CLOSE WINDOW

GT778: dpal gsang ba 'dus pa lhan cig skyes pa'i sgrub thabs
Wyliee-texts produced with BDRC’s OCR application

དོན་ནི་རྣམ་པར་རྟོགས་པར་ཤོག། དཔྲལ་བདེ་བ་ཆེན་པོའི་འབྲེལ་པ་སློབ་དཔོན་ཆེན་པོ་བི་མཱ་ལ་གརྦྷས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཤྲཱི་ས་ཧཱ་ཛ་ས་མཱ་ཡ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ ་གསང་བ་འདུས་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། དྲི་མེད་ཡེ་ཤེས་གཟི་འོད་ལྡན།། འབར་བའི་སྐུ་མངའ་དཀྱིལ་འཁོར་བདག། དཔག་མེད་སྤྲུལ་པས་འགྲོ་སྐྱོབ ་པ་དཔལ་ལྡན་གསང་འདུས་ལ་ཕྱག་འཚལ།། ཡིད་འོང་རི་བོའི་དྲུང་སོགས་སུ།། བློ་ལྡན་ཞུགས་ཏེ་ཡིད་དང་བས།། གདོང་སོགས་དག་བྱས་བསོད་ནམས་བསགས།། དེ་རྗེས་ཆོས་ཀུན་སྦྱོང་བར་བསམ།། ཨོཾ་ཤཱུ་ནྱ ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། རྡོ་རྗེའི་གཞི་ལ་རབ་དཀར་དགེ། ཆོས་འབྱུང་དབུས་སུ་པདྨ་དང་།། ཉི་མ་ལ་གནས་སྣ་ཚོགས་མདོག། རྡོ་རྗེ་ལས་བྱུང་འཁོར་ལོ་བསམ།། གྲུ་བཞི་ཟུར་བཞི་སྒོ་བཞི་པས།། སྣ་ཚོགས་རྒྱན་རྣམས ་ཀུན་གྱིས་སྦས།། བ་དན་དྲིལ་བུས་ཁྱབ་པ་ནི།། ཀུན་ནས་ཉམས་དགའི་ཕོ་བྲང་བསམ།། དེ་དབུས་དབྱངས་ཡིག་རྣལ་བཟློག་ལས།། ཟླ་རྒྱས་གྲུབ་སྟེ་དེ་སྟེང་འདིར།། གསལ་བྱིང་རྣལ་བཟློག་དབྱངས་ཡིག་བཅས།། འཕྲོས་བསྡུས ་ལྡེས་བྱུང་ཧཱུཾ་ཡིག་བལྟ།། མཐའ་ཡས་སྤྲུལ་པོས་དོན་བསྒྲུབས་ནས།། རྒྱལ་བ་མཐིང་ག་རབ་མཛེས་སྒེག། གཡས་གཡོན་དཀར་དང་དམར་པོའི་ཞལ།། རྡོ་རྗེ་དྲིལ་འཛིན་རིག་མས་འཁྱུད།། འཁོར་ལོ་རིན་ཆེན་པདྨ་དང་།། ར ་གྲི་འབྱུར་བ་གཡས་གཡོན་ཕྱག། སྐྱིལ་ཀྲུངས་རྣམས་པ་རོལ་པས་བཞུགས།། ན་མཁའི་མདོག་ལྟར་རབ་དྲངས་བསྒོམ།། ཨོཾ་དང་ཨཱཿདང་དེ་བཞིན་དུ།། ཧཱུཾ་ཞེས་བྱིན་གྱིས་བརླབས་ནས་ཀྱང་།། སྙིང་ག་ལས་འཕྲོས་འོད ་ཟེར་གྱིས།། ཡེ་ཤེས་བཀུག་ལྔ་དབང་བསྐུར་བྱ།། དེ་ནས་ཐབས་ཆེན་ཤེས་རབ་མཆོག། བདེ་ཆེན་དང་དུ་སྙོམས་ཞུགས་པས།། མི་འགྱུར་ཐིག་ལེར་རྣམ་པདྱཱའོ།། སྨན་སོགས་གླུ་ཡིས་སད་པར་བྱ།། ཨོཾ་དྷརྨཱ་ཏཱ ་ཏུ་སྭབྷཱ་བ་ཨཱཏྨ་ཀོ&ཧཾ། རང་སྦྲིང་བྷཱ་བ་ཧཱུཾ་དེང་ནི། མགྲིན་པར་པདྨ་ལ་གནས་ཨཱཿ།། སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཆིན།། ཐུགས་གསུང་སྐུ་ཡི་རྡོ་རྗེ་བསྒྲིམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིདྡྷི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཝཱ་ཀཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ&ཧཾ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས། ཀྱིས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས ་པས།། དེང་བདག་བྱིན་གྱིས་བརླབས་མཛད་ནས།། རྡོ་རྗེའི་ཐུགས་གསུང་སྐུར་མཛད་ནས།། ཨོཾ་སརྦ་ཏ་བྷཱུ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་ཝཱ་ཨཱཏྨ་ཀོ&ཧཾ།། ཤེས་རབ་དམ་པའི་ངོ་བོ་ཉིད།། ཐབས་བཅསྔོ་འབྱུང་བ་རང་བཞིན ་ལུས།། དགའ་བཞིས་བདེ་གཤེགས་མཉེས་བྱ་ཞེས།། སྔགས་པས་དགའ་བ་ཀུན་ཏུ་བརྩམ།། ཨོཾ་ཨཱཿབཛྲ་དྷྲྀ་ཀཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱ~ཾཿབཛྲ་དྷཱ་ཏི་ཤྭ་རི་མུཾ་ཧཱུཾ་སྭཱ་ཧཱ།། ཧཱུཾ་གི་རྡོ་རྗེ་ལས་བྱུང་བ།། ཡིད་ཚུལ་དམ་པའི་ཆུ ་སྐྱེ་ས་ལ།། གནས་པའི་སྔགས་ཕྲེང་ཕྱུང་ནསོ་ནི།། རྩེ་གཅིག་ཡིད་ཀྱིས་བཟླས་པར་བྱ།། ཀུན་རྟོགས་མཚན་མ་ཀུན་ལས་གྲོལྔ།། ཡང་དག་རིགས་ལས་ཐ་མོ་དད།། ཞི་སོགས་ལས་ཀུན་སྒྲུབ་བྱེད་རྒྱུ།། སྙིང་རྗེ་ཅན་གྱིས ་མི་འགྲུབ་མེད།། དཔལ་ལྡན་གསང་ཆེན་ལྷན་ཅིག་སྐྱེས།། བསྙེན་པས་དངོས་གྲུབ་བསྒྲུབ་པའི་ཕྱིར།། མདོར་སྡུས་རིམ་པ་འདི་བརྗོད་པས།། སྐྱེ་བོས་སངས་རྒྱས་ལྔ་འགྲུབ་ཤོག། གོས་དྲི་ཆེན་ལྷན་ཅིག ་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་སྒེག་པས་མཛད་པར་རྫོགས་སོ།། ། ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང་།། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ་