།། གོ་རིམས་བཞིན་དུ་ཁ་དོག་གི་ངེས་པ་གསུངས་པ་ནི་སེར་དང་ཞེས་བྱ་བ་ལ་སོགས་པའོ།། དམར་སྐྱེ་ཞེས་བྱ་བ་ནི་སྐྱོ་རེངས་དང་པོ་དང་འདྲ་བའོ།། མཚམས་རྣམས་ནི་ནང་གི་དཀྱིལ་འཁོར་གྱི་སྟེ། མ་འགག་པ ་ལ་སོགས་པ་དགོད་པར་བྱའོ།། ཁ་དོག་གི་དབྱེ་བ་ནི་མེ་ཏོག་ལ་སོགས་པོ་ལྟ་བུའོ།། འདོད་པས་འགྱིང་བ་ལ་སོགས་པའི་ཁོ་དོག་ནི་ཐོ་བ་ལ་སོགས་པ་ལྟརོ།། ཀུན་ཀྱང་མདའ་དང་གཞུ་བསྣམས་པའོ།། འདིར་ནི་གཤིན་རྗེ ་གཤེད་ཉིད་ཀྱི་དབང་བསྐུར་བར་གསུངས་པ་ནི། ལྷ་རྣམས་དེ་དག་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ།། བསྒྲུབ་བྱ་དགུག་པའི་དུས་སུ་ཇི་ལྟར་བསྒོམ་པ་གསུངས་པ་ནི། བུད་མེད་ཀྱི་ནི་པདྨ་རུ་ཞེས་བྱ་བ་སྟེ། མངོན་པར ་འདོད་པའི་བསྒྲུབ་བྱ་པདྨའི་གེ་སར་ལ་གནས་པ་རོ།། རྡོ་རྗེ་ལུས་མེད་ལུས་མེད་ཀྱི་ནི་སྔགས་ཏེ། སྔགས་དང་ལྷར་དབྱེར་མེད་པརོ།། དེ་ཡང་སི་ཏཱ་ཅེས་བྱ་བའོ།། དོན་ནི་འདི་ཡིན་ཏེ། བསྒྲུབ་བྱ་དགུག ་པའི་དུས་སུ་ཇི་སྐད་བཤད་པའི་གནས་སུ་སྔགས་བསྒོམ་པོར་བྱའོ།། རྣ་བའི་དྲུང་དུ་བཀང་བའི་མངའ་འཕང་བར་བྱ་སྟེ། མྱོས་པར་བྱེད་པ་དང་རྨོངས་པར་བྱེད་པ། འདར་བར་བྱེད་པ་དང་། ལྟུང་བར་བྱེད་པ་དང་། རྒྱལ་བར་བྱེད་པའི་མདའ ་ལྔས། མགོ་དང་། མགྲིན་པ་དང་། སྙིང་ཀ་དང་། ལྟེ་བ་དང་། གསྡང་བ་རྣམས་ཕུག་ནས། སྙིང་པོའི་སྔགས་ཀྱི་འོད་ཀྱིས་བཀུག་པོར་གྱུར་པར་བསམ་པར་བྱའོ།། ཡི་གེ་སཱི་ཏ་ལས་ཡང་དག་བྱུང་ཞེས་བྱ་བ་ནི་སཱི་ཏ་ལས་སྐྱེས་པའོ།། ་བསྒྲེས་ཤིང་ཞེས་བྱ་བ་ནི་འདོད་པར་བྱ་བ་ལ་མོས་པས་བྱའོ།། གཡེངས་པ་ནི་མྱོས་པའོ།། མྱོས་ནས་ཞེས་བྱ་བ་ནི་གཡོ་བའོ།། བདེ་བ་འདོད་པ་ནི་འདོད་པ་ལ་ཞོན་པའོ།། བཀུག་ནས་རྐང་པའི་དྲུང་དུ་བཏུང་བ~ཾ་གོས་དམྱུར་པོས་ཡོངསུ་དཀྲིས ་པར་བསམ་པར་བྱའོ།། སྔགས་བཏུ་བ་གསུངས་པ་དེརོ་ནི་ཞེས་བྱ་པཱ་ལ་བསྒོམ་པ་དེ་ལའོ།། ཡི་གེ་ཨོཾ་ནི་རིང་པོར་དྲང་ཞེས་བྱ་བ་ནི། མྱོས་ནས་ཞེས་བྱ་བ་ནི་གཡོ་པའོ།། དང་པོར་ཡི་གེ་ཨོཾ་ཉེ་བ་རེ་མཚོན་པར་བྱའོ།། ཡི་གེ་སྭཱ་ཧཱ་ཐ་མར ་སྦྱིན་ཞེས་བྱ་བ་ནི་མཐར་དེ་སྦྱིན་པའོ།། འདི་དག་གི་བར་དུ་ཡི་གེ་སཱི་ཏའི་སྔགས་བརྗེད་པའི་བཟླས་པའོ།། སྔགས་བསྡུས་པ་ནི་འོད་ཡིན་ཏེ། ཨོཾ་ཧཱི་སཱི་ཏ་སྭཱ་ཧཱ་ཞེས་བྱ་བའོ།། ཧྲཱི་ཞེས་བྱ་བ་ནི་མན་ངག་ལས་ཤེས་པར་བྱའོ།། ཆེ་གེ་མོ ་ཞིག་བདག་དབང་གྱུར་ཅེས་བྱ་བ་ནི་སྒྲུབ་པའི་དུས་སུ་བསྐུལ་ཚིག་དང་ལྡན་པའོ།། ཐམས་ཅད་དུ་ནི་བསྒོམ་བྱས་ན་ཞེས་བྱ་བ་ནི་རྟག་ཏུའོ་ཞག་བདུན་པར་དུ་ཞེས་བྱ་བའི་ཚིག་ཡོད་པ་དེར་ནི་བསྒྲུབ་པའི་དུས་སུ་ཉི་མ་བདུན་བསྒོམ་པའོ།། ་འདིར་ཅིར་འགྱུར་ཞེ་ན། གསུངས་པ། འདོད་པ་དེ་འཐོབ་པར་འགྱུར་ཞེས་ཞེས་པའོ།། གང་རྡོ་རྗེ་ལུས་མེད་ཀྱི་སྒྲུབོ་ཐབས་གསུངས་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ ་དཔོན་ཆེན་པོ་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅོ་ལྔ་པའི་བཤད་པའོ།། ། ད་ནི་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ ་ཧེ་རུ་ཀ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ།། ཧེ་ནི་ཆོས་ཐམས་ཅད་སྒྱུ་དང་བྲལ་བའོ།། ཧ་ནི་ཆོས་ཐམས་ཅད་ཉམས་པ་མེད་པའོ།། ཨེ་ནཻ་ཚྭ་ས་ཐམས་ཅད་ཚོལ་བ་དང་བྲལ་བའོ།། རུ་ཞེས ་བྱ་བ་ནི་ཆོས་ཐམས་ཅད་བྲག་ཙ་ལྟ་བུའོ།། ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་དགའ་བ་དང་ལྡན་པའོ།། ཨུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་དང་བྲལ་བའོ།། ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདེ་བ་དང་ལྡན་པའོ།། ཨ་ཞེ ་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ།། འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཉི་སུ་མེད་པ། བདག་མེད་པའི་རྣམ་པ། རང་གིས་རིག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་འགྲོ ་བ་མ་ལུས་པ་ལ་ཕྱིན་པ་ལ་གཅིག་ཏུ་ཞུགས་པ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་ཆེན་པོའོ།། དེའི་སྒྲུབ་པའི་ཐབས་ནི་འདིས་བསྒྲུབ་པར་བྱེད་པས་བསྒོམ་པའི་རིམ་པའོ།། གང་ཞིག་ཤེས་པས ་ཞེས་བྱ་བ་ནི་གང་གིས་སྒྲུབ་པའི་ཐབས་ཉམས་སུ་ལེན་པའོ།། མྱུར་དུ་གྲོ་ལཱ་ཞེས་བྱ་བ་ནི་མྱུར་དུའོ།། རྣལ་འབྱོར་ཞེས་བྱ་བ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལུས་ཅན་ནི་ཧེ་རུ་ཀ་ཆེན་པོའོ།། གང་ལ་དེ ་ཡོད་པོ་དེ་ནི་རྣལ་འབྱོར།། འཁོར་བར་བཅིངས་པ་ལས་ཞེས་བྱ་བ་ནི་འཁོར་བས་ན་འཁོར་བ་སྟེ། རྒྱུན་མི་འཆད་པར་འགྲོ་བོ་དྲུག་དུ་གནས་པ་སྔོན་དུ་སོང་བས་འཁོར་བའོ།། དེ་ཉིད་ནི་འཆིང་བ་སྟེ་མི་གནས་པའི་མྱ་ངན་ལས ་འདས་པའི་གྲོང་དུ་འགྲོ་བ་འཆིང་བར་བྱེད་པས་འཆིང་བ་སྟེ། དེ་ལྟ་བུ་ལས་གྲོལ་བའོ།། དེ་ཉིད་གསུངས་པ། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྣ་མ་ཀུན་དང་འདྲའོ།། ཕྱག་གཉིས་ཤེས་བྱ་བ་ལ་སོགས།། ་པ་ནི་ཁྱད་པར་རོ།། བྱེད་ག་རཱ་ཞེས་བྱ་བ་ནི་གར་གྱི་ཁྱད་པར་སྟེ། བྱད་ཀྲུང་གི་གར་ཞེས་བྱ་བའི་དོན་ཏོ།། ཕྱོག་ཏུ་ཞེས་བྱ་བི་ནི་ཕྱག་གི་གཙོ་བེ་ནའོ།། གཞན་ལ་ཐོད་པ་དགོད་པར་བྱ་ཞེས་བྱ་བ་ནི་ཕྱག་ཡ་གཅིག་ལ་ཐེད ་པ་དགོད་པའོ།། ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་འཁོར་ལོ་དོང་རྣ་ཆ་དང་། མཽགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་སོ།། ཕྱག་རྒྱ་འདི་དག་གིས་རྒྱས་བཏབ་པ་འདི་ལ་ཡོད་པས་ཕྱག་རྒྱ་ལྔ་ཡི་སོ་རྣམ་པོར་བརྒྱན་ཅེས་བྱའོ།། ་འདི་སྐད་བསྟན་པར་འགྱུར་ཏེ། སངས་རྒྱས་ལྔ་ཉིད་ཕྱག་རྒྱ་ལྔ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས།། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ།། རྣ་ཆ་སྣང་བ་མཐའ་ཡས་དག། མགུལ་གྱི་ཕྲེང་བ་རིན་པོ་ཆེ།། ལག་གདུབ་རྣམ་སྣང་མཛད ་དུ་དྲན།། སྐེ་རགས་ལ་ནི་དོན་ཡོད་གནས།། ཕྱག་རྒྱ་འདི་ལྔ་རྣམ་པར་དག། ཅེས་གསུངས་པས་སོ།། ཁ་ཊྭཱཾ་གཱ་ནི་གཡོན་ཕྱོགསུ་ཞེས་བྱ་བ་ལ། ཐོད་པ་འཛིན་པའི་ཕྱག་གི་ཕྲག་པ་གཡོན་པར་ཁ་ཊྭཱཾ་ག་འཕྱར་བའོ།། སེ་བཻན་ཧྲཱི་ལས། ་ཡང་དགྲ་འབྱུང་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་ས་བོནྡ་ལས་གང་བྱུང་བའོ།། ཡི་དག་ལ་གནས་ཞེས་བྱ་བ་ནི་རོའི་སྙིང་གར་གོ་ནུས་པའོ།། རྟག་ཏུ་དགོད་ཅེས་བྱ་བ་ནི་གོད་མོ་རྣམ་པ་བརྒྱད་དང་ལྡན་པའོ།། དོ་བུ་ལ་ཞེས་བྱ་བ་ནི་མགོ ་ཐོད་པ་ཞེས་བྱ་བ་ནི་ཀཾ་ནི་བདེ་བའོ།། དེ་སྐྱོང་བར་བྱེད་པས་ཐོད་པས་ཏེ། སངས་རྒྱས་ཉིད་ཐོད་པའི་གཟུགསུ་གནས་པའོ།། དེའི་ཕྱིར་སངས་རྒྱས་ལྔ་རུ་རབ་སྦྱར་བ་ཞེས་གསུངས་པ་ཡིནོ།། མྱི་བསྐྱོད་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་སྟེ། ་མ་ལུས་པའི་རྣམ་པར་རྟོགས་པས་མི་འོཁྲུགས་པས་ན་དེ་སྐད་ཅེས་བྱའོ།། ལྷག་མ་ནི་གོ་སླའོ།། ཆོས་ཀྱི་འཁོར་ལོ་མ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིར་གྱི་སྙིང་པོའི་ལྷ་མོ་དགོད་པ་བསྟེན་ཏོ།། གཽ་ཏི་མུག་ཐམས་ཅད་ཉེར་འཇོམས ་བྱེད་ཅེས་བྱ་བ་ནི་གཏི་མུག་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པོའོ།། བྱ་བ་སྟེ་ནུས་པའི་རྒྱལ་པོ་ཞེས་བྱ་བའི་རིགས་པས་སོགས་པ་ཞེས་བྱ་བའི་སྒྲ་བར་གྱི་ཚིག་མི་མངོན་པར་བྱས་པའི་བསྡུ་བ་ཡིན་ནོ།། འདི་རྣམས ་ཀྱི་ཕྱག་མཚན་གསུངས་པ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རྩིབས་བརྒྱད་པའི་འཁོར་ལོའོ།། ཨ་ཤྭད་ཐ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་ངོ་།། ཡིད་བཞིན་གྱི་ནོར་བུའི་ཤིང་ནི་དཔག ་བསམ་གྱི་ཤིང་ངོ་།། རྡོ་རྗེ་ནི་སྔོན་པོ་རྩེ་ལྔ་པའོ།། ཕྱག་གཡ་སཱ་ལཱ་ཞེས་བྱ་བ་ནི་ཕྱག་གཡས་པའི་ཆ་ལའོ།། གཡོན་པ་ལ་ཞེས་བྱ་བ་ནཱི་གཡོན་པ་ལའོ།། འཁོ་རྀ་ལེའི་དཀྱིལ་འཁོར་ནི་དབུས་ཀྱི་དཀྱིལ་འཁོར་ཟླུམ་པོ་ལའོ།། ་དབུས་དེར་སྟན་ལ་སོགས་པ་ལ་ཡང་དགོད་ཕྱིར་བྱའོ།། དེའི་ཕྱིར་གསུངས་པ། མེ་ལ་སོགས་པའི་མཚམས་བཞི་རོ་ཞེས་བྱ་བ་ཡིན་ནོ།། ཡིད་དུ་འོང་བ་རྣམས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད ་ཡིན་པའི་ཕྱིར་ཤིན་ཏུ་ཡིད་འཕྲོག་པའོ།། འཁོར་ལོའི་ཕྱི་རོལ་ཙོས་བྱ་བ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་གྲུ་བཞི་ལ་ནི་གཤི་ནོ་རྗེ་གཤེད་ལ་སོགས་པ་དགོད་དོ།། ཡང་གནས་ངེས་པ་གསུངས་པ། སྒོ་བསྲུངས་ཞེས་བྱ་བ་ལ་སོ ་པ་ལ་ཆོ་གོའི་ལས་ནི་མཐོང་བ་ཡིས་ཞེས་བྱ་བ་ནི་ཆོ་གའོ་ལས་གསུངས་པའོ།། དེ་ལ་སྤྱན་ལ་སོགས་པ་དམར་མོ་དང་། སྔོན་མོ་དང་དམར་མོ་དང་ལྗང་གུས་འཁོར་ལོ་དང་། ཨུཏྤ་ལ་དམར་པོ་དང་པདྨ་དམར་པོ་དང་ཨུཏྤ་ལ ་སྔོན་པོ་བསྣམས་པའོ།། ཁ་ཅིག་ན་རེ་འཁོར་ལོ་དང་། རྡོ་རྗེ་དང་པདྨ་དང་། རལ་གྲི་འཛིན་པའོ་ཞེས་ཟེ་རོ།། གཡོན་པ་ཐམས་ཅད་ན་ཐོད་པ་བསྣམས་པའོ།། གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་ཐོ་བ་དང་དབྱིག་པ་དང་། པདྨ་དང་། རལ་གྲི ་བསྣམས་པའོ།། ཁ་ཊཱིག་ན་རེ་འཁྱིལ་པ་ནི་རྡོ་རྗེ་བསྣམས་པའོ་ཞེས་ཟེར་རོ།། འདིར་ཡང་བཅོམ་ལྡན་འདས་རྫོགས་པས་ཐམས་ཅད་ཀྱང་རྫོགས་པར་འགྱུརརོ།། གང་དུ་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ།། ་དཔལ་གཤིན་རྗེ་གཤེད་ནག་པའི་དཀའ་འགྲེལ་སློབ་དཔོན་པ་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅུ་དྲུག་པའི་བཤད་པའོ།། ། ད་ནི་རྒྱུད་མ་ལུས་པ་རབ་ཏུ་གཏེགས་པར ་བྱ་བ་ལ་གོ་རིམས་འཆོལ་བའི་སྒྲུབ་ཐབས་ལ་ཐེ་ཚོམ་མེད་པའི་གོ་རིམས་རབ་པུ་ཤེས་པར་བྱ་བའི་ཕྱིར་དང་། སྤྲོ་བ་དང་བསྡུ་བ་བྱེད་པ་ལ་སོགས་པ་དང་། ལས་ཀྱི་ཚོགས་མ་ལུས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ ་ཞི་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་རིམ་པར་ཕྱེ་བ་དྲིས་པའི་ལན་དང་བཅས་པ་ཉིད་གསུངས་པ། རྣམ་པོ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ལྔ་དྲུག་ལས་རྫོགས་པའི་བཅོམ་ལྡན་འདས་རྡོ་རྗེ ་འཆང་ནི་རྣམ་པོ་ལྔ་སྟེ། འདི་ལྟ་སྟེ། ཨཱ་ལི་དང་ཀཱ་ལོ་དང་། ཡོངསུ་གྱུར་པའི་ཟླ་བ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དང་པོའི་རྣམ་པའོ།། དེ་དོག་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་དེ། དེ་གཉིས་པའོ།། དེ་ལས་སྐྱེས་པའི་ཧཱུཾ ་ནི་སོ་སོར་རྟོག་པ་སྟེ་གསུམ་པའོ།། དེ་ལས་སྐྱེས་པའི་རྡོ་རྗེ་ནི་བྱ་བ་ནན་ཏན་ཏེ་བཞི་པའོ།། དེ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཆང་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དེ་ལྔ་པའོ།། བསྒོམ་བྱས་ནས་ཞེས ་བྱ་བ་ནི་བསྒོམ་པར་བྱ་བ་དང་སྦྱ་རོ།། ཅི་ཞིག་ཅན། སངས་རྒྱས་གཟུགས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་གཟུགས་ནི་ཆོས་ཐམས་ཅད་ངེས་པར་རྟོགས་པ་དང་ལྡན་པས། བཅོམ་ལྡན་འདས ་གཤིན་རྗེ་གཤེད་ནག་པོའོ།། དེའི་གཟུགས་ནི་ལུས་སོ།། དེ་ནས་ཅི་ཞིག་བྱ་ཞེ་ན། འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་བའོ།། དྲུག་པ་འདི་ནི་གཉིས་པའི་དོན་ཏོ།། མཁས་པ་ནི་བསྒོམ་བྱ ་དང་། བསྒོམ་པ་པོ་དང་། བསྒོམ་པ་ལ་མངོན་པར་ཞེན་པ་མེད་པའོ།། ཇི་ལྟར་ན་དཀྱིལ་འཁོར་པས་འཁོར་ལོ་ཅན་ཁུ་བའི་རྣམ་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལས་སློབ་པར་བྱེད་ཅེ་ན་གསུངས་པ། ག་ར་དང་གླུའི་སྦྱོར་བ་ས ་ཞེས་བྱ་བ་སྟེ། སེམས་ཅན་མཐའ་ཡས་པའི་དོན་བྱེད་པའི་གར་དང་། དེ་སྔོན་དུ་སོང་བའི་ཡིད་འཕྲོག་ཅིང་གསལ་བར་བྱེད་པའི་དག་ནི་གླུའོ།། དེ་དག་གི་སྦྱོར་བ་རབ་ཀྱི་མཐར་ཐོག་པ་དུས་རཱི་པཱ་གྷོ་པཱ་བྱས་པའི་བྱམས་པ་ལ་སོ་ཌ ་བ་ལ་སོ་རྣམས། ཙར་ཙི་ཀ་ལ་སོགས་པའི་གཟུགས་ཀྱིས་སྤྲོས་ནས་དེ་དག་གི་འཁོར་ལོ་ཅན་སྤྱད་པ་ནི་འཁོར་ལོ་བསྐྱེད་པ་བྱ་བ་སྟེ། འཁོར་ལོ་ཅན་གྱི་གཟུགས་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་གསུངས་པ་ཙར་ཅི་ཀ ་སོགས་གླུ་དང་ནི་ཞེས་བྱ་བ་ལ་སོགས་པ་རྣམས་ལ་ཙ་ར་ཙི་ཀ་ལ་སོགས་པ་དེ་དག་གི་གླུ་ནི་དབྱངས་སུ་བྱ་བ་ཡིན་ཞིང་། སྒྲ་དབྱངས་ཡིན་པས་སོ།། དྲུག་ལས་སྐྱོས་སོགས་ཤེས་བྱ་བ་ལ། དྲུག་ལས་སྐྱེས་པ་ནི་གླུའི་ཁྱད་པའོ།། ་དེ་ཉིད་གསུངས་པ། སྙིང་རྗེས་ཁྲོས་པའི་དད་སྒྲོལ་ཞེས་བྱ་བ་ལ་སོགས་པ་སྟེ། དང་སྒྲོལ་གཞེང་ཤིག་ཅེ་འབོད་པ་སྟེ། སྟོང་པ་ཉིད་མཐོང་མཛོད་ཅེས་བྱ་བར་བསམས་པའོ།། སྙིང་རྗེས་ཁྲོས་པ་ཞེས་བྱ་བ་ལ། སྙིང་རྗེས་ཁྲོས་པ་ནི ་སྙིང་རྗེའི་དབང་གིས་འདི་ལྟ་བུའི་གཟུགས་བཟུང་ཞེས་བསྟན་པ་ཡིན་ནོ།། དེའི་ཕྱིར་འབོད་པའོ།། ཁམས་གསུམ་ཀུན་གྱི་གཏི་མུག་ཅེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི ་མི་ཅནོ།། ཀུན་ནི་ལྷག་མ་མ་ལུས་པའོ།། ཁམས་གསུམ་མ་ལུས་པ་དེ་དག་གི་སཽལ་ཞེས་བྱ་བ་སྟེ་མེད་པར་བྱེད་པའོ་གཽ་ཏི་མུག་ནི་རྨོངས་པ་སྟེ་མ་རིག་པའོ།། དང་སྒྲོལ་ཞེས་བྱ་བ་ལ་སོགས་པ་ལ། བདུད་བཞི་ནི་ཕུད་པོ་དང་། ཉོན་མོངས ་པ་དང་། འཆི་བདག་དང་། ལྷའི་བུའི་རྣམ་པར་གཡིང་བྱེད་དེ། དེ་ལས་རྒྱལ་དར་མཛོད་ལ། རྒྱུ་ལྟ་རིགས་ཁྱོད་གཞེངས་ཤིག་པའོ།། རྩོལ་བས་ཞེས་བྱ་བ་ནི་སྙིང་རྗེའི་སེམས་ཀྱི་སོ།། མུ་བཞུགས་ཤེས་བྱ་བ་ནི་ཉོན་མོངས ་པའི་དབང་དུ་གྱུར་པའི་སེམས་ཅན་གྱི་ཁམས་མངོན་པར་གཟིགས་པས་སྙིང་རྗེའི་སེམས་ཀྱིས་གློ་ཡེངས་པའོ།། འཇིག་རྟེན་མགྲོན་པོས་ཞེས་བྱ་བ་ལ་འཇིག་རྟེན་མགྲོན་དུ་བོས་པ་སྟེ། དང་པོ་སངས་རྒྱས་ཉིད་དུ་ཤེས་བྱ་བའི་དོན ་ཏོ།། ཅི་སྟེ་བཞུགས་ཞེས་བྱ་བ་ནི་འདུག་པར་འདོད་པའོ།། སྟོང་ཉིད་ཅེས་བྱ་བ་ནི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལའོ།། དད་སྒྲོལ་བཞེངས་ཞེས་བྱ་བ་ནི་དོན་བསྟན་ཟིན་ཏོ།། འཇིག་རྟེན་བསོད་ནས་ཞེས་བྱ་བ་ནི་འཇིག་རྟེན་པའི་བས ་ནམས་བསགས་པའི་རྒྱུ་རོ།། ཁྱེད་ནི་ཞེས་བྱ་བ་ནི་ཅིའི་ཕྱིར་ཁྱོད་ཅེས་བྱ་བའོ།། འདུག་ཅེས་བྱ་བ་ནི་གནས་གནས་པའོ།། སྟོང་པ་ཉིད་ལ་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་རྣམ་པར་བསམས་ནས ་སོ། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲིན་པོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ངོ་བོ་ལ་འཇིག་རྟེན་མགྲོན་དུ་བོསོ་ནསོ།། མ་དང་ཕྱིར་གྱུར་པའི་རྡོ་རྗེ་འཆང་གི་སྐུ་སྲིད་པ་བར་མ་རྣམ་པར་དག་པ་ཧེ་གཉིས་ཀྱིས་རྟེན་པའི་སྐུ་དང་གསུང་དང ་ཐུགས་ཀྱི་བདག་ཉིད་ཧཱུཾ་ཨོཾ་ཨཱཿཧཱུཾ་གཾ་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་འཇུག་པ་གསུངས་པ། ཇི་ལྟར་སྐར་མདའ་འཕོ་བ་བཞིན་ཞེས་བྱ་བ་ལ། གང་གིས་ཇི་ལྟར་ན་མཁའ་ལ་སྐར་མདའ་འཕོ་བ་སྟེ། གཞན་དུ་འགྲོ་བ་ལྟར་དེ ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱང་འཇུགོ། དེས་ཅིར་འགྱུར་ཞེ་ན་གསུངས་པ། སྙིང་རྗེ་དང་ནི་འདོད་ཆགས་སེམས་ཞེས་བྱ་བ་ལ་སྙིང་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འབྱིན་པར་འདོད་པའོ།། དེའི་འདོད་ཆགས་ནི་ཞེ་ན ་པའོ།། དེ་ཉིད་ནི་སེམས་ཏེ། དེའི་ངོ་བོ་ཞེས་བྱ་བའི་དོན་ཏོ།། དེ་བོ་ཉིད་ནི་ཁུ་བར་གྱུར་པའོ།། རྡོ་རྗེ་འཆང་ཞེས་བྱ་བ་ནི་རྡོ་རྗེ་ནི་ཡཾ་ཤེས་ལྔའོ།། དེའི་བདག་ཉིད་འཛིན་པར་བྱེད་པས་དེ་ལ་དྲོ་སྐད་ཅེས་བྱའོ།། རང་ཉིད་ཅེས་བྱ་ནི་རང་རུང་གི ་ངོ་བོས་ཏེ། ཇི་ལྟར་དེའི་རང་གི་ངོ་བོ་གང་ཡིན་པས་དེས་སོ།། འདིས་ནི་ཁུ་བའི་གནས་སྐབས་ན་ཡང་སྙིང་རྗེའི་བདག་ཉིད་དང་། ཡེ་ཤེས་ལྔའི་བདག་ཉིད་མ་སྤངས་པར་འགྱུར་རོ།། དེ་དག་ཀྱང་ཇི་ལྟར་བསྒོམ་པར་བྱོ་ཞེས་ཐེ་ཚོམ ་ཟླ་བ་གསལ་བར་བྱ་བའི་ཕྱིར་དང་པོར་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དང་པོར་ནི་ཐོག་མརོ།། རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་གཟུག་སོ།། དེ་ནས་ནི་རྡོ་རྗེ་སྟེ་ཕྱི་ན་སོ།། རྣལ་འབྱོར ་ནི་རྗེས་ཀྱི་རྣལ་འབྱོར་རོ།། དེ་ལས་ཤིན་ཏུ་ཡང་སྦྱར་བ་ནི་ཤིན་ཏུ་རྣལ་འབྱོར་རོ།། ཐུབ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་རྣམ་པ་ཅན་གྱི་རང་རིག་པ་ཉིད་ནི་རྣལ་འབྱོར་ཆེན་པོའོ།། རྣལ་འབྱོར་ལ་སོགས་པ་ནི་ཅི་ཞིག་ཅེ་ན། རྡོ་རྗེ་སེམས ་དཔའ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རྒྱུ་མཐུན་པ་གང་ཡིན་པ་དེ་དེ་དང་འདྲ་བས་ལྷའི་སྐུ་སྟེ། བདེ་བ་ཆེན་པོ་ན་མཁའ་ལས་བྱུང་བས་རྗེས་ཀྱི་རྣོལ་འབྱོར་ཞེས་བསྟན་ཏོ།། ལྷའི་མིག་སོགས་བྱིན་བརླབས་དང་ཞེས་བྱ། ་བ་ནི། ལྷའི་ཡང་ཡིན་ལ་མིག་ཀྱང་ཡིན་པས་ལྷའི་མིག་སོགས་ཏེ། ཇི་ལྟ་བུ་ཞེ་ན། ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་མངོན་གྱི་གནས་རྗེསུ་དྲན་པ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཟག་པ་ཟད་པའི་ཤེས ་པའོ།། དེ་དགི་བྱིན་གྱིས་བརླབས་པ་ནི་ལྷའི་རྣམ་པར་བསྐྱེད་པའོ།། ལུས་ལ་སོགས་པ་མ་ལུས་པ་བྱིན་གྱིས་བརླབས་པ་བསྟན་པའོ།། སློབ་དཔོན་ནི་བླ་མའོ།། དེ་ཡང་། དམ་ཆོས་ཀློག་པ་འབྱིན་པ་དང་།། འཆད་བྱེད་མན་ངག་སྟེན ་བ་དང་།། དབང་བསྐུར་བ་དང་ལས་བྱེད་པ།། དེ་རྣམས་སློབ་དཔོན་ཞེས་བསྟན་ཏོ།། ཞེས་གསུངས་པ་ཡིན་ནོ།། བརྙས་མི་བྱ་ཞེས་བྱ་བ་ནི་དེ་དག་ལ་བརྙས་པར་མི་བྱའོ།། བྱམས་པས་གདུགསོ་པ་ཞེས་བྱ་བ་ནི་ཆགས་པ་ཉེ་བར ་བཅོམ་པའི་བྱམས་པའོ།། དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ།། སློངས་མེ་ནི་རྒྱུན་མི་འཆད་པའི་ངོ་བོའོ།། རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་ངོ་བའོ།། རྟགས་པར་ནི་དུས་ཐང ་དུའོ།། རྟག་ཏུ་ཞེས་བྱ་བ་ནི་མཉམ་པར་གཞག་པོའམ། མཉམ་པར་མ་བཞག་པའི་གནས་སྐབསུ་ཡང་ངོ་།། དམ་ཚིག་ལ་སོགས་པ་ནི་འདིས་རང་རིག་པ་ཐོབ་པར་བྱེང་མཉམ་པར་བྱེད་པས་ན་དམ་ཚིག་ནི་ཕྱག་རྒྱའོ།། སོགས་པའི ་སྒྲས་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ།། གནོད་པ་ནི་གནོད་པ་བྱེད་པའོ།། བག་མེད་པ་ནི་ཞེ་སྡང་གིས་རྒྱས་པར་བྱས་པའི་སེམསོ།། དཀྱིལ་འཁོར་ནི་འཁོར་ལོ་སྟེ། སློབ་དཔོན་གཙོར་བྱས་པའི་ཚོགས་ཀྱི་འཁོར ་ལོ་ཞེས་བྱ་བའི་དོན་ཏོ།། བདེ་གཤེགས་རྣམས་ནི་བླ་མོའོ།། ད་ནི་རྒྱུད་མ་ལུས་པ་དོན་མཉམ་པར་རྟོགས་ནས། དེ་བཞིན་གཤེགསོ་བས་བསྟན་པ་འདུས་ན། ལྐོག་ཏུ་གྱུར་པའི་སེམས་ཅན་སེམས་སྤྲོ་བར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་གསུངས་པ་ལ། སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ།། དགའ་བའི་མཆོག་གང་ལ་ལྷན་ཅིག་སྐྱེས་པའི་མིང་ཡོད་པ་དེ་ནི་མཆོག་ཏུ་དགའ་བའོ།། དེའི ་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བའི་ངོ་བོ་སྟེ། དེའི་གསུང་ངོ་།། མི་སྨྲ་བར་གྱུར་ཅེས་བྱ་བ་ནི་ངག་གི་ལམ་ལས་འདས་པའི་ཆོས་ཐོས་པས་ཞེས་བྱ་བོའི་དོན་ཏོ།། འདི་ལྟ་བུའི་ཞེས་བྱ་བ་ནི་འཆད་པར་འགྱུར ་བའོ།། ཆེད་དུ་བརྗོད་པ་ནི་སྙིང་རྗེས་དག་པ་འཇིག་རྟེན་པའི་རྣམ་པར་རྟོག་པ་མངོན་དུ་བྱས་ནས་བསྐྱེད་པས་བརྗོད་པ་ནི་ཆེད་དུ་བརྗོད་པའོ།། ཆང་དུ་བརྗོད་དོ་ཞེས་བྱ་བ་ནི་བརྗོད་པ་དང་ལྡན་པའོ།། འཁྲུལ་འཁོར་མཐར་ཐུག་ཅེས ་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ།། ཆོས་ནི་སྦྱིན་པའི་མཚན་ཉིད་དང་རང་གི་མཚན་ཉིད་འཛིན་པའི་ཕྱིརརོ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། ཞི་བ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། ་གཟུང་བ་དང་འཛིན་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། ཀུན་རྫོབ་དང་དོན་དམ་པའི་རྣམ་པར་རྟོག་པ་མ་ལུས་པའི་ནུབ་པའི་ཕྱིར་རོ།། དེ་ལྟར་གྱུར་ན་ཡང་གདུག་པ་ཅན་གཞུག་པའི་ཕྱིར་ཤིན་ཏུ་ཁྲོས་ཤིང་འཛི ་པ་མཛད་པ་ཡང་ངོ་མཚར་བྱའོ།། ཨ་མའོ་མྱ་ངན་འདས་པ་མཆོག་ཅེས་བྱ་བ་ནི་གང་ལ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཆོག་ཡོད་པའི་མྱ་ངན་ལས་འདས་པ་ལ་དྲི་སྐད་ཅེས་བྱ་སྟེ། མི་གནས་པའི་མྱ་ངན ་ལས་འདས་པ་ཞེས་པའི་དོན་ཏོ།། རྣམ་པར་མི་རྟོག་བཞིན་དུ་བདག་དང་གཞོན་གྱི་དྲོན་ཕུན་སུམ་ཚོགས་ཞེས་བྱ་བ་ཡང་ངོ་མཚར་རོ།། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་དེ་ཁྱེ་ན་ཉིད་གསུངས་ནས་མ་རྟོགས་པའི་ངོ ་མཚར་ཆེ་བ་ཡང་གསུངས་པ་ཆོས་རྣམས་ཀྱིས་དེ་ཁོ་ནི་ཉིད་དེ་ལྟ་བུར་གནསུ་ཟིན་ཀྱང་། གང་འཁོར་བ་ནི་འཁོར་བ་ཡང་ངོ་མཚར་ཆེའོ།། གལ་ཏེ་དོན་དམ་པར་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་ལྟ་བུ་ངོ། ་མཚར་ཆེ་བར་འགྱུར་ན། ཡང་ཀུན་རྫོབ་ཏུ་ཇི་ལྟར་ཡིན་ཞེ་ན། གསུངས་པ། ཨེ་མ་ཧེ་འདི་ནི་རབ་ཏུ་མཚར་ཞེས་བྱ་བ་ལ་སོགས་པ་ལ་ཉེས་པ་གང་དེ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད ་ཀྱི་ཉེས་པ་ནི་འཁོར་བའི་རྒྱུ་ཡིན་པའི་ཕྱིར་སྐྱོན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚེགས་ཀྱི་ངོ་བོའོ།། དེའི་ཡོན་ཏན་ཞེས་བྱ་བ་ནི་དོན་དམ་པ་རྫོགས་པར་བྱ་བའི་ཕྱིར། ཡོན་ཏན་དུ་བྱེད། གོམས་པར་བྱེད་པས་ཡོན ་ཏན་ཏེ། སྟོབས་བཅུ་དང་མི་འཇིགས་པ་ལོ་སོགས་པའི་ངོ་བོའོ།། འགྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ།། དོན་ནི་འདི་ཡིན་ཏེ། ཤེས་རབ་དང་ཐབས་ཀྱིས་ཡོངསུ་བསྡུས་པའི་བློས་ནི་ཉེས་པ་ཡང་ཡོན་ཏན་གྱི་ངོ་བོར་སྒྲུབ་པོར་བྱེདདོ་ཞེས། ་བྱ་བ་ཡང་ངོ་མཚར་བའོ།། དེ་སྐད་དུ་ཡང་། ཇི་ལྟར་བ་ཚའི་རྒྱ་མཚོ་རུ།། ཆུ་ཡི་ཐིག་པ་ཞུགས་ན་ནི།། ཚ་བར་འགྱུར་ཞིང་འོ་མར་ནི།། ཞུགས་པས་དེ་ཡང་བདུད་རྩིར་འགྱུར། ཞེས་གསུངས་པ་དང་། ཚུལ་ཁྲིམས་བསྔགས་པོའི ་མདོ་ལས་ཀྱང་། མི་མཁས་སྨྱིག་པ་ཅུང་ཟད་བྱས་ཀྱང་འོག་ཏུ་འགྲོ།། མཁས་པས་ཆེན་པོ་བྱས་ཀྱང་དེ་ཡི་གནོད་པ་སྤོང་།། ལྕགས་ཀྱི་གོང་བུ་ཆུང་ཡང་ཆུའི་གཏིང་དུ་འབྱིང་།། དེ་ཉིད་སྣོད་དུ་བྱས་ན་སྟེང་ནི་འཕྱོ་བར་འགྱུར་ཞེས ་གསུངས་པསོ།། དེ་ལྟ་བུའི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། རྣམ་པ་གང་གིས་བརྟག་པོ་མ་ལུས་པ་སྤོང་བ་དེ། རབ་ཏུ་བསྟན་པ་ནི་དངོས་པོ་མ་ཡིན་ཞེས་བྱ་བོ་ལ་འབྱུང་བར་འགྱུར་བར་དངོས་པོའོ།། དེ་མ་བྱུང་ངོ་།། ། ་ཞེས་བྱ་བའི་དོན་ཏེ།། རང་དང་གཞན་དང་གཉི་ག་ལས་སྐྱེ་བར་མི་རིགས་པས་སོ།། དེ་ལ་ཕྱོགས་དང་པོ་ལ་ནི་དེ་ལས་དེ་སྐྱེ་ན་ཁྱད་པར་ཅུང་ཟད་ཀྱང་མེད་པས། ས་བོན་ལས་ས་བོན་ཉིད་སྐྱེ་ན། མྱུ་གུ་ལ་སོགས་པ་མེད་པར་འགྱུར།། ་འོན་ཏཽ་ས་བོན་ཉུང་མྱུ་གུའི་ངོ་བོར་གྱུར་ཏོ་ཞེ་ན། མ་ཡིན་ཏེ་མྱུ་གུའི་དབྱིབས་དང་། ཁཾ་དོག་དང་། རོ་དང་། ནུས་པ་མ་གྱུར་པ་རྣམས་གཞན་མ་ཡིན་པས་མྱུ་གུ་མ་ཡིན་ནོ།། འོན་ཏོ་སྟོན་གྱི་ས་བོན་གྱི་ངོ་བོ་ཡོངསུ་བཏང་བ་ཡིན། ་ནེ་ཞེ་ན། དེ་ལྟ་ན་ནི་གཞན་དང་གཞན་ཡིན་ན། ཇི་ལྟར་ན་དེ་ཉིད་ཡིན་དེ་ལྟར་ན་ཡང་ངོ་ཞེ་ན། ཨེ་མའི་ཡོངསུ་གྱུར་པས་སྨྲ་བ་ལ་མཁས་པ་ཡིན་ཏེ། བདགི་ཉིད་ཉམས་ནས་ནུས་པ་མེད་པས་བསྐྱེད་དོ་ཞེས་བྱ་བ་ཡིནོ།། ་གཉིས་པ་ཡང་མི་རིགས་ཏེ། དེ་ཝཱ་ནཱ་ནཱི་ཀེ་ཏཱ་བའི་ས་བོན་ལས་སཱ་ལུའི་མྱུ་གུ་འབྱུང་བར་ཐལ་བར་འགྱུར་རོ།། རང་གི་རྒྱུན་བསྐྱེད་པའི་སྟོབས་ཀྱིས་སོ་ཞེ་ན། དེ་ལྟ་ན་ནི་སཱ་ལུའི་ས་བོན་ལྔས་སཽ་ལུའི་མྱུ་གུ་བསྐྱེད་པའི ་ནུས་པ་མེད་དེ། གཞན་ཡིན་པའི་ཕྱིར་རོ།། འོན་ཏེ་རྒྱུན་གཅིག་ཉིད་ཇི་ལྟར་གཞན་དུ་འགྱུར་ཞེ་ན། དེ་ལྟ་ན་ཡང་ས་བོན་དང་མྱུ་གུ་དག་ཁྱད་པར་ཅི་ཡང་མེད་དོ།། དེ་མེད་པས་གཅིག་ཉིད་ཡིན་ནོ་གཅིག་ཉིད་ཡིན་པཱ་ལཱ། ་གཞན་མེད་པས་སྐྱེ་བ་ཡང་མེད་དོ།། མང་པོ་སྨྲ་ཅི་དག་ས། གསུམ་པ་ཡང་མི་རིགས་ཏེ་བདག་དང་གཞན་ནི་ཤིན་ཏུ་ཡང་འགལ་བའི་ཕྱིར་རོ།། དེ་ཡང་མྱུ་གུ་ནི་རང་གི་ངོ་བོས་འབྱུང་བའི་དངོས་པོ་མེད་ལ། གཞན་གྱི་ངོ་བོ ་ནི་ས་དོན་ཏེ། ཡོད་པ་ཡིན་ན་ཇི་ལྟར་ན་གཉི་ག་ལས་ཡིན།། འོན་ཏེ་སྐྱེ་བར་འགྱུར་བའི་མྱུ་གུ་ལ་གཞན་ས་བོན་འཐོབ་པ་ཡོད་པས་དེས་ནཱ་ཅུང་ཞིག་ནི་གཞན་ལས་སྐྱེ་བ་ཡོད་པར་འགྱུརརོ་ཞེ་ན། སྐྱེ ་བཞིན་པའི་རང་གི་ངོ་བོ་ནི་ཡོད་པ་མ་ཡིན་པས་དེ་ཉིད་ནི་གཞན་ཡིན་ཏེ། གཞན་དུ་ན་ཇི་ལྟར་སྐྱེ་བཞིན་པར་བསྟན་པ་བྱ།། གལ་ཏེ་དེ་ལྟ་ཡིན་ན། སྲ་བོན་གཞན་གྱི་ཅི་ཞིག་བྱ་སྟེ། རང་ཉིད་དེ་ལས་རྫོགས་པའི་ཕྱིར་རོ།། དེའི ་ཕྱིར་སྐྱེ་བཞིན་པར་ཡོད་པ་ཉིད་དུ་མི་རིགསོ།། གང་མེད་པ་དེ་ནི་སྐྱེ་བར་མི་རིགས་ཏེ། ཇི་ལྟར་རི་བོང་གི་རྭ་བཞིནོ།། འདི་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱས་པར་རང་ལས་མ་ཡིན་གཞན་ལས་མིན། གཉི་ག་ལོས་མིན་ཞེས ་ཞེས་བྱ་བ་ལ་སོགས་པས་དབུ་མའི་རབ་ཏུ་བྱེད་པ་ལས་བསྟན་པ་ཡིན་ནོ།། འདིའི་དོན་ནི་དེ་ཉིད་ལས་རིག་པར་བྱའོ།། གཞུངས་མངས་པའི་འཇིགས་པས་མ་བརྗོད་དོ།། མེད་ཅེས་བྱ་བ་ལ་བསྒོམ་པར་བྱ་བས་ན་བསྒོམ་བྱ་སྟེ། ་ཡང་དོད་ཡང་དུ་སེམས་ལ་བསྒོམ་པའོ།། དེ་ཡོང་འདི་ལྟ་བུའི་ཁྱད་པར་ཅན་གྱི་མ་སྐྱེས་པ་ལ་མེད་ངོ་།། དངོས་པོ་བསྒོམ་པ་འདི་དག་བཀག་པས་བསྒོམ་པ་པོ་གསལ་པོར་བཀག་པ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ་སྤྱིར་དངོས་པོ་དང ་དེ་ལ་བརྟེན་པའི་བསྒོམ་པ་བཀག་ནས་ཁྱད་པར་དུ་ཁམས་ལ་སོགས་པའི་སྒོ་ནས་གསུངས་པ། ཁམས་མ་ཡིན་ཞེས་བྱ་བ་ལ་མདོར་ན་ཁམས་བཅི་བརྒྱུད་ནི་ཁམསོ།། འདི་ལྟ་སྟེ་གཟུགས་ཀྱི་ཁམས་དང་། དེ་བཞིན་དུ་སྒྲ་དང་དྲི ་ངད་རོ་དང་རེག་དང་། ཆོས་དང་། མིག་དང་རྣ་བ་དང་། སྣ་དང་། ལྷ་དང་། ལུས་དང་ཡིད་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། དེ་ལ་མིག་ལ ་བརྟེན་ཅིང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། སྔོན་པོ་ལ་སོགས་པར་སྣང་བའོ།། དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང་ཡིད་ལ་བརྟེན་ཏེ་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་དཤོས་པ་སྐྱེ་བར་འགྱུར ་ཏེ། ཆོས་ཀྱི་དབྱིངས་སུ་སྣང་ཞེས་བྱ་བའོ།། དེ་ལ་གཟུགས་དང་མིག་དག་གཅིག་དང་དུ་མ་ལ་སོགས་པར་མི་རིགས་པས་གཉི་གེ་ཡང་མེད་པ་ཡིནོ།། དེ་ན་དོ་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང་མེད་དོ།། དེ་བཞིན་དུ ་ཇི་སྲིད་རྣམ་པར་ཤེས་པའི་བར་དུའོ།། དེ་ཡང་ཤེས་བྱ་མེད་པར་ཤེས་པ་འདྲ་བཀག་པ་ཡིན། བདེ་བས་སངས་རྒྱས་ཉིད་ནི་འཐོབ་པ་ཡིན་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ཁམས་རྣམས་བཀག་ནས་གང་དུ་འདི་དང། ་ཐམས་ཅད་ནུབ་པར་འགྱུར་བའི་བག་ཆགས་མ་ལུས་པའི་རྟེན་དུ་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་དགག་པའི་ཕྱིར་གསུངས་པ། རྣམ་ཤས་མིན་ཞེས་བྱ་བ་སྟེ། དགོངས་པ་ནི་འདི་ཡིན་ཏེ། ཡུལ་རྣམས་སྔ ་མ་བཞིན་བཀག་པས། གང་གི་ཕྱིར་ཡུལ་ཅན་བཀག་པར་འགྱུརརོ།། གཞན་ཡང་དཔས་དེ་ནི་གང་གསལ་པོར་བྱ་བའི་ཕྱིར་ན་མཁའི་དཀྱིལ་དང་མཚུངས་པ་ཉིད་ཅེས་བྱ་བ་གསུངས་ཏེ། ན་མཁའ་དང་མཉམ་པ་ཉིད་ནི ་མཚུངས་པ་སྟེ། ངོ་བོ་ཉིད་གཅིག་ཅེས་བྱ་བའི་བར་དུའོ།། ཇི་ལྟར་ན་མཁའ་མ་སྐྱེས་མི་འགག་པ། མ་བྱས་པ། མི་འགྱུར་བ། ཀུན་ཏུ་མི་གནས་པ། རྣམ་པར་མི་གནས་པ་བཞིན་དུ་ཆོས་ཐམས ་ཐམས་ཅད་ཀྱང་དེ་བཞི་ནོ་ཞེས་བྱ་བའི་དོན་ཏོ།། ན་མཁའ་དང་མཚུངས་པའི་གནས་ཉིད་ནི་དཀྱིལ་ཏེ་བསྡུ་བའོ།། ངོན་ན་མཁའི་དཀྱིལ་དང་མཚུངས་པར་ཐིམ་པར་གྱུར་ཅིང་མཚུངས་པར་གྱུར་པས་དེ་ལྟརོ།། དེ་ལྟར་ཁྱད་པར་ཅན ་ཡིན་ན་ཡང་བདག་ལ་སོགས་པོ་བརྟགས་པ་ཞི་བར་བྱ་བའི་ཕྱིར་གསུངས་པ། ན་མཁའ་ལྟ་བུར་ཞེས་བྱ་བ་ལ། ནམ་མཁའ་ཇི་ལྟ་བ་དེ་ལྟ་བུར་བདག་མེད་པ་སྟེ། འདས་ཤིང་བྲལ་བའི་བདག་གང་ཡིན་པ་དེ་ལ་ང་སྐད་ཅེས་བྱའོ།། བདག ་ཅེས་བྱ་བ་ནི་མཚོན་པ་སྟེ། བདག་དང་སེམས་ཅན་དང་། སྲོག་དང་གསོ་པ་དང་། སྐྱེས་བུ་དང་གང་ཟ་གཽ་དང་། ཤུད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་། རིག་པ་པོ་ལ་སོགས་པ་སྤངས་པའོ།། འདི་ཤེས་བྱ་བ་ནི་འོདི་ཉིད་དོ།། ། ་ཆོས་འདི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་ཆོས་རྣམས་ནི་བདེ་བ་ཆེན་པོ་སྟེ། རྟོག་པ་མ་ལུས་པ་ཟད་པའི་ཕྱིར་བདེ་བའོ།། ཡང་ས་ལ་སོགས་པའི་སྒོ་ནས་གསུངས་པ། ས་ཡང་མ་ཡིན་ཆུ་ཡངང་མིན། ཞེས་བྱ་བ་ལ་སོགས་པ་ལས་ཡང ་མ་ཡིན་ཞེས་པ་ནི། སའི་ངོ་བོའི་རྫས་མ་ཡིན་ནོ།། ཆུ་མིན་ཞེས་བྱ་བ་ནི་ཁུ་བའི་ངོ་བོ་མིན་པའོ།། མེ་མིན་ཞེས་བྱ་བ་ནི་དྲོ་བ་ཡང་མ་ཡིན་པའོ།། རླུང་མིན་ཞེས་བྱ་བ་ནི་འཕེལ་བ་དང་། རྒྱས་པ་དང་གཡོ་བ་མ་ཡིན་པའོ།། ན་མཁའ་མི། ་ཞེས་བྱ་བ་ནི་མ་དང་འདྲ་བར་བརྟགས་པའི་དངོས་པོ་ཐམས་ཅད་སྲེག་པར་བྱེད་པས་ན་མཁའོ།། གལ་ཏེ་ཐམས་ཅད་དུ་དངོས་པོ་མང་ན་དེའི་ཕྱིར་ཇི་ལྟར་ན་གང་ཤིན་རྗེ་གཤེད་བསྐྱེད་པ་ཡིན་ཞེ་ན། གསུངས་པ།། རྡོ་རྗེ་སེམས་དཔའི ་སྦྱོར་པོ་ཡིས་ཞེས་བྱ་བ་ལ། རྡོ་རྗེ་ནི་རྨི་ལམ་དང་གཟུགས་བརྙན་དང་སྒྱུ་མ་ལྟར་ཆོས་ཐམས་ཅད་སྟོང་པའོ།། དེ་ཡང་རྣམ་པ་ཀུན་གྱི་མཆོག་ལྡན་པ།། སྟོང་པ་རྡོ་རྗེར་བརྗོད་པར་བྱ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་དེ་ཉིད་སྔ་བའི་དྲོ ་ཉོད་ཡིན་པའི་ཕྱིར་སེམས་དཔའོ།། དེའི་སྦྱོར་བ་ཁྱད་པོར་ཅན་རྟོན་ཅིང་འབྲལ་པར་འབྱུང་བའི་བསམ་གྱིས་མི་ཁྱབ་པ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་ཨིས་པ་ཤེས་བྱ་སྟེ། བསྐྱེང་པོ་འདི་ལ་རབག་ཏུ་གནས་པའོ།། དེ་དག་བསམ་གྱིས་མི ་ཁྱབ་པ་ཡིན་ཡོང་དངོས་པོ་ཉིད་དུ་ནི་ཡོད་དོ་ཞེས་ཐེ་ཚོམ་ཟོ་བྱ་གསལ་བའི་ཕྱིར། དངོས་པོ་ཐམས་ཅད་དངོསོ་མེད་བཤད་ཅེས་བྱ་བ་གསུངས་ཏེ། ཇི་ལྟར་དངོས་པོ་འདི་དོག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བས་སོ་སོར་སྣ ་བློ་དེ་བཞིན་དུ་དངོས་པོར་བརྗོད་པར་མི་བྱ་ཞིང་། དངོས་པོར་བརྗོད་པ་བྱ་བ་མ་ཡིན་ཏེ། རྟེམ་ཅིང་འབྲེལ་པར་འབྱུང་བའི་ཕྱིརརོ་ཞེས་བྱ་བའི་དོན་ཏོ།། དེ་དང་དེ་རྟེན་གང་འབྱུང་བ།། རང་གི་ངོ་བོར་དེ་མ་སྐྱེས། རང་གི་ངོ་བོར་གང་མ ་སྐྱེས།། དེ་ལ་སྐྱེས་ཞེས་ཇི་ལྟར་བྱ།། ཞེས་གསུངས་པ་ཡིན་ནོ།། དེ་ལྟ་ན་ནི་དངོས་པོ་འདི་དག་ཉིད་དངོས་པོ་མེད་པར་འགྱུརརོ་ཞེས་ཐེ་ཚོམ་ཟ་བ་གསལ་བའི་ཕྱིར། དངོས་པོ་མེད་ཅེས་གྲགས་པ་ཞེས་གསུངས་ཏེ། རྟེན་ཅིང་འབྲེལ ་འབྱུང་བའི་དངོས་པོ་དེ་དངོས་པོ་མེད་པར་གྲགས་ཏེ། དངོས་པོ་མེད་པར་ངོ་བོར་མི་རྟོག་ཅེས་བྱ་བའི་དོན་ཏོ།། གལ་ཏེ་དེ་ལྟར་ན་རྣལ་འབྱོར་པ་ཤེས་རབ་དང་ཐབས་ལ་སྙོམས་པར་ཞུ ་པའི་རྣལ་འབྱོར་ཉིད་དུ་ཇི་ལྟར་འབྲལ་ཞེ་ན། དེའི་ཕྱིར་གསུངས་པ། ཆད་པ་མ་ཡིན་ཞེས་བྱ་བ་ལ་ཆད་པ་ནི་མང་པའོ།། རྟག་པ་མེད་པ་ཞེས་བྱ་བ་ལ་རྟག་པ་ནི་ཐེར་ཟུག་གོ།། འང་གི་སྒྲས་ནི་རྟག་པ་ཡང་མི་རྟག་པ་དང་། རྟག་པ་ཡང ་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་དེ་ལ་ཅུང་ཟད་ཀྱང་བས་མཱི་བུ་མེད་པའོ་ཞེས་བྱ་བའི་དོན་ཏོ།། ཕྱག་དང་ཞལ་གྱི་སྒོ་ནས་གསུངས་པ། ཡན་ལག་མེད་ཅིང་ཁ་གདོང་མེད་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་དང་ཞལ་ལ་སོ ་པའི་རྟོག་པ་ཡང་མི་རྟག་པའོ།། བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པོའི་རིག་པའི་ངོ་བོ་ཡིན་པའི་ཕྱིར་དགོངས་པའོ།། དེ་ཉིད་གསུངས་པ། མཆོག་ཏུ་དགའ་བའི་མཚན་ཉིད་དོ་ཞེས་བྱ་བ་ལྔ། མཆོག་ནི་བདག་དང ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། དགའ་བོ་གང་ལ་དེ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་སྟེ། ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་བདེ་བ་ཆེན་པོའི་ངོ་བོའོ།། དེ་ཉིད་ཀྱི་མཚན་ཉིད་གང་ཡིན་པའི་ཕྱག་དང་ཞལ ་ལ་སོགས་པ་ནི་མཆོག་ཏུ་དགའ་བའི་མཚན་ཉིད་དོ།། འདིས་མཚོན་པར་བྱེད་པསོ།། དེ་ཡང་སེམས་ཀྱི་འཇུག་པའི་ཇི་སྙེད་པ།། མགོན་པོ་གཟུགས་ཀྱང་དེ་ཉིད་དེ།། ཆུ་གཞན་རླབས་ཀྱང་གཞན་ནམ་ཅི།། སྲིད་དང་ཞི་བ་འདྲེས་པ ་གཟུགས་ཞེས་གསུངས་པས་སོ།། ད་ནི་མདོར་བསྡུས་ནས་འདི་དགུ་རྟག་པ་ཉིད་བསལ་བར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་མེད་པར་འགྱུར།། ཞེས་བྱ་བ་གསུངས་ཏེ། རྟག་པའི་དངོས་པོ་ཡོད་པར་མི་འགྱུར་རོ།། ཇི་ལྟར་ཞེ་ན།། ་ཐེག་མ་བར་དང་མཐའ་སྤངས་པས་ཞེས་བྱ་བ་གསུངས་ཏེ། ཐོག་མ་ནི་དང་པོའི་ཆའོ།། གཽ་ཉི་གྲོའི་བར་དུ་ནི་དབུས་སོ།། མཐའ་ནི་ལྷག་མའི་ཆེ་སྟེ། དྲོ་སྤངས་བསྲེ་སོ།། དོན་ནི་འདི་ཡིན་ཏེ། རིམ་པ་མང་པོའི་གཟུགས་གཅིག ་པུ་ལ་ཐོག་དང་བར་དང་། མཐའི་དབྱེ་བ་མདོ་ང། རྡུལ་ཕྲ་རབ་དུ་མ་ཆ་ཤས་མེད་པའི་ཕྱིར། དམིགས་པར་མི་འགྱུར་ཏེ། བསགས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་བརྗོད་པ་བསྟན་ནས། ་ད་ནི་རྡོ་རྗེ་ཙར་ཙི་ཀ་ལ་སོགས་པའི་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དྲི་མེད་ཅེས་བྱ་བ་ནི་དངོས་པོ་ལ་སོགས་པར་རྟོག་པའི་དྲི་མ་མོ་ལུས་པར་སྤངས་པའི་ཕྱིར་དྲི་མ་མང་ངོ་།། དེ་ཉིད་ཀྱི་ཕྱིར་དག་པ་སྟེ། ཅི་ཞིག ་ཡིན་ཞེ་ན། གསུངས་པ། མཆོག་ཏུ་དགོའ་བ་ཞེས་བྱ་བ་སྟེ། དེ་ནྀ་བསྟན་ཟིན་ཏོ།། བསོད་ནམས་སྡིག་པ་དུག་དང་མ་འབྲེལ་ཞེས་བྱ་བ་ལ་བསོད་ནུམས་དང་སྡིག་པ་དང་འབྲེལ་བ་མེད་པ་སྟེ། ཡང་དོག་པའི་འབྲེལ་བ་མ་མཐོང ་བས། རྣམ་པར་མི་རྟོག་པ་ཡང་དག་པར་རིག་པ་ཉིད་ཀྱི་ཕྱིར་རོ།། གལ་ཏེ་དེ་ལྟར་ན་ཡང་དག་པའི་འབྲེལ་བ་མེད་པས་འགྲོ་བའི་དོན་བྱ་བ་ཡང་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི ་ཡོད། ཅེས་བྱ་བ་ལ་སྙིང་རྗེ་གང་གིས་རོ་མཉམ་པར་བྱས་པའི་སེམས་འདིའོ།། ཡོད་པ་ནི་གནས་པའོ།། ཀུན་ཀྱང་ནི་བསོད་ནམས་དང་སྡིག་པ་དང་འབྲེལ་བའི་སྐྱེ་བ་ལ་སོགས་པའོ།། བདེན ་བར་ཞེས་བྱ་བའི་ཚིག་ཡོད་པར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ།། སྡིག་པ་ལ་སོགས་པ་འདི་དང་། ཀུན་རྫོབ་དང་། དོན་དམ་པ་གཉིས་ཀྱི་དོན་ཅི་ཞེ་ན། མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་ཚོན་གཅིག་པུ་ཞེས་བྱ་བ ་གསུངས་ཏེ། གཅིག་པུ་ནི་གཅིག་ཉིད་དོ།། གཏེར་ཆེན་ཞེས་བྱ་བ་ནི་རིམ་པ་རྣམས་ཀྱིས་ངེས་པར་བོད་པའོ།། ཡང་ནཱ་གཏེར་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་གཏེར་ཆེན་པོའོ།། དེ་ཉིད་ཀྱང ་ཡིན་ལ་མོ་བདེན་པ་བརྟགས་པའི་ངོ་བོ་ཉིད་དོ།། དེ་ཉིད་ནི་དོན་ཡིན་ཏེ། མགོན་པོ་དེ་བཞིན་ཉིད་དོ།། དགའ་བ་ལ་སོགས་པ་དབྱེ་བའི་སྒོ་ནས་གསུངས་པ། མཆོག་ཏུ་དགའ་བ་འདིའི་ངོ་བོ་ཞེས་བྱ་བ་ལ་དགའ་བ་ལས་ཁྱད་པར་དུ ་འཕགས་པའི་དགའ་བའི་བདེ་བ་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བའོ།། དེ་ལྟ་བུའི་མཆོག་ཏུ་དགའ་བོ་ཡང་ཅི་ཞིག་ཅེ་ན། འདིའི་ངོ་བོ་ནི་ཞེས་བྱ་བ་གསུངས་ཏེ། ལྷོག་པར་བདེ་བའི་ངོ་བོ་སྟེ། ལྷག ་པར་འགྱུར་བའི་བདེ་བ་ཞེས་བྱ་བའི་བར་དུའོ།། བདེ་བ་ཆེན་པོའི་དངོས་ཞེས་བྱ་ནི་རང་གི་རིག་པའི་འགྲོ་བའི་དོན་བྱེད་པའི་བདེ་བ་ནི་བདེ་བ་ཆེན་པོའོ།། དངོས་ཞེས་བྱ་བ་ནི་ངོ་བོའོ།། དེའི་ཕྱིར་བདེ་བ་ཆེན་པོའི་དངོས་ཞེས་བྱའོ།། ཆོས ་རྣམས་ངོ་བོ་ཞེས་བྱ་བ་ལ་དངོས་པོའི་ཚོགས་མ་ལུས་པ་འཛིན་པས་ཆོས་ནི་ན་མཁའ་སྟེ། ནཱ་མཁའི་ངོ་བོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ནི་དེ་ལའོ།། སྤུན་ཞེས་བྱ་བ་དང་། ཧེ་ཞེས་བྱ་བ་ནི་སྤུན་ཟླའོ།། ཞེས་འབོད་པའོ།། ་བསོད་ནམས་མེད་ཅིང་སྡིག་པ་མེད་ཅེས་བྱ་བ་ནི་བསོད་ནམས་དང་སྡིག་པ་མེད་པའོ།། ཅིའི་ཕྱིར་ཞེ་ན། སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། ཞེས་གསུངས་ཏཱཾ། སྐྱེ་བ་དང་འཇིག་པ་དེ་དག་གི་ངོ་བོ་མེད་པའོ།། ཡང་ན ་ངོ་བོ་ཞེས་བྱ་བ་གནས་པ་སྟེ། སྐྱེ་བ་མང་པོ་དང་། འཇིགས་པ་མེད་ཅེས་བྱ་བའི་དོན་ཏོ།། གང་དུ་བྱང་ཆུབ་ཀྱི་སེམས་བསྟན་པ་དེ་ལ་དེ་སྐད་བརྗོད་དོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷཱ ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་བདུན་པའི་བར་བྱུད་པའོ།། །། ད་ནི་ད་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་ལ་འཇུག་པའི་གཏམ་རྒྱུད་གསུངས་ཏེ། དེའི ་དུས་ཞེས་བྱ་བ་ལ་སོགས་པ་ལྀ། བདུད་ཆེན་པོ་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བ་ལྔ་བདུད་ནི་ཕུང་པོ་ལ་སོགས་པའི་མཚན་ཉིད་ཅན་ནོ།། གང་གིས་མཆོག་ཏུ་རྒྱལ་བར་བྱེད་པ་ནི་ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས་སོ།། དེ་ལ ་སྙོམས་པོར་ཞུགས་པ་ནི་མངོན་སུམ་དུ་བྱས་པའོ།། ཉིད་ཀྱི་སྐུ་དང་གསུང་ཐུགས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཁུ་བའོ།། ངེས་པར་ཕྱུང་ཞེས་བྱ་བ་ནི་རང་རང་གི་ངོ་བོས་ངེས་པར་སྤྲོས་པའོ།། ་ངེས་པར་ཕྱུང་ནས་ཀྱང་ཞེས་བྱ་བ་ནི་སྤྲོས་པས་སོ།། གང་མཛད་པ་དེ་གསུངས་པའོ།། ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་འདི་དག་ཉིད་ནི་རིམ་པར་ཕྱེ་བ་དང་པོར་དེ་ནས་ཞེས ་བྱ་བ་ལ་སོགས་པར་སྨོས་ནས་བཤད་པ་ཡིན་ནོ།། དེའི་དུས་ཞེས་བྱ་བ་ནི་གང་གི་ཚེ་བཅོམ་ལྡན་འདས་བཞུགས་པའི་ཚེའོ།། ཇི་ལྟར་ན་རྣམ་པར་གང་གིས་སོ།། ཐོས་པས་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པསོ།། སྐད་ཅིག་ལ ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ།། གཟུང་བ་ནི་དོན་དང་གཞུང་དག་གོ།། དོན་བཟུང་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པའོ།། བསྡུས་ནས་ཞེས་བྱ་བ་ནི་གཞན་ལ་བསྟན་པའོ།། ལེགས་པར་རབ་ཏུ་ཞེས་བྱ་བ་ནི་ཕྱི་དང་ནང་གི་བར ་དུ་དགའོ་བས་རབ་ཏུ་བསྔགས་པའོ།། ཡིད་ལ་བྱས་སོ་ཞེས་བྱ་བ་ནི་གཞན་དག་ལའོ།། དེ་སྐད་ཅེས་བྱ་བ་ནི་བསྟན་པོའི་རྒྱུད་མ་ལུས་པའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་སུ་གཏོགས་པའི་གཞལ་ཡས་ཁང ་དུ་འདི་སྐད་གསུངསོ།། ཞེས་བྱ་བར་བསྟན་ཏོ།། དེའི་ཚེ་གཤིན་རྗེ་གཤད་ཀྱི་ཚེགས་དཔག་ཏུ་མེད་པ་དང་། བདག་གིས་ཐོས་ཤེས་དང་པོའི་ཚིག་དང་སྦྱར་བའོ།། གསང་བ་ཆེན་པོ་ནི་གནོད་སྦྱིན་ནོ།། དེ་དག་གི་བདག་པོ་ནི་གསང ་བ་པ་ཆེན་པོའི་བདག་པོ་སྟེ་ཕྱག་ན་རྡོ་རྗེའོ།། རྡོ་རྗེའི་རིགས་ནི་ཞེ་སྡང་གི་རིགསོ།། དེའི་གཙོ་བོ་ནི་ཞེ་སྡང་དེར་དེ་དག་ཁྱེར་བར་བྱེད་པས་རྡོ་རྗེ་རིགས་ཀྱི་གཙོ་བོ་སྟེ། ན་ཌ་ཀུ་བེ་རའི་ཡབ་བོ།། རྐང་པ་དང་བཅས་པའི་འབུམ་དུ ་བརྗོད་པས་ན་དེའི་ཕྱིར་འདི་ནི་རྒྱུད་ཀྱི་རྒྱལྔ་པོ་ཆེན་པོ་སྟེ། ཡང་དག་པར་འབད་པས་ཕྱུང་ཞེས་བྱ་བའི་དོན་ཏོ།། ཨུརྒྷ་ནཱ་གྱི་ཡུལ་ནས་ཡང་དག་པར་བྱུང་བ་ཞེས་བྱ་བ་ནི། ཨུ་རྒྱན་ནུ་གནས་པའི་རྣལ་འབྱོར་མས་ཕྱུང ་ནས་རབ་ཏུ་སྤྲོས་ཞེས་བྱའོ།། དེའི་ཕྱིར་རྐང་པ་དང་བཅས་པའི་འབུམ་པ་ལས་ཞེས་གསུངས་པའོ།། རྫོགསོ་སོ་ཞེས་བྱེ་བ་ནི་ཡང་དག་པར་རྙེད་ནས་ཐོབ་ཅེས་བྱ་བ་སྟེ། བཅོམ་ལྡན་འདས་ལས་ཞེས་བྱ་བའི ་དོན་ཏོ།། དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་ཤྲཱི་དྷཱ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅོ་བརྒྱུད་པའི ་བཤད་པ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་ཤནྟ་བྷ་དྲྀ་དང་། ལོ་ཙི་ཐཱ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ། ཞུསཽ་ནས ་གཏན་ལ་ཕབ་པ།། འདི་ནི་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བའི་བཀའ་དྲིན་གྱི་ཉེ་བར་འཚོ་བ་དྷརྨཱ་ཀཱརྟི་བྷ་དྲས་ལན་གཉིས་སུ་ནུས་སོ།། ་