CLOSE WINDOW

GT777: dpal bde ba chen po'i sgrub pa'i thabs rnam par bshad pa
Wyliee-texts produced with BDRC’s OCR application

ཎྱ་གར་སྐད་དུ། ཤྲཱི་མ་ཧཱ་སུ་ཀཱ་སྱཱ་དྷ་མོ་བིཀ་བྷཱུཥྚཱ་ན།། དད་སྐད་དུ། དཔལ་བད་དུ་མན་པོའི་སྒྲུབ་པའི་ཐབས་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། བདེ་བ་ཆེན་པོ་རྡོ་རྗེ་། ་ཡེ་ཤེས་མཐའ་ཡས་འབྱུང་གནས་པ།། ཕྱག་འཚལ་སྒྲིབ་ཐབས་དོན་རྣམས་ནོ།། བླ་མས་བསྟུན་བཞིན་བདག་གིས་བྲི།། དཔལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་བྱའོ།། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལྔ་འདས་པའོ།། འཇིག་རྟེན་གྱི་དདས ་ནི་ལྷ་དང་མིའི་འབྱོར་པ་ཐམས་ཅད་དང་ལྡན་པའོ།། འཇིག་རྟེན་ལས་འདས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་བྱའོ།། དེ་གཉིས་དང་ལྡན་པས་དཔལ་ལྡན་ཞེས་བྱའོ།། དཔལ་གྱི་སྒྲས་ནི་ལྷ་མོ་བཞི་ལ་སོགས་པ་ལ་ཡང་བྱ་སྟེ། ་དེ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བའི་ཚུལ་དུ་གནས་པས་དཔལ་ལྡན་ནོ།། རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས།། སེམས་དཔའ་ནི་དེ་ཉིད་ཀྱི་རང་བཞིན་ཡིན་པས་སེམས་དཔའ་ཞེས་བྱ་སྟེ།། སེམས་ཅན་ཐམས་ཅད་དང་མཐུན་པར་སྐུ་བསྟན ་པས་སེམས་དཔའོ།། མགོན་བྷྱོ་སངས་རྒྱུསྟེ་ཀུན་ངོ་བོ་ཞེས་པ་ནི་ཐུགས་རྗེའི་རང་བཞིན་ཡིན་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཐམས་ཅད་ཀྱི་དོན་མཛད་པས་མགོན་པོ་ཞེས་བྱ།། ཕྱོགས་བཅུ་དུས་གསུམ་གྱི་སངས ་རྒྱས་ཀྱི་བདག་ཉིད་ཡིན་པས་སོ།། ཞེ་སྡང་རྡོ་རྗེ་རྒྱལ་བའི་གཙོ་ཞེས་པ་ནི་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་འདུལ་བའི་ཆ་ལུགས་སུ་བསྟེན་པས་ཞེ་སྡང་རྡོ་རྗེའོ།། རང་སངས་རྒྱས་དང་ཉན་ཐོས་ཀྱི་མཆོག་ཏུ་གྱུར་པ་དང་། དཀྱིལ་འཁོར ་བདག་པོ་ཡིན་པས་ན་རྒྱལ་བའི་གཙོ།། ལྷ་མོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་ལྡན་པ་རྣམས་དང་གཉིས་སུ་མེད་པའི་ཚུལ་དུ་བདེ་བ་ཆེན་པོ་རྟག་ཏུ་ཉམས ་སུ་མྱོང་བ་ལ་བྱའོ།། དད་པས་ཞེས་པ་ནི་གུས་པ་དང་བཅས་པས་སོ།། བདག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས།། དེ་ལྟར་ཕྱག་འཚལ་བའི་དོན་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་འདུས་པ་འདི་གང་ཟག་བློ་དམན ་པ་རྣམས་ཀྱིས་རྟོགས་ཤིང་གོ་དཀའ་བས་དེ་ལྟ་བུའི་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་རོ།། དཔལ་ནི་བཛྲ་ས་ཏྭ། དེ་དང་ལྡན་པས་དཔལ་ལྡན་ནོ།། གསང་འདུས་ནི་རྒྱད་ཀྱི་མཚན་ནོ།། དོན་ནི་ངེས་པའོ།། རྟོག་པ་ནི་སེམས ་ཀྱིས་སོ།། གསང་བ་ནི་ཚིག་གིས་སོ།། སེམས་ནི་ཁམས་གསུམ་ན་གནས་པའོ།། ཕན་པ་ནི་མཐོ་རིས་དང་ཐར་པ་ཐོབ་པར་བྱ་བར་རྒྱུད་འདི་ལ་འཇུག་པར་བྱའོ།། བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པའོ།། དེ་ཡང་གང་ཞེ་ན།། དཔལ་རྡོ་རྗེ ་སེམས་དཔའ་ལ་སོགས་པའོ།། ཐབས་ནི་ཡན་ལག་གོ།། འདི་ནི་བརྩམས་པའི་དངོས་པོའོ།། བཤད་པར་བྱ་ཞེས་པ་ནི་དམ་བཅའ་བའོ།། དང་པོ་སེམས་བསྐྱེད་མ་ཐག་གོ།། སྔགས་པ་ཞེས་བྱ་བ་ནི་གསང་སྔགས་བྱ་ཚུལ་ལ་སྤྱོད ་པའོ།། ངེས་པ་ནི་མཐེ་ཚོམ་མེད་པའོ།། ད་ནི་འཇུག་པའི་རིམ་པ་བསྟན་པ་ཡིན་ཏེ། རྡོ་རྗེ་ཡང་དག་པའི་དོན་ཏེ་དེ་ལ་མ་ནོར་བར་སྟོན་ཅིང་བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའོ།། མཉེས་པར་བྱ་ཡང་རྣམ་གསུམ་སྟེ།། ཕྱི་དང ་ནང་དང་གསང་བའོ།། བྷི་ནི་ལུས་དང་ལོངས་སྤྱོད་དོ།། ནང་ནི་ཤེས་རབ་རྣམ་གསུམ་གྱི་སྒོ་ནས་སོ།། གསང་བ་ནི་གསང་པའི་མཆོད་པས་སོ།། དེ་ལྟར་སློབ་དཔོན་མཉེས་པར་བྱས་ནས་དབང་རྣམ་གསུམ་ཐོབ་ནས་གནང་བ་ནི་བསྒྲུབས ་ཤིག་ཅེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་མཉེས་པར་བྱ་བ་ལ་སོགས་པ་ཟིན་ནས་སོ།། སྒྲུབ་པ་ནི་གང་ཡང་རུང་བའི་སྒྲུབ་པའི་དངོས་པོའོ།། བརྩམ་པར་བྱ་བ་ནི་འཇུག་པའོ།། དཀྱིལ་འཁོར་གྱི་དོན་ནི་སྒྲ་ལས་དྲངས་ན་མཎྜ་ནཱི་སྙིང ་པོའོ།། ལ་ནཱི་ཨ་ན་སྐྱེ་ལེན་པའོ།། དཀྱིལ་འཁོར་བས་དཀྱིལ་འཁོར་རོ།། དེར་ཞུགས་པ་ནི་ཚུལ་བཞིན་དུ་སློབ་དཔོན་གྱིས་བསྟན་ཅིང་དབང་བསྐུར་བའོ།། དེ་བཞིན་ནི་འདྲ་བའི་དོན།། གསང་བ་ནི་ཐུན་མོང་མ་ཡིན་པ་དང་། རྟོག་གེ་བས ་མ་ཡིན་པའོ།། ཉིད་ནི་མ་ནོར་བ་དཀྱིལ་འཁོར་གྱི་དོན་དང་གཉིས་སུ་མེད་པའི་དོན་ནོ།། ཤེས་པ་ནི་གོ་བའོ།། ཀུན་བྱེད་ཐམས་ཅད་ཟ་བ་ཡིས་ཞེས་པ་ནི་རྟོག་པ་མེད་ཅིང་གཉིས་སུ་མེད་པའི་སྤྱོད་པའོ།། ཐེ་ཙོམ་མེད་པར་དངོས་གྲུབ ་ཐོབ་ཅེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་བསྒྲུབས་ན་ཡིད་ཀྱི་འདོད་པའི་དོན་གྲུབ་ཅེས་བྱ་བའི་དོན་ཏོ།། གཙོ་ནི་ཡིད་ཀྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སོ།། མི་ཕྱེད་པ་ནི་མི་འགྱུར་བ་དང་རྒྱུན་མྱི་འཆད་པའོ།། དྲང་བ་ནི་ཡིད ་ཆེས་པ་དང་གུས་པ་དང་ཆགས་པའོ།། རྣམ་པ་ནི་ཐ་དད་པ་མི་རྟག་པའི་བློ་ནི་ཐ་དད་པའི་འདུ་ཤེས་མེད་ཅིང་གཉིས་སུ་མེད་པའོ།། དམ་ཚིག་ནི་མི་འདའ་བ་སྟེ་སྐུ་གསུང་ཐུགས་ལ་སོགས་པའོ།། སྡོམ་པ་ནི་མི་གཡེང་བའོ།། ། ་གནས་པ་ནི་ལྡན་པའོ།། དེ་ལྟ་བུའི་རྣལ་འབྱོར་པས་བསྒྲུབས་ན་སྐུ་གསུང་ཐུགས་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ།། བྲམ་ཟེ་ཞེས་བྱ་བ་ནི་དགེ་བའི་ནི་དགེ་བའི་ངང་ཉིད་ཡིན་པས་ལ་དོར ་བའི་ཚིག་གོ།། དཀྱིལ་འཁོར་དག་ནི་དམན་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི་གོང་དུ་བསྟན་པའི་ཡོན་ཏན་དང་མི་ལྡན་པར་རང་གཟི་དང་གཟུ་ལུམ་སུ་བྱས་ཤིང་བསྒྲུབས་ན་འབྲས་བུ་མི་འཐོབ་ཅིང་བྱས་པ་ཆུད་ཟོས ་པས་བྱར་མི་རུང་བར་བསྟན། དེ་ལྟ་བས་ན་དམ་ཚིག་དང་སྡོམ་པ་བསྟན་ཏེ། དམ་ཚིག་ནི་བསྒྲུབ་པའི་དམ་རྫས་སོ།། སྡོམ་པ་ནི་ཁ་ན་མ་ཐོ་བ་མེད་པར་དྲིང་དུ་ལེན་པའོ།། དེ་ཡང་གང་ཡིན་ཞེ་ན། ཤར་ལ་སོགས་པ་བདུད་རྩ ་ལྔའོ།། ཤ་ནི་ཤ་ཆེན། རཀྟ་མི་ཁྲག་ཐམས་ཅད། དྲི་ཆེན་དང་རྡོ་རྗེ་ཆུ་ཡང་ཀུན་གྱིའོ།། སེམས་ནི་ལྔ་པ་བྱང་ཆུབ་བྱུང་བ་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བ་ཡིན་པས་སོ།། སྔགས་པ་ནི་རྣམ ་པར་མྱི་རྟོག་པ་བསྒྲུབ་པ། ཆོ་གས་ཞེས་པ་ནི་བྱ་བ། དེ་བཞིན་གཤེགས་པའི་རང་བཞིན་དུ་བྱིན་གྱིས་བརླབས་པ་དང་། འོག་ནས་འབྱུང་བའི་ཐབས་སོ།། ཉིན་གཅིག་བཞིན་དུ་ནི་དུས་ཐམས་ཅད་དུའོ།། སྦྱང་བ་ནི་ཧཱུཾ་གིས་སོ།། འབར ་བ་ནི་ཨོཾ་གྱིས་སོ།། རྟོགས་པ་ནི་ཨོཾ་གྱིས་སོ།། དོགས་པ་ནི་འགྲུབ་མི་འགྲུབ་པའི་ཐེ་ཚོམ་མོ།། མེད་པ་ནི་སྤངས་པའི་སེམས་སོ།། དེ་བཞིན་གཤེགས་པ་ནི་སྔོན་དེ་བཞིན་གཤེགས་པ་ཇི་ལྟར་དེ་བཞིན་གཤེགས་པ་བཞིན ་གཤེགས་བླ།། དེ་བཞིན་གཤེགས་པའོ།། དེ་ཡང་གང་ཞེ་ན། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་བསྒོམ་ཞིང་བསྒྲུབས་པས་བདེ་བ་ཆེན་པོའི་ངང་དུ་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པའོ།། མཉེས་པ་ནི་དགྱེས ་པའི་དོན་ཏོ།། དེ་ཡང་མངོན་སུམ་དུ་གྱུར་པའོ།། དེ་བཞིན་གཤེགས་པ་ནི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ། མཉེས་པ་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པའོ།། སྦྱང་པའི་ཐབས་ནི་བསྒྲུབ་པའི་རྫས་སྣོད་དུ ་གཞག་ལ་དེའི་སྟེང་དུ་ཧཱུ~ཾ་གཅིག་འབྱིང་བར་བསྒོམ།། ད་འོད་ཟེར་གྱིས་མཱ་རྟོག་དང་ལོག་པར་རྟག་སུཾ་པའི་དྲི་མ་ཐམས་ཅད་བསྲེགས་པ་བས་མ།། དེ་ལྟར་རྣམ་པར་དག་པར་བྱས་ལཱྀ།། དེའི་གང་དུ་ཟླ་བའི་དཀྱིལ་འཁོར་ས ་གཅིག་བསྐྱེད། ཨོཾ་ལས་འོད་ཟེར་འཕྲོས་པས་ཟླ་བའི་དཀྱིལ་འཁོར་ལ་ཕོག་པས་ཞུ་སྟེ། བདུད་རྩིའི་ཐིགས་པ་ཚུལ་བཞིན་དུ་ཞུ་ཞིང་གཉིས་སུ་མེད་པར་སོང་བས་བདུད་རྩིར་གྱུར་པ་ནི་རྟོགས་པའོ།། དེའི་སྟེང་དུ་ཨོཾ་བསྒོམ་ཞིང ་འཕྲོ་འདུ་བྱ་བ་ནི་མ་འབར་གྱི་བར་དུའོ།། དེ་ལྟར་བྱས་ཤིང་སྤྱན་ནཱ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་པས་དམ་ཚིག་དམ་པའོ།། དེ་ལྟར་ཤོ་རྣམ་པ་ལྔ་ཡང་སྒྲུབ་པའི་རྫས་ཡིན་པ་དང་། རྟོག་པ་སྐྱོང་བ་དང་། རང་བཞིན་གྱི ་མཐུ་ཡོད་པས་སྐྱེད་པར་བྱ་བ་བསྟན། དེ་ཡང་གླང་པོ་ཆེའི་ཤ་ནི་ལྀ་ཙ་ནར་བྱིན་གྱིས་བརླབ་ཅིང་རྣམ་པར་སྣང་མཛད་ལ་མཆོད་པའི་ཚུལ་དུ་སྤྱད། རྟ་ཤ་ནི་རཏྣ་ལོ་ཙ་ན་དང་། རིན་ཆེན་འབྱུང་ལྡན་གྱི་ཚུལ་དུ་སྤྱད། ཤ་ཆེན་ནི་མཱ ་མ་ཀཱི་དང་རྡོ་རྗེ་སེམས་དཔའ། བ་ལང་ནི་ན་བཟའ་དཀར་མོ་དང་སྣང་བ་མཐའ་ཡས། ཁྱི་ནི་སྒྲོལ་མ་དང་དོན་ཡོད་གྲུབ་པའི་ཚུལ་དུ་སྤྱད། མཆོག་ནི་ཐུན་མོང་མ་ཡིན་པས་མཆོག་གོ།། འདི་རྣམས་ཀྱང ་སྦྱང་བ་ལ་སོགས་པ་གོང་མ་དང་འདྲའོ།། སྐུ་གསུང་ཐུགས་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་འཇིག་རྟེན་གྱི་ཟས་སྤངས་ལ་རྟག་ཏུ་སྒྲུབ་པའི་དུམ་རྫས་སྤྱད་པའི་དོན་ནོ།། གཞན་ནི་ཟན་ལ་སོགས་པའོ།། རྣལ་འབྱོར་པས་དེ་དག ་བདེ་བླག་ཏུ་མ་རྙེད་ན། ཟས་སྐོམ་ཐམས་ཅད་ལ་ཤ་རྣམས་ཡིན་པར་བསམ་ཞིང་སྤྱོད་པར་བྱ་བར་བསྟན། རྡོ་རྗེ་སྦྱོར་བ་འདི་དག་ཅེས་བྱ་བ་ནི་གོང་གི་སྦྱང་བ་ལ་སོགས་པའི་ཆོ་ག་རྣམས་སོ།། དེ་ལྟར་སྤྱད་པའི་ཡོན་ཏན་ནི་སངས ་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། ཟན་དང་ཁུར་བ་ལ་སོགས་པ་བཟའ་བའམ།། ཡང་ན་ཆུ་དང་ཆང་ལ་སོགས་པ་བཏུང་བ་འང་རུང་འཇིག་རྟེན་པས་མི་ནུས་པའི་དཀའ་བའི་སྤྱོད་པ་དང་ལྡན་པས་བརྟུལ་ཞུགས་ཅན ་ཟས་སྐོམ་ཅི་ཟ་བ་དྲི་ཆུ་སྨན་ལྔ་ཤ་ལྔ་ཅི་ལྟར་སྦྱོར་བ་ཡིས་སྦྱང་བ་ལ་སོགས་པའི་ཏིང་ངེ་འཛིན་ཆོག་བཞིན་དུ་རུང་བར་བྱའོ།། ད་ནི་རྣལ་འབྱོར་པས་ཐ་མལ་པའི་ཚུལ་དུ་གནས་དང་དམ་རྫས་དང་ཡོ་བྱད་སྦེང་དུ་མི་རུང་བས ་དེའི་ཏིང་ངེ་འཛིན་བསྟན། རྣམ་པ་ཐམས་ཅད་མཆོག་ལྡན་པ་ཞེས་པ་ནི་སྐུ་གསུང་ཐུགས་དང་མཚན་དང་དཔེ་བྱད་དང་རྒྱན་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ལྷ་གང་ཡང་རུང་བ་བསྒོམ་པའི་དོན ་ཏོདེ་ལྟར་གནས་པའི་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་ལྷ་བསྒོམ་པ་བསྟན།། རྡོ་རྗེ་ནི་མི་ཕྱེད་པའི་དོན། ཡི་ནི་དེའི་དོན། དེ་ཡང་ཅི་ལྟར་བསྒོམ་ཞེ་ན། བདག་ནི་སྙིང་གི་བར་སྣང་ལ་ཨ་ལས་བསྐྱེད་པའི ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་དང་ལྡན་པར་བསྒོམ་མོ།། སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་བྱང་ཆུབ ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བསྒོམ་ལྕེའི་སྟེང་དུ་པདྨ་བསྐྱེད་ལཾ་ཨ་ལས་སྣང་བ་མཐའ་ཡས་བསྒོམ། ཧཱུ~ཾ་ལས་རྡོ་རྗེ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའ་བསྐྱེད་པ་ལ་བྱའོ།། ཨཱ་ལས་ནི་སྣང་བ་མཐའ་ཡས། ཨོཾ་ལས་ནི་རྣམ་པར ་སྣང་མཛད། སྦྱོར་བ་ཞེས་བྱ་བ་ནི་སྤྱི་བོ་དང་ལྕེའི་སྟེང་དུ་དེ་གཉིས་ཀྱི་སྐུ་བསྐྱེད་པ་ལ་བྱ། དེ་ལྟར་བདག་ལྟར་བསྒོམ་ཞིང་དམ་རྫས་དང་བཟའ་བཏུང་ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་དོན་ཏོ།། འདི་ནི ་དམ་ཚིག་ཅེས་པ་ནི་གོང་དུ་བསྟན་པའི་དམ་རྫས་ལ་སོགས་པའི་སྤྱོད་པའི་ཚུལ་ལོ།། མཆོག་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཀྱི་རབ་ཡིན་པས་སོ།། སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྔའོ། ་མཉེས་པ་ནི་སྔགས་ཀྱི་སྤྱོད་པ་ཚུལ་བཞིན་དུ་སྤྱད་པས་དབྱེས་པ་དང་མངོན་དུ་གྱུར་པ་ལ་བྱའོ།། མཆོག་ནི་སྐུ་གསུང་ཐུགས་སོ།། དངོས་གྲུབ་ནི་ཚེ་འདི་ཉིད་ལ་ཐོབ་པའི་དོན་ནོ།། ཐམས་ཅད་ནི་འཇིག་རྟེན་པའི་སྤྱོད་པ་གྲུབ་ཀྱང ་བསྡུའོ།། དེ་བས་ན་དམ་ཚིག་མཆོག་ཅེས་བྱའོ།། གཞན་ཡང་རྣལ་འབྱོར་པས་དམ་ཚིག་དང་དུས་ཐམས་ཅད་དུ་ལྡན་པར་བྱ་དགོས་པར་བསྟན་པ། རྟག་པ་ཞེས་པ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པའོ།། ་གཞན་ནི་བདག་ལས་གཞན་པ་འཕགས་པ་རྣམས་སོ།། འཕྲོག་པ་ནི་བདག་གིར་བྱ་བའོ།། སྤྱིར་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་བསྒོམ་ཞིང་ཐོབ་པར་བྱ་བ་ལའང་བྱའོ།། གནོད་སྦྱིན་དང་རྒྱལ་པོ་ལ་སོགས་པའི་ནོར་ཁ་ནཱ་མ་ཐོ ་བ་མེད་པའི་སྒོ་ནས་བླངས་ཤིང་སྤྱོད་པ་ལ་ཡང་བྱའོ།། རྨད་དུ་བྱུང་བ་གསོད་པ་དང་ཞེས་པ་ནི་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་མི་བལྟ་ཞིང་། བདོག་ཏུ་ལྟ་བ་ལ་སོགས་པའི་ལྟ་བ་ལོག་པའོ།། དེ་ལ་དེ་སྐད་ཅིའི་ཕྱིར་བྱ ་ཞེ་ན། ཡང་དག་པའི་དོན་གྱི་གནས་བྱེད་པ་དང་། ངན་སོང་དུ་གཏོང་བའི་ཕྱིར་རོ།། གསོ་བ་ནི་སྤྱོད་པའོ།། རྒྱུད་དུ་བྱུང་བ་ནི་དཀོན་མཆོག་གསུམ་དང་། རྡོ་རྗེ་སློབ་དཔོན་དང་། སེམས་ཅན་མང་པོ་ལ་གནོད་པར་བྱའོ།། གསོད་པ་ནི་ཁོ་ན་མྱི ་ཐོ་བ་མེད་པར་སྙིང་རྗེའི་སྒོ་ནས་བསྒྲལ་བའོ།། འདོད་པ་ནི་སྐུ་གསུང་ཐུགས། ཆགས་པ་ནི་གཞན་མི་སེམས་པའོ།། རྡོ་རྗེ་ནི་མི་ཕྱེད་པའི་དོན་ནོ།། དེ་ཉིད་ནི་མྱ་ནོར་བའོ།། སྤྱོད་པ་ནི་བསྒོམ་པའོ།། མདོར་ན་སྐུ་གསུང་ཐུགས་རྒྱུན་མི་འཆད་པར་བསྒོམ ་བ་ལ་བྱའོ།། འདོད་ཆགས་ནི་བླ་ན་མེད་པའི་བདེ་བའོ།། སྤྱོད་པ་ནི་ཐབས་དང་ཤྲེ་རབ་ཀྱི་ཚུལ་གྱིས་གཉིས་སུ་མྱོང་བའོ།། འདི་ཞེས་བྱ་བ་ནི་དམ་ཚིག་གསུམ་མོ།། སྡོམ་པ་ནི་སྲུང་བའོ།། བསྡམས་པའོ།། ཞེས་པ་སྲུང་བའི་ནང་ན་ཁྱད་པར་དུ་བསྟན་པའོ།། ་དེ་ལྟར་སྒྲུབ་པའི་རྒྱུ་དམ་ཚིག་རྣམས་བསྟན་ནས།། དེ་དང་མི་མཐུན་པའི་སྤྱོད་པ་རྣམས་སྤང་བར་སྟོན་ཏེ། དམ་བཅས་ནི་ཉན་ཐོས་ཀྱི་སྤྱོད་པ་དང་ཀྲི་ཡའོ།། བརྟུལ་ཞུགས་ནཱི་མུ་སྟེགས་ཅན་བྷ་ག་ལ་མཆོད་པ་ལ་སོགས་པའོ།། དཀའ་སྤྱོད་ནི་མྱི་ལྔ་བསྟེན། ་པ་དང་ཟས་མི་ཟ་བ་ལ་སོགས་པའོ།། བརྟེན་པས་མི་འགྲུབ་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་པ་རྣམས་སྤྱད་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མི་ཐོབ་པས་སྤོངས་ཤིག་པའི་དོན་ནོ།། འདོད་པ་ནི་སྐུ་གསུང་ཐུགས། ལོངས ་སྤྱོད་ནི་གཉིས་སུ་མེད་པར་བསྒོམ་པའོ།། ཐམས་ཅད་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བྱའོ།། ཡང་ན་འདོད་པ་ནི་འདོད་པའི་ཡོན་ཏན་ཐམས་ཅད་དོ།། བསྟེན་ཞེས་པ་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་སྤྱད་པའོ།། མྱུར་དུ་འགྲུབ་ཅེས ་བྱེ་བ་ནི་དེ་ལྟར་བརྟན་པས་སེམས་ལྔས་སུ་རུང་བས་ཚེ་འདི་ཉིད་ལ་འབྲས་བུ་འཐོབ་པའི་དོན་ནོ།། སློང་མོ་ཟ་ཞིང་མི་བཟླས་ཏེ། ཞེས་པ་ནི་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས་ཀྲཱི་ཡི་འམ་མུ་སྟེགས་པོ་ལྟར་འཕྲ་ལ་དུ་བསླང་ཞིང ་སྔགས་བཟླས་པ་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ལུས་ངག་ཡིད་གསུམ་ཐང་ཆད་པ་དང་། ཚུལ་བཞིན་དུ་བསྒོམ་མི་ནུས་པ་དང་། མ་རྙེད་ན་བཀྲེས་སྐོམ་གྱིས་ཉོན་མོངས་པ་དང་སེམས་ལས་སུ་མི་རུང་བས་སོ།། སློང་ལ་དགའ་བར་མི་བྱའོ་ཞེས་པ ་ནི་འཕྲལ་བསླང་བ་དེ་ལྟར་སྐྱོན་ཡོད་པས་སྔོན་དུ་བསླང་ཞིང་གཟུང་ངམ་སྙམ་ན། དེ་ཡང་ཡིད་དང་འཐད་པ་མི་རྙེད་པས་མི་རུང་ངོ་།། ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་བྱ་བའི་དོན་ནོ།། ཡན་ལག་མི་གཉིས་ཞེས་བྱ་བ་ནི་ཀྲྀ་ཡ་བལྟར ་བདག་དམ་ཚིག་སེམས་དཔར་བསྒོམ་ཞིང་ཡེ་ཤེས་སེམས་དཔའ་ལོགས་སུ་མཆོད་པ་བཞིན་དུ་མི་བྱ་བར་ཡེ་ཤེས་སེམས་དཔའ་དང་བདག་གཉིས་སུ་མེད་པར་བསྒོམ་ཞིང་འདོད་པའི་ལོངས་སྤྱོད་ཐམས་ཅད་ཟླ་བའི ་དོན། ཡང་ན་ཡན་ལག་མི་གཉིས་ཤེས་པ་ནི་གཟུངས་མ་དང་གཉིས་སུ་མེད་པའི་ཚུལ་དུ་འདུག་ནས་བཟླས་པའི་དོན་ནོ།། འདོད་པའི་ལོངས་སྤྱོད་ནི་འདོད་པ་ཐམས་ཅད་དོ།། དེ་ཡང་གཟུངས་ཀྱི་ལྷ་མོ་ལ་སོགས་པའི་ཚུལ་དུ་བསྒོམ་ཞིང་སྤྱད་པའི་དོན་ནོ།། དེ ་ལྟར་སྤྱད་པའི་ཡོན་ཏན་བསྟན་པ། ལུས་དང་ངག་ཡིད་བདེར་གནས་ནི་ཞེས་པ་སྟེ། སློང་བའི་ཟས་སྤང་ཞིང་འདོད་པ་ཐམས་ཅད་སྤྱད་པས་ལུས་ངག་ཡིད་གསུམ་ལས་སུ་རུང་བའི་དོན་ནོ།། བྱང་ཆུབ་དམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལས།། ་འཕགས་པ་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་སྐུའི་རང་བཞིན་འཐོབ་པའི་དོན་ནོ།། གསང་སྔགས་ཚུལ་གཞན་དུ་སྤྱོད་པའི་སྐྱོན་བསྟན་པ་གཞན་དུ་བྱ་བ་ནི་གོང་དུ་སྤྱོད་པོ་སྤངས་ནས་ཚུལ་དངོ་མི་ལྡན་པའི་སྒོ་ནས་གསང་སྔགས་བཟླས་ན་དུས་མིན ་འཆི་བ་ཞེས་བྱ་སྟེ། ཚེའི་མཐར་མ་ཐུག་པར་གློ་བུར་དུ་འཆི་བ་ལ་བྱ། དམྱལ་བ་རྣམས་སུ་བརྟག་ཏུ་བསྲེག་ཅེས་པོ་ནི་ཤི་ནས་ཀྱང་དམྱལ་བ་རི་པ་རོ་བཱི་འགྲོ་ཞིང་དུས་ཐམས་ཅད་དུ་བསྲེག་པར་འགྱུར་བའི་སྐྱོན་ཡོད་པས་བྱེར་མི་རུང་བར་བསྟན་ཏོ།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ནི་གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་མི་བསྟེན་དུ་མི་རུང་བར་བསྟན་ཏོ།། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ཀྱང་འདོད་པའི་ཡོན་ལྔ་བསྟེན་ཅིང་། སྔགས་ཀྱི་སྤྱོད་པ་མཆོག་འདི་སྤྱད་པས་འགྲུབ་པ་ཡིན་ནོ་ཞེས་པའི་དོན་ནོ།། ཆོས་ཀྱི་ཡི་གེ་ནི་ཡི་གེ་ཐམས་ཅད་ཀྱི་མཆོག་ཡི་གེ་ཨའོ།། འཐོབ་པར་འགྱུར་བ་དེ་ནི་དོན་འཐོབ་པའོ།། དེ་ལྟ་བས་ན་ད་ལྟར་གྱི ་རྣལ་འབྱོར་པས་ཀྱང་འདོད་པའི་ཡོན་ཏན་ལྔ་སྤྱོད་ཅིང་བསྒྲུབ་པར་བྱ་བ་བསྟན་ཏོ།། ཆགས་པ་ནི་དང་པོ་འམ་འདོད་པ་ལ་བྱ།། ཡེ་ཤེས་ནི་སྐུ་གསུང་ཐུགས་སམ།། ཡིད་དམ་གྱི་ལྷ། རྟག་ཅེས་པ་ནི་དུས་ཐམས་ཅད་དམ་རྒྱུན་མི་འཆང་བ་ལ་བྱ།། སྒྲུབ ་ཅེས་བྱ་བ་ནི་བསྒོམ་པ་འམ་མངོན་སུམ་དུ་བྱེད་པས་ནི་དེ་འདོད་རྣལ་འབྱོར་པ་གཟུགས་ལ་སོགས་པའི་ཡོན་ཏན་ལྔ་ལ་སྤྱད་པར་བྱ་བའི་དོན་ཏོ།། དེ་ཡང་བསམ་པ་ཇི་ལྟ་བུ་བྱེད་ཅེ་ན། ཡེ་ཤེས་སེམས་དཔའ་དང་བྱང་ཆུབ་སེམས་དཔའོ་ལ ་མཆོད་པའི་ཚུལ་དུའོ།། དེ་ལ་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་སྷོ།། དཔའ་བོ་ཞེས་པ་ནི་གཟུགས་ཀྱི་སྐུ་སྟོན་ཅིང་སེམས་ཅན་གྱི་དོན་བྱེད་པའི་དཔལ་རྡོ་རྗེ་སེམས་དཔའོ།། ཡང་ན་བྱང་ཆུབ་ནི་བཛྲ་སཱཏྭ་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་སོ།། ་དཔའ་བོ་ནི་སྒྲ་ལས་དྲངས་ནི།། ཉི་མ་ལ་བྱ།། མདོར་ནི་ཇི་ལྟར་ཉི་མས་རབ་རིབ་ཐམས་ཅད་སེལ་བ་བཞིན་དུ་སངས་རྒྱས་རྣཾས་ཀྱང་སེམས་ཅན་གྱིས་མི་ཤེས་པའི་རབ་རིབ་ཐམས་ཅད་ཐུགས་རྗེའི་འོད་ཟེར་གྱིས་སེལ་བར་བྱེད་པས།། བྱང་ཆུབ ་ཞེས་བྱ་བའི་དོན་ནོ།། གཉིས་སུ་མེད་པའི་ལྟ་བ་ལ་སོགས་པར་བྱེད་པས་རྣལ་འབྱོར་པས་འདི་དག་ལ་སྨད་པར་མི་བྱ་བ་བསྟན་ཏོ།། གཟུགས་སྡུག་པ་དང་མི་སྡུག་པ་དང་གཉིས་ཀ་མ་ཡིན་པ་རྣམས་སོ།། དེ་བཞིན་དུ་སྒྲ་ལ་སོགས ་པ་ལ་ཡང་སྨད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རང་བཞིན་ཡིན་པས་སོ།། རྡོ་རྗེ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོ།། འཆང་བ་ནི་དེ་ཉིད་ཀྱི་རང་བཞིན་ནུས་འཛིན་པ་ལ་བྱ།། རྒྱལ ་ཞེས་པ་ནི་མཛེས་ཤིང་འབར་བ་ཉོན་མོངས་པ་མེད་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱ།། དེ་ཉིད་ཐམས་ཅད་དུ་ཡང་དག་པར་གནས་ཞེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་དོན་དམ་པར་དེ་དང་གཉིས་སུ་མེད་པ་དང་། ཀུན་རྫོབ་ཏུ ་གཟུགས་ཀྱི་ལྷ་མོ་ལ་སོགས་པའི་སྐུར་བསྟན་ཅིང་སེམས་ཅན་གྱི་དོན་བྱེད་པས་སོ།། དེ་ལྟ་བས་ན་གཟུགས་ལ་སོགས་པ་རབ་འབྲིང་ཐ་མ་གསུམ་ཁྱད་པར་རྣམ་པ་གསུམ་དུ་བསྒོམ་ཞིང་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བདག་ཉིད་ལ་མཆོད་པར་བྱའོ།། དེ་ལ་ཁྱད་པར་རྣམ་པ་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཤེས་པ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ།། ་སྔགས་པ་ནི་རྣལ་འབྱོར་པའོ།། རྣམ་པ་འདི་དག་གིསཽ་ཞེས་པ་གོང་དུ་བསྟེན་པའི་མཆོད་པའི་ཐབས་རྣམས་སོ།། དམ་ཚིག་སྡོམ་པ་བསྲུང་ཞེས་པ་ནི་དེ་ཉིད་ལས་མི་འདའ་བར་བྱས་ན་བྱ་བའི་དོནྡ་ནོ།། ཚེ་འདི་ཉིད་ལ་ཞེས་པ་ནི་ཕུང ་པོ་འདི་མ་བརྗེད་པའི་དོན་ནོ།། ཚེ་འདི་དག་གིས་ཞེས་པ་གོང་དུ་བསྟན་པའི་མཆོད་པའི་ཐབས་རྣམས་སོ།། རྡོ་རྗེ་གསུམ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འགྱུར་བའམ། ་རིགས་གསུམ་གྱི་རིགས་འཛིན་གྱི་འབྲས་བུ་འཐོབ་པའོ།། གལ་ཏེ་གཏི་མུག་ཅན་ཞེས་པ་ལ་ལ་སོགས་པས་ནི་གོང་དུ་བསྟན་པའི་སྔགས་ཀྱི་སྤྱོད་པ་དང་མི་ལྡན་པར་བདག་སྔགས་པའོ།། ཞེས་པའི་མངོན་པའི་ང་རྒྱལ་གྱིས་བསྒོམ ་པ་དང་བཟླས་པ་བྱ་བ་འམ། གསང་སྔགས་དང་གསང་སྔགས་ཀྱི་སྤྱོད་པ་སྨད་ཅིང་སྤོང་བའི་སྐྱོན་བསྟན། དེ་ལ་ཞེས་པ་ནི་དམ་ཚིག་ལས་འདས་པའོ།། དངོས་གྲུབ་མི་འབྱུང་བ་ནི་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཡང་མི་འཐོབ ་པའི་དོན་ནོ།། ཞིང་ཞེས་པ་ནཱི་མི་འཐོབ་པའི་སྟེང་དུ་གོང་མ་ལྟར་ཡང་འགྱུར་བའི་དོན།། རིམས་ནི་ཞག་གཅིག་པ་ལ་སོགས་པའོ།། དུག་ནི་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་དུག་དང་། ཤིང་ཀཾ་པ་ཀ་ལ་སོགས་པའི་རྩཝ་ཤིང་དུག ་ལུས་ལས་བྱུང་བའི་དུགོ།། ནད་ནི་ནད་བཞི་བརྒྱ་རྩ་བཞི་ལ་སོཊ་པའོ།། བཀེ། ནི་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པའོ།། ཀྱིས་ཞེས་པ་ནི་དེ་རྣམས་ཀུན་གྱིས་བསད་ནས་ཤེས་པའོ།། སེམས་ཅནྡ་ཞེས་པ་ནི་དམ་ཚིག་ལས ་འདས་པའོ།། དམྱལ་བར་འགྲོ་ཞེས་པ་ནི་དམྱལ་བ་ཆེན་པོ་བརྒྱད་ལ་སོགས་པར་སྐྱེ་བའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་ལས་འདྲས་པ་དེ་ནི་ཤིན་ཏུ་སྡིག་ཆེ་བར་བསྟན།། བྱིན ་གྱིས་བརླབ་པར་མི་མཛད་པ་ནི་ཐུགས་རྗེ་ཆེ་བ་དེ་རྣམས་ཀྱིས་མི་བཟློག་པའི་དོན་ནོ།། མེ་ཏོག་ལ་སོགས་པ་ཕུལ་ཡང་མི་བཞེས་པ་ནི་དམ་ཚིག་ལས་ཉམས་པ་དེ་དགེ་བའི་རྩ་བ་ཅི་བྱས་ཀྱང་བསོད་ནམས་ཆེན་པོར ་མི་འགྱུར་བའི་དོན་ནོ།། འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་མདོར་ན་དམ་ཚིག་ཉམས་པའི་གང་ཟག་ནི་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཤིན་ཏུ་ཡང་སྡུག་བསྔལ་བར་འགྱུར ་བས་དམ་ཚིག་ལས་སྐད་ཅིག་ཀྱང་འདའ་བར་མི་རུང་བར་བསྟན། འཇིག་རྟེན་འདི་ཞེས་པ་ནི་ཚེ་འདིའོ།། སྡུག་བསྔལ་བ་ནི་བཀྲེས་སྐོམ་ལ་སྩོགས་པའི་སྡུག་བསྔལ་ཐམས་ཅད་ཀྱི་ཚོར་བ་མྱོང་བའོ།། ཕ་རོལ་ནི་ཚེ་ཕྱི་མའོ།། ཡང་ཞེས ་པ་ནི་འདི་ལ་མ་གཏོགས་པའོ།། དམྱལ་བར་འགྲོ་བ་ནི་གོང་མ་དང་མཐུན་ནོ།། དམ་ཚིག་སྤྱོད་པ་ནི་གོང་དུ་བསྟན་པ་རྣམས་སོ།། ཉམས་པ་ནི་མི་སྲུང་བའོ།། གཏི་མུག་ཅན་ནི་ལེགས་ཉེས་ཀྱི་དོན་མི་གོ་བའོ།། འབྲས་བུ་མི་ཐོབ་ཅེས ་པ་ནི་བྱས་པ་ཐམས་ཅད་འབྲས་བུ་མེད་པའི་དོན་ནོ།། དེ་ལྟར་དམ་ཚིག་དང་སྤྱོད་པ་རྣམས་ལོ་རྣལ་འབྱོར་པས་གནས་པར་བསྟན་ནས། ད་ནི་རང་གི་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་སུ་བསྒྲུབས་ཤིག་པར ་བསྟན། སྔར་སྨོས་པའི་སྡོམ་པ་ནི་གོང་དུ་བསྟན་པ་རྣམས་སོ།། གནས་ནས་ཞེས་པ་ནི་དང་དུ་བླངས་ནས་ཞེས་པའི་དོན་ཏོ།། རྟག་པར་ནི་དུས་ཐམས་ཅད་དུའོ།། མི་ཕྱེད་པ་ནི་མི་འགྱུར་བའོ།། བརྟུ་ལེ་ཞུགས་ཞེས་པ་ནི་ནན་ཏན ་གྱིས་ཞེས་བྱ་བའི་དོན་ནོ།། ལུས་ངག་ཡིད་གསུམ་ནི་རང་གིའོ།། རྡོ་རྗེ་ཞེས་པ་ནི་འཕགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ།། བསྒྲུབ་པ་བརྩམ་པར་བྱ་བ་ནི་དེར་བསྒྱུར་བའི་སྤྱོད་པ་དང་ཏིང་ངེ་འཛིན་ལ་འཇུག་པར་བྱ་བའི་དོན་ནོ།། ་ཧཱུཾ་ཡང་གནས་ཇི་ལྟ་བ་བཞིན་དུ་བརྩམས་ཞེས། ནགས་ཆལ་ལ་སོགས་པ་བསྟན་པ་ཡིན་ནོ།། ནགས་ཚལ་ནི་ཤིང་སྣ་ཚོགསྣ་ཡོང་བའི་ཕྱོགས་སོ།། ཆེན་པོ་ནི་སྡུག་པ་འམ་རྒྱུ་ཆེ་བའི་དོན་ཏོ།། ར་བ་ན་བྱ་རྒོད་སྤུངས་པ་ལ ་སོགས་པའོ།། རི་སུལ་ནི་དབང་པོ་རཱིའི་བྲག་ཕུག་ལ་སོགས་པའོ།། དབེན་པ་ཆེན་པོ་ནི་དུར་ཁྲོད་དམ་ལྔ་ཁང་སྟོང་ལ་སོགས་པའི་གནས་དཔེ་མོ་ནིང་ཡོད་དུ་འོང་བ་ཐམས་ཅད་།། རྣམས་སུ་ཞེས་པ་དེ་རྣམས་གང་ཡང་རུང་བའི་ངནོ།། ་དངོས་གྲུབ་ཐོབ་ཅེས་པ་ནི་དེ་ལྟ་བུའི་གནས་སུ་བསྒྲུབས་ན་ཡིད་ཀྱིས་འདོད་པའི་འབྲས་བུ་འཐོབ་པའི་དོན་ནོ།། སེམས་དཔའི་སྐྱིལ་ཀྲུང་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་བསྲུང་ཞིང་མཚམས་བཅད་པའི་ཆོ་ག་བསྟན། སེམས ་དངའི་སྐྱིལ་ཀྲུང་ནི་ཕྱེད་སྐྱིལ་ལོ།། དེ་ཡང་གཡོན་པ་བསྐུམ་ཞིང་གཡས་པ་ཅུང་ཟད་བརྐྱང་བའི་ཚུལ་ལོ།། འཇམ་པའི་སྟནཱ་ནི་ཕྱི་དང་ནང་དང་གསང་བ་རྣམས་སོ།། ཕྱི་ནི་སྲིན་བྲལ་ལ་སོགས་པ་ལ་བྱས་ལ་འཇམ་ཞིང་ཡིད་དུ ་འོང་བ་རྣམས་སོ།། ནང་ནི་ཉི་ཟླ་པདྨ་ལ་སོགས་པའོ།། སྐབས་འདིར་ནང་གི་ལས་ཉི་མོའི་དཀྱིལ་འཁོར་རོ།། གསང་བ་ནི་ཡུམ་དང་གཉིས་སུ་མེད་པར་རྡོ་རྗེ་དང་པདྨོར་ལྡན་པའི་ཚུལ་ལོ།། འདུས་ནཱ་ཤྭེ་པ་དེ་སྟན་དེ་གསུམ ་གྱི་སྟེང་དུ་བདག་གོང་དུ་བསྟན་པའི་ཚུལ་དུ་འདུག་པའོ།། ཅི་བྱེད་ཅེ་ན། ཞེ་སྡང་རྡོ་རྗེ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་ཞེས་བྱ་བའི་དོན། གནས་ནས་ཤེས་པ་ནི་ཏིང་ངེ་འཛིན་ལ་ཞུགས་པའོ།། གནས་ནི་སྒྲུབ་པའི་ས ་ཕྱོགས་སོ།། བསྲུང་བ་ནི་བགེགས་ཐམས་ཅད་ཀྱིས་གླགས་མི་རྙེད་པར་བྱེད་པའོ།། རྣམ་པར་བསམ་པ་ནི་འོག་གི་ཏིང་འཛིན་རྣམས་སོ།། གཟུགས་ཆེན་འབར་བ་ཞེས་པ་ནི་བདག་ཞེ་སྡང་རྡོ་རྗེ་ཡབ ་ཡུམ་དུ་གནས་པའི་ཐུགས་ཀ་ནས་ཧཱུཾ་ལས་ཁྲོ་བོ་བཅུ་ཕྱུང་བའི་ཆ་ལུགས་སོ།། གཟུགས་ཆེ་བ་ནི་སྲིད་པ་གསུམ་གྱི་སེམས་ཅན་ཟིལ་གྱིས་གནོན་པའི་སྐུ་དང་ལྡན་པའོ།། འབར་བ་ནི་ཡེ་ཤེས་ཀྱི་འོད་ཟེར་བསྐུལ་པའི་མེ་བཞིན་འབར ་བའི་སེམས་ཅན་གྱི་ཉོན་མོངས་པ་བསྲེག་པར་བྱེད་པའོ།། འཇིགས་བྱེད་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་འཇིགས་ཤིང་མྱ་ངན་ལས་འདས་པའི་སར་འབྲོས་པར་བྱེད་པ་འམ།། བསྒྲུབ་པ་པོ་ལ་བར་ཆོད་པའི་བགེགས་ཐམས ་ཅད་སྐྲག་ཅིང་འབྲོས་པར་བྱེད་པའོ།། ཁྲོ་བོ་ནི་ཁྲོས་པའི་ཆ་ལུགས་ཤིན་ཏུ་འཇིགས་པའི་ཚུལ་ལོ།། བཅུ་དག་ནི་གྲངས་སོ།། ཕྱུང་བ་ནི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཁྭ་ནས་སོ།། དེ་ཡང་ཇི་ལྟ་ཞེ་ན། ཞེ་སྡང་རྡོ་རྗེ ་ཡབ་ཡུམ་གཉིས་སུ་མེད་པོའི་བྱང་ཆུབ་སེམས་བདེ་བ་ཆེན་པོ་དེ་ཆ་བཅུར་བྱས་ཏེ། དེའི་ཧཱུ~ཾ་བཅུར་གྱུར་པར་བསམ། དེ་ནས་ཡ་མཱནྟ་ཀ་པྲ་ཛྙཱནྟེ་ཀ་ཞེས་བྱ་བ་ལ་སོགས་པ་མིང་བརྗོད་པ་ཙམ་གྱིས་ཁྱོ་བོ་བཅུ་ཐུགས་ནས་ཕྱུང་ཞིང་སོ་སོར ་ཕྱོགས་སུ་མ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམ་མོ།། སྨང་རྩེ་མོར་བསམ་པ་ནི་ཁྲོ་བ་དེ་རྣམས་རྐེད་པ་མན་ཆད་ཟུར་གསུམ་པ་ཕུར་བུའི་ཚུལ་དུ་བྱའོ།། རོ་སྟོང་ཁྲོ་བོ་ལྟ་བུ་ཞེས་པ་ནི་རྐེད་པ ་ཡན་ཆོད་ཁྲོ་བོའི་ཆ་ལུགས་ཞལ་གསུམ་ཕྱག་དྲུག་ལ་སོགས་པ་དང་ལྡན་པར་བསྒོམ་ཞེས་བྱ་བའི་དོན་ནོ།། ཕྱོགས་བཅུའི་དཀྱིལ་འཁོར་ཞེས་པ་མྱི་ཤུར་ཕྱོགས་ལ་སོགས་པའི་ཕྱོགས་བཅུར་ཉི་མའི་དཀྱིལ་འཁྲོ་བཅུ་བསྐྱེད་ནས་ཁྱོ་བོ་དེ ་རྣམས་དཀྱིལ་འཁོར་དག་གི་སྟེང་དུ་གནས་པར་བསམ་པའོ།། རིམ་བཞིན་ཞེས་པ་ནི་ཕྱོགས་དང་ཁྲོ་བོ་མ་ནོར་བུ་དང་ཤར་ཕྱོགས་ནས་བསྐྱེད་པའོ།། དེ་ཡོང་ཤར་ཕྱོགས་སུ་གཤིན་རྗེ་གཤིང་དོ།། ཤར་ལྷོར་མི་གེ་ལོ་མགོན་ནོ།། ལྷོར ་ཤེས་རབ་མཐར་བྱེད།། ལྷོ་ནུབ་འདོད་པའི་རྒྱལ་པོ།། ནུབ་ཏུ་པདྨ་མཐར་བྱེད། ནུབ་བྱུང་དུ་ནཱི་ནཱི་ལ་དཎྜ། བྱང་དུ་ཨ་མྲྀ་ཏ་ཀུཎྜཱ་ལྀ། བྱང་ཤར་དུ་མོ་ཧཱ་བ་ལ། འོག་ཏུ་ཀུ་མོ་ལ་ཀུཎྜ་ལཱི། སྟེང་དུ་ཧཱུཾ་མཛད་དོ།། དེ་ལྟར་ཁྲོ་བོ་རྣམས་བསྐྱེད་ནས ་ཡང་འདི་ལྟར་བྱའོ་ཞེས་པའི་དོན་ནོ།། བགེགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བར་ཆད་བྱེད་པོའོ།། ཐམས་ཅད་ནི་བགེགས་ཀྱི་རིགས་ཇི་ལྟ་བུ་ཡང་རུང་མ་ལུས་པའི་དོན་ནོ།། ཐ~ཾ་ཤིག་པ་ནི་མེད་པར་བྱས་པ་འམ།། ཚར་གཅད་པའི་དོན་ནོ།། ་གནོད་མཛེས་བཀའ་སྩལ་ཞེས་པ་ལ་སོགས་པ་ནི་ཁྲོ་བོ་གནོད་མཛེས་བསྐྱེད་ཅིང་།། བགེགས་རྣམས་ཁུག་ཅིག་པར་བཀའ་སྩལ་པ་དང་ཕུར་བུར་ཐོབ་ཅིག་པའི་དོན། ཉི་མའི་དཀྱིལ་འཁོར་དབུས་གནས་ཞེས་པ་ནི་ཞེ་སྡང་རྡོ་རྗེ ་ཡབ་ཡུམ་གྱི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཁྲོ་བོ་ཧཱུཾ་ཀར་བསྐྱོད་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམ་པའོ།། དབྱར་གྱི་སྤྲིན་ཕུང་ལྟ་བུ་ཞེས་པ་ནི་དེའི་སྐུ་མདོག་བསྟན་ཏེ། ཤིན་ཏུ་ཡང་གནག ་པའོ།། བསྐལ་པའི་མེ་དཔུང་ཞེས་པ་ནི་སྐུའི་འོད་ཤིན་ཏུ་འབར་ཞིང་ཉོན་མོངས་པ་ཐམས་ཅད་སྲེག་པའི་མཐུ་ཆེའམ་བདུད་དང་བགེགས་ཐམས་ཅད་ཀྱིས་ཚིག་ཅིང་ཐལ་བར་རློག་པའི་འོད་དང་ལྡན་པའི ་དོན། གཡས་བརྐྱང་བ་ནི་ཞབས་གཉིས་སྣང་སྟབས་སོ།། སྨིན་མཚམས་ཁྲོ་གཉེར་ནི་དཔྲལ་བ་ཁྲོ་གཉེར་གསུམ་མམ་ལྔ་དང་ལྡན་པའོ།། དམར་བའི་སྤྱན་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་དབང་གིས་ཆགས་པའི་དོན་དང ་གེགས་ཐམས་ཅད་འཇིགས་པར་བྱ་བའི་ཕྱིར་སྤྱན་ཤིན་ཏུ་ཡང་དམར་བར་བསྟན་ནོ།། ཞལ་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་འམ་མངའ་བའི་དོན་ནོ།། མཆེ་བ་གཙིགས་པ་ནི་ཤིན་ཏུ་ཡང་འཇིགས ་པར་བྱེད་པའི་དོན་ནོ།། རྣམ་པར་བསྒྱུར་བ་ནི་ལྤགས་སོ།། ཕྱག་དྲུག་ལ་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་དང་ལྡན་པའོ།། དེ་ཡང་གཡོན་གྱི་མཛུབ་མོ་བསྡིགས་པའི་ཚུལ་དུ་ཐུགས་ཀྱི་ཐད་ཀར་བཞག་པའོ།། གཡས་ཀྱི་མཛུབ་མོ ་གནམ་དུ་སྡིགས་པའི་ཚུལ་དུ་བསྒྲེད་པའོ།། དཔའ་བོ་ནི་འཇིག་རྟེན་གྱི་ལྷ་ལ་སོགས་པ་གང་གིས་ཀྱང་མི་ཐུབ་པའི་དོན་ནོ།། རྡོ་རྗེའི་དྲིལ་བུ་འཛིན་པ་ཞེས་པ་ནི་ཕྱག་དེ་གཉིས་ཀྱིས་སོ།། གཡས་གཉིས་ལྕགས་ཀྱུ་རལ་གྲི་ནི་བར ་མ་ལྕགས་ཀྱུ་རལ་གྲིའོ།། གཡོན་གྱི་བར་མ་དགྲ་སྟ། ཐ་མ་ཞགས་པའོ།། འདི་འདྲ་གཟུགས་ཞེས་པ་ནི་གོང་དུ་བསྟན་པའི་ཆ་ལུག་ཁྲོ་བོ་མདུན་དུ་གནས་པར་བསྒོམས་ནས་ཞེས་བྱ་བའི་དོན་ནོ།། རང་གིས་དེ་ལ་བཀའ་སྩལ ་བྱ་ཞེས་པ་ནི་ཐུགས་ཀ་ནས་བྱུང་བའི་ཁྲོ་བོ་ཧཱུཾ་ཀ་ལ་ཞེ་སྡང་རྡོ་རྗེ་བགེགས་ཐམས་ཅད་ཁུག་ཤིག་པར་སྔགས་ཀྱི་སྒོ་ནས་བསྐུལ་བའི་དོན་ནོ།། དེ་ཡང་གང་ཞེ་ན། ཨོཾ་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་སོ།། ་ཨོཾ་ནི་ཡེ་ཤེས་ལྔ་འམ་སྐུ་གསུང་ཐུགས་བསྟན་པ་འམ། སྔགས་ཐམས་ཅད་ཀྱི་མགོ་ཨོཾ་གྱིས་འདྲེན་པས་སོ།། དེ་ཡང་ཇི་ལྟ་ཞེ་ན། སྔོན་ལྔ་ཆེན་པོ་འདོད་ཆགས་ཆེན་པོ་བསྐྱེད་ནས་གྲངས་རིའི་བུ་མོ་ཨུ་མ་དང་ཟླ་དྲུག་གི་བར་དུ ་མཚམས་མ་བྱེ་བར་འདོད་ཆགས་སྤྱོད་པ་གཟིགས་ནས་ཐུགས་རྗེས་དེ་གཉིས་འདུལ་བའི་དོན་དུ་ཁྲོ་བོ་ཆེན་པོའི་ཆ་ལུགས་སུ་སྤྲུལ་ནས། དེ་གཉིས་མཚམས་མ་བྱེ་བར་མནན་པའི་ཚེ་འཇིག་རྟེན་པའི་ལྷ་རྣམས་བྲེད་ཅིང ་འདར་ནས་མཛྙོ་སོ་མཛེས་ཞྭ་བསྟོད་པས་ཡ་མཚན་དུ་གྱུར་ཏོ།། ཡང་ནཱཾ་པ་གཅིག་ཏུ་དེ་གཉིས་མནོན་ནས་བྱང་ཆུབ་སེམས་བསྐྱོད་ཅིང་མཛེས་པར་བྱས་པས་སོ།། ནི་ཞེས་པས་ནི་དྲེ་བའི་དུན་ཨཱ་ན་ཡ་ཞེས་པ་ནི་བགེགས་ཐམ ་ཁྱེར་ལ་ཤོག་ཅིག་པའོ།། ཁྲོ་བོའི་རྒྱལ་པོ་འདི་དག་གིས་ཞེས་པ་ནི་སྔགས་དེ་དག་གིས་བསྐུལ་མ་ཐག་ཏུ་ཁྲོ་བོ་གནོད་མཛེས་ཀྱིས་བགེགས་ཐམས་ཅད་བཟུང་ནས་ཁྲོ་བོ་རྣམས་ཀྱི་འོག་ཏུ་བཅུག་པར་འགྱུར་རོ།། བློ ་ལྡན་ནི་ཆོ་ག་ལ་གནས་པའི་རྣལ་འབྱོར་པའོ།། སྦྱོར་བ་ཡིས་ཞེས་པ་ནི་འོག་ཏུ་མནན་པའི་བགེགས་རྣམས་མི་ལྟ་བར་བྱ་བའི་ཕྱིར།། ཕུར་བུ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བྱས་ནས་ཐོབ་ཅིག་པའི་དོནོ།། ། ་རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ་ཞེས་པ་ལ་སོགས་པ་ནི་ཕུར་བུ་བསྒོམ་པའི་ཐབས་སོ།། ཕུར་བུ་ཐམས་ཅད་ཁྲོ་བོ་ཨ་མྲྀ་ཏ་ཀུཎྜ་ལིའི་རང་བཞིན་དུ་བསྒོམས་པོ་ཡིས་རྡོ་རྗེ་ཕུར་བུ་ཉིད་གནས་པ་ཞེས ་བྱ། ཨུཏྤལ་སྔོན་པོའི་མདོག་འདྲ་བ་ནཱི་ཕུར་བུའི་ཁ་དོག་སྔོ་སྦྱར་འདུག་པའི་དོན་ནོ།། འབར་བའི་ཕྲེང་བ་ནི་ཕུར་བུ་ལས་འོད་ཟེར་རྒྱུན་མི་འཆད་པར་ཕུར་བུ་ཉིད་ལས་དཀྲིགས་པའི་ཚུལ་དུ་འཕྲོ་བའོ།། ལྟེ་བའི་མན་ཆད་ཞེས་པ་ལ ་སོགས་པ་ནི་གྲོང་དུ་བསྟན་པའི་ཁྲོ་བོ་རྣམས་འདྲ་བར་བསྒོམས་པ་ཡིས་རྡོ་རྗེ་ཕུར་བུ་ཉིད་གནས་པ་ཚོགས་ལ་འོག་ཏུ་གཟིགས་པ་ཞེས་པ་ནི་འོག་ཏུ་མནན་པའི་བགེགས་རྣམས་ལ་མ་འགུལ་ཅིག་ཅེས་པའི་བརྡ་སྡང་མིག་ཏུ ་བལྟ་བའོ།། དེའི་སྔགས་ནི་ཕུར་བུའི་སྔགས་འོག་ན་འབྱུང་བའོ།། བརྗོད་པ་ནི་ལན་གྲངས་བརྒྱ་རྩཝ་བརྒྱད་དམ། ཉི་ཤུ་རྩ་གཅིག་གྲམ་བདུན་ཞེས་པའི་དོན་ནི།། རྡོ་རྗེ་ཕུར་བུ་ནི་དེ་ལྟར་བྱིན་གྱིས་བརླབས་པའི་ཕུར་བུའོ།། ངེས་པ་ནི་ཐེ་ཚོམ ་མེད་པར་བཏབ་ན་བགེགས་ཐམས་ཅད་གནོན་པར་འགྱུར་བའི་དོན་ནོ།། དེའི་སྔགས་ནི་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་ཡི་གེ་རྣམས་སོ།། རྡོ་རྗེ་ཐོ་བ་ཕྱག་བསྣམས་མཆོག། ཅེས་པ་ལ་སོགས་པ་ནི་ཕུར་བུ་འདེབས་པའི ་ཚེརྣལ་འབྱོར་པས་ཧཱུཾ་མཛད་བསྒོམས་པའི་དོན་དེ་ཡང་ཧཱུཾ་གི་ཕྱག་རྒྱ་གཏང་ལ་ཐོབ་ཕུར་བུ་འཛིན་ཅིང་། ཚིག་ཀྱང་ཧཱུཾ་ཧཱུཾ་ཞེས་བརྗོད་ཅིང་རྒྱུན་མི་འཆད་པར་བསྒྲགས་ཏེ། མིག་ཀྱང་སྡང་མིག་ཏུ་མེ་རྟག་འཕྲོ་བའི་ཚུལ་དུ་བལྟ་ཞིང ་བགེགས་རྣམས་ཕུར་བུས་བཏབ་པར་བྱ་བའི་དོན་ནོ།། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་མེ་ཞེས་པ་ནི་ཕྱོགས་མཚམས་སུ་ཡི་གེ་རཾ་བསྐྱེད་ནས། བསྐལ་པའི་མེ་དང་འདྲ་བར་ཡེ་ཤེས་ཀྱི་མེ་བསྐྱེད་པའོ།། རྣམ་པར་འཕྲོ་བ་ནི་ཕྱོགས ་ཐམས་ཅད་འཕྱོ་ཞིང་སེམས་ཅན་གྱི་ཉོན་མོངས་པ་བསྲེག་པ་དང་། མེ་རྟག་འབར་བ་འཕྲོ་ཞིང་སྡང་བ་རྣམས་ཚིག་པར་བསམ་མོ།། ཕྱོགས་བཅུ་ཀུན་ཏུ་འབྲོས་པར་འགྱུར་ཞེས་པ་ནི་བགེགས་ཐམས་ཅད་བསྒྲུབ་པའི་གནས་ཀྱི་མཚམས ་ནས་སོ་སོའི་ཕྱོགས་སུ་འབྲོས་པར་འགྱུར་བའི་དོན་ནོ།། ཕྱོགས་མཚམས་ཕུར་བུས་བཏབ་ནས་ནི་གྲོང་མ་ལྟར་བྱས་ནས་ཞེས་པའི་དོན་ནོ།། སྟེང་འོག་ཡང་དག་བྱིན་གྱིས་བརླབ་ཅེས་པ་ནི་གོང་མ་ལྟར་ཕུར་བུ་གདབ་པ་དང་མེ་བསྐྱེད ་བའོ།། དེ་ལྟར་གནས་བསྲུང་བ་བསྟན་ནས་དམ་པའི་དོན་ཞེས་པ་ལ་སོགས་པས་གནས་སྦྱད་པའི་ཆོ་ག་བསྟན་ཏོ། དེ་ཡང་དོན་དམ་པའི་ཏིང་ངེ་འཛིན་གྱིས་སྦྱང་དགོས་པས་ནི་སྲིད་པ་གསུམ་མ་སྐྱེས་པ་རང་བཞིན་མེད་པར་བསྒོམས ་ཤིག་པའི་དོན་ནོ།། དངོས་པོ་མེད་པར་བསྒོམས་པ་ཞེས་པ་ལ་སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྣང་བ་དང་གཡོ་དང་མི་གཡོ་བ་ཐམས་ཅད་ཡེ་ནས་མ་སྐྱེས་པའི་རང་བཞིན་ཡིན་པར་མ་ཤེས་ཤིང་ཡེ ་ནས་ཡོད་པ་ལས་མེད་པར་བསྒོམ་པ་ནི་བསྒོམ་པ་ཡང་དག་པ་མ་ཡིན་ནོ་ཞེས་པའི་དོན། དེ་ལྟ་བས་དོན་དམ་པའི་རང་བཞིན་བསྒོམ་པའི་རྣལ་འབྱོར་པས་ཡོད་པ་དང་མེང་པོ་དང་ཐོག་མ་དང་ཐ་མ་ལ་སོགས་པའི་སེམས ་ཀྱི་བྱེ་བྲག་ཐམས་ཅད་མི་དམིགས་པར་ན་མཁའ་ལྟར་བསྒོམ་པའོ།། དངོས་པོ་ནི་གོང་དུ་བསྟན་པའི་ཕུང་པོ་དང་། ཁམས་ལ་སོགས་པའོ།། བརྟན་པ་དང་ས་དང་རི་རབ་ལ་སོགས་པའི་སྣོད་ཀྱི་འཇིག ་རྟེན་ནོ།། གཡོ་བ་ནི་ལྷ་དང་མི་ལཱ་སོགས་པའི་བཅུད་ཀྱི་འཇིག་རྟེན་ནོ།། ཀུནྡ་ནི་མ་ལུས་པའི་དོན་ནོ།། ཚོགས་བཅད་འདི་ཡིས་སྟོང་གྱུར་ཞེས་པ་ནི་གོང་དུ་བསྟན་པའི་ཚིགས་སུ་བཅད་པའི་སྒོ་ནས་ན་མཁའ་ལྟར་བསྒོམ་པའོ།། ནས་ནི ་སྟོང་པར་བསམ་ནས་བསྒྲུབ་བྱའི་ས་བྱིན་གྱིས་བརླབ་ཅེས་པའི་དོན་ནོ།། ཆོ་ག་འདིའི་སྦྱོར་བ་ཞེས་པ་ནི་འོག་ནས་འབྱུང་བའི་བྱང་ཆུབ་སེམས་རྡོ་རྗེ་བསྒོམ་པ་ལ་སོགས་པའོ།། ཡེ་ཤེས་ས་ནི་རིགས་ལྔ་ལ་སོགས་པའི་ལྷ་རྣམས་ཀྱི ་བཞུགས་པའི་གནས་ཡིན་པའམ། སུམ་ལྔའི་རང་བཞིན་ཡིན་པས་སོ།། བྱིན་གྱིས་བརླབ་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ་བྱའོ།། བྱང་ཆུབ་རྡོ་རྗེ་དམིགས་ནས་ཤེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་དངོས་པོར ་ལྟ་བའི་བག་ཆགས་ཐམས་ཅད་བྱུང་བར་བྱས་པའི་རྣལ་འབྱོར་པས་ཧཱུཾ་ལས་བདག་བྱང་ཆུབ་སེམས་རྡོ་རྗེ་དེ་ཀུན་དུ་བཟང་མོ་བསྒོམ་པར་བྱའོ།། ཟླ་བའི་དཀྱིལ་འཁོར་ལ་འདུག་པའི་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད ་ལ། དེའི་སྟེང་དུ་བྱང་ཆུབ་སེམས་རྡོ་རྗེ་དང་། ཀུན་ཏུ་བཟང་མོ་སྐུ་མདོག་ཟླ་བའི་མདོག་དང་འདྲ་བ་ཟླ་བའི་འོད་དང་ལྡན་པ་སངས་རྒྱས་ལྔས་དབུ་རྒྱན་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་སྦྱོར་བའི་ཚུལ་དུ་བཞུགས་པ་ཕྱག་གཉིས་ཀྱི ་བགྱིང་བའི་ཚུལ་གཡོན་པས་ཡུམ་ལ་འཁྱུད་པ། གཡས་པས་རྡོ་རྗེ་འཛིན་པ་བསྒོམ་པའོ།། ནམ་མཁའི་ཁམས་ཀུན་ཁྱབ་ཅེས་པ་ནི་དེ་ལྟར་བྱང་ཆུབ་སེམས་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་མར ་གྱུར་ལ། དེའི་འཕྲོ་འདུ་བྱས་པ་ལས་ལྷ་མོ་མཱ་མ་ཀཱིར་གྱུར་པར་བསམས་ལ། འཕྲོ་འདུ་བྱས་པ་ལས་སེམས་ཅན་གྱི་དོན་དུ་ཆུའི་རང་བཞིན་དུ་གྱུར་ནས་ན་མཁའ་དང་མཉམ་པར་གནས་པར་བསམ་པའི་དོན་ནོ།། ནམ་མཁའ་རྡོ་རྗེ ་དབུས་གནས་པ་ཞེས་པོ་ནི་གོང་མ་དང་འདྲ་བར་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གེ་ལཾ་དུ་གྱུར་ལ་གོང་མ་ལྟར་འཕྲོ་འདུ་བྱས་པ་ལྷ་མོ་ལོ་ཙ་ན་སྐུ་མདོག་དཀར་མོར་གྱུར་པར་བསམས་ལ་འཕྲོ་འདུ་བྱས་པ་ལསྭ་སེམས ་ཅན་གྱི་དོན་དུ་སའི་ཁམས་ཀྱི་རང་བཞིན་དུ་གྱུར་པར་བསམ་མོ།། དེ་ཡང་ཁྱོན་ཇི་ཙམ་ཞེ་ན། དཔག་ཚད་བྱེ་བ་ཞེས་བྱ་སྟེ། དེ་ཡང་གཙོ་རུ་སྨོས་པ་ཡིན་གྱི་ན་མཁའི་ཁམས་ཀུན་ཁྱབ་པ་འམ། དེ་བས་ཆུང་བ་འམོ་སེམས་ཀྱིས་གིང ་ལྕོགས་དྲང་ངོ་།། དང་བ་ནི་ཤེལ་ལྟ་བུར་འདུག་ཅིང་འོད་གསལ་བའོ།། དྲི་མ་མེད་པ་ནི་རང་བཞིན་གྱིས་ཉོན་མོངས་པ་མེད་པ་དང་། འཕྲལ་གྱི་ཡིད་དུ་མི་འོང་བ་མེད་པའོ།། འོད་ཟེར་སྣ་ལྔ་ནི་དཀར་པོ་ལ་སོགས་པ་ཡེ་ཤེས་ལྟ་ཡི་རང ་བཞིན་གྱི་འོད་དོ།། ཀུན་ཏུ་འཁྲིག་པ་ནི་ཕྱོགས་ཐམས་ཅད་དུ་འབར་ཞིང་རབ་རིག་སེལ་བའི་དོན་ནོ།། སངས་རྒྱས་རྡོ་རྗེ་ཅན་གྱི་གནས་ཞེས་པ་ནི་དེ་ལྟ་བུ་དེ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན ་ཡིན་པཱ་འམ་རིགས་ལྔ་ལ་སོགས་པའི་ལྷའི་ཕོ་བྲང་དཀྱིལ་འཁོར་བསྐྱེད་པ་ཡིན་པས་སོ།། དེ་དབུས་བྷྲཱུཾ་ནི་གནས་ཞེས་པ་ནི་གོང་དུ་བསྟན་པའི་ས་གཞིའི་དཀྱིལ་དུ་གཞལ་ཡས་ཁུང་བསྐྱེད་པར་བསྟན ་དེ་ཡང་གཞལ་ཡས་ཁང་གི་རང་བཞིན་ནི་གཙུག་གཏོར་འཁོར་ལོས་བསྒྱུར་བ་ཆེན་པོའི་རང་བཞིན་ཡིན་པས་དེའི་སྙིང་པོ་ཡི་གེ་བྷྲཱུཾ་ལས་བསྐྱེད་པར་བྱའོ་ཞེས་པའི་དོན་ནོ།། གསེར་གྱི་རི་བོ་འདྲ་བ་ཡི་ཞེས་པ་ནི་སྐུ་རི་རབ་དང་འདྲ་བར ་ཤིན་ཏུ་ཡང་ཆེ་བ་དང་སྐུ་མདོག་སེར་བའོ།། སངས་རྒྱས་ཀུན་གྱི་གཞལ་མེད་ཁང་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཡིན་པས་སོ།། འཁོར་ལོས་བསྒྱུར་བ་བསྒོམ་པར་བྱ་བ་ནི་གཞལ་ཡས ་ཁང་གི་རང་བཞིན་དུ་སྨོན་ལཾ་གྱིས་གྱུར་པ་ཡིན་པས་སོ།། དེ་ཡང་གོང་དུ་བསྟན་པའི་ཡི་གེ་ལས་གཙུག་གཏོར་འཁོར་ལོས་བསྒྱུར་བ་ཆེན་པོ་སྐུ་མདོག་གསེར་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་རྩོལ་གཡས་ཀྱི་གསུམ་ལ་འཁོར་ལོ་དང ་རྡོརྗེ་དང་། རིན་པོ་ཆེ་བསྣམས་པ། གཡོན་གསུམ་ན་པདྨ་དང་། རལ་གྲི་དང་། ཝཱག་སྱཱཀྵུ་བསྣམས་པ། རིགས་ལྔས་དབུ་བགྷྣཱ་ནཱ་པ། སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ་ལོ་ཙ་ན་དང་གཉིས་སུ་མེད་པར་སྦྱོར ་བའི་ཚུལ་དུ་གནས་པར་བསྒོམ་པའི་དོན་ནོ།། ལས་ཀྱི་རྡོ་རྗེ་བསྟན་ཞེས་པ་ནི་ལས་ཀྱི་རྡོ་རྗེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ།། བསྟན་ནི་ལྷ་མོ་སྒྲོལ་མའོ།། ཤེས་རབ་ལྡན་པ་ནི་རྣལ་འབྱོར་པའོ།། དེ་ཞེས་པ་ནི་གཞལ་ཡས ་ཁང་དང་ས་གཞི་དང་ཆུའི་འོག་ཏུ་གོང་དུ་བསྟན་པའི་ཚུལ་དུ་ཡི་གེ་ཧ་ལས་ལྷ་མོ་སྒྲོལ་མ་རླུང་གི་དཀྱིལ་འཁོར་དང་འདྲ་བ་བསྒོམ་ཞེས་བྱ་བའི་དོན་ནོ།། དེ་དང་འདྲ་བར་ཡི་གེ་བྷྲཱུཾ་ལས་ལྷ་མོ་ན་བཟའ་དཀར་མོ་དྲོད་ཐམས་ཅད་ཀྱི་ཚུལ་དུ ་གནས་པར་བསམ་མོ།། གྲོང་དུ་རིམ་བཞིན་མ་བསྟན་པ་ནི་ཕྱི་རོལ་གྱི་ཡི་གེ་དང་ཆོ་ག་ལ་མཁས་པ་རྣམས་ཀྱིས་མི་གོ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་མན་ངག་ཏུ་མཛད་པའོ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ཞེས་པ་ནི ་ནམ་མཁའ་ཀུན་ཏུ་བཟང་མོའི་རང་བཞིན་སྟོང་པ་ཉིད་ལ་གཞལ་ཡས་ཁང་དེ་ལྟ་བུ་བསྐྱེད་པ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་ཡིན་པའི་དོན་ནོ།། རིན་ཆེན་བཞི་དངོས་ཞེས་པས་ནི་གཞལ་ཡས་ཁང་གི་ཁ་དོག་བསྣུན ་ཏོ། ཡེ་ཤེས་བཞི་ལས་རིན་པོ་ཆེ་བཞིར་སྣང་བ་སྟེ། དེ་ཡང་ཤར་ཕྱོགས་མེ་ལོང་ལྟ་བུའི་ཡེ་ཤེས་ཤེལ་ལྟ་བུར་སྣང་བ་དང་། ལྷོ་ཕྱོགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཨིན་དྲ་ནི་ལ་ལྟར་སྣང་བ་དང་། ནུབ་ཕྱོགས་སོ་སོར་རྟོག་པའི་ཡེ ་ཤེས་པདྨ་རཱ་ག་ལྟར་སྣང་བ་དང་། བྱང་ཕྱོགས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཨིན་དྲ་ནཱི་ལ་མ་ར་ཀ་ཏ་ལྗང་གུ་ལྟར་སྣང་བའོ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཀུན་ལ་ཁྱབ་པར་ཤེས་པར་བྱའོ།། མཆོད་རྟེན་ཞེས་པ་ནི་འཇིག་རྟེན ་གསུམ་གྱིས་མཆོད་པར་འོས་པ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་རང་བཞིན་ནོ་ཞེས་པའི་དོན་ནོ།། འོད་ཟེར་འཕྲོ་བ་རྣམ་པར་བརྒྱན་ཞེས་པ་ནི་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་ལྔར་འཕྲོ་ཞིང་མཆོད་པའི་བྱེ་བྲག་ཏུ་གྱུར་ནས ་གཞལ་ཡས་ཁང་དེ་བརྒྱན་པའོ།། ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་སངས་རྒྱས་སོ།། དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཁྱེན་པ་གཏིང་དཔག་དཀའ་བས་སོ།། ་དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་ད་ལྟར་རོ།། ཡང་ན་ཡེ་ཤེས་ནི་གདོད་མ་ནས་མ་སྐྱེད་པ་ཆོས་ཀྱི་དབྱིངས་སོ།། རྒྱ་མཚོ་ནི་མཐའ་ཐུག་པ་མེད་པའོ།། དེའི་རང་བཞིན་དུས་གསུམ་གྱི་སངས་རྒྱས་ཡིན་པའི་དོན་ནོ།། གནས ་སུ་དེ་ནི་རྣམ་པར་བསམ་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་བཞུགས་གནས་ཡིན་པར་བསྒོམ་མོ།། གྲུ་བཞི་པ་ལ་སྒོ་བཞི་ཞེས་པ་ལ་སོགས་པས་ནི་གཞལ་ཡས་ཁང་དེའི་དབྱིབས་དང་རྒྱན་བསྟན། གྲུ་བཞི་ཡེ ་ཤེས་བཞི་འམ་ཡུམ་བཞི་ལས་གྲུབ་པའི་རྟགས་སོ།། སྒོ་བཞི་ནི་སྟོང་པ་ཉིད་ལ་སོགས་པ་བཞིའི་རྟགས་སོ།། སྒོ་རྒྱན་བཞི་ནི་བྱམས་པ་ཆེན་པོ་ལ་སོགས་པ་ཚངས་པའི་གནས་བཞིའི་རྟགས་སོ།། ཡང་དག་ལྡན་ཞེས་པ་ནི་དེ་ལྟ ་བུའི་རང་བཞིན་ཏཱར་ན་བཞི་དང་གཞལ་ཡས་ཁང་དང་ལྡན་པའི་དོན་ནོ།། དྲིལ་བུ་ནི་ཤེས་རབ་ཀྱི་སྒྲ་སྒྲོགས་ཤིང་སེམས་ཅན་གྱི་མི་ཤེས་པ་ཐམས་ཅད་སེལ་བའི་དོན་ནོ།། དར་དཔྱངས་ནི་འདུལ་བའི་དབང་དུ་རིགས་ལྔ་ལ ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སུ་ཀུན་རྫོབ་ཀྱི་སྐུ་བསྟན་པ་ལྷ་དང་མི་ལས་འཕགས་ཤིང་མཚན་དང་དཔེ་བྱད་རྣམས་དང་ལྡན་པའི་རྟགས་སོ།། བ་དན་ནི་སངས་རྒྱས་ཀྱི་ཡོན་ཏན་འཇིག་རྟེན་གྱི་ལྷ་དབང་ཕྱུག ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའི་དོན་སོགས་པའི་སྒྲ་ནི་མུག་ཏི་ཧ་ར་དང་། རྔ་ཡབ་དང་བླ་རེ་ལ་སོགས་པའི་རྒྱན་མཐའ་ཡས་པ་རྣམས་སོ།། དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་དང་སྦྱར་རོ།། ་སྒོ་ཁྱུད་གྱིས་རྣམ་པར་བརྒྱན་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྒོ་ཁྱུད་རྣམས་དང་ལྡན་པའོ།། གྲཝ་མཚམས་ནི་ཐིག་གཉིས་ཀྱི་བྱར་དང་ཀ་བའི་བར་རོ།། ཐམས་ཅད་ནི་ལྷ་རྣམས་ཀྱིས་བཞུགས་པའི་ས་རྣམས་སོ།། རྡོ་རྗེ ་རིན་ཆེན་རྣམས་ཀྱིས་བརྒྱན་ཞེས་པ་ནི་དེ་དག་ཏུ་རྡོ་རྗེ་དང་རིན་པོ་ཆེ་ཐ་དད་པ་རྣམས་ཅི་མཛེས་སུ་བྲིའོ།། ཟླ་གམ་ཆུའི་ཕྱེད་ཞེས་པ་ལ་སོགས་པའི་རྒྱན་འདི་དག་གིས་ཀྱང་མཛེས་པར་བྱས་ཤིང་།། སངས་རྒྱས་ཀྱི་ཡོན་ཏན ་དུ་ཤེས་པར་བྱའོ།། ཐིག་སྐུད་བཞི་ནི་ཡོངས་བཏབ་པ། ཞེས་པ་ལ་སོགས་པས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་གོཞལ་ཡས་ཁང་གི་དབུས་སུ་རེའུ་ཆ་དགུའི་དཀྱིལ་འཁོར་བྲི་འམ།། བསྒོམ་པར་བསྟན་ཏོ།། ཐིག་སྐུ ་ཅེས་པ་ནི་རས་བལ་ལ་སོགས་པ་གང་ཡང་རུང་བ་ལ་བུ་མོ་མཚན་དང་ལྡན་པས་བཀལ་བ་ཁ་དོག་སུ་མི་ལྷ་སུ་སྒྲི་ལཾ་ལྔ་བྱས་པི་སྐུད་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ།། བཞི་ཡོངས་སུ་གཏང་པ་ནི་དེའི་དུས་སུ ་རྣལ་འབྱོར་པས་སྐུ་གསུང་ཐུགས་སུ་བསྒོམས་ལ། ཨོཾ་ཨཱཿཧཱུཾ་བརྗོད་ཅིང་། ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ཐིག་གཉིས་བཏབ་པ་དང་། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཐིག་གཉིས་བཏབ་པའོ།། ཀ་བ་མཆོག ་བརྒྱད་ཀུན་ཏུ་གནས་པ་ནི་དེ་ལྟར་བཏབ་པས་ཕྱོགས་རེ་རེ་ར་ཀ་བ་གཉིས་གཉིས་ཀྱི་ཚུལ་དུ་གནས་པས་སོ།། མཆོག་ཅེས་པས་ནི་རྣམ་པར་ཐར་པའི་སྒོ་བརྒྱད་ཀྱིས་རྣམ་པར་དག་པའོ།། དབུས ་སུ་འཁོར་ལོ་དམིགས་བྱ་བ་ནི་ཐིག་དེའི་མཐའ་ཀུན་ནས་ཟླུམ་པོར་སྐོར་ཞིང་རེའུ་ཆ་དགུ་ཞེས་པའི་དོན་ནོ།། མདོར་ན་ཞེས་པ་ནི་ཕྱོགས་དང་སངས་རྒྱས་སོ་སོར་སློབ་དཔོན་གྱིས་མ་བསྟན་པའི་དོན་ནོ།། སངས་རྒྱས་ཐམས་ཅད ་ཅེཅེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ།། རང་གི་གནས་སུ་རྣམ་པར་བསམ་ཞེས་པ་ནི་དེ་བཞིན་གཤེགས་པ་སོ་སོའི་ཕྱོགས་སུ་བསྒོམ་པ་འམ་བྲི་ཞེས་པའི་དོན་ཏེ། དེ་ཡང་དབུས་སུ་མི་བསྐྱོད ་པའོ།། ཤར་དུ་རྣམ་པར་སྣང་མཛད་དོ།། ལྷོར་རིན་ཆེན་དཔལ་ལོ།། ནུབ་དུ་ཚེ་དཔག་མེད་དོ།། བྱང་དུ་དོན་ཐམས་ཅད་གྲུབ་པའོ།། རྡོ་རྗེ་ལྷ་མོ་བཞི་རྣམས་ཞེས་པ་ནི་སངས་རྒྱས་སྤྱན་ལ་སོགས་པ་བཞིའོ།། འཁོར་ལོ་གྲཝར་ནི་རྣམ ་པར་བསྒོམ་ཞེས་པ་ནི་མེའི་ཕྱོགས་ནས་དབང་ལྡན་གྱི་ཕྱོགས་སུ་སྦྱངས་རྒྱས་སྤྱན་ལ་སོགས་པ་བཞི་རིམ་པ་བཞིན་དུ་དགོད་པའོ།། གཤིན་རྗེ་གཤེད་ལ་སོགས་ཞེས་པ་ནི་གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། ་རྟ་མགྲིན་དང་། བདུད་རྩི་འཁྱིལ་པའོ།། སྒོར་དམིགས་པ་ནི། ཤར་སྒོ་ནས་བྱང་སྒོར་རིམ་པ་བཞིན་དུ་དམིགས་པའོ།། སའི་སྙིང་པོ་ལ་སོགས་བསྒོམ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད ་སེམས་མ་བརྒྱད། དཀྱིལ་འཁོར་གྱི་ཕྱིའི་རིམ་པ་ལ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམས་པའི་དོན་ནོ།། ཉི་མའི་དཀྱིལ་འཁོར་དབུས་གནས་པ་ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང ་དུ་སེམས་ཀྱི་རྡོ་རྗེ་རྡོ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་དུ་གྱུར་པ་བསྒོམ་པར་བྱ་བའི་དོན་ནོ།། ཞལ་གསུམ་ཕྱག་དྲུག་ལྟ་བུ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་ཞལ་གསུམ ་དང་། འགྲོ་བ་དྲུག་གི་དོན་བྱེད་པའི་ཕྱག་དྲུག་དང་ལྡན་པའོ།། ཕྱག་མཚན་ལ་སོགས་པ་ནི་འོག་ནས་སྟོན་ཏོ།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པ་ཞེས་པ་ནི། དེ་ལྟར་ཏིང་ངེ་འཛིན་གྱིས་བསྒོམ་པ་འམ། གཟུགས ་བརྙན་དུ་བྲིས་པའི་དཀྱིལ་འཁོར་སངས་རྒྱས་ཀྱི་རང་བཞིན་ནམོ་བཞུགས་གནས་ཡིན་པས་སངས་རྒྱ་སྣ་དཀྱིལ་འཁོར་རོ།། དབུས་སུ་གནས་པ་ནི་རྣལ་འབྱོར་པ་དེའི་དཀྱིལ་དུ་འདུག་པའོ།། དེ་ལྟར་དཀྱིལ་འཁོར་བསྟན་ནས། ་ད་ནི་ཏིང་འཛིན་རྣམ་གསུམ་གྱིས་ཕྱག་རྒྱ་ཆེན་པོ་བསྐྱེད་ཅིང་སྒྲུབ་དགོས་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ།། ལུས་དང་ངག་ཡིད་རྡོ་རྗེ་ཞེས་པ་ལ་སོགས་པ་ནི་ལུས་དང་ངག་ཡིད་ནི་རྣལ་འབྱོར་པའི་འོ།། རྡོ་རྗེ་ནི་མ ་སྐྱེས་པའི་རང་བཞིན་ཡིན་པས་སོ།། མཚན་ཉིད་དམ་པོའི་དོན་ཉིད་དེ་ཞེས་པ་ནི་བདག་གི་ལུས་ངག་ཡིད་གསུམ་དོན་དམ་པའི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པའི་དོན་ནོ།། ཚུལ་བཞིན་ཞེས་པ་ནི་དངོས་པོ་མེད་པར་བསྒོམ ་བྱའི་དངོས་པོ་ཞེས་པའི་ཚོགས་བཅད་ཀྱི་སྒོ་ནས་དཔྱད་པའོ།། ནས་ཞེས་པ་ནི་བདག་གི་ལུས་ངག་ཡིད་གསུམ་ན་མཁའ་ལྟར་བསྒོམས་ནས་འོག་གི་སྔགས་བཟླ་བའི་དོན་ནོ།། སྔགས་འདྲ། ་རབ་ཏུ་བརྗོད་པ་ནི་སྟོང་པ་ཉིད་ཀྱི་དོན་ཡིད་ལ་བྱེད་ཅིང་མ་ནོར་བར་ལན་གསུམ་བརྗོད་པའོ།། ཨོཾ་ཤཱུ་ནྱ་ཏཱ་ནི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ན་མཁའ་ལྟར་གནས་པས་སྟོང་པའོ།། རྡོ་རྗེ་ནི་མི་འགྱུར་བའི་དོན ་ནོནོ། ཨཏྨ་ཀོ&ཧཾ་ཞེས་པ་ནི་བདག་ཀྱང་དེ་ལྟ་བུའི་རང་བཞིན་ནོ་ཞེས་པའི་དོན་ནོ།། ནམ་མཁའ་བཞིན་དུ་བལྟ་བར་བྱ་བ་ནི་གོང་མའི་དོན་ཡང་ནས་ཡང་དུ་ཡིད་ལ་བྱ་བའོ།། ན་མཁའ་བརྟག་ཏུ་མེད་པ་ལྟར་ཞེས་པ་ནི་ཆོས་ཐམས་ཅད ་ནུ་མཁའི་དང་འདྲ་བར་བརྟག་ཏུ་མེད་པ་ཡིན་པས་བདག་ཀྱང་རང་བཞིན་མེད་པར་ཤེས་པར་བྱའོ།། ཡི་གེ་རྣམ་པར་བསྒོམ་ཞེས་པ་ནི་དེ་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཉིད་ལ་ཅི་ནུས་སུ་གནས་ནས། སེམས་ཅན་གྱི ་དོན་བྱ་བའི་ཡིད་ཀྱིས་འོག་ནས་འབྱུང་བའི་ཡི་གེ་གསུམ་བསྒོམ་ཞེས་བྱའོ།། བླ་འོག་དབུས་ནི་རིམ་བཞིན་ཞེས་པ་ནི་སྤྱི་བོ་དང་། ལྕེ་དང་སྙིང་ག་ཐད་ཀ་ཙམ་དུ་བསྒོམ་པའོ།། བདག་ཉིད་ཡི་གེ་གཟུགས་ནི་སྟོང་པ་ཉིད་ལ ་གནས་པའི་རྣལ་འབྱོར་པས་བདག་གི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཡི་གེ་འབྲུ་གསུམ་དུ་དམིགས་པར་བྱའོ།། སངས་རྒྱས་དཀྱིལ་འཁོར་དབུས་ཉིད་དུ་ཞེས་པ་ནི་སྟོང་པའི་དབུས་སུ་ཡི་གེ་གསུམ་པོ ་དཀར་པོ་དམར་པོ་མཐིང་ནག་ཏུ་ཁ་དོག་གསུམ་དུ་བསྐྱེད་པའི་དོན་ནོ།། ཉི་ཟླ་པདྨ་ལ་ཡང་དག་གནས་ཞེས་པས་དེ་རྣམས་གདན་བསྟན་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ངོ་།། ཟླ་བ་ལཱ་ཨོཾ་མོ།། པདྨ་ལ་ཨཱཿའོ།། ཨོཾ ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ནོ།། ཨཱཿནི་གསུང་གི་རང་བཞིན་ནོ།། ཧཱུཾ་ནི་ཐུགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ།། དང་བཟླ་བ་འདྲ་བ་ནི་ཡི་གེ་གསུམ་ཉོན་མོངས་པའི་དྲི་མ་མེད་པས་སོ་སོའི་ཁ་དོག ་གསལ་བ་དང་། ཟླ་བ་བཞིན་ཞེས་བྱ་བའི་དོན་ནོ།། ཡི་གེ་གསུམ་ནི་གོང་དུ་བསྟན་པའོ།། ཞུ་བར་བརྟག་ཅེས་པ་ནི་ལྷ་ཡི་བུ་ཟླ་བ་བདུད་རྩི་འདོད་པའི་དུས་སུ་ཟླ་བའི་དཀྱིལ་འཁོར་ལས་བདུད་རྩི་ཞུ་ཞིང་ཐིགས་པར་འབབ་པ་བཞིན་དུ་ཡི་གེ་གོང ་མ་འོད་ཀྱི་ཚུལ་དུ་ཞུ་ཞིང་བར་མ་ལ་ཐིམ། དེ་བཞིན་དུ་བར་མ་ཡང་འོག་མ་ལ་ཐིམ། འོག་མ་ཡང་ཞུ་ཞིང་འོད་ཀྱི་ཚུལ་དུ་གྱུར་པར་བསམ་མོ།། རྒྱུ་དྲུག་གནས་པའི་སེམས་ཅན་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་། ངན་སྟོང་གསུམ་དུ་སྐྱེད ་པ་རྣམས་སོ།། སངས་རྒྱས་ཀུན་ནི་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སོ།། བསྡུ་བའི་སྦྱོར་བས་ཀུན་བསྡུས་ཤེས་པ་ནི་དེ་ལ་གོང་དུ་བསྟན་པའི་ཡི་གེ་གསུམ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང་སངས་རྒྱས ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དང་གཉིས་སུ་མེད་པར་གྱུར་པ་དང་། རྒྱུ་དྲུག་གི་སེམས་ཅན་ལ་ཕོག་པས་སྡུག་བསྔལ་ཞི་བར་བྱས་ནས། ལུས་ངག་ཡིད་གསུམ་དང་གཉིས་སུ་མེད་པར་གྱུར་པ་ནི་བསྡུ་བའི་སྦྱོར་བའོ།། ཀུན ་བསྡུས་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གཅིག་ཏུ་གྱུར་ནས་སླར་འདུ་བར་བསྒོམ་པའོ།། རང་བཞིན་མེད་པར་མོས་པའི་ཞེས་པ་ནི་རྣལ་འབྱོར་པ་དག་ཆོས ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་གནས་པའི་སེམས་ཀྱི་བག་ཆགས་ལ་བྱ། གཞུག་པར་བྱ་བ་ནི་དེར་བསྡུ་བའི་དོན་ཏོ།། དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་པ་ནི་དེ་ལྷོར་སངས་རྒྱས ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་རང་བཞིན་བདག་ལ་བསྡུས་པས་ཆེས་ཀྱི་དབྱིས་ཀྱི་རྡོ་རྗེ་བདག་ཡིན་ནོ་བར་བསྒོམ་པའོ།། བྱང་ཆུབ་སེམས་དེ་ཀུན་ཏུ་དག་ཅེས་པ་དེ་ལྟར་སྤྱོང་པ་ཉིད་བསྒོམས་ནས་བསྡུ་བའི་སྦྱོར་བ་བྱས ་པས་བདག་གི་སེམས་ཀྱི་རྒྱུད་ཉོན་མོངས་པ་ཐམས་ཅད་དང་བྲལ་ནི་ས་ཡེ་ཤེས་ཀྱི་འོད་ཟེར་གྱི་རང་བཞིན་དུ་གནསོ།། དྲི་མེད་ཟླ་བ་ལྟ་བུར་གནྡ་ཞེ་པ་ནི་ཟླ་བ་ལྟ་བུར་འོད་གསལ་ཞིང་མེ་ལོང་ལྟ་བུའི་ཡིས་ཀྱི་རང་བཞིན་ཟླ་བཱི་དཀྱིལ་འཁོར་གང་བ་ལྟར ་གནས་པའི་དོན་ནོ།། ཀུན་བསྡུས་གོང་བུར་སྦྱོར་བ་ཡིས། ཤེས་པ་ནི་གང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེ་འབྲུ་གསུམ་དང་། འཕགས་པའི་སྐུ་གསུང་ཐུགས་དང་། སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རང ་བཞིན་རྣམས་གཅིག་ཏུ་གྱུར་ནས་བདག་ལྷ་གང་བསྒོམ་པ་དེའི་ས་བོན་གྱི་ཡི་གེར་གྱུར་པར་བསམ་པའོ།། དེ་ལྟར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ་པ་ནི་ཡི་གེ་འོད་དུ་འཕྲོས་ཤིང ་སེམས་ཅན་གྱི་དོན་ཐམས་ཅད་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་པོར་གྱུར་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སླར་འདུས་པ་ལ་ཕྱག་མཚན་དུ་མཚན་དུ་གྱུར་པ་བསྒོམ་མོ།། དེ་ཡང་འཕྲོས་ཤིང ་སླར་འདུས་པ་ལས་སྐུ་ཕྲ་མོར་འགྱུར་རོ།། དེ་བཞིན་དུ་སྐུ་ཕྲ་མོར་སྤྲོས་ཤིང་སླར་འདུས་པ་ལས་ཕྱག་རྒྱ་ཆེན་པོར་གྱུར་པར་བསམ་མོ།། དེ་ནི་སོ་སོར་རྟོག་པའི་ཡེ་ཤིས་སོ།། སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ་ཞེས་པ་ནི་དེ་ལྟར་ཆོ་ག ་རྣམས་ཀྱི་སྐུ་བསྐྱེད་པོས་མཐར་ཕྱིན་པ་ཞེས་བྱའོ།། སངས་རྒྱས་ཀུན་གྱི་རང་བཞིན་བདག་ཅེས་བྱ་བ་ནི་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སོ།། རང་བཞིན་བདག་ནི་འོག་ནས་འབྱུང ་བའི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་ནོ།། ཕུང་པོ་ཁམས་སུ་རྣམ་བསྡམས་ཏེ། སྐྱེ་མཆེད་ལ་སོགས་རྣམ་པར་བརྒྱན་ཞེས་པ་ནི་དེ་རྣམསྲ་ཀྱི་རང་བཞིན་འོག་ནས་འབྱུང་བའི་ཚུལ་དུ་ལྷར་བྱིན་གྱིས་བརླབ་པའོ།། ་གཟུགས་ཀྱི་ཕུང་པོ་རང་བཞིན་དུ། རྣམ་པར་སྣང་མཛད་རབ་ཏུ་གནས། ཞེས་པ་ནི་བདག་ཕྱག་རྒྱར་གྱུར་པའི་གཟུགས་ཀྱི་ཕུང་པོའི་རང་བཞིན་ལ་ཡི་གེ་མཱ་མ་འམ་ཨོཾ་བསྐྱེད་ལ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་ཙམ་གྱི་རྣམ་པར་སྣང་མཛད་ཀྱི་སྐུ་བཀུག་ནས་ཡི་གེ་གཉིས་སུ་མེད་པར་འགྱུར་ཞིང་རྣམ་པར་བསམ་མོ།། ཚོར་བ་དཀོན་མཆོག་དཔལ་ཞེས་པ་ནི་དེ་བཞིན་དུ་ཚོར་བའི ་ཕུང་པོའི་རང་བཞིན་ལ་ཡི་གེ་ཨ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་བྱའོ།། འདུ་ཤེས་སྣང་བ་མཐའ་ཡས་ཞེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ཡི་གེ་ཧྲིཿལས་སྣང་བ་མཐའ་ཡས་བསྐྱེད་པའོ།། འདུ ་བྱེད་ཐམས་ཅད་གདོན་མི་ཟ་བ་ཞེས་པ་ནི་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་ལ་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་བསྒོམ་པའོ།། རྣམ་པར་ཤེསུ་མི་བསྐྱོད་གནས་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ལ་ཡི་གེ་ཧཱུཾ་ལས ་བཅྡོཾས་མི་བསྐྱོད་པ་བསྐྱེད་པའོ།། མདོར་ན་ཞེས་པ་ནི་དེ་རྣམས་བསྒོམ་པའི་བྱེ་བྲག་གཞན་ཡོད་ན་ཡང་ཞེས་པའི་དོན་ནོ།། ཕུང་པོ་ལྔ་རྣམས་ནི་གཟུགས་ལ་སོགས་པའོ།། སངས་རྒྱས་ལྔ་ནི་གོང་དུ་བསྟན་པའོ།། རབ་ཏུ་གྲགས ་ཤེས་པ་ནི་དེ་ལྷུར་བསྒོམ་པ་འམ། གནས་པར་རྒྱུད་ཐམས་ཅད་ཀྱི་ནང་དུ་བསྟན་ཞེས་པའི་དོན་ནོ།། ཕུང་ཨོཾ་སྭ་ཨཾ་ཧ་ཧཱུཾ། ཡི་གེ་འདི་རྣམས་ལས་བསྐྱེད་ཀྱང་རུང་། སའི་ཁམས་ནི་རྣམ་བསམ་པ་ཞེས་པ་ནི་བདག་ཕྱག་རྒྱར ་གནས་པའི་ཕྱི་ནང་གི་བརྟན་པའི་རང་བཞིན་ལ་གྲུབ་པ་སྤྱན་ནི་བསམ་བྱས་ནས་ཞེས་བྱ་སྟེ། སངས་རྒྱས་སྤྱན་ཡི་གེ་ལཾ་ལས་བསྐྱེད་ནས། གོང་མ་ལྟར་སྤྲོ་བར་བྱས་ལྭ་སའི་ཁམས་ཀྱི་རང་བཞིན་དུ་གནས་པར་བས་མོ།། ་སྲ་བ་ལྟ་བུར་བྱིན་གྱིས་བརླབ་ཅེས་པ་ནི་གོང་མ་ལྟར་བསྒོམ་པའི་མཐུས་ཅིས་ཀྱང་མི་ཤིགས་པའི་ལུས་ཐོབ་པའི་དོན་ནོ།། ཆུ་ཁམས་མཱ་མ་ཀཱི་གོང་མ་བཞིན་དུ་ཡི་གེ་མཾ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བསྡུ་བྱས་ནས་ཁུ་བ ་དང་ཁྲག་ལ་སོགས་པ་གཤེར་བའི་རང་བཞིན་དུ་ལུས་ངག་སེམས་ལ་ཁྱབ་པར་བསྒོམ་མོ།། གང་གཉིད་བརྟག་ཅེས་པ་ནི་ཁྱབ་པ་ལ་ཡང་བྱ་གོང་མ་ལྟར་བསྒོམས་པས་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་བ་ལ་བྱའོ།། ་མེའི་ཁམས་ལ་སོགས་པ་ནི་ཡི་གེ་བཱཾ་ལས་ལྷ་མོ་ན་བཟའ་དཀར་མོ་འཕྲོ་འདུ་བྱས་ནས། དྲོ་བའི་རང་བཞིན་ཐམས་ཅད་ལ་ཐིམ་པར་བསམ་མོ།། དེ་ནི་འབར་བ་ལྟ་བུ་ཞེས་པ་ནི་དེ་ལྟར་བསྒོམས་པའི་མཐུས། ཉོན་མོངས་པ ་ཐམས་ཅད་བསྲེགས་པའི་ཡེ་ཤེས་ཀྱི་འོད་ཟེར་དུ་འགྲུབ་པའི་དོན་ནོ།། རླུང་གི་ཁམས་ཀྱི་རང་བཞིན་དུ་ཤེས་པ་ལ་སོགས་པའི་དེ་ནི་གྲོང་མ་ལྟར་ཡི་གེ་ཏྲཾ་ལས་ལྷ་མོ་སྒྲོལ་མ་སྤྲོ་བསྡུ་བྱས་ནས། གཡོ་བའི་རང་བཞིན ་ལ་ཁྱབ་ཅིང་གནས་པར་བསམ་མོ།། བློ་ལྡན་ནི་རྣལ་འབྱོར་པའོ།། དེ་ནི་རླུང་ལྟར་འབྱུང་བ་སྟེ་ཞེས་པ་ནི་ལྷ་མོ་སྒྲོལ་མ་དེ་རླུང་ལྔའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པས་སོ།། དེ་ཡང་འཇིག་རྟེན་པའི་རླུང་དང་། མཱ་ཁྭལ ་འགྲོ་བའི་རླུང་དང་། དངས་སྙིགས་འབྱེད་པའི་རླུང་དང་། ཕྱི་ནང་དུ་རྒྱ་བའི་རླུང་དང་། སྲོག་གི་དབང་པོའི་ཚུལ་དུ་གནས་པའི་རླུང་ངོ་།། དེ་བཞིན་ཡིད་ཀྱི་འགྲོ་བ་ཅེས་པ་ནི་དེ་ལྟར་བསྒོམས་པས་པར་སྣང་ལེ་འགྲོ་བའི་རྫུ ་འཕྲུལ་འཐོབ་པའི་དོན་ནོ།། ནམ་མཁའ་ཁམས་ཀྱི་རང་བཞིན་ཀུན་ཏུ་བཟང་མོ་བརྟག་ཅེས་པ་ནི་ཡི་གེ་ཧཱུཾ་ལས་ཀུན་ཏུ་བཟང་མོ་སྤྲོ་བསྡུ་བྱས་ནས་ན་མཁའི་རང་བཞིན་ལ་ཁྱབ་པར་གནས་པར་བསམ་མོ།། ནམ་མཁའ ་དེའི་སྦྱོར་བས་ནི་སྤངས་རྒྱས་ཀྱིས་ཀྱང་མི་གཟིགས་ཞེས་པ་ནི་དེ་ལྟར་བསྒོམས་པའི་མཐུས་མི་སྣང་བའི་དངོས་གྲུབ་འཐོབ་པས་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་མི་མཐོབ་པས་སོ།། སངས་རྒྱས་ཞེས ་པ་ནི་ལ་དོར་བའི་ཚིག་གོ།། ཕུང་པོ་ཁམས་ཀྱི་བྱེ་བྲག་ནི།། གཉིསུ་མེད་པའི་སྦྱོར་བར་གནས་ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལྔ་དང་། ས་ལ་སོགས་པའི་ཕུང་པོ་ལྔ་བདག་གི་ཐ་མལ་པའི་ཚུལ་མ་ཡིན་པར་ལྷ་དང་གཅིག་ཏུ ་གྱུར་པས་གཉིས་སུ་མེད་པའི་སྦྱོར་བར་གནས་ཞེས་བྱ། དེ་ལྟར་ཞེས་པ་གོང་དུ་དེ་ལྟར་རོ།། མཁས་ཉིད་ནི་སྔགས་ཀྱི་བྱེ་བྲག་ལ་མཁས་པའི་རྣལ་འབྱོར་པའོ།། བསམ་བྱས་ན་ཞེས་པ་ནི་བཤད་པ་བཞིན་དུ་བསྒོམ་པའི ་དེདོན་ནོ།། དེ་ཉིད་ཀུན་ཏུ་ཚིམ་པར་འགྱུར་ཞེས་པ་ནི་དེ་ལྷོར་ཕུང་པོ་དང་ཁམས་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་པས་བསྒོམ་པའི་མཆོག་ཡིན་པ་འམ།། ལྷ་ཐམས་ཅད་དགྱེས་པའི་རྒྱུ་ཡིན་པའི་ཕྱིར། དངོས་གྲུབ་ཐམས ་ཅད་ཐོབ་པར་འགྱུར་བའི་ཐབྲས་ཀྱི་མཆོག་ཡིན་པའི་དོན་ནོ།། འདི་རྣམས་ཀྱིས་ཀྱང་བསྐྱེད་པའི་དུས་སུ་བསྐུལ་བར་བྱའོ།། དེ་ལ་མོ་ཧ་ཞེས་པ་ནི་བཅོམ་ལྡན་འདས་རྣམས་པར་སྣང་མཛད། ར་ཏི་ནི་ལྷ་མོ་ལོ་ཙ་ནུས ་གཉིས་སུ་མེད་པའི་སྦྱོར་བའི་མཆོད་པས་དགྱེས་པར་བྱེད་པ་འམ། ཡང་ན་སེམས་ཅན་གཏི་མུག་གིས་ལྡོངས་པ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གྱི་སེལ་ཅིང་དག་པར་བྱེད་པ་གཏི་མུག་དགའ་བ་མའོ།། དེ་ཤྭ་ནི་བཅོམ ་ལྡན་འདས་མི་བསྐྱོད་པའོ།། ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་སེམས་ཅན་ཞེས་སྡང་ཅན་གྱི་ཞེ་སྡང་ཅན་སྤོངས་པར་བྱེད་ཅིང་ཡང་དག་པའི་དོན་བསྟན་ནས་དགའ་བར་བྱེད་པས་ཞེ་སྡང་དགའ་བ ་མའོ།། རཱ་ག་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ།། ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ་ཡང་ན་འདོད་ཚིགས་ཆེ་བའི་སེམས་ཅན་རྣམས་འདོད་ཆགས་ཀྱི་ཚུལ་དུ་དག་པར་བྱེད་ཅིང་ཐར་པའི་ལམ ་སྟོན་ཅིང་དགའ་བར་བྱེད་པས་འདོད་ཆགས་དགའ་བར་བྱེད་པས་འདོད་ཆགས་དགའ་བ་མའོ།། བཛྲི་ནི་བཅོམ་ལྡན་འདས་དོན་ཐམས་ཅད་འགྲུབ་པའོ།། ར་ཏི་ནི་གོང་མ་དང་འདྲ་བར་དགྱེས་པར་བྱེད་པ་འམ། ཡང་ན་སེམས ་ཅན་བལྟ་བ་ལོག་པར་སྤྱོད་པ་ངན་པར་སྤྱོད་པའི་རྣམས་ལ་རྡོ་རྗེ་ལཱམ་སྟོན་ཅིང་དགའ་བར་བྱེད་པས་རྡོ་རྗེ་དགའ་བ་མའོ།། མིག་དང་རྣ་བ་དང་སྣ་དང་། ལྕེ་ཞེས་པ་ལྷ་སོགས་པས་ནི་སའི་སྙིང་པོ་ལ་སྔོགས་པའི་བྱང་ཆུབ ་སེམས་དཔའ་དྲུག་མིག་ལ་སོགས་པའི་དབང་པོ་དྲུག་ལ་གོང་མའི་ཚུལ་དུ་བསྒོམ་པར་བྱ་བའི་དོན་ནོ།། དེ་ཡང་ཟླ་ལས་སའི་སྙིང་པོའོ།། ཨོཾ་ལས་ཕྱག་ན་རྡོ་རྗེའོ།། ཨོཾ་གཉིས་པ་ལས་ནམཁའི་སྙིང་པོའོ།། ཨོཾ ་གསུམ་པ་ལས་སྦྱིན་རས་གཟིགས་ཀྱི་དབང་ཕྱུག་གོ།། ཧཱ་ལས་སྒྲིབ་པ་ཐས་ཅད་རྣམ་པར་སེལ་བའོ།། ཨོཾ་ཐ་མ་ལས་ཀུན་ཏུ་བཟང་པོའོ།། ནང་གི་སྐྱེ་མཆེད་རྣམས་སུ་ནི། སའི་སྙིང་པོ་ལ་སོགས་གནས་ཞེས་པ་ནི ་དེ་ལྟར་བསྒོམ་པ་མིག་ལ་སོགས་པའི་སྐྱེ་མཆུད་ཀྱི་རང་བཞིན་དང་བཞིན་དང་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་རང་བཞིན་གཉིས་སུ་མེད་པའི་དོན་ནོ།། ཕྱིའི་སྐྱེ་མཆེད་རང ་བཞིན་དུ། གཟུགས་ལ་སྩོགས་པ་རབ་ཏུ་གནས་ཞེས་པ་ནི་དབང་པོ་དྲུག་གི་ཡུལ་གཟུགས་ལ་སོགས་པ་དྲུག་ལ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་དྲུག་བསྒོམ་ཞེས་པའི་དོན་ནོ།། དེ་ཡང་གཟུགས་ཀྱི་སྐྱེ་མཆེད་ལྔ ་ཡི་གཱི་ཛཱི་བསྐྱེད་ནས་འཕྲོ་འདུ་བྱས་པ་ལས་རྡོ་རྗེ་གཟུགས་ཀྱི་ལྷ་མེར་གནས་པར་བསམ་མོ།། དེ་བཞིན་དུ་སྒྲའི་སྐྱེ་མཆེད་ལ་ཧཱུཾ་ལས་རྡོ་རྗེའི་སྒྲ་ལྷ་མོར་བསམ་མོ།། དྲིའི་སྐྱེ་མཆེད་ལ་ཡི་གྲེ་བཾ་ལཱསྱཻ་རྡོ་རྗེ་དྭིའི ་ལྷ་མོའོ།། རོའི་སྐྱེ་མཆེད་ལ་ཡཾ་གྷེ་ཧོ་ལས་རྡོ་རྗེ་རོའི་ལྷ་མོར་བསྣམ་མོ།། རེག་བྱའི་སྐྱེ་མཆེད་ལ་ཡི་གེ་ཁཾ་ལས་རྡོ་རྗེ་རེག་བྱའི་ལྷ་མོའོ།། ཆོས་ཀྱི་སྐྱེ་མཆེད་ལ་ཡི་གེ་རཾ་ལྀས་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མི་བསྐྱེད ་བར་བྱ་ཞེས་པའི་དོན་ནོ།། སའི་སྙིང་ལ་སོགས་སྔགས་རྣམས་ནི།། རྡོ་རྗེ་ཅན་གྱི་རྒྱུད་ལས་གསུངས། ཞུས་པ་ནི་བྱང་ཆུབ་སེམས་དཔའ་དྲུག་གི་བསྐྱོད་པའི་ས་བོན་ཡིག་འབྲུ་རྣམས་སྟོན་པས་རྒྱུད་ལས་བསྟན ་པས་སློབ་དཔོན་གྱིས་འདིར་ཡང་བྲིས་ཞེས་པའི་དོན་ནོ།། འདི་དག་སྔགས་ནི་མ་གསུངས་ཕྱིར།། གཟུགས་ལ་སོགས་པ་མ་བྲིས་ཞེས་པ་གཟུགས་ཀྱི་ལྷ་མོ་ལ་སོགས་པ་བསྐྱེད་པའི་ས་བོན་ཡིག་འབྲུ་རྣམས་རྒྱུད་ནང་དུ ་གསལ་པོར་མ་བསྟན་པས་འདིར་ཡང་མ་བྲིས་ཞེས་པའི་དོན་ནོ།། ཕྱིའི་ཡི་ལོངས་སྤྱོད་ཀྱིས་མཆོད་ཕྱིར།། གཟུགས་སྒྲ་དག་ཏུ་རབ་ཏུ་གནས་ཞེས་པ་ནི་ཕྱིའི་ལོངས་སྤྱོད་གཟུགས་ལ་སོགས་པ་ལྔ་རྣལ་འབྱོར་པས་མི་སྤང་ཞིང ་དདང་དུ་ལེན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་ཚ་བཱི་ཡོན་ཏན་ཁྱད་པར་ལས་ལྷ་མོའི་ཚུལ་དུ་དེ་དག་ལ་གནས་ཞེས་པའི་དོན་ནོ།། བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་ནས་ཞེས་པ་ནི་དེ་ལྟར་ནཱ་ཀུན་རྫོབ་ཏུ་ནང་གི་སྐྱེ ་མཆེད་དང་། ཕྱིའི་སྐྱེ་མཆེད་ལྷ་དང་ལྷ་མོར་ཤེས་པ་དང་། དོན་དམ་པར་རང་བཞིན་གཅིག་པར་ཤེས་པའོ།། འདོད་པ་ལྔ་སྤྱོད་ཅེས་པ་ནི་དེ་ལྟ་བུས་ན་གཟུགས་ལ་སོགས་པ་སྨད་ཅིང་མི་སྤང་བར་སྤྱད་པའི་དོན་ནོ།། གཟུགས་ནི་མིག ་གི་ཡུལ་དུ་གནས་ཞེས་པ་ནི་དེ་ཡང་ཇི་ལྟར་སྤྱོད་ཅེ་ན། ཕྱིའི་ཐ་མལ་པའི་ཚུལ་དུ་མིག་གི་ལོངས་སྤྱོད་ཀྱི་ཡུལ་གཟུགས་ཡིན་པ་དང་། ནང་གི་ནི་མིགསའི་སྙིང་པོའོ།། དེའི་སྤྱོད་ཡུལ་ནི་གཟུགས་ཀྱི་ལྷ་མོའོ།། གསང་བ་ནི་དེ་གཉིས ་གསང་བའི་ཚུལ་བདེ་བ་ཆེན་པོ་ཉམས་སུ་མྱོང་བའོ།། དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ།། ཕྱིའི་སྐྱེ་མཆེད་འདི་དག་ནི་བྱང་ཆུབ་སེམས་མའི་དཀྱིལ་འཁོར་མཆོག་ཅེས་པ་ནི་དེ་ལྟ་བས་ན་གཟུགས་ལ་སོགས་པ ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཡིན་ཞིང་དཀྱིལ་འཁོར་དུ་བསྐྱེད་པས་སླད་དུ་མི་རུང་བའི་དོན་ནོ།། གཤིན་རྗེ་གཤེད་པོ་ལག་པ་གཡས་ཞེས་པ་ནི་ཁྲོ་བོ་གཤིན་རྗེ་གཤེད་སེམས་ཅན་གྱི་ཉོན་མོངས་པ་དང་། བདུད་དང ་བགེགས་ལ་སོགས་པ་ཚར་གཅོད་པའི་ལས་ཁྱད་པར་དུ་བྱེད་པས། ལག་པ་གཡས་ཀྱང་མི་མཐུན་པའི་ཕྱིར་གཅོད་པའི་དོན་གྱིས་དེར་བསྐྱེད་པར་བྱའོ།། གཞན་གྱིས་མི་ཐུབ་གཡོན་པ ་ཞེས་པ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྲུང་བཱི་ཁྱད་པར་དུ་བྱེད་པ་དང་། ལག་པ་གཡོན་པ་ཡང་བསྲུང་བའི་ལས་བྱེད་པས་སོ།། ཁ་ལ་རྟ་མགྲིན་བསྒོམ་པ་ནི་གསུང་གི་རང་བཞིན་ཡིན་པོས་སོ།། བདུད་རྩི་འཁྱིལ་པ་རྡོ་རྗེ་ལ་ཞེ ་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པས་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་ཅིང་མྱ་ངན་ལས་འདས་པའི་བདུད་རྩི་དཀྱིལ་བ་དང་། རྡོ་རྗེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་འཕྲོ་ཞིང་འཁྱིལ་པའི་དོན་གྱིས་སོ།། སྔ ་འདི་རྣམས་ཀྱིས་བསྐུལ་ཞིང་བསྐྱེད་པའོ།། དེ་ལ་ཡ་མ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་དབང་པོ་དགག་པའོ།། ཨན་ཏ་ཀྲིཏ་ནི་ཁྲོ་བོ་ཆེན་པོ་འདིས་སེམས་ཅན་ཐམས་ཅད་ལ། རྣམ་པར་ཐར་པའི་སྒོ་བསྟན་ཅིང་སྐྱེ་ཤི་མེད ་པའི་ས་ལ་བཀོད་པའོ།། ཡང་ན་ཡ་མ་རིས་སུ་གཏོགས་པའི་སྲིན་པོ་ལྷ་དང་མི་ལ་གནོད་པ་བྱེད་པ་རྣམས་འདུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། ཡང་ན་ཡ་མཱ་ནི་ཤར་ཕྱོགས་སོ།། ཨནྟ་ཀྲྀཏ་ནི་དེའི་ཕྱོགས་ཀྱི་བདུད ་དང་བགེགས་རྣམས་ཚར་གཅོད་ཅིང་སྒོ་གསུངས་ཀྱི་ཚུལ་དུ་གནས་པའི་དོན་ནོ།། པྲཛྙཱ་ནི་བྱེ་བྲག་ཏུ་ལྟ་བའི་རྣམ་པར་རྟོག་པའོ།། ཨནྟ་ཀྲིཏ་ནི་ཁྲོ་བོ་འདིས་དེ་ལྟར་ལྟ་བའི་སེམས་ཅན་རྣམས་ལ་རྣམ་པར་ཐར་པོའི་སྒོ་བསྟན་ནས ་གཉིས་སུ་མེད་པའི་ལྟ་བ་ལ་གནས་པར་བྱེད་པའོ།། ཡང་པྲཛྙཱ་ཞེས་པ་ནི་ཤིན་ཏུ་ཡང་ང་རྒྱལ་ཆེན་བྱའི་རུ་ཏྲ་རྣམས་སོ།། ཨཱནྟ་ཀྲེཏ་ནི་དེ་བརྟུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། ཡང་པྲདྡྷ་ནི་ལྷོ་ཕྱོགས་ལ་བྱ། ཨནྟ་ཀྲྀཏྟ་ནི་དེའི ་ཕྱོགས་ཀྱི་བདུད་དང་བགེགས་རྣམས་ཚར་གཅོད་ཅིང་སྒོ་སྲུང་གི་ཚུལ་དུ་གནས་པའོ།། པདྨ་ནཱི་འདོད་ཆགས་སོ།། ཨནྟ་ཀྲྀཏ་ནཱི་ཁྲོ་བོ་འདི་ས་སེམས་ཅན་ཐམས་ཅད་འཁོར་བའི་འདོད་ཆགས་ལྀས་ཐར་པར་བྱེད་ཅིང་བདེ་བ ་ཆེན་པོའི་ཚུལ་དུ་སྟོན་པའོ།། ཡང་ན་པདྨའི་ནི་པདྨའི་རིགས་སུ་གཏོགས་པའི་སྲིན་པོ་མགྲིན་བཅུ་ལ་སོགས་པ་རྣམས་སོ།། ཨནྟ་ཀྲྀཏ་ནཱི་དེ་རྣམས་བཏུལ་ཞིང་བྱང་ཆུབ་ཀྱི་ལམ་བསྟན་པའོ།། ཡང་ན་པདྨ་ནི་ནུབ་ཕྱོགས ་ལ་བྱ། ཨནྟ་ཀྲྀཏ་ནི་གོང་མ་དང་འདྲ། བིགྷྣཱཾ་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་སེམས་ཐོབ་པར་བྱེད་པ་ལ་གེགས་བྱེད་པའི་ཉོན་མོངས་པ་རྣམས་སོ།། ཨནྟ་ཀྲྀཏ་ནཱི་ཁོ་བོ་འདིས་སེམས་ཅན་ཐམས་ཅད་ཀྱི ་བསམ་པ་དང་སྦྱར་ཞིང་འདུལ་བའི་ཐབ་ས་སྟོན་ཅིང་ཚྭར་གཅོད་པར་བྱེད་པས་སོ།། ཡང་ན་བིགྷྣཱ་ནཱན་ནཱི་དགེ་བ་རྣམས་ལ་བར་ཆད་བྱེད་པའི་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡཾ་གའི་རིས་སུ་གཏོགས་པ་རྣམས་སོ།། ཨནྟ་ཀྲྀཏ ་ནི་དེ་རྣམས་བརྟུལ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། ཡང་ན་བིགྷྣཱཾ་ནཽ་བྱང་ཕྱོགས་ལ་བྱ། ཨནྟ་ཀྲྀཏ་ནི་གོང་མ་དང་འདྲའོ།། དེ་ལྟར་དོན་ཀུན་རབས་ཞུགས་པ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། དེ་ལྟར་ནི་གོང་དུ ་བསྟན་པའི་ཚུལ་ལོ།། དོན་ཀུན་ནི་ལྷ་དང་ལྷ་མོའི་རྣམས་སོ།། རབ་ཞུགས་པ་ཞེས་པ་ནི་བདག་གི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷ་དེ་རྣམས་དང་གཉིས་སུ་མེད ་པར་བྱེད་པའོ།། སངས་རྒྱས་ཀུན་བདག་གཙོ་བོར་ནི། བསྐྱེད་ནས་བྱིན་གྱིས་བརླབ་ཅེས་པ་ནི་དེ་ལྟར་ཏིང་ངེ་འཛིན་རྣམས་གསུམ་གྱིས་བདགྲ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཏུ ་གྱུར་པོའི་ཕྱག་རྒྱ་ཆེན་པོར་བསྒོམས་པའི་ཞེས་པའི་དོན་ནོ།། བྱིན་གྱིས་བརླབ་ཅེས་པ་ནི་འོག་ནས་འབྱུང་བའི་ཚུལ་དུ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ།། དེ་ཡང་ཚིགས་སུ་བཅད་པའི་སྒོ་ནས་བྱིན་གྱིས་བརླབ་པ ་དང་། སྔགས་ཀྱི་སྒོ་ནས་སོ།། ཚིགས་སུ་བཅད་པས་གསོལ་བ་གང་བ་ཅེས་པ་ནི།། འོག་ཏུ་ས་འབྱུང་བའི་ཚོགས་སུ་བཅད་པ་གཉིས་ཀྱིས་རིགས་ངེས་པའི་སངས་རྒྱས་ལ་གསོལ་བ་གདབ་པ་དང་། ཕྱོགས་བཅུའི་སངྱས ་ལའོ།། སྤྱི་བོ་དབུས་འགྱུར་བསམ་ཞེས་པ་ནི་གསོལ་བ་བཏབ་པའི་ཐབསུ་བསྟན་པའོ།། ཟླ་བའི་དཀྱིལ་འཁོར་གང་ཞེས་པས་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྫོགས་པ་གཅིག ་བསྐྱེད་པའི་དོན་ནོ།། དིར་ནི་ཨོཾ་དཀར་འོད་ལྡན་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞིན་ནི་ཕྱག་རྒྱ་ཟླ་བ་ཕྱེད་པའི་འོད་ལས་ལྷག་པའི་ཡི་གེ་ཨོཾ་དཀར་པོ་གཅིག་བསྒོམོ།། ་འོད་ཟེར་རྣམ་པ་ལྔ་འཕྲོ་བ་ནི་དེ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་དཀར་པོ་ལ་སོགས་པ་ལྔ་ཕྱོགས་ཀུན་ཏུ་འཕྲོ་བའོ།། དེ་ལས་ལྷ་མོ་རྣམས་འཕྲོ་བ་ཞེས་པ་ནི་སེམས་འོད་ཟེར་དེས་སེམས་ཅན་གྱི་དོན་བྱ་བ་དང་། ་སངས་རྒྱས་ཀྱི་ཐུགས་དམ་བསྐུལ་ནས་སླར་འདུས་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་གྱུར་པར་བསམས་ནས།། དེ་གཉིས་ཀྱི་བདེ་བ་ཆེན་པོ་ཚུལ་ཡི་གེ་ལཾ་དུ་གྱུར་ནས་ལྷ་མོ་སངས་རྒྱས་སྤྱན་འཕྲོ་བོའི་དོན་ནོ།། ་བདག་པོར་རབ་ཏུ་སྦྱར་ཞེས་པ་ནི་བདག་པོ་ནི་རྣམ་པར་སྣང་མཛད་དོ།། རབ་ཏུ་སྦྱར་བ་ནི་དབང་བསྐུར་བའི་ཚུལ་དུ་ལྷ་མོ་དེའི་སྤྱི་བོར་བསམ་པ་འམ་གཉིས་སུ་མེད་པའི་ཚུལ་དུ་བསམ་མོ།། སྤྱན་ནི་རྣམ་པར་བསམ་བྱ ་ནམ་མཁའི་ཁམས་ཀུན་གང་བྱར་ཞེས་པ་ནི་དེ་ལྟར་ལྷ་མོར་བསྒོམ་ཞིང་འཕྲོ་བ་ཡང་། ནམ་མཁའི་ཁམས་ཐམས་ཅད་དུ་ཏིལ་གྱི་གང་བུ་བཞིན་དུ་སེམས་ཀྱིས་ལྕོགས་ཏྲང་སྤྲོ་བར་བྱའོ།། རྡོ་རྗེ་སྐུ་ནི་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཡབ་ཡུམ་མོ།། རྣམ་པར་བསམ་པ་ནི་བཅོམ་ལྡན་འདས་ཀྱི་སྤྲོ་བ་རྣམས་སོ།། བར་སྣང་ཁམས་ནི་གང་བར་ནུས་ཞེས་པ་ནི་གོང་དུ་བསྟན་པའི་བཞིན་དུ་ན་མཁའ་ཐམས་ཅད་ཁྱབ་པར་གནས་པ ་རྣམས་མངོན་སུམ་དུ་བསམ་པའི་དོན་ནོ།། དེ་དབུས་བདག་པོར་བསམ་བྱ་ཞིང་། བདག་གི་མདུན་དུ་གནས་པའོ།། ཞེས་པ་ནི་བར་སྣང་ཁམས་ཁྱབ་པར་གནས་པའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་ཀྱི་དབུསུ ་དང་པོར་བསྐྱེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་བདག་རྣལ་འབྱོར་པའི་མདུན་ན་བཞུགས་པར་བསམ་མོ།། སུམ་ཅུ་རྩ་གཉིས་མཚན་འཆང་བ། དཔེ ་བྱང་བཟང་པོ་བརྒྱད་ཅུས་བརྒྱན་ཞེས་པ་ནི་བར་སྣང་ཁྱབ་པར་བཞུགས་པའི་སངས་རྒྱས་དེ་རྣམས་ཀྱང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། གཞན་ཡང་སྐུའི་རྒྱན་ཐམས་ཅད་དང་ལྡན་པས ་བསམ་ཞེས་པའི་དོན་ནོ།། སྔགས་པ་ནི་ཕྱག་རྒྱ་ཆེན་པོར་གནས་པ་ནི་རྣལ་འབྱོར་པའོ།། བཅོལ་བ་ནི་འོག་ནས་འབྱུང་བའི་ཚིགས་བཅད་གཉིས་ཀྱིས་སྐུའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ཞུ་བའོ།། ཚིགས་སུ ་བཅད་པ་གཉིས་གཉིས་བརྗོད་པ་ནི་ཚོགས་བཙོད་སྐུ་གསུང་ཐུགས་གསུམ་གཽ་ལ་གཉིས་གཉིས་ཡོད་པས་རིམ་པ་བཞིན་དུ་རེ་རེ་ལ་ཡང་གསུམ་གསུམ་དུ་བརྗོད་པར་བྱའོ།། དཔལ་ལྡན་སངས་རྒྱས་སྐུ་འཆུང་བ་ཞེ ་པ་ལ་སོགས་པས་ནི་སྐུའི་རིགས་སུ་ངེས་པའི་སངས་རྒྱས་ལ་གསོལ་གྱི་འདེབས་པའོ།། དེ་ལ་དཔལ་ལྡན་ནི་གོང་དུ་བཤད་པ་དང་མཐུན་ནོ།། སངས་རྒྱས་ཀྱི་སྐུ་འཆང་བ་ནི་ཕྱོགས་བཅུ་དུས་གསུམ་གྱི་སྐུའི་ཁྱད ་པར་བསྟན་ཅིང་གནས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། རྡོ་རྗེ་མི་ཕྱེད་གསུམ་པ་བསྒོམས་པས་ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་གང་གིས་ཀྱང་དེ་བྱེ་བར་མི་ནུས་པའམ་འཇོམས་པར་མི་ནུས་པའི་སྐུ ་གསུང་ཐུགས་ཀྱི་རང་བཞིན་ཡིན་པ་འམ་དེ་ཉིད་ལས་མི་གཡོ་བའི་ཐུགས་དང་ལྡན་པའི་དོན་ནོ།། དྲིང་བདག་བྱིན་གྱིས་བརླབས་ནས་སུ་ཞེས་པ་ནི་དེ་ལྟ་བུའི་བཅོམ་ལྡན་འདས་ཁྱོད་བདག་ཀྱང་སྐུ་གསུང་ཐུགས་བསྒོམ ་པ་ཡིན་པས་ཡབ་ཡུམ་གྱི་ཐུགས་ཀྱི་ཐུགས་ཀྱི་རང་བཞིན་བྱང་ཆུབ་སེམས་སུ་དུས་འདི་ཉིད་དུ་བྱིན་གྱིས་བརླབས་ནས་ཞེས་པའི་དོན་ནོ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས་པོ་ནི་དེ་ལྟར་བྱིན་གྱིས་བརླབས་ཏེ། ་ཁྱེད་དང་འདྲ་བར་བདག་གི་ལུས་ཀྱང་རྡོ་རྗེའི་སྐུར་མཛོད་ཅིག་པོའི་དོན་ནོ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་པ་ལ་སོགས་པ་འདིར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་སོ་སོའི་སྐུ ་འདྲ་བར་བདག་གི་ལུས་ཀྱང་མཛོད་ཅིག་པའི་དོན་ནོ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཞེས་པ་ལ་སོགས་པའི་དོན་ནི་གོང་མ་དང་འདྲའོ།། དེ་ལྟར་གསོལ་བ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་པོ་བསྐྱེད་པ་ལས ་པ་ལྷ་མོ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་སྦྱོར་བའི་ཕྱག་རྒྱ་དང་ལྡན་པར་རྒྱུན་མི་འཆད་པར་སླར་བྱོན་ཅིང་བདག་གི་སྤྱི་བོའི་བཅོམ་ལྡན་འདས་ཡབ་ཡུམ་ལ་ཐིམ་པར་བསྒོམ་ཞེས་པའི་དོན་ནོ།། དེ་ནི་ཞུགས ་པར་མོས་བྱས་ལ་ཞེས་པ་ལ་སོགས་པ་ནི་སྤྱི་བོར་བཞུགས་པའི་བཅོམ་ལྡན་འདས་ཡབ་ཡུམ་དེ་ཡང་བདག་གི་སྤྱི་བོར་ཐིམ་ཞིང་གཉིས་སུ་མེད་པར་གྱུར་ཏེ། ཕུང་པོ་ལྔ་ལ་ཁྱབ་པར་བྱིན་གྱིས་བརླབ་པར་བྱའོ།། ་སངས་རྒྱས་རྣམས་ནི་སྐུ་ནི་གང་། ཕུང་པོ་ལྔ་ལྔ་རབ་ཏུ་གནས།། ཞེས་པ་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས ་པའི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུའི་རང་བཞིནི་གང་ཡིན་པ་བདག་གི་ཕུང་པོ་ལྔ་ལ་གནས་པར་བསམ་པའོ།། སངས་རྒྱས་སྐུའི་རང་བཞིན་དུ་བདག་ཀྱང་དེ་དང་འདྲ་བར་ཤོག། ཅེས་པ་ནི་དེ་ལྟར་གན་པ་སངས ་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུར་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ཚིག་ཏུ་བརྗོད་ཅིང་སྨོན་པའི་དོན་ནོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཨཱཏྨ་ཀོ&་ཧཾ་ཞེས་པ་ནི་བདག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ་སྐུ་རྡོ་རྗེའི་རང་བཞིན་ནོ་ཞེས་བསྒོམ་ཞིང་སྔགས་འདི་ལན་གསུམ་དུ་བརྗོད་པར་བྱའོ།། དེ་བཞིན་ལྕེ་དབུས་པདྨ་ལ་ཞེས་པ་ལ་སོགས་པ་ནི་དེ་ལྟར་སྐུའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས ་ད་ཀྱིས་གསུང་གི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསྟན་ཏོ།། ལྕེ་དབུས་པདྨ་ལ་ཞེས་པ་ནི་བདག་ཕྱག་རྒྱ་ཆེན་པོར་གནས་པའི་ལྕེའི་དཀྱིལ་དུ་ཡི་གེ་པ་མྲ་ལས་པདྨ་འདབ་མ་བརྒྱུད་པ་བསྐྱེད་ལ་ཨོཾ་ལས་རྡོ་རྗེ ་འདོད་ཆགས་ཞེས་བྱ་སྟེ། དེའི་སྟེང་དུ་ཡི་གེ་ཨ་བསྐྱེད་ལ་གོང་མ་བཞིན་དུ་སྤྲོ་བསྡུ་བྱས་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དང་། ལྷ་མོ་ན་བཟའ་དཀར་མོ་ཡབ་ཡུམ་གཉིས་སུ་གྱུར་པར་བསམ་མོ།། དེ་ལས་པར ་སྣང་ཁྱབ་པ་དང་། སྤྲོ་བསྡུ་བྱ་བ་ལ་སོགས་པ་གོང་མ་དང་འདྲའོ།། རབ་ཞུགས་དེ་ལ་གསོལ་བཏབ་ཅིང་། རྡོ་རྗེ་ངག་ཏུ་བྱིན་གྱིས་བརླབ་པ་ནི་བར་སྣང་ཁྱབ་པར་བཞུགས་པའི་བཅོམུ་ལྡན་འདས་རྣམས་ལ་འོགྷྲ་གཱི་ཚོགས ་བཅད་གཉིས་ཀྱིས་བདག་གི་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་གི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་ཞེས་བྱའོ།། ཆོས་ཀྱི་ངག་ལམ་དཔལ་ལྡན་པ། ཞེས་པའི་ཚིགས་བཅད་ཀྱིས་གསུང་གི་རིགས་ངེས ་པའི་སངས་རྒྱས་ལ་གསོལ་བ་བཏབ་པའོ།། དེ་ལ་ཆོས་ཀྱི་ངག་ལམ་ནི་ཆོས་ཐམས་ཅད་ཚིག་གིས་བསྟན་པ་ཡིན་ལ་དེའི་རང་བཞིན་དུ་གནས་པ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ།། དཔལ་ལྡན་ཡང་དེ་ཉིད་ཡིན་ནོ།། རྡོ་རྗེ ་གསུང་གིས་མཛད་དུ་གསོལ་ཞེས་པ་ནི་རྡོ་རྗེ་གསུང་ཁྱོད་ཀྱིས་བདག་གི་ཚིག་རྣམས་ཉིད་ཀྱི་གསུང་བཞིན་དུ་མཛོད་ཅིག་པའི་དོན་ནོ།། ཕྱི་མ་རྣམས་གོང་མ་དང་འདྲའོ།། ལྕེ་ནི་འཕྲོ་བ་རྣམ་བསམྦེ་སྟེ་ཞེས་པ་ནི་དེ་ལྟར་གསོལ ་བ་བཏབ་ནས་ལྕེ་ལ་བསྐྱེད་པའི་སངས་རྒྱས་ལས་འོད་ཟེར་སྤྲོས་ཤིང་བསྐུལ་བས་སླར་བྱོན་ཅིང་ལྕེ་ལ་ཐིམ་པར་བྱའོ།། རང་ངག་ཆོས་རྣམས་ཀུན་གྱི་གནས་ནི་དེ་ལྟར་ཐིམ་པས་རང་གི་ཚིག་འཇིག་རྟེན་དང་། འཇིག་རྟེན་ལས ་འདས་པའི་ཆོས་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་དོན་ནོ།། གསུང་དབྱིངས་ཐམས་ཅད་རྣམ་པར་དག་པ་ནི་དེ་ལྟར་བསྒོམས་པའི་ལྕེ་ལས་ངག་འབྱུང་བ་ཐམས་ཅད་ཚིག་དང་དོན་དུ་ལྡན་ཞིང་འཁྱལ་པ་མེད་པའོ།། ཆོས་ཀྱི ་ངག་ཏུ་བྱིན་གྱིས་བྱུརླབ་པ་ན་བཅོམ་ལྡན་འདུས་སྣང་བ་མཐའ་ཡས་ཀྱི་གསུང་ཡིན་པར་བསམ་པའོ།། རྩཝ་རྣཆས་ཀྱི་གསུང་རྣམས་ན།། དེས་བྷ་ཚིག་ནི་ཕུན་སུམ་ཆགས།། ཞེས་པས། ་ནི་ཇི་ལྟར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སོ་གསུང་འཁྱལ་པ་མེད་ཅིང་དོནི་དང་ལྡན་པ་དེ་བཞིན་དུ་བདག་གི་ཚིག་རྣམས་ཀྱང་གྱུར་ཅིག་ཅེས་བརྗོད་ཅིང་སྨིན་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བཱ་ཨཱཏྨ ་ཀོ&ཧཾ། ཞེས་པའི་སྔགས་འདིས་བདག་གི་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསྒོམ་ཞིང་ལེན་གསུམ་དུ་བརྗོད་པར་བྱའོ།། དེ་ལྟར་སྐུ་གསུང་བྱིན་གྱིས་བརླབ་པར་བསྟན་ནས་ཐུགས་བྱིན ་གྱིས་བརླབ་པར་བསྟན་ཏོ།། སྙིང་གིའི་ཟླ་བ་ལ་དམིགས་པ་ལ་སོགས་པས་ནི་དེ་ལ་བདག་ཕྱག་རྒྱ་ཆེན་པོར་གནས་པའི་སྙིང་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ནས་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་ཡབཾ་ཡུམ ་སུ་མདོག་མཐིང་ནག་ཏུ་འདུག་པ་ཡེ་ཤེས་ལྷའི་འོད་ཟེར་འཕྲོ་བ་བསྐྱེད་པར་བྱའོ།། སྔར་སྨོས་པའི་རིམ་པ་བཞིན་རྡོ་རྗེ་སེམས་ལ་ས་གསོལ་བ་བཏབ་ནས།། ཞེས་པ་ནི་གོང་དུ་སྐུ་དང་གསུང་གི་སྐབས་སུ་སྤྲོ་བ་ལ་སོགས ་པོ་བྱས་པ་བཞིན་འདིར་ཡང་བྱས་ནས་གསོལ་བ་བཏབ་པའི་དོན་ནོ།། དོ་ན་ཞུགས་པར་བསྒོམ་བྱས་ཏེ། སེམས་ནི་བྱིན་གྱིས་བརླབ་པར་བྱ། ཞེས་པས་ནི་དེ་ལྟར་གསོལ་པོ་བཏབ་ཅིང་སྐྱེང་གནས་སྤྲོས་ཤིང་བས ་བས་བར་སྣང་ཁྱབ་པར་གནས་པའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སླར་བྱོན་ཅིང་ལྷ་ཐིམ་པར་བསྐམས་ནས། རང་གི་སེམས་དེ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ།། དབ་བུ་ཝཱན་རྔུ་རྡུ་ཐུགས་འཆང ་བརྡ་ལྔ་སོགས་པའི་ནི་ཐུགས་སུ་ངེས་པའི་རིགས་ལ་གསོལ་བ་འདེབས་པར་བསྟན་ཏོ།། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་དེང་སེམས་ཅན་ཐམས ་ཅད་ཀྱི་སེམས་མ་སྐྱེས་པའི་རང་བཞིན་ངོ་བོར་གནས་པས་རྡོ་རྗེ་སེམས་འཆང་བ་ཞེས་བྱའོ།། རྡོ་རྗེ་ཐུགས་ཀྱི་མཛད་དུ་གསོལ་ཞེས་པ་ནི་བདག་གི་སེམས་ཉིད་ཀྱི་ཐུགས་དང་འདྲ་བར་མཛོད་ཅིག་པའི་དོན་ནོ།། སླང་མ་ནི ་གོང་མ་དང་མཐུན་ནོ།། སྙིང་ལ་དཔལ་བེའུ་གནས་པས་ཞེས་པས་ནི་དེ་ལྟར་གསོལ་བ་བཏབ་ཅིང་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སྙིང་ལ་གནས་ནས་ཕྱག ་རྒྱ་ཆེན་པོ་རྫོགས་བར་གྱུར་པས་སྐྱེས་བུ་ཆེན་པོའི་མཚན་ཉིད་ཅེས་བྱའོ།། འོད་ཟེར་ལྔས་དཀྲིས་ལྟ་བུ་ནི། ང་རྒྱལ་བསྐྱེད་ནས་སྦྱོར་བར་བྱ་ཞེས་པས་ནི་དེ་ལྟར་འོད་ཟེར་འཕྲོ་ཞིང་གནས་པ་དེ་མངོན་སུམ་གསལ་བར་བསྐྱེད ་ནས་ཐུགས་དང་སེམས་གཉིས་སུ་མེད་པར་སྦྱོར་བར་བྱའོ།། ཀུན་ཏུ་བཟང་པོ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པོ་སྤྱོད་ཀྱང་དེའི་ཉེས་པས་མི་གོས་པས་བཛྲ་སཏྭའོ།། གསང་དབང་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བདག་ཉིད་དམ་མཆོག་ཡིན་པའི་དོན་ནོ།། ཡང་ན་གསང་བ་ནི་ལོ་ཙ་ན་ལ་སོགས་པ་ཡུམ་གྱི་རང་བཞིན་དུ་གནས་པ་རྣམས་སོ།། དེ་དག་དང་གཉིས་སུ་མེད་པའི ་བདེ་བའི་ངང་དུ་རྟག་ཏུ་གནས་པས་དབང་བའོ།། བློ་ལྡན་ནི་ཕྱིན་ཅི་ལོག་སྤངས་པའོ།། བདག་ཀྱང་དེ་དང་འདྲ་བའི་སེམས་ཅན་ཞེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་ཞིང་རྡོ་རྗེ་འཆང་གི་ཐུགས་སུ་འགྱུར་བར་ཤོག་ཅིག ་ཅེས་བརྗོད་ཅིང་སྨོན་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཙིཏྟ་བཛྲ་སྲྀ་བྷ་བ་ཨཱཏྨ་ཀོ&ཧཾ། ཞེས་པའི་སྔགས་འདིས་བདག་གི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཡིན་ནོ་བར་བསྒོམ་ཞིང་བརྗོད ་པར་བྱའོ།། དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ནས་ཞེས་པ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཚུལ་གྱིས་བདག་གི་ཕུང་པོ་དང་ཁམས་ལ་སོགས་པ་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་པ་དང་ལུས་དང་ངག་དང་སེམས ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བྱས་པའི་ཕྱག་རྒྱ་དེ་ཉིད་ལ་དཔལ་བྱང་ཆུབ་སེམས་རྡོ་རྗེའི་སྐུར་བསྒོམ་པར་བསྟན་ཏོ།། དེ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་འདུག ་པར་བསམས་ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་གཅིག་བསྐྱེད། དེ་སྤྲོ་བསྡུ་བྱས་པ་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེར་གྱུར་པར་བསམ་མོ།། སེམས་དཔའི་སྐྱིལ་ཀྲུང་ནི་འདུག་སྟངས་སོ།། ཟླ་བའི ་མདོག་ནི་སྐུ་མདོག་གོ།། རྣམ་པ་ཐམས་ཅད་ནི་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་། དབུ་རྒྱུན་ལ་སོགས་པའི་ཕྱིའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། དེ་རྣམས་ཐུན་མོངས་མ ་ཡིན་པས་མཆོག་གོ།། རལ་པ་ཅོད་པན་འཆང་ལ་ཞི་ཞེས་པ་ནི་དབུ་སྐྲ་རལ་པར་འདུག་ཉིད་ཅོད་པནྡ་དུ་བྱས་པ་འམ། རལ་པ་དང་ཅོད་པན་གྱིས་བརྒྱན་པའོ།། ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་མེ་ཁོང ་ན་མེད་པས་ཕྱིའི་སྐུ་ཞེས་སྡང་གི་རྟགས་ཁྲོ་གཉེར་ལ་སོགས་པ་མེད་པར་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བར་བྱེད་པའི་ཚུལ་ལོ།། ཞལ་གསུམ་རྣམ་པར་བསྒོམ་པར་བྱ་བ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པའི་རྟགས་སུ་སྟོན་པའི་ཕྱིར་དང་། འཇིག་རྟེན་པའི་ལྷ་མགོ་གྲངས་ཀྱིས་ཡོད་པ་རྣམས་འདུལ་བར་བསྟན་པ་འམ། དེ་དག་ལ་དད་པའི་སེམས་ཅན་རྣམས་ཆོས་འདི་ལ ་དད་པར་བྱ་བའི་དོན་ནོ།། གཡས་པ་ཨིནྡྲ་ནཱི་ལ་ཞེས་པ་ནི་ཞལ་གསུམ་ལ་གཡས་ཕྱོགས་ཀྱི་ཞལ་ཐུགས་ཀྱི་རང་བཞིན་ཡིན་པས་ཏེ། དེ་ལས་མི་འགྱུར་བས་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་བཞིན་མཐིང་ནག་ཏུ་བསྟན་ནོ།། ་ཡང་ན་འཇིག་རྟེན་པའི་ལྷ་ཁྱབ་འཇུག་ལ་སོགས་པ་ཞེ་སྡང་ཆེ་ཞིང་གནག་པ་རྣམས་ཀྱི་དོན་མཐུན་པའི་སྒོ་ནས་མཛད་པ་འམ། དེ་ལ་དད་པ་རྣམས་དང་བར་བྱ་བའི་དོན་ནི།། གཡོན་པ་ཆགས་པས་དམར་བ་ན་སེམས ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཆགས་ཤིང་། གསུང་གི་སྒོ་ནུས་དོན་བྱེད་པའི་རྟགས་སུ།། གཡོན་དམར་བར་བསྟན་ཏོ།། ཡང་ལྷ་ཆེན་པོ་ལ་སོགས་པའི་འདོད་ཆགས ་ཞིང་ཁ་དོག་དམར་བར་འདུག་པ་རྣམས་ཀྱི་དོན་མཐུན་པའི་སྒོ་ནས་མཛད་པའམ། དེ་དག་ལ་དད་པ་རྣམས་ཆོས་འདི་དག་ལ་དད་པར་བྱ་བའི་དོན་ནོ།། ཞལ་དབུས་དཀར་བ་ནི་ཉོན་མོངས་པ་དང་། བྲལ་ཞིང་སྐུའི་རང་བཞིན ་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ།། ཡང་ན་ཚངས་པ་ལ་སོགས་པ་དཀར་ཞིང་གཏི་མུག་ཤེས་ཆེ་བ་རྣམས་ཀྱི་དོན་མཛད་པ་གྲོང་མ་དང་འདྲའོ།། ཕྱོགས་བཅུ་ཐམས་ཅད་སྣང་བྱེད་པ། དེའི་ཕྱག་དྲུག་རྣམ་པར་བསྒོ ་ཞེས་པ་ནི་ཤར་ཕྱོགས་ལ་སོགས་པའི་ཕྱོགས་བཞི་དང་། མེའི་ཕྱོགས་ལ་སོགས་པའི་མཚམས་བཞི་དང་། སྟེང་འོག་གི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སྐུ་དང་ཡེ་ཤེས་ཀྱི་འོད་འཕྲོ་ཞིང་སེམས་ཅན་གྱི་གཏི། ་མུག་གི་མུན་པོ་རྣམ་པར་འཇོམས་ཤིང་ཡེ་ཤེས་ཀྱི་སྣང་བསྐྱེད་པའི་དཔལ་བྱང་ཆུབ་སེམས་རྡོ་རྗེ་དེ་ཕྱག་དྲུག་དང་ལྡན་པར་བསྒོམ་ཞེས་པའོ།། དེ་ལ་ཕྱག་དྲུག་ནི་སེམས་ཅན་རྣམས་ལ་ཕྱག་དྲུག་གི་སྒོ་ནས་དོན་བྱེད་པ་དང་། ་འཇིག་རྟེན་གྱི་ལྷ་ཁྱབ་འཇུག་ལ་སོགས་པ་ལག་པ་དྲུག་དང་ལྡན་པ་རྣམས་མཐུན་པའི་སྒོ་ནས་འདུལ་བ་དང་། དེ་ལ་མོས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་དོན་ནོ།། ཡེ་ཤེས་ལྔ་བདག་རྡོ་རྗེ་ནི ་ཞེས་པ་ལ། དེ་ལ་ཕྱུག་གཡས་ཀྱི་དང་པོ་ཡེ་ཤེས་ལྷའི་རང་བཞིན། རྡོ་རྗེ་རྩེ་ལྔ་པ་ཁུ་དོག་ཨིནྡྲ་ནཱི་ལ་ལྟར་འདུག་པ་ཕྱུག་ཏུ་བསྒོམ་ཞེས་པ་དང་འབྲེལ་ཏོ།། འབར་བ་ལྔས་རྣམ་པར་རྒྱུན་པ་ནི་ཡེ་ཤེས་ལྔའི་རང ་བཞིན་འོད་ཟེར་ཁ་དོག་དཀར་པོ་ལ་སོགས་པ་ལྔ་རྡོ་རྗེ་དེ་ཉིད་ལས་འཕྲོ་ཞིང་དཀྲིས་པའི་དྲོན་ནོ།། སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ་ཞེས་པ་ནི་རྡོ་རྗེ་དེ་ལས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སྩོགས་ལྷ་དང ་ལྷ་མོ་ཕྱོགས་བཅུར་སྤྲོས་ཤིང་སེམས་ཅན་གྱི་དོན་བྱེད་པར་བསམ་ཞེས་པའི་དོན་ནོ།། གཉིས་པ་འཁོར་ལོ་ཆེན་པོ་ཞེས་པ་ཕྱག་བར་མལ་འཁོར་ལོ་བསྣམས་པའི་དོན་ནོ།། ཟླ་བ་རྩིབས་བརྒྱད་ལྟ་བུས་ནི་དབྱིབས་དང ་ཁ་དོག་བསྟན་ཏེ་འཁོར་ལོ་དེ་རྩི་བྲ་བརྒྱད་ལྡན་ཞིང་ཟླ་བོ་བཞིན་དུ་དཀར་ལ་ཟླུམ་པོར་འདུག་པའོ།། བདུད་རྣམས་ཐམས་ཅད་གཅོད་བྱེད་པ། རྣམ་པར་འཕྲོ་བར་བསྒོམ་པར་བྱ་ཞེས་པ་ནི་འཁོར་ལོ་དེ་ལ་ཡེ་ཤེས་ཀྱི་འོད་ཟེར་འཕྲོ ་པས་སེམས་ཅན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བདུད་དང་། གནོད་པར་བྱེད་པའི་གནོད་སྦྱིན་དང་། སྲིན་པོ་རྣམས་ཚར་གཅོད་པའི་མཐུ་དང་ལྡན་པར་བསྒོམ་ཞེས་པའི་དོན་ནོ།། གསུམ་པ་པདྨ་ཆེན་པོ ་ཞེས་པ་ནི་གཡས་ཀྱི་ཐ་མ་ལ་པདྨ་བསྣམས་པའི་དོན་ནོ།། ཆོས་ཀྱི་སྤྲིན་གྱིས་ཀུན་ཏུ་འཁྲིགས་ཞེས་པ་ནི་པདྨ་དེ་ལས་སྣང་བ་མཐའ་ཡས་ཀྱི་རང་བཞིན་འཕྲོས་ཤིང་འཁྲིགས་པས་སེམས་ཅན་གྱི་བསལ་པོ་དང ་མཐུན་པར་ཆོས་ཀྱི་ཚིག་འབྱུང་བའི་དོན་ནོ།། ཁ་བ་བ་ཞོ་ལྷུར་བུར་དག། འདོད་ཆགས་ཐམས་ཅད་དག་མཛད་པ་ཞེས་པ་ནི། བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་འདོད་ཆགས་དང་དུ ་བླངས་ཤིང་སྤྱད་ཀྱང་དེའི་ཉེས་པས་མི་གོས་པའི་རྟགས་བྱེདྨཱ་བྱ་ཞོ་འམ་ཁ་བ་ལྟ་བུར་ཤིན་ཏུ་དཀར་བ་བསྣམས་པར་བསྒོམ་མོ།། གཡོན་པའི་དྲིལ་བུ་དམར་སྐྱ་སྟེ། སྟོན་ཀའི་ཟླ་བའི་འོད་མཚུངས་ཤེས་པ་ནི་ཕྱག་གཡོན ་གྱི་དང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་དཀར་བ་སེམས་ཅན་ལ་སྙིང་རྗེའི་སྒོ་ནས་ཆགས་པའི་རྟགས་སུ་ཅུང་ཟང་དམར་བར་འདུག་པ། སྟོན་ཀའི་ཟླ་བའི་འོད་བཞིན ་དུ་ཤིན་ཏུ་དཀར་བའི་འོད་འཕྲོ་ཞིང་སེམས་ཅན་དགའ་བར་བྱེད་པས་སོ།། ཆོས་རྣམས་སྒྲ་བརྙན་ལྟ་བུ་ཞེས། སྒྲས་ནི་རབ་ཏུ་གོ་བར་མཛད་ཅེས་པ་ནི་དྲིལ་བུ་དེ་ལས་སྒྲ་བྱུང་བས་སེམས་ཅན་ཐམས་ཅད་ལ་ཆོས་ཐམས་ཅད ་ཀྱི་རང་བཞིན་བྲག་ཆ་ལྟ་བུ་ཞེས་རང་བཞིན་མེད་པར་སྟོང་པ་ཉིད་དོ་ཞེས་གོ་བར་བྱེད་པའི་དོན་ནོ།། གཉིས་པ་རིན་ཆེན་ཆེན་པོ་སྟེ། རྡོ་རྗེ་འབར་བས་རྣམ་པར་བརྒྱན།། ཞེས་པ་ནི་ཕྱག་བྱར་མ་ལས་ཡིད་བཞིན་གྱི་ནོར་དུ་རིན ་བོ་ཆེ་བསྣམས་པ་སྟེ། དེ་ཡང་ཡེ་ཤེས་ཀྱི་འོད་ཟེར་འབར་ཞིང་དཀྲིགས་པས་བརྒྱན་ཞེས་པའི་དོན་ནོ།། ཉི་མ་འཆར་ཀ་ལྟ་བུའི་དེ་ནི་ཁ་དོག་ཤིན་ཏུ་ཡང་དམར་བའོ།། རེ་བ་ཐམས་ཅད་རྫོགས་པར་བྱེད་པ་ནི་རིན་པོ་ཆེ་ང་ལས ་སེམས་ཅན་གྱི་འདོད་པ་རྣམས་པ་འབྱུང་ཞིང་ཚིམ་པར་བྱེད་པའི་དོན་ནོ།། གསུམ་པ་རལ་གྲི་ཆེན་པོ་སྟེ། ཨུཏྤལ་སྔོན་པོའི་ལོ་མཱ་བཞིན་དུ་ཞེས་པ་ནི་ཕྱག་ཐ་མ་ན་རལ་གྲིའི་ཁ་དོག་ཨུཏྤ་ལའི་འདབ་མ་བཞིན་དུ་འདུག་པ ་སྣམས་པའོ།། ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཐུན་མོང་མ་ཡིན་པའི་དོན་ནོ།། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། མི་ཤེས་ཉོན་མོངས་གཅོད་བྱེད་པ་ཞེས་པ་ནི་དེ་ལས་འོད་ཟེར་འཕྲེས་ཤིང་སེམས་ཅན་ཐམས ་ཅད་ཀྱི་མ་རིག་པའི་བག་ཆགས་ཐམས་ཅད་གཅོད་པའི་དོན་ནོ།། ཕྱག་མཚན་དེ་རྣམས་ཀྱང་། ཡེ་ཤེས་ལྔ་དང་རིག་ལྔའི་རང་བཞིན་དུ་ཤེས་པར་བྱའོ།། དམར་པོ་སྣ་ཚོགས་འབར་འདྲ་བའི། འོད་ཀྱི་དཀྱིལ་འཁོར་གྱིས་ནི་བརྒྱན་ཞེས ་པ་ནི་བྱང་ཆུབ་སེམས་རྡོ་རྗེ་དེ་ཉིད་ཀྱི་སྐུ་ཁས་འོད་ཟེར་བྱུང་བས་དཀྱིལ་འཁོར་གྱི་ཚུལ་དུ་ཆགས་ཤིང་རྒྱབ་བརྟན་དུ་བྱས་པས་བརྒྱན་ཞེས་བྱའོ།། ཟླ་བ་དྲི་མེད་སྟོང་འདྲ་བ་ནི་འོད་ཀྱི་དཀྱིལ་འཁོར་དེ་ཟླ་བ་སྟོང་ངམ་དེ་བས་ལྷག་པའི་འོད ་འཕྲོ་བའི་དོན་ནོ།། བློ་དང་ལྡན་པས་རྒྱབ་ཏུ་བསམ་ཞེས་པ་ནི་ཐབས་ལ་མཁས་པའི་སྒྲུབ་པ་པོས་འོད་ཀྱི་དཀྱིལ་འཁོར་དུ་བསྒོམ་པའི་བྱིན་ནོ།། སྙིང་གའི་དབུས་སུ་ཕྲ་མ་ཡི།། ཡེ་ཤེས་སེམས་དཔའ་རྣམ་པར་བསྐམ་ཞེས་པ་ནི་དེ ་ལྟར་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱ་ཆེན་པོར་གནས་པའི་ཐུགས་དཀར་ཡེ་ཤེས་སེམས་དཔའི་ཕྱག་རྒྱ་དེ་དང་འདྲེ་བར་མཚོན་གང་བ་གཅིག་བསྒོམ་པའི་དོན་ནོ།། དེའི་དུས་སུ་བསམ་པ་ནི།། ཡི་གེ་མཆོག་ནི་དེ་པའོ།། ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཡི་གེ་ཧཱུཾ་བསྒོམ་པའི་དོན་ནོ།། དེ་ལྟར ་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱར་གསལ་བར་བསྒོམ་ཞིང་ཟླ་བ་དྲུག་ཚུན་ཆད་སེམས་ལས་སུ་རུང་གི་བར་དུ་འོག་ནས་འབྱུང་བའི་ཚུལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྐབས་འདིར་བསྒོམ་པ་འདི་མན་ངག་ཏུ་ཤེས་པར་བྱའོ།། སྡོམ་ལ་གནས ་པའི་སྔགས་པ་ཡིས།། བསྙེན་པོ་སྔར་ནི་བྱས་ནས་སུ་ཞེས་པ་ནི་དེ་ལྟར་བསྙེན་པ་དང་ཉེ་བྲི་བསྙེན་པ་རྗེ་པཾ་བྱས་ན། སྒྲུབ་པ་ལས་འཇུག་པ་བསྟན་ཏོ།། དེ་ལ་བསྙེན་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་ཀྱི་དོན་དམ་པའི་རང་བཞིན་སྐྱེ་བ ་མེད་པར་བསྒོམ་པའི་དོན་ནོ།། ཉེ་བའི་བསྙེན་པ་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་དང་ཕྲ་མོའི་ཏིང་འཛིན་པར་དུའོ།། སྡོམ་ལ་གནས་པ་ནི་གང་དུ་བསྟན་པའི་དམ་ཚིག་དང་སྤྱོད་པ་ལས་མི་འདའ་བའོ།། སྔར་བསྙེན་པ་བྱས་པ་ནི་བསྙེན་པ་རྣམ ་གཉིས་རིམ་པ་བཞིན་དུ་བྱས་ནས། སེམས་ལས་སུ་རུང་བས་སྒྲུབ་པ་ལ་འཇུག་པར་བྱའི་གཞན་དུ་མ་ཡིན་ཞེས་པའི་དོན་ནོ།། ཆོ་གཱ་འདིའི་སྦྱོར་བ་ཡིས་ཤེས་པ་ནི་འོག་ནས་འབྱུང་བའི་ཐབས་ཀྱིས་སོ།། སྒྲུབ་པ་དག་ནི་བརྩམཱ་བཱ་ནི ་བདག་སྐུ་གསུང་ཐུགས་ཐོབ་པར་བྱེད་པའི་ཐབས་ཀྱི་རིམ་པ་ལ་འཇུག་པར་བྱ་བའི་དོན་ནོ།། ཁྲུས་མཁན་གྱི་ནི་བདག་ཉིད་ཆེ་ཞེས་པ་མི་སྒྲུབ་པའི་སྣོད་གཟུགས་མ་བསྟན་ཏེ། ཁྲུས་མཁན་ནི་གོས་འཁྲུ་ཞིང་བཙོ་བླག་བྱེད་པའི་རིགས ་དཱན་ཏེ། དེ་ལྟ་བུ་ལ་རང་བཞིན་མཐུ་སླང་ཡོད་པས་བདག་ཉིད་ཆེན་པོ་ཞེས་བྱ། དེ་ལྟ་བུའི་མ་རིགས་དྲན་པས་ང་རྒྱལ་ཆུང་ཞིང་བཀའ་བློ་བདེ་བས་བདག་ཅི་དགའ་བར་བྱེད་པས་སེམས་ལས་སུ་རུང་བའི་དོན་ནོ།། སང་ན་ཁྲུས་མཁན ་ནི་སྡིག་པ་སྤོང་ཞིང་དགེ་བ་བྱེད་པའི་ཁྱིམ་བདག་ལ་སོགས་པ་གང་ཡང་རུང་པོ་ལ་བྱའོ།། བུ་མོ་མིག་རིང་རྙེད་པ་ནི་ཞེས་པ་ལ་སོགས་པ་ནི་རིགས་དེ་ལྟ་བུའི་བུ་མོ་ཤེས་པ་ཆེ་ཞིང་སེམས་གསལ་བོ་ཕྱིའི་མིག་ཀྱང་ཆེ་ཞིང་རིང་བ་ཡིདདུ ་འོད་པར་འདུག་པ་ཁ་དོག་ཀྱང་ཨུཏྤ་ལའི་ལོ་མ་བཞིན་སྤྲོ་སྐྱར་འདུག་པ་གཟུགས་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། འདོད་ཆགས་བདྨོ་བསངར་ལ་བབ་པ། བརྒྱན་པ་ནི་དེ་རྣམས་དང་ལྗོན་པའི་དོན་ནོ།། རྣམས་ཅུད ་རྒྱན་པ་ནི་ཡོངས་བརྒྱན་པ་ནི་ཕྱིའི་རྒྱན་གོས་དང་། རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་བརྒྱན་པའོ།། བཞིན་མཛེས་ཡིད་དུ་འོང་བ་ཞེས་པ་ནི་བསོད་ནམས་ཆེ་བའི་རྟགས་གཟུགས་བྱེད་ཤིན་ཏེ་སྡུག་ཅིང་ཀུན་ཡིད་དུ་འོང ་བའོ།། བོང་ཚོད་ལོ་ནི་བཅུ་གཉིས་པྲ་ཞེས་པ་ནི་བུ་མོ་ལོ་གྲངས་བཅུ་གཉིས་ལཱ་ཡོནྡ་ཏན་དཱི་ལཱ་བུ་ཀུན་ཆུང་བར་རྙིང་ན་མཆོག་གོ།། དེ་ལྟར་བསྣུན་ཀྲུང་སྤྱིར་བནྡྷ་གཉིས་དང་ཉི་ཤཱུརྩཝ་འི་བར་དུ་ཤེས་པར་བྱའོ།། དེ་རླུང་ནས ་བསྒྲུབ་པ་བརྩམས་བྱ་ཞེས་པ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁ་ན་མ་ཐོ་བ་མེད་པའི་སོ་ནས་ཚོལ་ནས་བསྒྲུབ་པ་ལ་འཇུག་པར་བྱ་མི་མ་ན།། ཕྱིས་གཅིན་སོགས་དམ་ཚིག་ལས་ཤེས་པ་ནི་དེ་ལྟར་མཚོན ་ལྡན་པའི་གཟུངས་མ་རྙེད་ནཱ། གོང་དུ་བསྟན་པའི་གནས་དེ་རཱ་བདུད་རྩི་ལྔས་མཎྜལ་བྱ་ཞེས་བྱ་བའི་དོན་ནོ།། ཆོ་ག་བཞིན་ཞེས་པ་ནི་ཨ་མྲྀ་ཏཱ་ལྔའི་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར ་གྱི་ལས་ཚང་ངར་བྱེད་པའོ།། གྲུ་བཞི་པ་ནི་དཀྱིལ་འཁོར་གྱི་དབྱིབས་རྒྱས་པའི་ཚུལ་དུ་བྱའོ།། དཀྱིལ་འཁོར་བྱས་ནས་དེ་དབུས་སུ། སྔར་གསུངས་པའི་གནས་དེར་བཞག། ཅེསེ་པ་ནི་དཀྱིལ་འཁོར་དེ་ལྟ་བུ་བྱས་ནས་སྔར ་གསུངས་པའི་གཟུངས་མ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དེའི་དབུས་སུ་གཞག་ཅེས་པའི་དོན་ནོ།། ཕྱག་རྒྱ་བཞི་ཡི་སྦྱོར་བ་ཡིས། བདག་ཉིད་མོས་པའི་ལྷར་ཡང་བསྒོམ་ཞེས་པ་ནི་སྒྲུབ་པ་པོ་བདག་ཀྱང་དེ་དང་ལྷན ་ཅིག་དཀྱིལ་འཁོར་གྱི་དཀྱིལ་དུ་འདུག་ལ་བདག་ཉིད་དང་པའི་ལྷ་གང་ཡང་རུང་བ་ཕྱག་རྒྱ་བ་ནི་དང་ལྡན་པར་བསྒོམ་ཞེས་པའི་དོན་ནོ།། ཕྱག་རྒྱ་བཞི་ནི་ཐུགས་ཀར་ཡིག་འབྲུ་གནས་པ་ཆོས་ཀྱི་ཕྱག་རྒྱུ་དང་། རྡོ་རྗེ་ལ་སོག ་པ་ཕྱག་མཚན་འཛིན་པ་ལས་ཀྱི་ཕྱག་རྒྱ་དང་། གཡོན་ཕྱོགས་སུ་ཡུམ་བསྐྱེད་པ་དམ་ཚིག་གི་ཕྱག་རྒྱུ་དང་། དེ་རྣམས་རྫོགས་པ་ཕྱག་རྒྱ་ཆེན་པོའི་དང་བཞིའོ།། ཡང་ན་གསྡང་བའི་ཡུམ་པོ་ཞི་ཕྱིཊ་བཞིར་བསྐྱེད་ན་བསྒོམ ་པ་ཡོད་བྱའོ།། རང་གི་ལུས་ལས་འབྱུང་བའི་རྣམས། བྱིན་གྱིས་བརླབས་པའི་གནས་སུ་དམིགས་ཞེས་པ་ནི་དེ་ལྟར་གཟུངས་མོ་དེ་ལྷ་མོ་གཅིག་ཏུ་བསྒོམས་ལ། རང་གི་ལུས་ལས་བྱུང་བ་ནི་བདག་ཕྱག་རྒྱ་ཆེན ་པོར་གནས་པའི་ཐུགས་ཀ་ནས་རིགས་ལྔ་ཕྱུང་ཞིང་བྱིན་གྱིས་བརླབས་པའི་གནས་གཟུངས་མ་དེ་དག་ནས་ལྔར་བསྐྱེད་པའི་དོན་ནོ།། ནུ་མའི་བར་དང་སྤྱི་གཅིག་དང་། ལྟེ་བ་རྐེད་པ་རྐང་རྣམས་སུ། ཞེས་པ་ནི་གནས་ལྔའོ།། ་རྒྱལ་བ་བདག་ཉིད་གསང་ལས་སྐྱེས་པ་ནི་བདག་བྱང་ཆུབ་སེམས་རྡོ་རྗེའི་ཕྱག་རྒྱརུ་གནས་པའི་ཐུགས་ཁ་ཐུན་མོང་དང་རྟོག་གེ་པའི་ཡུལ་མ་ཡིན་པས་གསོང་བའོ།། སྐྱེས་པ་ནི་དེ་ལས་བྱུང་བའི་དོན་ནོ།། རིགས་ལྔ་རྣམས ་ནི་རབ་ཏུ་དམིགས་ཤེས་པ་ནི་དེ་ལྟར་གསང་བུ་ལས་སྐྱེད་པའི་བཅོམ་ལྡན་འདས་མི་དསྐྱོད་པ་ལ་སོགས་པའི་རིགས་ལྔ། ཡུམ་དེའི་གནས་ལྟར་ཡིག་འབྲུ་ལས་བསྐྱེད་ཅིང་གནས་པར་དམིགས་པའོ།། དེའི་སྙིང་གའི ་དབུས་སུ་ཞེས་པ་ནཱི་དེ་རྣམས་བཀོད་པའི་རིམ་པ་བསྟན་ཏེ། ཡུམ་དེའི་ནུ་མ་གཉིས་ཀྱི་བྱར་སྙིང་གའི་ཉི་མའི་དཀྱིལ་འཁོར་བསམ་ཞེས་བྱ་སྟེ། མ་ལས་ཉི་མུའི་དཀྱིལ་འཁོར་བསྐྱེད་དོ།། དེའི་དབུས་མི་འཁྲུགས་གཉིས ་སུ་མེད་པ་ནི་དེའི་ཡི་གེ་ཧྲཱི་ལས་བཅོམ་ལྡན་འདས་མི་བསྐྱོད་པ་ཡབ་ཡུམ་བསྐྱེད་པའི་དོན་ཏོ།། ཕྱག་རྒྱ་བཞི་དང་ལྡན་པར་གནས་ཤེས་པ་ནི་གོང་དུ་བཤད་པའི་ཚུལ་གཉིས་ལྟར་ཡིན་པ་འམ། ཡང་ན་བཅོམ་ལྡན་འདས ་ཡབ་ཡུམ་བཞུགས་པའི་ཕྱོགས་བཞིར་ལཱ་སྱེ་ལ་སོགས་པའི་ལྷ་མོ་བསྐྱེད་པ་ལ་བྱའོ།། སྤྱི་གཙུག་དབུས་སུ་ཟླ་བ་ཞེས་པ་ལ་སོགས་པ་ནི་ཡུམ་དེའི་སྤྱི་བོར་མ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་ཨོཾ ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་བསྐྱེད་པར་བྱའོ།། དེ་བཞིན་གཉིས་མེད་ཀུན་ཏུ་སྦྱོར་བ་ནི་གོང་མ་དང་འདྲ་བཱར་ཡཊ་སྣུམ་གཉིས་སུ་མེད་པར་གནས། ་ཤིང་ཕྱག་རྒྱ་བཞི་དང་ལྡན་པ་འམ། ཡང་ན་ཕྱག་རྒྱ་བཞི་དང་གཉིས་སུ་མེད་པར་གནས་པཱ་ནི་རིགས་ཕྱི་མ་ལ་ཡང་ཤེས་པར་བྱའོ།། རྐང་པའི་དབུས་སུ་ཟུར་རྒྱད་པའི།། ནོར་བུ་རིན་ཆེན་གཙོར་གནས་དེ།། ཞེས་པ ་ནི་ཡུམོ་དོའི་རྐང་པ་ལ་ཡི་གེ་ར་ལས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཁ་དོག་ཨིནྡྲ་ནཱི་ལ་ལྟ་བུ་དབྱིབས་ཟུར་བརྒྱད་དུ་འདུག་པ་ཅིག་བསྐྱེད་དོ།། དཀོན་མཆོག་དཔལ་ནི་རྣམ་བསམས་ཏེ། ཕྱག་རྒྱ་བཞི་དང་ལྡན ་པར་གནས། ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་རཏྣ་སཾ་དྷཱུ་བ་ཡཧཱ་ཡུམ་ཡི་གེ་ས་ལྔས་བསྐྱེང་པོར་བྱའོ།། ཕྱག་རྒྱ་བཞི་དང་ལྡན་པར་གནས་པ་གོང་མ་དང་འདྲའོ།། ལྟེ་བའི་ཕྱོགས་ངག་ཏུ་ཞེས་པ་ནི་ཡུམ་དོ ་གསང་བ་ལ་ཡི་གེ་བཾ་ལས་པདྨ་བསྐྱེད་པའི་དོན་ནོ།། དཀ་རི་དང་དམར་བའི་འདེབ་མ་བརྒྱུད་ནི་པདྨ་དེ་ཡང་ཡབ་ཡུ་མོ་གཉིས་ནི་བྱང་ཆུབ་སེམས་ཀྱི་ཚུལ་དུ་ཁ་དོག་དཀར་བ་དང་དམར་བ་སྤེལ་མར་འདུག་པ་དབྱིབས ་འདབ་མ་བརྐྱད་བའོ།། པདྨའི་དབུས་སུ་ཆོས་བཞུགས་པ། ཕྱག་རྒྱ་བཞི་དང་ལྡན་པར་གོནས་ཞེས་པ་ནི་པདྨ་དེའི་སྟེང་དུ་ཡི་གེ་ཨ་ལས་བཅོམ་ལྡན་འདས་ཨ་མི་ཏཱ་བྷཱ་ཡབ་ཡུམ་ཕྱག་རྒྱ་བཞི་དང་ལྡན་པར་བསྐྱེད ་པར་བྱའོ།། རྐང་པ་དག་གི་དབུས་སུའོ།། གྲུ་གསུམ་མེ་འདྲ་དཀྱིལ་འཁོར་ལ། ཞེས་པ་ནི་ཡུམ་དེའི་རྐང་མུ་ཐིལ་དུ་ཡི་གེ་ཧ་ལས་ལས་ཀྱི་རིགས་གདུན་དཀྱིལ་འཁོར་གྲུ་གསུམ་པ་འདྲ་བ་རིན་པོ་ཆེའི་རད་བཞིན ་གཅིག་བསྐྱེད་པར་བྱའོ།། དེའི་དབུས་སུ་གདོན་མི་ཟ་ཞེས་པ་ནི་དེའི་སྟེང་དུ་བཅོམ་ལྡན་འདས་ཨ་མོ་གྷ་སིདྡྷི་ཡབ་ཡུམ་བསྐྱེད་པར་བྱའོ།། ཕྱག་རྒྱ་བཞི་ནི་གོང་མ་དང་འདྲ། ཤེས་རབ་ལྡན་ཏུ་བྱིན་བརླབས་པ། ་ཞེས་པ་ནི་དེ་ལྟར་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པས་ཡུམ་དེ་ཉིད་སྒོམ་མཁསཱ་ན་དེ་བཞིན་དུ་སྒོམ་དུ་འི་བཅུག་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ། མི་མཁས་ནས་ན་བདག་གིས་བསྒོམས་ལ་དབང ་བསྐུར་བར་བྱའོ།། རྒྱལ་བའི་ཡུམེ་དེ་ཡོན་ཏན་ལྗོན་ཞེས་པ་ནི་དེ་ལྟར་བསྒོམས་ཤིང་དབང་བསྐུར་བ་སྱ་བཱི་སྒྲུབ་པའི་སྣོད་དུ་རུང་བས་སོ། ཉི་ཤུ་རྩ་ལྔའི་བྱེ་བྲག་གིས། དེ་ལ་རྡུལ་ནི་གཏང་བར་བྱ་ཞེས་པ་ནི ་རིག་ས་རེ་རེ་ཡང་ལྷ་མོ་བཞི་བཞིས་བསྐོར་བས་ཉི་ཤུ་རྩཝ་ལྔ་གཟུངས་མ་དེའི་གནས་ལྔར་དཀྱིལ་འཁོར་གྱི་ཚུལ་དུ་བཀོད་པའི་རྡུལྔ་གཏང་བ་ཞེས་བྱའོ།། ཡང་ན་གཟུངས་མ་དེ་ལོ་གྲངས་གོང་དུ་བསྟན་པ་དང་། ་ཉི་ཤུ་རྩ་ལྔའི་བར་གྱི་བྱེ་བྲག་ལ་བྱ། རྡུལ་གཏང་བ་ནི་གོང་མ་དང་འདྲ་བར་དཀྱིལ་འཁོར་བསྒོམ་ལ་བྱའོ།། ཡང་ན་དེ་ལྟར་བྱིན་གྱིས་བརླབས་པའི་གནས་དེར་འོག་ནས་འབྱུང་བའི་ཚུལ་དུ་བྱང་ཆུབ་ཀྱི་སེམས ་སྤྲོ་བ་ལ་ཡང་བྱའོ།། སྐྱེ་མཆེད་རྣམས་ནི་གཟུགས་ལ་སོགས་དམིགས་ཤེས་པ་ནི་གཟུངས་མ་དེའི་མིག་གི་སྐྱེ་མཆེད་ལ་སོགས་པ་དྲུག་བྱང་ཆུབ་སེམས་དཔའ་གཟུགས་ཀྱི ་ལྷ་མོ་ལ་སོགས་པ་དྲུག་གི་ཡུམ་བསྐྱེད་པའི་དོན་ནོ།། རོ་ལངས་མྱི་ཕམ་ལག་གཉིས་པ། ཁྲོ་གཉེར་རལ་པ་གཅིག་ལྷ་མོ།། ཁ་དང་པདྨ་ལ་ནི་དམིགས། ཤེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ཆེན་པོ ་བཞིའི་ཡུམ་ཁྲོ་མོ་བཞི་གཟུངས་མ་ངའི་གནས་བཞིར་སྒོམ་པའི་དོན་ནོ།། དེ་ལ་རོ་ལངས་མ་ལག་པ་གཡས་ལ་གཤིན་རྗེ་གཤེད་ཀྱི་ཡུམ་དུ་ཤེས་པར་བྱའོ།། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་མ་ཤེས་རབ ་མཐར་བྱེད་ཀྱིའོ།། ཁྲོ་གཉེར་ཅན་ཁྲོ་བོ་ཧྱ་ཡ་གྲི་བཱའི་ཡུམ་ཁ་ལའོ།། ཁྲོ་མོ་རུལ་པ་གཅིག་མ་བདུད་རྩི་འཁྱིལ་པའི་ཡུམ་པདྨ་ལ་བསྐྱེད་པར་བྱའོ།། ཧཱུ~ཾ་ཞེས་པས་ན་རྡོ་རྗེ་སྦྲང་ཞེས་པ་ནཱི་སྒྲུང་པོའི་གསང་བའི་རྡོ་རྗེ ་ལཱ་ཡི་གེ་ཧཱུཾ་གཅིག་བསྐྱེད་ལ་དེ་ལས་ཡེ་ཤེས་ཀྱི་རང་བཞིན་འོད་འཕྲོ་བར་དམིགས་ཤིང་ཧཱུཾ་ཧཱུཾ་ཞེས་བརྗོད་པས་སྡང་བར་བྱའོ།། དེའི་ནོར་བུ་ཨོཾ་ཞེས་པ་ནི་དེ་ལྟར་ལངས་པའི་རྡོ་རྗེ་དེའི་སྤྱི་ཧྲཱི་ཡེ་ཤེས་ལྔའི་རང་བཞིན ་ཡི་གེ་ཨོཾ་འང་འཕྲོ་བ་གཅིག་བསམ་མོ།། རྡོ་རྗེ་ཆོས་ནི་གནས་གྱུར་ནས།། དེ་ཡི་པདྨར་རབ་ཏུ་གནས།། ཞེས་པ་ནི་ངོ་ལྟར་བདག་གི་བཛྲ་བྱིན་གྱིས་བརླབས་ནས།། པྲཛྙཱ་དེའི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་བྱིན ་གྱིས་བརླབ་པར་བསྟན་ཏོ།། རྡོ་རྗེ་ཆོས་ནི་བཅོམ་ལྡན་འདས།། སྣང་བ་མཐའ་ཡས་ཉིད་མུ་དྲ་དེའི་རང་བཞིན་དུ་གྱུར་ནས། གནས་ཞེས་པ་འམ། ཡང་ན་བཅོམ་ལྡན་འདས་དེ་ལྟ་མཱཾ་ནི་དཀར་མོར་གྱུར་ལ། ལཱ་མཽ་དཱ་མུ ་དྲ་དེའི་རང་བཞིན་དུ་གནས་ཤེས་པའི་དོན་ནོ།། ཟླ་བའི་འོད་ཟེར་ལྟར་འབར་ཞིང་ཡིད་དུ་འོང་བར་འབྱར་བ་སྟེ། རྡོ་རྗེ་པདྨ་མཆོག་བསྒོམས་ན། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། ཞེས་པ་ནི་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར ་པ་དང་། རྣལ་འབྱོར་མའི་གསྡང་བའི་དབང་པོ་གཉིས་ལས་འོད་འཕྲོས་པས་གཅིག་ཡིད་དུ་གཅིག་འོང་ཞིང་སོ་སོའི་གདུང་བ་སེལ་བར་བྱེད་པས་ཟླ་བ་ལྟར་འབར་བ་ཞེས་བྱའོ།། དེ་ལྟར་རྡོ་རྗེ་པདྨ་གཉིས་བསྒོམ་ཞིང་། འོག་ནས་འབྱུང ་བའི་ཚུལ་དུ་བསྒྲུབས་ནས་ཡིད་ལ་འདོད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ཅེས་པའོ།། འོད་ཟེར་རྣམ་ལ་འཕྲོ་བར་ནི། རྡོ་རྗེ་པདྨ་རྣམ་བསྒོམས་ལ་ཞེས་པ་ནི། རྡོ་རྗེ་དང་པདྨ་གཉིས་སྦྱར་བའི་མཚམས་ཡེ་ཤེས་ལྔའི། ་རང་བཞིན་འོད་ཟེར་ཁ་དོག་ལྔ་སྤྲོ་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་དགྱེས་པར་བྱ་བ་དང་། སེམས་ཅན་གྱི་བྱེད་པར་དམིགས་ནས་ཞེས་པའི་དོན་ནོ།། ། ་གསང་སྔགས་སྦྱོར་བའི་ང་རྒྱལ་གྱིས།། དེ་ནས་བསྒྲུབ་པ་བརྩམ་པར་བྱ།། ཞེས་པ་ནི་དེ་ལྟར་བསྒོམས་ནས། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གའི་སྔགས་ཀྱི་དོན་ཡིད་ལ་བྱེད་ཅིང་ཐོབས་དང་། ཤེས་རབ་ཀྱི་རོལ་པ་བྱ་ཞེས་པའི ་དོན་ནོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བ་ནི་བདག་དེ་བཞིན་གཤེགས་པ་ཐམས་ཅད་གཅད་རྗེས་སུ་ཆགས་ཤིང་དགྱེས་དར་བྱེད་པའི་རྡོ་རྗེ་རང་བཞིན་ནོ་ཞེས། ་པའི་དོན་ནོ།། སྔགས་འདིའི་དོན་གཉི་གར་ཡང་སོ་སོར་ཡིད་ལ་བྱེད་ཅིང་། ལནི་གྲངས་ཀྱིས་བརྗོད་པར་བྱའོ།། རྡོ་རྗེ་ཉི་མ་ནུབ་ནས་ནི། བསྒྲུབ་པ་ཆེན་པོ་བཇམ་པར་བྱ་ཞེས་པས་ནི་དང་པོ་བསྒྲུས་པ་ལ་འཇུག་པའི་དུས་བསྟན་ཏེ།། ་དེའི་ཉིན་པར་གཟུངས་མ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཏོ་ངོ་འཛིན་ཡ་ཤྭ་ཡཱ་དུ་གསལ་བར་བྱས། ནུབ་ཀྱི་རི་དོའི་རྒྱབ་ཏུ་ཉི་མ་ཕྱིན་མ་ཐིག་ཏུ་རྡོ་རྗེ་པདྨར་སྦྱར་ཞིང་སྒྲུབ་པ་ཆེན་པོ་བརྩམས་པར་བྱ་ཞེས་པའི་དོན་ནོ།། ཞག་བདུན ་གྱིས་ནི་འགྲུབ་འགྱུར་བ།། སྐྱ་རེང་འཆར་ཀའི་དུས་སུ་ནི་ཞེས་པས་ནི་སྒྲུབ་པ་ཆེན་པོའི་འབྲས་བུ་སྐུ་གསུང་ཐུགས་ཐོབ་པའི་དུས་བསྟན་ཏོ།། དེ་ལ་རྣལ་འབྱོར་པས་གོང་དུ་བསྟན་པ་བཞིན་དུ་བསྙེན་པ་དང་ཉེ་བསྙེན་ཟླ་བ་དྲུག ་གི་བར་དུ་རྒྱུན་མི་འཆད་པར་བྱས་པའི་སེམས་ལས་སུ་རུང་བས་གོང་དུ་བྱིསྟན་པ་བཞིན་དུ་ཡུལ་མཚོན་དང་ལྗོན་པ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱས་ནས། སྒྲུབ་པ་ཆེན་པོ་ལ་ཞུགས་པའི་དགོངས ་ནས་ཞག་བདུན་ལོན་པའི་སྐྱོ་རང་འཆར་ཀའི་ནམ་ལང་ཁོར་མངོན་པར་འདོད་པའི་དངོས་གྲུབ་འཐོབ་ཅེས་པའི་དོན་ནོ།། སྒྲུབ་པ་ཆེན་པོ་དུས་དག་ཏུ།། རང་གི་གསིང་སྔགས་རྡོ་རྗེའི་གཟུགས།། ཤེས་པ་ནི་དེ་ལྟར་ཐབས ་དྲང་ཤེས་རབ་ཀྱི་ཚུལ་དུ་སྒྲུབ་པ་ཆེན་པོ་བྱེད་པའི་དུས་སུ་རང་གི་སྤྱི་བོར་བདག་ལ་གསང་བའི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་སྐུའོ།། ཅོད་པན་བདག་པོར་བསྒོམ་བྱས་ན་ཞེས་པ་ནི་སློབ་དཔོནྡ་དེ་པྲཛྙཱ་དང་ལྡན་པ་ཅོད་པན ་གྱིས་ཚུལ་དུ་གནས་ཤིང་དབང་བསྐུར་བསྒོམ་ཞིང་བསྒྲུབ་ཅེས་པའི་དོན་ནོ།། ཡང་ན་བྱང་ཆུབ་སེམས་རྡོ་རྗེ་ཚུལ་དེ་ལྟར་དབང་བསྐུར་བ.རེ་བསམ་པར་བྱའོ།། ཡེ་ཤེས་རྡོ་རྗེ་གྲུབ་འགྱུར་བ་ནི་དེ་སྒྲུབ་ཅིང་འོག་ནས་འབྱུང་བའི ་ཚུལ་དུ་སྤྲོ་བསྡུ་བྱ་བ་ལ་སོགས་པ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་དོན་མངོན་སུམ་དུ་འགྱུར་བའམ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཡེ་ཤེ ་སེམས་དཔའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ།། སེམས་དྲ་པའི་སྐྱིལ་ཀྲུང་བཅས་ནས་ནི། སྒྲུབ་སྣོད་དེའི་སྟེང་དུ་བཞག་ཅེས་པ་ནི་སྒྲུབ་པ་ཆེན་པོ་བྱེད་པའི་འདུག་ཐབས་བསྟན་ཏེ། བདག་སེམས་དཔའི་སྐྱིལ ་མོ་ཀྲུང་གི་ཚུལ་དུ་འདུག་ལ་གཟུངས་མ་གྲུབ་པའི་སྣོད་དུ་བྱིན་གྱིས་བརླབས་པ་སྐྱིལ་མོ་ཀྲུང་གི་སྟོང་དུ་བཞག་པའི་དོན་ནོ།། ཡན་ལཔ་གི་ཡས་པས་གཉའ་མནན་ནས། གཡོན་པའི་ཡན་ལགུ་རྐེད་པ་ཕ་བ། ཙོས་བྱ ་ནི་དེ་ལྟར་འདུག་ནས་བདག་གི་ལག་པ་གཡས་པས་པྲཛྙཱ་དེའི་གཉའ་བ་ནས་བཟུང་བ་དང་། ལག་པ་གཡོན་པས་རྐེད་པ་བརྟེན་པའམ་གཡོ་བའི་ཚུལ་དུ་བྱ་བ་དང་། པྲཛྙཱ་དེས་ཀྱང་ཐབས་ལ་དེ་ལྟར་བྱ་ཞེས་པའི་དོན།། ། ་རྡོ་རྗེ་པདྨར་བཅུག་ནས་ནི།། སྨོས་ནི་མ་མཆུ་བསྡམ་པར་བྱ། ཞེས་པ་ནི་དེ་ལྟར་འདུག་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་གཉིས་གོང་དུ་བསྟན་པའི་ཏིང་འཛིན་གསལ་བར་དམིགས་ལྔ་སྦྱར་ཞེ ་པཱའོ།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གནས་པའི་དོན་ནམ་གཅིག་ལ་གཅིག་ཆགས་ཤིང་མི་འདའ་བས་མཆུ་བསྡམས་པའི་དོན་ནོ།། ཧཱུ~ཾ་ཞེས་དབྱངས་བླངས་རབ་བསྐྱོད་ཅིང་། རྡོ་རྗེ་འཛིན་པརྱ་ང་རྒྱལ་བསྐྱེད་ཅེས་པ ་ནཱི་དེའི་དུས་སུ་རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བ་བསྒོམ་པ་དེ་གསུལ་བར་བསྒོམ་ཞིང་ཧཱུཾ་གི་སྒྲ་རྒྱུན་པོ་འཆད་པར་བརྗོད་ཅིང་བསྐྱོད་པས་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གསུམ་དང་མི་ལྡན་དུ ་མི་རུང་བར་བསྟན་པའི་དོན་ནོ།། དཔུང་པ་རབ་བརྐྱང་མགུལ་བ་ནས།། བརྟན་ཞིང་མི་གཡོ་བར་ནི་འཁྱུད། ཅེས་པ་ནི་དེ་ལྟར་བསྐྱེད་པས་བྱང་ཆུབ་ཀྱི་སེམས་བྱུང་བ་ཁང་པོའི་དུས་སུ་བདེ་བ་ཆེན་པོ་ཉམས་སུ་ལེན་པའི ་རྟགས་སུ་སོ་སོ་ལག་པ་བརྐྱང་ཞིང་མི་གཡོ་བར་འཁྱུད་པར་བྱ་ཞེས་པའི་དོན་ནོ།། བྱང་ཆུབ་སེམས་ནི་བྱུང་བའི་ཚེ་ཞེས་པ་ནི་དེ་ལྟར་རོལ་པས་བྱང་ཆུབ་ཀྱི་སེམས་བྱུང་བ་དང་། འོག་གི་ཚིག་གཉིས་ཀྱི་དོན་བསམ ་པར་བྱའོ།། མཁས་པས་སྔོགས་ནི་ཕཊ་བརྗོད་པས། ཐམས་ཅད་བདུད་ནི་རྣམ་པར་འཇོམས་ཤེས་པ་ལྟར་བྱང་ཆུབ་ཀྱི་སེམས་བྱུང་མི་ཐག་ཏུ་ཕཊ་ཅེས་བརྗོད་པས་ཉོན་མོངས་པ་ཐམས་ཅད་སྤོངས་པར་སེམས་པ་དང ་ཡང་ཕཊ་ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལས་ཁྲོ་བོ་དང་ཁྲོ་མོ་གྲངས་མེད་འབྲོས་པས།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བགེགས་དང་སྲིན་པོ་ལ་སོགས་པའི་བདུད་རྣམས་འཇོམས་པར་བསམ་པའི་དོན་ནོ།། ། ་ཡང་ཕཊ་ཅེས་བརྗོད་པས་མཆོད་པའི་ལྷ་མོར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བླ་ན་མེད་པའི་མཆོད་པས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང་། སེམས་ཅན་གྱི་རེ་བ ་ཐམས་ཅད་རྫོགས་པར་བྱེད་པར་བསམ་པའི་དོན་ནོ།། ཨོཾ་སརྦ་ཏེ་ཐཱ་ག་ཏཱ་པཱུ་ཛ་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ&ཧཾ། ཞེས་པ་ནི་གོང་མ་ལྟར་ཉོན་མོངས་པ་སྤངས་པ་དང་། ཁྲོ་བོ་དང་ཁྲོ་མི་སྤྲོས་ཤིང་བདུད་ཚར་གཅོད་པར་བྱ་དང་མཆོད ་པའི་ལྷ་མོར་གྱུར་ནས་དེ་བཞིན་གཤེགས་པ་བླ་ན་མེད་པའི་བདེ་བས་ཚིམ་ཞིང་རྒྱས་པར་བྱེད་པ་དང་། སེམས་ཅན་གྱི་དོན་བྱས་པ་རྣམས་དེ་བཞིན་གཤེགས་པའི་མཆོད་པའི་རང་བཞིན་ཡིན་པས་བདག་དེ་བཞིན་གཤེ ་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེའི་རང་བཞིན་ནོ་ཞེས་པའི་དོན་ནོ།། སྔགས་འདིའི་དོན་བསྒོམ་ཞིང་ལན་གསུམ་དུ་བརྗོད་པར་བྱའོ།། བདེ་བའི་སེམས་དེ་རྣམ་སྤྲོས་པས་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས ་བྱུང་བའི་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པའི་བྱང་ཆུབ་ཀྱི་སེམས་གོང་མ་བཞིན་དུ་ཚུལ་སྣ་ཚོགས་སུ་སྤྲོས་པ་དེ་ཞེས་བྱ་བའི་དོན་ནོ།། སྦྲུལ་སྐུས་ཐམས་ཅད་ཁྱབ་པ་བཞིན་ཞེས་པ་ནི་ཁྲོ་བོ་དང་། མཆོད་པའི་ལྷ ་མོར་སྤྲུལ་པའི་སྐུ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པ་སོ་སོའི་འཕྲིན་ལས་བྱས་མ་ཐག་ཏུ་ཞེས་པའི་དོན་ནོ།། སེམས་དེ་བཀུག་ནས་པད་བཞུ། ་ལས། དེ་བཞིན་གཤེགས་པའི་རིགས་ཀུན་སྤྲོ། ཞེས་པ་ནི་བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལ་དེ་རྣམས་སླར་ཡུམ་གྱི་གསང་བའི་གནས་སུ་སློར་བྱང་ཆུབ་སེམས་གནས་པར་བསམས་ལ། དེ་ལས་རྡོ་རྗེ་རིགས་ལ ་སོ་པའི་རིགས་ལྔ་ལྷ་རྣམས་སྒྲོ་ཞེས་པའི་དོན་ནོ།། རང་སྔགས་ཡི་གེ་བསྐྱེད་པའི་རྣམས་ཞེས་པ་ནི་སྤྲོ་བའི་ལྷ་རྣམས་ཀྱང་ས་བོན་ཡི་གེ་ལས་བསྐྱོད་པར་བྱའོ།། སྐུ་གསུང་ས་བོན་བྱིན་བརླབས་ཏེ་ཞེས་པ་ནི་དེ་ལྟར ་བསྐྱེད་ཅིང་སྤྲོ་བའི་ལྷོ་རྣམས་སྐུ་གསུང་ཐུགས་ཀྱི་སྨི་གི་གནས་གསུམ་དུ་བསྐྱེད་ཅིང་སངས་རྒྱས་ཐམས་ཙྪེད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་སྨྲེ་ཞེས་པའི་ཐ་ཚིག་གོ།། པདྨའི་དབུས་སུ ་བསྐྱོད་ནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གནས་པའི་གནས་པ་ཉིད་དུ་ཡི་གྲི་དམིགས་ལ་བསྟོད་ཅེས་བྱའོ།། རིམ་པ་བཞིན་ཞེས་པོ་འོག་ནས་བྱུང་བྱའི་རློམ་བྷཱ་བནྡྷནྡ་དྷ་མྱ་མ་ནོར་བར་སྐྱོ་བར་བྱའོ།། བཛྲ་དྷྲྀཀ་ཅེས་པ་ནི་ཐོ ་མ་རིང་ཐ་མ་མེད་པའི་འཁོར་བའི་སེམས་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་ནི་རྡོ་རྗེའོ།། ཊྭཱཾག་ནི་དེའི་ངོ་བོར་གནས་པ་དང་། སིང་ན་དུས་གསུམ་གྱི་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེའོ།། དེའི་ངོ་བོར་སྐུ་སྟོན་ཅིང་གནས་པས་ཊྭཱཾག་གོ།། ཡང་ན་ཡེ་ཤེས་ལྔའི་སྒོ་ནས་སྐུ་ལྔ་བསྟན་ཅིང་སེམས་ཅན་གྱི་དོན་བྱེད་པས་དེའི་རྟགས་སུ་ཕྱག་གཡས ་ན་རྡོ་རྗེ་རྩེ་ལྔ་འཛིན་པས་སོ།། ས་བོན་ལས་ནི་བསྐྱེད་པ་ཡི།། ཞེས་པ་ནི་སླར་བསླར་བསྡུས་པའི་ཡུམ་གྱི་པདྨ་ན་གནས་པའི་བྱང་ཆུབ་སེམས་ལས་ཡི་གེ་ཧཱུཾ་དུ་གྱུར་པར་དམིགས་ལྀ། དེ་ལས་འོད་ཟེར་འཕྲེས་ཤིང་སླར ་འདུས་པ་ལས་རྡོ་རྗེར་གྱུར་ལ། དེ་སྨྱོས་ཤིང་བསྔོས་པ་ཙམ་གྱིས་བཛྲ་དྷྲྀ་ག་ཅེས་བསྐུལ་བས་བཅོམ་ལྡན་འདས་མི་བསྐྱོད་པས་རྡོ་རྗེ་མི་འཁྲུགས་སྤྲུལ་པ་སྟེ་ཞེས་བྱའོ།། ཁྲོས་པས་ཁ་དོག་མཐིང་ཤུལ་འདྲ་ཞེས་པ་ལ ་སོགས་པས་ནི་བཅོམ་ལྡན་འདས་དེའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཆ་ལུགས་བསྟན་ཏོ།། ཁྲོས་པ་ནི་ཞེ་སྔ་པོ་ཅན་གྱི་དོན་དུ་ཐུགས་རྗེའི་སྒོ་ནས་སོ།། སྐུ་མདོག་མཐིང་ཤུན་འདྲ་བ་ནི་སྐྲ་ཤིན་ཏུ་གནག་པའོ།། ་གནག་དང་དམར་དང་དཀར་བའི་ཞལ་ཞེས་པས་ནི་ཞལ་གསུམ་དུ་བསྟན་ཏེ། དེ་ལ་ཞལ་དབུས་མ་ནི་སྐུ་དང་མཐུན་པས་གནག་པའོ།། དམར་བ་ནི་གཡོན་པའི་འོ།། དཀར་བ་ནི་གཡས་སོ།། རལ་པ་ནི་ཅོད་པན་གནས ་དག་ལ།། མི་འཁྲུགས་དབང་བསྐུར་རྣམས་པར་བརྒྱན་ཞེས་བྱ་བ་ནི་སེམས་ཅན་འདུལ་བའི་ངོར་བྱང་ཆུབ་སེམས་ཀྱི་ཉོན་མོངས་པ་དང་དུ་བླངས་ཤིང་མི་སྤོང་བའི་རྟགསུ་རལ་པས་ཅོད་པན་བྱས་པའོ།། དེའི་སྟེང་དུ ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབང་བསྐུར་བུའི་ཚུལ་དུ་དང་རྒྱུན་དུ་བསམ་པའོ།། ཐམས་ཅད་རྒྱུན་ནི་མཚན་དང་དཔེ་བྱད་དང་དབུ་རྒྱུན་ལ་སོགས་པའི་འཇིག་རྟེན་གྱི ་རྒྱུན་ཐམས་ཅད་དོ།། རྫོགས་པ་ནི་དེ་རྣམས་ཀྱིས་སྐུ་རྒྱས་པར་བརྒྱན་པའོ།། ཕྱག་དྲུག་པ་ནི་གཡས་གཡོན་དུ་ཕྱག་གསུམ་གསུམ་དུ་བསམ་ཞེས་པའོ།། རྡོ་རྗེ་འཁོར་ལོ་འབར་འཆང་བ།། ཆུ་སྐྱེས་དག་ནི་མཛེས ་པའི་མཆོག། ཅེས་པ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་དེ་གསུམ་རིམ་པ་བཞིན་དུ་ཤེས་པར་བྱའོ།། དྲིལ་བུ་རལ་གྲི་ནོར་བུ་རྣམས།། གཡོན་པའི་ཕྱག་དུ་བསམ་པར་བྱ།། ཞེས་པ་ནི་གཡོན་པའི་ཕྱག་གསུམ ་ལ་རིམ་པ་བཞིན་དུ་འདི་གསུམ་བསྒོམ་པའི་དོན་ནོ།། སྙིང་གཱ་ནས་ནི་དེས་སྤྲོས་ཏེ། ཞེས་བྱ་བའི་ཡུམ་གྱི་གསང་བའི་ཐུགས་ཀ་ནས་སྟེང་གི་བཱར་སྣང་ལྔ་འདོན་པའོ།། ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས་པ་ནི ་སྟེང་གི་བར་སྣང་ལ་ཅུང་ཟད་ཅིག་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དགེ་གི་སེམས་ཅན་གྱི་ཁམས་ལ་འདུལ་བའི་ཐབས་ཇི་ལྟ་བུ་ཞེས་ཡིན་དགོངས་པའི་ཕྱིར་རོ།། སངས་རྒྱས་རྫུ ་འཕྲུལ་མཛད་སོགས་དང་།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་པ་ནི་དེ་ལྟར་དགོངས་ནས་དང་པོར་དགའ་ལྡན་གྱིས་གནས་ན་གནས་པ་ནས། མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་འདུལ་བའི ་ཐབས་ཐེག་པ་གསུམ་གྱི་སྒོ་ནས་བསྟན་ཅང་ཆས་བཤད་པའོ།། གཞན་སྲུང་འགྲོ་བཱ་རིགས་རླུག་གི་ལུས་སུ་བསྟན་ཅིང་དེ་རྣམས་ཀྱི་དོན་བྱེད་བའོ།། ནསྡང་སྦྱོང་བའི་ལམ་གནས་པའོ།། སེམས་ཅན་མ་ས་རང་སྦྱངས ་ནས་ཞེས་པ་ནི། དེ་ལྟར་སངས་རྒྱས་ཀྱི་མཛད་པ་ཀུན་མཛད་མོད་ཀྱི།། རིགས་ཀྱི་ཕྲིན་ལས་ནི་སྡང་ཅན་སྦྱང་བའི་ཁྱད་པར་དུ་མཛད་པ་ཡིན་པས་དེ་སྐད་གསུངས་སོ།། བྱང་ཆུབ་སེམས་ཀྱི་མདུན་ནས་ནི།། རྡོ་རྗེ་སེམས ་རྣམ་པར་ཞུགས་ནས་པདྨ་དཾ་ལྟར་སེམས་ཅན་མ་ལུས་པའི་དོན་མཛད་ནས། སླར་བྱོན་ནས་བྱེང་ཆུབ་ཀྱི་སེམས་ཀྱི་མདུན་ཕྱོགས་ནས་དེ་ཉྀད་ཀྱི་ཐུགས་ཀ་ཉིད་དུ་ཞུགས་པར་བསམ་ཞེས་པའོ།། དེ་ལ་ཞུགས་པར་དང ་བྱས་ནས།། རྡོ་རྗེ་སེམས་ནི་རྣམ་པར་བསམཱ་ཞེས་པ་ལྕེ་སོགས་པ་ནི་དེ་ལྟར་བཅོམ་ལྡན་འདས་མི་བསྐྱོད་པ་དང་བྱང་ཆུབ་སེམས་རྡོ་རྗེ་གཉིས་སུ་མེད་པར་གྱུར་མི་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་སྔ་མའི་ཚུལ་སྤངས་ནས ་རྡོ་རྗེར་གྱུར་པར་བསམ་ཞེས་པའི་དོན་ནོ།། ཨིནྡྲ་ནཱི་ལའི་འོད་འདྲ་བ་ནི་ཞེ་སྡང་རྡོ་རྗེའི་སྐུ་མདོག་བསྟན་ཏེ།། མི་བསྐྱོད་པ་དང་འདྲ་བར་གནས་པ་ལས་ཅུང་ཟད་སྐྱེ་བའོ།། ཞལ་གདངས་མཆེ་བ་གཙིགས་པས་འཇིགས་ཞེས ་པ་ནི་སེམས་ཅན་ཡང་དག་པའི་ལྟ་བ་སྤངས་ནས་ལོག་པར་སྤྱོད་པ་རྣམ་དེ་ལས་བཟློག་པར་དགོངས་ནས་འཇིགས་པར་བྱེད་པའི་རྟགས་སུ་ཁྲོས་པའི་ཆ་ལུགས་ཤིན་ཏུ་ཡང་ཆེ་བར་བསྟན་པའི་དོན་ནོ།། ཡང་ན་སྲིན་པོ་མ ་རུངས་པ་དང་ལྷ་ང་རྒྱལ་ཆེ་བ་རྣམས་འདུལ་བའི་དོན་ནོ།། མྱི་འཁྲུགས་འབར་བ་སྤྱི་བོར་འཆར་ཞེས་པ་ནི་ཞེ་སྡང་རྡོ་རྗེ་དེ་ལྟར་ཕྱི་ཁྲོས་བྱའི་ཚུལ་སྟོན་ཀྱང་། ཐུགས་རྗེ་ཆེན་པོའི་རང་བཞིན་བྱང ་ཆུབ་ཀྱི་སེམས་དང་མ་བྲལ་བའི་རྟགས་སུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། ཡང་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་བདག་པོའི་ཚུལ་ལོ།། འཇིག་རྟེན་ཁམས་ཀུན་འཁྲུགས་པར་མཛད་ཅེས ་པ་ནི་གོང་དུ་བསྟན་པའི་སེམས་ཅན་རྣམས་འཇིགས་པར་བྱེད་ཅིང་དབང་དུ་བྱེད་པའོ།། ཉི་མོའི་དཀྱིལ་འཁོར་དབུས་གནས་པ།། ཉི་མ་བྱ་བ་ཕྲག་བརྒྱའི་འོད་ཅེས་པ་ནི་ཉི་མའི་དཀྱིལ་འཁོར་གྱི་གདན་ལེ་བཞུགས་ཤིང་། ཉི་མ ་དེ་ཙམ་གྱི་འོད་དང་འདྲ་བར་སྐུ་ལས་འོད་འཕྲོ་ཞིང་འཇིག་རྟེན་གྱི་ཁམས་གསལ་བར་བྱེད་པའི་དོན་ནོ།། དམར་པོ་སྤྱན་ནི་འཇིགས་པ་ཆེ་ཞེས་པ་ནི་སོན་ཐས་ཅད་ལ་ཐུགས་རྗེས་ཆགས་ཤིང་འཇིགས་པར་བྱེད་པས་སྤྱན ་དམར་པོར་སྟོན་པ་དང་། ཡུམ་ལ་ཆགས་ཤིང་བདེ་བ་ཆེན་པོ་ཉམས་སུ་བླང་བར་བཞེད་པའི་ཕྱིར་རོ།། རྒྱན་རྣམས་ཀུན་ཞེས་པ་ནི་གོང་མ་དང་འདྲའོ།། ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ།། ཞལ་གསུམ་དག་ནི་རྣམ ་པར་འཆང་ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེ་ཞལ་གསུམ་དང་ལྡན་ཞེས་པའོ།། དེ་ཡང་དབུས་ཞེ་སྡང་གི་རིགས་ཀྱི་རང་བཞིན་ཡིན་པས་ཁྲོ་གཉེར་མང་ཞིང་གནག་པའོ།། གཡས་གཏི་མུག་གི་རིགས་ཀྱི་རང་བཞིན་ཡིན་པས ་དཀུར་ཞིང་ཞི་བའོ།། གཡོན་འདོད་ཆགས་ཀྱི་རང་བཞིན་ཡིན་པས་དམར་ཞིང་འདོད་ཆགས་ཆེ་བའོ།། རང་གི་དམ་ཚིག་མཉམ་པར་ལྡན་ཞེས་པ་ནི་ཡུམ་དང་གཉིས་སུ་མེད་པར་བཞུགས་པའོ།། ཕྱག་དྲུག་ནི་མི་བསྐྱོད་པ ་འདྲའོ།། འཛམ་བུ་ནཱ་དའི་འོད་འདྲ་བ་ཞེས་པ་ལ་སོགས་པ་ནི་ཞེ་སྡང་རྡོ་རྗེའི་ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་པ་ཁ་དོག་གསེར་དང་འདྲ་བ། རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྲ་མོས་འོད་ཟེར ་བཞིན་དུ་རྡོ་རྗེ་དེ་ཉིད་ལས་འཕྲོ་ཞིང་དཀྲིགས་པ་གཅིག་བསྒོམ་པའི་དོན་ནོ།། སྔར་གསུངས་པའི་རིམ་བཞིན་དུ། ཕྱག་རྒྱ་ཕྱི་མ་རྣམ་པར་བསྒོམ། ཞེས་པ་ནི་ཕྱི་མ་ཕྱག་རྒྱ་ལྔ་ལ་གོང་དུ་མི་བསྐྱོད་པའི་ཕྱག་མཚན་དུ་བསྟན ་པའ་བཞིན་དུ་བསྒོམ་ཞེས་པའི་དོན་ནོ།། ཞེ་སྡན་རྡོ་རྗེར་བྱིན་བརླབས་ནས།། དཀྱིལ་འཁོར་ཐམས་ཅད་རྣམ་པར་སྤྲོ།། ཞེས་པ་ནི་དེ་ལྟར་བདག་ཞེ་སྡང་རྡོ་རྗེརཱྀ་བསྒོམྱོས་ནས་ཡུམ་དང་གཉིས་སུ་མེད་པའི་སྦྱོར་བ་བྱས་ལྷ ་གོང་མ་བཞིན་དུ་བྱང་ཆུབ་སེམས་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སོ་སོའི་ས་བློན་ལས་བསྐྱེད་ཅིང་སྤྲོ་ཞེས་པའི་དོན་ནོ།། ཨོཾ་ཛི་ན་ཛཾ་ཀ ་ཅེས་པའི་སྔགས་འདིས་གཏི་མུག་གི་རིགས་ཀྱི་དེ་བཞིན་གཤེགས་པ་བསྐུལ་ཞིང་བསྐྱེད་པར་བྱའོ།། དེ་ལ་ཛི་ན་ནི་དུས་གསུམ་གྱི་རྒྱལ་བའོ།། ཛཾ་ཀ་ནི་དེ་རྣམས་ཀྱི་སྐུའི་ངོ་བོར་གནས་པའོ།། ཡང་ན་ཛི་ན་ནི་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཁམས་གསུམ་གྱི་མཆོག་ཏུ་གྱུར་པ་གོང་མའི་ཚུལ་བསྐྱེད་པར་བྱ་ཞེས་པའི་དོན་ནོ།། ཞི་བའི་ཆ་ལུགས་དག་དང་ལྡན་ཞེས་པ་ནི་ཞེ་སྡང་ལ་སོགས་པའི་ཉོན ་མོངས་པ་ཁྲོ་གཉེར་ལ་སོགས་པའི་ཚུལ་མེད་པའི་དོན་ནོ།། ཕྱོགས་བཅུའི་ཐམས་ཅད་སྣང་བར་མཛད་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་སེམས་མི་ཤེས་པའི་མུན་པས་ཁེབས་པ་རྣམས ་ལ་བསམ་པ་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མུན་པར་སྣང་བ་ཐམས་ཅད་སྐུའི་འོད་ཀྱིས་གསལ་བར་མཛད་པའི་དོན་ནོ།། སྟོན་ཀའི་འདམ ་བུའི་འོད་འདྲ་བ་ནི་སྟོན་ཀའི་དུས་ཀྱི་འདམ་བུའི་ཚུལ་བཞིན་དུ་སྐུ་མདོག་ཤིན་ཏུ་དཀར་བའོ།། རལ་པའི་ཅོད་པན་དག་གིས་བརྒྱན་ཞེས་པ་ལ་སོགས་པ་ནི་གོང་མ་འདྲའོ།། དཀར་དང་གནག་དང་དམར་ཆེན་པོ།། ཁ་དོག ་གསུམ་པོ་ཞལ་གསུམ་པོ།། ཞེས་པ་ནི་བཅོམ་ལྡན་འདས་དེ་ཡང་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའི་དོན་ནོ།། དེ་ཡང་ཞལ་དབུས་མ་སྐུ་དང་མཐུན་པར་དཀར་ལ་གཡས་གནག་ཅིང་གཡོན་དམྱུར ་བའོ།། ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པའི་དོན་གོང་དུ་བསྟན་པའི་བྱང་ཆུབ་སེམས་རྡོ་རྗེ་དང་མཐུན་ནོ།། འོད་ཟེར་སྣ་ཚོགས་ཆེན་པོས་བརྒྱན་ཞེས་པ་ནི་སྐུ་ལས་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ཚོགས ་དཀྲིགས་ཤིང་བསྐོར་བའི་ཚུལ་དུ་འདུག་པའོ།། ཡེ་ཤེས་ཀྱི་རང་བཞིན་ནམ། རྒྱ་ཆེ་བ་སྣ་ཆེན་པོའོ།། ཕྱག་དྲུག་རྣམ་པར་བསྒོམ་པར་བྱ་ཞེས་པ་ནི་ཕྱག་དྲུག་དང་ལྡན་པར་བསྒོམ་ཞེས་པའོ།། འཁོར་ལོ་རྡོ་རྗེ་པདྨ་དཀར ་གཡས་པའི་ཕྱག་ཏུ་བསམ་ཞེས་བྱ་བ་ནི་གཡས་ཀྱི་གསུམ་ལ་ཕྱག་མཚན་གསུམ་ཚིག་གི་རིམ་པ་བཞིན་དུ་ཤེས་པར་བྱའོ།། དྲིལ་བུ་ནོར་བུ་རལ་གྲི་རྣམས།། གཡོན་པའི་ཕྱག་ཏུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་དེ ་བཞིན་དུ་འདི་གསུམ་གཡོན་ཕྱོགས་སུ་ཤེས་པར་བྱའོ།། དེ་བཞིན་སྙིང་ལས་བྱུང་ནས་ནི་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཅོམ་ལྡན་འདས་མི་བསྐྱོད་པ་དང་འདྲ་བར་ཤེས་པར་བྱའོ།། གཏི་མུག་ལས ་ལ་རབ་གནས་པའོ།། སེམས་ཅན་མ་ལུས་སྦྱངསཽ་ནས་ནི།། ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་ཕྲིན་ལས་སེམས་ཅན་གཏི་མུག་གི་ཤེས་ཆེ་བ་རྣམས་ཀྱི་དོན་ཁྱད་པར་དུ་མཛད་ཅེས་པའོ།། སླར་ལོག ་མདུན་གྱི་ཕྱོགས་དག་ན།། ཟླ་བའི་དབུས་སུ་རྣམ་པར་གནས།། ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་ཀུན་མཛད་ནས། སླར་བྱིན་ནས་གྲོང་དུ་བསྙེན་པའི་དཀྱིལ་འཁོར་གྱི་ནང་གི་རིམ་པ་ལ་ཞེ་སྡང་རྡོ་རྗེའི ་མདུན་གྱི་རིའུ་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པར་བསྒོམ་པའི་དོན་ནོ།། རཏྣ་ཊཱིཀ་ཅེས་པ་ནི་སྔགས་འདིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིགས་ཀྱི་བདག་པོ་བསྐུལ་ཞིང་བསྐྱེད་པར་བསྟན་ཏོ།། ། ་དེ་ལ་རཏྣ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་དང་འདྲ་བ་རྣམས་སོ།། དྷྲྀ་ཀཱ་ནི་དེའི་རང་བཞིན་དུ་གནས་པའོ།། ཡང་ན་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཁྱད་པར་ལས། སེམས་ཅན་ཐམས་ཅད་ཀྱི་དོན་བསྡམ་པ་དང་མཐུན་པའི་སྒོ་ནས་མཛད་པའི་རྟགས་སུ་ཕྱག་ན་ཡིད་བཞིན་གྱི་རིན་པོ་ཆེ་འཛིན་པས་རཏྣ་དྷྲྀཀ་གོ། ས་བོན་ལས་ནི ་བསྐྱེད་བྱ་བ།། དཀོན་མཆོག་དཔལ་ནི་མཁས་པས་བསྐྱེད་ཅེས་བྱ་བ་ནི་ཆོ་ག་ལས་ནི་མཁས་པའི་རྣལ་འབྱོར་པོས་གོང་དུ་བསྟན་པའི་བྱང་ཆུབ་སེམས་ལྀས་ཡི་གེ་སྱ་སེར་པོ་དམིགས་ལ། འཕྲོ་འདུ་ལི་སོགས་པ་ཚུལ་བཞིན་དུ ་བྱས་ནས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བསྐྱེད་པར་བྱ་ཞེས་པའི་དོན་ནོ།། རལ་པ་ཅོད་པན་ཞེས་པ་ལ་སོགས་པའི་ཚིག་གསུམ་གྱི་དོན་གང་མ་དང་འདྲའོ།། སེར་དང་གནག་དང་དཀར་བའི་ཞལ། ་ཞལ་གསུམ་ལ་དབུས་མ་སྐུ་དང་མཐུན་ཞིང་གཡས་དཀར་ལ་གཾཡོནཱ་གཽ་ནག་གོ།། ཐམས་ཅད་རྒྱན་དང་ལྡན་པའོ།། ཕྱག་དྲུག་པཱ་ནཱི་རྣམ་པར་བསྒོམ་ཞེས་པ་ནི་གོང་མ་བཞིན་ནོ།། ནོར་བུ་རྡོ་རྗེ་འཁོར་ལོ་ནི།། གཡས ་པའི་ཕྱག་ཏུ་བསྒོམ་པར་བྱ།། དྲིལ་བུ་རོལ་གྲི་པདྨ་སེར།། གཡོན་པའི་ཕྱག་དུ་རྣམ་པར་བསྒོམ།། ཞེས་པ་ནི་ཕྱག་མཚན་དྲུག་ནི་ཚིག་གི་རིམ་པ་བཞིན་ནོ།། དེ་བཞིན་སྙིང་ནས་རབ་བྱུང་ནས།། འཇིག་རྟེན་ཁམས ་ནི་རྣམ་པར་གཟིགས།། ཞེས་བྱ་བ་ནི་སྔར་བཞིན་ནོ།། ང་རྒྱལ་ལམ་ལ་གནས་པ་ཡི།། སེམས་ཅན་ཐམས་ཅད་སྦྱོར་བར་མཛད།། ཅེས་པ་ནི་རིན་པོ་ཆེའི་རིགས་ཀྱི་འཕྲིན་ལས་སེམས་ཅན་ང་རྒྱལ་ཆེ་བ་རྣམས ་ཀྱི་དོན་ཁྱད་པར་དུ་མཛད་པའོ།། རིན་ཆེན་ཆེན་པོ་སླར་གཤེགས་ནས།། ཐམས་ཅད་དབང་བསྐུར་ཕུན་སུམ་ཚོགས་ཞེས་པ་ལ་སོགས་པ་ནི།། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་སེམས་ཅན་ཐམས་ཅད ་སྣོད་དང་མཐུན་པའི་སྒོ་ནས་ཆོས་སྟོན་ཅིང་སྐུ་གསུང་ཐུགས་ལ་སོགས་པའི་དབང་བསྐུར་བས་ཕུན་སུམ་ཚོགས་པ་བྱས་མ་ཐག་ཏུ་སླར་བྱོན་ནས་རིན་པོ་ཆེ་ཟུར་བརྒྱད་པའི་གདན་ལ་ཞེ་སྡང་རྡོ་རྗེའི་གཡས་ཕྱོགས་སུ ་བཞུགས་པར་བསྒོམ་མོ་ཞེས་བྱ་བའི་དོན་ནོ།། ཨ་རོ་ལི་ཀི་ཅེས་པའི་སྔགས་འདིས་པདྨའི་རིགས་ཀྱི་བཅོམ་ལྡན་འདས་བསྐུལ་ཞིང་བསྐྱེད་པར་བསྟན་ཏོ།། དེ་ལ་བཅོམ་ལྡན་འདས་དེ་འདོད་ཆགས་སྤྱོད་པའི་སྒོ་ནས ་སེམས་ཅན་གྱི་དོན་མཛད་པས་འགྲོ་བ་འདོད་ཆགས་སྤྱོད་པའི་རང་བཞིན་ཐམས་ཅད་ལ་ཁྱབ་པ་འམ་གནས་པས་སོ།། ཡང་ནཱ་ཡུལ་དང་དུས་ཐམས་ཅད་དུ་གཉིས་སུ་མེད་པར་བརྩོན་པའི་རང་བཞིན་ལ་གནས་ཤེས ་པའོ།། ས་བོ་ལས་ནི་གྲུབ་པ་ཡི།། རྡོ་རྗེ་སྣང་བ་མཐའ་ཡས་བསྐྱེད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་ཡི་གཽ་ཨཱཾ་དམར་པོར་དམིགས་ལ་དེ་འདུ་བྱས་པ་ལས་བཅོམ་ལྡན་འདས་སྣང་བ་མཐའ ་ཡས་ཀྱི་སྐུར་གྱུར་པར་བསྒོམ་པའོ།། པདྨ་རཱ་གའི་མདོག་འདྲ་བ་ནི་སྐུ་མདོག་རིན་པོ་ཆེ་པདྨ་རཱ་ག་བཞིན་དུ་ཤིན་ཏུ་དམར་བྱའོ།། མི་འཁྲུག་པས་ནི་ཅོད་པནཱ་བརྒྱན། ཞི་བ་རལ་བའི ་ཅད་པན་འཆང་།། ཞེས་པ་ནི་གོང་མ་བཞིན་ནོ།། དམར་དང་གནག་དང་དཀར་བའི་ཞལ་ནི་ཞལ་དབུས་མ་སྐུ་དང་མཐུན་པར་དམར་ལ་གཡས་གནག་ཅིང་གཡོན་དཀར་བའོ།། ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན།། ་ཕྱག་དྲུག་པ་ནི་བསྒོམ་པར་བྱ་ཞེས་པ་ཡང་གོང་མ་བཞིན་ནོ།། གཡོན་པ་འགྱིང་བག་པདྨ་འཛིན།། དྲིལ་བུ་དཀུར་བརྟེན་ཕཊ་ཕྱིར་ཏེ།། ཞེས་ཕྱག་གཡོན་གྱི་དང་པོ་ལ་མེ་ཏོག་པདྨ་འཛིན་ལ་དེའི་ཡུ་བའི་ཐད་ཀར ་དྲིལ་བུ་ཡང་འཛིན་ཅིང་འགྱིང་བའི་ཚུལ་དུ་དཀུ་ལ་བརྟེན་པའོ།། གཡས་པས་པདྨ་བསྐྱོད་མིཛད་ཅིང་།། ཐུགས་ཀར་པདྨ་ཁཱ་ཡང་འབྱེད།། ཅེས་པ་ནཱི་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལོག་པ་རྣམས ་ཡེ་ཤེས་འོད་ཟེར་གྱིས་སད་པར་བྱེད་པའི་རྟགས་སམ། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་འབྲས་བུ་པའི་སྒོ་ཡུམྦྷ་གྱི་གསང་བའི་པདྨ་འདི་ཉིད་ཡིན་ནོ་པའི་རྟག་སུ་ཐུགས་ཀརྱ་འཛིན་པའི་པདྨ ་དེ་ཕྱག་དང་པོར་བསྒྱུར་ཞིང་ཁ་འབྱོད་པའི་ཚུལ་དུ་མཛད་པའོ།། གཡས་གཉིས་རྡོ་རྗེ་འཁོར་ལོ་དང་།། གཡོན་གཉིས་རིན་ཆེན་རལ་གྲི་བསྣམས།། ཤེས་པ་ནི་གཡ་ཀྱི་བར་མ་དང་ཐ་མེ་གཉིས་ལ་རྡོ་རྗེ་དང་འཁོར་ལོ ་འཛིན་པ་དང་། གཡོན་པའི་བརླ་མ་དང་བླ་མ་ལ་རིན་པོ་ནི་དང་རལ་གྱི་འཛིན་པར་བསམ་པའོ།། སྙིང་ག་ནས་ནི་བྱུང་གྱུར་ནས།། ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་བཞིན་ནོ།། སེམས་ཅན་འདོད་ཆགས ་ན་སྦྲེངས་ཏེ། འདབ་ཅན་ཆུ་ཡཾ་པདྨ་བཞིན།། ཞེས་པ་ནི་པདྨའི་རིགས་ཀྱི་ཕྲིན་ལས་འདོད་ཆགས་ཅན་གྱི་དོན་ཁྱད་པར་དུ་མཛད་པ་ཡིན་པས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱང་འགྲོ་བ་དྲུག་དང་མཐུན་པར་འདོད ་ཆགས་སྤྱོད་ཀྱང་ཉེས་པས་མི་གོས་པ་ནི་དཔེར་ན་མེ་ཏོག་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱི་དྲི་མས་མི་གོས་པ་བཞིན་ནོ།། སླར་གཤེགས་པདྨའི་དབུས་སུ་ནི།། རྒྱབ་ཀྱི་ཕྱོགས་སུ་ངེས་པར་བཞུགས་ཞེས་པ་ནི་དེ ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར་བྱོན་ནས་ཞེས་སྡང་རྡོ་རྗེ་རྒྱབ་ཕྱོགས་སུ། སྣ་ཚོགས་པདྨའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ།། པྲཛྙཱ་དྷྲྀ་ཀཱ་ཙེས་པའི་སྔགས་འདི་སཱ་ལས་ཀྱི་རིགས་ཀྱི་བཅོམ་ལྡན་འདས ་དོན་ཡོད་གྲུབ་པ་བསྐུལ་ཞིང་བསྐྱེད་པར་བྱ་བ་བསྟན་ཏོ།། དེ་ལ་པྲ་ཛྙཱ་ནི་དེ་བཞིན་གཤིགས་པོ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པར་དགོངས། པའི་ཐུགས་ཐ་དད་པའོ།། ཊཱི་ཀ་ནི་དེའི་རང་བཞིན་དུ་གནས་པའོ།། ་ཡང་ན་པྲདྡྷི་ནི་སེམས་ཅན་རྣམསོ་ལས་སྣ་ཚོགས་བྱེད་པར་སེམས་པའི་སེམས་སོ།། ཊཱི་ཀ་ནི་དེའི་རང་བཞིན་ནོ།། ཡང་ན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་བག་ཆགས་གཅོད་པ་ནི་ཤེས་རབ་ཡིན་ལ་དེའི ་རྟགས་སུ་དེའི་རང་བཞིན་ཕྱག་ན་རཱལ་གྲི་འཛིན་པས་ཊྭཱཾག་གོ།། ས་བོན་ལས་ནི་གྲུབ་པ་ཡི།། རྡོ་རྗེ་གདོན་མི་ཟ་བ་བསྐྱེད།། ཞེས་བྱ་བ་ནི་གོང་མ་བཞིན་དུ་ཡི་གེ་ཧཱ་ལྗང་གུ་ལས་བཅོམ་ལྡན ་འདས་དོན་ཡོད་གྲུབ་བྱ་བསྐྱེད་ཅེས་པའོ།། དེ་ལ་གདོན་མི་ཟ་བ་ནི་འཇིག་རྟེན་པ་ལས་བྱས་པ་ཐམས་ཅད་ལ་ལ་འབྲས་བུ་ཡོད་ཅིང་ལ་ལ་འབྲས་བུ་མེད་པ་བཞིན་དུ་མ་ཡིན་ཞིང་ཕུན་སུམ་ཚོགས་པའི་དོན་ནོ།། ལྗང་ཀུ ་བཻ་ཌཱུརྱ་འདྲ་བ་ནི་སྐྱེ་མདོག་བཻ་ཌཱུརྱ་ལྗང་གུ་ལྟར་གསལ་བའོ།། རལ་པ་ཅོད་པན་རྡོ་རྗེའི་གནས།། ཐམས་ཅད་རྒྱན་གྱིས་ཡན་ལག་བརྒྱན་ཞེས་པ་ཡང་གོང་མ་བཞིན་ནོ།། ལྗང་དང་གནག་དང་དཀར་བའི་ཞལ།། ཞེས་བྱ་ནི། ་ཞལ་གསུམ་དུ་བསྟན་ཏོ།། དེ་ཡང་དབུས་མེ་སྐུ་དང་མཐུན་ཅིང་གཡས་དཀར་གཡོན་གནག་པའོ།། འོད་ཟེར་སྣ་ལྔ་འགྲོགས་པ་འབར་བ་ནི་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་སྐུ་ལས་བཀྲིགས་པའི་ཚུལ་དུ་འཕྲོ་ཞིང་ཉོན་མོང ་པ་བསྲེག་ཅིང་འབར་བའོ།། ཕྱག་དྲུག་རྣམ་པར་བསྒོམ་པར་བྱ་བ་ནི་དེ་ལྟ་བུའི་འོད་དང་ལྡན་པ་དེ་ཕྱག་དུག་ཏུ་བསྒོམ་ཞེས་བྱ་བའོ།། རལ་གྲི་རྡོ་རྗེ་རྒྱུ་གྲམ་དང་། འཁོར་ལོ་གཡས་པའི་ཕྱག་ཏུ་བསྒོམ་པ་ནཱི་རིམ་པ་བཞིན ་དུའོ།། དྲིལ་བུ་པདྨ་སྡོང་བཅས་དང་།། ནོར་བུ་གཡོན་པའི་ཕྱག་དུ་བསམ་པ་ནི་གསུམ་པའོ།། དེ་བཞིན་སྙིང་ག་ནས་བྱུང་ནས།། ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ།། ཡང་གོང་མ་བཞིན་ནོ།། བརྫུན་ཚིག་སྨྲ་བའི་ལམ ་གནས་པའི།། སེམས་ཅན་ཐམས་ཅད་ཀུན་ཏུ་སྦྱོང་ཞེས་པ་ནི་ལས་ཀྱི་རིགས་ཀྱི་ཕྲིན་ལས་བརྫུན་དང་ཕྲག་དོག་ཆེ་བ་རྣམས་ཀྱི་དོན་ཁྱད་པར་མཛད་དོ།། སྣ་ཚོགས་ཆེན་པོ་སླར་གཤེགས་ནས།། ཞེས་པ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན་དུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་མཛད་པས་སྣ་ཚོགས་སོ།། ཆེན་པོ་ནི་འཇིག་རྟེན་ལས་འདས་པའི་དོན་ནོ།། ་གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནཱི།། རྡོ་རྗེ་སེམས་དཔའི་བྱང་ཕྱོགས་སུ།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། ཞེས་པ་ནི་དེ་ལྟར་དོན་མཛད་པ་དེ་སླར་བྱོན་ནས་ཞེ་སྡང་རྡོ་རྗེའི་གཡོན་ཕྱོགས་གྲུབ་གསུམ་གྱི ་དཀྱིལ་འཁོར་རིན་པོ་ཆེའི་རང་བཞིན་གྱི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པར་བསྒོམ་པའི་དོན་ནོ།། ཞེ་སྡང་གཏི་མུག་འདོད་ཆགས་དང་།། ཡིད་བཞིན་ནོར་བུ་དམ་ཚིག་སྟེ།། རིགས་ལྟར་གཏོགས ་པ་འདི་དག་གིས།། ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་སེམས་ཅན་རྣམས་ལ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་ཡོད་པར་མཁྱེན་ནས་དེ་རྣམས་ཀྱི་མཉེན་པོར་རྡོ་རྗེ་ལ་སོགས་པའི་རིགས་ལྔར་བསྟེན་པ་འདི་ད། ་བསྒོསླ་ཤིང་བསྒྲུབས་ན་འདོད་པ་གྲོལ་བ་བསྒྲུབ་པར་མཛད་ཅེས་པ་འཐོབ་པར་འགྱུར་བའི་དོན་ནོ།། དེ་ལ་འདོད་པ་ནི་འཇིག་རྟེན་གྱི་ལོངས་སྤྱོད་དུ་གྱུར་པ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་དངོས་གྲུབ་རྣམས་སོ།། གྲོལ་བ ་ནི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཐོབ་ནས་བདེ་བ་ཆེན་པོའི་དྲུང་དུ་གྱུར་པའོ།། དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ་བསྐྱེད་ཅིང་། དཀྱིལ་འཁོར་དུ་བཀོད་པ་བསྟན་ནཱས་དཱ ་ར་ཏཱི་ཞེས་པ་ལ་སོགས་པས་ཡུམ་བཞི་བསྐྱེད་ཅིང་བཀོད་པར་བསྟན་ཏོ།། གསང་སྔགས་ལས་ནི་གྲུབ་པ་ཡི།། རྒྱལ་མཆོག་ཡུམ་ཆེན་ལྷ་མོ་བསྐྱེད་ཅེས་པ་ནི་དྭེ་ཤྭ་རོ་ཏི་ཞེས་པའི་སྔགས་ཀྱིས་བསྐུལ་ཞིང་རང་གི་སྔགས ་ཡི་གེ་ཨོཾ་ལས་གོང་དུ་བསྟན་པའི་ཚུལ་དུ་ལྷ་མོ་མཱ་མ་ཀཱི་བསྐྱེད་ཅེས་བྱ་བའོ།། དེ་ཡང་གང་གི་ཡུམ་ཞེ་ན། རྒྱལ་མཆོག་ཅེས་བྱ་སྟེ། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་ཀྱི་བདག་ཉིད་ཡིན་པ་དང ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་དུ་གནས་པ་དེའི་ཡུམ་མོ།། ཆུནཱ་མོ་ནཱི་ལོ་ཙ་ནཱ་ལ་སོགས་པ་ཡང་དྭེའི་ཡུམ་ཡིན་པ་དང་ཁྱད་པར་དུ་རྡོ་རྗེ་རིགས་ཀྱི་ཡུམྲ་འདི་ཉིད་ཡིན་པ་རཱ་ངེས་པའི་དོན་ནོ།། སྔོ་བསངས་ཨུཏྤལ ་མདོག་འདྲ་བ།། ཞེས་པ་ནཱི་ལྷ་མོ་དེའི་སྐུ་མདོག་ཨུཏྤལ་སྔོན་པོའི་ཁ་དོག་བཞིན་དུ་འདུག་པའི་དོན་ནོ།། ཡིད་དུ་འོང་བ་མོཛེས་པའི་ཞལ།། ཞེས་པ་ནཱི་ལྷ་མོ་དི་བུད་མེད་ཀྱི་ཆ་ལུགས་ཡིན་ཡང་ཉོན་མོངས་པའི་རང ་བཞིན་མ་ཡིན་པས་གཙོ་བོ་དེ་རྣམས་ཀྱི་སྤྱན་སྔར་མཛེས་ཤིང་ཐུགས་སུ་བྱོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡང་མིག་ལམ་དུ་མཛེས་ཤིང་ཡིད་དུ་འོང་བའི་དོན་ནོ།། གནག་དང་དམར་དང་དཀར་འདྲ་བའི།། ་ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། ཞེས་པ་ནི་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའི་དོན་ནོ།། དེ་ལ་དབུས་སྐུ་དང་མཐུན་པར་གནག་ཅིང་གཡས་དམར་ལ་གཡོན་དཀར་བའོ།། མི་འཁྲུགས་ཅོད་པནྡུ་གཱནྡ ་བྱས་པའི།། ཕྱུག་དྲུག་པ་ནི་བསྒོམ་པར་བྱ།། ཞེས་པ་ནི་ལྷ་མོ་དེའི་སྤྱི་བོར་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེར་དབང་བསྐུར་བའི་ཚུལ་དུ་གནས་པ་དང་། ཕྱག་དྲུག་དང་ལྡན་པར་བསྐྱེད་པར་བྱ་ཞེས་པའི་དོན།། ་རྒྱལ་མོ་རྡོ་རྗེ་འཁོར་ལོ་འཛིན།། སྔོན་དམོར་ཨུཏྤལ་ཕྱག་ན་བསྣམས།། གཡོན་པ་འགྱིང་བས~ཾ་དྲིལ་བུ་འཛིན།། ནོར་བུ་རལ་གྲི་རྟག་ཏུ་འཆང་།། ཞེས་པ་ནི་རྡོ་རྗེ་དང་། འཁོར་ལོ་དང་། ཨུཏྤལ་གསུམ་གཡས་ཀྱི་ཕྱ ་གསུམ་ལ་རིམ་པ་བཞིན་དུ་བསམ་པ་དང་། དྲིལ་བུ་དྲང་རིན་པོ་ཆེ་དང་། རལ་གྲི་གསུམ་གཡོན་ཕྱོགས་སུ་རིམ་པ་བཞིན་དུ་ཤེས་པར་བྱའོ།། དེ་ལ་རྒྱལ་མོ་ནི་ཉོན་མོངས་པ་དང་རུ་དྲ་རྣམས་ཚར་གཅོད་པ་དེ་དག་ལུས ་རྒྱལ་བ་དང་། དཀྱིལ་འཁོར་གྱི་བདག་པོའི་ཡུམ་ཡིན་པའི་དོན་ནོ།། འགྱིང་པ་ནི་ཁམས་གསུམ་ན་བདགེ་ལྟ་བུ་ཡོན་ཏན་དང་ལྡན་པོ་མེད་ཅེས་པའི་སྒོ་ནས་སེམས་ཅན་རྣམས་བདག་ཉིད་ལ་མོས་པ་བསྐྱེད་པའི ་དོན་དང་། གཙོ་བོ་ལ་སེམས་ཅན་གྱི་དོན་ལ་ཚོགས་པ་བསྐྱེད་པར་ཐུགས་དམ་བསྐུལ་བ་འམ། གཉིས་སུ་མེད་པའི་བདེ་བ་ཉམས་སུ་བླང་བར་བཞེད་པའི་དོན་ནོ།། སྙིང་ག་ནས་ནི་བྱུང་གྱུར་ནས།། ཕྱོགས་བཅུར ་རྣམ་པར་གཟིགས་མཛད་དེ་ཞེས་པ་ནི་གོང་མ་རྣམས་དང་འདྲ་བར་གསང་བའི་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དྲོན་ཐབས་སྣ་ཚོགས་མཛད ་པར་དགོངས་པའི་དོན་ནོ།། བགེགས་ཆེན་གྱིས་ནི་འཇིགས་རྣམས་ལ།། རྟག་ཏུ་བསྲུང་བ་ཉིད་མཛད་དེ།། ཞེས་པ་ནི་སེམས་ཅན་གྱི་དོན་ཀུན་བསམ་པ་བཞིན་དུ་མཛད་ཀྱང་ལྷ་མོ་ཉིད་ཀྱི་ཁྱད་པར་གྱི་འཕྲིན་ལས་གཟའ་ཆེན ་པོ་ལ་སོགས་པའི་བགེགས་རྣམས་ཀྱིས་གཟུང་ཞིང་གདོན་པའི་སེམས་ཅན་རྣམས་ཀྱི་བགེགས་ཐམས་ཅད་ཚར་གཅོད་ཅིང་། དུས་ཐམས་ཅད་ཏུ་སྲུང་བར་བྱེད་པའི་དོན་ནོ།། འབར་བསླར་ཡང་གཤེགས་ནས་ནི།། རྡོ་རྗེ་དཀྱིལ ་འཁོར་དབུས་མ་ཡི།། ལྷོ་ཡཾ་གྲཝར་ནི་བཞུགས་ནས་ཀྱང་།། རབ་དགྱེས་རྡོ་རྗེ་ལ་ཡང་གཟིགས་ཞེས་པ་ནརི་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་སྐུ་ལས་འབར་བྱའི་ལྷ་མོ་དེ།། དེ་ལྟར་སེམས་ཅན་གྱི་དོན་མཛད་ནས་སླར ་བྱོན་ནས་དཀྱིལ་འཁོར་གྱི་དབུས་ཀྱི་རེའུ་ཆ་དགུ་ཡོད་པའི་ལྷོ་ནུབ་ཀྱི་རེའུ་ཆ་ལ་བཞུགས་ནས། རང་གི་གཙོ་བོ་ཞེ་སྡང་རྡོ་རྗེ་ལ་ཆགས་པས།། དགྱེས་པའི་ཚུལ་དུ་ལྟ་བར་བསྒོམ་བའི་དོན་ནོ།། མོ་ཧཱ་རུ་ཏཱི། གསང་སྔགས ་ལས་ནི་གྲུབ་པ་ཡི།། སྤྱན་གྱི་ལྷ་མོ་བསྐྱེད་པར་བྱ་ཞེས་པ་ནི། མོ་ཧཱ་ར་ཏི་ཞེས་པའི་སྔགས་ཀྱིས་བསྐུལ་ཞིང་། ཡི་གེ་ལམ་ལས་ལྷ་མོ་སངས་རྒྱས་སྤྱན་གོང་མའི་ཚུལ་བཞིན་དུ་བསྐྱེད་པར་བྱ་བའི་དོན་ནོ།། སྟོན་ཀའི ་ཟླ་བའི་མདོག་འདྲ་བྱའི།། སྐུ་མདོག་ཤིན་ཏུ་དཀར་བའོ།། རྣམ་པར་སྣང་མཛད་སྤྱི་བོར་གནས་པ་ནི་ལྷ་མོ་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པ་དང་། ཡུམ་ཡིན་པའི་ཕྱིར་སྤྱི་བོར་དབང་བསྒྱུར་བའི ་ཚུལ་དུ་བཞག་པའི་དོན་ནོ།། མེ་ཏོག་སྣ་ཚོགས་ཚད་མེད་པས།། དབུས་ལ་ཐོད་དུ་རྣམ་པར་བཅིངས།། ཞེས་པ་ནི་སྔངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་རྟགས་དང་འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བར་བྱ་བའི་ཕྱིར ་མེ་ཏོག་ཙམ་པ་ཀ་ལ་སོགས་པའི་ཐིང་ལས་སྐྱེས་པ་རྣམས་དང་། ཨུཏྤལ་ལ་སོགས་པའི་ཆུ་ལས་སྐྱེས་པ་རྣམས་སྤེལ་ཞིང་ཕྲེང་བེ་བྱས་པས་དབུ་ལ་རྒྱན་གྱི་ཚུལ་དུ་བྱས་པའོ།། དཀོར་དང་གནག ་དང་དམར་ཆེན་པོ།། ཞལ་གསུམ་པ་ནི་རབ་ཏུ་འབར་ཞེས་པ་ནི།། ཞལ་གསུམ་གྱི་ཁ་དོག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མཐུན་ནོ།། འབར་བ་ནི་འོད་ཟེར་འཕྲོ་བའོ།། ཆ་ལུགས་རྒྱུན་དང་ལྡན་པ་སྟེ། དེ་ནི་སྣ ་མདོག་ལ་སོགས་པའི་ཆ་ལུགས་དབུ་རྒྱན་ལ་སོགས་པའི་རྒྱན་རྣམས་ཀྱིས་ཤིན་ཏུ་ཡང་མཛེས་པར་བྱས་པའོ།། འོད་ཟེར་དཀར་པོས་ཀུན་ཏུ་འཁྲིགས་པ་ནི་སྐུ་ལས་སྐུ་དང་མཐུན་པའི་འོད་ཟེར་འབྱུང་བས་ཀུན་ནས ་དཀྱིལ་འཁོར་གྱི་ཚུལ་དུ་གནས་པའོ།། རྒྱན་རྣམས་ཀུན་དང་ལྡན་པ་ཡི།། ཕྱག་དྲུག་པ་ནི་རྣམ་པར་བསམ་ཞེས་པ་ནི་དེ་ལྟ་བུའི་རྒྱན་དང་ལྡན་པ་ཕྱག་དྲུག་དང་ལྡན་པར་བསྐྱེད་པའི་དོན་ནོ།། ལྷ་མོ་འཁོར་ལོ་རྡོ་རྗེ་འཛིན།། ་ཨུཏྤལ་དཀར་པོ་ཕྱག་ན་བསྣམས།། རིན་ཆེན་སྡོང་བུ་ཡིད་འོང་དང་།། དྲིལ་བུ་རལྤ་གྲི་གཡོན་པའི་མཚོན།། ཞེས་པ་ནི་ཕྱག་དྲུག་ལ་ཕྱག་མཚན་དྭེ་དྲུག་རིམ་པ་བཞིན་དུ་ཤེས་པར་བྱའོ།། ་དེ་བཞིན་སྙིང་ག་ནས་བྱུང་ནས།། ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ།། གདོན་ནང་རྣོ་བའི་སེམས་ཅན་རྣམས།། ཞི་བའི་གནས་ཀྱིས་ཞི་བར་མཛད་ཅེས་པ་ནི་ལྷ་མོ་ལོ་ཙ་ནའི་ཁྱད་པར་གྱི་འཕྲིན ་ལས་ཞི་བ་ཡིན་པས།། གདོན་ནད་ཀྱིས་ཟིན་ནས་ན་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བའི་སྒོ་ནས་ཞི་བར་མཛད་ཅིང་། ཕན་འདོགས་པའི་དོན་ནོ།། སྣང་མཛད་དི་ནི་སླར་གཤེགས་ནས།། དང་བའི་དཀྱིལ་འཁོར ་དབུས་སུ་ནི།། ཤར་གྱི་གྲཝར་ནི་བཞུགས་ནས་ཀྱང་།། རྡོ་རྗེ་མགོན་ནི་གཟིགས་པར་མཛད་ཅེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་དཀྱིལ་འཁོར་གྱི་ཤར་ལྷོ་མཚམས་ཀྱི་ནང་གི་རེའུ་ཆ་ཟླ ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་བོ་ལ་ཚུགས་པའི་ཚུལ་གྱིས་ལྟ་ཞིང་བཞུགས་པར་བསྒོམ་པའི་དོན་ནོ།། ནཱ་ག་ར་ཏི་གསང་སྔགས་ལས་ནི་གྲུབ་པ་ཡི།། གོས་དཀར་མོ་ནི་བསྐྱེད་པར་བྱ་ཞེས་བྱ་བ་ནི་སྔགས ་འདིས་བསྐུལ་ཞིང་ཡི་གེ་པཾ་ལས་ལྷ་མོ་གོས་དཀར་མེ་གོང་མ་བཞིན་དུ་བསྐྱེད་པའོ།། ཞལ་མཛེས་སྤྱན་ནི་རིང་བ་སྟེ། ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ལྷ་དང་མི་ལས་འཕགས་པར་མཛེས་ཤིང ་ཡིད་དུ་འོང་བའོ།། པདྨ་རཱ་གཱའི་མདོག་འདྲ་བ་ནི། སྐུ་མདོག་ཤིན་ཏུ་དམར་བའོ།། ཞལ་གསུམ་དག་ནི་བཞད་པའི་ཞལ་ཞེས་པ་ནི་ལྷ་མོ་དེ་ཡང་ཞལ་གསུམ་དང་ལྡན་ལ་སེམས་ཅན་དོན་ལ་ཤིན་ཏུ་ཡང་དགའ་བ་འམ། འདོད ་ཆགས་སློང་བའི་རང་བཞིན་ཡིན་པས་རྟག་ཏུ་བཞང་ཚུལ་དུ་གནས་པའོ།། དམར་དང་གནག་དང་དཀར་བ་ནི།། སྣང་བ་མཐའ་ཡས་དང་མཐུན་ནོ།། སྣང་བ་མཐའ་ཡས་ཅོད་པན་གནས།། ཐམས་ཅད་རྒྱན་གྱིས་རྣམ་པར ་བརྒྱན།། ཞེས་པ་གོང་མ་བཞིན་དུ་སྣང་བ་མཐའ་ཡས་དབང་བསྐུར་བའི་ཚུལ་དུ་གནས་བྱ་དང་། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་དོན་ནོ།། རྫུ་འཕྲུལ་མཚན་ལས་ཀུན་ཏུ་འབྱུང་ཞེས་པ་ནི་སྐུའི ་མཚན་རྣམས་ལས་སེམས་ཅན་འདུལ་བར་བྱེད་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་འབྱུང་ཞིང་འགྲོ་བའི་དོན་བྱེད་ཅེས་པའོ།། འདོད་ཆགས་དམར་པོ་འཆང་དགའ་བ་ནི།། སེམས་ཅན་གྱི་དོན་ལ་ཆགས་པའོ།། ་འདོད་ཆགས་དམར་པོ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡིན་ལ་དེ་དང་གཉིས་སུ་མེད་པའི་བདེ་བས་རྟག་ཏུ་གནས་པའི་འདོད་པ་ནི་འཆང་བ་ལ་དགའ་བ་ཞེས་པའོ།། མཚན་རྣམས་ཐམས་ཅད་ཀུན་རྫོགས་པ། ་ཕྱག་དྲུག་རྣམ་པར་བསྒོམ་པར་བྱེ་ཞེས་པ་ནི་སུམ་ཅུ་རྩ་གཉིས་ལ་སོགས་པའི་མཚན་དང་དཔེ་བྱད་རྣམས་སྐུ་ལ་རྫོགས་པ། ཕྱག་དྲུག་དང་ལྡན་པར་བརྗོད་པའི་དོན་ནོ།། གཡོན་པ་འགྱིང་བས་དྲིལ་བུ་དང་།། སྡོང ་བུ་ལོར་བཅས་ཨུཏྤལ་འཛིན།། ཞེས་པ་ནི་ཕྱག་གཡོན་གྱི་དང་པོ་དྲིལ་བུ་དང་། ཨུཏྤལ་ཡུ་བ་བཅས་པར་ཛ་པག་ཏུ་འཛིན་པའོ།། སྒྲ་དང་བཅས་པ་གཡས་པ་ཡིས།། ཨུཏྤལ་དམར་པོ ་ཡང་འབྱེད།། ཅེས་པ་ནི་ཕྱག་གཡས་ཀྱི་དང་པོས་ཨུཏྤ་ལ་དེ་ཉིད་ཀྱི་ཁ་སྐྲག་པའི་ཚུལ་དུ་འབྱེད་པའོ།། གཡས་གཉིས་རྡོ་རྗེ་འཁོར་ལོ་འཛིན།། གཡོན་གཉིས་ནོར་བུ་རལ་གྲི་འཆང་བ་ནི་རིམ་པ་བཞིན་ནོ།། སྙིང་གཱ་ནས་ནི ་བྱུང་གྱུར་ནས།། ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས་པ་ཡང་གོང་མ་བཞིན་ནོ།། བཟའ་ཚོགས་ཀྱིས་སྐམས་སེམས་ཅན་རྣམས།། ཚེ་དང་ལོངས་སྤྱོད་རྒྱས་པར་མཛད།། ཅེས་པ་ནི་ལྷ་མོ་འདིའི་ཁྱད་པར་གྱི་ཕྲིན་ལས ་རྒྱས་པ་ཡིན་པས་གཟའ་ལ་སོགས་པ་བགེགས་ཀྱིས་བཟུང་ནས་ཤ་སྐམས་ཤིང་སྡུག་བསྔལ་བ་རྣམས་དང་། ཚེ་ཐུང་ཞིང་བསོད་ནམས་ཆུང་བ་རྣམས་ཀྱི་སྡུག་བསྔལ་དང་བར་ཆད་རྣམས་མེད་པར་བྱེད་ཅིང་ཚེ་རིང་བ་དང་། ་བསོད་ནམས་རྒྱ་ཆེ་བ་དང་། ནོར་རྫས་ལ་སོགས་པའི་ལོངས་སྤྱོད་རྒྱས་པར་མཛད་པའོ།། སླར་གཤེགས་པདྨའི་དབུས་སུ་ནི།། ནུབ་ཕྱོགས་ཀྱི་ནི་གྲཝར་ཡང་བཞུགས།། ཞེས་པ་ནི་དེ་ལྟར་མཛད་ནས་སླར་བྱོན་ནས ་དཀྱིལ་འཁོར་དེའི་ནུབ་བྱང་གི་མཚམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོང་མའི་ཚུལ་དུ་བཞུགས་པའི་དོན་ནོ།། བཛྲ་རཱ་ཏི་གསང་སྔགས་ལས་ནི་གྲུབ་པ་ཡི།། ལྷ་མོ་སྒྲོལ་མ་མཁས་པས་བསྐྱེད།། ཅེས་པ་ནི ་སྔགས་འདིས་བསྐུལ་ཞིང་གོང་མའི་ཚུལ་དུ་ཡི་གེ་ཏཾ་ལས་ལས་ཀྱི་རིགས་ཀྱི་ཡུམ་ལྷ་མོ་སྒྲོལ་མ་བསྐྱེད་ཅེས་པའོ།། ཡན་ལག་རྣམས་ཀུན་དང་ལྡན་པ་ནཱི་སྐུའི་ཡན་ལག་དང་ཉིང་ལག་རྣམས་ལྷ་དང་མི་ལས་འཕགས ་པ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱིས་སྐུ་ལས་ཤིན་ཏུ་བརྒྱན་པོའི་དོན།། ཡང་ཡན་ལག་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱི་ཡན་ལག་ལ་ཡང་བྱའོ།། བུད་མེད་མ་ཁུས ་སྤྱོད་མཛད་བརྩོན་ཞེས་པ་ནི་རྣལ་འབྱོར་པ་གང་གིས་ལྷ་མོ་འམ་ཀླུ་མོ་ལ་སོགས་པ་དབང་དུ་བྱེད་པར་འདོད་ཅིང་བསྒྲུབས་ན། དེའི་དངོས་གྲུབ་ཁྱད་པར་དུ་ཡང་གྲུབ་པར་མཛད་པའི་དོན་ནོ།། མཛེས་པའི་ཞལ་ནི་སྤྱན་རིང ་བོ་ནི་གོང་དུ་བཤད་པ་ཡིན་ནོ།། མར་ཀ་ཏ་སེར་པོའི་མདོག་འདྲ་བ་ནི།། སྐུ་མདོག་རིན་པོ་ཆེ་མར་ཀ་ཏ་བཞིན་ལྡང་བ་ལས་ཅུང་ཟད་སེར་བའོ།། གདོན་མི་ཟ་བས་ཅོད་པན་མཛད་ཅེས་པ་ནི་བཅོམ་ལྡན་འདས་དོན་ཡོང་གྲུབ ་པས་སྤྱི་བོར་དབང་བསྐུར་བའི་ཚུལ་དུ་བཱསམ་པའི་དོན་ནོ།། མེ་ཏོག་ཕྲེང་གིས་ཅོད་པན་དཀྲིས་པ་ནི་གོང་བཞིན་ནོ།། ལྗང་གུ་གནག་དང་དཀར་བ་ཡི།། ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། ཞེས་པ་ནི་བཅོམ་ལྡན ་འདས་དོན་ཡོང་གྲུབ་པ་དང་མཐུན་པའི་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་པའོ།། རྒྱན་རྣམས་ཐམས་ཅད་ཀུན་རྫོགས་ནི།། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས།། སྐུ་ཤིན་ཏུ་སྤྲས་པའོ།། ཕྱག ་དྲུག་པར་ནི་བསམ་པར་བྱ་བ་ནི་དེ་ལྟ་བུ་དེ་ཕྱག་དྲུག་དང་ལྡན་པར་བསྒོམ་པའོ།། རྡོ་རྗེ་རྒྱ་གྲམ་འཁོར་ལོ་དང་། ཨུཏྤ་ལ་དམར་པོ་ཕྱག་ན་བསྣམས་ཤེས་པ་ནི་གཡས་ཀྱི་ཕྱག་གསུམ་ལ ་རིམ་པ་བཞིན་ནོ།། གཡོན་པ་འགྱེང་པས་དྲིལ་བུ་དང་། རིན་ཆེན་རལ་གྲི་ཆེན་པོ་བསྣམས་པ་ཡང་རིམ་པ་བཞིན་ནོ།། ཆེན་པོ་ནི་ཁྱད་པར་ཡིན་པས་ཀུན་ལ་ཡང་སྦྱར་རོ།། སྙིང་ག་ནས་ནི་བྱུང་གྱུར་ནས།། འདོད་ཆགས་ཞེ་སྡང ་གིས་རྨོངས་པའི།། འོད་ཟེར་གྱིས་ནི་རེག་ཙི་གྱིས།། སེམས་ཅན་ཐམས་ཅད་དབང་དུ་མཛད།། ཅེས་པ་ནི་གོང་མ་རྣམས་དང་མཐུན་པར་གསང་བའི་ཐུགས་ཀ་ནས་ཕྱུང་ནས།། སེམས་ཅན་གྱི་དོན་ཕྲིན་ལས་ཀུན་གྱི་སྒོ་ནས ་མཛད་ནས་ཀྱང་ཁྱད་པར་དུ་དབང་གི་སྒོ་ནས་མཛད་ཅེས་བསྟན་ཏོ།། དེ་ལ་སེམས་ཅན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ།། དབང་དུ་གྱུར་ཏེ་ལོག་པར་ལྟ་བ་རྣམས་དབང་དུ་བྱས་ནས་ཡང་དག་པའི་ལྟ་བ་ལ་གཞོལ ་བའི་དོན་ཏོ།། འོད་ཟེར་གྱིས་རིགས་པ་ཙམ་ནི་དབང་དུ་བྱེད་པའི་ཕྲིན་ལས་ལ་ཁྱད་པར་དུ་མཐུ་ཆེ་བའི་དོན་ནོ།། སེམས་ནི་མེ་ད་ལྟར་དབང་གྱུར་ནས།། ཐམས་ཅད་མངོན་པར་ཕྱོགས་པར་གནས་ཞེས་པ་ནི་ལྷ་མོ་དེ ་བསྒོམས་ཤིང་བསྒྲུབས་པའི་རྣལ་འབྱོར་པས་དབང་དུ་བྱེད་པའི་ལས་བྱས་ནས། ལྷ་དང་མི་ལ་སོགས་པ་རྣམས་སེམས་མེད་པ་བཞིན་དུ་དེའི་དབང་དུ་གྱུར་ནས་བཀའ་ཉན་པའི་དོན་ནོ།། དེ་ལྟར་འགྲོ་བའི་དོན་མཛད་མ ་ཐག་ཏུ་སླར་བྱོན་ནས། དཀྱིལ་འཁོར་གྱི་ནང་བྱང་ཤར་མཚམས་ཀྱི་རེའུ་ཆ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པའི་དོན་ནོ།། སྔར་གསུངས་ཡི་གེ་ལས་གྲུབ་མ།། མཁས་པས་བྱང་ཆུབ་སེམས་དཔའ་བསྐྱེད།། ་ཅེས་པོ་ནི་དེ་ལྟར་རིགས་ལྔའི་དེ་བཞིན་གཤེགས་པ་དང་ཡུམ་བཞིན་བུ་སྐྱེད་ཅིང་དཀྱིལ་འཁོར་གྱི་ནང་གི་རེའུ་ཆེ་དགུ་ལ་ཁྱད་པར་དུ་མཐུ་ཆེ་བའི་དོན་ནོ།། ད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དང་ལྷ་མོ་བརྒྱད་བསྐྱེད ་པའི་དཀྱིལ་འཁོར་དུ་དགོད་པར་བསྟན་ཏོ།། དེ་ལ་སྔར་གསུངས་པའི་ཡི་གེ་ནི་གོང་དུ་བསྟན་པའི་ཊཱི་ལ་སོགས་པ་དྲུག་དང་། བྱམས་པ་དང་འཇམ་དཔལ་གྱི་ས་བོན་ཡི་གེ་མཾ་དང་མུཾ་མོ།། ཡི་གེ་དེ་རྣམས་ལ་སོ་སོའི ་ས་བོན་དང་སྦྱར་ཞིང་གོང་དུ་བསྟན་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་རྣམས་རིམ་པ་བཞིན་དུ་བསྐྱེད་པའི་དོན་ནི།། རིགས་ཀྱི་བདག་པོས་དབང་བསྐུར་བའི།། ཁ་དོག་གསུམ་པ་ཞལ་གསུམ་པ་ནི་བྱང་ཆུབ ་སེམས་དཔའ་དེ་རྣམས་ཀྱང་གོང་དུ་བསྟན་པའི་ལྷ་རྣམས་དང་འདྲ་བར་ཁ་དོག་གསུམ་གྱི་ཞལ་གསུམ་དང་ལྡན་ཞིང་སོ་སོའི་རིགས་ཀྱི་དེ་བཞིན་གཤེགས་པ་སྤྱི་བོར་འཛིན་པའོ།། རྣམ་པ་ཐམས་ཅད་མཆོག་ལྡན ་པའི་ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་པ་ནི། སངྱས་ཀྱི་ཡོན་ཏན་མཚན་དང་དཔེ་བྱད་ལ་སོགས་པ་ཐམས་ཅད་དང་། ཕྱིའི་རྒྱན་དབུ་རྒྱན་ལ་སོཌ་པ་ཐོས་ཅད་ཀྱིས་བརྒྱན་པའི་ཕྱག་དྲུག་དྲུག་དང་ལྡན་པར་བསྒོམ ་ཞེས་བྱའོ།། སོ་སོའི་རིགས་བཞིན་ཁ་དོག་བརྒྱ། དེ་དག་ཐམས་ཅད་བསྒོམ་པར་བྱ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་སེམས་མ་དེ་དག་ཀུན་ཁ་དོག་དང་ཕྱག་མཚན་རྣམས།། སོ་སོའི་རི ་ཀྱི་བདག་པོ་ལྟར་ཤེས་པར་བྱའོ།། སྒྲོལ་མའི་ཕྱག་རྒྱར་གསུངས་པ་ནི་ཀུན་ཏུ་བཟང་པོ་བསྒོམ་པར་བྱ་ཞེས་པ་ནི་སྤྱིར་དེ་ལྟར་བསྟན་པ་ལས་མི་མཐུན་པ་བསྟན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལྷ་མོ ་སྒྲོལ་མ་དང་རིགས་མཐུན་པ་ལས་ཁ་དོག་དང་ཕྱག་མཚན་སྒྲོལ་བཞིན་དུ་བསྒོམ་པ་ཡིན་པས། སྒྲོལ་མ་ཕྱོག་གཡས་ཀྱི་ཐ་མ་ཨུཏྤ་ལ་བསྣམས་པ་ཡིན་ལ། ཀུན་ཏུ་བཟང་པོ་གཡས་ཀྱི་ཐ་མ་ན་པདྨ་བསྣམས་པའི ་ཕྱིར། ཨུཏྤལ་ཡོངས་སུ་བསལ་ནས་ནི།། པདྨ་དེ་ལ་སྦྱིན་པར་བྱ་ཞེས་གསུངས་སོ།། བྱམས་པ་ཀླུ་ཤིང་མེ་ཏོག་སྟེ། ལྷག་མ་རྣམ་སྣང་མཛད་ཀྱི་གནས་ཞེས་བྱ་བ་ནི། འཕགས་པ་བྱམས་པ་ཕྱག་གཡས་ཀྱི་དང་པོ ་ལ་རང་རྟོགས་ཀྱི་ཕྱག་རྒྱ་ཀླུ་ཤིང་ལྕུག་མ་མེ་ཏོག་དང་བཅས་པ་འཛིན་ཏེ། ཕྱག་མཚན་ལྷག་མ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞིན་དུ་ཁསྒོམས་པ་བྱའོ།། འཇམ་དཔལ་དྲིལ་བུ་རལ་གྲི་མཆོག། ་དེ་བཞིན་དུ་ནི་རབ་ཏུ་གནས།། ཞེས་པ་ནི་བྱང་ཆུབ་སེམས་དཔའ་མཉྫུ་ཤྲཱིའྀ་ཕྱག་གཡས་ཀྱི་དང་པོ་ཐེ་ཞུ་བའི་ཕྱག་རྒྱ་མཐེ་བོང་དང་སྲིན་ལག་གཉིས་རྩེ་སྤྲད་དེ་གཡོན་པའི་དང་པོས་གནོན་པའོ།། ལྷག་མ་ཀུན་ཏུ ་བཟང་པོ་ཡི།། ཕྱག་རྒྱ་དེ་ནི་རྣམ་པར་བསྒོམ་ཞེས་པ་ནི།། ཕྱག་མཚན་གྱི་ཕྱི་མ་རྣམས།། འཕགས་པ་ཀུན་ཏུ་བཟང་པོ་དང་མཐུན་པའི་དོན་ནོ།། ཤར་གྱི་ངོས་ལ་གཉིས་གཉིས་ཏེ། ཞེས་པ་ནི་དཀྱིལ་འཁོར་གྱི་རིམ ་པ་གཉིས་པ་ལ་ཤྭར་ཕྱོགས་པའི་ཕྱོགས་ལ་སོགས་པ་ཞིང་བྱང་ཆུབ་སེམས་དཔའ་གཉིས་གཉིས་བཀོད་པར་བསྟན་ཏོ།། སའི་སྙིང་པོ་བྱམས་པ་གཉིས་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་བྱམས་པ་དང་། ་རྡོ་རྗེའི་རིགས་སའི་སྙིང་པོ་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་དང་ཕྱག་མཚན་མཐུན་པར་ཤྭར་ཕྱོགས་སུ་དགོད་པར་བྱའོ།། ལྷོར་ནི་ཕྱག་ན་རྡོ་རྗེ་དང་། ནམ་མཁའ་ཞེས་བསྟན་ཀུན་ཏུ་གནས་ཤེས་པ་ནི ་བྱང་ཆུབ་སེམས་དཔའ་ན་མཁའི་མཛོད། རིན་པོ་ཆེའི་རིགས་དང་། ཕྱག་ན་རྡོ་རྗེ་རྡོ་རྗེའི་རིགས་གཉིས་སོ་སོའི་རིགས་ཀྱི་བདག་པོ་དང་སྐུ་མདོག་ལ་སོགས་པ་མཐུན་པར་ལྷོ་ཕྱོགས་སུ་བཞག་པར་བྱའོ།། ནུག་ཏུ ་འཇིག་རྟེན་དབང་པོ་དང་།། འཇམ་པའི་དབྱངས་ནི་རྣམ་པར་གནས་ཞེས་པ་ནི་པདྨ་རིགས་ཀྱི་དབྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དེ་བཞིན་གཤེགས་པོའི་རིགས་དང ་གཉིས་སོ་སོའི་བདག་པོའི་ཁ་དོག་དང་། ཕྱག་མཚན་དང་མཐུན་པར་ནུབ་ཕྱོགས་སུ་དགོད་པར་བྱའོ།། བྱང་དུ་སྒྲིབ་པ་ཀུན་སེལ་དང་། ཀུན་ཏུ་བཟང་པོར་རབ་ཏུ་གྲགས།། ཞེས་པ་ནི་ལས་ཀྱི་རིགས་ཀྱི་བྱང ་ཆུབ་སེམས་དཔའ་འདི་གཉིས་རིགས་ཀྱི་བདག་པོ་དང་། སྐུ་མདོག་ལ་སོགས་པ་མཐུན་པར་བྱང་ཕྱོགས་སུ་གནས་པར་རྒྱུད་དང་སྒྲུབ་ཐབས་ཀུན་ལས་ཀྱང་གྲགས་པས་དེ ་བཞིན་དུ་ཤེས་པར་བྱའོ།། དེ་ལྟར་འདིའི་དམ་ཚིག་གསུངས་པ། གཟུགས་སོགས་རྡོ་རྗེ་ལྷ་མོ་ཅན།། ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་ཅིང་དཀྱིལ་འཁོར་དུ་བཀོད་པ་དེ་རྣམས་ཀྱི་གཟུངས་མ་རྣས ་ལ་དམ་ཚིག་ཅེས་ཀྱང་བྱའོ།། དེ་ཡང་གང་ཞེ་ན། གཟུགས་ཀྱི་ལྷ་མོ་ལ་སོགས་པ་རྣམས་སོ།། རྡོ་རྗེ་ཅན་ནི་ཡེ་ཤེས་ཀྱི་རང་བཞིནི་ནམ་དེ་ལས་ཕྱུང་བའི་དོན།། དེ་དང་ཐབས་ཅིག་བཞུགས་པ་ནི།། ལྷག་གཉིས་རང་རྟགས ་ལྡན་པར་གཞག། ཅེས་པ་ནི་བྱང་ཆུབ་སེམས་དཔའ་དྲི་རྣམས་ཀྱི་ཡུམ་གྱི་ཚུལ་དུ་ལྷ་མོ་དེ་རྣམས་བཞུགས་པར་བསམ་མོ།། དེ་ལ་ཀུན་ཀྱང་ཕྱག་དྲུག་སྟེ།། ཕྱག་གཡས་གཡོན་དང་པོ་གཉིས་ལ་འོག་ནས་བྱུང ་བའི་རང་རྟགས་ཀྱི་ཕྱག་རྒྱ་ཅན་སོ་སོའི་ཕྱོགས་སུ་དགོད་ཅེས་པའི་དོནོ།། གཟུགས་ནི་ལྀག་གཉིས་མེ་ལོང་འཛིན།། ཅེས་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པའི་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཡིན་ནོ། ་ཞེས་བསྟན་པའི་ཕྱིར་རོ།། གཟུགས་ཀྱི་ལྷ་མོ་ཕྱག་དང་པོ་གཉིས་མེ་ལོང་འཛིན་འཛིན་རིང་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དེ་གཉིས་ཤར་ལྷོའི་མཚམས་ཀྱི་གྲཝ་ལ་གནས་པའོ།། སྒྲ་ནི་ལག་གཉིས་པ་ཝ~ཾ་སྟེ།། ཞེས ་བོ་ནི་དེ་ལྟར་གཟུགས་བརྙན་ལྟ་བུར་མཐོང་བ་དེ་ཉིད་ལ་སྒྲའི་སྒོ་ནས་མོས་པ་འམ་ཡིད་ཆེས་པར་བྱ་བའི་ཕྱིར་སྒྲའི་ལྷ་མོ་བྷྱོ་ནུབ་ཀྱི་གྲཝར་གནས་ཤིང་གི་ན་སྐྱེང་བའི་དོན་ནོ།། དྲི་ནི་ལག་གཉིས་དང་པོར་འཛིན།། ཅེས་པ་ནི ་དེ་ལྟར་མཐོང་ཞིང་ཐོས་པའི་ཆོས་རྣམས་ལས་བདུག་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དྲིའི་ལྷ་མོ་ཕྱག་གཉིས་ལ་དྲིའི་སྣོད་དུང་པོར་འཛིན་ཅིང་ནུབ་བྱང་གི་མཚམས་སུ་གནས་སོ།། རོ་ནི་ལག་ན་སྣོད་བསྣམས་ཏེ། ་ཞེས་པ་ནི་དེ་ལྟར་བདག་མེད་པར་ཁོང་དུ་ཆུད་པ་དེ་ཉིད་ལས་གོང་ནས་གོང་དུ་གོམས་པར་བྱ་བའི་ཕྱིར་རོའི་ལྷ་མོ་བདུད་རྩིས་བཀང་བའི་སྣོད་འཛིན་པ་བྱང་ཤར་མཚམས་སུ་བསྒོམ་པར་བྱའོ།། རེག་ནི་རྡོ་རྗེ་ཡོངས་འཁྱུད་མ། ་སྙིང་ག་དག་ཏུ་ཡོངས་སུ་འཁྱུད།། ཅེས་པ་ནི་དེ་ལྟར་བསྒོམས་པས་སྣང་བ་ཐོབ་པ་དེ་ཉིད་ཆེན་པོར་གྱུར་ནས། ཏིང་ངེ་འཛིན་སྣ་ཚོགས་བདག་གིར་བྱ་ཞིང་དང་དུ་བླངས་པའི་རྟགས་སུ་རིག་གི་ལྷ་མོ་ཕྱག་དང་པོ་གཉིས་ཀྱིས ་ཉིད་ཀྱི་ཐུགས་ཀའི་ཐད་ཀཱར་འི་ཁྱུད་བྱའི་ཚུལ་དུ་བྱས་པ་དཀྱིལ་འཁོར་གྱི་རིམ་པ་གསུམ་པ་ནུབ་བྱང་གི་གྲཝར་བསམ་པར་བྱའོ།། རྡོ་རྗེ་རྒྱ་གྲམ་དམ་ཚིག་གིས།། བདེ་བར་གནས་པ་ཆོས་ཀྱི་དབྱིངས་ཞེས་པ་ནི་དེ་ལྟར་ཏིང ་འཛིན་རྣམས་ཀྱི་མཐུས་རྡོ་རྗེ་ལྟ་བུའི་སྟོང་པོ་ཉིད་ཀྱི་རང་བཞིན་མངོན་དུ་གྱུར་ཞེས་པའི་རྟོགས་སུ་ཆོས་ཀྱི་ལྷ་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྒྱུ་གྲམ་འཛིན་ཅིང་བྱང་ཤར་མཚམས་ཀྱི་གྲཝར་གནས་པའོ།། རྣམ་སྣང་མཛད་སོགས ་དོག་དང་།། མཚོན་ཆ་དག་ནི་ཅི་བཞིན་ཏེ། གཟུགས་ལ་སོགས་པ་རྣམ་བསྒོམ་པ།། ཇི་སྐད་གསུངས་པའི་རིམ་བཞིན་ནོ་ཞེས་པ་ནི་གཟུགས་ལ་སོགུས་པའི་ལྷ་མོ་དྲུག་ཕྱག་དང་པོ་གཉིས ་རང་རྟགས་ཀྱི་ཕྱག་རྒྱ་མ་གཏོགས་པ་ཕྱི་མའི་ཕྱག་མཚན་དང་། སྐུ་མདོག་ལ་སོགས་པའི་ཆ་ལུགས་རྣམས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་སོ་སོའི་རིགས་ཀྱི་དེ་བཞིན་གཤེགས་པ་བཞིན ་དུ་བསྒོམ་པར་བྱ་ཞེས་པའི་དོན་ནོ།། ལྷ་མོ་དེ་རྣམས་དཀྱིལ་འཁོར་དུ་བསྐྱེད་པ་ནི་མ་ཧཱ་ཡོ་གའི་ཚུལ་གྱིས་ལྷ་རྣམས་ལ་ཡུམ་མེད་དུ་མི་རུང་བས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་དུ་བསྟན་པ་དང་། མཆོད ་པའི་ཚུལ་དུ་ཤེས་པར་བྱའོ།། འཇམ་དཔལ་དང་ནི་བྱམས་གཉིས་ཀྱི།། དོམ་ཚིག་གཉིས་ནི་བསྒོམ་བྱ་བ།། སྙིང་རྗེ་མ་དང་བྱམས་མ་གཉིས།། ཁ་དོག་མཚོན་ཆ་དེ་བཞིན་གནས་ཞེས་པ་ནི།། འཇམ་དཔལ་གྱི་ཡུམ་སྙིང ་རྗེ་མ་ཞེས་བྱ་བ།། འཇམ་དཔལ་དང་སྐུ་མདོག་ལ་སོགས་པ་འདྲ་བར་བསྐྱེད་ཅིང་། ལྷོ་ནུབ་ཀྵི་གྲཝར་དགོད་པར་བྱ་བ་དང་། བྱམས་པའི་ཡུམ་བྱམས་མ་ཡང་དེ་བཞིན་དུ་བསྐྱེད་ཅིང་ཤཱར་ལྷོ་མཚམས་སུ་བསྒོ་མོ་ཞེས ་བྱ་བའི་དོན་ནོ།། ཡ་མནྟ་ཀྲྀ་ཏ་ཅེས་པ་ལ་སོགས་པ་དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་ཅིང་བཀོད་པར་བསྟན་ནས། ད་ནི་བགེགས་རྣམ་པ་གཉིས་ཚར་གཅོད་པའི་ཕྱིར། ཁྲོ་བོ་བནི་སོ་སོའི་གཟུགས་དང་བཅས ་པར་བསྐྱེད་ཅིང་། ཨོཾ་སྲུངས་ཚུལ་དུ་བཀོད་པར་བསྟན་ཏོ།། དེ་ལ་བགེགས་རྣམ་པ་གཉིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བཞུགས་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞི་ལ་ཞུགས་པའི་རྣལ་འབྱོར་པ་རྣམས ་ལྟ་བར་ཆད་དུ་གྱུར་པའི་ཉོན་མོངས་པ་རྣམས་དང་། འཕྲལ་དུ་དེ་ལྟར་དཀྱིལ་འཁོར་སྒོམ་ཞིང་བསྒྲུབ་པའི་རྣལ་འབྱོར་པའི་དངོས་གྲུབ་ཀྱི་བར་དུ་གཅོད་པར་བྱེད་པའི་བགེགས་རྣམས་སོ།། ཡེ་ཤེས་ལས་ནི་གྲུབ་པ་ཡིན། ་རྡོ་རྗེ་ཞབས་དྲུག་བསྐྱེད་པར་བྱ་ཞེས་པ་ནི་གོང་མའི་ལྷ་རྣམས་བསྐྱེད་པ་དང་འདྲ་བར་ཞེས་སྡང་རྗེ་དྷཱི་ཡབ་ཡུམ་གྱི་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུཾ་གྱུར་པར་དམིགས་ལ་སྐྱོ་བསྡུ་ལ་སོགས་པ་ཡང་གོང ་མ་བཞིན་དུ་བྱ་ཞིང་རཱི་ཡ་མཱནྟ་ཀྲྀཏ་རྗེས་བསྐུལ་བས་ཁྲོ་བོར་གྱུར་པར་དམིགས་པའོ།། དེ་ལ་ཞབས་དྲུག་ནི་འགྲོ་བ་དྲུག་ཟིལ་གྱིས་མནན་པའི་ཕྱིར་ཞབས་དྲུག་དང་ལྡན་པའོ།། རྡོ་རྗེ་ནི་ཁྲོ་བིའི་ཚེ་ལུགས་སྲིན་པོ་རྣམས ་དང་མཐུན་ཡང་རང་བཞིན་གྱིས་མ་ཡིན་ཞིང་འདུལ་བའི་དབང་དུ་ཡེ་ཤེས་ལས་གྲུབ་པའི་ཕྱིར་རོ།། སྦྱིན་སྔོན་ལྟ་བུའི་ཁེ་དོག་ལ་ཞེས་པ་ལ་སོགས་པས་ནི་ཁྲོ་བོའི་སྐུ་མདོག་ལ་སོགས་པ་ཤིན་ཏུ་ཡང་འཇིགས་པའི་ཚེ ་ལྕགས་སུ་བསྟན་ཏོ།། དེ་ལ་སྦྱིན་སྔོན་ལྟ་བུ་ནི་སྐུ་མདོག་ཤིན་ཏུ་ཡང་གནག་པའོ།། གསུས་པོ་ཆེ་ལ་སྟོབས་པོ་ཆེ་ནི་མིའུ་ཐུང་གི་ཚུལ་དུ་འདུག་པ་གསུས་པ་ཤིན་ཏུ་ཆེ་ཞིང་ཡེ་ཤེས་ལས་གྲུབ་པའི་སྟོབས་ཡིན་པས ་ཁམས་གསུམ་པའི་ཐུབ་པའི་དོན་ནོ།། འོད་ཟེར་ཆེན་པོ་དག་གིས་འབར་བ་ནི་སྐུའི་རང་བཞིན་བསྐལ་བའི་མེ་ལྟར་འབར་བའོ།། ཀུན་ཏུ་འཕྲོ་བས་འཇིགས་པར་བྱེད་པ་ནི་དེ་ལྟ་བུའི་འོད་ཟེར ་ཕྱོགས་བཅུ་ཀུན་ཏུ་འཕྲོས་ཤིང་སེམས་ཅན་ཐམས་ཅད་འཁོར་བ་ལས་འཇིགས་ཤིང་མྱ་ངན་ལས་འདས་པའི་ཕྱོགས་སུ་འབྲོས་པར་བྱེད་པས་དང་། སྣང་བའི་སྲིན་པོ་ལ་སོགས་པ་སྐྲག་ཅིང་འདར་བར་བྱེད་པའོ།། སྤྱན་དམར ་ཞོལ་གདངས་མཆེ་བ་གཙིགས་པ་ཡིས་འཇིགས་པར་བྱེད་པའི་དོན་ནོ།། ཞལ་གསུམ་དག་ནི་རྣམ་པར་བསྐྱོད་པ་ནི་དབུས་མ་གནག་ཅིང་གཡོན་དམར་བའི་ཞལ་གསུམ་གྱིས་ཀྱང་འཇིགས་པར་མཛད་པའི་དོན་ནོ།། འབར་བའི་དབུ ་ནི་གྱེན་དུ་བཅིངས་པ་ནི་དབུ་སྐྲ་སེར་སྐྱར་འདུག་པ་འབར་ཞིང་གྱེན་དུ་འཁྱིལ་པས་ཐོར་ཅོག་དུ་འདུག་པའོ།། བདག་པོ་ཅོད་པན་གནས་བྱས་ཏེ། ནི་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྱི་བོར་བཞུགས ་པའོ།། ཡན་ལག་རྒྱན་གྱིས་ཀུན་ཏུ་བརྒྱན་པོའི།། ཕྱག་དྲུག་པ་ནི་རྣམ་པོར་བསྒོམ།། ཞེས་པ་ནི་ཁྲོ་བོ་རྒྱན་ཐོད་པ་ལ་སོགས་པས་བརྒྱན་པ་ཕྱག་དྲུག་པར་བསྒོམ་པའི་དོན་ནོ།། འཁོར་ལོ་རལ་གྲི་བསྙེམས་པས་འཛིན།། གཏུན ་ཤིང་མངོན་པར་སྟོད་པའི་ཕྱག་རྒྱ་ཞེས་པ་ནི་གཡས་ཀྱི་གསུམ་ལ་རིམ་པ་བཞིན་ནོ།། གཡོན་པ་འགྱིངོ་ཞིང་དྲིལ་བུ་མཆོག། དགྲ་སྟེ་ཞགས་པའི་སྡིགས་པར་བཅས།། ཞེས་པ་ནི་གཡོན་གྱི་དང་པོ་དང་སྔ་མ་ལ་དྲིལ་བུ་དང ་དགྲ་སྟའོ།། ཐ་མ་ལ་ཞགས་པ་སྡིགས་མཛུབ་ལ་དཀྲིས་ཤིང་བསྡིགས་པར་བྱེད་པའོ།། སྙིང་ག་ནས་ནི་ཕྱུང་གྱུར་ནས།། ཉི་མའི་དཀྱིལ་འཁོར་དབུས་དག་ཏུ།། གཡས་བརྐྱང་གཤིན་རྗེ་མནན་ནཱས་ནི།། ཤར་ཕྱོགས་ཀྱི་གྲཝར ་གནས་པའོ།། ཞེས་བྱ་བ་ནི་གོང་མེ་རྣམས་བཞིན་དུ་གསང་བ་ཐུགས་ཀ་ནས་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་བྱས་ནས། སླར་བྱོན་ཅིང་ཤར་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི ་གདན་ལ་གཤིན་རྗེའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གཟུངས་དང་བཅས་པར་གནས་པའི་དོན་ནོ།། པྲ་ཛྙཱནྟ་ཀྲྀཏཱ་ཡེ་ཤེས་ལས་ནི་གྲུབ་པ་ཡི།། རྡོ་རྗེ་གཞོན་གྱིས་མི་ཐུབ་བསྐྱེད་ཅེས་པ་སྔགས་འདིས་བསྐུལ་ཞིང་གོང་མ་བཞིན ་དུ་ཡི་གེ་ཧཱུཾ་ལས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་བསྐྱེད་པའོ།། འོད་ཟེར་ཆེ་བ་སྟུག་འབར་ཞིང་། སྦྲུལ་རྣམས་ཀྱིས་ནི་ཡནྡ་ལག་བརྒྱན།། ཞེས་པ་ནི་སྐུལ་རྒྱན་གྱི་ཚུལ་དུ་ཐོད་ཆིངས་དང་རྐེད་ཆིངས་ལ་སོགས་པ་སྦྲུལ་ལ་བྱས ་ཤིང་འོད་ཟེར་བསྐལ་པའི་མེ་ལྟར་འབར་བ་ཕྱོགས་བཅུར་འཕྲོ་བའི་དོན་ནོ།། འབར་བའི་དབུ་ནི་བརྟན་པར་བཅིངས།། མི་འཁྲུགས་པས་ནི་སྤྱི་བོར་བརྒྱན།། ཞེས་པ་ནི་དབུ་སྐྲ་སེར་སྐྱ་འབར་བ་གྱེན་དུ་འཁྱིལ་ཅིང་ཐོ་རེ་ཅོག་ཏུ ་འདུག་པའི་སྟེང་དུ། བཅོམ་ལྡན་འདས་མི་བསྐྱོད་པ་དབང་བསྒྱུར་བའི་ཚུལ་དུ་བཞུགས་པར་བསམ་པའོ།། ཁྲོ་གཉེར་མཛད་ཅིང་དམར་བའི་སྐྱོན།། ཞལ་གསུམ་དག་ནི་རྣམ་པར་གདོངས།། ཞེས་པ་ནི་དབུ་མ་སྐུ་དང་མཐུན་པའོ།། ་གཡས་གནག་ཅིང་གཡོན་པ་དམར་བའི་ཞལ་གསུམ་དང་ལྡན་པའོ།། དེ་ཡང་འཇིགས་པ་འབྱེད་པའི་ཕྱིར།། ཁྲོ་གཉེར་རིམ་པ་མང་བ་དང་།། སྤྱན་ཤིན་ཏུ་དམར་བར་བསྟན་ཏོ།། དུང་དང་ཀུནྡ ་ཟླ་འདྲ་བ་ཡི།། ཞེས་པ་ནི་སྐུ་མདོག་ཤིན་ཏུ་དཀར་བར་བསྟན་ཏོ།། ཞབས་གཡས་བརྐྱང་བར་གནས་པ་ནི་འདུག་སྟངས་ཡིན་ཏེ། གཡས་བརྐྱང་ཞིང་གཡོན་བསྐུམ་པའོ།། རྣམ་པ་ཐམས་ཅད་མཆོག་ལྡན་པའི་ནི་སངས་རྒྱས ་ཀྱི་ཡོན་ཏན་གྱི་ཁྱད་པར་དང་། ཁྲོ་བོའི་རྒྱན་གྱི་ཁྱད་པར་ཐོད་པ་ལ་སོགས་པ་རྣམས་སོ།། ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་པ་ལ་སོགས་པས་ཕྱག་དྲུག་ལེ་ཕྱག་མཚན་རིམ་པ་བཞིན་དུ་ཤེས་པར་བྱ་བའི་དོན་ནོ།། དེ ་བཞིན་སྙིང་གནས་བྱུང་ནས།། ཉི་མའི་དཀྱིལ་འཁོར་དབུས་དག་ཏུ།། ལྷོ་ཡི་སྒོ་ཡི་དབུས་སུ་ནི།། འདོད་དབང་མནན་ནས་ཡང་དག་གནས།། ཞེས་བྱ་བ་ནི་གོང་མ་བཞིན་དུ་གསང་བའི་ཐུགས་ཀ་ནས་ཕྱོགས་བཅུའི་སེམ ་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་འདོད་པའི་དབང་པོ་ཨུ་མ་དེ་བའམ་བརྒྱ་བྱིན་མནན་པའི་ཚུལ་དུ་གཟུངས་དང་བཅས་པར་གནས་པའི་དོན་ནོ།། པདྨནྟ་ཀྲྀཏ ་ཡེ་ཤེས་ལས་ནི་གྲུབ་པ་ཡི།། རྡོ་རྗེ་གཉིས་མདོ་བསྐྱེད་པར་བྱ་ཞེས་པ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་ཧྲིཿའམ་ཧཱུཾ་ལས་གོང་མ་བཞིན་དུ་ཁྲོ་བོ་ཧ་ཡ་གྲཱྀ་བ་བསྐྱོད་པར་བྱ་ཞེས་པའི་དོན་ནོ།། དེ་ལ་རྡོ་རྗེ་གཉིས་མེད ་ཅེས་བྱ་བ་ནི་རྡོ་རྗེ་དང་པདྨོར་སྦྱོར་བའི་ཕྲིནྡ་ལས་ལ་པདྨའི་རིགས་ཁྱད་པར་དུ་བསྟན་པའི་ཕྱིར་རོ།། འོད་ཟེར་སྟུག་པོ་འབར་བ་ནི་གོང་མ་བཞིན་ནོ།། བནྡུ་ཀའི་མེ་ཏོག་འདྲ་བ་ནི་སྐུ་མདོག་དམརཱ་སྡུག་དུ་འདུག་པའོ།། དབུ་སྐྲ་འབྲུ ་བཅིངས་གྱེན་དུ་བསྒྲེབ་པ་ཡང་གྲོང་མ་བཞིན་ནོ།། རྡོ་རྗེ་སྣང་བས་རྣམ་པར་བརྒྱན།། བ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྤྱི་བོར་བསྒོམ་པའོ།། ཕྱག་དྲུག་པ་ནི་འཇིགས་པ་ཆེ།། ཞལ་ནི་ཁྲོ་གཉེར་མཛད་པ་ནི།། ཤིན ་ཏུ་ཡང་ཁྲོ་བའི་ཆ་ལུགས་འཇིགས་པར་མཛད་པའོ།། ཕྱག་ནི་པདྨ་སྐྱེད་མཛད་ཅིང་།། རལ་གྲི་གཏུན་ཤིང་མཚོན་ཆ་འཕྱར་བ་ནི་གཡས་གསུམ་རིམ་པ་བཞིན་ནོ།། གཡས་བརྐྱང་འགྱིང་བའི་ཚུལ་དུ་གནས་པ་ནི་འདུག ་སྟངས་སོ།། གཡོན་དྲིལ་བུ་དགྲ་སྟ་ཞགས་པ་འཆང་བ་གོང་མ་བཞིན་ནོ།། ཁྲོ་བོ་སྙིང་ག་ནས་ཕྱུང་ནས།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི།། བཏུལ་ནས་ཚངས་ཆེན་སྐྱེང་དུ་ནི།། ནུབ་ཀྱི་ཕྱོགས་ཀྱི་སྒོ་རུ་གནས་ཞེས ་བྱ་བ་ནི་དྭེ་ལྟ་བུའི་ཁྲོ་བོ་གོང་མ་བཞིན་དུ་གསང་བའི་ཐུགས་ཀ་ནས་བྱུང་ནས་ཕྱོགས་བཅུའི་སེམས་ཅནཱ་བཏུལ་མ་ཐག་ཏུ་སླར་གཤེགས་ནས་ཉི་མའི་དཀྱིལ་འཁོར་གྱི་གདུན་ལ་ཚངས་བྱ་ཆེན་པོ་མནན་པའི་ཚུལ ་དུ་ནུབ་ཀྱི་ཕྱོགས་གནས་པར་སྒོམ་པའི་དོན་ནོ།། བིགྷྣཱཾ་ཏ་ཀྲྀཏ། ཡེ་ཤེས་ལས་ནི་གྲུབ་པ་ཡི།། བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ་ཞེས་པ་ནི་སྔགས་འདིས་བསྐུལ་ཞིང་ཡི་གེ་ཧཱུཾ་ལས་གོང་མ་དང་འདྲ་བར་ཁྲོ་བོ ་བདུད་རྩི་འཁྱིལ་པ་བསྐྱེད་པར་བྱ་བའི་དོན་ནོ།། འོད་ཟེར་སྟུག་འཕྲོ་འབར་བ་ཡི།། ཁ་དོག་ཟར་མའི་མེ་ཏོག་འདྲ་བ་ནི་སྐུ་མདོག་ཟར་མའི་མེ་ཏོག་བཞིན་དུ་སྔོ་སྦྱར་འདུག་ཅིང་སྐུ་ལས་འོད ་ཟེར་བསྐལ་པའི་མེ་དང་འདྲ་བ་འཕྲོ་ཞིང་ཕྱོགས་བཅུར་ཁྱབ་པར་བྱེད་པའི་དོན་ནོ།། འབར་བ་དཀྲིགས་པའི་སྒྲ་ཅན་ལ།། རྡོ་རྗེ་དོན་གྲུབ་ཅོད་པན་གནས།། ཞེས་པ་ནི་དབུ་སྐྲ་སྡེར་སྐྱ་འབར་བ་གྱེན་དུ་འཁྱིལ་ཅིང་ཐེར་ཅོག ་འདུག་པའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྒོམ་པར་བྱ་ཞེས་པའི་དོན་ནོ།། ཞལ་གསུམ་ཁྲོ་གཉེར་བསྐྱེད་མཛོད་ཅིང་།། མཆེ་བ་རྣོ་ཆེན་ཧ་ཧུ་ར་བཞད་ཅེས་པ་ནི་ཤིན་ཏུ་འཇིགས་པར་བྱེད་པའི་ཁྲོ་བོའི་ཆ་ལུ ་ཞལ་གསུམ་ཁྲོ་གཉེར་རིམ་པ་མང་བ་ལྗགས་གློག་བཞིན་སྐྱོད་ཅིང་ཤིན་ཏུ་རྣོ་བའི་མཆེ་བ་གཙིགས་པར་འདུག་པ།། ཁམས་གསུམ་བྲིད་པར་བྱེད་པར་གང་རྒྱངས་ཆེན་པོའི་གསུང་འབྱིན་པོའི་དོན་ནོ།། དེ་ལ་ཞུལ ་གསུམ་ལ་དབུས་མ་སྐུ་དང་མཐུན་པར་གཡས་དཀར་ཞིང་གཡོནཱ་དམར་བའོ།། རྡོ་རྗེ་རྒྱ་གྲམ་རལ་གྲི་མཚོན།། ཕྱག་ནཱ་གཏུན་ཤིང་གསོད་པར་གནས།། ཞེས་བྱ་བ་ནི་གཡོས་ཀྱི་ཕྱོགས་ཀྱི་ཕྱག་གསུམུ་ལ་རིམ་པ་བཞིན།། ་གསིད་པར་གནས་པ་བགེགས་རྣམས་ལ་རྡེག་པའི་ཚུལ་དུ་འཛིན་པའོ།། དྲིལ་བུ་དགྲ་སྟ་རལ་གྲི་དག། གཡོན་པའི་ཕྱག་ཏུ་རྣམ་པར་བརྟག། ཅེས་པ་ཡང་རིམ་པ་བཞིན་དུ་འཛིན་པར་ཤེས་པར་བྱ་བོའི་དོན་ནོ།། དེ་བཞིན་སྐྱོང ་ག་ནས་ཕྱུང་ནས།། ཉི་མའི་དཀྱིལ་འཁོར་དབུས་སུ་ནི། ཁྲོ་བོ་ཞབས་གཡས་བརྐྱང་བ་ཡིས།། བགེགས་རྒྱལ་གནོན་པའི་ཚུལ་དུ་ནི།། བྱང་གི་སྒོ་ཡི་དབུས་སུ་གནས་ཞེས་པ་ན་གོང་མ་རྣམས་དང་འདྲ་བར་གསང་བའི་ཐུགས་ཀ། ་ནས་ཕྱུང་ནས་ཕྱོགས་བཅུའི་སེམས་ཅན་གྱི་དོན་མཛད་མ་ཐག་ཏུ་སླར་བྱོན་ནས། དཀྱིལ་འཁོར་གྱི་བྱང་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་གྱི་གདུན་ལ་བགེགས་ཀྱི་རྒྱལ་པོ་བི་ནནཱ་ཡ་ཀཱའི་སྟེང་དུ་བརྐྱང་བསྐུམ་གྱི་ཚུལ་དུ་གནས ་བྱར་བསྒོམ་པའི་དོན་ནོ།། ཁྲོ་གཉེར་དམ་ཚིག་གསུངས་པ་ནི།། རོ་ལངས་གཞན་གྱིས་མི་ཐུབ་པ།། ཁྲོ་གཉེར་རལ་པ་གཅིག་མ་སྟེ།། ལྷ་མོ་འདི་དག་རབ་ཏུ་གྲགས་ཞེས་བྱ་བ་ནི་གཤིན་རྗེ་གུ་ཤྲཱིད་ལ་སོགས་པའི་སྒོ་བཞིའི་ཁྲོ ་བོ་རྣམས་ཀྱི་གཟུངས་བསྟན་ཏེ། དེ་ལ་དམ་ཚིག་ཅེས་པ་ནི་ལྷ་མོ་འདི་རྣམས་དང་ཁྲོ་བོ་དེ་དག་རྟག་ཏུ་གཉིས་སུ་མེད་པའི་ཚུལ་ལས་མི་འདའ་བས་སོ།། དེ་ལ་རོ་ལངས་མྱ་ནཱི་གཤིན་རྗེ་གཤེད་ཀྱིའོ།། གཞན་གྱིས་མི་ཐུབ་མ་ནི་ཤེས ་རབ་མཐར་བྱེད་ཀྱིའོ།། ཁྲོ་གཉེར་ཅན་ནི་པདྨ་མཐར་བྱེད་ཀྱིའོ།། རལ་པ་གཅིག་མ་ནི་བགེགས་མཐར་བྱེད་ཀྱིའོ།། འདི་རྣམས་ཀྱི་རྒྱན་དང་ཆ་ལུགས་ལ་སོགས་པ་ནི་སོ་སོའི་བདག་པོ་བཞིན་དུ་ཤེས་པར་བྱའོ།། སངས་རྒྱས་རྣམས ་ནི་མཉམ་སྦྱོར་བས།། སེམས་དཔའི་སྐྱིལ་ཀྲུང་གནས་པ་སྟེ། ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་འདུག་པ་བསྟན་ཏེ། དེ་ལ་རིགས་ལྔའི་སངས་རྒྱས་རྣམས་ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ཡིན་པའི་རྟག་སུ་སེམས ་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ།། བྱང་ཆུབ་སེམས་དཔས་དེ་བཞིན་གསུངས། ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་མ་རྣམས་དང་གཉིས་སུ་མེད་པར་སྦྱོར་བ་ཡིན་པས ་གོང་མ་བཞིན་དུ་སྐྱིལ་མོ་ཀྲུང་དུ་འདྲའོ།། ཁྲོ་མོ་གཡོན་བརྐྱང་དྲག་ཏུའོ།། ཞེས་པ་ནི་ཁྲོ་བོ་དང་། ཁྲོ་མོ་རྣམས་ཀྱང་གཉིས་སུ་མེད་པར་སྦྱོར་བ་ཡིན་པས་ཁྲོ་བོ་ནི་གཡས་བརྐྱང་ལ་གཡོན་བསྐུམ་པ། ཁྲོ་མོ་ནི་གཡོན་བརྐྱང་ལ ་གཡས་བསྐུམ་པའི་དོན་ནོ།། དཀྱིལ་འཁོར་དག་ནི་བསྐྱེད་པའི་རྣམས།། ཐམས་ཅད་དམ་ཚིག་བཞིས་རྒྱས་བཏབ་པ་ཞེས་པ་ནི་དཀྱིལ་འཁོར་དགུ་ནི་བསྐྱེད་པའི་ལྷ་རིགས་ལྔའི་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཕྱག་རྒྱ ་བཞི་དང་ལྡན་པས་དམ་ཚིག་བཞི་རྒྱས་བཏབ་ཅེས་བྱའོ།། དེ་ལ་ཕྱག་རྒྱ་བཞི་ནི་ལྷ་སོ་སོའི་མཚན་དང་དཔེ་བྱད་ལ་སོགས་པའི་ཆ་ལུགས་ཀྱིས་སྐུའི་ངོ་བོར་གནས་པ་ཉིད་ཕྱག་རྒྱ་ཆེན་པོའོ།། །། ཡ་བ~ཾ་ཡུམ ་དང་ལྡན་ལ་ཡབ་ཡུམ་དང་ལྡན་པ་ནི་སོ་སོའི་དམ་ཚིག་ཡིན་པས་སོ་སོའི་དམ་ཚིག་ཕྱག་རྒྱའོ།། དེ་གཉིས་གཉིས་སུ་མེད་པར་སྦྱོར་བའི་བདེ་བ་ཆེན་པོ་ཉམས་སུ་བླངས་པ་ནི་ཆོས་ཉིད་ཀྱི་ཕྱག་རྒྱའོ།། དེ་ལྟར་ཉམས་སུ་བླངས་ནས ་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་སེམས་ལས་སེམས་ཅན་ཇི་ལྟར་འདུལ་བ་དང་མཐུན་པར་སྐུ་སྤྲོས་ཤིང་དོན་མཛད་པ་ནི་ལས་ཀྱི་ཕྱག་རྒྱའོ།། དེ་བཞི་དང་གོང་དུ་བསྟན་པ་བཞི་ཚུལ་དུ་ཤེས་པར་བྱའོ།། དེ་ལྟར་སྦྱོར་བས་མཉ ་བསྡུས་ནས། ཕྲ་མོ་སྦྱོར་བ་བརྩམ་པར་བྱ་བ་ནི་གོང་དུ་བསྟན་པ་བཞིན་དུ་དཀྱིལ་འཁོར་དུ་ལྷ་རྣམས་བཀོད་ཅིང་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པར་བསྒོམས་ནས། འོག་ནས་འབྱུང་བའི་ཚུལ་དུ་རྡོ་རྗེ་ཕྲ་མོའི་ཏིང ་འཛིན་བསྒོམ་ཞེས་པའི་དོན་ནོ།། སྐྱབས་འདིར་ཕྲ་མོའི་ཏིང་ངེ་འཛིན་ཅིའི་ཕྱིར་བསྟན་ཞེ་ན། ཡི་ག་ལ་སོགས་པའི་ཆོས་འོག་མ་རྣམས་ཀྵེ་ཚུལ་ཏིང་འཛིན་གྱི་འོག་ཏུ་བཟླས་པ་བྱ་བ་ཡིན་པས་དེ་དག་དང་མཐུན་པར ་བསྟན་ཏོ།། དེ་ལྟར་དཀྱིལ་འཁོར་བསྒོམ་པ་ནི་ཏིང་ངེ་འཛིན་ཡིན་པས་ཕྲ་མོ་སྦྱོར་བ་ནི་བཟླས་པར་བསྟན་ཏོ།། ཡང་ན་ཡན་ལག་བཞི་ལ་བཞིར་ཆེ་བའི་སྒྲུབ་པ་ཆེན་པོའི་བསྙེན་པ་ཡིན་པས་འདི་ལྟར་བསྟན་ཏོ།། དེ་ལ་བཞི ་བཞིར་ཞེས་པ་ནི།། ལུས་དང་ངག་ཡིད་རྡོ་རྗེ་ནི་ཞེས་པ་ནས་བདག་ཉིད་རང་བཞིན་མེད་མཐོང་ནས། ཞེས་པའི་བར་དུ་ནི་བསྙེན་པའོ།། ཡི་གེ་རྣམ་པར་བསྒོམ་པར་བྱ།། ཞེས་པ་ནི་ཡི་གེ་འབྲུ་གསུམ་ཞུ་བར་བརྟག་ཅེས་པའི ་བར་དུ་བསྙེན་པའི་ཉེ་བའི་བསྙེན་པའོ།། ཡེ་ཤེས་འོད་ཟེར་རྣམ་སྤྲོས་པས།། ཞེས་པ་ནི་དྷཱརྨྨ་དྷཱ་ཏུ་སྔགས་ཀྱི་བར་དུ་བསྙེན་པའི་སྒྲུབ་པའོ།། བྱང་ཆུབ་སེམས་དེ་ཀུན་ཏུ་དག་ཅེས་པ་ནས་གཟུགས་ཀྱི་ངོ་བོར་རྣམ་པར་བསྒོམ་ཞེས ་པའི་བར་དུ་བསྙེན་པའི་བསྒྲུབ་པ་ཆེན་པོའོ།། སྔགས་ཀྱི་སྐུ་ནི་མཐར་ཕྱིན་པ་ཞེས་པ་ནས་། དེ་ལྟར་དོན་ཀུན་རབ་བཞུགས་ནས། ཞེས་པའི་བར་དུ་ཉེ་བའི་བསྙེན་པའོ།། སངས་རྒྱས་ཀུན་བདག་གཙོ་བོ་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ ་ཏཱ་ཙིཏྟ་བཛྲཱ་ཞེས་པ་ནི་ཉེ་བའི་བསྙེན་པའི་ཉེ་བའི་བསྙེན་པའོ།། དེ་ལྟར་བདག་ཉིད་བྱིན་བརླབས་པས་ཞེས་པ་ནས། ཡི་གེ་མཆོག་སྟེ་དམ་པའི་ཞེས་པའི་བར་དུ་ནི་ཉེ་བའི་བསྙེན་པའི་བསྒྲུབ་པའོ།། དེ ་ལྟར་གནས་སྐབས་དེར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བར་བྱེད་པ་ནི་ཉེ་བའི་བསྙེན་པོའི་སྒྲུབ་པ་ཆེན་པོའོ།། སྡོམ་པ་ལ་གནས་སྔགས་པ་ཡིས།། ཞེས་པ་ནས་ཁ་དང་པདྨ་ལ་ནི་དམིགས་ཞེས་པའི་བར་དུ ་སྒྲུབ་པའི་བསྙེན་པའོ།། ཧཱུཾ་ཞེས་པ་ནི་རྡོ་རྗེ་སྦྱང་ཞེས་པ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨོཾ་ནུ་རཱ་ག་ཞེས་པའི་བར་དུ་ནི་སྒྲ་བ་པའི་ཉེ་བའི་བསྙེན་པའོ།། རྡོ་རྗེ་ཉི་མེ་ནུབ་ནས་ནི་ཞེས་པ་ནས། སེམས་དེ་བཀུག་ནས་པད་བཞུགས་ལས ་ཤེས་པའི་བར་དུ་ནི་བསྒྲུབ་པའི་སྒྲུབ་པའོ།། དེ་བཞིན་གཤེགས་པའི་རིགས་ཀུན་སྤྲོ་ཞེས་པ་ནས། ཐམས་ཅད་དམ་ཚིགས་བཞིས་རྒྱས་བཏབ། ཅེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའོ།། དེ་ལྟར་སྦྱོར་བ་མཉམ་བསྡུས་ནས།། ཞེ ་པ་ནས་ལུས་དང་ངག་ཡིད་མཚོན་པའོ།། ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་བསྙེན་པའོ།། དེ་ནས་སྤྲོ་བ་བྱ་བ་ནི་ཞེས་པ་ནས། བཟླས་པ་སྤྲོས་པ་བསྡུས་ནས་ནི།། ཞེས་པའི་བར་དུ་ནི་བསྒྲུབ་པ་ཆེན་པོའི་ཉེ་བའི་བསྙེན ་བའོ།། སྒྲུབ་ནས་སེམས་དཔའ་བསྒྲུབ་པར་བྱ་ཞེས་པ་ནས། རྡོ་རྗེ་ག་སང་བའི་དངོས་གྲུབ་པོ་ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་སྒྲུབ་པ་ཆེན་པོའོ།། འཇིགས་ཤིང་སྐྲག་པའི་ཐུགས་ཀྱིས་ནི་ཞེས་པ་ནས། རྡོ་རྗེ་སེམས་དཔར ་དེ་འགྱུར་རོ་ཞེས་པའི་བར་དུ་ནི་སྒྲུབ་པ་ཆེན་པོའི་ཡང་ཆེན་པོར་ཤེས་པར་བྱའོ།། སྣ་རྩེར་ཡུངས་ཀར་བསམས་ནས་ནི། ཡུངས་ཀར་དེ་ནི་སྤྲོ་བར་བསྡུ་ཞེས་པ་ནི་སེམས་སྦྱང་བའི་ཏིང་ངེ་འཛིན་བསྟན་ཏོ།། རྣལ་འབྱོར་པ་བདག ་གི་སྣའི་རྩེ་མོར་ཡུངས་ཀར་གཅིག་བསམ་ཞིང་དེ་མངོན་སུམ་དུ་མ་གྱུར་གྱི་བོར་དུ་སེམས་དངོས་པོ་གཞན་ལ་མེ་གཡེང་བར་དེ་ཁོ་ན་ཉིད་བསྒོམ་པར་བྱའོ།། དེ་ནས་རེག་པ་འོ་མ་རེག་པའི་རྟགས་སམ་མཐོང་བ་འམ་མཐོང་བའི ་རྟགས་མངོན་སུམ་དུ་གྱུར་པ་དང་སྤྲོ་ཞིང་བསྡུ་བར་བྱའོ།། དང་པོ་གཅིག་སྨྲོས་ཤིང་བསྡུས་པ་བཞིན་དུ་གཉིས་ནས་བཅུ་དང་། བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་དང་བྱེ་བ་ལ་སོགས་པའི་གྲངས་དཔག་ཏུ་མེད་པའི་བར ་དུ་སེམས་ཀྱིས་ལྕོགས་ཐང་སྤྲོ་ཞིང་བསྡུ་བར་བྱའོ།། དེ་ལྟར་སྤྲོས་ཤིང་བསྡུས་པ་བསྟན་པ་དང་། ཡུངས་ཀར་དེའི་ནང་དུ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སོ་སོའི་བྱེ་བྲག་དང་བཅས་པར་མ་འདྲེས་པར ་བསམ་མོ།། དེ་ལྟར་གནས་པ་དེ་ཡང་མངོན་སུམ་དུ་གསལ་བར་མ་གྱུར་གྱི་བར་དུ་བསྒོམ་པར་བྱའོ།། གསལ་བར་གྱུར་པ་དང་གོང་མ་བཞིན་དུ་གཅིག་ནས་དཔག་ཏུ་མེད་པའི་བར་དུ་སྤྲོ་ཞིང་བསྡུ་བས་སེམས་སྦྱངས ་ལ་སྒྲུབ་པ་འཇུག་པར་བྱ་ཞེས་པའི་དོན་ནོ།། ཚད་མེད་ཡེ་ཤེས་གནས་ཐོབ་ཕྱིར།། གསང་བའི་ཡེ་ཤེས་བརྟག་པའི་ཞེས་པ་ནི་དེ་ལྟར་སེམས་ལས་སུ་རུང་བའི་རྣལ་འབྱོར་པས། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང ་ཐུགས་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་འཇིག་རྟེན་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པར་འདོད་ན་ཐུན་མོང་མ་ཡིན་པ་དང་། ཐོབ་པར་དཀའ་བས་གསང་བའི་ཡེ ་ཤེས་ཞེས་བྱ་སྟེ། འོག་ནས་འབྱུང་བའི་ཁ་དོག་ལྷ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱ་ཞེས་པའི་དོན་ནོ།། ཁ་དོག་ལྔ་པ་རིན་པོ་ཆེ།། ཡུངས་ཀར་སྦོམ་པོའི་ཚད་ཙམ་དག། སྣ་ཡི་རྩེ་མོར་ནན་ཏན་དུ།། རྣལ ་འབྱོར་པས་ནི་རྟག་ཏུ་བསྒོམ་ཞེས་པ་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པར་བསྟན་ཏོ།། བདག་གཟུངས་དང་རིན་པོ་ཆེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཕྱག་རྒྱར་བསྒོམ་ཞིང་རྡོ་རྗེ་དང་པདྨར་ལྡན་པར་གཉིས ་སུ་མེད་པར་བྱས་ལ་གྲོང་གི་ཡུངས་ཀར་བཞིན་དུ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་ཡུངས་ཀར་བཞིན་དུ་ཡེ་ཤེས་ལྔའི་འོད་ཟེར་འབྲར་བ་ཡུངས་ཀཱར་ཅུང་ཟད་ཆེ་བ། བདག་གི་སྣའི་རྩིརྩེ་མོར་སེམས་མི་གཡེང་པར་བསྒོམ་པར་བྱའོ།། ་བརྟན་པར་གྱུར་ནས་རིན་ཆེན་སྤྲོ།། གཏན་པར་མ་གྱུར་ཡོངས་མི་སྤྲོ་ཞེས་པ་ནི་གོང་མེ་ལྟར་མངོན་སུམ་དུ་མ་གྱུར་པར་སྤྲོ་བར་མི་བྱ་ཞེས་པའི་དོན་ནོ།། དེ་ལ་སྤོ་བའི་ཚུལ་ནི་གསལ་བར་མངོན་སུམ་དུ་གྱུར་པ་དང་།། སྣའི་བུ་ག ་ནས་འདས་ཤིང་སྙིང་གར་གནས་པའི་སྣའི་རྩེར་མོར་བྱུང་ཞིང་སླར་འདས་ནས་ཐུགས་ཀར་གནས།། ཐུགས་ཀ་ནས་གསང་བ་རྡོ་རྗེར་གནས།། གསང་བའི་རྡོ་རྗེ་ནས་ཡེ་ཤེས་སེམས་དཔའི་པདྨར་གནས།། པདྨ་ནས་ཐུགས ་ཀར་རོ།། ཐུགས་ཀ་ནས་སྣའི་རྩེ་མོར་རོ།། སྣའི་རྩེ་མོ་ནས་བདག་གི་སྙིང་གར་རོ།། བདག་གི་སྙིང་ག་ནས་གསང་བའི་རྡོ་རྗེར་རོ།། གསང་བའི་རྡོ་རྗེ་ནས་གཟུངས་ཀྱི་པདྨར་རོ།། པདྨ་ནས་སྙིང་གར་རོ།། སྙིང་ག་ནས་སྣའི་རྩེ་མོར་རོ།། ་སྣའི་རྩེ་མོ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐངས་ནས། དང་པོའི་གནས་སུ་སླར་བསྡུ་བར་བྱ་བའོ།། སངས་རྒྱས་འོད་འབར་ལྟ་བུ་ཡི།། སྤྲིན་གྱི་མཆོག་ནི་སྤྲོ་བར ་བྱ་ཞེས་པ་ནི་དེ་ལྟར་སྤྲོས་ཤིང་སླར་བསྡུས་པའི་སྐུའི་རྩེ་མོར་གནས་པའི་རིན་པོ་ཆེ་ལས་འོད་ཟེར་དང་། འོད་ཀྱི་དཀྱིལ་འཁོར་དང་ལྡན་ཞིང་མཆིན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་གྱིས་སྤྲས་པའི་སྐུ་མངོན་སུམ་པ ་ལྟོལྟ་བུའི་རིན་པོ་ཆེའི་རིགས་ཀྱི་ལྷ་དང་ལྷ་མིའི་སྐུ་ཕྲ་མོ་གོང་གི་རིན་པོ་ཆེ་ཙམ་འམ།། རིན་པོ་ཆེ་བྱས་ཅུང་ཟད་ཆེ་བ་གྲངས་མེད་པ་སྤྲིན་བཞིན་དུ་གོང་མའི་ཚུལ་དུ་སྤྲོ་བར་བྱ་བའི་དོན་ནོ།། ཨུཏྤལ་སྟོན་པའི་མདོགེ་འདྲ་བ།། རྩེ་མོ ་ལྔ་པ་ཁྱད་པར་དུ།། ནས་ཀྱི་ཚོད་ཙམྦ་ནན་ཏན་དུ།། སྣའི་རྩེ་མོར་རྣམ་པར་བསམ་ཞེས་པ་ནི་རྡོ་རྗེའི་རིགས་ཀྱི་ཕྲ་མོའི་སྦྱོར་བ་བསྟན་ཏེ། བདག་དང་གཟུགས་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཚུལ་དུ་གོང་མ་བཞིན་དུ་གན ་ལ་རྡོ་རྗེ་རྩེ་མོ་ལྔ་པ་རིན་པོ་ཆེ་བཻ་ཌཱུརྱའི་མདོག་འདྲ་བ་ཡིས་ལྔའི་རང་བཞིན་ཁ་དོག་ལྔའི་འོད་འཕྲོ་བ་ན་ཆེ་བཙ་གྱི་ཚད་བདག་སྣའི་རྩེ་མོ་བསམས་ལ་སྤྲོ་བསྡུའི་བའི་ཚུལ་གོང་མ་བཞིན་ནོ།། འཁོར་ལོ་ལ་སོགས་པའི་བྱེ་བྲག་དག ་དེ་ལྟར་བསྒོམ་པར་བརྟག་པ་སྟེ་ཞེས་བྱ་བ་ནི་གོང་གི་རིན་པོ་ཆེ་དང་། རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་དང་། པདྨོའི་རིགས་དང་། ལས་ཀྱི་རིགས་བསྒོམ་ནཱ་ཡང་འཁོར ་ལོ་དང་པདྨ་དང་། རལ་གྲི་ཆེ་ཆུང་སྲན་མུ་ཙཱ་མཱ་སོ་སོའི་ཁ་དོག་དང་ལྡན་པ། ཡེ་ཤེས་ལྷའི་རང་བཞིན་འོད་འཕྲོ་བ་གོང་མ་བཞིན་དུ་སྣའི་རྩེ་མོར་བསམ་ཞིང་སྤྲོ་བསྡུ་ལ་སྩོགས་པ་བྱ་བའི་དོན་ནོ།། རྡོ་རྗེ་འཁོར་ལོ་སྤྲིན་ཆེན་པོས།། ་པདྨ་འཛིན་ཅིང་ཚོན་ཆ་འཛིན་ཞེས་པ་ནི་རྡོ་རྗེ་ནི་ཞེ་སྡང་རྡོ་རྗེའོ།། འཁོར་ལྀ་རྣམ་པར་སྣང་མཛོད་ཀྱིའོ།། པདྨ་ནཱི་སྣང་བ་མཐའ་ཡས་ཀྱིའོ།། མཛོད་ནི་རལ་གྲི་སྟེ་དོན་ཡོད་གྲུབ་པའི་འོ།། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཕྱག་མཚན་དུ ་འཛིན་པས་མཚོན་ཆ་འཛིན་ཞེས་དེ་རྣམས་ལ་བྱ། དེ་ལ་ཅི་ལྟར་རིན་པོ་ཆེ་འབྱུང་ལྗིན་གྱི་ཕྱག་མཚན་རིན་པོ་ཆེ་སྤྲོས་ནས། བརྟན་ཞིང་གསལ་བར་གྱུར་པ་དང་། དེའི་རིགས་ཀྱི་ལྷ་དང་ལྷ་མོའི་སྐུ་ཕྲ་མོའི་བསྒོ་བསྡུ་བྱས་པ་དེ ་བཞིན་དུ། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམས།། རིམ་པ་བཞིན་དུ་སྤྲོས་ཤིང་བསྡུས་པ་ལས་གསལ་བར་གྱུར་པ་དང་། སོ་སོའི་རིགས་ཀྱི་ལྷ་དང་། ལྷ་མོའི་སྐུ་ཕྲ་མོ་སྤྲིན་བཞིན་དུ་སྤྲོ་བར་བྱ་ཞེས་པའི་ངན་ནོ།། བྱང་ཆུབ ་སེམས་དཔའི་སྤྲིན་ཆེན་པོ་སྤྲོ་བའི་བདག་ཉིད་སྤྲོ་བའི་བདག་ཉིད་སྤྲོ་བར་བྱ་ཞེས་པ་ནི་ཅི་ལྟར་རིགས་ལྔའི་དེ་བཞིན་གཤེགས་པའི་ཕྱག་མཚན་དང་། སྐུ་ཕྲ་མོ་སྤྲོས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་། སེམས་མ ་རྣམས་སྤྲོ་བར་བྱའོ།། དེ་བཞིན་དུ་ཁྲོ་བོ་དང་། ཁྲོ་མོ་རྣམས་ཀྱང་ཤེས་པར་བྱའོ།། སྤྲོ་བའི་བདག་ཉིད་ནི། ཡུངས་ཀར་ལ་སོགས་སྦྱངས་ཤིང་། ལས་སུ་རུང་བར་བྱས་པའི་རྣལ་འབྱོར་པ་ཉིད་དོ།། བྱང་ཆུབ་ཚད་མེད་སྒྲུབ་འགྱུར ་ཞིང་། ཡོན་ཏན་གནས་རྣམས་ཐམས་ཅད་འགྲུབ་ཅེས་པ་ནི་དེ་ལྟར་ཕྲ་མོའི་སྦྱོར་བ་བསྒོམས་པའི་ཡོན་ཏན་ཏེ། དེ་ལ་བྱང་ཆུབ་ཚད་མེད་པ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ། དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང ་ཐུགས་ཀྱི་རང་བཞིན་དུ་གྱུར་པའོ།། ཡོན་ཏན་གནས་རྣམས་ནི་འཇིག་རྟེན་གྱི་དངོས་གྲུབ་སྟེ། དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་དང་། རིགས་པའི་གནས་ལྔ་རྣམས་མ་བསླབས་ཤིང་མེ་བཙལ་བར་འཐོབ་པའི་དོན་ནོ།། ་མདོར་ན་དེ་ལྷུར་བསྐྱེད་བྱིས་ན་སངས་རྒྱསྣ་བྱང་ཆུབ་རབ་ཏུ་གནས། ཞེས་པ་ནི་དེ་ལྟར་བསྒོམས་ཤིང་བསྒྲུབས་ན་ཚེ་འདི་ཉིད་ལ་སངས་རྒྱས་ནི་དཔལ་རྡོ་རྗེ་སྣརུམས་དཔའ། བྱང་ཆུབ་ནཱི་དེའི་སྐུ་གསུང་ཐུགས་རབ་ཏུ་གནས ་པ་ནི་བདག་གི་ལུས་ངག་ཡིད་གསུམ་དེའི་རང་བཞིན་དུ་གྱུར་པའི་དོན་ནོ།། ཆོས་ཀྱི་གནས་ནི་འབྱུང་འགྱུར་ཏེ། ཞེས་པ་ནི་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པས་སྔོན་གྱི་སྨོན་ལམ་གྱི་མཐུས། སེམས་ཅན་གྱི ་དོན་དུ་སྣ་ཚོགས་སུ་སྣང་བར་འགྱུར་བའི་དོན་ནོ།། ལུས་དང་ངག་ཡིད་མཚོན་པ་ནི་དེ་ལྟར་སྐུ་གསུང་ཐུགས་ཐོབ་པས་ཀུན་རྫོབ་ཏུ་སེམས་ཅན་གྱི་མོས་པ་དང་མཐུན་པར་སྒོ་གསུམ་གྱི་བྱེ་བྲག་བསྟན་པའོ།། དེ་ནས ་སྤྲོ་བར་བྱ་བ་ནི་རྡོ་རྗེའི་བྱེ་བྲག་གྲངས་མེད་དེ། ཞེས་པ་ནི་དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོར་ཡང་ནས་ཡང་དུ་སྤྲོས་ཤིང་མངོན་སུམ་དུ་གྱུར་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམ ་ཅད་དུས་གཅིག་དུ་གྲངས་མེད་པར་སྤྲོ་བའོ།། ཏིལ་གང་བཞིན་དུ་མཁའ་བཀང་ནས།། རྡོ་རྗེ་བཟླས་པ་བརྩམ་པར་བྱ།། ཞེས་པ་ནི་དེ་ལྟར་སྤྲོས་པས་སེམས་ཅན་གྱིས་ལྕོགས་ཐང་གི་ནམ་མཁའི་ཁམས་སུ་ཏིལ་གྱི་གང་བུ ་ལ་ཏིལ་འདུག་པ་བཞིན་དུ་ལྷ་དང་ལྷ་མོས་ཁྱབ་པར་དམིགས་ལ་འོག་ནས་འབྱུང་བའི་བཟླས་པ་བྱ་ཞེས་པའི་དོན་ནོ།། བཟླས་མཐར་སངས་རྒྱས་ཡེ་ཤེས་ཀྱི།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། ཞེས་པ་ནི་དུས ་གསུམ་གྱི་སངས་རྒྱས་ཀྱི་ཡེ་ཤེས་ནི་སྐུ་གསུང་ཐུགས་སོ།། དེ་ཡང་མ་བསྐྱེད་པའི་རང་བཞིན་པས་རྡོ་རྗེ་མི་ཕྱེད་ཅེས་བྱའོ།། དེ་ག་སུམ་གྱི་གོང་དུ་བསྐྱེད་པའི་ཕྲ་མོ་རྣམས་ལ་བྱིན་གྱིས་བརླབས་ཅེས་པའི་དོན་ནོ།། རྡོ་རྗེ་བཟླས ་པའི་སྦྱོར་བ་ཡིས།། སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས་ཅེས་པ་ནི་དེ་ལྟར་བསྒོམ་པ་ནི་རྡོ་རྗེ་བཟླས་པ་ཡིན་ལ། དེ་བསྒོམས་པས་སངས་རྒྱས་མི་བསྐྱོད་པ་ལ་སོགས་མངོན་སུམ་དུ་འབྱུང་ཞིང་ཁདག་ལ་དབང་བསྐུར ་ནས་སངས་རྒྱས་ཀྱི་འབྲས་བུ་བྱིན་གྱིས་བརླབ་པར་འགྱུར་བའི་དོན་ནོ།། དུས་གསུམ་སངས་རྒྱས་ཀུན་འབྱུང་བ།། སྐུ་གསུང་ཐུགས་ནི་རྡོ་རྗེ་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་སྒོ ་གསུང་ཐུགས་བསྒོམས་ནས་གྲུབ་པ་ཡིན་ཞེས་པའི་དོན་ནོ།། རྡོ་རྗེ་གསང་སྔགས་བྱིན་བརླབས་ཀྱིས།། མཚུངས་པ་མེད་པའི་ཡེ་ཤེས་འཐོབ་ཅེས་པ་ནི་རྡོ་རྗེ་གསང་སྔགས་ནི།། ཨོཾ་དང་ཨཱཿདང་ཧཱུཾ་གསུམ་མོ།། དེ ་གསུམ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིན་པས་ན་དེ་གསུམ་བརྗོད་ཅིང་སོ་སོའི་ཁ་དོག་གསལ་བར་དམིགས་ནས་ཕྱག་རྒྱ་བསྐྱེད་པ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས ་ན་འཇིག་རྟེན་ན་དཔེ་ཟླ་མེད་པའི་ཡེ་ཤེས་སྐུ་གསུང་ཐུགས་འཐོབ་པའི་དོན་ནོ།། གསང་སྔགས་དོན་ཀུན་བཟླས་པ་ནི།། རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན།། རྡོ་རྗེ་མི་ཕྱེད་གསུམ་རྫོགས་པར།། འདི་དམིགས་རྡོ་རྗེ་གསུམ ་ཞེས་བྱ།། ཞེས་པ་ནི་ཕྱག་རྒྱ་གང་སྒོམ་ཡང་གོདླྀ་གྷྲི་ཡི་གེ་གསུམ་ལས་བསྐྱེད་ལ་དེ་ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པས་ལྷ་ཐམས་ཅད་སྐུ་གསུང་ཐུགས་གསུམ་དང་ལྡན་པས་རྡོ་རྗེ་གསུམ ་ཞེས་བྱའོ།། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་བསྒོམས་ནས་ནི། ཞེས་པ་ནི་དུསུ་གསུམ་གྱི་སྲུངསྡེ་རྒྱས་ཀྱི་སྐུ་གསུང་ཐུགས་གཟོད་མ་ནཱ་ས་མི་འགྱུར་བའི་ཕྱིར་རྡོ་རྗེ་ཡེ་ཤེས་སོ།། བདག་རྣལ་འབྱོར ་པ་གཟུགས་དང་། གཉིས་དེའི་རང་བཞིན་དུ་བསྒོམས་ལ་མཆོད་པ་སྤྲོ་ཞེས་པའི་དོན་ནོ།། མཆོད་པོའི་མཆོག་ནི་བརྟག་བྱས་ན། འདི་ནི་བྱང་ཆུབ་མཚུངས་པར་འགྱུར་ཞེས་པ་ནི། དེ་ལྟར་གནས་ནས་གཉིསུ ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་མཆོད་པ་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་ནས་ཏིལ་གྱི་གང་བུ་ལ་ཏིལ་གནས་པ་བཞིན་དུ་ན་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་རྣམས ་ལ་མཆོད་ཅིང་དགྱེས་པརླ་བསྡམས་ནཱ་དེ་རྣམས་དང་འདྲ་བར་འགྱུར་བའི་དོན་ནོ།། སྐུ་གསུང་ཐུགས་ནཱི་མངོན་སུམ་དུ། ཆོ་ག་གསུམ་གྱིས་སྤྲོ་བར་བྱ།། བཟླས་པ་རྡོ་རྗེ་འདི་ཡིས་ནི།། རྡོ་རྗེ་གསུམ་གྱི་ཐུགས་འདྲར ་འགྱུར་ཞེས་པ་ན། གོང་གི་དཀྱིལ་འཁོར་འདོན་པའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་ལས་ཆོ་ག་གསུམ་གྱིས་ཕྱག་རྒྱ་བསྐྱེད་ལ་གོང་དུ་སྤྲོ་བའི་རིམ་པ་བསྟན་པ་བཞིན་དུ་སྤྲོས་པའི་བཟླས་པ་རྡོ་རྗེའོ།། དེ་ལྟར་སྤྲོས་པའི་ཡོན ་ཏཱནེ་ནི་མི་བསྟོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་གསུམ་ནི་རྡོ་རྗེ་གསུམ་མོ།། དེ་རྣམས་ཀྱི་ཐུགས་ཀྱི་རང་བཞིན་དུ་བདག་འགྱུར་བའི་དོན་ནོ།། ཡང་ན་སྤྲོ་བར་བྱ་བ་ནི་སོ་སོར་གསུམ་གྱི་བྱེ་བྲག་གིས་སྐུ་གསུང་ཐུགས ་ནི་བདག་མེད་པར། ཡེ་ཤེས་སེམས་ནི་སྤྲོ་བར་བྱ་ཞེས་པ་ནི། དེ་ལྟར་ཕྱག་རྒྱ་ལ་སོགས་པ་སྤྲོ་བ་ལ་མ་མོས་པ་འམ་མ་ལྕོགས་པ་ཡོད་ན་བདག་གི་ལུས་ངག་ཡིད་གསུམ་དང་། འཕགས་པའི་སྐུ་གསུང་ཐུགས་ཡོང ་དག་པའི་ཡེ་ཤེས་ཀྱིས་སོ་སོའི་བྱེ་བྲག་ཏུ་དོན་དམ་པའི་རང་བཞིན་སྟོང་པ་ཉིད་དུ་དམིགས་ལ་དེའི་དོན་ལ་གནས་པར་བྱ་སྟེ། ཇི་ལྟར་གནས་པ་དེ་བཞིན་དུ་དུས་གསུམ་གྱི་སེམས་ཅན་ཡང་དམིགས་པ་ནི་སྤྲོ་བའོ།། སྔགས ་སྔགས་ཀྱི་ཡི་གེ་གནས་ཐོབ་ནས།། རང་གི་རྡོ་རྗེ་དཀྱིལ་འཁོར་ལས་ཞེས་པ་ནི།། ལྷ་གང་ཡང་རུང་བའི་ས་བོན་གྱི་ཡི་གེ་ལས་བསྐྱེད་ཅིང་གཟུངས་དང་བཅས་པར་གནས་ལ། དེ་ཉིད་ཀྱི་དཀྱིལ་འཁོར་ཕྲ་མོའི་ཚུལ་དུ་སྤྲོ་ཞིང ་བསྡུ་བ་ཡང་བཟླས་པ་ཡིན་ནོ།། ཁྲོ་བོ་དམ་ཚིག་ཡེ་ཤེས་ཀྱིས།། རང་གི་རྡོ་རྗེ་དཀྱིལ་འཁོར་དུ།། སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པ།། དེ་ནི་ཁྲོ་བོ་བཟླས་པ་ཡིན་ཞེས་པ་ནི། ཁྲོ་བོ་གང་སྒོམ་ཡང་རུང་བའི་བསྐུལ་ཞིང་སེ་བེན ་ལས་ཕྱག་རྒྱར་བསྐྱེད་ཅིང་ཁྲོ་བོ་དང་གཉིས་སུ་མེད་པར་གནས་ལ་གོང་དུ་བསྟན་པའི་ཚུལ་དུ་ཁྲོ་བོ་དང་ཁྲོ་མོའི་སྐུ་ཕྲ་མོ་རང་གི་སྔགས་ཧཱུཾ་ཕཊ་ལ་སོགས་པ་སྒྲོགས་ཤིང་སྤྲོས་པའི་ཁྲོ་བོའི་བཟླས་པ་ཡིན་ཞེས་བྱ ་བའི་དོན་ནོ།། བསྐྱེད་པ་རྡོ་རྗེ་ཀུན་ཏུ་སྤྲོ།། རྫོགས་ནས་རབ་ཏུ་བསྡུ་བར་བྱ་ཞེས་པ་ནི།། ལྷ་གང་སྐོམ་ཡང་རུང་གཉིས་སུ་མེད་པའི་ཚུལ་དུ་བསྐྱེད་པའི་སྐུ་རྣམས་ཕྱོགས་ཐམས་ཅད་དུ་སྤྲོས་ནས་སེམས་ཅན་གྱི་དོན ་འདུལ་དབང་དུ་རྫོགས་པར་བྱ་བ་ནས་བསྡུ་བར་བྱ་བཱའི་མི་རྫོགས་པས་མ་ཡིན་ཞེས་པའི་དོན་ཏོ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། བཟླས་པར་གསུངས་པ་དོན་དམ་པ།། ཞེས་པ་ནི་དེ་ལྟར་སྒོམ་ཞིང་སྤྲོ་བསྡུ་བྱེད ་པ་ནི་ཡོ་ག་ལ་སོགས་པའི་ནང་ནས་སྔགས་ཀྱི་ཡི་གེའི་སྒྲ་བཟླས་པ་ན་ཡང་དག་པ་མ་ཡིན་ལ། ཡང་དག་པའི་བཟླས་པའི་ཚུལ་ནི་འདི་ཉིད་ཡིན་ནོ།། ཞེས་དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་བོའི ་དོནྣ་ཏོ།། ཆོ་སྣ་དག་ཕྱག་རྒྱུ་གླུ་བླངས་པ།། རྡོ་རྗེ་ཚིག་ཏུ་སྱཨཱརྱཱ་བ་ནི།། ཡང་ནུ་མོསྱ་པའི་དབང་གིས་ཆོས།། དྲུག་གི་ཕྱུག་རྒྱུ་རྡོ་རྗེ་ཧཱུཾ་ལཱ་སྲེག་སྡུ་པཱ་བཟླས་པར་འདོད་ནཱ་ཡང་རྡོ་རྗེ་ཚིག་ཏུ་བྱའོ།། ་དེ་ནི་གསལ་བར་གསང་བའི་ཚིག། རྡོ་རྗེ་ཚིག་ནི་སྐད་གདངོས་མེད།། ཅེས་པ་ནི་རྡོ་རྗེ་ཚིག་ཏུ་སྦྱོར་བའི་དོན་ནོ།། དེ་ཡང་ཧཱུཾ་བཛྲ་དྷྲྀཀ་ལ་སོགས་པོའི་སྔགས་ཀྱི་ཚིག་གི་ཡི་གེ་རྣམས་སོ་སོའི་ཁ་དོག་དང་དབྱིབསཽ་གསལ ་བར་བསྒོམ་ཞིང་སེམས་ཀྱིས་བཟླས་པའི་དོན་ནོ།། བཟླས་པ་སྤྲོས་པ་བསྡུས་ནས་ནི།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།། ཞེས་པ་ནི། དེ་ལྟར་སྦྱོར་བས་བསྒོམས་ཤིང་བསྒྲུབས་ནས་ནི།། དེ་མངོན་དུ་གྱུར་པ་དང་།། རྡོ་རྗེ ་སེམས་དཔའ་གཙོར་བསྟན་ཏེ། གང་ལ་མོས་པའི་ལྷ་བསྒྲུབ་པར་བྱ་ཞེས་པའི་དོན་ནོ།། དེ་ཡང་ཡན་ལག་བཞིའི་སྒོ་ནས་བསྒྲུབས་ནས་གོང་དུ་བསྟན་པའི་ཚུལ་དུ་ཞིག་བདུན་གྱི་བར་དུ་སྒྲུབས་པ་ཆེན་པོའི་ཚུལ ་བཞིན་དུ་བྱས་ནས་འབྲསཾ་བུ་འཐོབ་པར་འགྱུར་བའི་དོན་ནོ།། གལ་ཏེ་རྒྱལ་པོ་མ་གྲུབ་ན།། དྲག་ཤུལ་སྦྱོར་བས་བསྒྲུབ་པ་བྱ།། ཞེས་པ་ནི། དེ་ལྟར་བསྒྲུབས་ནས་བག་ཆགས་མ་བྱང་བའི་དབང་གིས་འབྲས་བུ་མ ་ཐོབ་ན་ཡཽད་འབྱུང་ཞིང་མི་སྤང་བར་བསྐུལ་བའི་ཚུལ་དུ་ལེ་ལོ་མེད་པ་འབད་པའི་སྒོ་ནས་ཡང་ཞག་བདུན་གྱི་བར་དུ་བསྒྲུབ་པར་བྱ་ཞེས་པའི་དོན་ནོ།། དེ་ཡང་རྣམ་པ་གཉིས་ཏེ། ཕྱག་མཚན་རྡོ་རྗེའི་སྒོ་ནས་བསྐུལ་བ ་དང་། ཁྲོ་བོའི་སྒོ་ནས་བསྐུལ་བའོ།། དེ་ལ་ཕྱག་མཚན་གྱི་སྒོ་ནས་བསྐུལ་བ་ནི།། རྡོ་རྗེ་ཆེན་པོ་རྩེ་ལྔ་པ།། ཆོ་ག་བཞིན་དུ་རྟག་བསྒོམས་ཏེ། སྙིང་གྲཝ་དགྲ་དུ་བརྡེག་པ་ཡི།། རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ།། ཞེས་པ་ནི། ཕྱག ་རྒྱ་ཆེན་པོར་གནས་པའི་ལག་མཐིལ་དུ་ཧཱུ~ཾ་ལས་རྡོ་རྗེ་རྩེ་ལྟ་པ་འོད་ཟེར་ལྟ་འཕྲོ་བར་བསྒོམས་ལ་རྡོ་རྗེ་སེམས་དཔའ་འམ་གང་བསྒྲུབ་པའི་ལྷའི་སྐུ་མདུན་དུ་དམིགས་ལ་དེའི་སྙིང་གྲཝར་བརྡེག་ཚུལ་དུ་བསམ་ཞིང་གྲོང ་གཱ་སྦྱོར་བུ་བྱ་ཞེས་པའི་དོན་ནོ།། ཡང་ན་རང་གི་དམ་ཚིག་ཁྲྀ་ཞེས་པ་ལ་སོགས་པས་ཁྲོ་བོའི་སྒོ་ནས་བསྐུལ་བ་བསྟན་ཏེ། དེ་ཡང་རང་མོས་པའི་ཁྲོ་བོ་འམ་གླང་གྲུབ་པའི་ལྷའི་རིག་ཀྱི་ཁྲོ་བོ་གང་ཡང་རུང་། གཉིསུ ་མེད་པའི་ཚུལ་གྱི་ཧཱུཾ་ལས་བསྐྱེད་ལ། ཕྱག་གཡོན་གྱི་དང་པོ་ལྕགས་ཀྱུ་འཛིན་པ། གཡས་ཀྱི་དང་པོ་ལ་རྡོ་རྗེ་འཛིན་པ། ཕྱི་མ་བཞི་ལ་རང་གི་ཕྱག་མཚན་འཛིན་པ། ཁྲོ་བོའི་ཆ་ལུགས་དང་ལྡན་པ་དེ་སངས་རྒྱས ་ཀྱི་བདག་པོ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དཔལ་རྡོ་རྗེ་སེམས་དཔའ་འོག་མིན་གྱི་གནས་ནས་ལྗོངས་སྤྱོད་རྫོགསོ་བའི་སྐུའི་རང་བཞིན་དུ་གནས་པ་དྲེར་ཁྲོ་བོ་དེ་གཏང་བར་བྱ་བའི་དོན་ནི།། ཁྲོས་པས་སྙིང་གར ་བརྡེག་བྱ་ཞིང་། ཁྲོས་པོབོས་ཚིག་གིས་བསྐུལ་བར་བྱ། ཞེས་པ་ནི། ཁྲོ་བོ་དེ་རྡོ་རྗེ་སེམས་དཔའི་སྤྱན་སྔར་ཕྱིན་ནས་ལྕགས་ཀྱུས་བཟུང་ནས་རྡོ་རྗེས་བརྡེག་ཅིང་འོག་གི་ཚིག་རྣམས་ཀྱིས་བསྐུལ་བར་བྱ་བའི་དོནོ།། ་རྨུ་ག་སྐྱེས་བྱ་རྡོ་རྗེརྗེ།། ཁྱོད་ནི་བསྐུལ་བདྨ་གནས་པ་སྟེ།། ཞེས་པ་ནི་ཁྲུ་བོས་རྣམྦུ་འབྱོར་བའི་མིང་ཕྱུང་ནས་འདིས་ཁྱོད་ཚུལ་བཞིན་དུ་བསྒྲུབ་པར་གནས་ཝཱས་དྷཱ་མངན་ནོ།། མ+Wཨཱརྱ་རྟག་ཏུ་ཥྚ ་གུས། འདི་ནི་དམ་ཚིག་བསྲུང་བའི་མཆོག་ཅེས་པ་ནི།། དེ་ལྟར་ཚུལ་བཞིན་དུ་སྒྲུབ་པ་ཡང་ཡིན་ལ་ཐེགས་པ་འོག་མ་ལ་མོས་པ་ཡང་མ་ཡིན་ཞིང་ཆོས་ཀྱི་ཚུལ་འདི་ཉིད་ལ་མོས་ཤིང་ཡིད་ཆེས་པ་ཡིན་ཏེ། སྐུ་གསུང ་ཐུགས་ལ་སོགས་པའི་དམ་ཚིག་རྣམས་ཀྱང་མི་སྲུང་བ་མ་ཡིན་ལ་ཚུལ་བཞིན་བསྲུང་བས་བསྲུང་བའི་མཆོག་གོ།། དབང་བསྐུར་རྗེས་སུ་གནང་བ་སྟེ་ནི།། དེ་ལྟར་བུའི་ཡོན་ཏནྟ་དང་ལྡན་ཡང་དབང་བསྐུརྱ་བ་དང་གྲེ་རླུང ་བ་མེད་པས་དངོས་གྲུབ་མི་སྩོལ་ཞེས་ན་ཡང་དེ་ལྟ་བུ་མཱ་ཡིན་ཏེ། ཚུལ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་དང་གནང་བ་བྱིན་པ་ཡིན་པས་དེ་ལ་དང་སྡེ་གྲུབ་གསོལ་ཞེས་པ་དང་འབྲེལ་ཏོ།། འདི་རྡོ་རྗེའི ་ཚུལ་མཆོག་སྟེ། ཞག་བདུན་བར་དུ་བྱས་ནས་ཞེས་པ་ནི་དེ་ལྟར་ཞག་བདུན་གྱི་བར་དུ་བསྐུལ་བའི་ཆོས་གང་འདིའི་ཚུལ་བཞིན་དུ་བྱས་པའི་འོག་ནས་འབྱུང་བའི་ཡོན་ཏནྡ་འཐོབ་བྱར་འགྱུར་བའི་ཐབས་ཀྱི་དམ ་ཡིན་པས་ན་ཚུལ་མཆོ། ཀྱིས་དང་ངག་ཡང་འབྲུབ་འགྱུ་ཏེ།། རྡོ་རྗེ་གསང་ཅིའི་རིངས་སུམའོ།། ནས་ན་ས་མ་ཡང་གསུམ་ཐུན་མོང་མ་ཡིན་པའི་ང་རྗེ་སེམས་དབུ་སུ་ག ་ཐུགས་དང་འདྲ་བའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་པའོ།། འཇིགས་ཤིང་སྦགས་པའི་ཐུགས་ཀྱིས་ནི།། མཆོག་སྦྱིན་མགོན་པོས་གཟིགས་མཛད་དེ།། ཆོས་ཤེས་སེམས་དང་དགའ་བ་ནི།། དངོས་གྲུབ་ཆེན་པོ་སྩོལ་བར་མཛད ་ཅེས་བྱ་བ་ནི། ཁྲོ་བོ་དེ་ལྟར་ཚིག་གིས་བསྐུལ་མ་ཐག་ཏུ་དཔལ་རྡོ་རྗེ་སེམས་དཔའ་འཇིགས་ཤིང་སྒྲགས་པའི་ཚུལ་དུ་བསྒྲུབ་པའི་མདུན་དུ་བྱོན་པ་འམ་དགོངས་པར་མཛད་ཅེས་པའོ།། འཇིགས་ཤིང་སྐྲག་པ་མི་མངའ་ཡང ་དམ་ཚིག་ལས་མི་འདའ་བར་བསྟན་པ་དང་སྤྲོ་བ་བསྐྱེད་པའི་དོན་ནོ།། སེམས་དང་དགའ་བ་ནི་མདུན་དུ་བྱོན་ནས་ཅི་འདོད་ཅེས་འདྲི་ཞིང་འདོད་པ་བཞིན་དུ་སྐུ་གསུང་ཐུགས་ལ་སོགས་པ་མཛད་ཅེས་པའི་དོན་ནོ།། རྡོ་རྗེ་གསུམ ་འབྱུང་འདུ་བླ་ནི།། འདིས་ནི་བྱང་ཆུབ་འཐོབ་པར་འགྱུར་ཞེས་པ་ནི། དེ་ལྟར་བསྒྲུབས་པས་དུས་གསུམ་གྱི་སྐུ་གསུང་ཐུགས་ལས་བྱུང་བ་དཔལ་རྡོ་རྗེ་སེམས་དཔའ་འདྲེ་བར་བྱང་ཆུབ་པར་འགྱུར་བའི་དོན་ནོ།། རྒྱལ་བ་བྱང་ཆུབ ་རྒྱ་མཚོ་ཡི།། རྡོ་རྗེ་སེམས་དཔར་དེ་འགྱུར་རོ།། ཞེས་པ་ནི་དེ་ཉིད་ཡང་བསྟན་ཏེ། དུས་གསུམ་གྱི་རྒྱལ་བ་ཡེ་ཤེས་རྒྱ་མཚོ་དང་འདྲ་བར་དཔག་ཏུ་མེད་པ་མངའ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དབུལ་རྡོ་རྗེ་སེམས ་དཔའ་ཕྱག་རྒྱ་འཐོབ་པར་འགྱུར་རོ།། སྤྱན་ལ་སོགས་པའི་ལྷ་མོ་ཡིས།། བྲལ་བའི་ཆ་ལུགས་ཇི་བཞིན་དུ། ཅེས་པ་ལ་སོགས་པས་ནི་དཀྱིལ་འཁོར་བསྡུ་བའི་ཚུལ་བསྟན་ཏོ།། དེ་ལ་སྤྱན་ལ་སོགས་པ་ནི། ལོ་ཙ་ན་དང་། མཱ་མ ་ཀཱི་དང་། པཎྜ་མ་བ་སི་དང་། ཏཱ་ར་བདེ་བ་དང་བཞིའོ།། བྲལ་བའི་ཆུ་ལུགས་ནི་ཡབ་དང་གཉིས་སུ་མེད་པའི་བདེ་བ་ལས་བྲལ་བའི་ཚུལ་གྱིས་ལྟ་ཞིང་བསྐུལ་བ་དག་ཏུ་རྣམ་པར་བསྡམ་ཞེས་པར་འབྲེལ་ཏོ།། དྭེ ་ལ་གང་ལྔ་བལྟ་ཞིང་བསྐུལ་ཞེ་ན། རྡོ་རྗེ་སེམས་དཔའ་ལིའོ།། དེ་ཡང་ཡོན་ཏན་ཅི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ཅེས་ན། བདེ་བ་མཆོག་ལ་བཞེས་པ་ཡིས་ཞེས་བྱ་སྟེ། བདེ་བ་ནི་འཇིག་རྟེན་གྱི་ལྷ་དང་མི་ལུས་ངག་ཡིད་གསུམ་གྱི ་སྒོ་ནས་ཡིད་དུ་འོང་བའི་ཚོར་བ་ཉམས་སུ་ལེན་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཉན་ཐོས་ལ་སོགས་པ་ཉོན་མོངས་པ་སྤངས་ཤིང་ལུས་ངག་ཡིད་གསུམ་འགོག་པར་གནས་པའི་བདེ་བ་ཉམས་སུ་མྱོང་བའོ།། དེ་གཉིས ་ལས་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའི་དཔལ་རྡོ་རྗེ་སེམས་དཔའ་ལྟ་ཞེས་པའི་དོན་ནོ།། ཡང་ནཱ་ཡུམ་དང་གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་ལས་འགྲོ་བའི་དོན་བསྒྲུབ་པའི་བདེ་བ་ཉམས ་སུ་བླང་བར་བཞེད་པ་ལའོ།། དེ་ཡང་ཇི་ལྟ་བུའི་ཚུལ་དུ་བསྐུལ་ཞེ་ན། སྙན་ཞིང་མཛེས་པའི་ཚིག་དག་དང་།། ཕྲ་མོ་ཡི་ནི་དབྱངས་ལ་སོགས་ཞེས་བྱ་བ་སྨོས་སོ།། དེ་ལ་སྙན་ཞིང་མཛེས་པའི་ཚིག་ནི་ཚིག་དང་དོན་མཐུན་པ་རྡོ་རྗེ་སེམས ་ཁྱོདས་བདག་སྟེ། ཞེས་པ་ལ་སོགས་པའོ།། ཕྲ་མོ་དབྱིངས་ནི་ཀ་ཀཱ་ལི་ལ་སོགས་པའོ།། དེ་ལྟར་ཅིའི་ཕྱིར་བསྐུལ་ཞེ་ན། འདོད་པ་བདེ་བ་ནི་དོན་གྱིས་ཞེས་བྱ་སྟེ། རྡོ་རྗེ་དང་པདྨར་ཡང་དག་པར་ལྡན་པའི་འདོད་ཆགས་ཀྱི་བདེ་བ་ཆེན་པོའི་སྒོ ་ནས་ཞི་བའི་དོན་མྱ་ངན་འདས་པའི་རང་བཞིན་དུ་གནས་པ་འདོད་པའི་ཕྱིར་རོ།། བསྐུལ་བའི་ངག་ཏུ་རྣམ་པར་བསམ། ཞེས་པ་ནི་རྣལ་འབྱོར་པས་གོང་དུ་བསྟན་པའི་ཚུལ་དུ་དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པ་དེས་ཕྱི་རོལ་གྱི་ལ་སོགས ་པར་བྱ་བ་བྱེད་པའི་དུས་སུ་དཀྱིལ་འཁོར་བསྡུས་ནས་འགྲོ་བ་ཡིན་པས་ལྷ་མོ་རྣམས་དེ་ལྟར་བསྐུལ་བར་བསྒོམ་པར་བྱ་ཞེས་པའི་དོན་ཏོ།། རྡོ་རྗེ་སེམས་ཁྱོད་ས་བདག་སྟེ། སེམས་ཅན་ཁོམས་ནི་བསྐྱོད་མཛད་པ། ལྷ་མོ་མཱ་མ་ཀཱིས ་ཞེ་སྡང་རྡོ་རྗེ་ཡོན་ཏན་གྱི་སྒོ་ནས་བསྟོད་ཅིང་བསྐུལ་བའོ།། ཇི་ལྟར་བསྟོད་ཅེ་ན། རྡོ་རྗེ་སེམས་དཔའ་ཁྱོད་ས་བདག་རྒྱལ་པོ་དང་འདྲ་སྟེ། ཇི་ལྟར་རྒྱལ་པོས་འབྲངས་རྣམས་སྦྱོང་ཞིང་མཐོ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱང་སྲིད་པ་གསུམ་གྱི ་སེམས་ཅན་རྣམས་འཁོར་བ་ལ་བསྐྱོད་ཅིང་མྱ་ངན་ལས་འདས་པའི་དབྱིངས་སུ་ཕྱིན་པར་མཛད་པའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ནོ།། སེམས་ཅན་ཀུན་གཉེན་ཆེན་པོ་མཆོག་ནི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཕན་འདོགས་པས ་གཉེན་གྱི་མཆོག་གོ། གལ་ཏེ་མགོན་པོས་བདག་སྲོག་བཞེད་པ་ན། ཞེས་པ་ནི་དེ་ལྟར་བུའི་ཡོན་ཏན་དང་ལྡན་པ་ཁྱོད་བདག་གི་སྲོག་ནི་ལྷ་མོ་མཱ་མ་ཀཱིའི་རང་བཞིན་ཆོས་ཀྱི་དབྱིངས་སོ།། བཞེད་པ་ནི་སྤྲུལ་པའི་སྐུ་སྤངས་ནས་དེ་དང ་གཉིས་སུ་མེད་པའི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པའོ།། ཀུན་རྫོབ་དུ་སེམས་ཅན་འདུལ་བའི་དོན་དུ་ཐབས་དང་ཤེས་རབ་ཀྱི་ཚུལ་མི་བསྟན་དུ་མི་རུང་བས་སྲོག་དང་འདྲ་བ་དང་། གསང་ས་ཀྱི་སྒོ་ནས་སྤྱོད་པའི་རྣལ་འབྱོར་པས ་གཉིས་སུ་མེད་པའི་སྦྱོར་བ་ལས་འདར་མི་རུང་བས་སྲོག་གོ།། དེ་མི་སྤོང་ཞིང་དང་དུ་ལེན་པར་བཞེད་པའོ།། འདོད་པའི་དགའ་བ་ཡིད་འོང་དོན་ཆན་དེས། མགོན་པོས་བདུག་ལ་འདོད་པ་སྤྱད་དུ་གསོ། ་ཞེས་པ་ནི་དེ་ལྟ་བུའི་དོན་གྱིས་འདོད་པའི་དགའ་བ་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་སྒོ་ནས་བདག་གི་དོན་ཆེན་པོར་འགྱུར་བ་དང་། གཞན་གྱི་དོན་ཆེན་པོར་འགྱུར་བའི་སྤྱོད་པ་དེས་བདག་ལ་སྤྱོད་ཅིག་ཅེས་བསྐུལ་བའི་དོན་ནོ།། ། ་རྡོ་རྗེ་སྐུ་ཁྱོད་སངས་རྒྱས་འཁོར་ལོའི་དོན།། སེམས་ཅན་མང་པོར་དགའ་བར་རྟོགས་མཛད་ཅིང་།། ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་སངས་རྒྱས་སྤྱན་གྱི་རང་གི་གཙོ་བོ་ལ།། བསྟོད་ཅིང་བསྐུལ་བའོ།། དེ་ལ་རྡོ་རྗེ་སྐུ་ནི་དུས་གསུཾ ་གྱི་སངས་རྒྱས་ཀྱི་སྐུའི་དོར་པོར་གནས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། སངས་རྒྱས་འཁོར་ལོ་ནི་སེམས་ཅན་འདུལ་བའི་ཕྱིར་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་བསྟེན་པ་རྣམས་སོ།། དེ་རྣམས་ཀྱི་དོན ་བསམ་གྱིས་མི་ཁྱབ་པ་ལ་ཐབས་ཀྱིས་བསྟན་ཞིང་དགའ་བར་བྱེད་པ་དང་དེ་ཉིད་རྟོགས་པར་མཛད་པ་ཁྱོད་བདག་ལ་སྤྱང་དུ་གསོལ་ཞེས་པ་དང་འབྲེལ་ཏོ།། ཡང་ན་སངས་རྒྱས་འཁོར་ལོའི་དོན་ནི་དུས་གསུམ་གྱི་སངས་རྒྱས ་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་རང་བཞིན་ནོ།། དེ་ཉིད་གོང་མ་བཞིན་དུ་སྟོན་ཞིང་རྟོགས་པར་མཛད་ཅེས་ཀྱང་བཤད་དོ།། བྱང་ཆུབ་དམ་པའི་དོན་ནི་ཕན་པར་སྟོན། ཞེས་པ་ནི་དེ་ལྟ་བུའི་ཚུལ་ཉིད ་བྱང་ཆུབ་སྟེ་ཉན་ཐོས་དང་རང་སངས་རྒྱུས་ལས་འཕགས་པས་དམ་པའོ།། དེ་ཉིད་ཀྱི་དོན་སེམས་ཅན་ལ་ཕྱི་རོལ་པའི་ཚུལ་དུ་དགའ་བ་སྤྱོད་པའི་སྒོ་ནས་ཐོབ་པར་མ་བསྟན་ཅིང་ཐབས་དང་ཤེས་རབ་གཉིས་སུ་མང་དུ ་ཚུལ་དུ་རྟོགས་ཤིང་ཐོབ་པར་སྟོན་པ་ཁྱོད་ཅེས་པའི་དོན་ནོ།། གཞན་ཡང་ཇི་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་བསྐུལ་ཞེ་ན། དམ་ཚིག་ལ་ནི་འདས་པས་འདོད་ཆགས་པ་ཞེས་སྨོས་ཏེ། དེ་ལ་དམ་ཚིག་ནི་སྒྲ་རྣམ་པ་སྣ་ཚོས ་བསྟན་ཅིང་སེམས་ཅན་གྱི་དོན་མཛད་པའོ།། འདོད་པ་ནི་ཐུགས་ཀྱི་དགོངས་པའོ།། འདོད་ཆགས་པ་ནི་ཉིད་དང་མེ་བྲལ་བའོ།། ཡང་ན་དམ་ཚིག་ནི་སངས་རྒྱས་སྤྱན་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་སོ།། དེ་དང་གཉིས ་སུ་མེད་པར་ཆོས་ཀྱི་སྐུའི་ཚུལ་དུ་གནས་པ་ན་འདོད་ཆགས་པའོ།། གལ་ཏེ་མགོན་པོ་བདག་སྲོག་བཞེད་པ་ན། ཁྱོད་ཀྱིས་འདོད་པ་བདག་ལ་སྦྱང་དུ་གསོལ་ཞེས་པོ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་བདག་ལ་ཐབས ་དང་ཤེས་རབ་ཀྱི་ཚུལ་དུ་རོལ་ཅིག་པའི་དོན་ནོ།། ཕྱི་མའི་ཚིགས་གྲོང་མ་དང་འདྲའོ།། རྡོ་རྗེ་གསུང་ཁྱོད་ཐམས་ཅད་ཀུན་ལ་ནི།། པན་དང་ཐུགས་བརྩེར་ལྡན་པ་འཇིག་རྟེན་དོན་ཞེས་པ་ནི་ལྷ་མོ་པཎྜར་བ་སྡེས་བཅོམ་ལྡན ་འདས་སྣང་བ་མཐའ་ཡས་ལ་བསྟོད་ཅིང་བསྐུལ་བའོ།། དེ་ལ་རྡོ་རྗེ་གསུང་ནི་དུས་གསུམ་གྱི་སངས་རྒྱས་གསུང་གི་རང་བཞིན་དུ་གནས་ཤིང་ཆོས་སྟོན་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའོ།། དེ་ཉིད་ཀྱི་ཁྱད་པར ་ཕན་དང་ཐུགས་བརྩེར་ལྡན་ཞེས་བྱ་བ་སྟེ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་དང་ལྡན་པས་གོང་མ་བཞིན་དུ་ཕན་པའི་སྒོ་ནས་དོན་རྟོགས་པར་མཛད་ཅེས་པའོ།། དགོངས་པའི་བྱ་བ་ཀུན ་ལ་ཆགས་པ་ནི་འཇིག་རྟེན་དོན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ཐམས་ཅད་ལ་ཆགས་ཤིང་དང་དུ་ལེན་པའོ།། གལ་ཏེ་མགོན་པོས་བདག་སྲོག། ཅེས་པ་ལ་སོགས་པ་ནི་གོང་མ་དང་འདྲ་བར་དེ་ལྟ་བུའི་ཡོན་ཏན་ད ་ལྡན་པར་ཁྱོད་བདག་ལ་ཀུན་ཏུ་བཟང་པོའི་སྤྱོད་པས་དགྱེས་པར་མཛོད་ཅིག་པའི་དོན་ནོ།། དེ་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་དུ་ལེན་ཅིང་སྤྱོད་ཀྱང་དེའི་ཉེས་པས་མི་གོས ་པའོ།། སྐབས་འདིར་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་འདོད་ཆགས་ཀྱི་སྤྱོད་པ་ཉིད་ལ་བྱ་སྟེ།། ཀུན་ཏུ་བཟང་པོའི་ཚུལ་ཐོབ་པར་འགྱུར་བའི་ཕྱིར་རོ།། རྡོ་རྗེ་དོན་ཁྱོད་དམ་ཚིག་མཆོག་ལགས་ཏེ་ཞེས་པ་ལ་སོགས་པ་ནི་ལྷ ་སྒྲོལ་མས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་བསྟོད་ཅིང་བསྐལ་བར་བསྟན་ཏོ།། དེ་ལ་རྡོ་རྗེ་དོན་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་རང་བཞིན་དུ་གནས་ན་སེམས་ཅན་གྱི་དོན།། གང་ལ་ཅི་དགོངས་པ་བཞིན ་དུ་མཛད་པ་ལ་ཆུང་མི་ཟ་བ་མེད་པའོ།། དེའི་ཕྱིར་ན་དམ་ཚིག་མཆིག་སྟེ་རྒྱ་མཚོ་བཞིན་དུ་དུས་ལས་མི་འདའ་བའི་དོན་ནོ།། ཕན་པའི་དོན་ཆེན་རྫོགས་སངས་རྒྱས་པའི་རིགས་ཞེས་པ་ནི་གོང་མ་བཞིན་དུ་ཕན་པའི་སྒོ་ནས ་བླ་ན་མེད་པའི་བྱང་ཆུབ་རྟོགས་པར་མཛད་ཅིང་སངས་རྒྱས་ཀྱི་ལམ་ལ་འཇོག་པའི་དོན་ནོ་མཉམ་ཉིད་ཐིག་ལེ་རྗེསུ་ཐུགས་བརྩེར་ལྡན་ཞེས་པ་ནི་དེ་ལྟ་བུའི་ཚུལ་གྱིས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས ་ཐོབ་པར་མཛད་པའི་མཐུ་དང་ལྡན་ཞེས་པའི་དོན་ནོ།། ཡང་ན་མཉམ་ཉིད་ཐིག་ལེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སོ།། དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སུ་གྱུར་ནུས་སེམས་ཅན་གྱི་དོན ་མཛད་པས་ཐུགས་བརྩེར་ལྡན་པའོ།། གལ་ཏེ་མགོན་པོས་བདག་སྲོག་བཞེད་པ་ན།། ཡོན་ཏན་རིན་གཏེར་མང་བདག་ལ་སྤྱོད།། ཅེས་པ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་བདག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ ་བྱའི་སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་ལ་དགྱེས་པར་སྤྱོད་ཅེས་པའི་དོན་ནོ།། དེ་ལྟར་ལྷ་མོས་བསྐུལ་ནས་ནི།། ཞེས་པ་ནི་དེ་ལྟ་བུའི་ཚུལ་དུ་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་བཞིས་སོ་སོའི ་རིགས་ཀྱི་བདག་པོ་ལ་བསྐུལ་མ་ཐག་དུ་སོ་སོའི་རིགས་ཀྱི་གཙོ་བོ་དང་གཉིས་སུ་མེད་པར་གྱུར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པའི་བྱང་ཆུབ་སེམས་ལས་སེམས་ཅན་འདུལ་གྱི་ཐབས་སྣ་ཚོགས་དང་། དེ་བཞིན་གཤེགས ་པའི་མཆོད་པ་སྣ་ཚོགས་སུ་སྤྲུལ་ཞིང་ཕྱོགས་བཅུར་སྤྲོས་ནས་དེ་བཞིན་གཤེགས་པ་རྣམས་དགྱེས་པར་བྱས་པ་དང་སེམས་ཅན་གྱི་དོན་ཐམས་ཅད་རྫོགས་པར་བྱས་ནས་སླར་སོ་སོའི་ཐུགས་ཀར་ཐིམ་པར་བསམ་མོ།། ་དེ་ནས་ཡང་སོ་སོའི་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་པས་བྱང་ཆུབ་ཀྱི་སེམས་ཀྱི་འོད་འཕྲོས་པས་སོ་སོའི་རིགས་ཀྱི་ལྷ་རྣམས་ལ་ཕོག་མ་ཐག་ཏུ་འོད་དེ་ཉིད་ཀྱི་རང་བཞིན་དུ་གྱུར་ནས་སླར་གོང ་མ་བཞིན་དུ་གཙོ་བོའི་ཐུགས་ཁར་ཐིམ་མོ།། དེ་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པས་གཙོ་བོ་ཉིད་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་གྱུར་ནས་ཡུམ་གྱི་བྷ་ག་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་པར ་བསམ་མོ།། དེ་ནས་རིགས་བཞིའི་དེ་བཞིན་གཤེགས་པ་དང་། སེམས་དཔའ་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་རྣམས་ཡུམ་བཞི་ལོ་ཐིམ་པའི་ཡུམ་བཞིས་དབུས་ཀྱི་གཙོ་བོ་ལ་སོ་སོའི་རིགས་ཀྱི་བདག་པོའི་སྒོ་ནས་བསྟོད ་ཅིང་བསྐུལ་བས་དེ་བཞིན་གཤེགས་པ་ལ་བསྟོད་པ་བྱེད་ཅེས་པའོ།། མི་བསྐྱོད་ཡེ་ཤེས་རྡོ་རྗེ་ཆེ་ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ལྷ་མོ་མཱ་མ་ཀཱིས་ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། བཅྡོཾས་བྱུང ་ཆུབ་ཀྱི་སྡོམས་རྡོ་རྗེ་མི་བསྐྱོད་པའི་ཕྱག་རྒྱར་གནས་པ་དེ་ལ་ཉོན་མོངས་པ་དང་དྲག་བྱེད་ལ་སོགས་པའི་བདུད་རྣམས་ཀྱིས་བསྐྱོད་ཅིང་གཡོ་བར་མི་ནུས་པས་མི་བསྐྱོད་པའོ།། ཡེ་ཤེས་ནི་ཆོས་ཀྱི་སྐུར་སྟོན་པའོ།། རྡོ་རྗེ ་དབྱིངས་ཀྱི་ཆོས་ཀྱི་སྐུ་དེ་ཡང་ན་མཁོའི་ལྟར་ཆད་པ་མ་ཡིན་ཞིང་ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་སྣང་ཚོགས་སུ་འབྱུང་བསོ་སོ།། བློ་ཆེན་པོ་ནི་དེ་ལྟ་བུར་སྣང་བ་རྣམས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང ་ཆུབ་ཏུ་དགོད་པའི་ཐབས་དང་ལྡན་པའི་དོན་ནོ།། རྡོ་རྗེ་གསུམ་མཆོག་ནི་དུས་གསུམ་གྱི་སངས་རྒྱས་སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ།། དཀྱིལ་འཁོར་གསུམ་ནི་དེ་ཉིད་ལས་རིགས་གསུམ་དུ་སྟོན་པའོ།། དེ་ལྟ་བུའི་དེ་འཇིག ་རྟེན་པ་རྣམས་ཀྱིས་རྟོགས་ཤིང་སྤྱོད་པའི་ཡུལ་མ་ཡིན་པ་དང་།། ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་དུ་མི་རུང་བས་གསང་ངནྡ་དབྱིངས་སོ།། དེ་ལྟ་བུ་དེ་ཉིད་ལ་ལུས་དགྲ་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ན་བསོད ་ནམས་ཐོབ་པར་འགྱུར་བུས་ཕྱི་རབས་ཀྱི་རྣལ་འབྱོར་པས་ཚུལ་འདི་བཞིན་དུ་བསྟོད་ཅིང་ཕྱག་འཚལ་བ་བསྟོད་པའོ།། རྣམ་པར་སྣང་མཛད་དགའ་ཆེན་པོ་ཞེས་པ་ལ་སོགས་པས་ནི་ལྷ་མོ་སངས་རྒྱས་སྤྱན་གྱིས་རང་གི་གཙོ་བོ་ལ་མེ ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་ཅིང་བསྐུལ་བའོ།། དེ་ལ་རྣམ་པར་སྣང་མཛད་ནི་སྐུ་ལས་འོད་སྣ་ཚོགས་འཕྲོས་ཤིང་འཇིག་རྟེན་གྱི་ཁམས་ཀྱི་མུན་པ་སེལ་ཅིང་སྣང་བར་མཛད་དང་། གདུལ་བྱའོ་སེམས་ཅན་གྱི་མོས་པའི་སྒོ ་ནས་སྐུ་སྣ་ཚོགས་སུ་སྤྲུལ་ཅིང་སྣང་བར་མཛད་ནས་དེ་རྣམས་ཀྱི་གཏི་མུག་གི་མུན་པ་བསིལ་ནས་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་དོན་ནོ།། ཡང་ན་ཐབས་དང་ཤེས་རབ་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་བདེ་བ་ཆེན་པོའི་རང་བཞིན ་གསལ་བར་མཛད་པའི་ཕྱིར་རོ།། དགའ་ཆེན་པོ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཉན་ཐོས་ལྟ་བུར་རིམི་གྱིས་སྤོང་བ་མ་ཡིན་ཏེ་ཡེ་ནས་མི་མངའ་བའི་དོན་ནོ།། དེའི་ཕྱིར་ན་རྡོ་རྗེ་ཞི་བའོ།། དགྱེས་པ་ཆེ་ཞིང་དེ་ལྟ་བུའི་དོན་གྱི ་རྟག་ཏུ་མི་མཐུན་པའི་མི་མངའ་བ་དང་། ལྷ་མོ་བཞི་དང་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་ཀྱི་རོལ་པ་རྟག་ཏུ་མཛད་ཅིང་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རང་བཞིན་ལ་གནས་པའི་ཕྱིར་རོ།། ་དེ་ལྟ་བུའི་ཚུལ་དུ་ལྷུན་གྱིས་གྲུབ་པས་རང་བཞིན་གྱིས་འོད་གསལ་བའོ།། མཆོག་ནི་ཁམས་གསུམ་གྱིའོ།། དེ་ལྟ་བུའི་བདག་ཉིད་ཀྱི་རང་བཞིན་ནི་རྡོ་རྗེའོ།། དེ་ཉིད་གཞན་ལ་བསྟེན་ཅིང་ཐོབ་པར་མཛད་པས་རྡོ་རྗེ་སྟོན་པོའོ།། དེ་ལྔ ་བུ་ལ་ཕྱག་འཚལ་བར་བྱ་ཞེས་པའི་དོན་ནོ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ་ཅེས་པ་ལ་སོགས་པས་ན་མཉམ་པ་ཉིད་ཀྱི་སྒོ་ནས་རིན་པོ་ཆེའི་རིགས་ལ་ལྷ་མོ་རཏྣ་དྷ་རས་བསྟོད་པའོ།། དེ་ལ་རིན་ཆེན་རྒྱལ་པོ་བཅོམ་ལྡན ་འདས་དྲི་ཉིད་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱར་གནས་ཤིང་སེམས་ཅན་ཐམས་ཅད་དད་ཀྱི་རེ་བ་བསྐང་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་གྲུབ་པའི་ཡིད་བཞིན་གྱི ་རིན་པོ་ཆེ་ཕྱག་དུ་བསྣམས་པའམ།། ཡང་ན་བདག་ཉིད་རིན་པོ་ཆེ་དེ་ལྟ་བུའི་རང་བཞིན་ཡིན་པའོ།། བདུད་བཞི་ལས་རྒྱལ་ཞིང་ཁམས་གསུམ་གྱི་དྲི་མས་མགོས་པའི་ཕྱིར་རྒྱལ་པོའོ།། དེ་ཉིད་ཀྱི་ཚུལ་མཐར་ཐུགས་པ ་མེད་པས་ཤིན་ཏུ་ཟབ་པའོ།། དེ་ལྟ་བུའི་ཕྱག་རྒྱ་སྟོན་ཅིང་སེམས་ཅན་གྱི་དོན་སྣ་ཚོགས་མཛད་ཀྱང་དེ་ཉིད་ལ་མི་ཆགས་པས་དྲི་མ་མེད་པའོ།། དེ་ལྟ་བུ་ཡིན་ཡང་དོན་དམ་པར་དམིགས་པ་མེད་པའི་ཚུལ་ཡིན་པས ་ན་མཁའ་རྡོ་རྗེའོ།། དེ་ཉིད་ཀྱི་ཕྱིར་ནུ་རང་བཞིན་དག་པ་གོས་པ་མེད། ཅེས་པ་སྨོས་སོ།། དེ་ལྟར་བུ་དེའི་གསུང་ཡང་གཞན་དུ་མི་འགྱུར་བས་དགྲ་བའི་གསུང་ལ་ཕྱག་འཚལ་ལོ།། ཞེས་བྱའོ།། རྒྱལ་ཆེན་རྡོ་རྗེ་སྣང་བ་མཐའ་ཡས་ཞེས་པ ་ལ་སོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་ལྷ་མོ་པཎྜ་ར་བ་སིས་པདྨ་རིགས་ལ་བསྟོད་པའོ།། སྐུ་ལས་འོད་ཟེར་འཕྲོས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ།། ཀུན་རྫོབ་ཏུ་ཕྱག་རྒྱར་བསྟན་ཅིང་འདོད་ཆགས་དང་དུ་ལེན་ཅིང ་སྤྱོད་པའི་སྒྲོ་ནས་སེམས་ཅན་གྱི་དོན་མཛད་ཀྱང་དེའི་ཉེས་པ་རྣམས་ཀྱི་མི་གོས་པས་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ཀྱི་ཕྱིར་ན་རྣམ་པར་མྱི་རྟོག་རྡོ་རྗེ་མཁའ་ཞེས་པའོ།། དེ་ལྟ་བུ་དེ་དུས་གསུམ་གྱི་སངས་རྒྱས་ཀྱི་གསུང་གི་རང་བཞིན ་ཡོན་པས་རྡོ་རྗེ་གསུང་ངོ་།། རྡོ་རྗེ་དོན་གྲུབ་ཡང་དག་ཤེས་ཞེས་པ་རྣམས་ལ་སོགས་པས་ནི་ལྷ་མཽ་ཏ་རས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། དེ་ལ་རྡོ་རྗེ་དོན་གྲུབ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་རང་བཞིན ་གྱི་ཕྱག་རྒྱར་གནས་ནུས་སེམས་ཅན་གྱི་དོན་ཀུན་གྲུབ་པར་བྱེད་པའོ།། དེ་ཡང་འཁྲུལ་པ་དང་མུ་ཅོར་མེད་པ་ཡིན་ཞིང་མོས་པ་དང་མཐུན་པའི་སྒོ་ནས་དོན་མཛད་པས་ཡང་དག་གོ།། དེ་ཉིད་ཀྱི་ཕྱིར་ན་བསམ་པ་ཐམས་ཅད་རྫོགས ་པར་མཛོད། ཅེས་བྱའོ།། དེ་ཡང་འཁོར་བ་པ་བཞིན་དུ་ལས་ཀྱིས་སྐྱེས་པ་མ་ཡིན་ཞིང་ཆོས་ཀྱི་སྐུ་ལས་སྣང་བར་གྱུར་པས་རང་བཞིན་དག་པ་ཉིད་ལས་བྱུང་ཞེས་བྱ།། དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་རྡོ་རྗེ་སོས ་དཔའ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ནོ།། དེ་ལྟར་བསྐྱོད་ཚིག་ཞི་བ་ཡིས།། སངས་རྒྱ་སུ་ཐམས་ཅད་བསྟོད་བྱས་ཤིང་། རྡོ་རྗེ་ལོངས་སྤྱོད་ཀྱིས་བསྐུལ་ནུ།། དེ་ཡང་སངས་རྒྱས་འདྲ་བར་འགྱུར།། ་ཞེས་པས་ནི་དེ་ལྟར་ལྷ་མོ་རྣམས་ཀྱིས་རིགས་ལྔའི་སྒོ་ནས་བཅོམ་ལྡན་འདས་ཞེ་སྟང་རྡོ་རྗེ་ལ་བསྟོད་ཅིང་བསྐུལ་བའི་ཚོགས་བཅད་རྣམས་ཀྱི་ཕན་ཡོན་བསྟནྡ་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས ་ཀྱང་། ལྷ་མོ་རྣམས་ཀྱིས་ཇི་ལྟར་བསྟོད་ཅིང་བསྐུལ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཐབས་དང་ཤེས་རབ་ཀྱི་སྒོ་ནས་བསྟོད་ཅིང་བསྐུལ་ནས་སངས་རྒྱས་རྣམས་ཀྱང་མཉེས ་ཤིང་དགྱེས་པར་གྱུར་ནས་དེ་ལ་དངོས་གྲུབ་སྩོལ་བའི་ཕྱིར་རོ།། ཡང་ན་དམ་ཚིག་བསྲུང་བའི་མཆོག་དེ་ཉིད་ཡིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་གྱུར་པའི་དོན་ནོ།། ལྷ་མོས་དེ་བཞིན་གཤེགས་བསྟོད་པ། ་རྡོ་རྗེ་བློ་ཡིས་གཟིགས་ནས་ནི།། སྐུ་གསུང་ཐུགས་ལ་བསྡུས་ནས་ཀྱང་།། སྣ་ཚོགས་རྗེས་སུ་ཆགས་པར་མཛད།། ཅེས་བྱ་བ་ནི་དེ་ལྟར་ལྟར་མོ་རྣམས་ཀྱིས་བསྟོད་ཅིང་བསྐུལ་བས།། ཞེ་སྡང་རྡོ་རྗེས་དགོངས་པའི་ཚུལ་དུ་འཛུམ ་པ་མཛད་ནས་ཉིད་ཀྱི་སྐུ་གསུང་ཐུགས་དང་དེ་རྣམས་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པར་མཛད་དོ།། དེ་ལ་སྐབས་འདིར་སྐུ་ནི་རྡོ་རྗེ་དང་པདྨའོ།། གསུང་ནི་ཞལ་སྤྱོད་པའོ།། ཐུགས་ནི་སྙིང་གི་སྤྲད་ཅིང་དམ་པོར་འཁྱུད་པའོ།། ་སྣ་ཚོགས་རྗེས་སུ་ཆགས་པར་མཛད་པ་ནི་དེ་ལྟར་གྱུར་ནས།། ཀུ་མ་ལ་ཤྲཱི་གྷྲཾ་ལུས་འབྱུང་བའི་ཚུལ་དུ་སོ་སོ་ཆགས་པར་མཛད་ཅིང་བདེ་བ་ཆེན་པོ་ཉམས་སུ་བླངས་ཤིང་སེམས་ཅན་གྱི་དོན་མཛད་ནས།། ཡང་ཐབས་དང་ཤེས ་རབ་ཀྱི་རོལ་པ་བྱས་ནས་བྱང་ཆུབ་ཀྱི་སེམས་ཕབ་མ་ཐག་ཏུ་ལྷ་མོ་རྣམས་འོད་ཀྱི་ཚུལ་དུ་གྱུར་ནས་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཐིམ་ཞིང་གཉིས་སུ་མེད་པར་གྱུར་པར་བསྒོམ་པར་བྱ་བའི་དོན་ནོ།། དཀྱིལ་འཁོར་ཐམས་ཅད་མཐོང ་བ་ནི།། སྐུ་གསུང་ཐུགས་ནི་རྡོ་རྗེ་ནི་ཞེས་བྱ་བ་ནི་གོང་དུ་བསྟན་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་བསྒོམས་པའམ།། གཟུགས་བརྙན་དུ་བཀོད་པ་རྣམས་དེ་ལྟར་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བསྡུ་བར་བྱས་ནུས ་ཞེས་པའི་དོན་ནོ།། ཆོ་ག་ནི་གོང་དུ་བསྡུས་པའི་ཚུལ་བསྟན་པ་ཉིད་དོ།། དེ་ལྟར་བསྡུས་ནས་ཀྱང་ཅི་བྱེད་ཅེ་ན་བཟླས་པ་དག་ཀྱང་བསྡུ་བར་བྱ།། ཞེས་སྨོས་སོ།། དེ་ལྟར་དཀྱིལ་འཁོར་ཐམས་ཅད་བསྡུས་ནས་ཐུགས་ཀ་ནས་གནས་པའི་ཧཱུཾ ་ལས་འོད་ཟེར་འཕྲོས་ཤིང་བར་སྣང་ཁྱབ་པར་གནས་པའི་སངས་རྒྱས་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་ཀྱི་ཚུལ་དུ་གྱུར་ནས་སླར་ནས་བདག་ལ་ཐིམ་པར་བསམ་མོ།། དེ་ནས་ཡང་འོད་ཟེར་འཕྲོས་པས་བདག་ཕྱག་རྒྱར་གནས་བྲི ་སྐུ་ལ་ཕོག་པས་འོདི་དུ་གྱུར་ནས་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའ་ལ་ཐིམ་མོ།། དེ་ནས་ཡང་ཧཱུཾ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་ལ་ཕོག་པས་དེ་ཡང་འོད་ཀྱི་ཚུལ་དུ་ཧཱུཾ་ལ་ཐིམ་མོ།། དེ་ནས་ཡང་འོད ་འཕྲོས་པས་ཧཱུཾ་ཡང་འོད་དུ་གྱུར་ཏོ།། འོད་ཀྱང་ཕྱོགས་བཅུར་འཕྲོས་པས་ན་མཁའ་དང་གཉིས་སུ་མེད་པར་གྱུར་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་བྱའོ།། དེ་ལྟར་གནས་པ་ཡང་ཅི་ནུས་སུ ་གནས་ནས་ལྡང་ཞིང་འགྲོ་བར་འདོད་ན་སྤྱི་བོ་དང་ལྕེ་སྟེངས་དང་སྙིང་གར་སྐུ་གསུང་ཐུགས་ཀྱི་ས་བོན་ཡི་གེ་གསུམ་དམིགས་ནས་སྔགས་གསུམ་གྱིས་བྱིན་གྱིས་བརླབས་ལ་ཅི་བདེ་བར་གནས་པར་བྱ་བའི་དོན་ནོ།། ཏིང་ངེ ་འཛིན་ལ་དམིགས་པ་ན་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་པས་དུས་ཡུན་རིང་པོར་སྒོམ་ཞིང་སྒྲུབ་པའི་ཚེ་ལུས་ཉམས་ཆུད་པར་གྱུར་ནས་ཐབས་འདིས་གཟི་བྱིན་བསྐྱེད་ཅིང་བསྟན་པར་བྱ་བ་བསྟན་ཏོ།། དེ་ལ་ཇི ་ལྷུར་བྱ་ཞེས་ན།། བདག་གི་སྤྱི་བོའི་སྟེང་བར་སྣང་ལ་མཐོ་གང་གི་ཚོད་ཙམ་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་དེའི་སྟེང་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན ་ཡི་གཽ་ཨོཾ་བསྒོམས་པར་བྱའོ།། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བཅུད་རྣམས་བཀུག་ནས་ཨོཾ་དེ་ཉིད་ལ་ཐིམ་པར་བསམ་མོ།། དེ་ནས་ཡང་ཨོཾ་དེ་བདུད་རྩིའི་རང་བཞིན་དུ་གནས་པའི ་བཅུད་རྣམས་འོད་ཀྱི་ཚུལ་དུ་ཟླ་བའི་སྟེང་དུ་འཐིགས་པར་བསམ་མོ།། དེ་དང་ཟླ་བའི་བདུད་རྩི་གཉིས་གཅིག་ཏུ་གྱུར་ནས་ཟླ་བ་ལས་བདག་གི་སྤྱི་བོར་ཐིགས་པ་འོད་ཟེར་གྱི་ཚུལ་དུ་ཐིམ་ཞིང་ལུས་ཀུན་ཏུ་ཁྱབ་པར་སྒོམ ་པའི་ཕྱིར་བདུད་རྩི་རྣམས་ནི་འབྱུང་བར་བསམ་ཞེས་སྨོས་སོ།། རྡོ་རྗེ་སྦྱོར་བ་འདི་ཡིས་ནི།། སྐད་ཅིག་དུ་ཡང་མདྲངས་ལྡན་འགྱུར།། ལུས་དང་དྲུག་སེམས་བདེ་བར་གནས།། ཐེ་ཚོམ་མེད་པར་གྱུར་བྱ་ཡིན།། ཞེས་བྱ་བ་ནི་དེ་ལྟར ་བསྒོམས་པའི་ཕན་ཡོན་བསྟན་ཏེ།། ཡེ་ཤེས་ཀྱི་སྦྱོར་བ་དེ་བསྟན་པ་བཞིན་དུ་མ་ནོར་བར་བསྒོམས་ནཱ་ག་ནི་བྱིན་སྐྱེང་ཞིང་བྱེ་སྟན་པར་ངེས་པའོ།། བཀྲེས་བསྒོམ་ལ་སྩོགས་སྡུག་བསྔལ་ལོ།། སྦྱོར་བ་འདི་ནི་རྣམ་པར་བས ་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་པས་བཀྲེས་སྐོམ་ལ་སོགས་པ་བྱུང་ནཱ་ཡོ་བྱད་ལ་སོགས་པ་མེད་ན་ཏིང་ངེ་འཛིན་སྲིང་ཞིང་ཚོལ་དུ་མི་འགྲོ་སྟེ།། འོག་ནས་འབྱུང་བའི་ཆོ་ག་བྱ།། ཞེས་པའི་དོན་ཏོ།། དེ་བྱས་ན་བཀྲེས་པ་ལ་སོག ་པའི་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་བར་ངེས་པའི་ཕྱིར།། མི་གཙང་རྡོ་རྗེ་ཚིག་བཞིན་ཏེ། ཞེས་སྨོས་སོ།། མི་གཙང་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའོ།། དེའི་གསུང་གཞན་དུ་མི་འགྱུར་བའི་ཕྱིར་རོ།། དེ་ཡང་ཇི་ལྟར ་བྱ་ཞེ་ནི།། བདག་ལྷ་གང་བསྒོམ་ཡང་རུང་སྟེ་བཀྲེས་པ་ལ་སོགས་པ་བྱུང་ན་དྲི་མ་ཐག་ཏུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་བསྒོམས་ལ།། ཁའི་ཡ་དིརྐ་ནཱ་ལཱ་ཧེ་ལས་འདོད་འཇོའི་བུ་ཁ་དོག་དཀར་མོ ་ཞིག་བསམ།། ལྕེའི་སྟེང་དུ་ཨོཾ་དཀར་པོ་གཅིག་དམིགས་ལ་དེའི་མཐའ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བསྐོར་བའི་བསྒོམས་པའི་རྣམ་པར་སྣང་མཛད་གཟུགས་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་སོ།། སྡུག་བསྔལ། ་ཀུན་སེལ་ཞི་བ་ནི།། ཡེ་ཤེས་རྡོ་རྗེས་བྱིན་བརླབས་ཏེ་ཞེས་པ་ནི་དེ་ལྟར་བསྒོམས་ནས་ཡེ་ཤེས་ལས་གྱུར་པའི་བུ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཡིད་ལ་འདོད་པའི་ཟས་ལ་སོགས་པ ་རྣམས་ལྕེའི་སྟེང་དུ་བྱུང་ཞིང་ལུས་ཀུན་ཐིམ་པར་བསམ་པ་དང་། སྡུག་བསྔལ་ཐམས་ཅད་དེའི་བྱིན་བརླབས་ཀྱིས་མེད་པར་གྱུར་པའི་དོན་ནོ།། གང་ཞིག་འདི་ནི་སྒོམ་བྱེད་པ།། བྱང་ཆུབ་སེམས་དཔའ་གྲགས་ཆེན་འགྱུར་ཞེ ་པ་ནི་བདེ་བ་ཆེན་པོའི་སྒྲུབ་ཐབས་དེ་ཡན་ཆད་དུ་བཤད་པ་བཞིན་དུ་བསྒོམ་ཤིང་བསྒྲུབས་པའི་ཕན་ཡོན་བསྟན་ཏེ། དེ་ཡང་ཇི་ལྟར་ཞེ་ན། ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔར་འགྱུར་བས་དེ་མ་ཐོབ་པའི་བར་དུ་བྱང་ཆུབ་སེམས་དཔའ ་གྲངས་སུ་ཆུད་པའི་ཕྱིར་རོ།། དེ་ཡང་སྒོམ་ཞིང་སྒྲུབ་པའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་འབྲལ་དུ་མྱི་རུང་བས། བྱང་ཆུབ་སེམས་དང་སྦྱོར་ལྡན་ན། སྐུ་ཚོགས་དངོས་གྲུབ་ཐོབ་པར་འགྱུར། ཞེས ་བསྟན་ཏོ།། དད་པ་མེད་དང་ཐེག་དམན་ཞུགས།། ཞེས་པ་ལ་སོགས་པས་ནཽ་གས་སྔགས་མ་ཧཱ་ཡོ་གཱའི་སྙིང་པོ་རྙེད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་འདུས་པ་ཡིན་ལ།། དེ་ཡང་དེར་དོན་གྱི་སྙིང་པོ་བསྡུས་པ་འདི་ཡིན་པས ་ཀུན་གྱི་ཐུན་མོང་མ་ཡིན་ཕྲ་ཤིན་ཏུ་ལྔ་གསང་བ་བྱ་ཞེ་བསྟན་ཏོ།། དེ་ལ་དད་པ་མེད་པ་མེད་པ་ནི་ཡིད་མི་ཆེས་པ་དང་ཚུལ་བཞིན་དུ་མི་བསྒྲུབ་པའོ།། ཐེག་དམན་ཞུགས་པ་ནི་ཡོ་ག་མན་ཆང་དང་དུ་ལེན་ཅིང་སྤྱོད་པ་རྣམས་སོ།། འདོད་ཆགས་ཞེས་སྡང ་ན་འདོད་ཆགས་ཤིན་ཏུ་ཆེ་བ་དང་ཞེ་སྡང་ཤིན་ཏུ་ཆེ་བ་རྣམས་སོ།། དབང་པོ་བརྟུལ་བུ་ནི་དེ་ལྟ་བུའི་སྐྱོན་མེད་ཀྱང་ཤེས་རབ་ཆུང་བའི་དབང་གིས་བསྟན་ཀྱང་གཞན་དུ་འགྱུར་བའི་ཕྱིར་རོ།། སློབ་དང་བུ་ལ་སྦྱིན་མི་བྱ། ཞེས་པ་ནི་དད་པ་མེད་པ་ལ ་སོགས་པའི་སྐྱོན་ཡོད་པའི་སྐྱེས་བུ་དེ་དག་གི་བུ་ཡང་རུང་། ཆོས་འདི་མ་རྟོགས་པའི་སྒོ་ནས་སློབ་བུར་གྱུར་ཅིང་ཅེས་པ་ལ་སོགས་ཡང་བསྟན་པར་མི་བྱ་ཞེས་པའི་དོན་ནོ།། གང་ཕྱིར་བསྒྲུབ་པ་འདི་བརྩམོས་པ་ཞེས་པ་ལ་སོགས་པ་ནི་ཕྱི་རབས ་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཡིད་མི་ཆེས་ཤིང་སྐུར་པ་བདེབས་པར་དགོངས་ནས་རྒྱུད་ཀྱི་ཁུངས་ལ་སོགས་པ་བསྟན་ཏོ།། དེ་ལ་ཡང་ཕྱིར་སྒྲུབ་པ་འདི་བརྩམས་པ། ཞེས་པ་ནི་སློབ་དཔོན་གྱིས་སྒྲུབ་པའི་ཐབས་འདི་བརྩམས་པ་འདི་དོན་མེད་པ ་མ་ཡིན་ཏེ།། རྡོ་རྗེ་སེམས་དཔའ་སྒྲུབ་ཕྱིར་ཞེས་པ་དང་འབྲེལ་ཏོ།། དེ་ལ་བབ་ཅོལ་མེ་ཡིན་ནོ།། ཞེས་བསྟན་པའི་ཕྱིར།། རྒྱུད་དོན་མངོན་པའི་རྟོགས་ནས་ནི།། ཞེས་སྨོས་སོ།། དེ་ཡང་རྒྱུདཊཱི་ཀྱི་རྒྱལ་པོ་གསང་བ་འདུས་པ་བདག་གི་སློབ ་དཔོན་གྱིས་བསྟན་པ་དང་། རང་གི་ཤེས་རབ་ཀྱིས་མ་ནོར་བར་ཤེས་པའི་དོན་ནོ།། རྡོ་རྗེ་བཞད་པའི་སློབ་དཔོན་གྱིས་ཞེས་པ་ནི་ཉིད་ཀྱི་མཚན་ཉིད་བསྟན་པའོ།། ཉིད་ལ་ཉིད་སློབ་དཔོན་ཞེས་གསུང་པ་ནི་ཡུལ་ཐམས་ཅད་དུ་སློབ་དཔོན་དུ་གྲགས་པ་དང ་མཁས་པར་ཞལ་གྱིས་མཆིས་པའི་དོན་ནོ།། སློབ་དཔོན་གྱིས་ཅིའི་ཕྱིར་མཛད་ཅེ་ན། སེམས་ཅན་ཡེ་ཤེས་བསྐྱེད་ཕྱིར་རོ།། ཞེས་སྨོས་སོ།། དེ་ཡང་གོང་དུ་རྡོ་རྗེ་སེམས་དཔའ་བསྒྲུབ་ཕྱིར་ཞེས་བསྟན་ན།། འདིར་དེ་སྐད་ཅིའི་ཕྱིར་བསྟན་ཞེས། ་རྡོ་རྗེ་སེམས་དཔའ་ཚེའང་ཉིད་ལམ་གྲུབ་ན་སང་འདི་ཤེས་ཅུང་ཐོས་པར་གྱུར་ན་རྒྱུད་གསང་བ་འདུས་པ་ཤེས་པར་འགྱུར་ལ།། དེ་ཤེས་པས་གསང་སྔགས་རྣམས་ལ་མཁས་པར་འགྱུར་བ་དང་། ་ཐ་སྙད་ཐམས་ཅད་ལ་མཁས་པར་འགྱུར་བའི་ཕྱིར་རོ།། དཔལ་བདེ་བ་ཆེན་པོའི་བསྒྲུབ་ཐབས་རྫོགས་སོ།། ། ཞེས་པས་ནི་དཔལ་བདེ་བ་ཆེན་པོའི་སྒོ་ནས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་མངོན་སུམྦྷ ་འགྱུར་བའི་ཐབས་སམ་དེ་ཉིད་ཀྱི་རང་བཞིན་དུ་འགྱུར་བའི་ཐབས་སོ།། རྫོགས་པ་ནི་ཉིད་ཀྱི་དགོངས་པ་མ་ལུས་པའོ།། སྒྲུབ་ཐབས་རྣམ་པར་བཤད་པ་འདི།། བདག་གིས་བྱས་པའི་དགེ་བ་ཡིས།། འགྲོ་བ་རྣམས་ཀྱིས་འདི་ཉིད་ཀྱི ་དོན་ནི་རྣམ་པར་རྟོགས་པར་ཤོག། དཔྲལ་བདེ་བ་ཆེན་པོའི་འབྲེལ་པ་སློབ་དཔོན་ཆེན་པོ་བི་མཱ་ལ་གརྦྷས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཤྲཱི་ས་ཧཱ་ཛ་ས་མཱ་ཡ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ ་