CLOSE WINDOW

GT774: rgyud kyi rgyal po dpal gsang ba 'dus pa'i rnam par bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཏནྟྲ་རཱ་ཛ་ཤྲཱི་གུ་ཧྱ་ས་མ་ཛ་ཊཱི་ཀ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ། སྙིང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཐམས་ཅད་མ་ལུས་རྒྱལ་བའི་གཙོ།། སྐུ་གསུང ་ཐུགས་དང་རབ་ལྡན་ཞིང་། ལྷ་མོའི་ཚོགས་བཅས་བདེ་ཆེན་ལ།། དད་པས་རྟག་ཏུ་ཕྱག་འཚལ་ཏེ།། གང་ཞིག་རིགས་ལམ་དག་པ་དང་།། གསང་འདུས་དག་ལ་དད་པ་རྣམས།། ད་ལྟར་དད་པའི་ལམ་དུ་ནི།། བདེ་བར་གཤེགས་པས་རྩ་བ་གསུངས།། དེ་ལ་བརྟེན ་ཏེ་མགོན་པོ་ཡི།། སྐུ་གསུང་ཐུགས་ཀྱི་གསང་བ་རྣམས།། རྣལ་འབྱོར་རྣམས་ཀྱིས་རྟོགས་བྱའི་ཕྱིར།། མ་ནོར་ཙམ་དུ་བཤད་པར་བྱ།། དེ་ལ་འདི་མགོ་མཇུག་ཏུ་ཕུན་སུམ་ཚོགས་པ་ལྔས་བསྟན་ཏོ།། ལྔ་གང་ཞེ་ན། སྟོན་པ་དང་། སྡུད་པ་དང་། གནས་དང ་འཁོར་དང་། རྒྱུད་ཕུན་སུམ་ཚོགས་པའོ།། དེ་ལ་སྟོན་པ་ནི།། བཅོམ་ལྡན་འདས་ཞེས་པ་ལ་མངོན་ནོ།། བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱས་པས་ནི་སྡུད་པ་བསྟན་ཏོ།། གནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ན།། པདྨ་ལ་བཅུ ་སོ་ཞེས་པའི་བར་རོ།། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ནས། གང་བར་སྣང་ངོ་བའི་བར་གྱིས་འཁོར་བསྟན་ཏོ།། དེ་ཡང་དང་ལ་འདི་སྐད་ཅེས་བྱ་བས་ནི་རྒྱུད་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་སྐད་ཅེས་སྨོས་པས་འོག་ནི ་འབྱུང་བའི་རྒྱུད་ཀྱི་དོན་མགོ་མཇུག་རྫོགས་པར་འདྲེན་པའི་ཕྱིར་རོ།། བདག་གིས་ཞེས་བྱ་བ་ནི་གཞན་དང་གཞན་ནས་བརྒྱུད་པ་ལྟ་བུ་མ་ཡིན་པའི་དོན་དེ།། རྡོ་རྗེ་ཆོས་མངོན་པར་རྫོགས་པར་སངས་རྒྱས་པོ་ཉིད་ཀྱིས་གཞན་དང་གཞན་ནས་བརྒྱུད ་པ་ལ་ཐོས་ས་ནས་མི་སྦྱར་བའི་ཕྱིར་རོ།། དེས་ན་འདི་སྐད་ཅེས་བྱ་བ་ནས།། མངོན་པར་བསྟོད་དོ་བའི་བར་དག་བདག་གིས་མངོན་སུམ་དུ་ཐོས་སོ་ཞེས་སྟོན་ཏོ།། དེ་ཡང་བདག་ཁོ་ནར་འཛིན་པ་ནི་མ་ཡིན ་ཕྱིར་ཞེ་ན། བརྗོད་ཀྱིས་མི་ལང་བ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་དང་མི་མཐུན་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཐོས་པ་ནི་སྒྲར་སྣང་བའི་གསུང་གི་རྣམ་པས་སོ།། དེ་ལ་གཞན་དག་གིས་བརྒལ་བ། མངོན་པར་རྫོགས་པར་སངས་རྒྱས ་ཏེ་གཉིས་མེད་པ་ཉིད་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་བྱ་བས་ཆོ་ག་མོང་། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་དགོས་ཆེད་མེད། བཅོ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་དེ་བརྗོད་པར་རིགས་པའི་ཕྱིར་རོ།། དེ་ལྟར ་མངོན་སུམ་ན་བཞུགས་པའི་དུས་ན། འདི་སྐད་བདག་གིས་ཐོས་པ་ཞེས་བརྗོད་པ་འདི་དག་རིགས་པ་མ་ཡིན་ནོ་ཞེ་ན། ལན་དུ་རིགས་པ་ཡིན་ཏེ། རྒྱུད་ཐམས་ཅད་ཀྱང་འདི་སྐད་བདག་གི་ཟོས་པ་ཞེས་གྲགས་ལ། སྟོན་པ་མྱ་ངན་ལས་འདས་སོ་ཞེས་ནི ་རྒྱུད་གཞན་གང་ལས་ཀྱང་མ་གསུངསོ།། ཡང་དེ་ལ་དགོས་ཆད་ཅིང་ཡོད་ཅེ་ན། རྒྱུད་འདི་ལས་ཕྱིར་གྱུར་པ་གཞན་དག་ཅི་སྟེ། འདྲི་བ་པོ་ཅིག་མེད་ན་རྒྱུད་འདི་དག་ཇི་ལྟར་འབྱུང་བར་འགྱུར་ཞེས་རྣམ་པར་རྟོག་སྟེ། དེ་དག་བསལ་བའི་ཕྱིར་ཞེས་སྐབས ་དེདང་སྦྱར་རོ།། དེའི་ཕྱིར་འདུལ་བའི་ཐབས་ཀྱིས་གཅིག་དང་དུ་མའི་ངོ་བོར་སྟོན་ཏེ། ཇི་སྐད་དུ། རྣམ་དག་སྐུ་སྟོན་མ་ཡིན་ཏེ།། ལོག་འགྲོ་རྟོག་པ་ཐམས་ཅད་ལ།། སོ་སོར་འདུལ་བའི་སྐུར་ཡང་སྟོན། ཞེས་གསུངས་པ་ལྟ་བུའོ།། དེ་དག་གིས ་ཕྱོགས་རྣམས་སུ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛོད་པ་ནི་འདི་སྐད་དུ། བལྟམ་པ་དང་། རབ་འབྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་འཕྲུལ་བསྟན་པ་དང་། མྱ ་ངན་ལས་འདས་པ་ལ་སོགས་པར་གསུངས་པ་དང་། ཆོ་འཕྲུལ་གྱི་སྤྱན་ལ་སོགས་པ་དྲུག་དང་། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་བཞི་དང་། དེ་དག་ལ་སོགས་པར་སྣང་ངོ་།། དེ་ཡང་ཆུ་སྣོད་ཀྱི་གཟུགས་བསྙེན་བཞིན་ནོ།། དེ་ཡང་འདུལ ་བྱའི་དབང་གིས་ལྷ་དང་མིའི་ཐེག་པ་ལྔ་གསུང་སོ།། གསུང་ངོ་།། གསུང་བར་འགྱུར་རོ།། ཞེས་གྲགས་པ་བཞིན་ནོ།། དུས་ཅིག་ན་ཞེས་བྱ་བ་ནི་དེ་ཡི་ཚེ་ན་ཞེས་བྱ་བར་སྦྱར་ཏེ། འདི་ནི་འདིའི་དུས་གཅིག་ན་གཞན་གྱི་དུས་ཅིག་ན་བྱ་བ་ལྟ་བུ་མ་ཡིན་ཏེ། འདི་ལྟར ་དུས་མཚོན་པ་ཡང་དུས་གསུམ་ལ་སོགས་པ་དུས་ངེས་པར་བསྟན་པ་ནི་མ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་བདུད་བཞི་བཅོམ་པ་དང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་ཏེ་བྱང་ཆུབ ་སེམས་རྡོ་རྗེའོ།། ཡང་འདིར་དགྱེས་པའི་གནས་ན་བཞུགས་པའི་ཕྱིར་ཡང་དེ་སྐད་ཅེས་བྱ་ལ། ཡེ་ཤེས་ཀྱི་རང་བཞིན་ལ་བཅོམ་ཞེས་གསུངས་ཏེ། དེ་རྣམས་དང་གང་ལྡན་པ་དེ་དེ་ལྟར་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ལ་སོགས་པས་བླ་ན ་མེད་པའི་ཆོས་བསྟན་པ་དང་རྗེ་སུ་མཐུན་པའི་རྟེན་གྱི་ཁྱད་པར་གསུངས་སོ།། བཤད་པ་དེ་བཞིན་གཤེགས་པ་ནི་ཇི་ལྟར་སྐྱེས་པ་བཞིན་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ཇི་ལྟར་ཞེ་ན། ཕ་དང་མ་གཉིས་ཐོག་མ་མེད་པའི་དུས་ནས ་འདོད་ཆགས་དང་ལྡན་པའི་དབང་གིས་ཕོ་མོ་ཕྲད་པར་གྱུར་ནས།། དེ་ཉིད་རྣམ་པར་སྦྱངས་ནས་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་ན་དེ་དེ་བཞིན་གཤེགས་པ་ཞེས་བྱའོ།། ཡང་ཇི་ལྟར་འོངས་པ་བཞིན་འགྲོ་བའི ་ཕྱིར་དེ་བཞིན་གཤེགས་པ་སྟེ།། དཔེར་ན་ཟངས་དང་གསེར་ལ་སོགས་པ་རྫས་ཀྱི་དངོས་པོ་གཅིག་ལ། ངན་སྣོད་དུ་བྱས་པའི་ཚེ་ན་མི་གཙང་བར་འཛིན་ཅིང་འདོར་བར་བྱེད། དེ་གཞོང་པ་ལ་སོགས་པར་བྱས་པའི་ཚེ་ན་གཙང་བར་བྱེད་ཅིང་བླང ་བར་བྱེད། དེ་སྐུ་གཟུགས་ལ་སོགས་པར་བྱས་པའི་ཚེ། ཕྱག་འཚལ་ཞིང་མཆོད་པར་བྱེད་དོ།། དེ་བཞིན་དུ་འཁོར་བའི་རྒྱུ་ལ་དང་པོ་བརྒྱད་དང་དགུ་པ་དང་བཅས་པར་སྤྱད་པའི་དུས་ན་ནི་སྨད་ཅིང་སྤང་བར་བྱ་བ་ཡིན་ལ། དེ་ཉིད་ཐབས་དང་ཤེས ་རབ་ཀྱི་ཚུལ་དུ་རྣམ་པར་སྦྱངས་པའི་དུས་ན་ནི་སྐུ་འགྲུབ་པར་བྱེད་པའི་ལོངས་སྤྱོད་ཀྱི་གནས་ཀྱང་ཡིན་ལ།། དེ་ལྟར་ཟུང་དུ་འབྲེལ་པའི་གོམས་དབང་གིས་འབྲས་བུ་ཉིད་མངོན་པར་འགྲུབ་པར་བྱེད་དོ།། འདོད་ཆགས་ལ་སོགས་པ་ཆོས་ལྔ་པོ་འདི ་ཚུལ་ལྟར་སྣ་ནི་ན་སོ་གི་ང་སྦྱིན། དེད་རྣམ་པ་དག་པར་བརྣམ་སྙན་ཐམས་རྗེད་མི་སྦྱིན་པའི་ཤེས་བྷཱ་རྒྱུ་སང་ཡིན་པས་ཉེས་པ་ལུ་། དེ་སྨྲའོ།། དེ་ལ་སུམ ་xxx། xxx ་དེའི་བཙུན་མོ་ནི་ཕྱག་རྒྱའི་དོན་ཏོ།། བྷཱ་ག་ལ་ཞེས་པ་ནི་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཆོས་ཀྱི་འབྱུང་གནས་དེའི་པདྨའི་གནས་ན་བཞུགས་པར་སྟོན་ཏོ།། སོ་སོར་སྣང་བའི་འབྱུང་བ་ངེས་པར་འབྲེལ་པ་ཉིད་ཀྱི་ཕྱིར་ན། གཅིག་ལ་ཡ ་ཆོས་ཀྱི་འབྱུང་གནས་ལ་སོགས་པ་མང་པོར་ཚིག་ཡིན་ནོ།། དེ་བཞུགས་ཞེས་པ་དང་འབྲལ་ཏོ།། བཞུགས་པའི་སྒྲ་ནི་རྣམ་པར་གནས་སོ་བའི་དོན་ཏོ།། འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ།། འདོད་ཆགས་ལ་སོགས ་པའི་ཐབས་ཀྱི་འདོད་ཆགས་ལ་སོགས་པ་མངོན་པར་བྱང་ཆུབ་པའི་རང་བཞིན་རྣམས་བྱ་བ་དེ་ཁོ་ན་དེའི་བཞུགས་པ་རང་གི་ལས་ཡིན་ནོ།། འབྱུང་བ་གཙོ་བོར་གྱུར་པ་ནི་མ་ཡིན་ཏེ། འདས་པ་ལ་སོགས་པ་ཡང་ད་ལྟར་ཉིད་དུ་དེས་ཡང་དག་པར་རིག ་པའི་ཕྱིར་རོ།། གང་དག་དང་བཞུགས་པ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་སོགས་པ་དང་སྟེ། བཤད་པ་གྲངས་དང་གྲངས་ལས་འདས་པའི་དོན་དུ་བསྟེན་པ་ཡིན་ཏེ། དེའི་ཕྱིར་གཟུགས་དང་ཡོན་ཏན་བརྗོད་དུ་མེད་པར་བསྟན་པ་དེས་ནི་དེ་རྣཾམ ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱིས་ཞིང་རྡུལ་ཕྲ་མོ་སྙེད་ཅེས་པ་ནི་རབ་ཏུ་མང་པོའི་འདོན་ཏེ་གྲངས་མེད་པའི་ཕྱིར་རོ།། བྱང་ཆུབ་ནི་ཕྱག་རྒྱ། སེམས་དཔའ་ནི་འདོད་པ་ཆེན་པོ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་སོ་བའི་ཐ་ཚིག ་གོ། སེམས་ཅན་གྱི་དོན་ལ་གནས་སོ་བའི་ཐ་ཚིག་གོ།། སེམས་ཅན་གྱི་དོན་ལ་འཇུག་པའི་ཕྱིར་དེ་རྣམས་དང་ཐབས་གཅིག་ཏུ་བདག་གིས་སོ་ཞེས་པའི་དོན་ཏོ།། དེ་སྐད་ཅེས་བསྡུས་པའི་དོན་དུ་བསྟན་མོད་ཀྱི། དེ་ལ་གང་གང་བཞུགས་པ་བསྟན ་པའི་ཕྱིར། འདིར་སོ་སོའི་མཚན་ཡང་གསུངས་སོ།། འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི། ཉེ་བར་མཚོན་པ་ཡི་ཚིག་སྟེ། དེ་རྣམས་ཀྱི་ནང་ནས་རྒྱུའི་སྒོ་ནས་ཉེ་བར་ཤེས་པའི་རྣལ་འབྱོར་པ་རྣམས་ལ་འགའ་ཞིག་བརྗོད ་པ་ཡིན་ནོ།། རྒྱུད་ལས་མིག་རྣམ་པར་དག་པ་དང་རྣ་བ་རྣམ་པར་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་གྱི་ལྷ་ཁོ་ན་མ་ཡིན་ཏེ། འདི་རང་གི་ཕྱག་མཚན་དང་། ཏིང་ངེ་འཛིན་གྱི་ངོ་བོ་དང་། སྤྱན་དྲང་བའི་སྔགས་ལ་སོགས་པ་གསུངས་པ་མེད ་པའི་ཕྱིར་རོ།། འོ་ན་ཇི་ལྟར་ཏེ་བརྗོད་ཀྱིས་མི་ལང་བ་ཡིན་ཞེ་ན། བདེན་དེ་དེ་ལྟར་ཡིན་ཡང་དེ་རྣམས་རེ་རེ་ཡང་གྲངས་མེད་པ་ཉིད་ཡིན་ཏོ། ཅིའི་ཕྱིར་ཞེ་ན། རང་རང་གི་དཀྱིལ་འཁོར་གྱི་ལྷའི་དབང་དུ་བྱོས་ནས་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་རོ།། དེས་མངོན ་དུ་བྱས་པ་དེ་ཤེས་སོ།། དེ་ཉིད་ཀྱི་ཕྱིར་ན། དེ་དག་ལ་སོགས་པའི་ཞེས་པ་ནི། རྡུལ་ཕྲ་མོ་སྙེད་ཀྱི་གྲངས་ཏེ། དེ་རྣམས་ནི་གཱཙོར་བརྗོད་པར་བསྟན་པ་ཡིན་ནོ།། ཁ་ཅིག་ནཱ་རེ་རྡུལ་སྙེད་པའི་འཁོར་ལོ་སྨོས་ན་ཡོད་པ་ཉིད་པས་འདིར་མ་སྨོས་ཀྱང་།། སྐུ ་མདོག་དང་ཕྱག་མཚན་དང་སྔགས་དང་སྤྱན་དྲང་ལ་སོགས་པ་རྒྱུད་གཞན་ནས་འབྱུང་དགོས་ཏེ། དེ་འཁོར་ལོ་མཐུན་པའི་རིགས་སུ་བཀོད་དགོས་པས། སེམས་ཅན་གྱི་ཐེབས་ཀྱི་དོན་མི་འགྲུབ་པར་འགྱུར་ཞེ་ན། འགྱུར་ཏེ་གཙོ་བོ་ནི་གཅིག་ཁོ་ན་ཡང ་ཀུན་དང་ལྡན་ཞེའོ།། ད་ནི་གཙོར་བརྗོད་པ་རྣམས་བསྟན་ཏེ། དེ་ལ་དམ་ཚིག་རྡོ་རྗེ་ཞེས་ཐོག་མར་སྨོས་ཅི་དགོས་ཞེ་ན། ལྷ་རྣམས་མཉེས་པའི་རྒྱུ་དམ་ཚིག་གིས་བྱེད་པའི་ཕྱིར་རོ།། དེ་ཉིད་ཇི་ལྟ་བུ་ཞེ་ན། དོན་རྣམ་པ་གཉིས་ཏེ། ཕྱི་དང་ནང་ངོ་།། ཕྱི་ནི་འཇིག ་རྟེན་པའི་བསྲུང་བ་རྣམསོ།། ནང་གི་ནི་རྟག་ཏུ་དགའ་བའི་སེམས་ཀྱིས་སེམས་ལ་སོགས་པ་ལྔ་དང་། ཤ་ལྔ་བཟའ་བ་དང་། གཞན་ལས་དབྲོག་པ་དང་། རྨད་དུ་བྱུང་བས་གསོད་པ་ལ་སོགས་པ་ནི་དམ་ཚིག་སྡོམ་པ་ཡིན་ནོ།། བཤད་པ་དམ་ཚིག་ནི་ཡུལ ་ལྔ་ཡུལ་ཅན་གཉིས་སུ་མེད་པའི་རྡོ་རྗེ་ནི་དམ་ཚིག་སྟེ་མིག་སའི་སྙིང་པོའོ།། ཆོས་འདི་ཡི་རྟགས་ཀྱིས་ཀྱང་གོང་དུ་བྱུང་བའི་སྒྲས། སེམས་དཔའ་དང་པོའི་རྣམ་པ་ཁོ་ནར་ཏིང་ངེ་འཛིན་འདི་རྣམ་པར་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ་ནི་མངོན་དུ་བྱས་ནས།། ད་ནི་དེ་ལྟར་དམ་ཚིག་བསྲུངས་ནས་སྐུ་འགྲུབ་པར་བྱ་བའི་ཕྱིར།། སྐུ་རྡོ་རྗེ་སྨོས་སོ།། སྐུ་གྲུབ་དང་ཚིག་ཀྱང་དགོས་ཏེ། སྐུ་གསུང་ཐ་མི་དད་པར་བསྟན་པའི་ཕྱིར། གསུང་རྡོ་རྗེ་སྤོས་སོ།། དེ་ལྟར་ཚིག་གྲུབ་ནས་སེམས་དཔྱོད་པར་བྱེད། ་སེམས་ནི་རང་བཞིན་དང་བྲལ་བར་ཡང་མཁྱེན་ལ། མི་གཉིས་པར་རིག་སྟེ། དེའི་ཕྱིར་ཐུགས་རྡོ་རྗེ་སྨོསོ།། སྐུ་གསུང་ཐུགས་དེ་ཉིད་ཏིང་ངེ་འཛིན་མེད་པར། སངས་རྒྱས་ཀྱི་སྐུ་དང་གཉིསུ་མེད་པ་མི་འགྲུབ་པས། དེའི་ཕྱིར་ཏིང་ངེ་འཛིན་རྡོ་རྗེ་སྨོས་སོ།། དེ་ལྟར ་ཏིང་ངེ་འཛིན་ཐོབ་ནས། གང་གིས་སེམས་མངོན་པར་དགའ་བར་བྱ་བ་དེ་རྒྱལ་བར་སྟོན་པའི་ཕྱིར། རྒྱལ་བ་རྡོ་རྗེ་སྨོས་སོ།། དེ་བཤད་པ། ལུས་རྡོ་རྗེ་ལ་སོགས་པ་རྣམ་པ་ལྔའི་སྒྲས་ཕྱག་ན་རྡོ་རྗེ་ལ་སོགས་པ་ལྔའི་རྣམ་པ་ཁོ་ནར་འབྱུང་བས། ཏིང་ངེ་འཛིན་འདི ་རྣམས་བཤད་པ་ཡིན་ཏེ། དེ་སྒྲ་རྣམས་ཀྱི་རྟགས་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེས་ནི་ཕྱག་ན་རྡོ་རྗེ་དང་ན་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། རྡོ་རྗེ་སེམས་དཔའ་རྣམས་གོ་རིམ་བཞིན་གསུངས་པ་ཡིན་ཏེ། ་དེ་རྣམས་ནི་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་གནས་པ་དང་། གཅོད་པའི་རིམ་པ་བཞིན་དུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ན། ཉེ་བར་སྒྲུབ་པ་ལ་རྣལ་འབྱོར་པའི་དེ་རྣམས་བྱིན་གྱིས་བརླབས་ཁོ་ན་ཡིན་ནོ།། དེ་ལྟར་བསྒོམས་པའི ་འབྲས་བུ་ནི་འཕྲུལ་གྱི་མིག་ལ་སོགས་པ་མངོན་པར་ཤེས་པ་དྲུག་སྐྱེད་པར་བྱེད་དོ།། གལ་ཏེ་ཐོག་མར་བྱུང་བའི་སྒྲས་དོན་ཡོད་གྲུབ་པ་ལ་སོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་རིགས་ཀྱི་མཚན་འོག་ནས་མངོན་དུ་བརྗོད་པའི་ཕྱིར་དང་། བྱང་ཆུབ་སེམས ་དཔའི་ལེའུ་ལ་དེ་བཞིན་གཤེགས་པར་མི་རུང་བའི་ཕྱིར་རོ།། ད་ནི་རིགས་ཀྱི་ཡུམ་རྣམས་གསུངས་པ། ས་རྡོ་རྗེ་ལ་སོགས་པ་ལྔའི་སྒྲས་བྱང་ཆུབ་སེམས་ལྡན་གྱིས་གྲུབ་པ་ལས་ཆོས་ལྔ་པོ་འདི་དག་སྐྱེད་པར་བྱེད་དེ་ལྔ་ནི་ས་ལ་སོགས་པ་ལྔའོ།། ཇི་ལྟར ་སྐྱེད་པར་བྱེད་ཅེ་ན། དེ་ཡང་གོ་རིམ་བཞིན་བཤད་ན་སོའི་ཁམས་ནི་སངས་རྒྱས་སྤྱན། ཆུའི་ཁམས་ནི་རྒྱལ་བའི་ཡུམ། མེའི་ཁམས་ནི་ན་བཟའ་དཀར་མོ།། རླུང་གི་ཁམས་ནི་འཕགས་མ་སྒྲོལ་མ། ན་མཁའི་ཁམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། ་དེ་ལ་ནམ་མཁའ་རྡོ་རྗེ་ནི་དེ་བཞིན་ཉིད་དང་གཞལ་ཡས་ཁང་བརྩེགས་པ་ལ་སོགས་པ་རྟེན་དང་རྟེན་ཅན་གྱི་ངོ་བོ་ཉིད་རྣམས་ལ། རྣམ་པར་དག་པའི་དོན་བསྟན་པ་ཡིན་ཏེ། རང་བཞིན་གྱིས་ཡིན་པའི་ཕྱིར་རོ།། དེ་ན་མཁའ་བཞིན་ནོ།། ནམ་མཁའ་དངོས་པོའི་རྐྱེན་དང་ལྡན ་པའི་རྡོ་རྗེ་ནི་སྒྲིབ་པ་མེད་པར་སྣང་བའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་དོན་ཏེ། དེའི་ཕྱིར་ཡང་རྡོ་རྗེ་འཛིན་པ་དངོས་སུ་འདོད་པ་ནི་མ་ཡིན་ཏེ་བཞུགས་སོ་ཞེས་འབྱུང་བས། རྡོ་རྗེ་སེམས་དཔའ་ཁོང་ནར་གསུངས་པའི་ཕྱིར་དང་། དེའི་ཕྱིར ་བདག་ཉིད་དང་ཐབས་གཅིག་ཏུ་བཞུགས་པའི་མི་འབྱོར་པའི་ཕྱིར་རོ།། འདྲིར་རྣམ་པར་བསྒྱུར་བར་བྱས་ཀྱང་མི་དགག་སྟེ། འདུས་བྱས་ཀྱི་མཚན་ཉིད་གནས་པ་ལ་སོགས་པ་བཞིན་ནོ།། གང་དུ་ཡང་ནང་གི་ན་མཁའ་ཉིད་རྡོ་རྗེ་འཛིན་པ་ཞེས་བརྗོད་དོ།། མངོན ་དུ་སེམས་དཔའ་རྣམས་བརྗོད་ནས་དེའི་དོན་གྱིས་གསུངས་པ་ནི་གཟུགས་རྡོ་རྗེ་ལ་སོགས་ཨོཾ་པ་སྟེ་ཡུལ་དུ་གྱུར་པའི་གཟུགས་དུང་སྒྲ་དང་དྲི་དང་། རོ་དང་རེག་དང་ཆོས་ཀྱི་རང་བཞིན་གྱི་གོ་རིམ་བཞིན་དུ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་ཀྱང ་གསུངས་པ་ཡིན་ནོ།། སྦྱིན་པ་ལ་སོགས་པ་དྲུག་ཀྱང་དེ་ལྟར་རོ།། དེ་དག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སྔོན་དུ་ཡང་བཏང་སྟེ་གོ་སླ་བས་མ་བཤད་དོ།། དེ་དག་ལ་སོགས་པའི་སྒྲས་གཙོ་བོ་བརྗོད་པར་མངོན་ཏེ། གཙོ་བོ་ཉིད་ཀྱིས་ཐམས་ཅད་བརྗོད་དུ་མི་ལང ་བ་ཞེས་པའི་དོན་གསུངས་སོ།། དེ་ལྟར་རྡུལ་ཕྲ་མོ་སྙེད་ཅེས་བྱ་བ་ནི་གྲངས་མེད་པའི་ཉེ་བའི་དཔེ་བསྟན་ཏོ།། དེ་དག་ནི་འཁོར་གྱི་རང་བཞིན་སྟེ། དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ།། ང་ནི་དེ་བཞིན་གཤེགས་པ་རྣམས་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པ་ནི། ་སྔོན་དུ་བྱས་པ་སྟེ་གོ་སྲབས་སོ།། དྲི་ཡང་ཚད་ཇི་ཙམ་ཞེ་ན། ན་མཁའི་དབྱིངས་དང་མཉམ་པ་ཞེས་འབྱུང་མོད་ཀྱི།། རེ་ཞིག་མི་བསྐྱོད་པ་ལྔས་སོགས་པ་རཱང་རང་གི་དབང་དུ་བྱས་ནས་གཙོ་བོ་ཙམ་ཞིག་བསྟན་པ་ཡིན་ནོ།། འདིར་དེ་བཞིན་གཤེགས་པ་ནི ་བསྐྱོད་པ་ལ་སོགས་པ་ལྔའི་སྒྲས་ནི་བདག་གི་ཞེ་སྡང་ལ་སོགས་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་བསྟན་ཏེ། འདི་སྐད་དུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པས་དེ་དག་རྣམ་པར་དག་པས་མི་བསྐྱོད་པ་དང་། ་རྣམ་པར་སྣང་མང་དང་། དོཀོན་མཆོག་དཔལ་དང་། ཆང་བག་ཏུ་མེང་པ་དང་། གང་ན་མ་ཟ་བ་སྒྲ་གནས་སུ་མེད་པ་དང་ལྡན་པའི་ལྷ་རྣམས་གནམ་བནན་དུ་བཤད་ད།། རློམ་བསྟོད་པ་ནི་གང་དག་ནི་སྡང་དང་རྣམ་ཤེས་ལྡན ་པའི་སེམས་དེའི་ངོ་བོར་གནས་པར་བསྟན་ཏོ།། གང་དག་གཏི་མུག་དང་དེའི་ཟླར་བྱས་པ་རྣམས་ལ། རྡོ་རྗེ་རྣམ་པར་སྣང་མཛད་དེའི་ངོ་བོར་གནས་པར་བསྟན་ཏོ།། དཀོན་མཆོག་དཔལ་ནི། གང་དག་ང་རྒྱལ་དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ། རིན་ཆེན ་དཔལ་དེའི་ངོ་བོར་གནས་པར་བསྟན་ཏོ།། རྡོ་རྗེ་འོད་དཔག་ཏུ་མེད་པོ་ནི་གང་དག་འདོད་ཆགས་དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ་དེའི་ངོ་བོར་གནས་པར་བསྟན་ཏོ།། གང་དག་ཕྲག་དོག་དང་དེའི་ཟླར་བྱས་པ་ལྡན་པ་རྣམས་ལ། རྡོ་རྗེ་གདོན་མི་ཟ་བར་གྲུབ ་པ་དེའི་ངོ་བོར་གནས་པར་བསྟན་ཏོ།། འདིར་ཡང་སོགས་པའི་སྒྲས་གཙོར་བརྗོད་པར་བསྟན་པ་ཡིན་ནོ།། དེ་ལ་ན་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ནི་དེ་རྣམས་ཀྱིས་བརྗོད་ཀྱིས་མི་ལང་བའི་དོན་གསུང་བ་ཡིན་ཏེ། ཉེ་བར་མཚོན་པའི་ཕྱིར་རོ།། ཏིལ ་འབྲུ་ཇི་ཙམ་པ་བཞིན་དུ་ཏིལ་མར་གྱིས་ཁྱབ་སྟེ། དེ་དང་འདྲ་བར་ན་མཁའི་དབྱིངས་ཇི་ཙམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱབ་པར་སྣང་བར་གྱུར་ཏོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཐམས་ཅད་སྤྲུལ་ནས་བཞུགས ་སོ་བའི་ཐ་ཚིག་གོ། དེ་ལྟར་གཞིར་གནས་ཀྱི་དངོས་པོ་ན་མཁའ་རྡོ་རྗེ་མ་གཏོགས་པར་སྔོན་དུ་བྱས་པའི་རྩ་གཅིག་དང་། དང་པོ་བཞིའི་དང་། བཞི་པ་ལས་གསུངས་པའི་སྔགས་དང་། དམ་ཚིག་གི་ཕྱག་རྒྱ་རྣམས་འབྱུང་བའི་ཕྱིར་ན་ཁྲོ་བོ་བཞི ་ཡིན་ཏེ། དེ་ལྟར་རྩཝ་ལྔར་མངོན་ནོ།། གཞན་དག་མ་ཡིན་ཏེ། གདོན་མི་ཟ་བར་འགྲུབ་པ་ཉིད་ཀྱི་ཕྱིར་དང་། རྒྱུ་ཉེ་བར་མི་སྦྱོར་བའི་ཕྱིར་རོ།། དེ་དག་ག་དན་ནའད་སྐད་དུ་སྟན་དུ་རམ་བཞིན་དུ་གསུངས་ནས། དཎྚསུ་མངོན་པར་རྫོག་པ་རབ་ཏུ་དཀྲུགས་ནས ་བསྟན་པ་མ་བྱས་ན། ཤེས་པས་རྒྱགས་པ་རྣམས་ཀྱི་ང་རྒྱལ་གསལ་བར་བྱེད་པ་དང་། ཐ་མ་དང་སོ་སོར་འབྲེལ་བས་འགྲུབ་བོ་ཞེས་སྟོན་པས།། མངོན་པར་རྟོགས་པ་དཀྲུགས་ནས་བཤད་པ་ཡིན་ནོ།། ད་ནི་སྐྱེད་པའི་རིམ་པ་ལས་འོངས་པ་མ་ཡིན ་ཏེ། འགྲོ་བ་རྣམས་སེལ་བ་ཐོབ་པའི་མཚན་མ་གསང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྤྲུལ་པའི་ཆེད་དུ་ཐབས་དང་ཤེས་རབ་དགའ་བར་བྱ་བར་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་ཚིག་བཞི་པས་སོ།། དེ་ལ་ཚིག་རྣམས་སྔོན་དུ ་བྱས་ཏེ་རྣམ་པར་སྣང་མཛད་ནི་རྣམ་པར་སྣང་མཛད་པས་ན་དེ་སྐད་ཅེས་བྱ་སྟེ་དོན་དུ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། ཆགས་པར་བྱེད་པ་དང་ཆགས་པར་བྱ་བ་གཉིས་སོ་སོར་ཆགས་པ་ལ་འདོད་ཆགས་ཆེན་པོ་སྟེ། དེ་ལ་གནས་པའི་ཡོན་ཏན ་ཀྱི་རྣམ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་ལྡན་པའི་སེམས་ལ་ཡང་འཁྲིལ་བའི་ཚུལ་གྱིས་ཏིང་ངེ་འཛིན་དང་གང་ལྡན་པ་དེ་རྡོ་འཛིན་པའི་རྣམ་པ་ཁོ་ནར་བཞུགས་པ་ཡིན་ནོ།། ཡང་ཞེས་བྱ་བའི་སྒྲ་ནི་སེམས་ཀྱང་ཐབས་དང་ཤེས་རབ་ཀྱི ་ང་ཉིད་དུ་གཀྱིལ་པ་མངོན་ཏེ། དེ་ཝཱ་དུའི་དོན་ཏོ།། དེ་ལྔ་དུ་མངོན་ལ་སྙོམས་པར་ཞུགས་ནས་ཤེས་རབ་མ་དགའ་བར་མཛང་བ་མཛིན་དུ་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛོད་དུ་ཞེས་པ་ནི་རྡོ་རྗེ་འཛིན་པས་ཀྱང་གསང་སྡུ ་ཀྱི་འདུལ་བའི་ཐབས་ཀྱིས་སྒྲུབ་བ་ཤས་ཉྀད་ཀྱིས་ཤེས་རབ་མ་དགའ་བར་མཛད་དོ།། བྲང་མེད་ལན་སྐྱ་བཔལ་པ་འདོད་ཆགས་བས་པ་དང་ལྡན་པས་ཀྱང་དགའ་བ་བྱས་སོ།། རྗེས་ཅང་འདི་རང་དག་མངོན་ནོ།། གཞན་དག ་ནི་གཞན་དུ་འཆད་དེ་འདི་སྐད་དུ་རྩ་བ་ལས་གསུངས་པའི་ཚིག་དང་པོ་ཡིས་ནི་གཟུགས་ནི་རྡོ་རྗེ་མ་ལ་སོགས་པ་སྐྱེད་པའི་ཕྱིར་ཞེས་འཆད་དོ།། དེ་དག་ནི་རྡོ་རྗེ་འཛིན་པ་དེ་གཟུགས་ལ་སོགས་པ་ནི་སྐྱེ་བ་མེད་ཅིང་། ཕྱི་ནང་གི་གཟུགས་དང་མི་འབྲལ་བ ་ཕྱིར་རིགས་པ་མ་ཡིན་ནོ།། སེམས་ཅན་རྣམས་གཟུང་བའི་དོན་དུ་ཡང་ཉིད་ཀྱི་སྐུ་བུད་མེད་དུ་སྤྲུལ་ནས་གཙོ་བོ་མཉེས་པར་བྱ་བའི་ཕྱིར་སྐུ་ལས་བྱུང་བ་ནི་དེ་ནས་ཞེས་པ་ལ་སོགས་པས་གསུངས་སོ།། དེ་དག་ནི་གོ་སླ་བས་སོ།། དེ་ལ་ལ་ལ་ནི་སངས་རྒྱས ་སྤྱན་ལྟ་བུ་ཞེས་བྱ་བ་ནི་དེ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་ཅེས་པའི་དོན་དུ་ཤེས་པར་བྱའོ།། དེ་ཡང་རང་རང་གི་མདོག་དང་ལྡན་པ་རྣམས་ཏེ། ལ་ལ་སྤྱན་ལྟ་བུ་ལ་སོགས་པ་རྣམས་སོ།། ལ་ལ་ནི་མཱ་མ་ཀཱི་ལ་སོགས་པ་རང་རང་གི་རིགས་དང་རྗེ་སུ ་མཐུན་པའི་གཟུགས་དང་། ལ་ལ་ནི་གོས་དཀར་མོ་ལྟེ་བུ་མདོག་དམར་མོ་དང་ལྡན་པ་དང་། ལ་ལ་སྒྲོལ་མ་ལྟ་བུར་མདོག་སེར་མོ་དང་ལྡན་པ་དང་ལ་ལོ་ནི་རེག་གི་ངོ་བོ་ལྟ་བུ་རང་གི་མདོག་ལྗང་གུ་དང་ལྡན་པ་དང་། དེ་དག་ལ་སོགས་པ་རང་རང ་གི་གཟུགས་དང་མདོག་ལ་སོགས་པ་ཇི་ལྟར་སྦྱོར་བ་ལྟ་བུར་ཕྱུང་སྟེ་གནས་པ་དང་འཇུག་པར་བྱ་བའོ་ཞེས་འགྲུབ་པོ་དེ་ཡང་འདི་སྐད་དུ་ལེའུ་བཅོ་བརྒྱད་པ་ལས། འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི།། ཡེ་ཤེས་འཁོར་ལོའི་ཀུན་བསྡུས་ནས།། ། ་བུད་མེད་རྣམ་དགུ་སྤྲུལ་ནས་ཀྱང་།། བསྒྲུབ་བྱའི་ལུས་ལ་དགོད་པར་བྱ་ཞེས་གསུངས་སོ།། ང་ནི་རྣམ་པར་དག་པ་བསྟན་པའི་ཕྱིར་གདུལ་བྱ་རྣམས་ཀྱི་དོན་དུ་དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྨོས་ཏེ། དེ་ལ་བྷ་ག་ནི་ས ་བོན་གྱི་གནས་ཡིན་པའི་ཕྱིར་ན། དེ་དག་གོས་བཞུགས་གནས་ཏེ་བུད་མེད་ཀྱི་བྷ་ག་ཉིད་དོ།། གང་དང་ཡང་འབྲེལ་པའི་ཕྱིར། གཅིག་ལ་དུ་མར་མངོན་ནོ།། གོང་དུ་རྒྱལ་བ་རྣམས་བཞུགས་པ་འོང་གི་སྒོ་རྣམས་བྱས་ནས་བྱང་ཆུབ་ཀྱི་སེམས ་ཟླ་བ་ལྟ་བུ་གནས་ནས་ཕྱུང་བ་ནི་དམ་ཚིག་ཆེན་པོ་སྟེ་དཀྱིལ་འཁོར་ནི་དེ་ལས་གྱུར་པའོ།། མཉམ་པ་དང་ཁྱབ་པ་དང་རྒྱས་པའི་ཕྱིར་ནི་གྲུ་བཞི་སྟེ་གསལ་བ་ཡང་དེའི་ངོ་བོ་ཉིད་ཀྱང་དེ་བས་གསལ་བའི་ངོ་བོ་སྟེ། རྟེན་ཉིད་སྒྲིབ་པ་མེད་ཅིང་ཡེ་ཤྲེ ་ཀྱིས་ཐོགས་པ་མེད་པའི་ཕྱིར་རོ།། མཛེས་པའི་ཁ་དོག་ལ་སོགས་པ་དང་ལྡན་པ་ནི་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་ན་སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་ཁྱབ་ཅེས་པ་སྟེ་ཏིལ་འབྲུ་བཞིན་དུའོ་དེ་བཞིན་དུ་འོག་ཏུ་ཡང་སྦྱར་རོ།། དེ་ཁོ་ནའི་འོད་ཟེར་དགག་པ་དང ་གཏོང་བ་དང་གཉིས་ཀཱ་མ་ཡིན་པ་རྒྱུན་འབབ་ཆུ་བོ་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་འོད་ཟེར་འཕྲོ་བ་མང་པོ་འཁྲུག་པ་སྤྱི་གསལ་བ་ནི་ཟླ་བ་སྟེ། ཉི་མ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་སོགས་པ་སྨོས་སོ།། དེ་བཞིན་གཤེགས་པ་ཀུན་གྱིས་གནས་ནི་ཆོས་ཀྱི་དབྱིངས་ཏེ་ཐ~ཾང ་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་གནས་སོ།། ཏིང་ངེ་འཛིན་ལས་བྱུང་བའི་དཀྱིལ་འཁོར་འདི་བསྐྱེད་པའི་རིམ་པ་ལས་འོངས་པ་ནི་མ་ཡིན་ཏེ། ཕྱག་བརྒྱ་བཞི་དང་ལྗོན་པ་ལས་བསྐྱེད་པ་ལྟར་སྣང་བ་དང་པོའི་རྡོ་རྗེ་འཛིན་པའི་སྦྱོར་བའི་མོས་པའི་དབང་ལས ་གྲུབ་པ་བསྟན་ཏོ།། ལས་དང་པོ་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། རང་གི་ཉེ་བར་ལེན་པའི་རྐྱེན་ས་བོན་འབྱུང་བའི་དཀྱིལ་འཁོར་འདི་བསམ་པར་བྱའི།། དེའི་དོན་ནི་བཞི་སྟེ། ལས་དང་པོ་པའི་རྣལ་འབྱོར ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དང་པོར་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དམ་པའི་མཆོད་པ་བརྩམས་ནས། དེ་ལ་རྒྱལ་བ་རྣམས་རྗེས་སུ་ཆགས་པར་བྱ་བའི་རང་བཞིན་ནོ།། མ་འོངས་པ་རྒྱུད་ནས་གྲོལ་བར་བྱ་བའི་དོན་དུ་དབྱིངས ་ཀྱི་ནང་གི་གཞལ་ཡས་ཁང་བརྩེགས་པའི་དབུས་ན། ལྷའི་ངོ་བོ་ཉིད་ཙམ་སྣང་བའི་ས་བོན་དེ་ནི་ཉེ་བར་ལེན་པའི་རྐྱེན་ཡིན་པས་བསྒོམ་པར་བྱའོ།། ཡེ་ཤེས་འགའ་ཞིག་དབང་དུ་བྱས་པའི་རྣལ་འབྱོར་པས་ནི་རྒྱུའི་མཚམས་ཀྱི་ངེས་པའི་དབང་གིས ་ཉེ་བར་ལེན་པའི་རྐྱེན་དེ་ཉིད་སྔོན་དུ་བྱས་པར་རྟོགས་པ་ཉིད་ཀྱི་ཕྱིར་རོ།། དེ་ནི་གོང་དང་འབྲེལ་ཏོ།། ཡེ་ཤེས་རྣམས་དབང་ཐོབ་པའི་རྣལ་འབྱོར་པས་ནི་ས་བོན་དེའི་མཐུ་ལས་རྒྱུ་དང་རྒྱུ་ཅན་དུ་སྣང་བ་ཤིན་ཏུ་ཆགས་པ་གོམས་པའི་དབང་དུ་བྱས་ནས། ་ས་བོན་ལས་ཡིག་འབྲུ་གསུམ་སྦྱོར་ནས།། དོན་དང་སེམས་ཅན་ལ་དགག་པ་དང་གཏོང་བ་བྱས་ཏེ། སྐུར་བསྒོམ་པ་ལ་བརྟེན་པ་ཡིན་ནོ།། ཡེ་ཤེས་ལྷན་གྱིས་གྲུབ་པའི་རྣལ་འབྱོར་པས་ནི་ས་བོན་དེའི་མཐུ་ལས་ཨ་ལཱི་ཀཱ་ལི་གོམས་པའི ་དབང་དུ་བྱས་ནས། འཁོར་ལོའི་རྒྱུན་ཤིན་ཏུ་ཕྲ་བ་ལཱ་མ་གཏོགས་པ་སྦྱངས་ཏེ་བསྒོམས་ནས་དོན་བྱ་བ་ཡིན་ཏེ། སྐད་ཅིག་མ་རེ་རེའི་སྦྱོར་བ་ལ་བརྟེན་པ་བརྟགས་པ་སྟེ། དེ་བཞིན་ནི་མཚམས་སྤེལ་བའོ།། ཧ་ཅང་སྤྲོས་པ་མི་དགོས་ཀྱི་གཏང་ངོ་།། ་དེ་ནི་སློབ་མ་རྣམས་གསང་བའི་དཀྱིལ་འཁོར་དུ་གཟུང་ཅིང་དབང་སྐུར་པ་ཙམ་གསུངས་པ་ན། དེ་ནས་ཞེས་པ་ལ་སོགས་རྣམས་ཀྱིས་བསྟན་ཏོ།། བདག་པོ་དེ་ཞེས་པ་ནི་རིགས་མ་དང་བཅས་པའི་དཀྱིལ་འཁོར་དུ་དམ་ཚིག་ཆེན་པོ་ཉིད་རྣམ་པར་གནྡྷ ་སོ་པའི་ཐ་ཚིག་གོ། དེས་ནི་སློབ་མ་རྣམས་ཀྱང་བཞུགས་པའི་ལས་སུ་རིག་པར་བྱའོ།། འབྲས་བུ་ཡོངས་སུ་རྫོགས་པའི་སྒོ་ནས་ཞུས་པའང་དེ་ཉིད་དོ།། དེ་ནས་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིས་ནི་དབང་བསྐུར་བའི་དོན་བསྟན་ཏོ།། དེ་ལ་དེ་དག་གི ་དོན་གོ་སླ་བས་སོ།། ཞུགས་པ་ནི་དེ་མ་ཐག་པའི་རིམ་པས་ཧཱུཾ་དང་རྡོ་རྗེ་ལ་སོགས་པ་ནི་ཐུགས་ཏེ་དེ་ཁོ་ན་ལའོ།། དབང་བསྐུར་བ་ནི་ཐ་མའི་དོན་ལ་ཤེས་པར་བྱའོ།། ད་ནི་སྐུ་གསལ་བར་བསྟན་པའི་འབྲས་བུའི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་དུ་དེ་རྣམས ་གཅིག་པར་གྱུར་པ་ནི་ཚིག་གི་དོན་ནི་གཉིས་ཀྱིས་སྟོན་ཏེ། དེ་ལ་བྱེང་ཆུབ་ཀྱི་སེམས་རྡོ་རྗེ་ནི་སྟོང་པ་ཉིད་དང་སྙིང་རྗེ་དང་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ།། མི་རྟོགས་པའི་ངོ་བོ་ཉིད་བརྡའམ་ཐ་སྙད་དང་བྲལ་བའི་དོན་ལ་རྩེ་གཅིག་པ་གང་གི ་བྱེད་པ་ཏིང་འཛིན་ཏོ།། རྡོ་རྗེ་ནི་དེ་དང་ལྡན་པའི་དོན་ཏེ། དེ་ལ་ཞུགས་སོ།། ཞུགས་མ་ཐག་ཏུ་དེའི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཀྱི་བདག་ཉིད་དང་། ན་མཁའི་དབྱིངས་འདི་མཉམ་པར་གྱུར་པའི་དོན་ཏོ།། དེའི་ཡོན་ཏན་ནི་དེ་ནས་ཤེས་པ ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་ནས་ནི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་དེ་མ་ཐག་གོ། བུད་མེད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ནང་ན་གཞལ་མེད་ཁང་བརྩེགས་པའི་དབུས་ན་གནས་པའི་ཕྱིར། ནམ་མཁའི་དབྱིངས་ན་གནས་པ་སྨོས་སོ།། བྱིན་གྱིས ་བརླབས་ནི་གློ་བུར་གྱི་དབང་གིས་ནི་མ་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་རྗེས་སུ་ཞུགས་པའི་དབང་སྔོན་དུ་ཐོབ་པས། ལུས་ངག་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་སོ།། དེ་ལྟ་ལ་ཡིན་ན་ཐར་པ་ཉིད་དུ་ཐལ་བར་འགྱུར ་བའི་ཕྱིར་རོ།། དེ་དག་གི་དོན་ནི་བཅུ་དྲུག་ཆ་ཤས་སྡེ་པ་ལས་བྱུང་གང་བའི་ཟླ་བའི་དཀྱིལ་འཁོར་དབུས་ཞེས་པའི་ངེས་པ་གསུང་སོ།། སྒྲ་ཡི་གེ་དང་ཡིག་འབྲུ་ལྔ་གྱུར་པའི་ཟླ་བ་རྣམ་པ་གཉིས་ཞུ་བའི་ངོ་བོ་འདིར་བསྟན་པ་མེད་ཀྱང་སྟོང་པ་ཉིད་དང་སྙིང་རྗེས་ཕྱེ ་བའི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་འཛིན་པའོ།། དེ་དག་གི་དོན་བརྟག་པའི་སྐབས་དབྱའོ།། ཨཱཿལ་སོགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཆེ་བ་བསྟན་པ་ཡིན་ནོ།། དེ་དངོས་པོ་རྣམས་སོ་སོར་འགོག་པའི་ཕྱིར་རོ།། དེས་ན་བརྒྱད་པའི་རིམ་པས་རྒྱུའི ་དངོས་པོ་བསྟན་པ་ལ་གཞན་དག་ནི་བཟློག་པཱ་སྒོ་ནས་སྟོན་ཏེ། ཨཿཡིག་ལ་སོགས་པའི་སྔོན་དུ་རང་བཞིན་སྟོང་པ་ཉིད་ཀྱིས་དེ་རྣམས་གསལ་བ་ནི་དེས་དངོས་པོ་རྣམས་རབ་ཏུ་འགོག་པའི་ཐབས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྒྱུ་ཡིན་ནོ།། གཞན་དག ་ནི་ཟླ་བ་བརྩེགས་པར་བྱས་པ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་རྐྱེན་དུ་མི་ནུས་པས་ན་ཀ་ལ་སོགས་པར་སྣང་བ་ནི་དེ་ལས་གྱུར་པའི་ཟླ་བ་གཉིས་པའི་རྒྱུ་ཡིན་ནོ།། བྱང་ཆུབ་སེམས་སྙིང་རྗེའི་བདག་ཉིད་དེ་ལྟརའོ།། དེ་ལྟར་དེའི་སྟོབས་ཀྱིས་འཁོར ་ལོར་གསང་བའི་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཡིན་ཏེ། དོན་གཞན་མཐོང་བ་མེད་པའི་ཕྱིར་ན་འདི་ཉིད་མཐོང་བར་མངོན་ནོ།། ཨ་དཔཀ་ལ་སོགས་པ་གསོལ་བ་ལས་བྱུང་བ་ཟླ་བ་གཉིས་ལས་གཞན་དུ་གྱུར་པའི་རྣམས་པ་ནི་ཚེ་གསུམ ་གྱིས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ལ་སོགས་པའོ།། དེ་ནས་ནི་ཟླ་བ་གཉིས་ཀྱི་དེ་མ་ཐག་གོ།། སྐུ་གསུང་ཐུགས་རྡོ་རྗེ་ནི། ཡེ་ཤེས་ཀྱི་ངོ་བོར་མི་ཕྱེད་པའི་ཕྱིར་ནའོ།། རྡོ་རྗེ་འཛིན་པ་ཉིད་དེ་ཀུན་གྱིས་འདའ་བར་དཀའ་བའི་མཉམ་པ་ཉིད་དེ་ལས་འབྱུང་བའི ་ཏིང་ངེ་འཛིན་ལ་ཞུགས་པ་སྟེ། བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ།། དེས་ནི་གོང་གི་དོན་རིག་པའི་ཕྱིར་རོ།། སྐྱེས་བུའི་གཟུགས་ཀྱང་དེ་ཆེན་པོ་ཡང་དེ་ཉིད་པས་དེ་སྐད་ཅེས་བྱ་སྟེ། རིག་པ་ནི་རྒྱུད་དང་ལས་དང་ལྟ་བའི་རིག་པ་སྟེ། དེ་དེ་དང་ལྡན ་བའོ།། དེ་ཉིད་ཀྱི་ཕྱིར་ན་སྔགས་ཀྱི་བདག་པོའང་དེ་ཁོ་ནའོ།། དེས་ན་བྱིན་གྱིས་བརླབས་སོ་ཞེས་ཏེ། དེ་དེ་རྣམས་ཀྱི་རྐྱེན་ནོ།། བྱིན་གྱིས་བརླབས་མ་ཐག་ཏུ་བཅོམ་ལྡན་འདས་གོང་དུ་སྙོམས་པར་ཞུགས་པ་དེ་ཉིད་རྡོ་རྗེ་གསུམ་དང་ལྡན་པའི་ཕྱིར་ཞལ་གསུཾ ་པ་ལྟ་བུ་ནི་དབུས་དང་གཡས་གཡོན་ནག་པོ་དང་དཀར་པོ་དང་དམར་པོ་རྣམས་རིམ་བཞིན་ནོ།། དེ་ལྟ་བུར་ཀུན་གྱིས་གཟིགས་པར་གྱུར་ཏོ་ཞེས་སོ།། ལས་དང་པོ་པས་སེམས་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་བརྙེས་ཀྱི་བར་ཏུ ་ཐབས་ཀྱི་རིམ་པ་གྲངས་མེད་པས་ངོ་བོ་ཉིད་ཀྱི་སྐུ་གྲུབ་ནས། དེའི་བྱིན་བརླབས་ལས་ཐུན་མོངས་དུ་ཐུན་མོང་བ་དེས་གཟུགས་སྐུ་རྣམ་པ་གཉིས་འོད་ཀྱི་འདུ་འཕྲོ་ལྟར་བྱུང་སྟེ། ཐམས་ཅད་དུ་བསམ་པའི་དབང་གིས་སྣང་བར་གྱུར་ཏོ།། ཁྱད་པར་དུ ་མངོན་པར་བྱང་ཆུབ་པའི་སྐུ་ལྟ་བུ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱི་སྐུ་དེ་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་ན་ས་བོན་གྱི་ཚུལ་དུ་བཞུགས་པ་ཡིན་ཏེ། དེས་སྣོད་དུ་རུང་ཞིང་དའང་བསྐུར་བ་དང་རྒྱུ་ནས་སངས་རྒྱས་པར་བྱ་བའི་ཕྱིར་རོ།། དེ་ཉིད་དུ ་འོག་མིན་ཏུ་ལོངས་སྤྱོད་ཆེན་པོས་སྐུས་འཁོར་རྣམས་ཐུགས་ཁ་ནས་ཕྱུང་སྟེ་ཆེད་དུ་བརྗོད་པ་གསུང་པའོ།། དེ་རྣམས་ནི་མཚམས་འབྲེལ་པའོ།། དེ་ཡན་ཆད་དུ་དང་པོའི་ལས་ཀྱི་རིམ་པ་གསུངས་ནས། ད་ནི་གླེང ་བསླང་བ་གསུངས་ཏེ་དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་སྨོས་སོ།། དེ་ལ་ནས་ནི་གཟིགས་པར་གྱུར་པའི་དེ་མ་ཐག་གོ།། སེམས་ཅན་མི་བསྐྱོད་པའི་རྒྱུ་ཅན་ཏེ། དེ་ས་བོན་གྱིས་བསྐྱེད་པས་འདིར་མི་བསྐྱོད་པ་གཟུང་ངོ་།། གཞན་དག ་ལ་ཡང་བརྗོད་པར་བྱ་སྟེ། དེ་རྣམས་གཞན་གྱི་མཐུན་ལས་བྱུང་བ་ནི་མ་ཡིན་ནོ།། སོགས་པ་སྨོས་པ་ནི་གཙོ་བོ་ལ་གང་ལྡན་པ་དེ་ཐམས་ཅད་ལ་དེ་དང་དེ་ལྟར་རོ།། འོག་གི་དོན་བརྗོད་པ་ནི་བྱུང་བས་སོ།། གང་ལས་ཞེ་ན། རིག་པའི་དབྱིངས ་ལས་སོ།། དེས་ནི་ཨོཾ་མཾ་ཧོ་ཞེས་པ་ནི་དམ་ཞིང་ངོ་མཚར་ཏི། གང་ལ་ཞེ་ན། འོག་གི་དོན་ཏོ།། བསམ་པའི་དབང་གིས་གཟུགས་སྣ་ཚོགས་པར་རབ་ཏུ་བྱུང་བའོ།། ཐུན་མོང་མ་ཡིན་པའི་ཕྱིར་སྦས་ཏེ། གསང་བའོ།། མི་རྟོགས་གནས་མེད ་བའོ་ཞེས་པ། རིགས་པ་མ་ཡིན་པའི་དཔག་པ་དང་། མངོན་སུམ་པས་རྟོགས་པར་དཀའ་བས་སོ།། དེ་དག་ནི་སྐལ་བ་དང་ལྡན་པ་མི་ཡིན་པས་སོ།། ད་ནི་སྐོལ་བ་དང་ལྡན་པའི་དབང་དུ་བྱས་ཏེ་ཞུ་བ་སྔོན་དུ་གཏོང་བའི་དོན་ཏོ།། དེ་ལའང ་གཉིས་ཏེ། སྦྱོར་བ་དང་། ཚིག་གོ།། དེ་དག་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་རྣམས་ཀྱི་བསྟན་ཏོ།། གཅིག་ཏུ་འདུས་ནས་ཞེས་པ་ཚུལ་དང་དགོངས་པ་གཅིག་ཏུ་གྱུར་པའི་རྣམས་སོ།། ནང་གི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས ་པ་ལྷ་མོ་རྣམས་ནི་ཆགས་པར་བྱ་བ་སྟེ། དེ་ཉིད་ཐམས་ཅད་ཁྱབ་པ་ནི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཡིན་ལ། དམ་ཚིག་ནི་རྡོ་རྗེ་འཛིན་པ་སྟེ། དེའི་སྤྲིན་གྱིས་མཆོད་དེ་ཕྱག་འཚལ་ནས་གསོལ་ཏོ་ཞེས་པ་དང་འབྲེལ་ཏོ།། ད་ནི་སྐྱེ་བའི་རིམ་པ ་དང་སྙིང་པ་དབྱུང་བ་དང་། འབྲས་བུ་ཡོངསུ་རྫོགས་པའི་སྒོ་ནས་ཞུས་པ་དག་ནི། ཚིག་བཅད་གཅིག་གིས་བསྟན་པའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ་ཞེས་པ་ལ་སོགས་པ་སྨོས་སོ།། དེ་ལ་འདུས་པ་ནི་འདུ་བ་ཡིན་ཏོ།། སངས་རྒྱས ་ཐམས་ཅད་ཀྱི་བསྟན་པའི་ས་བོན་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ལས་བྱུང་བའི་ཕྱིར་ན། གསང་བ་ལས་ཞེས་ཏེ།། བྱུང་བ་ནི་གོང་གི་ས་བོན་ནོ།། དེ་ནི་ཞུས་པ་དང་པོའོ།། ས་བོན་ལས་སྔགས་འབྱིན་པ་དེའི་དོན་དེ་བཞིན་གཤེགས་པ ་རྣམས་ཀྱི་རྡོ་རྗེ་སྙིང་པོ་བསྡུས་པའོ།། གསང་བ་ནི་ཐུན་མོང་མ་ཡིན་པ་སྟེ། ལྟག་འོག་ཏུ་སྦྱར་རོ།། ཉིད་བཅོམ་ལྡན་འདས་ཞེས་པ་འདིར་སྐུ་ལྔའི་བདག་ཉིད་ས་བོན་ལུས་རིམ་གྱིས་གྱུར་པ་སྟེ་ཞུས་པ་ཐ་མའོ།། དེ་ལྟ་ཞུས་པས་ལ ་དོར་བའི་ཚུལ་དུ་བཤད་པི་གནང་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་སོ།། འདི་ནི་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཡང་དག་པའི་དེ་ཁོ་ན་ཉིད་ས་འོག་མ་པ་རྣམས་ཀྱིས་མི་རྟོགས ་པའི་ཕྱིར་ཏེ། གོང་མ་གོང་མའི་བློའི་ཁྱད་པར་གྱིས་ས་འོག་མ་རྣམས་སུན་འབྱིན་ཞེའོ།། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ལ། དེ་ཁོ་ན་ཉིད་ཟར་བའི་ཕྱིར་གཞན་རྣམས་ཏེ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས ་དཔའ་རྣམས་དང་། བསྐལ་པ་བཟང་པོ་དང་།། དཔེ་མེད་པ་རྣམས་ཐེ་ཚོམ་སྐྱེ་བའི་འདི་ཡིན་ནོ།། དེས་ནི་འདི་སྐད་དུ། དེ་བཞིན་གཤེགས་པ་རྣམས་ཀྱང་རེ་ཞིག་ཆོས་ཉིད་ཟབ་མོ་མེད་པར་ཐེ་ཚོམ་སྐྱེ་བར་བྱེད་པ ་ཡིན་ན། སྒྲུབ་པ་པོ་གཞན་ལྟ་ཅི་སྨོས་ཞེས་བཤད་པར་འགྱུར་རོ།། དེ་ཁོ་ན་ཉིད་ཉན་པའི་སྐལ་པ་དང་ལྡན་པར་མཛོད་ཅིག་ཅེས་བསྐུལ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ངོ་མཚར་དུ་གྱུར་པ་དང་རྨད་དུ་གྱུར་པ་ནི ་ཡ་མཚན་ཆེ་བ་དང་། སྔོན་མེད་པ་མྱོང་བ་དང་། རྒྱུ་དང་འབྲས་བུ་ལས་ཏེ། དེ་རྣམས་ནི་རིམ་བཞིན་དུ་སྦྱར་རོ།། དེ་ནི་འདི་སྐད་ཅེས་གསོལ་ཏོ་ཞེས་པ་དང་འབྲལ་ཏོ།། ཁྱད་པར་དུ་གྱུར་པ་ནི་དེ་ཁོ་ན་ཉིད་རིག་པའི་ཕྱིར་རོ།། ཡང་ཞེས་བྱ་བའི་སྒྲ་ནི་ལ ་དོར་བའི་དོན་ཏོ།། སྐལ་བ་དང་ལྡན་པར་མ་བྱས་ནས། མངོན་པར་ཤེས་པ་མི་འཐོབ་པའི་ཐ་ཚིག་གོ།། རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་རྡོ་རྗེ་ལམ་ནས་ཕྱུང་བ་ས་བོན་ཏེ། བུད་མེད་ཀྱི་བྷ་གའི་ནང་ན་གནས་པའི་དཀྱིལ ་འཁོར་ལ་མཆོད་པ་དང་། དབང་བསྐུར་བ་ལ་སོགས་པའི་ཚིག་རྣམས་ཀྱི་ཉན་པ་པོ་རྣམས་ཐོག་མར་བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས་ཐ་མར་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་བསྟན་དུ་གསོལ་ཞེས་ཞུས ་པའོ།། འདིར་རྣམ་པར་དཀོད་པ་རྣམས་ནི་དོན་ངེས་པ་མེད་པའི་ཕྱིར། དང་པོ་ཁོ་ནར་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་གཅིག་པུ་ཡིན་ཏེ་གཞན་མ་གྲགས་པ་ཡིན་ནོ།། དེའི་ཕྱིར་གླེང་གཞི་སྔོན་དུ་བྱས་པའི། དེ་ནས་ཞེས་པ་ལ ་སོགས་པ་ནས། བཞུགས་སོ་ཞེས་པའི་མཐའ་ཐུག་པའི་བར་ཚིག་བཞི་པས་ནི་ཞུས་པའི་ཚིག་གཉིས་པ་ལ་གཏོགས་པས། སློབ་མ་རྣམས་སྐལ་བ་ཐོབ་པའི་མཚན་མ། གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྤྲུལ་པའི ་དོན་དུ། ཐབས་དང་ཤེས་རབ་དགའ་བར་བྱ་བ་གསུངས་སོ།། དེའི་འོག་ཏུ་དེ་ནས་ཞེས་པ་ན། གནས་པར་གྱུར་ཏོ་ཞེས་པའི་བར་ཚིག་གཉིས་ཀྱིས་ནི་ཞུ་བ་གཉིས་པ་དང་འགྲོགས་པ། བྱང་ཆུབ་པ་རྣམ་པ་ལྔ་དང་འབྲེལ་པ་གསུངས ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའི་ཚིག་གཅིག་གིས་ནི་ཚིག་བཞིའི་དང་པོ་དང་འབྲེལ་པའོ།། བཞི་པ་ཉིད་དང་འབྲེལ་པ་ནི་གཅིག་གིས་སྟོན་ཏེ།། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པའོ།། དེ་ནས་བཅོམ་ལྡན་འདས ་ཞེས་པ་ནས། གནས་མེད་པའོ་ཞེས་པའི་བར་ཚིགསུམ་གྱིས་ནི་ཨཿཡིག་ལ་སོགས་པ་ལས།། གྱུར་པ་ཟླ་བ་གཉིས་པ་ལས་གཞན་དུ་གྱུར་པའི་རྣམ་པ་གསུངསོ།། དྭེ་ནས་མི་བསྐྱོད་པ་ལ་སོགས་པ་ནས། བསྟན་དུ་གསོལ་ཞེས་པའི ་པར་ས་བོན་དང་ཕྱག་མཚན་གྱི་རིམ་པས་འཁོར་ལྷོར་གྱུར་པ་ལ་སོགས་པ་གསུངསོ།། དྲུག་པ་དེའི་འོག་ཏུ་བདུན་པ་གསུངས་པ་ནི་དཀྱིལ་འཁོར་རྣམས་དབྱུང་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་མཐའི་བར ་དུ་གསུངས་སོ།། དེ་རྣམས་ནི་བསྡུས་པའི་དོན་ཏེ། རིམ་པར་སྦྱར་བའོ།། དེ་ལ་དཀྱིལ་འཁོར་གྱི་དོན་ཉིད་འདི་རྣམས་ཏེ། གོང་གིས་གསོལ་བ་བཏབ་པ་མཁྱེན་ནས། ཡེ་ཤེས་སྒྲོལ་མ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་གསལ་ཞིང ་དབྱེར་མེད་པའི་ཕྱིར་རྡོ་རྗེ་སྟེ། དཔེ་དེ་ཉིད་ཀྱིས་བཤད་དོ།། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེའོ།། ཞེ་སྡང་ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་ལ་འཇིག་རྟེན་ནི་སེམས་ཅན་དང་། ་སེམས་ཅན་མ་ཡིན་པ་ལ་ཞེ་སྡང་པ་སྟེ། ཀུན་ནས་མནར་སེམས་པའོ།། འཇིག་རྟེན་ལས་འདས་པ་ནི་དེའི་མི་མཐུན་པའི་ཕྱོགས་ཏེ། ཀུན་རྟགས་ཀྱི་མཚན་ཉིད་ལ་ཞེ་སྡང་བའོ།། དེ་ནི་རྡོ་རྗེ་འཛིན་པའི་རྒྱུའོ།། རིགས་ནི་རྒྱུན་ཆད་པ་ཡིན་ཏེ། ་བསྟན་པའི་བདག་ཉིད་དུ་གནས་པའི་ཕྱིར་རོ།། གི་ནི་འབྲེལ་བའོ།། མཆོག་གི་སྙིང་པོ་ཞེས་པ་ཐམས་ཅད་ཀྱི་དམ་པ་ཡིན་པ་དང་། མི་གཡོ་བའི་ཕྱིར་ན་ཤེས་སོ།། འབྲས་བུ་རབ་ཏུ་འབྱིན་པའི་ཕྱིར་སྙིང་པོ་སྟེ། འདི་ཤེས་པ་འོག་མ་ལ་སྙེགས ་པའོ།། རིགས་ལ་སོགས་པ་དེ་དག་ནི་གཞན་དུ་ཡང་སྦྱར་བར་བྱའོ།། འདུལ་བའི་དབང་གིས་རྡོ་རྗེ་ལྟར་ཡིན་གྱིས་ཀྱང་། རྣམ་པར་སྒྱུར་བའི་དོན་དུ་རྡོ་རྗེ་ལས་ཤེས་ཏེ། ཕྱུང་བ་དེ་ཉིད། བཛྲ་དྷྲྀཀཾ་ཅེས་པ་ལེའུ་བཅོ་བརྒྱད་པ་ལས། རྒྱུ་ལྔ་དག་གི ་འབྲས་ངག་ནི།། རྡོ་རྗེ་ཞེས་སུ་བསྟན་པ་ཡིན།། གཟུངས་ཞེས་བྱ་བ་འཛིན་པར་བཤད།། རྣམ་ཤེས་རྡོ་རྗེ་འཛིན་པར་བཟླས་ཞེས་ཏེ། རྒྱུ་ཡེ་ཤེས་ལྟའོ།། འབྲས་བུ་རིགས་ལྔའོ།། དེས་རྡོ་རྗེ་རྩེ་ལྷ་ནི་སངས་རྒྱས་ལྔའི་བདག་ཉིད་དང་ཡེ་ཤེས ་ལྔའི་བདག་ཉིད་གོང་འོག་གི་རྩའི་ཚུལ་གྱིས་རྒྱུ་དང་འབྲས་བུ་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་བཛྲ་ཞེས་གསུངས་སོ།། དེ་འཛིན་པས་ན་བཛྲ་དྷྲྀག་ཅེས་ཏེ། རྣམ་པར་དག་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རྣམ་ཤེས་ཞོའོ།། དེ་ནི་ཡིད་དུ་འདོ་།། དེའི ་འབྲས་བུ་བསྟན་པའི་ཕྱིར། དེ་ནས་ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྨོས་སོ།། རིགས་པའི་ཞེས་པ་རིག་མ་ལས་བྱུང་བས་སོ།། མི་བསྐྱོད་པ་རང་གི་རིག་མ་དང་ལྡན་པས་ན། ཕྱག་རྒྱ་ཆེན་པོར་སྦྱོར་ཞེས་སོ།། ནག་པོ་ཞེས་པ་དབུས ་ཀྱི་ཞལ་དང་སྐུའོ།། དཀར་པོ་དམར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ།། དེ་ལྟ་བུའི་ཚུལ་དུ་རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགས་ལ་ཞུགས་པ་སྟེ། ཐིམ་ཞེས་པའི་ཐ་ཚིག་གོ།། དམ་ཚིག་འབྱུང་བ་ཞེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེས་དོན་སྐྱེད ་པཱ་སྟེ། དེ་ལ་ཞུགས་པའོ།། གཏི་མུག་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་གྱི་ནི་མི་ཤེས་པའི་མཚན་ཉིད་དེ། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བཏགས་པའོ།། འཇིག་རྟེན་ལས་འདས་པ ་མིད་དང་མི་མཐུན་པའི་གྲོགས་ཏེ། འབྱེད་པ་མེད་པའི་གཏི་མུག་ཆེན་པོ་སྟེ། དེ་ནི་རྣམ་པར་སྣང་མཛད་རྒྱུའོ།། རིག་ལ་སོགས་པ་ནི་སྔོན་དུ་བྱས་སོ།། ཛི་ན་ཇིག་ཅེས་པ་དེ་ཉིད་ལས། ཡོད་མེད་དབུས་ལས་འདྲེས་པའི་ལམ་ཞེས་པ་ལ་སོགས ་པའི་ཚིགས་བཞི་གསུངས་ཏེ། དེ་ལ་ཡོད་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའོ།། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྣམ་པར་དག་པའི་ངོ་བོ་དེ་ཉིད་གཟུགས་ཞེས་བྱ་སྟེ། སེམས་ཅན་རྣམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་དེ ་འདིར་ཛཾ་ན་ཇིག་ཅེས་གསུངས་སོ།། ཛི་ནའི་སྒྲ་ཁོ་ནའི་དོན་ཡང་གསུངས་པ། སྐྱེས་པ་ཞེས་པ་ཛཾ་ནའི་སྒྲ་སྟེ། སྐྱེ་བའི་དོན་གསུངས་པའོ།། དེ་ལས་རྒྱལ་བར་བྱེད་པས་ན་ཛི་ནི་ཛིག་ཅེས་ཏེ། ཀུན་བཏགས་ཀྱི་བདག་ཉིད་ཀྱིས་མི་སྐྱེ་ཞེས་པའི ་དོན་ཏོ།། དེའི་འབྲས་བུ་གསུངས་པ། ཕྱུང་མ་ཐག་ཏུ་ཞེས་པ་ལ་སོགས་པ་སྟེ། བཞུགས་སོ་ཞེས་དང་འབྲེལ་ཏོ།། དེ་ལ་དཀར་པོ་ནག་པོ་དམར་པོ་ནི་དབུས་དང་གཡས་གཡོན་གྱི་ཞལ་རིམ་པ་བཞིན་ནོ།། གཞན་དག ་ནི་སྔོན་དུ་བྱས་སོ།། རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེས་ཀུན་འབྱུང་ཞིང་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ་ཀུན་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཤེས་པ་དང་འབྲེལ་ཏོ།། ལྷག་འོག་ཏུ་ཡང་སྦྱར་རོ།། ནོར་བུ་ཡིད་བཞིན་ཞེས ་པ་ང་རྒྱལ་གྱིས་འགུགས་པ་སྟེ། དེ་ལ་ཡང་གཉིས་ཏེ། འདི་དང་ཕ་རོལ་ལོ།། དེ་ལ་འདིའི་ན་སེམས་ཁེངས་པ་སྟེ། རྣམ་པ་བདུན་གྱི་རང་བཞིན་ནོ།། ཕ་རོལ་གྱི་ནི་དོན་ལ་སྲན་འཇུག་པ་སྟེ། དོན་ཉིད་ལས་བྱུང་བའི་ཕྱིར་རོ།། དེ་ནི་དཀོན་མཆོག་དཔལ ་གྱི་རྒྱུའོ།། རཏྣ་དྷྲྀག་ནི་ལུང་ལས། ཐམས་ཅད་དོན་ཀུན་འབྱུང་བས་ན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་ཐམས་ཅད་ལ་གང་མཉམ་པ་ཉིད་དེ་ལས་བྱུང་བ་དེས་རྣམ་པར་དག་པས་ན། སེམས་ཉིད་རིན་ཆེན་ནོ།། དེ་ཡང་ཚོར་བ་ཡིས ་རང་གི་ཡང་དག་པར་རིག་པས། ངེས་པར་ཚོར་བས་རྣམ་པར་དག་པའི་ཡིད་ནི་རཏྣ་དྷིག་ཅེས་གསུངས་སོ།། དེའི་སྐུ་དང་གཡས་གཡོན་གྱི་ཞལ་ནི་སེར་པོ་དང་དཀར་པོ་ནག་པོའི་ཚུལ་དུ་རིམ་པ་བཞིན་དུ་སྦྱར་རོ།། འདོད་ཆགས་ཆེན་པོ་ཞེས ་བྱ་བ་ནི་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཏེ། རིས་མེད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ།། དོན་བསྐྱེད་པ་དང་དེ་ཉིད་མི་ཕྱེད་པའི་ཕྱིར་འབྱུང་བ་རྡོ་རྗེ་སྟེ། དེའི་བདག་ཉིད་དུ་གྱུར་པའི་ངོ་བོ་དེ་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཞེས་པ་དང་འབྲེལ ་ཏོ།། དེ་ལ་འདོད་ཆགས་ནི་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་གྱི་ནི་ཉེ་བར་ལེན་པའི་ཕུང་པོ་ལ་ཞེན་པ་དང་ལྷག་པར་ཆགས་པའོ།། འཇིག་རྟེན་ལས་འདས་པའི་ནི་དེ་དང་མི་མཐུན་པའི་ཕྱོགས་ཏེ། ཆགས་ཙམ ་ཉིད་ཆགས་པ་མེད་པའི་འདོད་ཆགས་ཆེན་པོ་སྟེ། དེ་ནི་སྣང་བ་མཐའ་ཡས་ཀྱི་རྒྱུའོ།། རིགས་ཀྱི་སོགས་པ་སྔོན་དུ་བྱའོ།། ཨ་རོ་ལིག་ཅེས་པ་ལུང་ལས།། འདོད་པའི་མཚན་ཉིད་མཚོན་པ་དང་ཞེས་པ་ལ་སོགས་པ་ཚིག་བཅད་གསུངས་ཏེ། ་དེ་ལ་མཚན་ཉིད་ནི་ནག་པོ་དང་སེར་པོ་ལ་སོགས་པའི་རྣམ་པའོ།། དེ་རྟོགས་པའི་ངོ་བོ་མིག་ལ་སྩོགས་པ་ལྔ་དང་། ཡིད་དང་དྲུག་རྣམ་པར་རྟོགས་པའི་ཡིད་དོ།། དེས་ཐམས་ཅད་དུ་གང་རྩེན་པ་ཐ~ཾད་ཀྱི་དོན་སོར་ཀུན་དུ་རྣར་རྟོག་པ་དེ་རྣམ་པར ་དག་པ་ཁོ་ན། གང་གོང་ནས་གསུངས་པའི་མཚན་ཉིད་དང་། མཚོན་པ་དེའི་ཨ་རོ་ལིག་བཤད་ཅེའོ།། དེ་ནས་ཞེས་པ་ལ་སོགས་པ་ནི་ཡོན་ཏན་གྱི་ངོ་བོར་བསྟན་ཏོ།། འཇིག་རྟེན་པའི་དོན་སོ་སོ་ཀུན་ཏུ་རྟོགས་ནས་སྤྱན་རས་ཀྱིས་འཚོ་བ་དེ ་ལ་དབང་སྒྱུར་བའི་ཕྱིར། དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་ཆོས་སོ།། སྦྱོར་བ་ནི་གང་གི་རྣམ་པར་བཞུགས་པ་རིག་མ་དང་ལྡན་པས་ནའོ།། སྐུ་དང་གཡས་གཡོན་གྱི་ཞལ་ནི་དམར་པོ་དཀར་པོ་ནག་པོའི་རིམ་པས་སོ།། དེ་ནི་ནུབ་ཏུ་བཞུགས་སོ།། ལས ་ཀྱི་རིགས་བསྟན་པའི་ཕྱིར་གདོན་མི་ཟ་བ་ནི་ཐོགས་པ་མེད་པའོ།། དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། དེ་ཉིད་དབྱེར་མེད་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གྱུར་པ་དེ་ལ་སྙོམས་པར་ཞུགས་ཏེ་ཕྱུང་ངོ་ཞེས་པ་དང་གོང་བཞིན་འབྲེལ་ཏོ།། ་དེ་ལ་དམ་ཚིག་དགུག་པ་ནི་ཕྲ་དོག་གི་སྟེ། དེ་ལའང་གཉིས་ཏེ། འདི་དང་ཕ་རོལ་གྱིའོ།། དེ་ལ་འདི་ཡི་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའོ།། ཕ་རོལ་གྱི་ནི་དེ་དང་མི་མཐུན་པའི་ཕྱོགས་ཏེ། དེ ་ནི་གཉིས་སུ་མེད་པའི་དོན་ཡིན་ཏེ། སྙིང་རྗེ་ཆེན་པོ་ལས་བྱུང་བའི་ཕྱིར་རོ།། དེ་ནི་ཚེ་དཔག་མེད་ཀྱི་རྒྱའོ།། རིགས་ལ་སོགས་པ་རྣམས་ནི་སྔོན་དུ་བརྗོད་པ་བཞིན་ནོ།། པྲཛྙཱ་དྷིག་ཅེས་པ། རྣམ་ཤེས་རབ་ཏུ་གསལ། བྱེད་པ་ལ་སོགས་པའི་ཚིག་རྣམས ་གསུངས་ཏེ། བྱམས་པ་དང་སྙིང་རྗེ་ལ་སོགས་པ་རྣམ་པར་གོམས་པའི་རབ་ཏུ་གསལ་བས་བྱེད་པའི་རྣམ་པར་ཤེས་པ་གང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དེ་ཤེས་རབ་ཅེས་སུ་བཤད། དེ་འཛིན་པས་ནི་འདུ་བྱེད་ཀྱི་སེམས་ཀྱི་རྣམ་པར་དག ་པའི་སེམས་ནི་དེ་སྐད་ཅེས་གསུངས་སོ།། དེའི་ཡོན་ཏན་གསུངས་པ། དེ་ནས་འདི་ཕྱུང་མ་ཐིག་ཏུ་ཞེས་པ་ལ་སོགས་པ་སྟེ། བཞུགས་ཞེས་པ་དང་། གོང་བཞིན་འབྲེལ་ཏོ།། ཐབས་ཀྱི་ཞེས་པ་དང་། ཚུལ་དུ་ཤེས་པ་ཡང་དེ་དང་དེ་ལྟར་རོ།། གཞན ་དག་ནི་གོང་བཞིན་ནོ།། དེ་ཉིད་ཁོ་ནའི་རིག་མ་དང་ལྡན་པས་ན་སྦྱོར་བའི་ཞེས་སོ།། ཞལ་དབུས་དང་གཡས་གཡོན་གྱི་ཞལ་ནི་ལྗང་གུ་དང་དཀར་པོ་དང་ནག་པོ་ནི་གོང་མ་བཞིན་རིམ་པ་བཞིན་སྦྱར་རོ།། ད་ནི་མཇུག་བསྡུ་བ་གསུངས་པ་ཞེ་སྡང ་ཞེས་པ་ལ་སོགས་པ་སྟེ། འདིར་ཉོན་མོངས་པ་ལྔའི་རིགས་ལ་སོགས་པ་འདོད་པ་ཡིན་ཏེ། གྲོལ་ཞེས་པ་དེ་རྣམས་རྣམ་པར་དག་པའི་ཕྱིར་རོ།། འདོད་པ་ཡང་དེ་སྟེ་གྲུབ་པ་ནི་ཐབས་ཏེ་གཉི་ག་ལ་སྙེག་གོ།། དེ་དག་གི་དོན་ནི་འདི་སྐད་དུ། ཐབས ་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང་། རིགས་ལྡན་གཏོགས་པའི་འདི་རྣམས་ཀྱིས། ཞེ་སྡང་ལ་སོགས་པའི་དངོས་པོ་དེ་དང་དེ་ལས་གྱུར་པ་དོན་ཉིད་ཀྱིས་འགྲུབ་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ།། ལྷ་མོ་རྣམས་དབྱུང་བ་བསྟན་པའི་ཕྱིར་དེ་ནས ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཏེ། དེ་ལ་རྡོ་རྗེ་འཛིན་པ་ཉིད་མཉེས་པའི་དམ་ཚིག་ནི་མཱ་མ་ཀཱིས་སོ།། དེ་ལ་བཞུགས་ཏེ་ཕྱུང་ངོ་ཞེས་པ་དང་འབྲེལ་ཏོ།། དེ་ཤྭ་ར་ཏི་ནི་དེ་ལ་ཕན་ཚུན་ཐུག་པ་ཞེས་ནི་བསྟན་པ་ཡིན་ཞེས་ཏེ། གང་ཕན་ཚུན་ཐུག་པ་གཉིས ་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར། ད་ནི་ཞེ་སྡང་སྟེ། དེ་ཤྭའོ།། རྣམ་པ་གཅིག་ཏུ་ན། དབང་སྐུར་བའི་དུས་སུ་མཱ་མ་ཀཱི་བསྒོམས་ནས་རྡོ་རྗེ་དང་པདྨོར་ཐུག་པ་ནཱི་དེ་ཤྭའོ།། དེ་ལས་གྱུར་པ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། བུད་མེད་ཀྱི་གཟུགས་འཛིན་པ་ནི ་མི་བསྐྱོད་པ་ཉིད་དེ། མཁའི་ནང་གི་གྲཝ་གང་ལ་མཱ་མ་ཀཱི་ལ་སོགས་པ་གནས་པའི་གྲཝ་རྣམས་ཏེ། འདི་ནི་མི་མཚམས་ཁོ་ན་ཏེ། དེ་ལ་གནས་བོའི་ཐ་ཚིག་གོ། སྤྱན་མ་བསྟེན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་མཉེས་པར་བྱེད་པ་ཞེས་པ་ནི ་སྤྱན་མོ་སྟེ། གང་ལ་ཞེ་ན། རྣམ་པར་སྣང་མཛད་དེ་ཉིད་ལའོ།། གཞན་དག་ནི་མངོན་དུ་བྱས་པ་སྟེ། གོ་སླ་བས་མ་བཤད་དོ།། མོ་ཧ་རི་ཏི་ཞེས་པ། གཉིས་མེད་ཆོས་ཀྱི་ཡེ་ཤེས་ལ། ཕྱི་རོལ་ང་རྒྱལ་རྨོངས་ཞེས་བྱ་ཞེས་ཏེ། ཆོས་ཉིད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས ་ཀྱི་ངོ་བོ་རྣམས་གང་ང་རྒྱལ་གྱི་ངོ་བོ་ཉིད་དུ་རྨོངས་པ་དེ་གཏི་མུག་ཕྱོགས་མེད་པ་ནི་མོ་ཧ་ཞེས་གསུངས་སོ།། རྣམ་པ་གཅིག་ཏུ་དབང་བསྐུར་བའི་དུས་སུ། ཚིག་སུ་བཅད་པ་དང་མཐུན་པར་སྤྱན་མ་བསྒོམས་ནས། རིག་མ་འཁྱུད་པ་ལ་སོགས་པ ་བསྒོམས་ནཱ་མོ་ཧ་ཞེའོ།། ལྷོའི་གྲཝ་ཞེས་པ་ནི་བདེན་བྲལ་གྱིའོ།། གོས་དཀར་མོ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་ཆགས་པར་བྱེད་པ་ནི་གོས་དཀར་མོ་སྟེ། སྣང་བ་མཐའ་ཡས་ཉིད་དེ་དེ་དང་འདྲ་བས་སོ།། ་གཞན་ལའང་དེ་བཞིན་སྦྱར་རོ།། ནཱ་ཀ་ར་ཏི་ནི་མཚན་ཉིད་འདོད་ཆགས་ཀུན་ཞེན་པ་ཞེས་ཏེ། གང་མཚན་ཉིད་འཛིན་པའི་རང་བཞིན་གཉིསུ་མེད་པའི་བདག་ཉིད་དེ་ཁོ་ན་འདོད་ཆགས་དེ་ནི་རཱ་ག་ཞེས་སོ།། རྣམ་པ་གཅིག་ཏུ་ན་བདེ་བ་ཆེན་པོའི་མཚན་ཉིད་ལ་ཆགས ་ནས་ཞལ་སྦྱོར་བ་ལ་སོགས་པ་འདོད་ཆགས་སོ།། ནུབ་ཀྱི་གྲཝར་ཞེས་པ་རླུང་གི་མཚམས་སོ།། སྒྲོལ་མ་བསྟན་པའི་ཕྱིར་དེ་ནས་ད་ཞེས་པ་ལྔ་སོགས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ནི་གདོན་མི་ཟ་བར་གྲུབ་པའོ།། བསླུ་བ་རྡོ་རྗེ་ཞེས་པ་བདག་པོ་དང ་འདྲ་བས་དེ་ཉིད་ལ་ཆགས་པར་བྱེད་པའི་རང་བཞིན་ནོ།། མ་ཕྱེད་པའི་ཕྱིར། རྡོ་རྗེ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་ཕྱུང་ངོ་ཞེས་འབྲེལ་ཏོ།། འདི་དག་ནི་གོང་དུ་སྙེགས་སོ་བཛྲ་ར་ཏི་ནི། ཡེ་ཤེས་འདི་ནི་རྡོ་རྗེའོ་ཞེས་ཏེ། དེ་ལ་གང ་དེ་ཉིད་དབྱེར་མེད་པའི་ངོ་བོ་ཡེ་ཤེས་དེ་ནི་བཛྲ་ཞེས་གསུངས་སོ།། དེ་བཞི་ལ་མཐའ་ན་ར་ཏིའི་སྒྲ་སྦྱོར་བར་ཤེས་པར་བྱའོ།། རྣམ་པ་གཅིག་ཏུ་སྒྲོལ་མ་བསྒོམས་ནས། བྱང་ཆུབ་ཀྱི་བདེ་བ་རིག་པ་ནི་རྡོ་རྗེའོ།། དེ་ལས་གྱུར་པ་ནི་དེ་ཕྱུང་མ་ཐག་ཏུ་ཞེས ་པ་ལ་སོགས་པ་སྟེ། གྱུར་ཏེ་བཞུགས་སོ་ཞེས་པ་དང་འབྲེལ་ཏོ།། བྱང་ཕྱོགས་ཀྱི་གྲཝ་ཞེས་པ་དབང་ལྡན་གྱི་མཚམས་སོ།། བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ནི། བུད་མེད་བདེ་མཆོག་ཕུན་སུམ་ཚོགས་ཞེས་པ་སྟེ། མོ་ཧི་ར་ཏི་ལ་སོགས་པ ་དེ་དག་ཁོ་ན་མཆོག་གི་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་ན་བདེ་བའི་མཆོག་སྟེ། དེ་ཉིད་ཕུན་སུམ་ཚོགས་པར་གསུངས་པ་ཞེས་བྱ་བའི་དོན་ཏོ།། དེ་དག་གི་དོན་བཤད་པ་ནི་མི་དགོས་ཀྱིས་བཏང་ངོ་།། དེ་དག་གི་སྔགས་རྣམས་ནི་སྤྱན་དྲང་བའི་དོན་ཏེ། དེའི་ཕྱིར་དཀྱིལ ་འཁོར་གྱི་ལྷ་ཉིད་དུ་མངོན་ནོ།། དེ་དག་གི་ཁྲོ་བོ་རྣམས་དབྱུང་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་འཁོར་ལོ་ཞེས་པ། ས་བོན་ལས་གྱུར་པ་སྟེ། དེ་ལྟར་གང་གྱུར་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཕྱུང་ངོ་ཞེས་སོ།། དེའི་དཀྱིལ་འཁོ ་ནི་སྐུའི་དཀྱིལ་འཁོར་སྟེ། རྣམ་པར་སྣང་མཛད་དུ་མངོན་ནོ།། ཁྲོ་བོ་ཞེས་པ་ནི་དང་གིས་དང་ཤུགས་ཀྱི་ཁྲོ་བ་དང་ཁྲོ་བོར་བཅོས་པ་དང་བཅས་པ་སྟེ། རིག་མ་དང་ལྡན་པ་ལས་གྱུར་པའི་ཕྱིར། དེ་ཉིད་བྱིན་གྱིས་རློབ་པའི་ཞེས་བྱ་བ་ཡིན་ནོ།། དེ་བཞིན་སྦྱར ་པ་གཞན་དག་ནི་གོ་སླ་བས་སོ།། ཡ་མཱནྟ་ཀྵི་ཏ་ཅེས་པ་རྣམ་པར་མི་འཇིག་བདག་ཉིད་ཆོས་ཤེས་པ་ལ་སོགས་པའི་ཚིག་བཞི་གསུངས་ཏེ། ལུས་ཚོར་བ་སེམས་དང་ཆོས་རྣམས་ཀྱི་དུ་མ་མེད་པ་ལ་སོགས་པའི་ཡུལ་རང་གི་ངོ་བོ་ཉིད་ཀྱི་མི་སྐྱེ ་བའི་ངོ་བོ་ཉིད་ཀྱི་ཕྱིར་ན་རྣམ་པར་མི་འཇིག་བདག་ཉིད་ཆོས་ཞེས་པ་སྟེ། ཀུན་བཏགས་པའི་བདག་ཉིད་ཁོ་ན་འཇིག་པ་ཉིད་ཀྱི་ཕྱིར་རོ།། དེ་ཡང་དངོས་པོ་ཀུན་ཞེས་པ་ལུས་ལ་སོགས་པ་རྣམས་ཀྱི་འཇིག་པ་མེད་པའི་ངོ་བོ་དམ་ཚིག་སྟེ། ་ལུས་ལ་སོགས་པ་ལ་གཏོགས་པའི་དུ་མ་མེད་པ་ཉིད་ལས་ཇི་ལྟར་སྦྱར་བར་བྱ་བའི་ཡུལ་ལ་དད་པ་རྣམ་པར་དག་པའི་རང་བཞིན་ནི་དེ་ནི་ཡ་མཱནྟ་ཀྲྀ་ཏད་ཅེས་གསུངས་སོ།། དེ་ཅིའི་ཕྱིར་ཕྱིན་ཅི་ལོག་པ་ནི་གཤིན་རྗེའོ།། དེའི་མཐར་ཕྱིན་པ ་ནི་མེད་པ་ཞེས་པར་མངོན་ནོ།། དེ་ལས་གྱུར་པ་ནི་ཕྱུང་མ་ཐག་ཏུ་ལ་སོགས་པ་སྟེ། བཞུག་སོ་ཞེས་སོ།། བསྐྱེངས་པར་བྱེད་པ་ནི་དེ་ཁོ་ན་སྟེ། སེམས་ཅན་རྣམས་འདུལ་བར་ཕྱིར་རོ།། དེ་ནི་ཤར་གྱི་སྒོར་ཞེས་སོ།། རྣམ་པར ་རྒྱལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་པར་བྱང་ཆུབ་པ་ཞེས་པ་ནི་རང་གིས་རིགས་ཀྱི་གཙོ་བོ་མི་བསྐྱོད་པ་སྟེ། དེ་ཉིད་དབྱེར་མེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལའོ།། དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར ་ཏེ་མི་བསྐྱོད་པ་མངོན་ནོ།། གཞན་དག་ནི་གོང་མ་བཞིན་ནོ།། པྲཛྙཱནྟ་ཀྲྀཏ་ཅེས་པ་རྣམ་པར་མི་ཤེས་བདག་ཉིད་ཆོས་ཞེས་པ་ལ་སོགས་པ་བཞི་གསུངས་ཏེ། ཡི་གེ་དམ་པས་ངོ་བོས་རྣམ་པར་དག་པ་ཉིད་པས་ཆོས་ཤིན་ཏུ་རྒྱས་པའི་བདག་ཉིད་ཀྱི ་འཛིན་པའི་རང་བཞིན་དུ་མི་འགྱུར་རོ།། དེ་འདྲ་བའི་ཐམས་ཅད་སེམས་ཀྱི་དམ་ཚིག་གང་ཡིན་པ་དེ་ནི་པྲཛྙཱ་ཀྲྀཏ་གཙོ་ཞེས་གསུངས་སོ་ཅིའི་ཕྱིར་འབྱུང་བའི་སྐྱོན་མེད་པའི་ཕྱིར་དང་། མ་བྱུང་བའི་སྐྱོན་མ་བསྐྱེད་པར་བྱེད་པ་དང་། དེ་ལྟར་ཕན་པའི་དོན་མ ་སྐྱེས་པ་སྐྱེད་པར་བྱེད་པའི་དོན་དང་། སྐྱེས་པ་གནས་པ་རྣམས་ལ་དད་པ་དང་ལྡན་པ་གང་། བརྩོན་འགྲུས་རྣམ་པ་བཞི་པོ་དེས་རྣམ་པར་དག་པའི་ངོ་བོ་རྒྱལ་བ་ཁོ་ནས་ཤེས་རབ་མཐར་ཕྱིན་ཞེས་ཏེ། དེ་འདྲ་བའི་ཤེས་རབ་ཀྱི་སྐྱོན་ཁོ་ན་མཐར ་ཕྱིན་པའི་ཐ་ཚིག་གི་ཕྱིར་རོ།། དེ་ནི་ལྷོའི་སྒོར་ཞེས་པའི་དོན་ཏོ།། རྟ་མགྲིན་བསྟེན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། ཆོས་ཞེས་པ་སྣང་བ་མཐའ་ཡས་ཀྱི་ཚུལ་གྱིས་ཞུགས་ཞེས་སོ།། གང་ལ་ཞེ་ན་མངོན་པར་ཤེས་པ་ལ་སོགས ་པའི་ཡོན་ཏན་རྣམས་འབྱུང་བའི་ཕྱིར་རིན་པོ་ཆེ་འབྱུང་གནས་དེ་ལའོ།། དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ།། སྣང་བ་མཐའ་ཡས་ཡིན་པ་ཉིད་ཀྱི་ཕྱིར་ན་འདོད་ཆགས་འཆའ་བའོ།། གཞན་ནི་སྔོན་དུ་བྱས་སོ།། པདྨནྟ་ཀྲྀཏ་ཅེས་པ་ནི། ་བརྗོད་དུ་མེད་པའི་བདག་ཉིད་ཆོས་ཞེས་པ་ལ་སོགས་པ་རྣམས་གསུངས་ཏེ། དོན་དམ་པར་དེ་ཁོ་ན་ཉིད་ལ་གདགས་པར་མི་ནུས་པའི་ཕྱིར་ན། ཆོས་ཐམས་ཅད་བརྗོད་དུ་མེད་དོ།། དེ་ཉིད་ཀྱི་ཕྱིར་ན་མིང་དང་གཟུགས་བློ་ཞེས་ཏེ་མིང་ལ་སོགས ་པར་སོ་སོར་སྣང་བའི་བློ་ཡི་ངོ་བོ་མེད་དེ་དོན་དམ་པར་ཡུལ་ལ་ངོ་བོ་མེད་དོ།། དེ་འདྲ་བའི་ཆོས་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་པདྨཱནྟ་ཀྲྀཏ་གཙོ་ཞེས་སོ།། ཅིའི་ཕྱིར་བརྗོད་དུ་མེད་པའི་བདག་ཉིད་ཀྱི་ཕུང་པོའི་ཡུལ་ལ་འདུན་པ་དང་བྲོད་པ ་ལ་སོགས་པ་ལ་དྲན་པ་བརྩོན་འགྲུས་དང་སྦྱོར་བའི་རྣལ་འབྱོར་པ་གང་ཡིན་པ་དེ་ཉིད་དམ་པའི་ཆོས་ལ་མོས་པ་བསྐྱེད་པར་བྱ་བའི་ཕྱིར་འདུན་པ་ལ་སོགས་པའི་ཡུལ་དྲན་པ་འདི་པདྨའོ།། དེ་ཉིད་འདུན་པ་ལ་སོགས་པ་དེ་དག་གི་སྐྱོན ་ཁོ་ན་མཐར་ཕྱིན་པར་བྱེད་པས་པདྨནྟ་ཀྲྀད་ཅེས་སོ།། དེ་ནི་ནུབ་ཀྱི་སྒོར་ཞེའོ།། ད་ནི་ལས་ཐམས་ཅད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་བསྐྱོད་པའི་ཚུལ་གྱིས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར།། ཆོས་ཀྱི་དབྱིངས་ཀྱི་ཡེ ་ཤེས་དེ་ཉིད་དབྱེར་མེད་པའི་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་འབྲེལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། དཀྱིལ་འཁོར་ནི་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི། ་དེ་བྱིན་གྱིས་རློབ་པ་ནི་གོང་མ་ཉིད་ཀྱི་ཏེ། དེ་རྣཾས་ཀྱི་རྣལ་འབྱོར་པ་དོན་དུ་རང་རང་གི་ལས་དགུག་པ་དང་། གཞུག་པ་དང་། བསྡམ་པ་དང་། བཅིང་པ་རྣམསོ།། ཞེས་སོ།། བིགྷྣཱཾ་ཏ་ཀྲྀཏ་ཅེས་པ་ནི། རྣམ་པར ་མི་རྟོག་བདག་ཉིད་ཆོས་ཞེས་པ་ལ་སོགས་པའི་ཤློ་ཀ་གཅིག་གསུངས་ཏེ། རྣམ་པར་མི་རྟོག་པའི་རང་བཞིན་ཁོ་ནས་ཞི་བ་ཉིད་ཀྱི་ཕྱིར་ན། གསུངས་པ་ལ་སོགས་པའི་རྟོག་པ་མེད་པ། ཕུང་པོ་ལྔ་ལ་སོགས་པའི་རྡོ་རྗེ་ཀུན་གྱི་དམ ་ཚིག་མི་འདའ་བའི་རང་བཞིན་གང་ཡིན་པ་དེའི་ངོ་བོར་བགེགས་མཐར་ཕྱིན་ཞེས་སོ།། ཅིའི་ཕྱིར་གོང་དུ་གསུངས་པའི་རྣམ་པར་རྟོག་པའི་ཆོས་རྣམས་ལ། དྲན་པ་དང་ལྡན་པའི་རྣལ་འབྱོར་པའི་རང་གི་སེམས་རྩེ་གཅིག་པའི་ངོ་བོའི་ཏིང་འཛིན ་ཡང་དག་པའི་དེ་ཁོ་ན་ཉིད་དམིགས་པའི་ཤེས་རབ་ཀྱི་རྒྱུར་གྱུར་པ་གང་ཡིན་པ་དེས་རྣམ་པར་དག་པ་ངོ་བོར་ཐ་མི་དད་པ་ལ་སོགས་པའི་བགེགས་མཐར་ཕྱིན་པར་བྱེད་པས་ན་བིགྷྲྀ་ཏ་ཀི་ཏ་གཙོ་ཞེས་གསུངས་པའི་ཕྱིར་རོ།། དོན་དེ་དག་གི་ཧ ་ཅད་སྤྲོས་པ་བཞག་གོ།། གཞན་དག་ནི་གོང་མ་བཞིན་ནོ།། དེ་ནི་བྱང་གི་སྒོར་ཞེས་པ་ཡིན་ནོ།། དེ་དག་གི་དོན་ནི་འདི་སྐད་དུ་བརྩོན་འགྲུས་ལ་སོགས་པས་དྲན་པོ་ཉེ་བར་གཞག་པ་ལ་སོགས་པ་བྱས་ཏེ་དེ་དག་གིས་རང་གི་ལས་སུ ་བྱེད་དོ།། དེས་རྣམ་པར་དག་པ་འདིར་བཤད་པ་ཡིན་ནོ།། དེ་བཞི་ཀ་དམ་ཚིག་སེམས་དཔའོ་ཞེས་སོ།། སྐུ་གསུང་ཐུགས་ནི་གསང་བ་སྟེ་རྡོ་རྗེ་འཛིན་པའོ།། འདུས་པ་ཡང་དེ་ཉིད་དོ།། ཤིན་ཏུ་གྲུབ་པར་བྱེད་པའི་ཕྱིར་བྱིན་གྱིས་རློབ་པ་ལ་སོགས་པ ་སྨོས་སོ།། ལེའུ་དང་པོའི་དོན་ཇི་སྙེད་པ་རྫོགས་སོ།། །། ད་ནི་སྦྱོར་བ་དང་པོ་དང་དཀྱིལ་འཁོར་དབྱུང་བ་གསུངས་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཐུན་མོང་དང་ཁྱད་པར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ནས་ནི ་ཞེས་པ་ལ་སོགས་པའོ།། དེ་ནས་ནི་དཀྱིལ་འཁོར་དབྱུང་བའི་དེ་མ་ཐག་གོ།། སྦྱོར་བ་ནི་མཆོད་པ་ལ་སོགས་པ་བྱ་སྟེ། གསོལ་ཏེ་ཞེའོ།། དེའི་ཚིག་ནི་སྐུ་གསུང་ཐུགས་ཀྱི་མཆོག་ཅེས་པ་སྟེ། སྐུ་ནཱི་ལོངས་སྤྱོད་རྫོགས་པའི་སྐུ། གསུང་ནི་སྤྲུལ་པའི ་སྐུ། ཐུགས་ནི་ཆོས་ཀྱི་སྐུའོ།། དེ་དག་གི་རང་བཞིན་ཡིན་པས་ཀུན་གྱི་གསང་བ་སྟེ། ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་དང་བླ་ན་མེད་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་བདག་ཉིད་ཀྱི་སྟེ། དེ་ཀུན་གྱི་རྒྱུ་ཡིན་པོ་ཉིད་ཀྱི་ཕྱིར་ནི་སྙིང་པོ་སྟེ་ས་བོན་ནོ།། དེ་ནས ་ནི་ཞུས་པའི་དེ་མ་ཐག་གོ། ཡོངས་སུ་རྟོག་པ་ནི་ཐེ་ཚོམ་མེད་པར་ཞུས་པ་རྣམས་མཁྱེན་པ་སྟེ། ཇི་ལྟར་ཞེ་ན། ཇི་ལྟ་བ་བཞིན་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ཐུགས་ཀྱིས་ཞེའོ།། ཁྱེད་ཀྱིས་ཞེས་བྱ་བ་ནི་བྱང་ཆུབ ་སེམས་དཔའོ།། སེམས་ལུས་ལྟ་བུ་དང་ཤེས་པ་ཡུལ་གྱི་རྣམ་པ་དང་རང་གི་མཚན་ཉིད་མེད་པར་གང་དུ་རྟོག་པའི་སེམས་དགག་པའོ།། སེམས་དབྱེར་མེད་པར་བསྟན་པའི་ཕྱིར་རྟོག་པས་བསྐྱེད་པའི་ལུས་ཀྱང་དགག་པ་སྟེ། དེའི་ཕྱིར་ལུས ་སེམས་ལྟ་བུ་ཞེས་སྨོས་སོ།། ངག་སེམས་ལྟ་བུ་དང་། སེམས་ཚིག་བརྗོད་པ་ལྟ་བུ་ནི་གོང་འོག་གི་ཚུལ་གྱིས་ངག་ཡིད་ཐ་མི་དད་པར་བྱ་བ་བསྟན་པ་སྟེ། རྟོག་པས་བསྐྱེད་པ་དགག་པའི་ཕྱིར་རོ།། དེས་ནི་འདི་སྐད་དུ། ལུས་ནི་གཟུགས་ཀྱི ་ཁམས། ངག་དང་ཡིད་ནི་འདོད་པ་དང་གཟུགས་མེད་པའི་ཁམས་ཏེ་རྣམ་པར་དང་བཅས་པ་ཡིན་ལ། དེ་ནི་ལོངས་སྤྱོད་དང་སྤྲུལ་པ་དང་ཆོས་ཀྱི་རང་བཞིན་གཉིས་སུ་མེད་པར་སྦྱར་ནས་སྐྱེད་ཅིག་པ་སྟེ། དེ་ནི་རེ་རེ་ལ་ཡང ་སྦྱར་བར་བསྟན་པ་ཡིན་ནོ།། ཞུ་བ་པོ་རྣམས་ཀྱིས་བཀའ་མཉན་ནས་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་གསུངས་པ་སྟེ། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ན་མཁའ་ལྷུར་སྦྱར་ནས ་སྨོས་སོ་ཞེས་པ་སྟེ་བརྗོད་ཅེས་པའི་ཐ་ཚིག་གོ།། གཞན་གྱི་ཆེད་དུ་གླིང་པ་ནི་སྤྱན་སྔར་འདུག་ནས་བརྗོད་པ། ཨེ་མ་ཧོ་ཞེས་པ་ལ་སོགས་པ་སྟེ། དྭེ་ཡ་མཚན་ཆེ་བའི་དོན་ཏེ། གཟུང་འཛིན་གྱིས་སྐྱེ་བ་མེད་པའི་དོན་ཏེ། དེའི་ཚུལ་གྱིས། ་དངོས་པོའི་ངོ་བོ་ནི་སྨྲ་བ་སྟེ། འདི་ལྟར་རབ་ཏུ་བསྒྲགས་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ཐུན་མོང་གི་བརྗོད་ནས། ཁྱད་པར་དུ་སངས་རྒྱས་དྲུག་རྣམས་ཀྱིས་གསུངས་ཏེ། ཁྱེད་ཀྱི་སེམས་ཞེས་པ་ལ་བརྟེན་ནས་ཐུགས་ཀྱི། རང་བཞིན་རྡོ་རྗེ་འཛིན ་བའི་བྱང་ཆུབ་ཀྱི་སེམས་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པའི་ཚུལ་གྱིས་བྱང་ཆུབ་པའི་ཚུལ་ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སྙོམས་པར་ཞུགས་ནས་ཞེས་པ་དང་འབྲེལ་ཏོ།། མཚུངས་པར་ལྡན་པའི ་གཟུགས་ལ་སོགས་པ་ལ། དངོས་པོ་མེད་པར་བསྒོམ་པ་ནི་དངོས་པོ་ཉིད་ཡིན་ནོ།། གང་གཟུ་ལ་སོགས་པའི་དངོས་པོ་ཉིད་བསྒོལ་པར་བྱའོ་ཞེ་ན། དེ་ཡང་ཀུན་ཏུ་བརྟག་པ་ཉིད་ཀྱི་ཕྱིར་བསྒོམ་པ་མིན་ཞེས་སོ།། དེ་ལྟར་དངོས་པོ་ཡོད་པ་དང་། ་དངོས་པོ་མེད་པ་གཉི་ག་མ་ཡིན་པས། བསྒོམ་པ་དམིགས་སུ་མེད་པའོ་ཞེས་སོ།། དེ་དག་གི་དོན་ནི་འདི་སྐད་དུ། ཡོད་མེད་ཀྱི་དངོས་པོ་ཞི་བ། དངོས་པོ་ཉིད་དུ་ཀུན་རྫོབ་ཏུ་རྟེན་འབྲེལ་གྱི་ངོ་བོ་སྣང་བ་མི་འགོག་པ་ཡིན་ལ། དེ་ལྟར་ཡིན་པ་ཉིད་ཀྱིས ་ཡང་དག་པར་ན་དངོས་པོ་གང་དུ་ཡང་མ་གྲུབ་པ་སྐྱོན་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། ད་ནི་སེམས་ལུས་ལྟ་བུ་ཞེས་པའི་རིམ་པ་ལ་བརྟན་ནས་རྣམ་པར་སྣང་མཛད་ཀྱིས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། ཐུགས་ཀྱི ་དེ་མ་ཐག་ཏུ་སྐུའི་རང་བཞིན་སྟོན་པས་དེ་ནས་ཞེས་སྨོས་སོ།། མེ་ལོང་ལྟ་བུའི་དོན་གང་གཉིས་སུ་མེད་པའི་བདག་ཉིད་དེ་ནི་མངོན་པར་རྟོགས་པ་ལ་སོགས་པ་སྟེ་དེ་ལའོ།། དངོས་པོ་ཐམས་ཅད་དང་ཞེས་པ་ལ་གཟུགས་ལ་སོགས་པའོ།། ། ་ལོག་པར་རྟོགས་པས་གང་ཟག་ལ་བདག་ཏུ་འཛིན་པ་ལ་སོགས་པའི་ཀུན་བརྟགས་སོ།། དེ་དང་བྲལ་བ་ནི་ཕྱི་རོལ་པ་སྟེ་དེའི་ཕུང་པོ་ལྔ་དང་། ཁམས་བཅཝོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉི་སུ་འདོད་པ་ཡིན་ཏེ། དེ་ནི་གཟུང་འཛིན་ཉིད་པས། ་ཀུན་བརྟགས་ཀྱི་མཚན་ཉིད་དེ། རྣམ་པར་སྤངས་པ་དེས་ནི་ཕུང་པོ་ལ་སོགས་པའི་ཆོས་ལ་ཡང་། བདག་མེད་པ་མཉམ་པ་ཉིད་ཡིན་པས། ཐེག་པ་ཆེན་པོའི་ཁྱད་པར་དུ་གསུངས་སོ།། ད་ནི་དོན་དམ་པར་གཞན་དབང་གི་མཚན་ཉིད་དུ་རང་གི ་སེམས་མི་དམིགས་པའི་ཚེ། འདོད་པ་ཡིན་ཏེ་དེ་རྣམ་རིག་གི་གཞུང་བཙུགས་པའོ།། ཡང་གཞན་ཁྱད་པར་གསུངས་པ་ཐོག་མ་ནས་མ་སྐྱེས་ཞེས་པ་སྟེ། བལྟོས་པ་ཉིད་ཀྱིས་ངོ་བོ་ཉིད་ཉིད་ཀྱིས་མ་སྐྱེས་མ་ཞིག་པ་སྟེ། དངོས་པོ་ཉིད་ཡང ་དག་པར་རིག་པའོ།། དེ་ཉིད་ཁྱད་པར་དུ་བརྟན་པོ་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཞེས་ཏེ་དངོས་པ་མེད་པའི་དེ་ཉིད་སྟོང་པ་ཉིད་དོ།། ད་ནི་མི་བསྐྱེད་པའི་གསུངས་པའི་ན་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ ་མི་ཟད་པའི་རྡོ་རྗེ་ནི་འཕེལ་འགྲིབ་མེད་པའོ།། གང་དབྱེར་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ལ་འདི་ཉིད་ཀྱི་ཚུལ་གྱིས་སོ།། དངོས་པོ་ཞེས་པ་གཟུགས་ལ་སོགས་པའོ།། དེ་སྒྱུ་མ་ལྟར་ཡིན་པ་ཉིད་ཀྱིས། དོན་དམ་པར་ངོ་བོ་ཉིད་ཀྱིས་མ ་སྐྱེས་པས་དེའི་ཕྱིར་ཆོས་ཅན་སྣང་བའི་ངོ་བོ་དང་། ཆོས་ཉིད་མི་སྣང་ངོ་བོ་ཡང་རང་བཞིན་གྱིས་མིན་པ་སྟེ། དེ་ལྟ་ན་ནི་ཤིན་ཏུ་མེད་པའི་སྟོང་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། མི་འགྱུར་དེ་དམིགས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཙམ ་ཞེས་པའི་དོན་ཏོ།། དེས་ན་ན་མཁའ་ལྟ་བུར་བདག་མེད་པ་ཞེས་སྨོས་སོ།། དེའི་བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་ཏེ། དེ་ཁོ་ན་ཉིད་ལས་མི་ཉམས་པའི་དོན་ཏོ།། འབྱུང་ལྡན་གྱི་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་བདག་མེད་པ ་རྡོ་རྗེ་ནི། མཉམ་པ་ཉིད་དུ་གང་གྱུར་པ་དེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དཀོན་མཆོག་དཔལ་གྱི་ཚུལ་གྱིས་སོ།། ཆོས་རྣམས་ཞེས་བྱ་བ་ནི་མཚན་ཉིད་འཛིན་པའི་ཕུང་པོ་དང་ཁམས་ལ་སོགས་པའོ།། དེ་ཉིད་སྤངས་པ་ནི་དབྱིག་པའི་འདུས་ཏེ་རེག ་པ་དང་། གཟུགས་སུ་རུང་བ་གཟུགས་ཞེས་བྱ་བ་དང་། གྲུབ་པ་དང་བདེ་བ་གཅིག་པའི་འཇིག་པའི་ངང་ཅན་ལ་སོགས་པ་དེས་རང་བཞིན་གྱིས་སོ་མཉམ་པ་ཉིད་ནི་བདག་མེད་པའི་ཆོས་ཏེ་དེ་ལས་ཤེས་སོ།། ད་ནི་སྣང་བ་མཐའ་ཡས་གསུངས་པ ་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་སོ་གསོར་རྟོགས་པའི་ཡེ་ཤེས་ནི་ཀུན་གསལ་བས།། འོད་ཟེར་འབར་བ་ཡང་ཡིན་ལ། གཉིས་སུ་མེད་པར་གང་གྱུར་པ་དེ་ནི་སྒྲོན་མ་དང་འདྲ་སྟེ། སྒྲོན་མས་ཀྱང་མུན་པ་བསལ་ལོ།། འབྲོས་སོ་སྙན ་དུ་མི་སེམས་མོད་ཀྱི། ངང་གིས་གསལ་བར་བྱེད་པ་དང་འདྲ་བར་ཡེ་ཤེས་ཀྱིས་ཀྱང་སེམས་ཅན་གྱི་དོན་ལ་དེ་དག་དེ་ལྟར་རོ།། དེའི་ཏིང་འཛིན་ལ་རིགས་གང་ཡིན་པའི་ཚུལ་གྱིས་སོ།། ངོ་བོ་ཉིད་ཀྱིས་ཐེག་མ་ནས་ཡང་དག་པར་མ་སྐྱེས ་པའི་ཆོས་ཕུང་པོ་ལ་སོགས་པ་རྣམས་ལ་མཚན་མའི་ངོ་བོ་མེད་དེ། དམིགས་པའི་བསྒོམ་པའང་དེའི་ཕྱིར་མེད་དོ་ཞེས་སོ།། དེ་ལྟ་ན་ནི་འོ་ན་ནི་ཐམས་ཅད་དུ་མེད་པར་མཚུངས་སོ་ཞེས།། མ་ཡིན་ཏེ་ན་མཁའི་ཚུལ་དུ་སྦྱོར་བ་ཡིས་ཤེས ་པས་ཤེས་བྱ་ལ་དམིགས་པ་མེད་པ་ཉིད་ཀྱིས་དངོས་པོ་ནི་རྟེན་དང་བརྟེན་པའི་ངོ་བོ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སོ།། དེས་ན་བསྒྲགས་ཤེས་པའི་དོན་ཏོ།། ད་ནི་དོན་ཡོད་གྲུབ་པའི་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་ཟིལ་གྱིས་གནོན་པ་ནི། གཉིས་སུ་མེད་པའི་ངོ་བོ་དོན་མཐར་ཕྱིན་པའི་བྱ་བ་བསྒྲུབ་པའི་རྣམ་པའོ།། དེ་ལ་རིགས་པའི་ཚུལ་གྱིས་སོ།། གཞན་དག་ནི་གོ་སླ་བས་མ་བྲིས་སོ།། འདིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས ་རྣམས་རང་བཞིན་གྱིས་འོད་གསལ་བ་ནི་ད་ལྟར་མ་ཡིན་གདོང་མ་ནས་དག་པ་སྟེ། དེ་ལ་ཡུལ་གྱི་ངོ་བོ་བྱང་ཆུབ་ཀྱང་མེད་ཅིང་ཡུལ་ཅན་གྱི་རང་བཞིན་རྟོག་པ་ཡང་མེད་དོ།། དཔེར་ན་ན་མཁའ་བཞིན་ཞེས་ཏེ་ལྟ་འོག་ཏུ་སྙེམ་སོ།། ། ་དེ་དག་ནི་དངོས་ཉིད་ཀྱི་རང་བཞིན་མི་དམིགས་པས་ཡུལ་དང་ཐབས་སུ་ཐ་མི་དད་དེ། ཨཱ་ལི་ཀཱ་ལི་དག་པར་བྱ་ཞེས་གསུངས་སོ།། དེ་ནས་བྱམས་པ་ལ་སོགས་པ་ཆོས་ཉིད་ཐོས་ནས་ངོ་མཆིར་དུ་གྱུར་ཞེས་པ་ནི ་གོང་དུ་གསུངས་པའི་དོན་ངེས་པར་འགྲེལ་ཅིང་དེ་ལ་མཆོད་པ་བརྗོད་པའི་ཕྱིར་དེ་སྐད་དུ་གསུངས་པ་སྟེ། ངོ་མཚར་ཆེ་བ་དང་སྔོན་མེད་པ་མྱོང་བ་མངོན་དུ་བྱས་ནས་ཆེད་དུ་ཀློང་བ་ནི་དགོས་པའི་ཚིག་བརྗོད་པའོ།། འདི་དག་དབྱེར་མེད་ཡང ་དག་དོན། མཁའ་དབྱིངས་སེམས་དང་ཐ་མི་དད།། ཡེ་ཤེས་རྣམས་ཀྱིས་རིམ་བཞིན་བསྟོད།། རྡོ་རྗེ་གསུམ་དང་སྤྱིར་གསུངས་སོ་ཞེས་པ་ཡིན་ནོ།། དེ་རྣམས་ཀྱི་ཚིག་གི་དོན་ནི། ཨེ་མ་སངས་རྒྱས་ཞེས་པ་སྟེ་ཆེད་ཆེ་བའི་དོན་ཏེ་རངས་པའི་ཕྱིར། ་ཡང་དེ་སྐད་ཅེས་བྱའོ།། དེའི་ཡང་དག་དོན་ནི་ཡང་དག་ཡིན་ལ་དོན་ཀྱང་ཡིན་པས་དེ་སྐད་ཅེས་ཏེ་དྲུག་གི་དོན་གྱིས་དེ་ལའོ།། ང་དང་བདག་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ།། དེ་ལས་བྱུང་བའི་བྱང་ཆུབ་རྫོགས་པར་བྱེད་ཅེས་ཏེ་དག ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་སོ།། དེ་གང་གི་སྟོབས་ཞེ་ན། རྣམ་པར་མི་རྟོག་ཅེས་ཏེ་དེ་ལ་འདུན་པའོ།། དེ་ཉིད་ཀྱི་དོན་དང་འདྲ་བ་གསུངས་པ་ཀུན་ཏུ་བཟང་པོ་ཞེས་པ་ལ་སོགས་པའོ།། དག་པ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་དང་ཐ་མི་དད་པའི ་དོན་ཏོ།། ཡེ་ཤེས་དབང་དུ་གྱུར་པའི་བྱང་ཆུབ་སེམས་ཏེ། ལེའུ་གཉིས་པའི་དོན་རྫོགས་སོ།། ། དེ་ནས་ལེའུ་གསུམ་པས་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་བརྗོད་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་འདིར ་འབྲུ་བའི་སྤྲིན་། པ་ཞེས་པ་ནི་ཁྱབ་པ་དང་འབྱུང་བ་དང་མང་པོ་འདུས་བྱ་སྟེ། ཆོས་མྱེད་ཀྱིས་གྷཱ་ནང་ན་གནས་པའོ།། དེ་ཉིད་རྡོ་རྗེ་སྣརོརྡོ་རྗེ་འཛིན་པའོ།། དེའི་ཏིང་ངེ་འཛིན་ནས་པ་མ་ངན་ཏོ།། སྔོན་དུ་གནས་བྱིན་གྱི་རླབ་པའི་སྔགས་གསུངས་པ། ་ཨོཾ་ཞེས་པ་མེ་སོགས་པ་སྟེ། དེ་ནི་ལྷའི་ངོ་བོ་ཉིད་དེ་དེ་ཉིད་ཤཱུནྱ་ཏཱ་ཞེས་སྟོང་པ་ཉིད་ཀྱིའོ།། ཛྙཱ་ན་ཡེ་ཤེས་སོ།། དེ་ཉིད་བཛྲན་རྡོ་རྗེ་སྟྭཾ། དེའི་སྭཱ་བྷཱ་བ་རྣམ་པར་དག་པ་དེ་ཨཱཏྨ་ཀོ&ཧཾ་ཞེས་པའམ་བདག་ཡིན་ནོ་ཞེས་སོ།། སྔགས་དེ་རྣམས་ནི་བཀྲ་ཤིས ་པ་ཡིན་ཏེ་སྟོང་ཉིད་དོན་གྱིས་བཀྲ་ཤིས་པ་དང་། རྫོགས་པ་སྔགས་ཀྱི་བཀྲིས་པའོ།། འཕགས་པ་ཀླུ་གྲུབ་ཞབས་ཀྱིས་ཀྱང་། དངོས་ལ་སྟོང་ཞིང་གཞན་མ་ཡིན།། དེ་མ་རྟོགས་པའི་དངོས་ཀྱང་མེད་ཅེས་གསུངས་སོ།། འདི་དག་གི་སྒྲུབ་ཐབས་ནི་ཐོག་མ ་སྙིང་རྗེའི་མཐུ་ལས་སྐྱེས་པ།། བྱང་ཆུབ་སེམས་དང་ལྡན་པ། སྦྱིན་པ་ལ་སོགས་པ་དང་བཅས་པ། ཐབས་ཤེས་རབ་གཉིས་སུ་མེད་པ། ཟབ་མོའི་ཚུལ་ལ་མོས་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཆོ་ག་བཞིན་དུ་ཆུ་ལ་སོགས་པའི ་དབང་རྣམས་ཐོབ་ཅིང་ཚུལ་དང་ལྡན་པས།། རི་ལ་སོགས་པ་གྲོང་ཡིད་དུ་འོང་བ་དྲི་མེད་ཆུ་ཚོགས་ལ་སོགས་པས་དཀྱིལ་འཁོར་བྱུགས་ཏེ། མེ་ཏོག་སྣ་ཚོགས་དགྲམ་པར་བྱའོ།། དྲི་ཆབ་ཀྱིས་ཀྱང་ཕྱོགས་མཚམས་གཏོར་ནས། དེའི་དབུས་སུ ་བསྟན་བདེ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་བསྒོམ་པར་བྱའོ།། དེ་ཡང་རྣམ་པར་ཐར་པའི་སྒོས་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་གས་ཏིལ་འབྲུ་བཞིན་དུ་ཁྱབ་པས་གཉིས་སུ་མེད་པ ་ལྷས་གང་བར་དམིགས་ཏེ། ཧཱུཾ་དེ་ལས་གདུགས་དང་རྒྱལ་མཚན་དང་། རིན་པོ་ཆེ་དང་། ལྷ་བཤོས་དང་། སྤྱན་མ་ལ་སོགས་པ་མཆོད་པ་རྣམས་སྤྲོས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་མཆོད་ནས་བདག ་ཉིད་རེ་རེའི་མདུན་དུ་འདུག་སྟེ། ཡན་ལག་ལྔས་གཏུགས་ཏེ་ཕྱག་བྱེད་པར་མངོན་དུ་བྱའོ།། དེས་ཐོག་མ་མེད་པའི་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། དེ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། རྣལ ་འབྱོར་པས་དགེ་བའི་རྩ་བ་ཅི་སྤྱོད་པ་ལ་ཕྲག་དོག་མི་སྐྱེ་སྟེ་དགེ་བའི་རྩ་བ་བསྔོ་བར་བྱའོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་བསྒོམ་པར་བྱའོ།། དེས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་ལམ་བརྟེན་པར་བྱའོ།། འགྲོ་བའི ་དོན་དུ་འཇུག་པའི་དང་། གནས་པའི་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པའི་སེམས་བསྒོམ་པར་བྱའོ།། སྟོང་པ་ཉིད་ནི་ཆོས་ཐམས་ཅད་གཟུང་འཛིན་དང་བྲལ་བའོ།། དེའི་རྣམ་པའི་ཡེ་ཤེས་གཞན་གྱིས་མི་སྐྱེ་བའི་ཕྱིར་ན་དེ་དེ་བཞིན་དུ་མཚན ་མ་མེད་དོ།། ཡེ་ཤེས་ཙམ་མ་གཏོགས་པ་རྟོག་པ་མེད་པས་མོས་པ་མེད་དེ་གང་དུ་ཡང་སྨོན་པ་མེད་དོ།། དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་རང་གི་སེམས་རང་གི་རིག་པ་རྨོངས་པ་མེད་པ་མངོན་དུ་བྱས་ཏེ། གོང་དུ ་གསུངས་པའི་སྔགས་བརྗོད་པས་སྟོང་པ་ཆེན་པོར་བྱིན་གྱིས་བརླབ་བོ།། དེས་གསུམ་གྱི་དང་པོ་དེ་བཞིན་ཉིད་བསྟན་ཏོ།། ད་ནི་བཞིའི་ཏིང་ངེ་འཛིན་བསྒོམ་སྟེ། དང་པོར་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་བསྒོམ་མོ།། དེ་ནས ་ལམ་སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲཝ་བཞིན་རྩེ་གསུམ་པའི་རྡོ་རྗེས་མཚན་པ་བསྒོམ་སྟེ། དེ་ནས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་འབར་བ་བརྟག་གོ།། དོན་རྡོ་རྗེ་འཕྲོས་པ་ལས་ས་གཞི་རྡོ་རྗེར་གྱུར་པ་དང་། དེ་ལས་འོད་དམར་པོ་འཕྲོས ་པས་ཕྱོགས་བཞིར་རྡོ་རྗེ་ར་བར་གྱུར་པར་བསྒོམ། དེ་ལས་འོད་སྟེང་དུ་འཕྲོས་པས་སྟེང་རྡོ་རྗེ་དྲ་བས་གཡོགས་པར་བྱའོ།། དེ་ནས་རྡོ་རྗེ་གུར་ཐབས་དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོས་གཡོགས་པར་བསྒོམ་པར་བྱའོ།། ་དེ་ཀུན་གྱི་ནང་དུ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་རྫོགས་པ་ཆེན་པོའམ། སྐྱེད་པ་དང་རྫོགས་པ་སྟེ་ཡིག་འབྲུ་ཙམ་ལས་སྒོམ་ཡང་རུང་འཁོར་ལོ་སེར་པོ་རྩི་བས་བཅུ་ལ་ཁྲོ་བོ་བཅུ་བསྒོམ་པ་དང་། ལྷ་རྣམས་ཀྱི་མདོག་དང་ཕྱག་མཚན་དང ་གནས་ལ་སོགས་པ་རྒྱས་པར་འདི་ཉིད་ཀྱི་གཞུང་ལས་བལྟ་བར་བྱའོ།། དེ་ལྟར་དེའི་རིམ་པས་ཡན་ལག་བཞིའི་ཚེ་འབྲིང་གཱ་རྣམ་པ་དང་སྦྱོར་བ་དང་པོ་ཉིད་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཡིག་འབྲུ་ལས་སྤྱན་དྲང་པ་ལ་སོགས་པའི ་རིམ་པ་རྒྱས་པར་མ་བཤད་དེ་གཞུང་ཉིད་བརྟག་གོ།། དེ་ཙམ་ནི་བླ་མའི་མན་ངག་གོ། ད་ནི་རྟེན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར་ན་མཁའི་དབྱིངས་ཞེས་པ་ལ་སོགས་པ་ལ་སྨོས་ཏེ། དེ་ལ་དབྱིངས་ནི་ཆོས་ཀྱི་དབྱིངས་སོ་དེའི་ཞེས་སོ།། ཡི་གེ ་བྷྲཱུཾཧཱུཾ་དང་འཁོར་ལོ་ལས་གྱུར་པའི་རྣམ་པར་སྣང་མཛད་རིན་པོ་ཆེའི་དབུ་རྒྱན་ཅན་དེ་ལས་གྱུར་པའི་གཞལ་ཡས་ཁང་ནི་སངས་རྒྱས་དཀྱིལ་འཁོར་ཏེ། དེའི་ཞེས་སོ།། སངས་རྒྱས་ཉིད་རྣམས་འབར་བ་སྟེ། དེ་དང་མཉམ་པའི་འོད་གང་ལས་བྱུང ་བ་དེ་དེ་ལྟར་རོ།། དེའི་ཕྱིར་འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་ཅེས་སོ།། ཀུན་ནས་ཡོངས་སུ་ཟླུམ་པོ་ཞེས་པ་ནི་སྤྲོས་པ་དང་བྲལ་བ་ཉིད་ཀྱིས་ཕྱི་རོལ་གྱི་མཐའ་ཞེས་པ་སྟེ། དབུས་ནི་གྲུ་བཞི་ཁོ་ནའོ།། འདོད་པར་བྱ་བ་ཡིན་པ ་ན་འདོད་པ་སྟེ། དེ་ཉིད་རྣམ་པར་དག་པ་ཉིད་ཀྱིས་གོམས་པས་ན་ཡོན་ཏན་ཞེས་ཏེ་གཟུགས་ལ་སོགས་པ་ལྔའི་སངས་རྒྱས་ཞེས་པའོ།། པོག་མེད་ལ་སོགས་པ་མཆོད་པ་རྣམ་པ་ལྔས་ཀྱང་བརྒྱན་པའོ།། དེ་ནི་རྟེན་གྱི་རང་བཞིན་ནོ།། མདོར་ན་ཞེས ་པ་གནས་ཀྱི་མཚན་ཉིད་བསྒོམས་ནས་ཞེའོ།། ད་ནི་སངས་རྒྱས་དྲུག་རྣམས་ཀྱི་རང་བཞིན་དང་སྐུ་མདོག་བསྟན་པའི་ཕྱིར་གཟུགས་ཤེས་པ་ལ་སོགས་པ་སྨོས་སོ།། དེ་ལ་གཟུགས་ནི་རྒྱལ་བའི་སྟེ་དེ་དབུས་གྱི་གདན་ལ་བསྒོམ་པར་བྱའོ་ཞེས ་ཏྭེ། ཡིད་ཀྱིས་སམ།། རྡུལ་ཚོན་གྱིས་ཏེ་དེ་ནི་གཙོ་བོ་ཁོ་ནའི་གཟུགས་ལ་འཁོར་རྣམས་ནི་ཕྱག་མཚན་ལ་སོགས་པ་ཡང་འགལ་བ་མེད་ཅེས་གསུང་། འདིར་ནི་འདི་ལྟར་ཡིན་ཏེ། དངོས་སུ་བརྗོད་པ་ཉིད་ཀྱི་ཕྱིར་རོ།། སྐུར་གྱུར་པ་ཉིད ་ཀྱི་ཕྱིར་ན་ཕྱག་རྒྱ་ཆེ་ཞེས་སོ།། སྐུ་གསུང་ཐུགས་ཀྱིས་མཚན་ཞེས་སྣང་མཛད་དོ་རྣམས་ཀྱིས་བྱིན་གྱིས་བརློབ་པའོ།། དེ་ནི་ཕྱིར་མ་ལ་ཡང་ཤེས་པར་བྱའོ།། འམ་ཞེས་པའི་སྒྲ་ན་སྣང་མཛད་དང་རྡོ་རྗེ་འཛིན་གང་རུང་ཞེས་པའི་དོན་ཏོ།། ་སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ཞེས་པའི་རྡོ་རྗེ་འཛིན་པའོ།། དེ་མདོག་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ།། གཅིག་ཏུ་སྦྱོར་བ་སྣང་མཛད་དང་རྡོ་རྗེ་འཛིན་དེ་དང་དེ་གཅིག་ཏུ་སྦྱོར་བ་གང་ཡིན་དེས་སོ།། ཛྙཱ་ན་ཞེས་པ་ནི་ཚོགས་དག་པོའི ་རང་བཞིན་ལྷ་མོ་སོ་སོར་སྣང་བར་སྦྱོར་བ་ཞེས་པའི་དོན་ཏོ།། དེ་ལྟར་འོག་ཏུ་སྦྱར་བར་རོ།། བར་སྐབས་དག་ནི་གོ་སླ་བས་སོ།། ད་ནི་མི་བསྐྱོད་པའི་མདོག་ལ་སོགས་པ་གསུངས་པ། ཨིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་པ་ལ་སོགས་པ་སྐྱེ། ་སྐུ་དང་དབུས་ཀྱི་ཞལ་སྔོན་པོར་བསྒོམ་པ་སྟེ། གཡས་དང་གཡོན་གྱི་ཞལ་ནི་གཞིའི་ལེའུ་ཉིད་དུ་བསྟན་ཏོ།། དེ་འདུལ་བའི་དབང་གིས་ཏེ་དེ་ནི་ཕྱི་མ་ལ་ཡང་སྦྱར་རོ།། ཤེལ་དང་དུང་འདྲ་ཞེས་པ་ལ་སོགས་པས་ནི། སྣང་མཛད་ཀྱི་སྐུ་མདོག ་དང་ཕྱུག་མཚན་བསྟན་ཏེ། དེ་ལ་ཐོར་ཚུགས་ཅོད་པན་ནི་ཀུན་ལ་སྦྱར་ཏེ། དེ་རྣམས་ཀྱང་འབར་བའི་རལ་པ་དབུ་རྒྱན་གྱི་མཆོག་ལ་རིན་པོ་ཆེ་སྣ་ཚོགས་འབྱར་བས་བརྒྱན་པོའོ།། རྡོ་རྗེ་འཛིན་ཉིད་ཀྱི་སྣང་མཛད་ཀྱི་མདོག་དང་མི་བསྐྱོད ་པའི་ཕྱག་མཚན་དུ་འབྲེལ་པ་གསུངས་པ། འཛམ་བུ་ནཱ་དའི་གསོར་འོད་འདྲ་ཞེས་པ་ལ་སོགས་པའོ།། ཚུལ་ནི་གོང་མ་བཞིན་ནོ།། རིན་ཆེན་འབྱུང་ལྡན་གྱི་མདོག་ལ་སོགས་བྱ་མ་ར་ཀཱ་ཏ་ཞེས་པ་ལ་སོགས་པའོ།། པདྨ་རཱ་གའི་ཞེས ་པ་ལ་སོགས་པ་ནི་སྣང་བ་མཐའ་ཡས་ཀྱི་མདོག་ལ་སོགས་པ་གསུངས་སོ།། དོན་ཡོད་གྲུབ་པའི་སྐུ་མདོག་ལ་སོགས་པ་གསུངས་པ། འོད་ཟེར་སྣ་ལྔའི་ཞེས་པ་ལ་སོགས་པའོ།། ད་ནི་རང་གི་ལྷ་བྱིན་གྱིས་བརླབ་པའི་སྔགས ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་ཆོས་རྣམས་ཀྱིས་དབྱིངས་ནི་ལུས་ཏེ། རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དོ།། ངོ་བོ་ཉིད་ཅེས་འབྲེལ་ཏོ།། ད་ནི་བྱིང་རྒོད་ཀྱི་སྐྱོན་སྤང་བའི་ཕྱིར། ཕྲ་མོའི་དོན་གསུངས་པ་རིན ་ཆེན་ལ་སོགས་པའོ།། དེ་ནི་ལྷ་རྣམས་ཀྱི་ཡིག་འབྲུ་སྟེ་ཚད་ནི་ཡུངས་འབྲུ་ཙམ་མོ།། མཆོག་ཉིད་ཀྱི་ཕྱིར་ན་རིན་ཆེན་ཏེ། དེ་གང་དུ་ཞེ་ན་པདྨའི་སྭཱ་ནྡྷེ་ར་ཞེས་ཏེ་མཚན་མ་མཐོང་མ་ཐག་ཏུ་སྟོབས་ན་བརྟན་པར ་ཞེས་སོ།། འཕྲོ་བའི་རྣམ་པ་ནི་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་མཆོག་རབ་ནི་སངས་རྒྱས་སོ།། དེའི་ཞེས་སོ།། ཡིག་འབྲུ་ཁོ་ནར་མ་ཟད་དེ་ཕྱག་མཚན་ཡང་སྤྲོ་བའི་ཕྱིར་རྡོ་རྗེ་འཁོར་ལོ་ལ་སོགས་པའོ།། སྤྲིན་ཆེན་ནི་དབུགས་རང་གི་ཕྱག ་མཚན་གྱི་གཟུགས་ལྷའི་དངོས་པོ་གོང་བུའི་ཚུལ་གྱིས་རང་རྡོ་རྗེ་ལས་ཕྱུང་སྟེ། ལྷ་མོའི་སྣ་རྩེ་ལ་ཞེས་སོ།། དེ་དག་སྲོག་དང་རྩོལ་བའི་སྒོ་ནས་སོ།། དེ་དག་གི་གདན་ནི་ན་མཁའ་ཞེས་པ་ལ་སོགས་པ་ལ་སྟེ་ན་མཁའི་ཞེས་པ་ཆོས་ཀྱི་དབྱིངས ་ཀྱི་ནང་གི་གཞལ་ཡས་ཁང་བརྩེགས་པའི་དབུས་སུ་གནས་པར་ཞེས་སོ།། ཟླ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ་དབྱིངས་ཀྱི་དབུས་སུའོ།། དེ་ཉིད་གསལ་བ་སྟེ། དེ་ཡང་དབུས་སུ་རྣམ་པར་སྣང་མཛད་ཉིད་བསྒོམ་པའི་ཕྱིར་འཁོར ་ལོའི་དཀྱིལ་འཁོར་ཞེས་སོ།། འདིར་རྣམ་པར་སྣང་མཛད་ཀྱི་གདན་གསལ་བའི་དཀྱིལ་འཁོར་ཞེས་པའི་སྒྲས། ཟླ་བའི་དཀྱིལ་འཁོར་ཡིན་པའི་འདོད་པའི་དབང་གིས་སྣང་བ་མཐའ་ཡས་ལ་སོགས་པ་བཞིའི་ནི་ཤུགས་ཀྱིས་གདན ་ཉི་མའི་དཀྱིལ་འཁོར་དུ་ཤེས་པར་བྱ་སྟེ། བཞིའི་ལེའུ་ལས་ཀྱང་གསལ་བ་ལ་སོགས་དཀྱིལ་འཁོར་ལྡན་ཞེས་གསུངས་སོ།། གཞན་དག་ནི་མཚོན་པ་ཙམ་སྟེ་ཀུན་གྱིའོ།། ཞེས་སླའོ།། ཉི་མའི་དཀྱིལ་འཁོར་ལ་པདྨའི་དཀྱིལ་འཁོར་ཞེས ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ།། གདན་དེ་ཉིད་ལ་སྐུ་གསུངས་ཐུགས་ཀྱི་རིམ་པས་མི་བསྐྱོད་པ་བསྒོམ་པ་ནི་རྡོ་རྗེ་བསྒོམ་པས་ཞེས་སོ།། རིན་ཆེན་དཀྱིལ་འཁོར་ཞེས་པ་ནི་རིན་ཆེན་འབྱུང་ལྡན་དེ་ཉི་མའི་གདན་ལ་ལྷའི་དངོས་པོ ་ལ་བརྩོན་པ་རྣལ་འབྱོར་པས་བསྒོམ་པ་བྱ་ཞེས་པའི་དོན་དེ་ལྟ་འོག་ཏུ་ཡང་སྦྱར་རོ།། སྐུའི་སྣང་མཛད་ལ་སོགས་པ་བཞི་དང་འབྲེལ་པའི་སྐུ་མདོག་རྣམས་དང་སྦྱོར་བའི་དཀྱིལ་འཁོར་རང་གི་ལྗང་གུ་དང་འོད་ཟེར་སྣ་ལྔའོ།། དེ་ཡང་ཉི་མའི་དཀྱིལ་འཁོར ་བསྒོམ་པ་སྟེ་གདོན་མི་ཟ་བ་ཞེས་སོ།། གང་ལྡན་པ་དེ་དང་དབྱེར་མེད་པ་གསུངས་པའདི་དག་ཞེ་ལ་སོགས་པ་སྟེ། སངས་རྒྱས་སུ་འགྱུར་བ་ནི་སྐུ་གསུངས་ཐུགས་བསྒོམ་པའི་བདག་ཉིད་ཀྱིས་སོ།། གྲུབ་པ་ཉིད་གང་སྙམ་པ་ལ་ཐམས་ཅད་མཁྱེན ་པ་ཞེས་ཏེ་ཚུལ་དོན་ལ་འཇུག་པས་དེ་ཉིད་ཐོབ་པའོ་ཞེས་པ་ཡིན་ནོ།། རྡོ་རྗེ་བསྐོར་བ་ནི་སྔོན་དུ་བྱས་སོ།། ། ལེའུ་གསུམ་པའི་དོན་རྫོགས་སོ།། །། ད་ནི་ལེའུ་བཞི་པས། གཟུགས་བརྙན་གྱི ་དཀྱིལ་འཁོར་བྱ་བར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཞུ་བའོ་ཕྱིར་ཡང་འདུས་ཤེས་པ་ནི་ཆེད་ཆེ་བ་སྟེ་འདས་པ་བསྡུའོ།། བསྟོད་པ་ནི་ཕྱག་འཚལ་བར་འོས་པ་དང་། དྲིན་ལ་རག་ལས་པ ་དང་། བཤད་པར་གསོལ་བས་བསྟོད་པ་སྟེ། དཀྱིལ་འཁོར་བྲི་བ་ལ་འདིས་བསྟོད་ནས་གསོལ་བ་གདབ་ཅེས་པ་སྟེ། རྣལ་འབྱོར་པས་ཚུལ་དེ་ལྟར་ཤེས་སོ།། ཚིགས་བཅད་བཞིས་ནི་སྤྱིར་ཞུས་པ་དང་། སྐུ་གསུང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞུས ་པ་སྟེ་རིམ་པ་བཞིན་སྦྱར་རོ།། དེ་ལ་ཀུན་ཞི་བ་ཞེས་པ་དོན་ངོ་བོ་ཉིད་ཀྱིས་ཞི་བ་དང་། སྙིང་རྗེའི་དོན་གྱིས་པའོ།། སངས་རྒྱས་སྲས་པོ་མཆོག་གི་གནས་ཉིད་ཀྱི་ཕྱིར་ཀུན་གྱི་གནས་སོ།། ཆོས་ཀུན་བདག་མེད་ཞེས་པ་ནི་ཉན ་ཐོས་ལ་སོགས་པས་གང་ཟག་དང་ཕྱོགས་གཅིག། ཆོས་ལ་བདག་མེད་མོད་ཀྱི་དེ་ལས་མཆོག་གོ།། དམ་པ་ནི་གྱ་ནོམ་པ་ལ་སོགས་པའི་རྣམ་པའོ།། དེ་དག་ནི་འོག་གི་དོན་ཏེ་ཅི་རིགས་སུ་སྦྱར་རོ།། གཞན་དག་ནི་གོ་སླའོ།། ཞུས་པའི་དེ་མ་ཐག་ཏུ ་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་གནས་ཞེས་པ་རིགས་ལྔ་ལ་སོགས་པ་ཀུན་གྱི་རྟེན་ཞེས་པའི་དོན་ཏོ།། དེ་ཉིད་ནི་ཐུགས་ཀྱི་དཀྱིལ་འཁོར་ཞེས་ཏེ། དེ་ནི་གསལ་བའི་ངོ་བོ་ཡིན་ཏེ། ཐུགས་ཀྱི་རིམ་པས་སྐུ་དང་གསུངས་གི་རིམ ་པ་ཞེས་པར་བྱའོ།། ཞེས་དགོངས་སོ།། ད་ནི་ཆོ་ག་ལྡན་པ་ཉིད་ཀྱིས་སྐུ་ལ་སོགས་པའི་ངོ་བོ་གསུངས་པ། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞེས་པའོ།། དེ་ཉིད་སེམས་ཀྱི་རྡོ་རྗེ་ནི་དེ་ཁོ་ན་ཉིད་དང་འདྲ་བའི་རྡོ་རྗེ་ཉི་མའི་གདན་ལ་བྲི་བ་ཡིན་ཏེ། ་འདིར་ཐུགས་གཙོ་བ་ཉིད་ཀྱི་ཕྱིར་རོ།། ལུས་དང་ངག་སེམས་ཞེས་པ་ལ་སོགས་པས་ནི་མ་མཐོང་ཞིང་རྨོངས་པའི་དོན་དུ། དཀྱིལ་འཁོར་གྱི་ཐིག་གདབ་པ་ལ་སོགས་པ་གསུང་སོ།། རབ་བསྒོམས་པའི་ཤེས་རབ་ཅན་གྱིས་ཤེས་པ་སྐུ་ལ་སོགས་པའི ་ལྷའི་ཏིང་ངེ་འཛིན་ལ་བཞུགས་པའོ།། དེས་ཚེ་ག་དང་ལྡན་པར་ཐིག་གདབ་པ་ནི་མཚོན་པ་ཙམ་སྟེ་གཞན་དག་ཀྱང་བྱ་བར་གསུངས་སོ།། དེ་ལ་སར་པ་རབ་ཏུ་གཙང་ཞེས་པ་གཞན་ལ་མ་བཏབ་པ་ཡིན་ནོ།། དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་རིང་ཐུང ་དང་སྒོའི་ཉི་ཤུ་ཤས་སྦོམ་ཕྲར་བྱ་བའི་ཕྱིར་ཚད་མའོ།། མཛེས་པ་ནི་ཤེས་རབ་མས་ལེགས་པར་བཀལ་བས་མཉམ་པ་དང་འཇུར་འདུད་མེད་པའོ།། དེ་ཡིས་ཁྲུ་ནི་བཅུ་གཉིས་ཞེས་པ་རིག་མའི་ལོ་གྲངས་ཀྱི་ཚད་བསྟན་པ་ཙམ་སྟེ། མ་ངེས་པ་ཉིད་མ་ཡིན་ནོ།། ། ་ལུང་ལས་ཀྱང་ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས།། བསམ་ཡས་དག་ལའང་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་དུའོ་ཞེས་གསུངས་སོ།། རྣམ་པར་ཐར་པ་བཞི་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་ལ་སོགས་པ་དང་ལྡན་པའི་ཕྱིར་སྒོ་བཞི ་ཞེས་པ་སྟེ། རྟ་བབས་དང་ཐེམ་སྐད་དང་ཏཱ་ར་ཎ་བཞི་ལ་སོགས་པས་ཀྱང་མཛེས་པར་བྱ་བར་མངོན་ནོ།། འཁོར་ལོ་བཞིབ་ཏུ་ཟླུམ་ཞེས་པ་མུ་ཁྱུད་ཟླུམ་པོར་བྱ་བའི་ཐ་ཚིག་གོ།། དེ་ཡང་ཕྱག་རྒྱ་དགོད་པ་ནི་རང་རིང་གི་དམ་ཚིག་གི་ཕྱག་རྒྱ་དགོ་པ་སྟེ། ་ཞལ་ལ་སོགས་པ་ནི་དགོད་པར་མི་བྱའོ།། དེ་དབུས་རྡོ་རྗེ་ཞེས་པ་ཐུགས་ཀྱིས་རྣམ་པར་དག་པའི་རྡོ་རྗེ་མི་བསྐྱོད་པའི་ཕྱག་མཆིན་རང་གི་གདན་ལ་བྲི་བར་བྱའོ།། འདིར་བཙུན་མོ་རྣམས་ལྷན་ཅིག་ཏུ་སྐུའི་ངོ་བོར་དགོད་པར་མི་བྱ་སྟེ་དེ་མཐོང་ན་དཔྱ་བར ་འགྱུར་བའི་ཕྱིར་རོ།། དེ་ཡང་སཾ་གྲ་ཧཱ་ལས། མུ་སྟེགས་རྣམས་ལ་ཕན་དོན་དུ། སངས་རྒྱས་བཙུན་མོ་རབ་ཏུ་གསང་ཞེས་གསུངས། ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་རྣམས་ཀྱང་རང་རང་གི་ཚུལ་དང་མཐུན་པར་ཟླ་བ་དང་ཉི ་མའི་གདན་ལ་བྲི་བར་བྱ་བ་ནི། འཁོར་ལོ་ཆེན་པོའི་ཤར་ཕྱོགས་སུ།། ཞེས་བརྩམས་ནས་ནན་ཏན་དུ་ནི་མཆོད་པར་བྱ། ཞེས་པའི་མཐར་ཐུག་པའི་ཚིག་རྣམས་ཀྱིས་བསྟན་ཏོ།། དེ་ལ་ལུས་དང་ངག་སེམས་མཆོད་པ་ཡིས་ཞེས་པ་ནི་སྐུ་ལ་སོགས ་པའི་རང་བཞིན་ཡི་གེ་གསུམ་གྱིས་དབྱུང་བའི་བྱ་བའོ།། དེས་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཕྱག་མཚན་མེ་ལོང་དང་། པི་ཝང་ལ་སོགས་པ་ཡང་རང་རང་གི་གནས་ཇི་ལྟ་བ་བཞིན་བྲི་བར་བྱའོ།། དེ་ནས ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་དང་། སའི་སྙིང་པོ་ལ་སོགས་པ་ཕྱུང་བའི་སྔགས་མེད་པའི་ཕྱིར་ན། དཀྱིལ་འཁོར་གྱི་ལྷ་མ་ཡིན་པར་མངོན་ནོ།། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་འབྱུང་བ་ལས་གྱུར་པ་དེས་ནོན་ཏན་དུ ་མཆོད་པ་བྱ་བའོ།། ད་ནི་རིགས་མའི་དཀྱིལ་འཁོར་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་ཏེ། བསྒྲུབ་པ་འམ་དབང་བསྐུར་བ་གསུངས་པ། བུད་མེད་ཅེས་པ་ལ་སོགས་པ་སྟེ། འདིར་དེ་དག་གི་དོན་ནི་འདི་སྐད་དུ། རིག་མ་གཟུགས་དང་ལང་ཚོ་དང་།། ་ཡོན་ཏན་དང་ལྡན་པ་དེ་ལས་སྤྱད་ན། བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བརྟགས་ཏེ། རྡོ་རྗེས་པདྨ་ཕྱེ་བས་བདག་ལ་སངས་རྒྱས་ཐིམ་ནས། བརྟན་པོར་བྱས་ཏེ་པདྨ་ལ་གནས་པའི་རང་བཞིན་སྦྱོར་བས་སྤྱིའོ།། དེ་ནས་རང་གི་མཚན་བརྗོད་ན། ་བདག་གིས་འཁོར་ལོའི་སྦྱོར་བ་སྤྲོ་བར་བྱ་སྟེ། རྡོ་རྗེ་དང་པདྨའི་སྒྲས་སངས་རྒྱས་རྣམས་བསྐུལ་ནས། དཀྱིལ་འཁོར་དུ་སྤྱན་དྲང་སྟེ། བགེགས་བསྐྲད་ཅིང་བསྲུང་སྟེ། སོ་སོར་མཆོད་ཡོན་ཕུལ་ཏེ་བསྟོད་ནས། སྒོ་བཞིའི་སྒོ་སྲུངས་ཀྱིས་ལས་རྣམས ་བྱས་ནས་ཉེ་བར་བསྒྲུབ་པར་བྱའོ།། བྱིན་གྱིས་བརླབ་ཅིང་མཆོད་པ་ལ་སོགས་པ་བརྟགས་ནས་སེམས་ཅན་རྣམས་ཀྱི་དོན་གྲུབ་པར་མཛོད་ཅེས་གསོལ་བ་གདབ་པོ་ཞེས་བཤད་པ་ཡིན་ནོ།། སྐུ་དང་གསུང་གཙོ་བོར་གྱུར་པའི་དཀྱིལ་འཁོར ་ནི་ལེའུ་བཅུ་དྲུག་པ་ལས་ཤེས་པར་བྱའོ།། དེ་དག་གི་དོན་ཞིག་ཏུ་ནི་ལེའུ་བཅུ་གཉིས་པའི་ཡན་ལག་བཞིའི་སྐབས་ནས་ཤེས་པར་བྱའོ།། ལེའུ་བཞི་པའི་དོན་རྫོགས་སོ།། ། སྒྲུབ་པའི་ཁྱད་པར་ལ་སོགས་པ ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་དེ་ནས་ནི་རི་མོའི་དཀྱིལ་འཁོར་གྱི་དེ་མ་ཐག་གོ།། རྒྱལ་པོ་ཞེས་པ་རྡོ་རྗེ་འཛིན་པ་སྟེ། དེ་སྐུ་གསུང་ཐུགས་དང་ལྡན་པའོ།། གནས་ཀྱི་དབང་ཕྱུག་ཀུན་མཆོག་གིས།། ཞེས་པའི་ཚིག་གཉིས་ནི། མི ་གནས་པ་མཐའ་གཉིས་ལས་འདས་པའི་མཆོག་དང་། མཐའ་གཉིས་ལ་དབང་སྒྱུར་བའི་དོན་དང་། ཚོགས་གཉིས་རྫོགས་པའི་མཆོག་དང་། སྤྱོད་པ་ཀུན་གྱི་མཆོག་དང་། ཆོས་དོན་རིག་པའི་མཆོག་སྟེ། དོན་དེ་ལྔ་དཀྱུས་དང་རིམ་པར་སྦྱར།། ། ་ཐམས་ཅད་ལ་སྤྱོད་པའི་ཕྱིར་སྤྱོད་པ་ཀུན་ཞེས་ཏེ། དེ་བས་ན་མཆོག་གི་ཆོས་ཀྱང་དེ། འོན་ཀྱང་དེ་ཉིད་པས་མཆོག་གི་ཆོས་དོན་ཞེས་བྱའོ།། དེ་ཁོ་ན་ཉིད་ལ་ཐེ་ཙོམ་མེད་པའི་ཕྱིར། རྣམ་པར་མི་རྟོག་དོན་ཞེས་ཏེ་དེ་ལས་བྱུང་བ་ནི་འདོད ་ཆགས་ཞེ་སྡང་གཽཏི་མུག་གི་རིགས་ཅན་རྣམས། དེ་ཁོ་ན་ཉིད་དང་ལྡན་པས་འགྲུབ་པར་བྱེད་ཅེས་པ་དང་སྦྱར་རོ།། རིགས་ཀྱི་ངེས་པ་སུན་དབྱུང་བའི་ཕྱིར། རིགས་ངན་སྨེ་ཤ་ཅན་ལོ་སོགས་ཞེས་པ་རྣམས་ཏེ། དེ་ལ་རིགས་ངན་པ་ནི་བླང་དོར ་མེད་པའི་དཀའ་ཐུབ་ཀྱི་བཟོད་པ་དང་། རེ་ངོགས་མེད་པའི་བཟོད་པ་དཀའ་ཐུབ་ཀྱི་བཟོད་པ་དང་། རིགས་ཀྱི་རློམ་སེམས་མེད་པའི་དཀའ་ཐུབ་ཀྱི་བཟོད་པའོ།། སྨེ་ཤ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྤང་བ་དང་། གསང་ཆེན་རྫས་ཀྱི་སྨེ་ཤ་དང་། མངོན ་ཤེས་བསྒྲུབ་པའི་སྨྲེ་ཅན་ནོ།། སོགས་ཞེས་པ་རྒྱལ་རིགས་ལ་སོགས་པ་གར་དང་ལྡན་པའོ།། དེ་དག་གི་དོན་ནི་འདི་སྐད་དུ། རིགས་ངན་པ་ཁ་ལོ་བྱད། སྨེ་ཤ་ཅན་རྟུལ་ཕོད་ཅེས་བསྟན་པ་ཡིན་ནོ།། བསོད་པ ་ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་རྒྱུད་དེ་འདི་ལ་མཁས་པ་དང་། སྐལ་བ་འདིར་སྦྱངས་པ་དང་། ལས་ཀྱི་སྒྲུབ་པ་འདི་ལ་གོམས་པས་འགྲུབ་ཀྱི། ཕལ་གྱིས་མི་འགྲུབ་པར་མངོན་ནོ།། མཚམས་མེད་ཅེས་པ་འབྲས་བུའི་མིང་བཏགས་ཏེ། ་ཕ་མ་བསད་པ་ལ་སོགས་པ་ལྔ་དང་། སོགས་ཀྱིས་མི་དགེ་བ་བཅུའོ།། དེས་ཀྱང་འགྲུབ་ཅེའོ།། མི་འགྲུབ་པ་གང་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་དག་ཅེས་པ་ལ་སོགས་པ་སྟེ། འདིར་སློབ་དཔོན་ནི་སྔགས་པ་སྟེ་འདི་ཉིད་ལས་ཕྱོགས ་བཅུ་དུས་གསུམ་སངས་རྒྱས་པས་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་འཕགས་སོ་ཞེས་སོ།། དེས་ནི་བླ་མ་ཁུར་བས་འགྲུབ་བོ་ཤེས་མངོན་ནོ།། སྲོག་གཅོད་པའི་ཤེས་པ་རྣམས། ཡང་དག་པར་བདག་དང་བདག་གི་ལ་སོགས་པ ་ཡུལ་དང་ཡུལ་ཅན་རྣམས་མེད་དེ། དེ་རྣམས་ཀྱི་དོན་ནི་ལུང་ལས།། སྲོག་མེད་སྲོག་བཅད་བཅད་དུ་མེད་ཅེས་པ་ནས་བརྩམས་ནས། ཆགས་མཆོག་རྒྱལ་པོ་ཡིན་ཞེས་པའི་མཐའི་བར་དུ་རིགས་པར་བྱའོ།། མ་དང་སྲིང་མོ་ལ་ཞེས་པ། ་འདས་པ་དང་ད་ལྟར་དང་མ་འོངས་པའི་གཟུང་བའི་གཟུངས་མ་རིམ་བཞིན་ཏེ། ཡུམ་ལ་སྤྱོད་པའི་འདོད་པས། གོང་མ་རྣམས་ནི་མཉེས་བྱས་ན་ཅེའོ།། གཙོ་བོའི་ཡུམ་ཞེས་པ་སྤྱན་མ་ལ་སོགས་པ་སྟེ། རང་གི་བུད་མེད་དེའི་བདག་ཉིད་ལ ་སྤྱོད་པའི་ཆོ་ག་ཇི་ལྟ་བས་སོ།། དེ་གང་གིས་བྱ་བ་ནི། མི་རྟོག་བློ་ཅན་གྱིས་ཏེ། ཏིང་ངེ་འཛིན་གསུམ་གྱིས་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་མཁས་པས་ཤེས་པ་ཡིན་ནོ།། དེ་ནི་གོང་དུ་ཡང་སྦྱར་རོ།། ད་ནི་ཇི་ལྟར་འདོད ་པོའི་སྔོན་དུ་མ་གཏོགས་པའི་ཉན་པ་པོ་རྣམས་ངན་སོང་དུ་ལྷུང་ངོ་ཤེས་བསམས་ནས་ཀླན་ཀ་བཙལ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་ངོ་མཚུར་བ་ནཱི་མ་ཐོས་པའི་ཆོས་དང་། རྫས་ཀྱི་མཚན་ཉིད་དང་། བསྒྲུབ་པའི ་གཟུངས་དང་། ཕས་ཕམ་པའི་ཆོས་བཞི་ལ་ངོ་མཚར་བའོ།། ངོ་མཚར་ཆེ་བར་གླེང་བའི་ཀླན་ཀ་སྤང་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། མི་ཤེས་པའི་ཆོས་ཉིད་ཀྱིས་ཤིན་ཏུ་ཐོབ་པར་དཀའ་བ་ཉིད་ཀྱི་ཕྱིར་ན་མཐོང ་ཞེས་སོ།། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པའི་ཆོས་ཉིད་འདི་རྣམ་པར་མི་རྟོག་པའི་དོན་གང་ཡིན་པ་དེ་ལས་བྱུང་ཞེས་པའོ།། དེའི་ཕྱིར་གོང་གི་རྣམ་པར་མི་རྟོག་ལས་བྱུང་བ་ཤེས་པ་གཞན་དུ་ཡང་སྦྱར་བར་བྱའོ།། ཟབ་མོའི་དོན་ལ ་འཇིགས་པར་མཐོང་ནས། བརྒྱལ་བ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པའོ།། དེ་ལ་ན་མཁའ་དང་མཉམ་པ་ནི་དེ་དང་འདྲ་བའི་དོན་ཏོ། དེ་ཉིད་གཉིས་སུ་མེད་དེ། མི་ཕྱེད་པའི་ཕྱིར་རྡོ་རྗེ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་སོ་ཞེས་འབྲེལ་ཏོ།། དེས་བསྟོད་ནས་རང་རང་གི་སྟན་ལ་གནས་པར་གསུངས་མ་ཐག་ཏུ་ཞེས་ཏེ། གནས་པར་གྱུར་ཏོ་ཞེས་པ་དང་འབྲེལ་ཏོ།། དོན་དེ་ཉིད་ཀྱིས་རངས་པར་གྱུར་ཏེ་མཆོད་པར་བརྗོད་པ་ནི་དེ་ནས་ཞེས་པ་ལ ་སོགས་པ་སྟེ། ཨེ་མ་ཧཱ་ནཱས་ཨེ་མ་ཙཆེས་ཞེས་པ་ངོ་མཚར་པའི་དཔུང་གིས་སྦྱངས་ཚོ་ག་སྤངས་པའོ།། ད་ནས་འབྱུང་བས་པ། དབ་རྗེ་བཞིན་དུ་ཛང་ཡོན་ཡང་། མཆོམས་མེད་པ་ལ་སྩོགས་པ་དང་། གཟུང་སོང། ་པས་ཕམ་པའི་ཆོས་དང་གསུམ་འབྱུང་བའི་ཞེས་ངོ་མཚར་ཏེ། དེའི་ཕྱིར་ཆོས་ཞེས་པ་གསུམ་བརྗོད་དོ།། དེས་ནི་སློབ་དཔོན་གྱི་ཕྱོགས་སྔ་མ་ལ་གནོད་པ་བྱས་སོ།། རྣམ་པར་མི་འགྱུར་ཞེས་པ། ཡེ་ཤེས་ཀྱི་ངང་ཅན་དེ་ལ་དངོས་པོའི་སྣང་བ་ཅེས་སོ།། དབྱིངས ་ཞེས་རྒྱུའི་དོན་ཏེ།། སྐུ་ལས་རབ་ཏུ་བྱུང་ཞེས་པའི་ཚིག་གསུམ་གྱིས་ནི་ངོ་བོ་ཉིད་ཀྱི་སྐུ་དང་། ཡི་གེ་མེད་པའི་གསུང་དང་། མི་རྟོག་པའི་ཐུགས་དེའི་བདག་ཉིད་ཅེས་སོ།། སྔགས་ཐམས་ཅད་ཀྱི་མཆོག་ཅེས་པ་གཉིས་སུ་མེད་པའི་དོན་ཏོ།། སྔགས་ཀྱི ་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་གསུངས་སོ།། ། ལེའུ་ལྔ་པའི་དོན་རྫོགས་སོ།། ། ད་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང་། བསྒྲུབ་པ་དང་། ཕྲ་མོའི་དོན་རྣམས ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། ད་ནི་མི་བསྐྱོད་པ་ཞེས་བྱ་བ་ནི་ཐུགས་ཉིད་ཀྱི་ཕྱིར་སྟོན་པ་པོར་གསུངས་སོ།། གསང་བ་ནི་རྡོ་རྗེ་གསུམ་ཉིད་དོ།། དེ་ནི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། དེ་ལ་སྙོམས་པར་ཞུགས་ཏེ། ཕྱི་མ་དང་འབྲེལ་ཏོ།། ། ་ཐུགས་བྱིན་གྱིས་རློབ་པའི་ཞེས་པ་སྙིང་གའི་ཟླ་བ་ལས་རལ་པའི་དབུ་རྒྱུན་ཅན་ཐུགས་ཀྱི་རྡོ་རྗེ་སྟེ། དེའི་བྱིན་གྱིས་རློབ་པའི་སྔགས་ཞེས་སོ།། དེས་ཕྱི་མ་ལ་ཡང་ཚིག་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ།། རྡུལ་དང་བྲལ་བའི་དོན་ནི་མེ་ལོང ་ལྟ་བུའི་རྣམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྣང་མཛད་ཀྱི་ཚུལ་གྱིས་སོ།། སོ་སོར་རྟོགས་པའི་རྣམ་པ་ནི་མི་གཉིས་པའི་རྡོ་རྗེ་ཞེས་པ་སྟེ། དེ་ལ་ཚེ་དཔག་ཏུ་མེད་པའི་ཚུལ་གྱིས་སོ།། དེ་དག་གི་ཐབས་ཀྱི་ཐབས་སུ་ཤེས་པ། རང ་གི་ལྷ་མོ་དང་འདྲ་བར་སྙིང་པོའི་རིག་མ་སྤྲུལ་ཏེ། དེའི་མགོ་དང་གསང་བ་ལ་སོགས་པར་དེ་ཁོ་ན་ཉིད་ཤེས་པས་ཨོཾ་ལ་སོགས་པ་ཟླ་བའི་དཀྱིལ་འཁོར་བཀོད་དེ། དེ་ལས་གྱུར་པ་རྣམས་གནས་སུ་བསྒོམ་པར་བྱའོ།། དེའི་གསང་བར་ཧཱུཾ་ལས ་གྱུར་པའི་པདྨ་འདབ་མ་བརྒྱད་པ་བསམས་ཏེ། དེ་དང་ལྷན་ཅིག་ཏུ་བདེ་བར་གཤེགས་པ་རྣམས་ཤིན་ཏུ་ཆགས་པར་བགྱི་ཞེས་སོ།། དེ་ཁོ་ན་རྗེས་སུ་ཆགས་པའི་རང་བཞིན་ནོ།། རྡོ་རྗེ་སྒྲོན་མ་ནི་མཉམ་པ་ཉིད་ཀྱིའོ།། གདོན་མི་ཟ་བ་ཞེས་པ་ནི་བྱེ་བ ་ནན་ཏན་གྱིའོ།། གོང་དུ་རྗེས་སུ་ཆགས་པའི་མཐུ་ལས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དམིགས་ཏེ། ཕྱི་ནང་གི་མཆོད་པ་འཕྲོས་པས་མཆོད་པར་བྱའོ།། ཞེས་མདོར་བསྡུས་སོ།། ད་ནི་སྐུ་ལ་སོགས་པའི་བྱིན་གྱིས་ལུས་ངག་ཡིད་རློབ་པར། ་བྱེད་པ་བདེ་བར་གཤེགས་པ་བསྐུལ་བ་ལ་སོགས་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། སྔགས་ལ་དམིགས་པའི་ཞེས་པ་ལྷའི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་དམིགས་པ་ནི་ངེས་པའི་བསམ་གཏན་ནོ།། དེའི་ལུས་ཞེས་པ ་བོབསམ་གཏན་དེའི་ཚུལ་གྱིས་ས་བོན་ལས་བྱུང་བ་ལྷ་མོའི་འོད་ཟེར་ཞེས་པའི་དོན་ཏོ།། ངག་གིས་ཞེས་པ་བཛྲ་དྷྲྀཀ་ལ་སོགས་པ་རྣམས་ཀྱིས་སོ།། སྔགས་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་གསལ་བ་ནི་ཡིད་ཀྱིས་ཞེས་སོ།། དེ་ལྟ་ན་ཡང ་བློས་དབྱེ་བར་མི་བྱ་སྟེ། དེའི་ཕྱིར་གསུངས་པ། སེམས་ལ་ཞེས་པ་ལ་སོགས་པའོ།། སྦྱོར་བ་རྣམས་གསུམ་ཞེས་པ་སྐུ་ལ་སོགས་པའི་རྣམས་པསོ།། ལུས་ལ་སོགས་པ་སྐུ་ལ་སོགས་པར་དམིགས་ན ་དེའི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ།། དེའི་ཕྱིར་ན་སྔགས་ཀྱི་ལུས་སུ་ཤེས་ཏེ། དབྱེར་མེད་པའི་ངོ་བོ་ཉིད་ཀྱིས་བྱང་ཆུབ་མེད་ཅིང་བསྒོམ་པ་ཡང་མེད་ཅེས་སྔགས་དེའི་ལུས་ཁོ་ནར་འགྱུར་བའི་ཐ་ཚིག་གོ།། དེའི་ཕྱིར་ལུས་དང་ངག་དང་སེཾ་ས་རྣཾས ་ནི་ཞེས་པ་ལ་སོགས་པ་ནི་བསྡུ་བའི་དོན་ཏེ། དཔྱད་པ་ནི་ལུང་དང་རིགས་པ་དག་གིས་སོ།། དཔྱད་ནས་ཅི་བྱེད་ཅེ་ན། སྔགས་ཀྱིས་ཞེས་པ་ནི་གོང་ནས་གསུངས་པའི་ཚུལ་གྱིས་སྔགས་ཀྱི་ཞེས་པ་ཡིན་ནོ།། སྦྱོར་བའི་ཞེས་པ་སྐུ་ལ ་སོགས་པའི་རྣམ་པས་ཆོས་ཇི་ལྟ་བཞིན་ནོ།། ད་ནི་ཕྲ་མོའི་དོན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་དཔལ་ལྡན་ཞེས་པ་བྱམས་པ་དང་ཡོན་ཏན་དང་ལྟུང་བ་མི་མངའ་བའི་དོན་ཏོ།། གསང་མཛོད་ཐུགས་ཀྱི་རྡོ་རྗེ་འཛིན་པ་ནི ་ཕྱག་རྒྱ་རྟགས་ཀྱི་ཕྱིར་དང་། གདུག་པ་འཇོམས་པའི་ཕྱིར་ནས། དེ་ལ་མཆོད་པས་གང་གསུངས་ཞེ་ན། བསྒོམ་པའི་མཆོག་ཅེས་པ་ཕྲ་མོའི་སྦྱོར་བ་སྟེ། དེ་ཉིད་གསུངས་ཞེས་པ་དང་འབྲེལ་ཏོ།། དེ་ཉིད་ན་མཁའི་དབྱིངས་ཀྱི་ཞེས་པ་ཆོས་ཀྱི ་དབྱིངས་ཀྱི་ནང་གི་གཞལ་ཡས་ཁང་རྩེགས་པའི་དབུས་སུ།། ཟླ་བའི་དཀྱིལ་འཁོར་ཞེས་པའི་སེམས་གསལ་བ་དང་མདངས་བཟང་བ་དང་། ནོང་ཞི་བ་དང་། ཚེ་རིང་བ་དང་། ཚོགས་རྫོགས་པ་དང་། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཕྱིར་ན ་ཞེས་སོ།། སངས་རྒྱས་གཟུགས་ནི་ཞེས་པ་སངས་རྒྱས་དྲུག་པོ་གང་བསྒོམ་པ་ཆོ་གུ་ལྔས་སྐོམ་པ་ཐོག་མར་བསྒོམས་ནས་ཞེས་སོ།། དེ་སྔོན་དུ་བྱས་ནས་ཕྲ་མའི་སྦྱོར་བའི་ཏིང་ངེ་འཛིན་བརྩམ་པར་བྱའོ།། དེ་ཁོ་ནའི་སྦྱོར་བ་ཆོ་ག་གསུངས་པ། ་སྣའི་རྩེ་མོར་ཞེས་པ་ལ་སོགས་པ་སྟེ། སྣའི་རྩེ་ནི་ཕྲ་མོའི་གནས་ཏེ་ལྷ་མོའི་པདྨའི་རྩེ་མོའོ།། རྒྱུ་ནི་ཕྱག་མཚན་ཏེ་ཚད་ནི་ཡུངས་ཀར་ཞེས་སོ།། འགྲོ་དང་མི་འགྲོ་དྲོང་ཚད་སྡེ།། ཇི་ཙམ་དུ་སེམས་རྩེ་གཅིག་ཏུ་མ་གྱུར་གྱི་བར་དུའོ།། དེ་ལ་གསང ་བའི་སྔགས་ཀྱིས་ཞེས་པ་ཧཱུཾ་གིས་སོ།། ཧཱུཾ་དེ་སྟོང་པ་ཉིད་ཀྱི་དེ་དང་ལྡན་པའི་གནས་སུ་བསྒོམ་མོ།། ན་མཁའ་དབྱིངས་ཞེས་པ་གོང་དུ་བྱས་ཏེ་ཕྱི་མ་ལ་ཡང་སྦྱར་རོ།། ཉི་མ་ནི་གདུང་བའི་མུན་པ་སེལ་བ་དང་། བསོད་ནམས་རྒྱས་པ་དང་། ཤེས་རབ་ཀྱི ་སྒྲོན་མ་སྐྱེ་བའི་ཕྱིར་ནའོ།། དེ་ནི་ལྷ་འོག་ཏུ་ཡང་སྦྱར་རོ།། སངས་རྒྱས་སྐུ་ཞེས་པ་རྡོ་རྗེ་འཛིན་པ་རང་གི་ས་བོན་ཡི་གེ་ཧཱུཾ་བསྒོམ་པར་བྱས་ནས་དེའི་སྟེང་དུ་ཞེས་པ། སྣ་རྩེར་ཧཱུཾ་དེ་ཞུ་བའི་སྟེང་དུ་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་ཕྱིན་ནས་ཧཱུཾ་གོང་མ་ལངས། ་བའི་གནས་གསང་བའི་སྣ་རྩེ་ར་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་རིམ་པར་དགོད་དོ།། ཕྱི་མ་ལ་ཡང་ས་བོན་བཀོད་པ་ཇི་ལྟར་རང་རང་གིས་འབྲེལ་བར་བྱའོ།། གཞན་དག་ནི་གོ་སླ་བས་སོ།། གོང་གི་ཚུལ་དུ་རང་ས་བོན་ལས་སྣང་མཛད་དུ་བསྒོམས། ་ལ། རང་གི་རིག་མ་སྤྱན་གྱི་ཚུལ་དུ་སྦྱོར་བ་ལ་རྡོ་རྗེ་དང་པདྨོ་ནི་སྦྱོར་བའི་ཆོ་ག་སྟེ་ལྷ་འོག་ཏུ་སྦྱར་རོ།། རིན་ཆེན་དཀྱིལ་འཁོར་ནི་འབྱུང་ལྡན་གྱིའོ།། དང་པོ་སྟོང་པ་ཉིད་ནས་རྗེས་སུ་ཆགས་པའི་བར་ནི་སྦྱོར་བའི་ནན་ཏན་ཏེ། དེ་ཡང་གོང ་འོག་ཏུ་སྦྱར་རོ།། དེའི་ཞེས་པ་འབྱུང་ལྡན་གྱི་ས་བོན་ཡི་གེ་སྭ་སྣ་རྩེར་ཞུ་བའི་སྟེང་དུ། སྣང་བ་མཐའ་ཡས་ཀྵེ་ཨ་ཕྱིན་ནས། ས་བོན་གོང་མ་ལངས་པའི་གནས་སུ་ཨ་བསྒོམ་པར་བྱའོ།། དོན་ཡོད་གྲུབ་པའི་ས ་བོན་གོང་གི་ཚུལ་དུ་བསྒོམ་པའི་ཕྱིར། འོད་ཀྱི་དཀྱིལ་འཁོར་ཞེས་ཏེ། གང་སྒོམ་པའི་ཚུལ་གྱིས་སོ།། གོང་གི་ས་བོན་ལས་གྱུར་པའི་རང་གི་ལྷ་སྤྲོ་བ་དང་། དཀྱིལ་འཁོར་དབྱུང་བའི་རིམ་པས། འཁོར་ཀྱང་སྤྲོ་བར་བྱ་བ་ཡིན་ནོ།། དེ་ཁོ་ནའི་ཁྱད་པར ་གསུངས་པ་ཨུཏྤལ་ཞེས་པ་ལ་སོགས་པ་སྟེ། གཙོ་བོའི་ཕྱག་མཚན་ལ་ཕྲ་མོའི་སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ།། དེས་ནི་ཁ་དོག་དང་དབྱིབས་དང་ཚད་དང་། དྲོད་ཆིད་དང་གནས་བརྟན་ཏེ། གཙོ་བོའི་ཕྱག་མཚན་ལས་སྤྲོའོ།། ད་ནི་གཞན ་སྤྲོ་བའི་ཕྱིར་ཙ་ནའི་འབྲུ་ཙམ་ནི་སྲན་ཙ་ན་ཀའོ།། གེ་སར་ནི་སྡོང་བུ་སྟེ། རྩ་བ་དང་བཅས་པ་སྣ་རྩེར་བསྒོམས་ན་ཞེའོ།། སྣང་མཛད་ཀྱི་ཕྱག་མཚན་ལ་སོགས་པ་བསྒོམ་པ་ནི་འཁོར་ལྷོ་ལ་སོགས་ཞེས་པའོ།། ཕྱག་མཚན་ནི་གནས་རྣམས ་ཏོ་སྣ་རྩེ་དེ་རུ་སྤྲོ་བར་བྱའོ།། སྤྱོད་པ་ཀུན་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། དེ་དག་གི་དོན་ནི་ཡང་དག་པ་ཉིད་ཀྱིས་རྣམ་པར་རྟོག་པ་སྦྱོང་བ་སྟེ། དབྱེར་མེད་པར་བསྟན་པ་ཡིན་ནོ།། དེ་ལ་ཟས་ཀྱི་ཕྱིར་ནི་ཞེས་པ། གཞན་དགག ་པའི་ཕྱིར་ཟས་གཞན་མོ་བཟའ་བའི་དོན་ཏེ་དེ་རྣམས་ཀྱི་ཡན་ལག་གི་དོན་ནི་གོ་སྨྲ་བས་མ་བཤད་དོ།། རྨོངས་པའི་ལུས་ལ་སོགས་པའི་དགོག་པའི་ཕྱིར་ལུས་ངག་སེམས་ལས་འདའ་བའོ་ཞེས་མདོར་བསྡུས་སོ།། ལེའུ་དྲུག་པའི ་དོན་རྫོགས་སོ།། ། ད་ནི་ཚོགས་སྒྲུབ་པའི་མཆོད་པ་དང་། སྔགས་སྤྱད་པ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཟླ་བ་ལྟ་བུ་གནས་ནུས་ཕྱུང་བ་ནི་དམ་ཚིག་ཆེན ་སྟེ། དེ་ལས་གྱུར་པའི་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཁོ་ན་ཉིད་ཅེའོ།། སྔགས་སྤྱོད་པ་ནི་དེའི་བདག་ཉིད་ཀྱི་སྟེ། འོག་གི་དོན་ཏེ། དེ་ཉིད་འགྲུབ་པར་བྱེད་པའི་ཆོ་ག་འདི་གསུངས་སོ།། ཞེས་མདོར་བསྟན་ཏོ།། ཡན་ལག་གི་དོན་ནི་འདི་སྟེ། འདོད་པའི་ལོངས ་སྤྱོད་ནི་འདོད་པར་བྱས་པས་འདོད་པས་སོ།། དེ་ལ་རང་གི་ལྷའི་ཞེས་པ་རང་རང་གི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ།། མུ་སྟེགས་དང་ཕྱི་རོལ་པའི་དཀའ་ཐུབ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་མི་ཟད་པས་ཀྱང་། མི་འགྲུབ་ན་གཞན ་རྣམས་ལྟ་ཅི་སྨོས་ཏེ། སྔགས་བསྒྲུབ་པ་ལ་འཇུག་པས་འགྲུབ་པོ་ཞེས་མངོན་ནོ།། སློང་མོ་ཟ་ཞིང་ཞེས་པ་ནི་ཕྱི་རོལ་པའི་བསོད་སྙོམས་དགག་པ་སྟེ། ཐ་མི་དད་པའི་སྒོ་ནས་མ་བསླབས་པ་ལ་ཆགས་པར་མི་བྱ་སྟེ། དོན་གྱིས་འདོད་པ ་ཀུན་ལ་སྤྱོད་པའི་ཕྱིར་རོ།། ཡན་ལག་མ་ཉམས་ཞེས་པ་བསྙེན་པ་ལ་རྫོགས་པ་སྟེ། དབང་བསྐུར་བ་ལ་སོགས་པ་དང་ཡང་ལྡན་པས་སོ།། བདེ་བར་གྱུར་ན་ཞེས་པ་ཉིད་དུ་མ་མཐོང་བའི་རྣམ་པའོ།། དེ་དག་གི་སྐྱོན་གསུངས་པ། གཞན་དུ་དུས ་མིན་ཞེས་པའི་ཚིག་གཉིས་ཏེ། འདི་དང་ཕ་རོལ་གྱི་མི་འདོད་པ་དང་ལྡན་ནོ།། སངས་རྒྱས་ཞེས་པ་ལ་སོགས་པའི་ཚིག་དང་བརྒྱད་ཀྱིས་ནི་གང་གིས་འདོད་པ་ལྔ་བསྟེན་པ་ཁོ་ནས་ཆོས་ཀྱི་སྐུ་འགྲུབ་ལོ།། གཞན་གྱིས་ནི་མ་ཡིན་ནོ་ཞེས ་བསྟན་པ་ཡིན་ནོ།། དེ་ལ་བྱང་ཆུབ་དཔའ་བོ་ཞེས་པ་སངས་རྒྱས་རྣམས་སོ།། དེ་ལ་མཆོད་པའི་དོན་ནི་གཟུགས་ལ་རྣམ་གསུམ་ཞེས་པའི་རྣམས་ཏེ། གསུམ་ཉིད་གསུམ་མོ།། དམན་པ་དང་འབྲིང་དང་མཆོག ་གསུམ་དུ་དབྱེའོ།། རིན་ཆེན་འབྱུང་གནས་ནི་དཀོན་མཆོག་དཔལ་ལོ།། འདོད་ཆགས་ཞེས་པ་ཚེ་དཔག་མེད་དོ།། ཐོགས་མེད་ཅེས་པ་གདོན་མི་ཟ་བའོ།། གཟུགས་སྒྲ་ཞེས་པའི་སྤྲོ་བའི་དོན་ཏོ།། སེམས་ནི་རྡོ་རྗེ་སེམས་དཔའོ།། ལྷ་ཉིད་དུ་ནི་ཞེས ་པ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ།། རིགས་ཚུལ་དུ་ཞེས་པ་དེ་ལ་རིགས་ལྔ་ཕྱེ་ནས་བསྒོམ་པ་ཡིནོ།། གོང་དུ་ནི་གཅིག་ཏུ་སྤྲོས་པ་རྣས་བསྡུས་པའི་ཕྱིར་སྙིང་པོ་བསྡུས་པའི་ཞི་བ་ཡིན།། དེ་དག་གི་དོན་ནི་འདི་སྐད་དུ། རྣལ་འབྱོར་པ་རྣམས་སྔགས ་སྒྲུབ་པ་ལ་རབ་ཏུ་འཇུག་པར་བསླབ་པའི་ཕྱིར་དང་། གཉིས་སུ་མེད་པའི་དོན་ལ་གནས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ།། ད་ནི་རྗེས་སུ་དྲན་པ་དྲུག་བསྒོམ་པའི་ཕྱིར། སངས་རྒྱས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སངས་རྒྱས ་ནི་སྣང་མཛད་དོ།། ཆོས་ཞེས་པ་སྣང་བ་མཐའ་ཡས་སོ།། མི་བསྐྱོད་པ་ནི་རྡོ་རྗེ་ཞེས་ཏེ། དེ་དག་གི་རྗེས་སུ་དྲན་པ་ནི་འདྲིས་པའི་དངོས་པོ་མི་བརྗེད་པ་སྟེ། སེམས་ཀྱིས་མངོན་པར་བརྗོད་པའོ།། རིགས་ནི་གཅིག་དང་གསུམ་དང་ལྔ ་རྣམས་ཀྱི་དོན་སྒོམ་བྱའི་ཐ་ཚིག་གོ། ཁྲོ་བོ་ནི་གཤིན་རྗེ་གཤྲྀད་ལ་སོགས་པའི་རྣམ་པའོ།། ལྷའི་ཞེ་ན་རྣམ་པ་གཞན་བསྒོམས་ན་འཐོབ་པའི་དོན་ཏོ།། བུད་མེད་ནི་བསྒྲུབ་པ་མི་མོའི་གཟུངས་མ་མཚན་དང་ལྡན་པ་ལ། ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པའོ།། གང་དུ་ཞེ་ན་གནས་གསུམ་མོ།། མཆོད་པ་བརྩམས་པ་ནི་སྦྱོར་བའི་ཆོ་ག་གང་ཡིན་པས་སོ།། བཙུན་མོ་སྤྱན་ལ་སོགས་པ་ནི་རང་གི་རིག་མ་ལའོ།། དེའི་སྦྱོར་བའི་ཆོ་གས་འགྲུབ་པ་ནི་བསྙེན་པའོ།། ་རྡོ་རྗེ་དང་པདྨ་གཉིས་ཧཱུཾ་ལས་ཡོངས་སུ་བསྐྱེད་པ་ལ། ཨོཾ་ནི་ས་བོན་གྱི་རྐྱེན་ནོ།། དེ་ལ་ཡི་གེ་ཕཊ་མདོག་སེར་པོས་བྱང་ཆུབ་སེམས་འབྱུང་བ་དགག་པའི་ལས་ཁྱད་པར་གྱི་ངོ་བོས་བསྐྱོད་པ་དེ་ནི་བདེ་བ་ཆེན་པོ་དེས་སྒྲུབ་པར་བྱེད་པས་ན་སྒྲུབ་པའོ།། རྡོ་རྗེ ་པདྨོ་ཞེས་པ་གསང་བའི་རྡོ་རྗེ་པདྨ་ལ་ལྷན་ཞུགས་པའི་དེ་མ་ཐག་གྲང་ཡང་དག་པར་རིག་པ་དེ་ནི་ཉེ་བའི་སྒྲུབ་པའོ།། འབར་བཅས་ཤེས་པ་གང་བདེ་བ་ཆེན་པོ་འབྱུང་བ་དེ་ནི་སྒྲུབ་པ་ཆེན་པོའོ།། དེ་དག་གི་ཚིག་གི་སྙན་དངགས་ལ་མཁས་པ་ཉིད་ཀྱི་ཕྱིར ་ན། ཚིགས་བཅད་སྡེབས་པའི་ངོར་ཤུགས་ཀྱིས་སྨྲས་པ་ནི་མ་ཡིན་གྱི་དོན་ཉིད་དེ་ལྟར་ཡིན་ནོ།། ད་ནི་གོང་དུ་གསུངས་པའི་རྗེས་སུ་དྲན་པ་རྣམས་བཅུ་དྲུག་དུ་དབྱེ་བའི་མཚན་ཉིད་དུ་མ་བསྟན་པའི་ཕྱིར། དེ་ལ་ཞི་བ་ལ་སོ།། པ་སྨོས་ཏེ། དེ་ལ་སངས་རྒྱས ་ཞེས་པ་སྣང་མཛད་དེ། ཡུམ་གྱི་བྷ་ག་ལ་ཡབ་རང་གི་ལིངྒ་བཞག་གོ།། དེའི་ཁྱད་པར་གསུངས་པ། གཟུགས་ནི་ཞེས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཐིམ་པ་ལ་སོགས་པ་རྣམས་སྔོན་དུ་བྱས་ཏེ། རང་གི་རིག་མའི་གསང་བའི་སྣ་རྩེ་ལ་ས་བོན ་ལས་སྐྱེས་པའི། ཨོཾ་ལས་གྱུར་པའི་འཁོར་ལོའི་ལྟེ་བ་ལ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའོ།། དེའི་བ་སྤུའི་བུ་ག་ནས་སྤྲོ་ཞེས་པ་མཚོན་པ་ཙམ་སྟེ་བསྡུ་བ་ཡང་བདག་གིས་ཤེས་པར་བྱའོ།། སླར་བསྡུ་བའི་དུས་སུ་མཆོད་པ་རྣམས་སྤྲོ་སྟེ། ་མཆོད་པ་ལ་སོགས་པ་རྣམས་བྱ་བ་ཡིན་ནོ།། དེ་དག་གི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། དམ་ཚིག་རྗེས་སུ་དྲན་པ་ཞེས་པ་ལྷའི་རབ་ཏུ་དབྱེ་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བསྒོམས་ནས་ལྷ ་རྣམས་ཐིམ་པར་བྱའོ།། དེ་ཉིད་ལས་དབྱེ་བ་ནི། དཀྱིལ་འཁོར་རྗེས་སུ་དྲན་པ་སྟེ། བདག་གི་ཁུ་བ་དག་ཅེས་པ་ནི་དབྱུང་ཞེས་པ་དང་འབྲེལ་ཏོ།། དེས་བསྐྱེད་པའི་དཀྱིལ་འཁོར་ཡང་དབྱུང་བར་བྱ་ཞེས། དཀྱིལ་འཁོར་གཞན་དང་གཞན་དུ་སྤྲོ་བའི ་བདག་ཉིད་རྣམས་ནི་ཟླུམ་པོའི་ཚུལ་ཞེས་པ་ཡིན་ནོ།། གོང་དུ་སྐུ་དང་གསུང་དང་ཐུགས་རྣམས་བསྒོམས་པ་ལ་དེ་བྱེ་བ་ནི་སྐུ་རྗེས་སུ་དྲང་བ་ལ་སོགས་པ་གསུམ་གྱི་རང་བཞིན།། སྐུ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་གཟུགས་ལ་སོ ་པས་རབ་ཏུ་རྒྱས་པའི།། ཕྱི་མ་དང་ཡང་སྦྱར་རོ།། ཐུགས་ལས་རབ་ཏུ་དབྱེ་བ་ནི་སེམས་ཅན་རྗེས་སུ་དྲན་པ་ཡིན་ནོ།། སྐུ་ལ་སོགས་པའི་རྗེས་སུ་དྲན་པ་དབྱེ་བར་གསུངས་པ། དེ་ལ་སྔགས་ཞེས་པ་ལ་སོགས་པ་སྟེ། གཟུགས་ཀྱི ་རང་བཞིན་ནི་སྐུ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་རྗེས་སུ་དྲན་པ་བསྒོམ་པའོ།། སྔགས་ཀྱི་བདག་ཉིད་ཀྱི། རྡོ་རྗེ་ཅན་གྱི་སྐུ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པའི་ཚིགས་བཅད་དང་། སྔགས་རྣམས་ཀྱིས་བསྒོམ་པ་གསུངས ་ཤེས་ཏེ། དེ་ཡང་སྐུ་ཡིས་ཤེས་པ་རྣམས་པའི་སྟེ། དེས་བསྒོམས་པས་ཤེས་སོ།། དེ་འདྲར་ཤེས་པའི་སྐུར་འགྱུར་ཞེས་སྦྱོར་རོ།། གོང་མ་རྣམས་ལ་ཡང་རྣམ་པར་བསྒྱུར་ནས་སྦྱར་བར་བྱའོ།། དེ་ལ་དམ་ཚིག་ཅེས་པ་སྨོས ་པ་ནི་དམ་ཚིག་རྗེས་སུ་དྲན་པ་ཉིད་འདིར་དབྱེའོ།། ཁུ་བ་ཕྱུང་སྟེ་ཚིག་བཞིན་ཞེས་པ་རང་རང་པ་རིག་མ་དང་ལྡན་པ་ལ་སྦྱོར་བས་ཚོགས་བཏུང་བར་བྱའོ།། དེ་ཅིའི་དགོས་ཤེས་ན། འབྲས་བུ་འདོད་པས་སོ།། ཐུགས་ལས་དབྱེ་བ་གསུངས ་པ། དེ་ལ་ཤེས་རབ་ཀྱི་ཞེས་པ་ལ་སོགས་པ་སྟེ། མ་སྐྱེས་པ་ཞེས་པ་ནི་ངོ་བོ་ཉིད་ཀྱི་སྟེ། མ་སྐྱེས་པ་ཞེས་པ་ནི་ངོ་བོ་ཉིད་ཀྱི་སྟེ། ཡུལ་དང་ཡུལ་ཅན་གྱི་རང་བཞིན་ཀྱང་མེད་ལ། ཁམས་ཀྱང་མེད་ཅིང་འབྱུང་བ་ལྔ་ཡང་མེད་དོ།། དེ་ལམ་སྐྱེས ་པ་ཞེས་པ་ཐུགས་ཀྱི་དབྱེ་བ་སྟེ། གཉིས་མེད་ཅེས་པ་ཡང་དག་པར་གཉིས་སྣང་བའི་ཤེས་པ་རྣམ་པར་རྟོག་པ་ཅན་མེད་དོ།། ནམ་མཁའ་བཞིན་དབྱེར་མེད་པ་ཁོ་ན་ཉིད་ཀྱི་ཕྱིར་རོ།། ཞེ་སྡང་གི་རིགས་ཤེས་པ་ལ་སོགས་པ་ནི་རིགས ་བསྒོམ་པ་སྟེ། བུད་མེད་སྔགས་ཀྱིས་མཚན་མ་ལ་རིགས་གང་ཡིན་པའི་སྦྱོར་བ་བྱ་སྟེ། དེའི་ཁུ་བས་མཆོད་པས་སྐུ་གསུང་ཐུགས་ཀྱི་འབྲས་བུ་ཚེ་འདི་ལ་ཞེས་ཏེ། གཉིས་སུ་མེད་པའི་སྒོ་ནས་ལམྦ་ཉེ་བར་བསྟན་པ་ཡིན།། ་དེ་རྣམས་ནི་རིགས་རྗེས་སུ་དྲན་པ་ལས་དབྱེ་བར་བསྟན་པ་ཡིན་ནོ།། དེའི་བྱིན་བརླབས་གསུངས་པ། གང་གཞན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྲ་མོ་ནི་མི་སྣང་བ་དང་ཛཾ་བྷཱུ་ལ་བསྒྲུབ་པ་དང་། ཨཉྫ་ལིས་མིག་མཐོང་བ་དང་། ་རིགས་འཛིན་ལ་སོགས་པ་ཐུན་མོང་གི་སྒྲུབ་པ་སྟེ། དེ་རྣམས་ཀྱང་མཆོག་གི་དངོས་གྲུབ་ཀྱི་དོན་གྱིས་གྲུབ་པོ་ཞེས་མངོན་ནོ།། དེ་དག་རྣམས་ནི་སྤྲོས་པ་ལ་སོགས་པའི་ཆོ་ག་གང་ཡིན་པས་སོ།། ལེའུ་བདུན་པའི་དོན་རྫོག་སོ།། ། ་ད་ནི་བཤང་གཅི་དམ་ཚིག་གི་ལེའུ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ་དེ་ལ་དབང་ཕྱུག་དམ་པ་ཞེས་པ་སྟོང་པ་ཉིད་དང་ལྡན་པ་སྟེ་དེ་ལའོ།། དེ་ཉིད་རྡོ་རྗེ་རྒྱལ་པོ་ཞེས་པ་ནས། རྡོ་རྗེ་ཐེག་པ་ལའོ་ཞེས ་པའི་བར་དུ་མཆོད་པར་བརྗོད་པའི་དོན་བཞི་དང་སྦྱར་ཏེ། རྡོ་རྗེ་དབྱིངས་སུ་སངས་རྒྱས་པའི་རྒྱལ་མཆོག་མཆོད་པ་དང་། དག་པ་མཉམ་པའི་མཆོད་པ་དང་། ཐར་ལམ་རྟོགས་པའི་མཆོད་པ་དང་། ཤེས་རབ་སྤྱན་གྱི་ཚོགས་ཀྱི་འཁོར་ལོ་བསྐོར ་པའི་མཆོད་པ་དང་བཞི་སྟེ། དེ་རྣམས་ཚིགས་བཅད་བཞི་དང་། རིམ་བཞིན་དུ་སྦྱར་རོ།། ཞུས་པའི་དེ་མ་ཐག་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། ཀུན་དབང་ནི་དབང་སྐུར་གྱི་དོན་གྱིས་རྡོ་རྗེ་འཛིན་པ་ཉིད་རིན་ཆེན་འཛིན་པའོ།། དེའི ་མཆོད་པའི་མཆོག་ནི་གསང་བའི་མཆོད་པ་ལ་སོགས་པའོ།། སྐུ་གསུང་ཐུགས་རྡོ་རྗེ་ལྟར་མི་ཕྱེད་གསུམ་གནས་པའོ།། དེ་ཉིད་སྐལ་མཆོག་གོ།། གང་རིགས་དང་ལྡན་པས་དེའི་ན་ཆུང་གཞོན་ནུ་བསྐལ་བ་འཚམ་པའི་གཟུངས་མ་མཚན་དང ་ལྡན་པ་མངོན་དུ་བྱ་བ་སྟེ། དེ་ལ་རྙེད་ནས་བྱོལ་སོང་སྐྱེ་གནས་བརྟག་ཅེས་པ་ཇི་ལྟར་ཞེ་ན། བྱོལ་སོང་འདུལ་བའི་ཁ་ལོ་བསླབ་པ་བཞིན་དུ། རིག་མ་ཡང་བུད་མེད་ཀྱི་རྒྱུ་རྩལ་རྟོག་པ་མེད་པའི་ལ་སོགས་པ་བསླབ་པ་སྟེ། དོན་གྱིས་མི་འབྱེད ་པ་ཡིན་ནོ།། ཛྙཱ་ན་པ་ནི་དེ་ལྟར་མི་འཐད་དེ། ལོ་གྲངས་ཀྱི་ཚད་ལ་ཉུང་དང་ལྷག་ན་ཡང་གཟུང་བར་བྱའོ།། ཞེས་གསུང་ངོ་།། བསྒྲུབ་པ་བརྩམ་པའི་གནས་ནི་ས་ཕྱོགས་གཙང་ཞིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབེན་པ་ནི་གཞན་དང་མ་འདྲེས ་པའོ།། ཡང་ན་བརྒྱལ་བཞི་པའི་གནས་ཞེས་པ་ཞབས་ཀྱིས་བཅགས་པའི་མ་ཧཱ་བོ་དྷའི་གནས་དང་། མཚན་མ་རྟགས་ཀྱི་གནས་དེའི་བྱི་ལིང་ག་དང་། དྲག་ཤུལ་བསྒྲུབ་པའི་གནས་རུ་ཏྲ་བསྒྲལ་བའི་དུར་ཁྲོད་དུ། ཆུའམ་ཡང་ན་བཤང་གཅིས་བྱུགས་པ་ནི་ཕྱི ་ས་དང་གཅིན་སོགས་ཀྱིས་བྱུགས་ལ་གཞག་ཅེས་པའོ།། བདག་ཉིད་མོས་པའི་ལྷུར་བསྒོམ་སྟེ། རིག་མའི་ནུ་མའི་བར་དང་། སྤྱི་གཙུག་དང་ལྟེ་བ་རྐེད་པ་རྐང་པའི་བར་དུ་གསང་བ་ལས་བསྐྱེད་པ་རྣམས་བགོད་པ་ནི་སྙིང་ག་དང་རྐེད་པ་དང་ལྟེ་བའི་འོག་དང་། ་རྐང་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་བསམ་སྟེ། དེ་རྣམས་ཀྱི་དབུས་རྣམསུ་མི་བསྐྱོད་པ་དང་། དཀོན་མཆོག་དཔལ་དང་། རྡོ་རྗེ་ཆོས་དང་གདོན་མི་ཟ་བ་རྣམས་ས་བོན་ལས་གྱུར་པ་སྟེ། དེའི་རིམ་བཞིནོ།། སྤྱི་གཙུག་ཏུ་ཟླ་བ་ལ་ས་བོན་ལས་གྱུར་པའི ་སྣང་མཛད་དོ།། དེ་དག་གི་དོན་རིགས་ལྔས་བྱིན་གྱིས་བརླབ་པ་དང་། སྐྱེ་མཆེད་གཟུགས་སོགས་དམིགས་ཏེ། ཧཱུཾ་ལ་སོགས་པ་བཏགས་ཏེ་ས་བོན་རང་གི་ལྷར་བསྒོམས་ལ་རྗེས་སུ་ཆགས་པ་ལ་སོགས་པ་ཆོ་ག་ཆུང་བ་ཡིན་ནོ།། གང་གིས་ཞེ་ན། ཡ་ན? ་ལིག་བཞི་ལ་སོགས་པའི་ཆོ་ག་ཤེས་པས་རང་གི་ལྷ་མཾ་བྱ་བ་ཡིན་ནོ།། དེ་ནི་ལྷག་འོག་ཏུ་ཡང་སྦྱོར།། དེ་ཉིད་ཀྱི་ཡཱ་གསུང་གན་མཁའི་དབྱིངས་ཉེ་པ་ལ་སོཊ་པའོ།། དེ་ལ་ན་མཁའི་དབྱིངས་ནི་གུ་ཞལ་མེད་ཁང་\ུ0f7f། བཱི་དབུས་མནྟེ་ཏྲེ། རིག་མ་བསྒོམ་པ་ནི་ཡེ་ཤྭེ་རྒྱ་མཚོ་སྡེ་བ་སྟེ། ་དེ་བདག་ཉིད་ཟླ་བའི་དཀྱིལ་འཁོར་དུ་བྱས་ཏེ། ཡན་ལག་བཞི་ལ་མཁས་པས་ཕྱག་མཚན་གྱི་དབུས་སུ་ཟླ་བ་ལ་བསྒོམ་པར་བྱའོ།། དེ་ལྟར་སོ་སོ་བསྐྱེད་ནས། ཐ་མི་དད་པར་བྱ་བ་ནི་རིག་མ་ཉིད་ཞི་བ་སྟེ། དེ་རྡོ་རྗེ་འཛིན་གང་ལྡན་པའི་རྣལ་འབྱོར་པ་དང ་འབྱོར་པར་འདོད་ན་བསྡུ་བ་སྟེ། དེ་བསྟེན་པའི་ཐ་ཚིག་གི། རིན་ཆེན་བཞིན་མཆོད་རྟེན་ཞེས་པ། གཞལ་ཡས། ཁང་བརྩེགས་པའི་མཆོད་རྟེན་ཞེས་པའི་དོན་ཏེ། རིག་པའི་གནས་རྒྱན་གྱི་བྱེ་བྲག་དང་ལྡན་པར་སྟོན ་པ་སྟེ། དེ་ཉིད་ཡེ་ཤེས་རྒྱ་མཚོ་ནི་ཤེས་རབ་མ་སྟེ། དེ་དུས་གསུམ་གྱི་སེམས་ཅན་རྣམས་ཀྱི་གནས་ཡིན་པར་བསམ་མོ།། དེ་དག་གི་མཆོད་པ་རྣམས་ནི་བདག་གི་བ་སྤུ་ནས་ཞེས་བརྩམས་ནས་མཐའའི་བར་དུ་རེག་པར་བྱའོ།། དེ་ལ་ཨུཏྤ་ལ ་དག་དང་པདྨོ་རྣམ་ལྔ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་དྲུག་གོ།། དེའི་ཛཱ་ཏི་རྣམ་གསུམ་ནི་ལྷ་མོ་དྲུག་པོ་དེ་རབ་འབྲིང་ཐ་མའི་རིགས་དབྱེ་བའི་རང་བཞིན་ནོ།། སྤྱན་མ་ལ་སོགས་པ་བནི་གསུངས་པ། ཀནྟི་ཀ་ཞེས་པ་ལ་སོགས་པ ་བཞིའོ།། དེས་ནི་ལྷ་མོ་བཅུ་མེ་ཏོག་གི་སྒྲར་གསུངས་སོ།། དེ་ནི་མཆོད་པའི་ཁྱད་པར་ཁོ་ནརརུ་གསུངས་པ་ནི། དཔག་ཚད་བརྒྱའི་ཞེས་པ་ལ་སོགས་པ་སྟེ། ཁྱོར་ཙམ་དུ་ནོས་པ་གནས་ཀྱི་རང་བཞིན་ཏེ། དེ་རུ་མཆོད་པར་བྱ་བ་དགོད་ཅེས་འབྲེལ ་ཏོ།། གཞལ་ཡབ་ཁང་བརྩེགས་པར་འཁོར་ལོ་བསྒོམ་པར་བྱས་ལ། དེ་ལ་སྣང་མཛད་ཀྱི་རིགས་བསྒོམ་པ་བྱའོ།། པདྨ་ལ་སོགས་གཞལ་ཡས་ཁང་དང་ལྡན་པར་བྱས་ལ་རང་རང་གི་དཀྱིལ་འཁོར་གོང་མ་བཞིན་བསྒོམ་པར་བྱ་སྟེ། གུཟུ ་ཉིད་སྤྲོས་ནས་མཆོད་པར་བྱའོ།། དེ་དག་གི་གནས་བརྟན་པོ་བྱ་བ་གསུངས་པ། དཔག་ཚད་ཅེས་པ་ལ་སོགས་པ་སྟེ། དེས་ནི་ཚད་དང་དབྱིབས་དང་རྒྱ་དང་ངོ་བོ་བསྟན་ཏོ།། འདོད་པའི་ཞེས་པའི་ཚིག་གཉིས་ནི་སྔོན་དུ་བྱས་སོ།། འདིར་རིན ་ཆེན་མཆོད་པ་ཞེས་པ་ལ་སོགས་པས་ཕྱིའི་མཆོད་པ་ཡང་བྱ་བར་གསུངས་སོ།། ལྔ་ཞེས་པ་ལྷ་བཤོས་ལ་སོགས་པའོ།། རིན་ཆེན་འབྱུང་གནས་ཉིད་གཟུངས་མ་སྟེ། དེའི་རྒྱན་ནི་སྣ་ཚོགས་ཤེས་ཏེ། བསྒྲུབ་ཚེ་ཞེས་པ་བསྐུལ་བའི་ཚེའོ།། ་དེའི་ཕྱིར་རིགས་ཀུན་ལ་དབུལ་བའོ།། དེ་ལྟར་གསང་བ་དང་ནང་གི་མཆོད་པ་གསུངས་ནས་ཕྱིའི་མཆོད་པ་གཞན་མོས་པས་སྤྲུལ་ནས་མཆོད་པ་ནི་རྒྱལ་བའི་ཞིང་ཁམས་འདིར་བཀང་ལ་ཞེས་སོ།། རེག་པར་སྦྱོར་བའི་མཆོད་པ་གསུངས་པ་བདག་པོའི ་ཕྱག་རྒྱར་མཉམ་བཞག་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་པར་བསྒོམས་ལ་ཞེའོ།། དམ་ཚིག་ལྔས་མཆོད་པ་ནི་ན་མཁའི་ཞེས་པ་རྣམས་ཏེ། དཀྱིལ་འཁོར་ནི་སྣང་མཛད་ལས་གྱུར་པ་སྟེ། དེ་ཉིད་བདག་གི་ལུས་སོ།། དེ་ལ་བཤང་གཅི་ཉིད་དམ་ཚིག ་དེས་ཀྱང་སྦྱོར་བའི་ཆོ་ག་བྱ་བར་གསུངས་སོ།། དེའི་ཡོན་ཏན་ནི་འདི་ནི་ཞེས་པ་ལ་སོགས་པ་སྟེ། སྔགས་རྣམས་དངོས་གྲུབ་ནི་ཡེ་ཤེས་བདུད་རྩི་ལ་སོགས་པའོ།། ལེའུ་བརྒྱད་པའི་དོན་རྫོགས་སོ།། ་ད་ནི་ཞུ་བ་སྔོན་དུ་བཏང་ནས་བདེ་བར་བྱེད་པའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སྨོས་ཏེ། དེ་ལ་ན་མཁའ་མི་འགྱུར་མཆོག་ཅེས་པ་ནི་དོན་མི་འགྱུར་བ་དང་། སྤྱོད་པ་མི་འགྱུར་བས་ཐབས་ཀྱི་རྒྱལ་པོ་སྟེ། དེའི་ཕྱིར་ན་མཁའ་ཞེས་བརྗོད་དོ།། རྡོ་རྗེ ་འཛིན་པ་དེ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་ནི་རྒྱལ་བ་རྟགས་ཀྱི་དབང་དང་། མཁྱེན་རབ་ཐུགས་ཀྱི་དབང་དང་ལྡན་པ་སྟེ། ཀུན་མངའ་མཛད་པ་དང་ཀུན་གྱི་དོན་མཛད་པའི་ཕྱིར། དབང་ཕྱུག་དོན་ཀུན་གྱིས་སྨོས་ཏེ། བཤད་དོ་ཅེས་པ་དང་འབྲེལ ་དད་དེ་གང་ཞེན། སྤུ་གསུང་ཐུགས་ཞེས་པ་རྣམསྭཱ་ཏེ། དེའི་དོན་ནི་སེམས་ཅན་ཕས་ཕམ་པའི་ཆོས་རྣལ་ས་ལ་སྤྱད་པ་རྣམས་འབྲུས་བུ་ངན་པར་སྐྱེ་བ་མཐོང་ནས། ད་ལས་སྙིང་རྗེ་དང་སྦྱིན་པ་ལ་སོགས་པ་དང་ལྡན་པའི ་རྣལ་འབྱོར་པས། ཆོ་ག་ཁྱད་པར་ཅན་དང་ལྡན་པའི་བསྒྲུབ་པ་པོས་རང་རང་གི་དོན་དང་ལྡན་པར་བྱེད་སྟེ། གདོན་པར་བསྟན་ཏོ།། དེ་དག་གི་ཡན་ལག་གི་དོན་ནི་སོ་སོར་བསྟན་པའི་ཕྱིར། ན་མཁའི་ཞེས་པ་རྣམས་གསུངས་ཏེ། དེར་རྡོ་རྗེའི་དཀྱིལ་འཁོར་ཞེས ་པ་ནི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཏེ་དེའི་དབུས་སུ་རྡོ་རྗེ་མི་བསྐྱོད་པ་བསྒོམས་ནས་དེའི་ལག་ཏུ་རྡོ་རྗེ་བསྒོམ་པར་བྱ་བ་སྟེ། འདིར་ལྷ་བཅུ་དགུ་དང་ལྡན་པར་བྱས་ནས། རང་རང་གི་སྒྲུབ་བྱ་རྣམས་རྟེན་དང་བྲལ་བ་ལ་སོགས་པའི་ལས་ཀྱིས། བདག ་བདེ་བར་བྱེད་པ་རྣམས་ཕྱེ་མར་བརླག་ཅེས་པ་ཡིན་ནོ།། འདི་དོག་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ལས་ཀྱི་རིམ་པ་སྟེ། ཙི་ར་ཀ་པ་འདོད་པ་ལྟ་བུ་ནི་མ་ཡིན་ནོ།། དེ་ནི་འོག་ཏུ་ཡང་སྦྱར་རོ།། གསང་བ་འདི་ལྟ་བུ་ཞེས་པའི་སྙིང་རྗེ་ཆེན་པོ་ལ་ཞུགས་པའི ་རྣལ་འབྱོར་པ་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་བཞི་དང་ལྡན་པ་ཆོ་ག་ཁྱད་པར་ཅན་དང་ལྡན་པ་སྟེ། དེས་ཀུན་ནས་མནར་སེམས་པ་དང་ལྡན་པ་བསདཱ་ན་ནི་དེའི་མཐུས་རྣལ་འབྱོར་པ་ཉིད་ཀྱང་ཞིང་དག་ཏུ་རྒྱལ་བའི་སྲས་སུ་སྐྱེ་བར ་འགྱུར་རོ།། དེའི་དོན་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་དེ་ཁོ་ན་ཞེས་པ་ཡིན་ནོ།། དེ་ནི་སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པས། རྣམ་སྨིན་གྱི་འབྲས་བུ་མྱོང་བ་དགག་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏོ།། དེ་ལ ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཐར་པ་རབ་ཏུ་སྒྲུབ་པ་སྟེ། དེའི་ངོ་བོ་ཉིད་ནི་རང་བཞིན་གྱིས་གཙང་ཞིང་གཞན་གྱིས་གོས་པ་མེད་པ་ཟབ་མའི་དོན་ལ་རབ་ཏུ་འཇུག་པས་ཤེས་ཏེ། གང་དེ་རྣམས་དང་ལྡན་པ་དེ་ཡང་དེ་ལྟར་རོ།། དེ་ལ་ན་མཁའི་ཞེས ་པ་ནི་གནས་ཏེ། དེར་འཁོར་ལོ་རིགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྣང་མཛད་གཙོ་བོར་གྱུར་པའི་ལྷ་བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ནས་སེར་སྣ་ཅན་གྱི་དངོས་པོ་ཀུན་མཐོང་ནས་བཟླས་པ་དང་སྤྲོ་བ་ལ་སོགས་པ་བྱས་ཏེ། ནོར་དབྲོག ་པ་ལ་སོགས་པ་བྱའོ།། རིན་ཆེན་ཀུན་གྱི་སྦྱོར་བ་ཞེས་པ་དེ་ཉིད་ཀྱིས་ལྷའི་གཟུགས་སུ་རབ་ཏུ་བརྟག་གོ།། དེའི་རང་བཞིན་སེར་སྣ་ཅན་རྣམས་ཀྱི་ནོར་རྣམས་འཁོར་ལོར་བདག་ཉིད་ཀྱིས་ཕྲོགས་ནས་སུ། སྐུ་ལ་སོགས་པའི་རྡོ་རྗེ་གསུམ་དུ་བསྒོམས ་ནས། ཕྲོགས་མ་ཐག་པ་གང་ལྡན་པ་དེ་རྣམས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ལ་སོགས་པར་འགྱུར་རོ།། རིགས་རྒྱ་མཚོ་ཞེས་པ་ནི་ཞེ་སྡང་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པས་ཀྱང་བྱ་བར་བསྟན་ནོ།། ད་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ ་སེམས་ཁོང་ནས་འཁྲུག་པའི་དོན་དུ། གཞན་བསྟན་པའི་ཕྱིར་འདོད་ཆགས་ཀྱི་རྣལ་འབྱོར་པའི་ལས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ཆགས་ཐར་པ་ཞེས་པོ་ནི་སོ་སོར་རྟོག་པའི་རྣམ་པས། པདྨའི་དཀྱིལ་འཁོར་ནི ་དེའི་རིགས་ཀྱི་དཀྱིལ་འཁོར་ཏེ། དེའི་དབུས་སུ་མཐའ་ཡས་གཙོ་བོར་གྱུར་པའི་ལྕི་བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ནས་འདོད་ཆགས་ཀྱི་དངོས་པོ་ཀུན་མཐོང་ནས་བཟླས་པ་ལ་སོགས་པ་ཀུན་བྱས་ཏེ། རྗེས་སུ་ཆགས་པར་བུད ་མེད་ལ་སྤྱད་པ་ལ་སོགས་པ་བྱའོ་ཞེས་པའི་དོན་ཏོ།། ཡུམ་རྣམས་བུད་མེད་ལྟ་བུར་སྦྱར་བར་བྱས་ནས་དེ་ལ་དམ་ཚིག་བཞིའི་སྦྱོར་བ་ཡིས་ཏེ། ཕྱག་རྒྱ་བཞི་དང་ལྡན་པས་དུས་བཞི་ལ་སྦྱོར་བ་སྟེ། ཡུལ་དུ་སྣང་བ་ཐ~ཾད ་རིགས་མ་དེ་རུ་བསྒོམ་པར་བྱ་སྟེ། དེ་ཡང་ན་མཁའི་ཁམས་ཀྱི་བུད་མེད་དོ་ཞེས་སོ།། དེ་དག་གི་གསང་བའི་དབང་པོ་གཉིས་སྦྱར་ནས་བུད་མེད་ལ་ཉེ་བར་སྤྱད་པ་ཡིན་ནོ།། འདོད་ཆགས་ཀྱི་རིགས་ཉིད་གཞན་གྱིས་ཀྱང་བྱ་བར་བསྟན་ཏོ།། དེ་ལྟར་ལུས ་ཀྱི་དོན་གསུམ་བསྟན་ནས། ངག་གི་བརྫུན་དུ་སྨྲ་བའི་རྣམ་པར་དག་པའི་དོན་བསྟན་པའི་ཕྱིར་དེ་ནས་ཤེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་སྔགས་ཤེས་པ་ནི། རྣམ་པར་དག་པའི་གསུང་དང་ལྡན་པ་དེས་སངས་རྒྱས་ཤེས་པ་ལས་ཀྱི། ་རིགས་ཀྱི་དཀྱིལ་འཁོར་ཏེ། དེའི་དབུས་སུ་དོན་ཡོད་གྲུབ་པ་གཙོ་བོར་གྱུར་པ་ལྷ་བཅོ་བརྒྱད་དང་ལྡན་པའི་དཀྱིལ་འཁོར་བསྐྱེད་ནས་གང་བརྫུན་དུ་སྨྲ་བའི་དངོས་པོ་མཐོང་ནས། ཡང་བཟླས་པ་ལ་སོགས་པ་བྱ་སྟེ། རྡོ་རྗེ་ཚིག་གི་བརྫུན་བྱ་བར ་བསྟན་ཏོ།། དེ་ལ་རྡོ་རྗེ་ཚིག་ནི་གཞན་གྱི་དོན་དུ་དཀྱིལ་འཁོར་གྱི་ངང་ཅན་གྱིས་གང་སྨྲས་པ་དེས་སོ།། བསྒྲུབ་པར་བྱ་ཞེས་པ་ནི་བརྫུན་རྣམ་པར་དག་པ་གསུང་དམིགས་པའི་རང་བཞིན་གྱིས་དངོས་པོ་ཉིད་གང་ཡིན་པའི་དོན་བསྟན་ཏོ།། དམ་ཚིག ་དགུག་པའི་རིགས་ཤེས་པ། དེ་ཉིད་གཞན་གྱིས་ཀྱང་ཤེས་པར་བྱའོ།། ད་ནི་ངག་རྩུབ་མོ་ལ་སོགས་པ་རྣམ་པར་དག་པ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་མི་ཕྱེད་ཅེས་པ་ནི་སྐུ་ལ་སོགས་པའི་རྣམ་པའོ།། ་དེ་གང་ལྡན་པ་དེས་དམ་ཚིག་ཅེས་པ། མི་འདའ་བ་ཉིད་ཀྱི་ཕྱིར་རིན་པོ་ཆེ་རིགས་ཀྱི་དཀྱིལ་འཁོར་དེའི་དབུས་སུ་དཀོན་མཆོག་དཔལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གོང་བཞིན་བསྐྱེད་ནས། གང་དག་རྩུབ་མོ་ལ་སོགས་པ་དང་ལྡན་པར་མཐོང་ནས ་གོང་བཞིན་བཟླས་པ་ལ་སོགས་པ་བྱས་ཏེ། དེ་རྣམས་ལ་སྦྱར་བར་བྱའོ།། སོགས་པའི་སྒྲས་ནི་ཕྲ་མ་དང་ཚིག་ཀྱལ་བ་དག་གོ།། དེ་ལྟར་ལུས་ཀྱི་ཉེས་གསུམ་དང་ངག་གི་ཉེས་བཞི་རྣམ་པར་དག་པར་གསུངས་ནས། ཡིད་ཀྱིས་ཉེས་གསུམ་རྣམ ་པར་དག་པ་ནི་ལུས་དག་པ་ཉིད་ཀྱིས་ཞེས་སོ།། དེ་ནས་ངོ་མཚར་ཆེ་བ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་ཚད་ཆེ་བ་སྟེ། མ་འོངས་པའི་སྐྱེ་བོས་དོན་ཉིད་ཤེས་པར་བྱ་བའི་ཕྱིར། འདིར་དམ་ཚིག་རྡོ་རྗེ་ནི ་སའི་སྙིང་པོ་གང་ཡིན་པ་དང་། དཔལ་ཞེས་པ་སྒྲིབ་པ་རྣམ་པ་སེལ་བ་ལ་སོགས་པའོ།། དེ་རྣམས་ཀྱིས་སྨྲས་སོ་ཞེས་འབྲེལ་ཏོ།། དེ་མ་ཐག་ཏུ་ལན་གསུངས་པ། དེ་ནས་ཞེས་པ་རྣམས་ཏེ། རྒྱལ་བ་རྣམས་ཀྱིས་བཀའ་སྩལ་ཏོ་ཞེས་འབྲེལ་ཏོ།། ། ་དེའི་གདམས་ངག་གསུངས་པ་རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ།། གདོད་ཆོས་འཆད་དོ་ཞེས་པ་ནི་དོན་དང་ལྡན་པ་ཉིད་ཀྱིས་དེ་ལའོ།། དེ་ནས་དགའ་བའི་མདངས་ཀྱིས་ངོ་མཚར་བ་ནི། དེ་ནས་བྱང་ཆུབ་ཞེས་པ་ལ་སོགས་པའོ།། འདིར་མཉམ་པ་ཉིད ་ཀྱི་དོན་དེ་ཡིན་ཡང་རྣམ་པར་ཤེས་པས་གཟུགས་ལ་སོགས་སྣ་ཚོགས་པ་སྤྲོས་པ་ཀུན་རྫོབ་སྟེ། དོན་དམ་པ་དེ་དང་མི་མཐུན་པ་ཉིད་ཀྱི་ཕྱིར། བཤད་པ་མཚན་ཞེས་པ་ཡིན་ནོ།། ལེའུ་དགུ་པའི་དོན་རྫོགས་སོ།། ། ་ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཛིན་པ་སྟེ། དེ་ལ་འདུན་པ་དང་བཅས་ཏེ་གསོལ ་ཏོ་ཞེས་སོ།། དེའི་སྔགས་ཀྱི་སྙིང་པོ་ནཱི་ཧཱུཾ་ལ་སོགས་པ་སྟེ་ཞུས་པའོ།། ཞུས་པའི་དེ་མ་ཐག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ།། ལུས་དང་ངག་དང་སེམས་རྣམས་ཏེ། རྣམ་པར་མི་རྟོག་ཅེས་པ། གཟུང་འཛིན་གྱི་རྣམ་པར་རྟོག་པར་རྟོག་པ་མེད་པ་ཡིན ་ཏེ། མི་དམིགས་པ་དང་མི་གནས་པའི་ཕྱིར་རོ།། གལ་ཏེ་འོ་ན་ནི་ཅི་ཡང་མེད་པ་ཡིན་ནོ་ཞེ་ན་ནི་མ་ཡིན་ཏེ། ཡེ་ཤེས་ཙམ་གནས་པའི་ཕྱིར་རྡོ་རྗེར་བསྒོམ་ཞེས་སོ།། ཡང་གསུངས་པ་ནི་དེ་ནས་ཞེས་པ་རྣམས་ཏེ། དེ་ལ་དག་པ་ནི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར།། ་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་ཚུལ་ནི་སྣང་མཛད་ཆེན་པོའི་རྣམ་པར་གང་གྱུར་པ་དེ་སྙོམས་པར་ཞུགས་ནས་ཞེས་ཏེ། སྣང་བ་ལས་འདས་པའི་སྔགས་ཚིག་རྣམས་ཏེ། དེ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་མངོན་ནོ།། གང་ཞིག་པ་ལ་སོགས་པའི ་སྒོ་ནས་བསྐུལ་བས། དེ་ནས་དེའི་ལས་བྱེད་པ་ནི་རིགས་པ་སྟེ་དེ་རྣམས་དང་ལྷན་ཅིག་སྤྱོད་པ་ཡིད་ཀྱང་། སྔགས་ཀྱི་སྤྱོད་པ་མེད་ན་མི་འགྲུབ་པས། སྤྱན་རས་ཀྱིས་བཙའ་སྟེ། ཐུགས་རྗེས་གཟུང་བའི་ཕྱིར་སྔགས་བསྡུས་པ་གསུང་བའོ།། སྔགས ་ཀྱང་དེ་ཐམས་ཅད་ཀྱང་དེ་ཉིད་པ་སྟེ། མི་བསྐྱོད་པ་ལ་སོགས་པའོ།། དེ་རྣམས་ཀྱི་སྙིང་པོ་བསྐུལ་བར་བྱེད་པ་ནི་དྲག་ཤུལ་ལ་སོགས་པའི་སྒོ་ནས་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་རྣམ་པར་དག་པ་གསུངས་པ་ནི་དེ་བཞིན་གཤེགས་པ་ཞེས ་པ་ལ་སོགས་པའོ།། དེ་ལ་ཚིག་གི་ལམ་ནི་ལྗགས་ཏེ་དེས་གསུངས་སོ།། དེའི་མཐུ་གསུངས་པ་ནི་དེ་ནས་འདི་ནི་ཞེས་པ་སྟེ། གང་ལྡན་པ་དེ་བརྗོད་ན་དེར་འགྱུར་བ་ཡིན་ནོ།། དེ་ནས་ཧཱུཾ་ལས་གྱུར་པའི་དཀྱིལ་འཁོར་གྱི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ ་སྨོས་ཏེ། འདིར་དཀྱིལ་འཁོར་རྫོགས་པ་བཀོད་པ་དེའི་དབུས་ཀྱི་གདན་རྩེག་མ་ལ་ཡི་གེ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་འཛིན་རང་གི་གཟུགས་སུ་རབ་ཏུ་བརྟག་གོ། སྐུ་གསུང་ཐུགས་ཞེས་པ་ནི་རྡོ་རྗེ་འཛིན་ཉིད་ཀྱི་ས་བོན་ཧཱུཾ་སྙིང་ལ་རྣལ་འབྱོར་པ་དེ་ཡིས་བསྒོམས ་ན་དེར་འགྱུར་རོ།། དེས་ནི་སྐུ་ཉིད་བསྒོམ་པ་མ་ཡིན་ནོ།། དེ་ཡི་རང་གི་དཀྱིལ་འཁོར་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་གཞལ་ཡས་ཁང་དུ་སྤྲུལ་པ་སྟེ། རང་སྔགས་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ། རང་རང་གི་གཙོ་བོ་གཙོ་བོར་སྙིང་པོ་ཁོ་ནས ་བསྐྱེད་པར་བྱའོ།། བསྐུལ་བའི་སྔགས་དང་འབྲེལ་བའི་སྐུ་མདོག་ལ་སོགས་པ་བསྟན་པ་ནི་རང་སྔགས་སྐྱེས་བུ་ཞེས་པ་སྟེ། གཙོ་བོ་རང་རང་གི་ས་བོནི་ཁོ་ནས་རང་རང་གི་དཀྱིལ་འཁོར་དུ་བསྒོམས་ནས། དེ་དག་གི་སྙིང་ག་དང་མགོ་དང་ལྕེ་སྟེང་དང་གསང་བ་ནི་གནས ་བཞིའོ།། དེར་སྐུ་མདོག་ལ་སོགས་པ་དང་ལྡན་པ་ནི་གཟུགས་ཀྱི་ཚུལ་ཏེ། དེ་ཞལ་གསུམ་གྱི་ཚུལ་གྱིས་དཀར་པོ་ལ་སོགས་པ་ཁ་དོག་ཀྱང་གསུམ་དུ་བསྒོམ་པར་བྱའོ།། དེ་ལ་འདི་ནི་ཞེས་པ་གོང་གི་ཕྱག་རྒྱ་བཞི་དང་ལྡན་པའི་སྐུ་གསུང་ཐུགས་སོ།། སྙིང་གའི ་དབུས་སུ་ཞེས་པ། རང་རང་གིས་གནས་སུ་ཟླ་བ་དང་། རང་རང་གི་ཕྱག་མཚན་གྱིས་དབུསུ། ས་བོན་ལས་གྱུར་པའི་ཕྲ་མོའི་དཀྱིལ་འཁོར་ནི་བདག་ཉིད་ཀྱི་དཀྱིལ་འཁོར་དང་། དེའི་མདུན་དུ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཡང་བསམ་པར་བྱའོ།། ཡི་གེའི ་མཆོག་ཅེས་པ། ས་བོན་ཐམས་ཅད་ཀྱི་མཆོག་ནི་ཧཱུཾ་སྟེ། དེའི་རྡོ་རྗེའི་དབུས་སུ་བསམ་པར་བྱའོ།། གཞན་ལ་ཡང་སྦྱར་རོ།། ཕྱག་མཚན་ཡང་གསུངས་པ། རྡོ་རྗེ་ཆེན་པོ་རྩེ་ལྔ་བ་ཞེས་པ་རྣམས་སོ།། དེ་ལ་རྟག་ཏུ་ཞེས་པ་ནི་དུས་བཞིའོ།། ་སྦྱོར་བས་ཞེས་པ་ནི་ཏིང་ངེ་འཛིན་གསུམ་ལ་གང་སྦྱོར་བའོ།། ཀྱོ་བ་ནི་རྡོ་རྗེ་ལྕགས་ཀྱོའི་ཁྱད་པར་གྱིསོ།། རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའོ།། དེ་ནས་ཡེ་ཤེས་སེམས་དཔའ་དེའི་སྙིང་གར་ལྕགས་ཀྱོས་བརྡབ་སྟེ་ཛཱ་ལ་སོགས་པས་བསྐུལ་བར་བྱའོ།། གཞན་དག ་ཀྱང་བསྐུལ་བ་ནི་འཁོར་ལོ་ཞེས་པ་ལ་སོགས་པ་སྟེ། རིགས་ཞེས་པ་ནི་གཞན་ལ་ཡང་སྦྱར་རོ།། དེ་ཡང་འོད་ཟེར་གྱི་ངོ་བོའི་རྡོ་རྗེའི་ལྕགས་ཀྱོའི་བསྐུལ་བར་བཤད་ཅེས་སོ།། སྔགས་ཀྱི་ཆེ་བ་གསུངས་པ་འདི་ནི་ཞེས་པ་ལ་སོགས་པའོ།། དེ་ལ་རོལ་མོ་ཞེས ་པ་ནི་རྣལ་འབྱོར་པ་བསྒྲུབ་པའི་ཡན་ལག་དང་ལྡན་པ་ལ་རྒྱལ་བ་རྣམས་ཀྱིས་གཟིགས་པ་དང་། སེམས་ཅན་གྱི་དོན་བྱེད་པའི་རོལ་མོ་དེ་ལས་འབྱུང་བའི་ཐ་ཚིག་གོ།། དེ་ཁོ་ན་གསལ་བར་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། བཀའ ་སྩལ་པ་དང་འབྲེལ་ཏོ།། དེ་ལ་སྔགས་ཀྱི་སྐྱེས་བུ་ནི་ས་བོན་ལས་གྱུར་པའི་ལྷ་རྣམས་སོ།། དེ་ལ་རྡོ་རྗེ་ལ་སོགས་པ་རྣམས་སོ།། དེའི་ཡེ་ཤེས་སེམས་དཔའོ།། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་སྦྱོར་བ་ཡིས། དངོས་པོ་ཐམས་ཅད་ནི་གཟུགས་ལ་སོ།། ་པའི་ལྷའི་རང་བཞིན་དུའོ།། དེའི་རིགས་མ་དབང་ཕྱུག་ཅེས་པ་ནི་རང་གི་ཤེས་རབ་མའོ།། ལྷ་མོའི་གཟུགས་བརྙན་ལ་ཞེས་ཏེ། དངོས་ལའོ།། རྡོ་རྗེ་དང་པདྨ་གཉིས་སྦྱོར་བར་བསྒོམ་ཞིང་ཡབ་ཀྱི་དགྱེས་པ་ཡུམ་ལ་སྟོབས་པ་ལ་སོགས་པ་བྱའོ།། དཀྱིལ ་འཁོར་གྱི་རང་ཅན་གྱི་བུད་མེད་ཇི་སྙེད་པ་ལྷ་མོར་སྤྲུལ་ནས་མི་དབྱེ་བར་སྤྱད་པ་ནི་དེ་ནས་ཞེས་པ་ནས་མཐའ་བར་དུ་རིག་པར་བྱའོ།། རྡོ་རྗེ་གསུམ་པོ་ཞེས་པ་རྣམས་ཀྱིས་ནི་ཐེག་པ་ཆེ་བའི་ཚུལ་ཡང་བསྟན་ཏོ།། ལེའུ་བཅུ་བའི་དོན་རྫོགས་སོ།། ་ད་ནི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད། རིག་པའི་སྐྱེས་བུར་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་སྐྱེས་བུ་ཞེས་པ་ནི་སྟོང་པ་ཉིད་དང་ལྡན་པའི་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་ལས་བྱུང་བས་སྐྱེས་བུ་མཆོག་ཅེས་ཏེ། དེ་ཉིད་ལ་ཞུགས་ཏེ་གསུངས ་སོ་ཞེས་པ་དང་འབྲེལ་ཏོ།། དེ་ལ་རྡོ་རྗེ་ཡང་ཡིན་ལ་སྔགས་ཀྱང་ཡིན་པས་དེ་སྐད་ཅེས་བྱ་སྟེ་ས་བོན་ནོ།། དེ་ལས་བྱུང་བ་ནི་རིག་པའི་སྐྱེས་བུ་སྟེ་དེ་སྒྲུབ་པར་བྱ་བའི་ལེའུ་འདི་གསུངས་སོ་ཞེས་སོ།། དེ་ལ་རྡོ་རྗེ་མཆོག་གསུམ་ཞེས་པ། ཨོཾ་དང་ཨཱཾ་དང་ཧཱུཾ་ངོ་།། ཕྱག ་རྒྱ་ཆེན་པོ་ཞེས་པ་ས་བོན་གྱི་སྔགས་རྣམས་ཀྱིས་མངོན་པར་རྟོགས་པའི་ལྷ་བསྐྱེད་ནས་བསྒོམ་པར་བྱའོ།། དེའི་ཡེ་ཤེས་རྡོ་རྗེ་ཞེས་པ་ནི་རྒྱུ་ཡིས་དཀྱིལ་འཁོར་གྱི་ལྷ་བྱིན་གྱིས་བརླབས་ཟིན་པ་དང་། སེམས་ཅན་རྣམས་དཀྱིལ་འཁོར་ནས་ཕྱུང་ནས་སོ ་སོའི་ཞིང་ཁམསུ་དགོད་དོ།། དེ་ནས་སྦྱོར་བའི་ཆོ་གས་ལྷག་སེམས་ལས་འབྲུ་ལྔར་བསྐྱེད་དེ། ཧོ་ཨོཾ་ཨ~ཾ་ཧཱུཾ་ཧོ་ཞེས་རིག་མའི་པདྨར། ཤེས་རབ་དང་སྙིང་རྗེའི་རང་བཞིན་ཧོ་གཉིས་ཀྱི་བར་དུའོ།། རྗེས་སུ་ཆགས་པས་ཡི་གེ་གསུམ་ཞུ་བར་མཐོང་སྟེ། དེའི ་འོད་ཀྱིས་ཧོ་གཉིས་ཀྱང་ཟླ་བར་ཞུ་བར་མཐོང་ནས། དེའི་འོད་ཀྱི་གོང་བུར་གྱུར་ཏེ། དེ་ལས་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་བཞུགས་པ་ལས་དེར་མ་ཞུགས་པར་ལོངས་སྤྱོད་པའི་སྐུ་དོན་མཛོད་ཅིག་པར་ཚད་མེད་པ་བཞི་ལས་བྱུང་བའི་སྤྱན་མ་ལ ་སོགས་པ་བཞིས་དབྱངས་ཀྱིས་བཞེངས་པར་བསྐུལ་བ་ལ་སོགས་པ་བྱའོ།། སྐུའི་རྡོ་རྗེ་ལ་སོགས་པའི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བར་གྱིས་ས་བོན་གསུམ་སྟེ། ཨོཾ་ལ་སོགས་པའོ།། དེ་ལ་རྡོ་རྗེ་ཀུན་ལས ་སྐྱེས་ཤེས་པ་དང་པོ་རིམ་པ་དང་བཅས་ནས་མཚམས་བཅིང་བའི་ཕྱིར་དབང་ཆེན་གྱི་དཀྱིལ་འཁོར་པདྨའི་གྲཝ་བཞིར་རྩེ་གསུམ་པའི་རྡོ་རྗེས་མཚན་པ་ལ་སོགས་པ་བྱའོ།། རྡོ་རྗེ་བརྒྱན་པ་དེ་རུ་ཡི་གེ་བྷྲཱུཾ་འཁོར་ལོ་ལས་བྱུང་བ་དང་དེ་ཉིད་བསྒོམ་པར ་བྱའོ།། དེའི་དོན་ནི་གསུམ་སྟེ་དབང་ཆེན་ནས་བརྩམས་ནས་རྡོ་རྗེར་གྱུར་པ་དང་། དེ་ནས་འཁོར་ལོར་གྱུར་པ་དང་། སྣང་མཛད་གཞལ་ཡས་ཁང་དུ་གྱུར་པའོ།། དེ་ལྟར་དེ་དག་གི་ནང་དུ་ཧཱུཾ་དཀར་པོ་ལས་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་དུ་བསྒོམ ་དེའི་ནང་དུ་པདྨ་སྣ་ཚོགས། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོའི་སྟེང་དུ་བྷྲཱུཾ། ཡང་བྷྲཱུཾ་དང་འཁོར་ལོ་གཉིས་ལས་སྣང་མཛད་ཀྱི་སྐུར་གྱུར་ཏེ་ཡབ་ཡུམ་ཞུ་བ་ལས། གཞལ་ཡས་ཁང་གྲུ་བཞི་པ་ལ་བསྒོ་བཞི་པ་མུག་ཏི་ཧ་རེ་ཆེ ་ཆུང་དང་། དྲ་བ་དྲི་བྱེད་ལ་སོགས་པས་བརྒྱན་པའི་ནང་དུ་ལྷ་དགུ་བཅུ་གདན་སྣ་ཚོགས་པདྨ་རེ་བསམ་པ་ལ་སོགས་པ་བཞུང་བཞིན་དུ་བྱའོ།། དེ་ནི་ཟླ་བ་ལ་སོགས་པའི་གདན་ལ་ཡིག་འབྲུ་གསུམ་བསམས་ནས་བཟླ་བར་བསྟན་པ་ནི ་གསལ་བའི་དཀྱིལ་འཁོར་ཞེས་པ་རྣམས་ཏེ། དེ་ལ་གསལ་བ་ནི་ཟླ་བ་སྟེ་པདྨོ་དང་ལྡན་པའི་ཆོས་ཀྱི་དཀྱིལ་འཁོར་དང་། རྡོ་རྗེ་རྒྱ་གྲམ་རྣམས་ལ་ཡེ་ཤེས་ཀྱི་སྐུ་ལ་ཨོཾ་ལ་སོགས་པ་རྣམས་རིམ་བཞིན་སྤྲོ་སྟེ་ཟླ་བར་བྱའོ།། འོག་ནས་ཀྱང ་གསལ་བའི་དཀྱིལ་འཁོར་ཞེས་པ་རྣམས་ཀྱིས་ཟླ་བ་ལ་སོགས་པའི། གདན་གསལ་བར་བསྟན་ཏོ།། གལ་ཏེ་སྣང་མཛད་དང་ཚེ་དཔག་མེད་དང་། མི་བསྐྱོད་པ་རྣམས་རིམ་བཞིན་དུ་མི་ཕྱེད་པ་དང་། མི་རྨུགས་པ་དང་། ཆོས་བདག་མེད་པའི་ཕྱིར ་ན། དེ་དག་གི་གདན་ཁ་ཅིག་ཏུ་དཀྲུགས་པ་ཡིན་ནོ་ཞེས་ན། མ་ཡིན་ཏེ། ཀུན་ལ་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཡང་གལ་ཏེ་དབྱེར་མེད་པའི་ཕྱིར་མི་བསྐྱོད་པ་ལ་སོགས་པ་ལ་ཨོཾ་ལ་སོགས་པ་དཀྲུགས་ཏེ་བསྒོམ་པ་ཡིན་ནོ་ཞེ ་ན། དེ་ཡང་མ་ཡིན་ཏེ། ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།། དེའི་གནས་བྷྲཱུཾ་གྱིས་ཞེས་པ་རྒྱུ་དང་པོ་སྱེ་བྷྲཱུཾ་ལས་གྱུར་པའོ།། ཐབས་དང་ཤེས་རབ་ཀྱི་ས་བོན་གསུམ་ནི་སྙིང་པོ་སྟེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རང་བཞིན་དང་ལྡན་པ་ཨོཾ་ནི་ཞེས་པ ་རྣམས་ཏེ། སྐུ་ལ་སོགས་པ་བསྐྱེད་པའི་ས་བོན་ཡིན་པས་མཉེས་པར་བྱེད་པའོ།། དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆ་དང་གང་ལྡན་པ་རྡོ་རྗེ་སྟེ། དེ་ལས་རྒྱུ་དང་འབྲས་བུ་ནི་ས་བོན་དང་ས་བོན་ལས་གྱུར་པའོ།། རྡོ་རྗེ་གསུམ་བསྒོམ་པའི་དམ་ཚིག་སེམས ་དཔས་ཡེ་ཤེས་སེམས་དཔའ་ཡང་རྫོགས་པར་འགྱུར་བའོ།། དེ་དག་གི་གནས་གསུངས་པ། དབེན་ཞིང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྦྱོར་བ་ནི་ཐབས་ཀྱི་ངོ་བོ་རྡོ་རྗེའི་སྐུ་དང་ཞེས་པ་ནི་འབྲས་བུའི་ངོ་བོའོ།། ཟླ་བ་ཕྱེད་ནི་དུས་ཀྱི་མཚན་ཉིད་དོ།། ཡང ་སྒྲུབ་པའི་ཡན་ལག་དང་ལྡན་པས་གསལ་བར་བྱེད་པའི་ཁྱད་པར་གྱི་ལས་བསྟན་པའི་ཕྱིར་གསལ་བའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་གསལ་བ་ནི་ཟླ་བའི་དཀྱིལ་འཁོར་ཏེ་དེ་ན་མཁའི་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན ་པས་དེ་སྟེ་རྣམ་པར་དག་པའི་གཞལ་ཡས་ཁང་དེར་ཞེས་སོ།། ཟླ་བ་ལ་རང་སྔགས་ཞེས་པ་རང་གི་ས་བོན་ཁོ་ནས་སྣང་མཛད་ཆོ་ག་བཞིན་དུ་བསྐྱེད་པར་བྱས་ནས། དེའི་སྙིང་གར་འཁོར་ལོའི་དབུས་སུ་ཨོཾ་ཆོ ་ག་བཞིན་དུ་བཞག་པར་བྱའོ།། དེ་ཡང་སྣང་མཛད་བསྒོམས་ནས་ཤེའོ།། དེས་ནི་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་གསུངས་པ། འདིས་ཞེས་པ་ལ་སོགས་པའོ།། ད་ནི་གསུང་གི་རྡོ་རྗེ་དང་འདྲ་བར་བསྒྲུབ་པ་བསྟན་པའི་ཕྱིར། ཆོས་ཀྱི་དཀྱིལ་འཁོར་ཞེས་པ ་ས་སྨོས་ཏེ། དེ་ལ་ཆོས་ནི་པདྨའི་དཀྱིལ་འཁོར་ཏེདེ་ལ་རང་གི་ས་བོན་ལས་གྱུར་པའི་མཐའ་ཡས་ཇི་ལྟ་བཞིན་དུ་བསྐྱེད་ལ། ཨོཾ་དག་གི་ལམ་མགྲིན་པའི་པདྨའི་དབུས་བསམ་པར་བྱའོ།། འདིར་འཇིག་རྟེན་དབང་མཆོག་ནི་སྣང་བ་མཐའ་ཡས ་ཏེ་དེ་བསྒོམས་ནས་ཤེས་སོ།། ཡང་ཐུགས་ཀྱི་རྡོ་རྗེ་དང་འདྲ་བར་བསྒྲུབ་པ་བསྟན་པའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་ནི་རྒྱ་གྲམ་པའི་དཀྱིལ་འཁོར་ཏོ། དེ་ལ་རང་གི་ས་བོན་ཁོ་ནས་མི་བསྐྱོད་པ་ཆོ་ག་བཞིན་དུ ་བསྐྱེད་ནས། དེའི་ཡང་སེམས་སྙིང་གར་རྡོ་རྗེའི་དབུས་སུ་ཧཱུཾ་ཇི་ལྟ་བ་བཞིན་གནས་པར་བྱའོ།། དེ་དག་གི་དོན་ནི་འདི་སྟེ་སྙིང་རྗེ་ལ་སོགས་པ་དང་ལྡན་པ་དང་ལྡན་པ་ཆུ་ལ་སོགས་པའི་དབང་རྣམས་ཐོབ་པས་མི་སྣང་གོང་མའི་རིམ་པས་ཏཱིང་འཛིན ་གསུམ་རྫོགས་པར་བྱས་ཏེ། གྲུབ་པའི་མཚན་མ་ཐོབ་ནས། དུ་མའི་ངོ་བོ་དང་བྲལ་བ་གང་བདག་ཉིད་ཀྱི་ཕྱག་རྒྱ་དང་ལྡན་པ་དེ་ཉིད་གཅིག་པུ་བསྒོམས་ནས། སྐུ་ལ་སོགས་པ་གཏོང་བ་དང་དགག་པའི་དབང་དུ་བྱས་ནས་རིམ་གྱིས་སྤོ་བ ་ལ་སོགས་བྱ་བར་བསྟན་ཏོ།། ད་ནི་དམན་པའི་བསྒྲུབ་པས་མི་སྣང་བ་སྒྲུབ་པ་བསྟན་པའི་ཕྱིར། ཡེ་ཤེས་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་ནི་བདག་ཉིད་སྟོང་པ་ཉིད་དང་ལྡན་པ་ལ་སོགས་པ་བསྒོམས་ནས་དེ་དང་འདྲ་བ ་ཡང་བསྒོམ་པར་བྱའོ།། ནམ་མཁའི་སྙིང་པོའི་སྐུའི་ཕྱག་རྒྱ་ནི་རྡོ་རྗེ་ཆེན་པོ་སྟེ། དེར་གང་རྒྱར་བའི་ལུས་ཀྱི་གནས་རྣམས་ལ་ཡི་གེ་ཨོཾ་དམིགས་ན་རྡོ་རྗེ་ཡེ་ཤེས་ནི་རྣམ་འབྱོར་པ་སྟེ། དེ་ན་མཁའི་སྙིང་པོ་དང་འདྲ་བར་འགྱུར་རོ།། ཕྱི་མ་ལ་ཡང་རིམ་པ་བཞིན་དུ་སྦྱར ་ནས་སྦྱར་བར་བྱའོ།། དེ་དག་གི་ཡོན་ཏན་ལ་སོགས་པ་ནི་གོ་སླ་བས་མ་བཤད་དོ།། ད་ནི་འཇམ་དཔལ་སྒྲུབ་པ་ཡོན་ཏན་དང་བཅས་པར་བསྟན་པའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་ཞེས་རྣམས་སྨོས་ཏེ། དེ་ལ་རང་སྔགས་ཞེས་པ་རང་གི་ས་བོན་གྱིས་འཇམ་དཔལ ་ཆོ་ག་བཞིན་དུ་བསམས་ནས། དེའི་སྙིང་གར་ཨུཏྤ་ལའི་དབུས་སུ་ཡི་གེ་ཧཾ་ཇི་ལྟ་བ་བཞིན་བཞག་སྟེ་བསྒོམ་པར་བྱའོ།། བསམ་གཏན་གྱིས་ལས་གཞན་བསྟན་པའི་ཕྱིར་འོད་ཟེར་ཞེས་པ་རྣམས་སྨོས་ཏེ། གོང་གི་ཆོ་གས་ཡི་གེ་ཨོཾ་བསྒོམས་ན། རྡུལ་ཕྲན་རྡོ་རྗེའི ་ལུས་ཞེས་པ་རྣམས་ཐོབ་པར་བསྟན་ཏེ། དེས་ནི་གོང་གི་མི་སྣང་བའི་དོན་ཉིད་གསལ་བར་བྱས་པའོ།། ད་ནི་མི་བསྐྱོད་པ་ལ་སོགས་པ་བསྒྲུབ་པ་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ན་མཁའི་དབྱིངས་ནི་ནང་གི་གཞལ་ཡས ་ཁང་བརྩེགས་པར་རོ།། སངས་རྒྱས་དཀྱིལ་འཁོར་ཞེས་པ་ལྷ་བཅུ་དགུའི་བདག་ཉིད་དོ།། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་སྙིང་གར་གདན་ལ་ཨོཾ་བསྒོམ་པར་བྱའོ།། དེས་ནི་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། ་ཕྱི་མ་ལ་ཡང་སྦྱར་བར་བྱའོ།། ཡང་གསུངས་པ་ན་མཁའི་ཞེས་པ་རྣམས་ཏེ། དེ་ལ་ན་མཁའ་རྡོ་རྗེ་ཞེས་པ་འབྱུང་ལྡན་ཇི་ལྟ་བ་བཞིན་བསྒོམས་ལ། དེའི་སྙིང་གར་རིན་པོ་ཆེའི་གདན་ལ་ཡང་། ཨོཾ་བསམས་ནི་འདིར་གསུངས་པའི ་ཡོན་ཏན་དང་ལྡན་པར་འགྱུར་རོ།། ཡང་རྡོ་རྗེ་ཆོས་ཀྱི་བསྒྲུབ་པ་བསྟན་པའི་ཕྱིར། ན་མཁའི་ཞེས་པ་སྨོས་ཏེ། དེ་ལ་འཇིག་རྟེན་དབང་པོ་ནི་སྣང་བ་མཐའ་ཡས་ཆོ་ག་བཞིན་དུ་བསྒོམས་པའི་སྙིང་གར་པདྨ་ཡང་ཨོཾ་བསྒོམས་ན་ཞེས་སོ།། གདོན་མི་ཟ་བའི་བསྒྲུབ ་པ་བསྟན་པའི་ཕྱིར། ཡང་ན་མཁའི་ཞེས་པ་སྨོས་ཏེ། དེ་ལ་ཨུཏྤ་ལ་ལས་གྱུར་པའི་ཐོགས་མེད་ཇི་ལྟར་བ་བཞིན་བསྒོམས་ལ་དེའི་སྙིང་གར་ཡང་གོང་བཞིན་དུ་ཨོཾ་བསྒོམས་ན་ཞེས་པ་ཡིན་ནོ།། ད་ནི་འཇུག་བསྡུ་བའི་ཕྱིར། རྣམ་སྣང་གི་སྒྲུབ་པ་ལ་སྐུ ་གསུང་ཐུགས་རྣམས་ཀྱི་སྤྲོ་བ་དུས་གཅིག་བསྟན་པའི་ཕྱིར། ན་མཁའི་དབྱིངས་ཞེས་པ་རྣམས་སྨོས་ཏེ། དེ་ལ་རྡོ་རྗེ་སྣང་མཛད་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ལ་དེའི་སྙིང་གར་ཟླ་བ་ལ་སྐུ་རྡོ་རྗེ་ལ་སོགས་པའི་ཨོཾ་བསྒོམས་ན། དབུས་དང་ངག་དང་ཡིད ་གསུཾ་སྐུའི་རྡོ་ལ་སོཊཱ་བ་འདིར་གསུངས་པའི་སྟོན་དང་ལྡན་པར་འགྱུར་རོ།། འདིར་ཨོཾ་བསྒོམ་པ་ནི་སྐུའི་རིགས་ཀྱི་བདག་ཉིད་དང་ཡེ་ཤེས་ཀྱི་བདག་ཉིད་དེ། ཕན་ཚུན་དུ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་དག་གི་གནས་བསྟན་པའི་ཕྱིར་ཤིན་ཏུ་དབེན་པའི ་དགོན་དང་ཞི་བའི་ཚི་ཌ་བཅད་གསུང་ཏེ། འོག་ཏུ་ཡཱ་སྟེ། སོ།། དེར་ཙིནྡན་དཀར་དམར་དང་ཆུ་དང་སྨན་དང་དྲི་རྣམས་ཀྱིས་བྱུགས་ཏེ་མེ་ཏོག་ཀཪྵི་ཀ་ལ་སོགས་པ་རྣམས་དགྲམ་པར་བྱའོ།། འདིར་མི་བསྐྱོད་ཡེ་ཤེས་པ་རྣམས་ཀྱིས་མངོན་ཤེས་ལྔ་བསྒྲུབ ་པའི་ཕྱིར་རང་གི་ཏིང་ངེ་འཛིན་ལས་འབྱུང་བའི་ཆོ་ག་རྣམས་བསྟན་པའོ།། དེ་ལ་འདིར་དངཔ་ལ་མི་བསྐྱོད་པ་ཇི་ལྟ་བ་བཞིན་བསྒོམས་ནས། དེའི་གནས་ལྔ་མིག་དང་རྣ་བ་དང་སྙིང་ཁ་དང་ནུ་མ་གཉིས་ཀྱི་བར་དང་ལྟེ་བར་རྡོ་རྗེ་ཆེན་པོ་རྩེ་ལྔ་ལྔ་བསམས ་ན་ལྷའི་སྤྱན་ལ་སོགས་པ་ལྔ་དང་འདྲ་བར་འགྱུར་རོ།། མེ་སྟག་མང་པོ་འཁྲུག་པའི་རང་སྔགས་ཤེས་རང་རང་གི་ས་བོན་ལས་གྱུར་པའི་སྣང་མཛད་བསྒོམས་ལ་འཁོར་ལོ་ལྔའི་སྦྱོར་བ་ཞེས་པ་དེའི་ཡང་གནས་ལྔ་ལ་བསྒོམས་ན་ཞེས་པ་ཡིན་ནོ།། ་དེ་དག་ནི་མཚོན་པ་ཅིམ་སྟེ་གཞན་དག་ཀྱང་བྱ་བར་མངོན་ནོ།། ནང་གི་གཞལ་ཡས་བརྩེགས་པའི་རྒྱུ་འཁོར་ལོ་དང་། སྣང་མཛད་ལས་གྱུར་པ་གཉིས་བསྟན་པའི་ཕྱིར། རྡོ་རྗེ་ན་མཁའི་ཞེས་པའི་ཚིགས་བཅད་གཅིག་སྨོས་ཏེ། བར་མ་གཉིས་ལ ་རིམ་བཞིན་མངོན་ནོ།། ད་ནི་རང་རང་གི་ས་བོན་ལ་མི་གཡོ་བའི་རང་བཞིན་དུ་བསམ་པ་ནི་སངས་རྒྱས་དཀྱིལ་འཁོར་དབུས་གནས་པར་ཞེས་པ་རྣམས་ཏེ། བདག་ས་བོན་ལས་སྣང་མཛད་དུ་བསྒོམས་པའི་སྙིང་གར་ཨོཾ་ཇི་ལྟར་བསམས་ལ། སྔགས ་ཨོཾ་རྣམ་པར་ཤེས་པ་མི་གཡོ་བར་བསྒོམ་པ་ནི་འགོག་པའི་རྡོ་རྗེ་སྟེ། གཞན་དུ་མི་འཕྲོ་བར་བསྒོམས་ན་ཞེས་པ་ཡིན།། ཕྱི་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། དེ་དག་གི་དོན་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་བསྒོམས་པའི་གནས་སུ ་ཨོཾ་ལ་སོགས་པ་བསྒོམས་ལ། དེ་ལ་ཐིག་ལེར་གྱུར་པའི་སེམས་འགོག་པའི་རྡོ་རྗེ་ཞེས་པས་འཇུག་པ་ལ་སྤྱད་དོ་ཞེས་བསྒོམ་པར་བྱ་བ་ཡིན་ནོ།། ད་ནི་སྣང་མཛད་དུ་གང་གྱུར་པས་གོང་གི་ཟླ་བ་ལ་ཨོཾ་བསམས་ན་མོས་པའི་དབང་གིས ་བསྐལ་པ་གཅིག་ལ་སོགས་པར་གནས་པར་འགྱུར་བར་བསྟན་པའི་ཕྱིར། རྡོ་རྗེ་ན་མཁའི་ཞེས་པ་ལ་སོགས་པ་སྟེ། ཕྱི་མ་ལ་ཡང་སྦྱར་བར་བྱའོ།། སྤྱིའི་ཡོན་ཏན་དུ་མ་ཉིད་དུ་བསྟན་པ་ནི་སྐུ་དང་གསུངས་ཐུགས་ཞེས་པ་ལ ་སོགས་པ་སྟེ། དེ་ཡང་ཞེས་པ་ནི་བདག་ཉིད་དང་ལྡན་པའི་གཞན་དག་གིས། ཤིན་ཏུ་ཡང་འགྲུབ་པར་བསྟན་པ་ཡིན་ནོ།། འདིར་ཧ་ཅང་སྤྲོས་པ་ནི་མི་དགོས་ཀྱིས་གཏང་བར་བྱའོ།། ལེའུ་བཅུ་གཅིག་པའི་དོན་རྫོགས་སོ།། །། ད་ནི་སྔགས ་ལས་གྱུར་པའི་བསྒྲུབ་པ་དང་། ཡན་ལག་བཞིའི་ཐབས་ལ་སོགས་པའི་བསྟན་པའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་པ་ལ་སོགས་པ་སྟེ། དེ་ལ་བསྐྱེད་པའི་ཡེ་ཤེས་ཞེས་པའི་རྒྱུའི་ངོ་བོ་དང་། དེའི་ཕྱིར་བཀའ་སྩལ་པ་ཞེས་སོ།། དེའི་མི་རྟོག་ངོ་བོ ་ཉིད་སྔོན་དང་ཕྱི་མའི་མཐའ་སྤངས་པའི་རང་བཞིན་གྱིས་དག་པ་ལས་འགྲོ་བ་སྒྱུ་མ་བཞིན་དུ་སྣང་བའི་རོལ་མོ་བསྒོམ་པར་བྱའོ།། དེ་ཉིད་མི་སྣང་བ་ལ་སོགས་པའི་གནས་ནི་དགོན་པོའི་ཞེས་པའི་ཚིགས་བཅད་གཅིག་སྟེ། ཡན་ལག་རྣམས་དང་ལྡན ་བར་བྱའོ།། ཐོག་མར་ལུས་ལ་སོགས་པ་ལས་ས་བོན་ལས་གྱུར་པའི་འཇམ་དཔའི་དབྱངས་བསྒོམས་ནས། དེའི་སྙིང་གར་གདན་ལ་མུམ་བསམས་ཏེ་སྤྲོ་བ་ལ་སོགས་པ་བྱས་ནས་འཇམ་དཔལ་དང་འདྲ་ཞིང་ཐམས་ཅད་དུ་འཇམ་དཔལ་ཉིད་སྣང ་བར་འགྱུར་ལ་དངོས་ཉིད་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཀྱང་མཐོང་བར་མི་ནུས་ཞེས་པ་ཡིན་ནོ།། རྡོ་རྗེ་མི་ཕྱེད་ཅེས་པ་ལ་སོགས་པས། ད་ནི་རིལ་བུ་ལ་སོགས་པའི་རྫས་ལ་མི་སྣང་བར་བསྒྲུབ་པར་བསྟན་ཏོ།། སྔགས་ཀྱིས་མཚན ་པའི་རྒྱུ་ནི་བཤང་གཅི་ལ་སོགས་པ་ལྔའོ།། རྡོ་རྗེ་གསུམ་གྱི་མཚན་མ་ལྕགས་གསུམ་གསེར་དང་དངུལ་གསུམ་གྱིས་དཀྲིས་པ་ཨོཾ་ལ་སོགས་པའི་ས་བོན་དང་ལྡན་པར་བྱས་ཏེ། ས་བོན་ལས་གྱུར་པའི་རྣལ་འབྱོར་པས་ཁར་བཅུག་ནས་བཟླས ་ཤིང་བསྒོམ་པར་བྱའོ།། ཆོ་ག་དེ་ཁོས་རིལ་བུ་དེ་ལ་ཀུན་གྱི་ཐུགས་ནི་གཉིས་སུ་མེད་པའི་སྟོང་པ་ཉིད་དེ། དེ་དེར་བསྒོམས་ན་ཞེས་སོ།། འཁོར་ལོ་འོད་འཕྲོ་ཞེས་པས་ནི་དེ་ཉིད་བསྒྲུབ་པར་བསྟན་པ་སྟེ། སྔོན་དུ་རང་གི་སྔགས་ས་བོན་ཁོ་ནས་སྣང་མཛད་དུ ་བསྒོམས་ནས་དེའི་ལག་པར་གསེར་ལ་སོགས་པའི་རྫས་ལས་འཁོར་ལོ་འོད་འཕྲོ་བྱས་ཏེ། དེ་གཙོ་བོ་ལ་སོགས་པའི་དཀྱིལ་འཁོར་བཞུགས་པའི་གནས་སུ་བསྒོམས་ན་འདིར་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ།། རྡོ་རྗེའི་སྒྲུབ་པ་ལ་སོ།། ་པ་བསྟན་པའི་ཕྱིར། རྡོ་རྗེ་ཆེན་པོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་ཀྱང་གོང་བཞིན་དུ་ས་བོན་གྱིས་རང་གི་ལྷར་བསྒོམས་ནས། དེའི་ལག་ཏུ་རྫས་ལས་རང་རང་གི་ཕྱག་མཚན་བྱས་ཏེ། རང་རང ་གཙོ་བོར་གྱུར་པའི་གནས་སུ་བསྒོམས་ན་སོ་སོའི་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུརརོ།། ཨོཾ་གྱི་རིལ་བུ་ཙི་ན་ཀའི་འབྲུ་ཚད་ཅེས་པ་རྣམས་ཀྱིས་ནི་གོང་དུ་གསུངས་པའི་རིལ་བུ་གསལ་བར་བྱ་བ་དང་། དེ་རྫོགས་པར་བྱ་བའི་ཕྱིར། ་དེའི་ཡི་གེ་འབྲུ་དང་ཚད་དང་རང་གི་ལྷ་དང་གནས་དང་ཡོན་ཏན་བསྟན་ཏོ།། འཁོར་ལོ་བསྒྲུབ་པ་ལ་སོགས་པ་གོང་དུ་གསུངས་པའི་དོན་གསལ་བར་བྱེད་པ་དང་། དེ་རྫོགས་པར་བྱ་བའི་ཕྱིར་གནས་དང་རང་རང་གི་གཙོ་བོ་བསྒོམ་པ་དང་། དེའི་ལག་ཏུ ་རང་གི་ཕྱག་མཚན་བསྒོམས་པ་དང་། རྣལ་འབྱོར་པའི་མཚན་ཉིད་ཀྱིས་བསྒྲུབ་པ་བསྟན་ཏོ།། དེ་ནི་ན་མཁའ་དབྱིངས་གསལ་བའི་ཞེས་པའི་དོན་ལྔས་བསྟན་ཏོ།། གོང་མ་བཞིན་དུ་གཞན་ལ་ཡང་སྒྲུབ་པར་གསུངས ་པ་ནི་ཏྲི་ཤུལ་ཀྱོ་བ་ཞེས་པ་ལ་སོགས་པ་སྟེ། སྐུ་ལ་སོགས་པའི་རིམ་པས་སོ།། ལམ་གྱི་བཞི་མདོ་ཞེས་པ་ལ་སོགས་པས་ནི་དགུག་པའི་ཆོ་ག་བསྟན་ཏོ།། དེ་ལ་མཚན་མ་གཅིག་ནི་བདེ་བའི་ལིང་ཀ་སྟེ། དེ་བཞི་ནི་གནས་སུ་ཡན་ལག་དང་ལྡན ་པས་སྔགས་ལས་གྱུར་པའི་སྐྱེས་བུ་བསམས་ནས་ཀྱོ་བ་དང་ལྕགས་ཀྱོ་ལ་སོགས་པས་སྐུ་ལ་སོགས་པའི་རྡོ་རྗེ་དགུག་པའི་ཕྱིར། དགུག་བྱ་དེ་ཉིད་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། དེ་ཉིད་སངས་རྒྱས་དགུག་པ་སྦྱོར་བའི་དམ ་ཚིག་ལས་བྱུང་བ་ཞེས་སོ།། དེ་ཉིད་ཀྱིས་རྣམ་པར་སྣང་མཛད་འཁོར་ལོའི་མཆོག་ཅེས་པ་ལ་སོགས་པས་རིགས་གང་གཙོ་བོར་གྱུར་པའི་ཕྱག་མཚན་བསྒོམས་ནས། དེ་རྒྱལ་བ་དག་གི་གནས་སུ་བསམས་ན་ནི། འཁོར་ལོ་ལ་སོགས་པ་དེ ་དག་ནི་དམ་ཚོགས་སྟེ། དེ་དགུག་པ་ནི་ལྕགས་ཀྱོ་ཁོ་ནས་བྱ་བའོ།། དེས་ནི་གོང་དུ་རླུང་ལ་གནས་པ་ནི་འཁོར་ལོ་ལ་སོགས་པས་ཀྱང་དགུག་པར་མངོན་ནོ།། འགུགས་བྱེད་ཉིད་ཇི་ལྟ་ཞེ་ན། རྣམ་པ་དང་ལྡན་པའི་སྐུ་གང་ཡིན་པ་བསྒོམས་ལ། ་དེའི་ལག་ཏུ་སྐུ་གསུང་ཐུགས་ཀྱི་རང་བཞིན་ཀྱོ་བ་ལ་སོགས་པ་བསྒོམས་ནས་རླུང་ལ་གནས་པའི་སྒྲུབ་བྱ་དགུག་པར་བྱས་ན་ཞེས་སོ།། དེ་ནི་རྣམ་པའི་མཆོག་ཅེས་པ་ལ་སོགས་པས་ནི་དབྱེར་མེད་པའི་རྣམ་པའི་ཕྱིར། བཟའ་བའི་སྦྱོར་བར ་གསུངས་སོ།། བདག་རིགས་གང་ཡིན་པ་དེའི་རྡོ་རྗེའི་སྦྱོར་བས་དེ་ཉིད་བསྒོམས་ན་ཞེས་སོ།། གསང་བ་གསུམ་ཞེས་པ་ནི་ཧཱུཾ་གིས་སྦྱང་བ་དང་། ཨཾ་གཱིས་རྟོགས་པར་བྱ་བ་དང་། ཨོཾ་ཀྱིས་འབར་བར་བསྒོམ་པའོ།། ཤ་ཆེན་ལ་སོགས་པ་ནི་གོ་སླ་བ ་སྟེ། མེད་ན་ཡང་བསམ་པ་ནི་དོགས་པ་མེད་པའི་སེམས་ཀྱིས་ཤ་རྣམས་མ་རྙེད་ན་ཁ་ཟས་ཀུན་ལ་དེ་ཉིད་བསྒོམ་ཞིང་བརྟག་གོ།། ཕྱག་རྒྱ་བཞི་སྐུ་ཉིད་ལ་ལྡན་པར་བསྟན་པའི་ཕྱིར། རྡོ་རྗེ་ཅན་གྱི་ཞེས་པ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད ་མཆོག་ལྡན་པ། རང་ལུས་དགྲ་ཡིད་རྡོ་རྗེར་བརླབས་པའི།། སྙིང་གར་ཡེ་ཤེས་དམ་ཚིག་སྟེ། རྡོ་རྗེ་མཆོག་འཛིན་ཅོད་པན་དུའོ།། དེ་ཡི་ལྕེ་ལ་ཧཱུ~ཾ་ལས་རྡོ་རྗེ་བསྒོམ་པར་བྱས་ནས། བདུད་རྩི་ལྔ་དག་པར་བྱེད་པའི་ཆོ་གས་ཟོས་ན་རྡོ་རྗེ་གསུམ ་ཐོབ་པར་འགྱུར།། དེའི་ཆོ་ག་ནི་གྲོང་གི་རྡོ་རྗེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿལས་བསྐྱེད་པའི་པདྨོའི་སྣོད་དུ་བརྟགས་ཏེ་དེའི་ནང་གི་བདུད་རྩི་ལྔ་ལ་འབྲུ་ལྔས་མཚན་པར ་བྱའོ།། ཤ་ལྔ་ཡང་དེ་སྟེ། རྡོ་རྗེའི་འོད་དང་མེ་འབར་བས། དེ་ཀུན་ཞུ་བ་ལ་སོགས་པར་བྱ་བ་དང་། རོ་མི་བཟད་པ་མྱོང་བ་སྟེ། དེའི་སྟེང་དུ་ཨོཾ་དཀར་པོ་བཀོད་པའི་འོད་ཀྱིས་རྒྱལ་བའི་གཟུགས་རྣམས་དེའི་ནང་དུ་ཐིམ་ནས། འབྲུ་གསུམ་གྱི ་གཟུགས་ཀྱིས་མངོན་པར་དུ་མ་བཟླས་ནས་བདག་དང་དཀྱིལ་འཁོར་གྱི་ལྕེ་ལ་ཧཱུཾ་ལས་གྱུར་བའི་རྡོ་རྗེ་བསྒོམས་ནས། སྙིང་གི་ཟླ་བའི་དཀྱིལ་ན་གནས་པའི་འཁོར་ལོ་ཚིམ་པར་བྱའོ།། ལ་ལ་དག་ནི་ལྕེའི་རྡོ་རྗེའི་ཧཱུཾ་གི་སྟེང་འོག་ཏུ་ཨོཾ་ཨོཾ ་བསམས་ཏེ། བཟླས་པས་སྐུ་ལ་སོགས་པའི་འོད་ཀྱིས་ཟས་ཀྱི་དངོས་པོ་རྣམས་ཞུ་སྟེ། མི་དམིགས་པ་ཁོ་ནར་བྱའོ།། ཞེས་སོ།། ཆོ་ག་དེའི་ཡོན་ཏན་གསུངས་པ། རྡོ་རྗེ་དམ་ཚིག་ལ་སོགས་པའོ།། འཁོར་ལོའི་དམ ་ཚིག་ཅེས་པ་ལ་སོགས་པས་ནི་དེ་ཉིད་ཀྱིས་རིགས་འཛིན་ལ་སོགས་པ་གྲུབ་པའི་ཡོན་ཏན་བསྟན་ཏོ།། ད་ནི་གོང་དུ་གསུངས་པའི་མངོན་པོར་ཤེས་པའི་ངོ་བོ་དང་ཡོན་ཏན་རིམ་བཞིན་བསྟན་པའི་ཕྱིར། གངྒཱའི་བྱེ་སྙེད་སངས་རྒྱས་རྣམས།། ཞེས་པ ་བགྲོད་པར་འགྱུར་ཞེས་པའི་བར་དུ་གསལ་བར་སྨོས་སོ།། འདིར་ལུས་རྣམ་པར་བཞག་པའི་ཕྱིར། ཡན་ལག་བཞི་འབྲས་བུ་དང་བཅས་པ་གསུངས་པ། བསྙེན་པའི་དམ་ཚིག་ཅེས་པ་ལ་སོགས་པའོ།། བྱང་ཆུབ་མཆོག་གི་རང་བཞིན་ནོ།། རྣམ ་པ་གསུམ་གྱིས་ཡང་དག་བཤད།། གཞི་དང་ཐབས་དང་རང་བཞིན་གསུམ།། སོ་སོའི་བྱེ་བྲག་ཤེས་པར་བྱའོ།། སྤྱིའི་སྡོམ་གྱི་ཚིགས་སུ་བཅད་པའོ།། བྱང་ཆུབ་རྡོ་རྗེ་རྟོགས་པ་ཡི།། ཐབས་ནི་རྣམ་པ་བཞི་དག་སྟེ།། རྡོ་རྗེ་བྱེ་བྲག་བཅུ་དྲུག་དབྱེ།། དེ་ནས ་ལས་རྣམས་བརྩམ་པར་བྱ།། བར་གྱི་སྡོམ་གྱི་ཚིགས་སུ་བཅད་པའོ།། ཐོག་མར་སྙིང་རྗེ་སེམས་ལྡན་གཏོང་བ་ལ་སོགས་ཡོན་ཏན་བརྒྱན་པ་སྣོད་རུང་དང་།། དཔལ་ལྡན་འདུས་པའི་དོན་ཞུགས་ཆོ་ག་བཞིན་དུ་དབང་བསྐུར་སྣོད་བཅས་པས།། རཱི་ལ ་སོགས་པ་ཆུ་ཚོགས་ལྗོན་ཤིང་མཆོག་གི་ཕྲེང་བས་ཀླུབས་པའི་གནས་དེ་རུ།། སྤྲོ་བའི་སྒོ་ནས་ཕྱག་བཅིལ་མཆོད་དང་བཤགས་དང་བསྔོ་བ་དང་།། སྐྱབས་སུ་འགྲོ་དང་སེམས་བསྐྱེད་སྦྱོར་བ་དང་པོ་དང་།། དཀྱིལ་འཁོར་དོན་དང་ལས་ཀྱི་ཏིང་འཛིན ་རྣམས་ནི་དགེ་བ་འཕེལ་དོན་བྱང་ཆུབ་ཕྱིར་བྱའོ།། དོན་གོང་འོག་ཏུ་བསྟན་པས་བར་སྐབས་ཀྱི་ཚིགསུ་བཅད་པའོ།། སངས་རྒྱས་གཙོ་བོའི་ཡུམ་དག་ལ།། མཉེས་པར་བྱས་ཀྱང་མི་འཆགས་ཏེ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། བསྟེན ་ན་མྱུར་དུ་འགྲུབ་པར་འགྱུར།། དོན་གོང་དུ་བསྟན་པས་བསྡུ་བའི་ཚོགས་སུ་བཅད་པའོ།། དེ་རྣམས་ཀྱི་ཧ་ཅང་སྤྲོས་པ་ནི་ཡི་གེ་མངས་སུ་དོགས་པས་མ་བྲིས་ཏེ། གཞུང་བསྙག་གོ།། འདིར་བར་གྱི་སྡོམ་བཅད་པ། གོང་མའི་རིམ་པས་འབྲུ་གསུམ ་ཞུ་ནས་ཚད་མེད་པའི་རྒྱ་མཐུན་གྱི་གཟུགས་ཀྱི་ལྷ་མོ་བཞིས་དབྱངས་ཀྱིས་བསྐུལ་ནས།། ཡི་གེ་འབྲུ་དང་ཕྱག་མཚན་ལས་སྐུར་བསྐྱེད་པ་ནི་ཆུང་ངུའི་བསྙེན་པ། འབྲས་བུ་བཞི་ལས་ནི་རྒྱུ་མཐུན་གྱི་འབྲས་བུའོ།། འུང་ནས་ཕུང་པོ་ལ་སོགས་པ་བྱིན ་གྱིས་བརླབ་པའི་རྣམ་སྨིན་མེད་པ་ལ། ཐམས་ཅད་མཁྱེན་པ་མི་འགྲུབ་པའི་ཕྱིར། རྡོ་རྗེའི་སྐྱེ་མཆེད་རིམ་པ་འདིས་རྣམ་པར་སྤྱད་པའོ།། མིག་གཉིས་ལ་ཀྵིཾ་དང་འཁོར་ལོ་ལས་སྣང་མཛད་དང་འདྲ་བའི་སའི་སྙིང་པོ་བསྒོམ་པར་བྱའོ།། དེ་ལྟར་རྣ ་བ་དང་སྣ་དང་ལྕེ་དང་སྤྱི་བོ་དང་ལྟེ་བ་ལ་རིམ་བཞིན་དུ་ཛཾ་དང་ཁཾ་དང་གྷཱ་དང་ཀཾ་དང་སཾ་དང་རང་རང་གི་ཕྱག་མཚན་ལས་གྱུར་པའི་ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། ངག་གི་དབང་ཕྱུག་དང་། སྒྲིབ་པ་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། དེ ་རྣམས་བསྒོམ་མོ།། གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་རིམ་བཞིན་དུ། ཛཿཧཱུཾ་བཾ་ཧོཿཁཾ་རེ་དང་། རང་རང་གི་ཕྱག་མཚན་ལས་གྱུར་པའི། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་བསྒོམོ།། ཕྱི་ནང་གི་སའི་ཁམས་ལ་སོགས་པ་ལ་རིམ ་བཞིན་དུ་ལཾ་དང་། མཾ་དང་པཾ་དང་། ཏཾ་དང་། རང་རང་གི་གཙོ་བོའི་ཕྱག་མཚན་ལས་གྱུར་པའི་སྤྱན་མ་ལ་སོགས་པ་བསྒོམ་མོ།། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་རིམ་བཞིན་དུ་བྷྲཱུཾ་དང་ཨོཾ་དང་ཛཾ་དང་ཁཾ་དང་ཧཱུཾ ་དང་རང་རང་གི་ཕྱག་མཆིན་ལས་གྱུར་པའི་སྣང་མཛད་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་མེད་དང་། གདིན་མི་ཟ་དང་། མི་བསྐྱོད་པར་བསྒོམ་པར་བྱའོ།། དེ་ནི་ཆུ་ངུའི་ཉེ་བར་བསྒྲུབ་པ་དང་། རྣམ་སྨིན་གྱི་འབྲས་བུའོ།། འུང་ནས་སྐུ་སུམ ་གྱིས་རྣམ་པར་དག་པའི་དོན་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར། བདག་རང་གི་གནས་སུ་ཧཱུཾ་དང་ཨོཾ་དང་ཨོཾ་ལས་རང་རང་གི་ཕྱག་མཚན་དུ་གྱུར། དེ་གཉིས་ལས་སྐུར་བསམས་ཏེ། སྐུའི་ཐུགས་ཀའི་ཕྱག་འཚན ་དང་ཡིག་འབྲུ་ལས་ལྷ་མོ་དགུ་སྤྲོས་ནས་རང་རང་གི་རིགསུ་གཏོགས་པ་ལ་མཆོད་པར་བསམ་ཞིང་དབྱངས་ཀྱིས་བསྐུལ་བས།། ཐིམ་པ་དང་སོ་སོའི་སྔགས་བརྗོད་པ་ལ་སོགས་པ་ནི་ཆུང་ངུའི་སྒྲུབ་པ་སྐྱེས་བུ་བྱེད་པའི་འབྲས་བུའོ།། ལུང་ནས ་ཐུགས་ཀའི་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་བསྒོམ། དེའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་རྒྱལ་བ་རྣམས་བསྐུལ་ནས། ལུས་ལ་ཐིམ་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་མང་པོར་སྤྲོས་པས་དབང་བསྐུར་བར་བས། སྤྱི་བོའི ་དབུ་བརྒྱན་ལ་མི་བསྐྱོད་པ་བསྒོམ་པར་བྱའོ།། དེ་ལྟར་དབང་བསྐུར་བ་ནི་ཆུ་ངུའི་སྒྲུབ་པ་ཆེན་པོ་བྲལ་པོའི་འབྲས་བུའོ།། འབྲིང་གི་ཡན་ལག་བཞི་ནི་བདག་གིཙོ་བོའི་སྐུར་བསྐྱེད་ཙམ་ན། ཡུམ་ཡང་མྱུ་གུ་དང་གྲིབ་མོའི་ཚུལ་དུ་བསྐྱེད་པ་ནི ་འབྲིང་གི་བསྙེན་པ། བདག་དང་འདྲ་བར་ཡུམ་གྱི་མིག་ལ་སོགས་པ་གོང་བཞིན་བྱིན་གྱིས་བརླབ་པ་ནི་འབྲིང་གི་ཙཱ་བའི་སྒྲུབ་པ། དེ་ཉིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ནི་འབྲིང་གི་བསྒྲུབ་པའོ།། ཡུམ་དེའི་ཐུགས་ཀར་ཡེ་ཤེས ་སེམས་དཔའ་བསྒོམས་ལ་དབུ་རྒྱན་ལ་བདག་པོས་དབང་བསྐུར་བ་ནི་འབྲིང་གི་བསྒྲུབ་པ་ཆེན་པོའོ།། འབྲས་བུ་བཞི་ནི་གོང་མ་བཞིན་སྦྱར་རོ།། ལྷོ་བཅུ་དགུའི་གདན་དང་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྐྱེད་པ་ནི་ཆེན་པོའི་རྒྱུ་མཐུན་པའི ་འབྲས་བུ་དང་ཆེན་པོའི་བསྙེན་པའོ་ལྷ་རྣམས་རེ་རེ་ཞིང་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཆེན་པོའི་རྣམ་སྨིན་གྱི་འབྲས་བུ་ཆེན་པོའི་ཉེ་བའི་བསྒྲུབ་པའོ།། གསོལ་བ་གདབ་པ་མེད་པ་ཐམས་ཅད་སྐུ་གསུང་ཐུགསུ་བྱིན་གྱིས་བརླབ་པ ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ཆེན་པོའི་བསྒྲུབ་པའོ།། ལྷ་བཅུ་དགུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་ནས། དབུ་རྒྱན་ལ་རིགས་ཀྱི་བདག་པོས་དབང་བསྐུར་བ་ནི་ཆེན་པོའི་བྲལ་བའི་འབྲས་བུ་དང་། ཆེན་པོའི་སྒྲུབ ་པ་ཆེན་པོའོ།། སྦྱོར་བའི་བསྙེན་བསྒྲུབ་བཞི་ནི་སྒྲུབ་བྱ་དང་སྒྲུབ་པ་པོ་གཉིས་ཀྱི་པདྨ་དང་རྡོ་རྗེའི་སྦྱོར་བ་ནི་བསྙེན་པའོ།། རྡོ་རྗེ་དང་པདྨོ་ལྷན་ཅིག་ཞུགས་པའི་དེ་མ་ཐག་གང་རེག་པ་དེ་ནཱི་ཉེ་བའི་སྒྲུབ་པའོ།། རྡོ་རྗེ་དང་པདྨ་ཧཱུཾ་ལས་སྐྱེད་པ་ལ། ཕན ་སེར་པོས་སེམས་བྱུང་བ་དགག་པའི་ལས་ཁྱད་པར་གྱི་ངོ་བོས་བསྐྱོད་པ་དེ་ནི་བསྒྲུབ་པའོ།། དེའི་དེ་མ་ཐག་གཉིས་སུ་མེད་པ་དེ་ལས་བདེ་བ་ཆེན་པོ་འབྱུང་བ་ནི་བསྒྲུབ་པ་ཆེན་པོའོ།། འདིར་དང་པོའི་རིམ་པས་དང་པོའི་སྟོང་པར་བསྒོམ་པ་ནས ་ནུ་རཱ་གས་རྗེས་སུ་ཆགས་པ་མཐར་ཐུག་པ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ།། དཀྱིལ་འཁོར་དབྱུང་བ་ནས། བདུད་རྩི་མྱང་བའི་མཐར་ཐུག་པ་ནི་རྒྱལ་བའི་མཐར་ཐུག་པ་ནི་རྒྱལ་བའི་མཆོག་གི་ཏིང་ངེ་འཛིན ་ཏོདེའི་དེ་མ་ཐག་གི་ཐིག་ལེའི་སྦྱོར་བ་ནས། བསྡུས་པས་མཐར་ཐུག་པ་ནི་ལས་ཀྱི་རྒྱལ་བའི་མཆོག་གི་ཏིང་ངེ་འཛིན་དོ།། སྨོན་ལམ་དང་ཁྲུས་དང་དབང་བསྐུར་དང་། སྡོམ་པ་བཟུང་བ་དང་། ཉལ་བ་དང་ལངས་པ་དང་། བཟའ་བའི་ཆོ་ག ་དང་སྤྲོ་བསྡུ་དང་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་སྟེ་གོ་སླ་བས་གཞུང་བསྙེག་གོ། ཧ་ཅང་སྤྲོས་པ་བཞག་གོ།། ཐབས་ཤེས་རབ་ཀྱི་ཏིང་འཛིན་ལ་སྦྱོར་བས། གཙོ་བོའི་བྱང་ཆུབ་ས་བོན་དང་ལྡན་པར་བསྒོམ་པར་བྱའོ།། བསྙེན་པའི་བྱེ ་བྲག་ནི་ཐུན་མོང་མཆོག་གི་བྱེ་བྲག་གིས། བསྙེན་པ་རྣམ་བཞི་རུ་འགྱུར་ཞེས་ཏེ། ཐུན་མོང་གི་བསྙེན་པ་རེ་ཞིག་གཅིག་གསུངས་པ། འོག་ནས་ཡང་རྡོ་རྗེ་བཞི་ཞེས་པ་དང་། རྡོ་རྗེ་རྣམ་བཞི་ཐུན་མོང་སྟེ་ཞེས་པའོ།། ཐུན་མོང་གི་བསྙེན་པ་གཉི ་པ་ནི་ཡན་ལག་དྲུག་ཏུ་ཞེས་པ་ལ་སོགས་པའོ།། མཆོག་གི་བསྙེན་པ་གཉིས་ནི་མཆོག་ནི་ཡེ་ཤེས་བདུད་རྩིའི་ཞེས་པ་དང་། སྒྲུབ་བྱ་སྒྲུབ་པར་སྦྱོར་བ་ལ་འབྱུང་བ་ཞེས་པའི་ཚིག་གཉིས་ཡིན་ནོ།། ཉེ་བར་བསྒྲུབ་པ་ནི་རིགས་ཀྱི་མཆོག་ཏུ ་གང་གྱུར་པའི་མིག་ལ་སོགས་པའི་སྐྱེས་མཆེད་རྣམས་རྡོ་རྗེའི་བདག་ཉིད་རྣམ་པར་དཔྱད་པ་སྟེ། བྱིན་གྱིས་བརླབ་པའི་ཐ་ཚིག་གི། བདག་པོ་བསྒོམ་པ་ཡིས་སྒྲུབ་པའི་ཚེ་ན་རྒྱལ་བ་རྣམས། འོད་ཟེར་དེང་ཚིགས་བཅད་ཀྱིས་བསྐུལ ་བ་དང་བདག་པོ་ཉིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པའོ།། སྒྲུབ་པ་ཆེན་པོའི་ཚེ་ན་བདག་གང་གྱུར་པའི་དབུ་རྒྱན་ལ་ས་བོན་ལས་གྱུར་པའི་བདག་པོ་སྟེ། རྡོ་རྗེ་ཅན་ཉིད་ཀྱི་གཟུགས་བསམ་པར་བྱའོ།། རྣལ་འབྱོར་པ་ཉིད་ཡེ་ཤེས ་རྡོ་རྗེ་སྟེ་དེས་འགྲུབ་པར་འགྱུར་རོ།། སྐུ་གསུང་ཐུགས་གསུམ་ཀའི་ངོ་བོ་གསུངས་པ། བསྙེན་པའི་ཡེ་ཤེས་ཞེས་པ་སྟེ། གཙོ་བོའི་ས་བོན་ཞུ་བའི་ངོ་བོ་དེའི་གནས་ནི་དགོན་པ་ཞེས་པ་ལ་སོགས་པའོ།། ཡང་ན་ཞེས་པ་ལ་སོགས་པས་ནི་ཆེན་པོའི ་བསྙེན་པ་དང་དེའི་འབྲས་བུ་བསྟན་པ་ཡིན་ཏེ། ལྷ་གཅིག་གི་དེ་མ་ཐག་པའི་དགུའི་དོན་བསྟན་པའི་ཕྱིར་རོ།། བསྙེན་པ་ཁོ་ནས་གཞན་ཡང་ཤེས་པར་བྱ་སྟེ། འབྲིང་བུ་ཡང་ཤུགས་ཀྱིས་མངོན་ནོ།། འདིར་གོང་དུ་རིམ་པར་བཀོད་པ་ནི་ཆུང་ངུའི་ཡན ་ལག་ཏུ་ཤེས་པར་བྱའོ།། རྡོ་རྗེ་བཞི་ནི་དང་པོ་སྟོང་པ་བྱང་ཆུབ་སྟེ་ཞེས་པ་རྣམས་ཏེ། སྦྱོར་བའི་པདྨའི་ནང་དུ་དང་པོ་ས་བོན་ཞུ་བ་དང་། དེ་ནས་དེ་ལས་གྱུར་པའི་གཉིས་པ་གཙོ་བོའི་ས་བོན་སེམས་ཀྱི་ཡིག་འབྲུ་དང་། ཡང་དེ་ནས་གྱུར་པའི་གསུམ ་པ་འཁོར་ལོ་རྫོགས་པ་དང་། དེ་ནས་བཞི་པ་བཛྲ་དྷྲྀག་ཅེས་ལ་སོགས་པའི་སྔགས་ཀྱིས་ཤེས་པའོ།། གནས་ལྔ་ཞེས་པ་རིག་མའི་གནས་སོ།། དེར་ཡེ་ཤེས་ཀྱི་རང་བཞིན་རིགས་ལྔའི་ས་བོན་ཨོཾ་བསྒོམས་ན་མི་འདའ་བའི་སྡོམ་པ་ཡིན་ནོ།། དེ ་ངག་གི་དུས་ནི་ཞག་བདུན་ཞེས་པ་ལ་སོགས་པའོ།། དེ་ལ་འདི་ནི་ཞེས་པ་ལ་སོགས་པས་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚིགས་བཅད་བརྗོད་པའོ།། བྱིན་གྱིས་བརླབ་པ་ནི་སངས་རྒྱས་སུ་སྒྲུབ་པའོ།། གལ་ཏེ་དེ་ལྟ་མ་ཡིན་ན། རྡོ་རྗེ ་འཛིན་པ་ལ་སོགས་པ་ཡང་ན་ཞེས་པ་ལ་སོགས་པའོ།། ལེའུ་བཅུ་གཉིས་པའི་དོན་རྫོགས་སོ།། ། དན་རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བསྟན ་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ་ཤེས་རྡོ་རྗེ་ཞེས་པ་ལ་སོགས་པས་ནི་གཙོ་བོ་ལ་དོན་ཞུ་བའི་ཕྱིར་ཕྱག་འཚལ་ནས་མཆོད་པ་བརྗོད་པའོ།། བསྟོད་པའི་དེ་མ་ཐག་བཤད་པར་གསོལ་བ་བཏབ་པ་ནི་སྔགས ་རྣམས་ཞེས་པ་ལ་སོགས་པ་སྟེ་བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ།། དེ་ལ་སངས་རྒྱས་ཚུལ་རེ་བཟང་ཞེས་པ་ལ་སོགས་པ་ནི་སྐུ་ལ་སོགས་པའི་རིམ་པའོ།། རིགས་རྣམས་ཀྱི་སྔགས་རྣམས་བསྡུས་པའི་མཆོག་ནི་རྡོ་རྗེ་བཟླས་པ་སྟེ། ་སྐུའི་རྡོ་རྗེ་ལ་སོགས་པའི་མཚན་ཉིད་དོ།། རིགས་དང་སྔགས་ཞེས་པ་ནི་རིག་མ་དང་ལྡན་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིས་ཀྱང་མཚན་པའོ།། སྔགས་ཟློས་ཤེས་པ་དང་། ཡེ་ཤེས་རྒྱ་མཚོ་ཞེས་པ་ལ་སོགས་ནི་རིག་མ་དང་ལྡན་པ ་གང་ཡིན་པས། ཨོཾ་ལ་སོགས་པའི་ས་བོན་སྲོག་དང་རྩོལ་བའི་སྒོ་ནས་སྤྲོ་བ་ལ་སོགས་པའི་ཆོ་ག་བྱ་བར་བསྟན་ཏོ།། ཞུས་པའི་དེ་མ་ཐག་གསུངས་པ་དེ་ནས་སྟོན་པ་ཞེས་པ་སྟེ། གསུངས་སོ་ཞེས་པ་དང་འབྲལ་ཏོ།། དེ་ལ་བྱེད་པ་སྐྱེད ་པ་ནི་ཀུན་གྱི་བྱེད་པ་པོ་ལྟ་བུ་ཡང་ཡིན་ལ། སྤྲུལ་པ་རྣམས་བསྐྱེད་པའང་ཡིན་ནོ།། དེའི་རྡོ་རྗེ་མི་ཕྱེད་གསུམ་གྱིས་གང་མཚན་པ་དེ་དེ་ལྟར་ཡིན་ལ། རྡོ་རྗེ་དབྱེ་བ་གསུམ་ཞེས་པ་ཀུན་རྫོབ་ཏུ་སྐུ་ལ་སོགས་པའི་རྡོ་རྗེ་དབྱེ་བ་གསུམ་གྱི་མཐར ་ཕྱིན་པ་ནི་བཀོད་པ་རྡོ་རྗེ་གསུམ་ཞེས་བྱའོ།། གནས་རྣམས་སུ་ཞེས་པ་རང་རང་གི་གནས་སུ། སྐུ་ལ་སོགས་པའི་ས་བོན་གྱིས་རང་རང་གི་རིམ་པས་སྤྲོ་བ་བྱས་ན་ཞེས་སོ།། རྒྱལ་བ་རྣམས་དང་གཉིས་སུ་མེད་པར་བསྒོམས་ནས ་མཆོད་པའི་མཆོག་ལྷ་མོ་རྣམས་ཀྱིས་བརྟག་པར་བྱ་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་པས་བྱས་ན་ཞེའོ།། གཟུགས་ཀྱི་མཆོག་བརྟག་པ་ཞེས་པ་སྤྲོ་བ་ལ་སོགས་པའི་སྒོ་ནས། ཕྱག་རྒྱ་ཆེན་པོས་དབྱིབས་ཁྱབ་པར་བྱའོ།། ད་ནི་ཡང་ན་དབྱེ་བ་རྣམས ་གསུམ་གྱིས་ཞེས་པ་ནི་སྣང་མཛད་ལ་སོགས་པར་གནས་ཤིང་དེ་རྣམས་ཤིང་དེ་རྣམས་ཉིད་སོ་སོ་དག་ཏུ་སྤྲོ་བར་བྱའོ།། ཡང་གཞན་སྤྲོ་བའི་ཕྱིར་ལུས་དང་ཞེས་པ་རྣམས་སྨོས་ཏེ། ལུས་ལ་སོགས་པ་བདག་མེད་པ་ཤེས་པའི་སེམས་ཀྱི་སྔགས ་རྣམས་བརྗོད་ནས། སྐུ་ལ་སོགས་པའི་རྡོ་རྗེ་སྤྲོ་བ་ནི་སྔགས་བརྗོད་པ། རྫོགས་ནས་རང་རང་གི་གནས་སུ་བསྡུ་བར་བྱའོ།། ད་ནི་སྤྱིའི་ང་མ་ཐག་སྐུ་ལ་སོགས་པ་ཁྱད་པར་གྱི་བཟླས་པ་བསྟན་པའི་ཕྱིར། ཐམས་ཅད་ཀྱི་སྐུའི་རྡོ་རྗེ་བྱང་ཆུབ་པའི་ཞེས་སྨོས ་ཏེ། དེ་ལ་དང་པོ་སྐུའི་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་དང་། དངོས་དང་དངོས་མིན་ཞེས་པ་ལུས་ཀྱི་ཐ་སྙད་གང་དངོས་པོར་གནས་པ་དང་། དངོས་པོ་མེད་པ་རྣམས་གཉི་གར་མི་སྟོན་ཅིང་། གང་དུ་ཡང་མ་གྲུབ་པ་ནི་རྣམ་དཔྱད་པའོ།། དེ་ནི་སྐུ ་ཞེས་བྱ་བར་བཤད་ཅེས་ཏེ། དེ་ནི་སྐུའི་བཟླས་པ་ཡིན་གསུང་གི་རྡོ་རྗེ་བྱང་ཆུབ་པའི་ཞེས་པས་ནི་གསུང་གི་བཟླས་པ་བསྟན་ཏོ།། སྒྲ་དང་སྒྲ་མིན་ཞེས་པ་ངག་གི་ཐ་སྙད་དང་ཐ་སྙད་མ་ཡིན་པ་གཉི་ག་མི་བསྟེན་པ་རྣམ་དཔྱད་པའོ།། ད་ནི་གསུང་གི ་བཟླས་པ་ཡིན་ནོ།། ཐུགས་ཀྱི་ངམ་ཚིག་བྱང་ཆུབ་པའི་ནས་པས་ནི་ཐུགས་ཀྱི་བཟླས་པ་སྟོན་ཏེ།། གནས་པའི་རློ་ན་ནས་པ་ཤེས་པའི་ཐ་སྙད་མི་བསྟན་པ་རྣམ་སྤྱད་པའོ།། དེ་ནི་སེམས་ཀྱི་བཟླས་པར ་བཤད་དོ།། ཡོན་ཏན་གྱི་བཟླས་པ་བསྙེན་པའི་ཕྱིར་དོན་རྟོགས་པས་སྨྲས་ཏེ། རོ་ལ་དོན་ནི་མཉམ་པ་ཉིད་དེ།། དེ་རྟོགས་པའི་བཟླས་པ་ནི་དངས་ཙམརྡ་ཟེ་ཉིད་མེད་པ་ནི་བའང་བ་སྟེ། དེས་ཡང་དག་པར་རོག་པའི་སྒོ་ནས་བརྟགས་པ་ནི་རིན་ཆེན ་ལྡན་གྱི་འཟླས་པ་ཡིན་ནོ།། ཕྲིན་ལས་ཀྱི་བཟླས་པ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ཞེས་པ་སྤྲོས་ཏེ། དེ་ལ་སྐུའི་སྤྲིན་ནི་དེ་ཉིད་མི་དམིགས་པ་དང་ལྡན་པའོ།། ད་ནི་སྤྲོ་བ་ཡང་ཡིན་ལ་བཟུང་བ་ཡང་དེ་ཉིད་པས་པོ་སྐད་ཅེས་བྱའོ།། བྱོན་པ ་ནི་བསྡུ་བ་བའོ།། དེ་ནི་ཐོགས་མེད་ཅེས་ཏེ་དོན་གྲུབ་ཀྱི་བཟླས་པ་ཡིན་ནོ།། བཟློས་པ་གཞན་གསུངས་པ། ཁྲོ་བོའི་ཞེས་པ་རྣམས་ཏེ། དེ་ལ་དམ་ཚིག་ཡེ་ཤེས་ནི་ཁྲོ་བོའི་ཚེ་ལུགས་སུ་བསྒོམ་པའོ།། དེ་རིང་གི་དཀྱིལ་འཁོར་དུ་ཁྲོ་བོའི་སྔགས ་ཀྱི་ཡི་གེ་བཟླས་པས་ཕ་རོལ་རྣ་བར་སྒྲ་གྲགས་དེ་ནི་ཞེས་སོ།། དཔལ་གཏི་མུག་གི་བཟླས་པ་གསུངས་པ། འདོད་པའི་དོན་གྱིས་ཞེས་པ་ལ་སོགས་པའོ།། དེ་ལ་འདོད་པ་ནི་ལོག་པར་འདོད་པའོ།། དེའི་དོན་གྱི་མྱོས་པར་འགྱུར་བ་རྣམས ་སྐྱོབ་ཅིང་ཕན་གདགས་པའི་ཕྱིར། སེམས་ཅན་མང་པོ་རྣམས་དེ་དག་ཉིད་དུ་ཞེས་ཏེ། གཏི་མུག་གི་རང་བཞིན་སྣང་བ་མཛད་ལ་བཞག་ནས་དེ་ཉིད་སྤྲོ་བ་དང་བསྡུ་བའི་དེ་ནི་གཏི་མུག་གི་བཟླས་པ་ཡིན་ནོ།། འདོད་ཆགས་དང་ཐེ་སྣང་གི་དོན་ཡང ་དེ་ལྟར་སྦྱར་རོ།། ཡང་གཞན་གསུངས་པ། དམ་ཚིག་ཡང་དག་ཅེས་པ་ལ་སོགས་པའོ།། དེ་ལ་དབུས་མ་ཞེས་པ་ཡུམ་གྱི་པདྨའོ།། རྡོ་རྗེ་ཅན་ཞེས་པ་གསུང་བའི་རྡོ་རྗེ་དང་གང་ལྡན་པའོ།། དམ་ཚིག་ན་གཉིས་སུ་མེད་དེ་གཅིག་པའོ།། དེ་ལྟར ་དང་མོའི་ཁྱད་པར་མེད་པར་གང་གྱུར་པ་ནི་མ་ནིང་གི་བཟླས་པ་ཞེས་བྱའོ།། དེའི་འདོད་ཆགས་དོན་བསྒོམས་བཞེས་པ། སྦྱོར་བའི་ཆོ་ག་དང་ལྡན་པར་བྱེད་པའོ།། རྡོ་རྗེ་བདག་པོ་ནི་ལྷ་མོ་དྲུག་གི་བདག་པོ་རྣམས་སོ།། དེ་ཉིད་ལྷ་མོ་རྣམས་ཀྱིས ་འདོད་ཆགས་སྐྱེས་པས་ཡབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མཛད་པ་ཡིན་ནོ།། རིགས་རྣམས་ཀྱི་སྦྱོར་བ་གསུངས་པ། རིག་མ་ཆེན་མོའི་སྤྱན་ཞེས་པ་ལ་སོགས་པའོ།། དེ་ལ་འདོད་པ་ནི་འདོད་པར་བྱའོ།། དེ་ལ་བརྩོན་པ་དང ་ལོངས་སྤྱོད་པ་དང་གང་ལྡན་པས་རིག་མ་འདོད་ན་ནི་བསྟེན་ན་འགྲུབ་པར་འགྱུར་རོ།། གཏི་མུག་ནི་སྐུའི་དམ་ཚིག་ལས་བྱུང་བ་ས་བོན་ཏེ་དེ་ཉིད་མ་ནོང་སྟེ། དེའི་གནས་ནི་སྤྱན་མ་ལ་སོགས་པ་སྟེ། དེ་བསྒྲུབས་ན་ཞེས་སོ།། འདིར་ཁྲོ ་པོ་ནི་ཞེ་སྡང་གི་གནས་ལས་སྐྱེས་ཏོ།། རྡོ་རྗེ་འཛིན་གྱི་རིགས་ཀྱིས་སྐྱེ་བ་ཡིན་ནོ།། དེ་གང་ལྡན་པ་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་དུག་གསུམ་ལ་གནས་པ་དེ་དག་ཐབས་ཀྱི་ཆོ་གས་འགྲུབ་པར་འགྱུར་རོ།། ད་ནི་ཡེ་ཤེས་འཁོར་ལོ ་ཅན་ཞེས་པ་ལ་སོགས་པས་ནི་ཐིག་ལེ་སྦྱར་བའི་ཏིང་ངེ་འཛིན་བསྟན་ཏོ།། འདིར་སྣང་མཛད་ཀྱི་རིགས་སུ་གང་གྱུར་པས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་སྙིང་གར་འཁོར་ལོ་བསྒོམ། དེའི་ཡང་དབུས་སུ་གསལ་བ་ཟླ་བ་ལ་འཁྲོ ་ལོ་སྔགས་དོན་ཞེས་པ་རང་གི་ས་བོན་བྷྲཱུཾ་མི་སྤྲོ་བའི་བདག་ཉིད་དུ་བསྒོམ་པར་བྱའོ།། གཞན་ལ་ཡང་རིམ་གཞན་དུ་སྦྱར་བར་བྱའོ།། སྤྲོ་བསྡུའི་དོན་བསྟན་པའི་ཕྱིར། དཀྱིལ་འཁོར་ཞེས་སྨོས་ཏེ། བདག་གཙོ ་བོཔོ་དབུས་སུ་བསམས་ནས། དེའི་ངོས་བཞིར་གཙོ་བོ་ཉིད་མ་གཏོགས་པའི་རིགས་བཞི་བཀོད་ནས་དེ་དག་གི་འོད་ཟེར་ལྔ་འཕྲོ་བར་བསྒོམས་ན་ཞེའོ།། སྤྲོ་བ་ནི་བྱེ་བྲག་གཉིས་ཞེས་པ་སྐུ་གསུམ་དང་། རྡོ་རྗེའི་བྱེ་བྲག་གཉིས་སོ།། སྤྲོ་བ་ནི་བསྡུ ་བཞེས་པ་སྐུ་ལ་སོགས་པའི་ས་བོན་ནི་རིམ་གྱིས་སམ་ཡང་ཅིག་ཅར་དུ་སྤྲོ་བར་བྱའོ།། རྡོ་རྗེ་ཡེ་ཤེས་ཀྱི་ས་བོན་དུས་གཅིག་ཁོ་ནར་སྤྲོ་བར་བྱའོ།། ལུས་ཀྱིས་ཞེས་པ་ལུས་ངག་ཡིད་གསུམ་རྣམ་པར་དག་པ་སྣང་མཛད་ལ་སོགས་པ ་སྟེ། དེ་རྣམས་ཀྱིས་སྐུ་ལ་སོགས་པ་རང་རང་གི་ས་བོན་སྤྲོས་ན་མཆོད་པའི་གནས་ཞེས་ཏེ། དེ་བཞིན་གཤེགས་པར་འགྱུར་བའོ།། དེས་ནི་བྱེད་བྲག་གཉིས་ལས་སྐུ་གསུམ་གྱི་ཚུལ་ལོ།། རྡོ་རྗེའི་ཚུལ་ནི་དཀྱིལ་འཁོར་ཞེས་པ་རྣམས ་ཕྲིན་ལས་ཀྱི་དོ་ནི་ཡང་བསྟན་ཏེ། སྣང་མཛད་དུ་བསྒོམས་ལ་ཕྱོགས་བཞིར་རིགས་བཞི་བསྒོམས་ནས། དེ་ལ་དབུས་སུ་བདག་པོ་ནི་སྐུ་ལ་སོགས་པ་དང་ལྡན་པའི་གཟུགས་སུ་བསམས་ནས་གཙོ་བོ་ལ་སོགས་པ་རང་སྔགས་སུ ་དོན་ལས་གྱུར་པའི་གཟུགས་དག་ནི་ཞི་བ་ལ་སོགས་པའི་དཀྱིལ་འཁོར་བཞི་དག་ཏུ་ཁ་དོག་དཀར་པོ་ལ་སོགས་པར་བརྟགས་ལ། དེ་རྣམས་ཀྱི་སྙིང་གར་ཡེ་ཤེས་ཀྱི་ས་བོན་བསྒོམས་པའི་རྡོ་རྗེ་བཞིའི་ལས་བྱེད་པར་འགྱུ་རོ།། ད་ནི་བསཾ ་བའི་དབང་གིས་སོ་སོའི་ཚུལ་བསྟན་པའི་ཕྱིར་ཞི་བ་ལ་ནི་ཞེས་སྨོས་ཏེ། སྣང་མཛད་འདིར་བསྒྱུར་ནས་སྤྱན་གྱི་ཚུལ་དུ་དཀར་པོར་བསྒོམ་པའོ།། རྒྱས་པ་ལ་པདྨོ་ཅན་ཏེ། སེར་པོ་དང་ལྡན་པའི་རྡོ་རྗེ་ཆོས་བསྒོམ་པར་བྱ་སྟེ། དབང་ལ་བསྒྱུར་ནས ་དམར་པོ་དང་ལྡན་པའི་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ།། རྡོ་རྗེ་སེམས་དཔའ་ཁྲོ་བའི་གཟུགས་ནག་པོ་མངོན་སྤྱོད་ལ་བསྒོམ་པར་བྱའོ།། སྤྱད་པའི་རོལ་མོ་ནི་དེ་དང་འདྲ་བ་སྟེ། ཀུན་རྫོབ་པ་ལ་དགོངས་པའོ།། མངོན་སྤྱོད་ཁོ་མའི་བསྒྲུབ ་བྱ་ནི། ཆགས་པའི་ཞེས་པ་རྣམས་སོ།། ཡང་དེ་ཉིད་ཀྱི་ཆོ་ག་ནི་ཁམས་གསུམ་གནས་པའི་ཞེས་པ་རྣམས་ཀྱིས་བསྟན་ཏོ།། དེ་ལ་དེའི་སེམས་ཅན་རྙོག་པ་མེད་པར་བྱས་ཏེ། སྐུར་བསྒོམ་མོ།། བསད་པ་ནི་བསད་བའི་ཚོགས་སོ།། འཁོར ་ལྀ་རྩེ་ལྔ་ཁ་བཞི་པ་ལྟེ་བའི་རྩེ་ཕྱོགས་བཞིར་རྩིབས་བཞིར་ཤར་བ་ནི་རྩེ་བཞི་སྟེ། དེས་ཁ་བཞིར་ཡང་མངོན་ནོ།། དེའི་ལྟེ་བ་ལ་རྡོ་རྗེ་སྟེ། དེ་ལས་གྱུར་པའི་རྡོ་རྗེ་སེམས་དཔའ་མངོན་སྤྱོད་ལ་བསྒོམས་ལ་རྡོ་རྗེ་དང་ལྡན་པའི་འཁོར་ལོ་འདི ་དེའི་ལག་པས་གཟུང་བར་བྱ་སྟེ། ཕྱོགས་དུས་ཀྱི་སེམས་ཅན་རྣམས་སངས་རྒྱས་སུ་བསམས་ནས། བདག་ཉིད་སྐུ་ལ་སོགས་པའི་བྱེ་བྲག་གི་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ། བདག་ཉིད་ཀྱི་སྐུ་གསུམ་ལ་གཟུང་བ་བྱས་ནས་སྤྲོ ་བ་ལ་སོགས་པ་བྱའོ།། གདུག་པ་ཅན་གཞིལ་བའི་ཕྱིར་ཁོ་བོས་ཞེས་སྨོས་ཏེ། དེའི་ངང་ཚུལ་དང་མདོག་དང་ཚུལ་དང་ཕྱག་མཚན་དང་ལྡན་པར་སྤྲོས་ནས། རྡོ་སེམ་དཔའ་ཡང་ཞེས་པ་ནི་གཞན་ལྟ་ཅི་སྨོས་ཞེས་པའི་ཐ་ཚིག་གོ། དེ་ལྟར ་ཆོ་ག་བཞིན་བྱས་ནས་མ་གྲུབ་ན། སངས་རྒྱས་ཉིད་ཀྱང་ཉེན་ཆེ་བར་གསུངས་པ་རྨོངས་པས་ཤེས་པའི་ཚིག་གོ།། ད་ནི་ན་མཁའི་དབྱིངས་ཤེས་པ་ལ་སོགས་པས་ནི་སེམས་ཅན་རྣམས་བདག་གི་ལུས་ལ་བསྡུ ་ཞིང་། བསད་བར་བྱ་བའི་ཆོ་ག་བསྟན་ཏོ།། དེ་ལ་འཁོར་ལོ་ཞེས་ཡང་རྩེ་ལྔ་པ་སྟེ། དེའི་ཕྱི་རོལ་དུ་རྡོ་རྗེ་འབར་བས་བརྒྱན་པའོ།། དེ་ལ་སྣང་མཛད་དུ་བསྒོམས་ཏེ། འཁོར་ལོ་དང་ལྡན་པའི་སྣང་མཛད་རྡོ་རྗེ་ནི་དེའི་ཕྱག་ན་བསྣམས་པར་བསྒོམས་ཏེ། དེ ་ལུས་ལ་བསྡུ་བ་དང་། སྤྲོ་བ་ལ་སོགས་པ་ནི་གོང་མ་བཞིན་བྱའོ།། བསད་པའི་སྦྱོར་བ་ནི་ཚུལ་དང་ལྡན་པས་ཁྲོ་བོ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པའི་ཆོག་གིས་བསྒོམ་པར་བྱའོ།། དེ་ནི་གཤིན་རྗེ་གཤེད་ཀྱི་ལས་བསྟན ་པའི་ཕྱིར། སངས་རྒྱས་ཞེས་པ་སྨོས་ཏེ། དེ་ལ་འཁོར་ལོ་ཅནཽ་ཞེས་པ་གཙོ་བོར་བྱས་པའི་བཤིན་རྗེ་གཤེད་ངོ་།། རང་གི་རྡོ་རྗེ་ཞེས་པ་རང་གི་ས་བོན་ཤྲཱི་ལས་བསྐྱེད་པ་དེའི་ཕྱག་ན་རྡོ་རྗེ་བསྣམས་པར་བརྟག་ཏེ། དེ་ཡིས་གང་ལ་བྱ་བ་བསད་པར ་བསྒོམས་པའི་དོན་ཏོ།། ཡང་སྐུ་གསུང་ཐུགས་ཞེས་པ་ལ་སོགས་པས་ནི་བཀོའི་འཁོར་ལོས་བསྲུང་བར་བསྟན་ཏེ། དེ་ལ་གང་གིས་བསྲུང་བ་ནི་སྐུ་ཞེས་པོ་རྣམས་དང་། དེ་ཉིད་ཀྱི་ཡོན་ཏན་ན་མ་ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ་ཞེས་ཏེ། ་དེ་རྣམས་ཀྱིས་འདིར་སྔགས་སྤྱོད་པའི་སེམས་ཅན་བསྲུང་བའི་ཕྱིར། བཀའི་འཁོར་ལོས་བསྐུལ་བར་བྱ་ཞེས་པ་ཡིན་ནོ།། སྐུ་ལ་སོགས་པ་ལ་སངས་རྒྱས་དང་འདྲ་བ་གཟུང་པ་དང་ཐིམ་ནས་སྤྲོ་བ་ནི། ནམ་མཁའ་ཞེས་པ་རྣམས་ཏེ། ་ཆོས་ཞེས་པ་མཐའ་ཡས་སོ།། སྣང་མཛད་ཅེས་པ་སྣང་མཛད་དོ།། སྐུ་མཆོག་ནི་མི་བསྐྱོད་པའོ།། དེ་རྣམས་ལས་བྱུང་བའི་སྐུ་གསུམ་གྱི་ས་བོན་དབྱིངས་ཉིད་དུ་བརྟག་པར་བྱའོ།། དེ་ལས་གྱུར་པས་མཁའ་དབྱིངས་གང་བར་བསྒོམ་མོ།། ་དེ་དག་གི་ཡང་སྙིང་གར་རང་སྔགས་ས་བོན་ལ་ཐུགས་ཀྱི་རྡོ་རྗེ་བསམས་ནས་སྤྲོ་བ་ལ་སོགས་པ་བྱའོ།། ང་ནི་རྒྱ་མཚོ་མནན་པོའི་ཆོ་ག་གསུངས་པ་རྣམ་པའི་ཞེས་པ་ལ་སོགས་པའོ།། དེ་ལ་རྡོ་རྗེ་སེམས་དཔར་གང་གྱུར་པ་དེའི་གན ་རྣམས་སུ། སྣང་མཛད་ལ་སོགས་པ་རིམ་པར་བཀོད་ནས། སངས་རྒྱས་ཕལ་པོར་ཆུའི་རང་བཞིན་བསམ་ལ། དེའི་སྟེང་ན་དེ་དག་དང་འདྲ་བའི་རྐང་པས་བཅག་པར་བྱའོ།། ཚུལ་ཇི་ལྟར་ཞེ་ན། སྤྱི་བོའི་སྟེང་དུ་ཞེས་སོ།། ད་ནི་ཕས ་རྒོལ་བའི་ཆོ་ག་བསྟན་པ་ནི་དབང་ཆེན་ཞེས་པ་རྣམས་ཏེ། དེ་ལ་དབང་ཆེན་ཞེས་པ་ལམ་སེར་པོ་ལས་གྱུར་པའི་བཞི་བསྒོམས་ལ་དོན་གྲུབ་ཀྱི་སྐུར་བསམས་ནས། དེའི་ལག་པ་གཡས་པར་ཁྲོ་བོ་གཞག་ལ་ལས་ཀྱི་སྐུའི་རྡོ་རྗེ་རྒྱ ་གྲམ་གྱི་རྐང་པས་རྒོལ་བ་ཐམས་ཅད་ཀྱི་སྤྱི་བོར་གནོན་པར་བསྒོམ་མོ།། ད་ནི་རྡོ་རྗེ་གསུམ་མཆོག་ཅེས་པ་ལ་སོགས་པས་ནི་དབང་དང་ལྡན་ཞིང་དཔུང་གནོན་པ་བསྟན་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་ཁྲོ་བོའི་ཚུལ་དུ ་བསམས་ནས། ཡིག་འབྲུ་ལས་བསྐྱེད་པའི་བསྒྲུབ་བྱ་རི་རབ་ཙམ་བསམས་པའི་སྤྱི་བོར་བསྒོམས་ན་ཞེའོ།། དགྲ་རྨོངས་པར་བྱེད་པ་ནི་དགྲའི་ཞེས་པ་ལ་སོགས་པ་སྟེ། ས་བོནི་བསྐྱེད་པའི་སྙིང་གར་ཇི་སྐད་གསུངས་པའི་ཕུར ་བུས་གདབ་པར་བྱའོ།། ཡང་གྲོང་ལ་སོགས་པའི་ནད་རྣམས་ཞི་བར་བྱ་བ་ནི། གྲོང་ངམ་ཡང་ན་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྩེ་ལྔ་པ་བར་སྣང་དག་ལ་ཞེས་པ་ནི་སྤྲོ་བར་བྱ་བ་སྟེ། བསྐལ་པས ་བསྲེག་པ་བཞིན་དུ་རྡོ་རྗེས་ནད་ལ་སོགས་པ་ཡང་དེ་ལྟར་བསམ་པར་བྱའོ།། རྒྱས་པར་བྱ་བ་ནི་ནོར་བུ་ཞེས་པ་ལ་སོགས་པའོ།། སྐྱེ་འགྲོ་འདུལ་བ་ཡི་དམ་ཞེས་པ་རྣམས་ཏེ། དང་ལ་རང་གི་ལྷ་རྫོགས་པར་བྱས་ནས། རྡོ་རྗེ་བདུད་རྩི ་འཁྱིལ་པ་ཉིད་ཇི་སྐད་གསུངས་པའི་ཕུར་བུ་བྱས་ནས་ཕྱོགས་བཅུའི་བསྒྲུབ་བྱ་ལ་ན་མོ་རཏྣ་ཏྲ་ཡ་ཞེས་པའི་སྔགས་ཀྱིས་གདབ་པར་བྱའོ།། དེ་རྣམས་ཀྱིས་མངོན་སྤྱོད་ཀྱི་ལམ་གྱི་ཁྱད་པར་བསྟན་ཏོ།། ད་ནི་ཞི་བའི་ལས་བསྟན་པའི ་ཕྱིར། མདངས་བཟངས་ཞེས་པ་ལ་སོགས་པ་སྨོས་ཏེ། གནས་སུ་ཟླ་བའི་དཀྱིལ་འཁོར་ལ་རང་གི་ས་བོན་ལས་གྱུར་པའི་སྣང་མཛོད་བསྒོམས་ནས། རང་ཅི་འདྲ་བའི་ཡེ་ཤེས་ཀྱི་སྙིང་གར་འདོད་པ་སྟེ། འདིར་སྤྱན་མ་ཉིད་བཞག་ལ ་དེ་ལས་རང་གི་ས་བོན་གྱིས་ན་མཁའི་དབྱིངས་འཕྲོས་པས་གང་བར་བསྒོམ་མོ།། དེ་ནས་དེ་རྣམས་ལུས་ལ་བསྡུས་ནས་དེའི་གོང་བུས་བསྒྲུབ་བྱ་ལ་འོད་ཟེར་དབབ་པ་དང་། བ་སྤུའི་བུ་ག་ནས་སངས་རྒྱས་སྤྲོས་པས་བསྒྲུབ་བྱ་གང་ཡིན ་པ་དེ་ལ་དབང་བསྐུར་བ་སྩོལ་བར་མཛོད་དོ།། དེ་བཞིན་དུ་ཕྱི་མ་ལ་ཡང་སྦྱར་བར་བྱའོ།། ད་ནི་རྒྱས་པའི་ལས་བསྟན་པའི་ཕྱིར་ན་མཁའི་དབྱིངས་ཞེས་པ་རྣམས་སྨོས་ཏེ། དེ་ལ་དབང་ཆེན་ཞེས་པ་ནི་གཞི་སྟེ། དེའི་ཟླ་བ་ལ་ས ་བོན་ལས་གྱུར་པའི་འོད་དཔག་མེད་བསམ་ནས་ཞེས་ཏེ། གཞན་དག་ནི་གོང་དུ་བྱས་སོ།། དབང་གི་ལས་བསྟན་པའི་ཕྱིར་ན་མཁའི་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དེའི་ཟླ་ཁམ་ལ་རྡོ་རྗེ་མཁའི་ཞེས་ཏེ། རང་གི་ས་བོན་ལས་གྱུར ་པ་རིན་ཆེན་འབྱུང་ལྡན་སྣང་མཛད་ཀྱི་མདོག་དང་ལྡན་པར་བསྒོམ་པར་བྱ་སྟེ་དབང་དུ་བྱའོ།། ད་ནི་དྲག་པའི་ལས་གོང་དུ་བསྟན་པ་དང་། འབྲེལ་པ་འདིར་ཡང་བསྟན་པའི་ཕྱིར་ན་མཁའི་ཞེས་པ་སྨོས་ཏེ། འདིར་ཡང་གདན་ལ་རང་གི་ས་བོན་ལས ་གྱུར་པ་བསྒོམ་ནཱ་གོང་གི་ཆོ་ག་ཇི་ལྟ་བས་རྡོ་རྗེ་སྲིན་པོ་ལ་སོགས་པ་འཕྲོས་ནས་གང་བར་བསྒོམས་པས་མེའི་དཀྱིལ་འཁོར་དེ་ལ་གནས་པའི་དགྲ་རྣམས་བརླག་པར་བྱའོ།། ད་ནི་སྣང་མཛད་ལ་སོགས་པ་རིག་མ་དང་བཅས་པ་དང་། གཤིན ་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་ཞལ་དང་མདོག་ལ་སོགས་པ་དཀྱིལ་འཁོར་གྱི་སྐབས་སུ་བླང་བའི་ཕྱིར། རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་པ་ལ་སོགས་པ་རིམ་བཞིན་སྨོས་སོ།། དེ་ལ་འདམ་བུ་ཞེས་པ་ཁ་ལོའི་རྒྱུའོ།། མཁའ་སྐྱེས ་ཞེས་པ་མཱ་མ་ཀཱིའོ།། ཞལ་སྐྱེས་ཞེས་པ་གོས་དཀར་མོའོ།། བཟང་མོ་ཞེས་པ་སྒྲོལ་མའོ།། ཊཀྐིའི་རྒྱལ་པོ་ཞེས་པ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་གོ།། ཡི་གེ་གཅིག་ཅེས་པ་གཙུག་ཏོར་ཁ་ལོ་སྒྱུར་བའི་ས་བོན་དྷུ་མི།། ཁྲོ་བོ་གཞན ་ཡང་གསུངས་པ། གཟི་བརྗིད་ཅེས་པ་ལ་སོགས་པའོ།། དེ་ནས་གོང་དུ་བླང་བ་ཞེས་པ་སྨོས་པས་ཞོལ་ལ་སོགས་པ་བསྟན་ནས། དེ་ནི་གོང་གི་སྣང་མཛད་ལ་སོགས་པ་རྣམས་དཀྱིལ་འཁོར་ལ་སོགས་པ་དང་ལྡན་པར་བསྒོམ་པ་བསྟན ་པའི་ཕྱིར། ན་མཁའི་དབྱིངས་ཞེས་པ་ནས་མཐའི་བར་དུ་སྨོས་སོ།། དེ་ལ་གསལ་བ་ནི་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ཟླ་བའི་གདན་ལ་སངས་རྒྱས་གཟུགས་ཤེས་ཏེ། མི་སྐྱོང་བ་ལ་སོགས་པའི་དཀྱིལ་འཁོར་བསྒོམ ་ལ། དེའི་དབུས་སུ་སྣང་མཛད་གཙོ་བོར་གྱུར་པ་བསམས་ཏེ། དེའི་ཚུལ་ནི་གསལ་ཞིང་ཞེས་པ་ལ་སོགས་པའོ།། ཆོ་ག་བཞིན་དུ་འདིའི་དོན་བསྒོམས་ན་དེའི་ཞེས་པ་ལ་སོགས་པ་ཇི་སྐད་གསུངས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ།། དེ་ལྟར་ཕྱི་མ་ལ་ཡང་ཇི ་ལྟར་སྦྱར་བ་བཞིན་དུ་སྦྱར་བར་བྱའོ།། ཡང་དཀྱིལ་འཁོར་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བསྒོམས་པ་གསུངས་པ། ན་མཁའི་དབྱིངས་ཞེས་པ་ལ་སོགས་པའོ།། དེ་ལ་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ཐུགས་ཀྱི་གདན་ནོ།། དེ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར ་གྱིགྱི་དབུས་སུ་རྡོ་རྗེ་སེམས་དཔའ་ཆོ་ག་ཇི་ལྟ་བས་བསྒོམས་ན་ཞེའོ།། མཐའ་ཡས་གཙོ་བོར་གྱུར་པ་ནི་ཆོས་ཀྱི་ཞེས་པ་རྣམས་ཏེ། དེ་ལ་ཆོས་ནི་ཞེས་པ་རང་གི་གདན་ནོ།། དེ་ན་མཁའི་རྡོ་རྗེ་གཞལ་ཡས་ཁང་གི་དབུས་སུ་ཞེས་ཏེ། དེ་ལ་འཁོར་དང་ལྡན ་པའི་ཆོས་མཐའ་ཡས་བསྒོམ་པར་བྱའོ།། ཕྱི་མ་ཉིད་ཀྱང་རྗེས་སུ་དཔག་པར་བྱའོ།། དེ་དག་གི་ཡུལ་རྣམས་བསྟན་པའི་ཕྱིར། ཟླ་བའི་ཞེས་པ་སྨོས་སོ།། དེ་ལ་ཟླ་བ་ཞེས་པ་རང་རང་གི་གཙོ་བོ་དང་། གཉིས་སུ་མེད་པའི་ཕྱིར་རང་གི་གདན་ནོ།། སངས་རྒྱས ་གཟུགས་ཞེས་པ་རང་གི་གཙོ་བོའི་དཀྱིལ་འཁོར་རྣམས་སོ།། དེས་ནི་སྤྱན་མ་བསྒོམ་པར་བསྟན་ཏོ།། དེ་ལ་མཱ་མ་ཀཱིར་བསྒོམ་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་པ་རྣམས་སོ།། དེ་ལ་རྡོ་རྗེ་དང་སངས་རྒྱས་གཟུགས་ཞེས་པ་གོང་མ་བཞིན་ནོ།། འོདར ་སྤྱན་དང་རྡོ་རྗེའི་མཆོག་ནི་མཱ་མ་ཀཱི་ཁོར་ནའོ།། ཡང་གོས་དཀར་མོ་དང་སྒྲོལ་མ་བསྟན་པའི་ཕྱིར་གསུངས་པ། ཆོས་ཀྱི་ཞེས་པ་དང་དངོས་གྲུབ་ཅེས་པ་ལ་སོགས་པའོ།། དེ་དག་གི་དོན་ནི་རང་རང་གི་གདན་ལ་གཙོ་བོ་དང་ལྡན་པར་བསྒོམས་ན་ཇི ་སྐད་བཤད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ།། ད་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞི་དང་འདོད་པའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་དྲུག་བསྟན་པའི་ཕྱིར་ཉི་མའི་ཞེས་པ་ལ་སོགས་པ་སྨོས་སོ།། དེ་ལ་ཉི་མ་ནི་ཉི་མ་སྟེ་གདན་ནོ།། དེ་གཞལ ་ཡས་ཁང་གི་དབུས་སུ་བསམ་མོ།། སངས་རྒྱས་གཟུགས་ཞེས་པ་སྣང་མཛད་དང་ལོ་ཙ་ན་ལ་སོགས་པ་བསྒོམས་ལ་དེ་དག་གི་བྱང་ཆུབ་སེམས་ལས་རང་རང་གི་གཤིན་རྗེ་གཤེད་ལ་སོགས་པ་སྤྲུལ་ཏེ། ཤར་གྱི་རྩིབས་ལ་སོགས་པ་ལ་ཇི ་སྐད་གསུངས་པའི་ཞལ་ལ་སོགས་པ་དང་ལྡན་པར་བསྒོམ་མོ་ཞེས་མདོར་བསྡུས་སོ།། དེ་ལ་སྤྱན་དམར་མཆེ་བ་ཞེས་པ་གཤིང་ལ་སོགས་པ་མི་སྡུག་པའི་གཟུགས་དང་སྨིན་མཚམས་ཀྱི་ཁྲོ་གཉེར་དང་སྡང་མིག་དང་། སྐྲ་གྱེན་དུ་འགྲེང་བ ་དང་། སྨིན་མཱ་དང་སྨ་ར་དང་། ཨག་འཚོམ་འབར་བ་སྤྱན་བགྲང་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་ཤིང་གང་མོ་སྒྲོགས་པ་ཤིན་ཏུ་མི་བཟང་པའི་སྦྲུལ་ལ་སོགས་པས་བརྒྱན་པའོ།། སྣང་མཛད་དབུ་རྒྱན་ལ་ཞེས་པ ་རང་རང་གོ་རིགས་ཀྱི་དབང་བསྐུར་བའོ།། དེ་དག་གི་གནོས་ནི་འདི་ཉིད་ཀྱི་རིམ་པས་ཕྱོགས་བཅུར་རོ།། ཕྱི་མ་ལ་ཡང་དེ་ལྟར་རོ།། ཁྲོ་བོ་རྣམས་ཀྱི་དེ་མ་ཐག་སངས་རྒྱས་འཁོར་ལོ་ཞེས་པ་སྨོས་ཏེ། ལྷའི་ཏིང་ངེ་འཛིན་ལས་གྱུར་པའི་ཁྲོ་བྲོ ་དེ་ཉིད་གྲུབ་པར་འགྱུར་རོ།། །། ལེའུ་བཅུ་གསུམ་པའི་དོན་རྫོགས་སོ།། །། ད་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་སྔགས་ཀྱིས་དགུག་པའི་རྣམ་པར་སྤྲུལ་པའི ་དོན་བསྟན་པའི་ཕྱིར་བཅུ་བཞི་པའི་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ནས་ཞི་བའི་དམ་ཚིག་ཅེས་པ་ཞི་བར་བྱ་བ་ནི་སྤྱན་མ་སྔགས་འདིས་བྱ་བའི་ཕྱིར་ཏེ། དེ་དང་ལྷན་ཅིག་ཡབ་རྣམས་ཀྱང་གསུངས་པར་མངོན་ནོ།། དེ་ནི་འོག་ཏུ་ཡང ་གས་སོ།། ལས་རྣམས་སྒྲུབ་པའི་ཕྱིར་དེ་ལ་སྙོམས་པར་ཞུགས་ནས་ཤིའོ།། ཨོཾ་རུ་རུ་ཞེས་པ་ལ་སོགས་པ་ལོ་ཏན་ལ་སོགས་པ་རིམ་པའི་སྔགས་གསུངས་པ་རྗེས་དྲན་ཞེས་ཏེ། ཐབས་དང་ཤེས་རབ་འབྲེལ་པའོ།། ཞི་འབྱུང་བ་ཞེས་པ་ནི ་ཞི་བར་བྱེད་པ་སྟེ། དེར་མ་ཟད་དེ་ཉིད་རྣམ་པར་བསྒྱུར་བས་རྒྱས་པ་ལ་སོགས་པའི་ལས་རྣམས་སྒྲུབ་ཅིང་བཏུལ་བར་མཛད་པ་སྟེ། གཞན་ལྔ་ཡང་སྦྱར་རོ།། རྒྱས་པ་ནི་གོང་དུ་བཤད་དོ།། ཤི་བ་སོས་པར་བྱེད་ཅེས་པ་ཡི་གེས་བསྐྱེད་པའི་བསྒྲུབ ་བྱའི་གཟུགས་བརྙན་བསམས་ལ་དེའི་སྙིང་གེར་ཟླ་བ་ལ་སྣང་མཛད་ལ་སོགས་པའི་སྔགས་བཀོད་དེ། བདག་གཙོ་བོ་ཡབ་ཡུམ་གྱི་སྐུར་བསམས་ནས། དེའི་སྦྱོར་བའི་སྤྲིན་ལྕགས་ཀྱོར་གྱུར་ཏོ།། དེས་ཤི་བ་ཉིང་མཚམས་སྦྱོར་བའི་ཤིས ་པོ་ནཱཾ་ཨཾ་གུ་ཤ་ཛས་བཀུག་ནས་རོ་གོང་མ་ལ་བསྟིམས་པ་དེ་ལས་གཙོ་བོའི་སྐུར་གྱུར་ནས་གཉིས་སུ་མེད་པར་བྱས་ན་སོས་པར་འགྱུར་རོ།། ད་ནི་མཱ་མ་ཀཱིའི་སྔགས་བསྟན་པའི་ཕྱིར། ཡང་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། རྗེས་དྲན ་ཞེས་པ་ལ་སོགས་པ་གོང་མ་བཞིན་ནོ།། རྡོ་རྗེ་སྲུང་བ་ནི་འདིས་དབང་དུ་བྱེད་པའོ།། དེས་ཀྱང་ལས་རྣམས་བསྒྱུར་བའི་སྒོ་ནས་འགྲུབ་པར་བསྟན་ཏོ།། དེའི་འཇིགས་པ་ལས་བསྐྱབ་པ་ནི་རྡོ་རྗེ་འཛིན་པ་སྟེ། དེས་བསྲུངས་ན་མཱའུ་དང་ལྡན་པར ་བཤད་པ་ཡིན་ནོ།། འདིར་ཡང་གོང་དཀར་མོའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་རྣམས་སྨོས་ཏེ། འདོད་ཚོགས་ཆེན་པོ་ནི་རྡོ་རྗེ་ཆོས་ཀྱི་སྟེ། དབྱེར་མེད་པའི་དོན་ཏོ།། ཆོས་ནི་རློས་མཛད་པ་ཞེས་པ་ནི་ཆུང་བའི་ངང་ལུང་གི་ཆོས་སོ།། དེ་ཉིད་ཟང ་མི་ཤེས་པའི་ཕྱིར་མཛོད་ཅེས་སོ།། དམ་ཚིག་ཙམ་གྱིས་ཞེས་པ་རིགསུ་གང་གྱུར་པས་དེའི་སྔགས་སྨྲས་པ་ཙམ་གྱིས་ཀྱང་བྱེད་པར་འགྱུར་རོ།། མཇུག་གི་སྒྲོལ་མའི་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། ཀུན་ཏུ་འབྱུང་བ་ནི ་ལས་ཐམས་ཅད་འབྱུང་བས་ལྷ་མོ་ལྔས་ཀྱི་ཏིང་ངེ་འཛིན་ནོ།། དེ་དག་གི་ཚི་ག་ནི་འདི་སྐད་དུ་སྣང་མཛད་ལ་སོགས་པར་གང་གྱུར་པའི་རྣལ་འབྱོར་པས་རང་རང་གི་སྤྱན་མ་ལ་སོགས་པ་མདོག་ལ་སོགས་པ་དང་ལྡན་པར་སྦྱོར་བ་བྱས་ནས ་དེ་རྣམས་དང་དེ་རྣམས་ཉིད་ཅི་འདྲི་བའི་སྙིང་གའི་གདན་ལ། སོ་སོའི་སྔགས་ཀྱི་ཕྲེང་བ་མགོ་ནང་དུ་བཅུག། རྐང་པ་ཕྱིར་བསྟེར་བའི་འོད་ཟེར་རྣམས་ཀྱིས། རང་རང་གི་ཡེ་ཤེས་བསྐྱེད་པའི་བསྒྲུབ་བྱའི་གནས་ནས་བསྐུལ་ཏོ། སློར་གོང ་གིགེ་ཅི་འདྲ་བའི་ལྷ་མོའི་པདྨ་ནས་ཞུགས་ཏེ། བཟླས་པ་ལ་སོགས་པ་བྱས་ན་གང་བྱ་བ་རྣམས་འགྲུབ་པར་བསྟན་ཏོ།། ད་ནི་གཤིན་རྗེ་གཤེང་ལ་སོགས་པའི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དྲི་མ ་མེད་པའི་ཞེས་པ་ནི་སྣང་མཛད་ཀྱི་གཉིས་སུ་མེད་པའི་སྤྲིན་ལས་སྤྲུལ་པ་སྟེ། ཐུགས་ཀྱི་རང་བཞིན་ནོ།། ཕྱུང་བའི་སྔགས་རྣམས་ནི་སྒྲ་བཤད་པར་མི་བྱའོ།། སྔགས་ཀྱི་ཆེ་བ་བསྟན་པ་འདི་ནི་གསུངས་མ་ཐག ་ཅེས་པ་ལ་སོགས་པའོ།། དེ་ལ་ཐོད་པ་ཞེས་པ་ནི་བུད་མེད་དེ་བྱི་མ་བྱུང་བའི་དཀར་དམར་མཚན་དང་ལྡན་པའི་ནང་དུ་རླུང་གི་གདན་ལ་བགེགས་ཀྱི་གཟུགས་བྲིས་ལ། སྙིང་པོ་རྣམས་བཀུག་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས། རང ་གི་སྔགས་བརྗོད་ཅིང་རྐང་པས་མནན་པའི་ཚུལ་དུ་བྱས་ན་བུད་མེད་འགུགས་པར་བྱེད་དོ།། ཕོ་འགུགས་པ་ནི་ཕེཾའི་ཐོད་པ་ལ་འགུགས་པར་བྱའོ།། མཱ་མ་ཀཱི་འམ་ཞེས་པའི་ཚིག་གཉིས་ཀྱིས་ནི་བསྲུང་བ་དང་ཞི་བར་བྱའོ།། བདུད་རྩི་འཁྱིལ ་པའི་སྔགས་བསྟན་པ་ནི་དེ་ནས་ཞེས་པ་རྣམས་ཏེ། དེ་ལ་ཚུལ་བཞིན་བྱས་ན་ཞེས་པོ་ནི་ཆོ་ག་བཞིན་ཏེ། ལས་ཐམས་ཅད་པར་གང་གྱུར་པས་རས་མ་ལ་སོགས་པ་བབ་པ་ལ། རླུང་ལ་ཕྱག་མཚན་རྣམས་བྲི་བ་དང་། དེའི་ལྟེ་བར་སྒྲུབ ་པའི་གཟུགས་བྲི་བ་ནི་དུགུ་དང་ལྡོང་རོས་དང་རྡོ་རྒྱུ་ས་དང་ཁྲག་རྣམས་ཀྱིས་བྱའོ།། དེའི་སྙིང་གར་སྔགས་རིངས་འདི་བཀོད་ལ་རང་གིས་ཀྱང་བཟླས་པར་དངོས་པོ་ཉིད་ཞི་བར་བསམས་པ་ནི། སྐྲོད་པའི་ནི་ལས་སོ།། ཀུནྡ་ལི་དང་ཁ་ཧི་བར་དུ་མི ་གཞུག་པ་ནི་སྤྱིའི་ལས་སོ།། ཡང་གཞན་གྱིས་མི་ཐུབ་པ་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་དེ་ལ་ཆོ་ག་བཞིན་དུ་ཞེས་པ། འདིར་ཡང་གཞན་གྱི་མི་ཐུབ་པར་གྱུར་པས། སྲིན་པོ་ལ་སོགས་པས་ཟིན་པའི་བསྒྲུབ་བྱ་ལ་ཕན ་གདགས་པའི་ཕྱིར་སྲིན་པོ་ལ་སོགས་པའི་གཟུགས་གྲོགས་མཁར་དང་སྐེ་ཚེ་དང་ལན་ཙ་དང་དུར་ཁྲོད་ཀྱི་ཐལ་བ་དང་དུག་ལ་སོགས་པ་ལ་བྱས་ལ། བྱང་ཆུབ་ཀྱི་སེམས་དང་ལྡན་པས་མོའི་གཡོན་པ་དང་། ཕོའི་གཡས་པ་ནས་གཏུབས་ཏེ། ་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ཤེས་སུ་བྱིན་གྱིས་བརླབས་ནས། མིང་བར་དུ་བཅུག་གནས་བསྐུལ་ཚིག་དང་ལྡན་པའི་སྔགས་བརྗོད་པར་བྱའོ།། གཞན་པ་ནི་གྲོང་མ་བཞིན་དུ་བྱ་ཡང་སྐེ་ཚེས་ནཱི་བི། གཟུགས་དངོས་ནི་ཁྲག་གམ་གཅིན་གྱིས་སྦྲུས ་ལ་དེ་ནས་བསྲེག། དེ་ལྟར་བྱས་ན་གང་གི་ས་ཟིན་པ་ཝ་ཀྱང་ཐར་པར་འགྱུརརོ།། ད་ནི་རྟ་མགྲིན་བསྟན་པའི་དེ་ནཱ་ཞི་པ་ལ་སོགས་པ་སྨོས་ཏེ། དེ་ལ་མཽ་ཁཱ་དབྱིང་ཞི་བ་ལ་སོན་པ་སྨོས་ཏེ། དེ་ལ་མཁའ་དབྱིངས་ཞི་པ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། འདིར་རྟ་མགྲིན་དུ་གང་འགྱུར ་པས་བསྒྲུབ་བྱའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་དཀར་པོ་བཞག་ནས། དེའི་འོད་ཀྱིས་ལུས་ཐམས་ཅད་ཀྱིས་གནས་ལ་དུག་བསྲེགས་ཏེ། ལག་པ་གཡས་པ་ལས་འབྱུང་བ་པདྨ་དཀར་པོ་འདབ་བརྒྱད་ཀྱི་སྙིང་པོ་ལ་ཧཱུཾ་དཀར་པོའི་འོད ་ཟེར་འཕྲོས་པའི་བདུད་རྩི་འཛག་པར་བསམ་མོ།། དེ་སོ་ཡི་གེས་བསྐྱེད་པའི་བསྒྲུབ་བྱའི་ལུས་ལ་དུག་དྲངས་ནས། དྲངས་པ་གཞན་ལས་འཕྲོ་བས་གཟུང་བའི་བདུད་རྩི་དཀར་པོས་བསྡུས་པས་བསྒྲུབ་བྱའི་ལུས་ལ་དུག་སོང་བར་བས་མོ།། ་དེའི་མིང་དང་ཕྲེང་བའི་སྔགས་བརྗོད་པས་ཆེར་སྤེལ་བར་བྱའོ།། དེའི་སྦྱོར་བས་དུག་རྣམས་མེད་པར་བྱེད་པའོ།། ད་ནི་བེ་ཅོན་སྔོན་པོ་ཅན་གྱི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་ཆོ་གའི་ཚུལ་བཞིན་ཞེས་པ ་རྣ་བཅན་སྔོན་པོར་གང་གྱུར་པས་བསྲུང་བྱའི་གཟུགས་ཁ་ན་ཉིད་ཀྱི་རྐང་རྗེས་ཀྱི་ས་དང་། གྲོག་མཁར་གྱི་ས་དང་། ཕུབ་མ་དངར་བསྒྲགས་པའི་ཐལ་བ་དང་། དེ་རྣམས་ལ་ཁྲག་དང་གཙུན་གྱིས་སྦྲུས་པ་ལ་གཟུགས ་བྱས་ཏེ། དེའི་སྙིང་གར་ཁོ་ཉིད་ཀྱི་སྙིང་པོ་བཀོད་ནས་ནམ་གྱི་གུང་ལ། ཡུགས་མོ་བསྲེགས་པའི་ཐལ་བས་མེའི་དཀྱིལ་འཁོར་ཟུར་གསུམ་པ་བྱས་ནས། ཤིང་སྐྱེར་བའི་མེ་སྦར་ཏེ། དེའི་དབུས་སུ་ཛས་བཀུག་པ་ལ་ཁྲོ་བོའི་རྒྱལ་པོ་རིང་གི་ཆ་ལུགས་དང་ལྡན ་པར་གང་གྱུར་པས། གཟུགས་བརྙན་གྱི་རྐང་པ་ནས་མཚོན་ཆ་བཟང་པོས་གཏུབ་ཅིང་ཤིན་ཏུ་ཁྲོས་པས་མིང་བར་དུ་བཅུག་སྟེ། བསྐུལ་པ་དང་བཅས་པའི་སྔགས་ཀྱིས་ཕྲེང་བ་འདི་དུས་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་ན་སངས་རྒྱས་ཉིད་ཀྱང་གསོད་པར ་འགྱུར་ཞེས་བསྟན་པ་ཡིན་ནོ།། རྩ་བརྒྱད་བཟླས་ཤེས་པ་ལྟ་འོག་ཏུ་ཡང་སྙེགསོ།། ད་ནི་སྟོབས་པོ་ཆེའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་རྣམས་སྨོས་ཏེ། དེ་ལ་དེའི་ཆོ་ག་ནི་དཀྱིལ་འཁོར་གསུམ་དུ་ཞེས་ཏེ། འཇིག་རྟེན་གསུམ་དུ་ཆར་པ་དབབ་པ་ནི ་སྟོབས་པོ་ཆེར་གང་གྱུར་པས་བསྙེན་པ་རྣམས་སྔོན་དུ་བྱས་ཏེ། རང་གི་གནས་གང་ཡིན་པར་ཀླུའི་དཀྱིལ་འཁོར་འདབ་བརྒྱད་པ་བྱས་ལ། ཀླུའི་རྒྱལ་པོ་རྣམས་བཀོད་དེ། ཕྱོགས་དུས་ལ་སོགས་པ་རྣམས་སྤྱན་དྲངས་ནས། ཕྱག་བཙལ་བ་དང་། ་མཆོད་པ་རྣམ་ལྔ་དང་འོ་མས་མཆོད་དེ། སེམས་ཅན་གྱིས་དོན་བྱ་བའི་ཕྱིར། ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་དུས་སུ་ཆར་ཕོབ་ཅིག་ཅེས་བསྒོ། དེས་ཀླུ་རྣམས་ཀྱིས་ཆར་གྱི་རྒྱུན་འབེབ་པར་བསམས་ནས། སྔགས་ཀྱི་ཕྲེང་བ་འདི་བཟླ་བར་བྱའོ།། དེས ་རྫས་གང་ལ་བྱ་བ་ནི་བུམ་པ་སོ་མ་བཏང་བ་ལ་ཨུཏྤལ་ལྟ་བུ་རལ་གྲི་རྩེ་བརྒྱད་པ་བྲིས། དེའི་སྟེང་དུ་དཀྱིལ་འཁོར་པདྨ་འདབ་བརྒྱད་རས་ལ་གྲིས། དེ་ལ་ཨོཾ་ཤུ་ལི་ནི་སྭཱ་ཧཱ། ཞེས་ཁ་དོག་སྔོན་པོས་བྲིས་ཏེ་དེའི་བར་དུ་སྙིང་པོ་ཡི་གེ་ན་གཞུག་པར་བྱའོ།། ་དེ་ཡང་བུམ་པ་སོ་མ་བཏང་བ་དང་ཁ་སྦྱར་ནས། སྐུད་པ་ཡང་སྔོན་པོས་དཀྲིས་ཏེ། ཀླུ་རྣམས་དང་ཤུ་ལི་ནི་སྤྱན་དྲངས་ནས་མཆོད་དེ། དྲང་བ་ནི་ཡི་གེ་ཛའི་བར་དུ་བཅུག་པའི་ནམ་གྱིས་དྲང་ངོ་།། དེ་ནས་རྫས་ཉིད། རྒྱ་མཚོ་འམ་ཆུ་མིག་ཏུ་སྦ་བར་བྱའོ།། དེ་ལྟར ་བུའི་ཆོ་གས་འགྲུབ་པར་འགྱུར་རོ།། དེས་མ་གྲུབ་ན་བྱ་བ་ནི་འདི་སྟེ། བདག་གནོད་མཛེས་ཀྱི་རྣལ་འབྱོར་དུ་བྱས་ལ། གྲོག་མཁར་གྱི་ས་ལ་སོགས་པ་ལ་སྟོབས་པོ་ཆེའི་གཟུགས་བྱས་ཏེ། མ་ཧཱ་པ་ལ་ཛ་ཞེས་པས་བཀུག་ནས་བསྟིམས་ཏེ། མངོན ་སྤྱོད་ཀྱི་དཀྱིལ་འཁོར་དུ་ཁྲོ་བོ་གནོད་མཛེས་ཉིད་བསམས་ཏེ། དེ་ཉིད་ཞལ་གདངས་པ་ཁོ་ནར་གཟུགས་བརྙན་གྱི་རྐང་པ་གཡོན་པའི་མཐིལ་ན་བརྩིས་ཏེ། གཏུབ་ཅིང་གཏུབ་ཅིང་མ་ཧཱ་བ་ལ་བར་ཤ་པ་ལ་ཤི་ཞེས་པའི་བསྐུལ་ཚིག་དང་ལྡན་པའི་གནོད ་མཛེས་ཀྱི་སྔགས་ཁྲི་ཕྲག་གཅིག་བཟླས་ནས་སྦྱིན་སྲེག་བྱའོ།། དེར་ནི་སྟོབས་པོ་ཆེ་ཉིད་ཀྱིས་ཕབ་པ་ཡིན་ནོ།། ཀླུའི་གཟུགས་བརྙན་ལ། སྟོབས་པོ་ཆེ་ཆོ་གས་རྫོགས་པ་བྱས་ནས། ཀ་ར་བི་རའི་ཀླུ་ལྕག་གིས་བྲབ་ཅིང་གཟིར་བར་བྱའོ།། དེས་ཀྱང ་དདབབ་བོ།། ད་ནི་འདོད་པའི་རྒྱལ་པོའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྦྱོར་བ་ཡིས་ཞེས་པ་འདོད་པའི་རྒྱལ་པོར་གང་གྱུར་པས། བསྒྲུབ་བྱའི་གཟུགས་དུར་ཁྲོད་སོལ་བ་དང་། ཕུབ་མ་གྲོག་མཁར་གྱི་ས་ལ་སོ ་པ་བྱ་སྟེ། མཚན་མ་དེ་རྐང་པ་གཡས་པས་གནན་ཅིང་སྔགས་འདིའི་བར་དུ་མིང་བཅུག་སྟེ། བཀུག་ཅིང་བཟླས་ན་ལྷ་མཐུ་བོ་ཆེ་ལ་སོགས་པ་ཀུན་འགུགས་པར་འགྱུར་བའི་དོན་ཏོ།། ད་ནི་མི་གཡོ་མགོན་གྱི་སྔག ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྔགས་འདིས་ཞེས་པ་ནི་འདིར་མི་གཡོ་བར་གང་གྱུར་པས། གྲོག་མཁར་གྱི་ས་ལ་སོགས་པ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། དེ་ལ་ལྕགས་ཀྱོས་ཞེས་པ་བཀུག་ནས་དེ་ཉིད་གོང ་མ་བཞིན་དུ་རྐང་པ་གཡས་པས་མནན་ཏེ། བསྐུལ་བ་དང་ལྡན་པའི་སྔགས་བཟླས་ན་མ་ཧཱ་དེ་བ་ལ་སོགས་པ་རང་རང་གི་ཆུང་མ་དང་བཅས་པ་ཀུན་འགས་ཤིང་འགུག་པར་འགྱུར་བའི་དོན་ཏོ།། ད་ནི་གནོད་མཛེས་ཀྱིས་སྔགས་བསྟན་པའི ་ཕྱིར། དེ་ནས་ཤེས་པ་ལ་སོགས་པ་སྨོས་ཏེ། དེ་ལེ་འདིའི་ཆོ་ག་ནི་འདི་ལྟ་སྟེ། བདག་གནོད་མཛེས་སུ་གང་གྱུར་པས། བུད་མེད་ཀྱི་ཐོད་པ་མཚན་དང་ལྡན་པ་ལ་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས། བསྒྲུབ་བྱའི་བུད་མེད་ཀྱི་གཟུགས ་དྲིས་ཏེ། དཀུག་ནས་ཐོས་པ་དེ་ཞབས་ཀྱི་མནན་ནས། ཞགས་པས་ཀྱང་བཅིངས་ཏེ། བསྐུལ་བ་དང་ལྡན་པའི་སྔགས་འདི་བཟླ་བར་བྱའོ།། དེ་ནས་འཁོར་དང་བཅས་པའི་བུད་མེད་མཐུ་ཅན་འགུག་པའི་མཆོག་ཏུ་འགྱུར་བའི་དོན་ཏོ།། དེ་ལྟར ་སྔགས་ཀྱི་རྒྱུད་དང་ལྡན་པའི་ལས་བསྟན་པ་ནི་དེ་རྣམས་ཏེ། མངོན་སྤྱོད་དུ་བསྡུའོ།། ད་ན་འགུག་པ་གཞན་ལྷའི་ཏིང་ངེ་འཛིན་གྱིས་འཁོར་ལོ་ལ་སོགས་པ་དང་། ལྕགས་ཀྱོའི་སྒོ་ནས་འགུག་པ་བསྟན་པའི་ཕྱིར།། དེ་ནས་ཞེས་པ ་པ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་ཆེན་པོ་ཞེས་པ་རྡོ་རྗེ་འཛིན་པ་སྟེ། དེ་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་འབྱུང་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ཕྱུང་ངོ་ཞེས་འབྲེལ་ཏོ།། གང་ཕྱུང་བ་ནི་དམ་ཚིག་ཆེན་པོ་ཞེས་པ་རྣམས་ཏེ། སྐུའི་རྡོ་རྗེ་ལ ་སོགས་པ་གསུམ་གྱི་གསང་བ་ལས་འདིར་གསུང་ཉིད་མི་འདའ་བའི་ཚིག་འདི་ཞེས་སོ།། དེ་ལ་སངས་རྒྱས་རྡོ་རྗེ་སེམས་དཔའ་འདོད་པའི་རྡོ་རྗེ་སྐུ་གསུང་ཐུགས་གསུམ་ལ་རྡོ་རྗེ་སེམས་དཔའ་བསྒོམས་ནས། དེས་ལྷ་རྣམས་ཞགས་བ་དང་ལྕགས ་ཀྱོ་འཛིན་པ་སོ་སོར་སྤྲོས་ནས་སངས་རྒྱས་ཉིད་ཀྱང་འགུགས་ན་གཞན་རྣམས་ལྟ་ཅི་སྨོས་ཏེ་དགུག་པར་བྱའོ།། སྐུ་དང་གསུང་གིས་དགུག་པ་ནི་སངས་རྒྱས་གསུང་གི་ཞེས་པ་མཐའ་ཡས་ཀྱི་སྦྱོར་བའོ།། སྣང་མཛད་ཀྱི་སྦྱོར་བ་ནི་འཁོར་ལོ་ཆེན་པོའི ་ཞེས་པས་སོ།། དེ་གཉིས་ཀྱི་སྦྱོར་བ་ནི་རང་རང་གི་ཕྱག་མཚན་གྱི་ལྕགས་ཀྱོས་རྡོ་རྗེ་སེམས་དཔའ་འགུག་པར་འགྱུར་བ་ཡིན་ནོ།། ཞེས་སོ།། སྤྱིར་བསྟན་པ་ནི་ཆོ་ག་ཇི་ལྟ་བས་རྡོ་རྗེ་གསུམ་བསྒོམ་པ་ལྷ་རྣམས་འཁོར་ལོ་དང་པདྨོ་དང་། རྡོ་རྗེའི ་ལྕགས་ཀྱོ་སྤྲོས་ཏེ། བསྔགས་ཏེ་ལྷ་རྣམས་ཐམས་ཅད་འགུག་པར་འགྱུར་བའི་དོན་ཏོ།། རྡོ་རྗེ་གསུམ་གྱི་དེ་མ་ཐག་གསུངས་པའི་ནི་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། རྡོ་རྗེ་དངོས་བཞི་ཞེས་པ་རྡོ་རྗེ་སེམས་དཔའ་རང་གི་ས་བོན་གྱིས ་བསྐྱེད་པ་བསྒོམས་ནས། རླུང་གི་དཀྱིལ་འཁོར་ལ་འགུག་པར་བྱ་བ་ཀུན་སྦྱར་ན་ཞེས་ཏེ་གནས་པར་བསམ་མོ།། ལྷ་འོག་ཏུ་ཡང་སྦྱར་རོ།། དེ་ནས་བདག་གི་ལུས་ལ་ལྕགས་ཀྱོ་ཐོགས་པ་རྣམས་སྤྲོས་ཏེ། དགུག་བྱའི་སྙིང་གར་སྦྱར་ནས ་དྲངས་ན་འགུག་པར་འགྱུར་བ་ཡིན་ནོ།། ཟླ་བ་ལ་སྣང་མཛང་ཆོ་ག་ཇི་ལྟ་བ་བཞིན་བསྒོམས་ནས། ངའི་སྤྱན་ལྔ་དེ་ནས་བརྒྱ་བྱིན་གྱི་བཙུན་མོ་ཤི་ན་རླུང་གི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། མི་འཆི་ཞེས ་བ་བདུད་རྩི་འཁྱིལ་པ་གྲངས་མེད་པ་ལྕགས་ཀྱོ་འཛིན་པ་རྣམ་སྣང་ཉིད་ཀྱི་བ་སྤུའི་བྷ་ག་ནཱ་སྤྲོས་ཏེ། མི་འཆི་བའི་སྔགས་གོང་དུ་བསྟན་པ་ལན་གྲངས་ལྔ་བཅུ་བརྗོད་ན་དགུག་པར་འགྱུར་པས་ན་དགུག་པར་བྱའོ།། ཡང་རྡོ་རྗེ་ཀྱོ་བ་སྔོན་པོ་འདྲ་བའི་འོད ་འཛིན་པའི་རྡོ་རྗེ་དཀྱིལ་འཁོར་བསྒོམས་ནས་སྤྲོ་བ་ལ་སོགས་པ་བྱས་ནས་ན་མཁའི་བུ་མོ་ཞེས་པ་བར་སྣང་གི་བུ་མོ་སྟེ། དེ་འགུག་པའི་མཆོག་གོ།། རང་གི་ཁྲོ་བོ་ཞེས་པ་གནོད་མཛེས་བསྒོམ་པ་སྟེ། རང་གི་ཕྱོགས་ཡིན་པ་ཉིད་ཀྱི་ཕྱིར། རླུང་ལ་ས ་འོག་ན་གནས་པ་དག་དགུག་པར་བྱ་བ་ཡིན་ཏེ། འདི་ལྟར་རང་གི་སྙིང་ག་ནས་ལྷ་རྣམས་ཏྲི་ཤུ་ལ་རྩེ་གཅིག་པ་དང་རྡོ་རྗེ་ཀྱོ་བ་འཛིན་པ་རྣམས་སྤྲོས་ཏེ། ས་འོག་ན་གནས་པའི་ལྷ་མ་ཡིན་གྱི་བུ་མོ་རྣམས་དགུག་པར་བྱ་བའི་དོན་ཏོ།། རིགས་གང་དུ ་གྱུར་པའི་རྣལ་འབྱོར་པས་རྡོ་རྗེ་ཀྵོ་བའི་ཇི་ལྟ་བ་དང་ལྡན་པར་བྱའོ།། བཙག་དང་རྡོ་རྒྱུས་གང་རུང་ཁར་བཅུག་ནས་བསྙེན་པ་ལ་སོགས་པ་རྫོགས་ནས་དང་པོར་ཟླ་བ་གཟས་ཟིན་པ་ནས་མཐར་གྱི་བར་དུ་སྤྲོ་བ་ལ་སོགས་པའི་ཆོ་ག་བྱས་ན་ཚང ་པ་ལ་སོགས་པ་གང་དགུག་པའི་མིང་བྲིས་ནས། ཤོག་ཅིག་ཅེས་བརྗོད་ལ། སྔགས་བཟླས་པ་ལ་སོགས་པ་བྱས་ན་གདོན་མི་ཟ་བར་འོང་བར་འགྱུར་རོ།། ཡང་ཐོག་མར་མཚན་དཔེའི་རྣམ་པ་དང་ལྡན་པའི་འཇམ་དཔལ་བསྒོམས ་ནས་དེའི་སྦྱོར་བའི་སྦྱིན་ལས་ལྕགས་ཀྱི་འཛིན་པའི་གཤིན་རྗེ་གཤད་པོ་བསལ་བའི་སྒྲོག་པ་དང་འདྲ་བ་སྤྲོས་ནས་ངས་གནོད་སྦྱིན་མོའི་མིང་བར་དུ་བཅུག་ཅིང་། སྔགས་བཟླས་པ་དང་ལྡན་པས་བཀུག་ལ་སྦྱང་བར་བྱའོ།། མདོར་བསྟན་པ ་ཀུནྡ་གྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་གྱི་ཕྱག་རྒྱ་ནི་གང་ཡིན་པའི་ཁྱད་པར་རོ།། དེ་སོ་སོའི་སྔགས་ཀྱི་ཁྱད་པར་གྱིས་སྤྲོ་བ་ལ་སོགས་པ་དང་། རྫས་ཀྱི་རྣམ་པ་དང་དགུག་བྱ་ཚུལ་དང་། དེའི་གནས་ལ་སོགས་པ་དང་ལྡན་པར་བསྟན་པ་ནི་དགུག ་པའི་བབས་སྐུ་གསུངས་པ་ཡིན་ཏེ། དེ་ལས་གཞན་པ་སྟེ་སྒྲུབ་པ་པོ་རྨོངས་པའི་ཕྱིར། སྟོབས་ཆུང་ནང་ཆོ་ག་དང་མི་ལྡན་བཞིན་དུ་བྱས་ན་སྦྱོར་བ་ཉིད་འཇིག་པར་འགྱུར་བས་དེའི་ཕྱིར་རྡོ་རྗེ་རྒྱལ་པོ་བསྐུལ་བར་བྱ་བྱེ་ནི་དེ་བསྒོམ་པ་སྔགས ་བཟླ་བ་ལ་སོགས་པ་སྟེ། དེ་ནི་གཞན་དག་ཀྱང་བྱ་བར་མངོན་ནོ།། དེ་སྟོན་པ་རབ་ཏུ་རྟོག་པ་ནི་འདིར་ཐོག་མ་དང་ཐ་མ་མེད་པའི་བདག་ཉིད་པས། ཐམས་ཅད་ཀྱང་ཡིན་མོད་ཀྱི། ཐུགས་གཙོ་བོ་ཉིད་ཀྱི་ཕྱིར་དང་། མོས་པའི་དབང་གིས ་འདིར་རྡོ་རྗེ་འདིར་ཁོ་ན་སྟོན་པར་མངོན་ནོ།། ད་ནི་ཨཱཾ་ཀ་ཛཱ་ཏཱི་རལ་པ་གཅིག་མའི་སྔགས་དང་དོན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཀུན་ཏུ་སྤྲུལ་པའི་ཡེ་ཤེས་ཞེས་པ་བྱ་བ་གྲུབ་ཡེ་ཤེས་སོ།། རྡོ་རྗེ་ནི་མི་ཕྱེད་པའི ་མཚན་ཉིད་དོ།། ཏིངེ་འཛིན་ནི་དེའི་དོན་ལ་རྩེ་གཅིག་པའོ།། དེ་ལ་གདོན་མི་ཟ་བའི་ཚུལ་གྱིས་ཞུགས་ནས་ཕྱུང་ངོ་ཞེས།། གང་ཞེ་ན། དམ་ཚིག་ཆེན་མོ་ཞེས་པ་གཞན་གྱིས་མ་ལ་སོགས་པའོ།། དེའི་ཡང་རྒྱལ་མོ་ནི་འཕགས་མ་སྒྲོལ་མ ་འདིའོ།། དེ་ཉིད་མཆོག་ནི་ཤུ་ལཱི་སྟེ་དོའོ།། སྔགས་ཀྱི་རིག་པ་འདིས་ཞེས་པ་ཆོ་ག་འདི་སྟེ། གང་རྡོ་རྗེ་གཞོན་ནུ་ཆོ་ག་ཇི་ལྟ་བ་སྱ་བསྒོམས་ལ། ཐར་ཚུགས་གཅིག་མ་རང་གི་སྔགས་ལས་བསྐྱེད་པའི་སྐུ་དང་།། ་གཡས་གཡོན་གྱི་ཞལ་ནི་ནག་པོ་དཀར་པོ་དམར་པོའི་རིམ་བཞིན་སྦྱར་ནས་བསྒོམས་ནས་ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པའོ།། བ་རེ་མ་གཉིས་ན་ཐོད་པ་དང་དགང་གཟར་བསྣམས་པ། ཐ་མ་གཉིས་ན་རིན་པོ་ཆེ་དང་རལ་གྲི ་འཛིན་པ་དང་། སྦྱོར་ཞིང་ལྕགས་ཀྱོ་ཐོགས་པའི་ལྷ་རྣམས་སྤྲོས་ཏེ། ཤ་ཆན་དང་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པ་ལ་དགུག་བྱའི་གཟུགས་བྱས་ལ་གོང་མ་བཞིན་རླུང་ལ་གནས་པར་བསམས་ཏེ། མིང་བར་དུ་བཅུག་ནས་བཀུག་ནས། རྐང ་པ་གཡོན་པས་མནན་ཏེ། གཟུགས་བརྙན་གྱི་དཔྲལ་བར་མིང་བྲིས། སྙིང་གར་སྔགས་རྡོ་རྒྱས་བྲིས་ཏེ། བཞུག་ལ་བསྐུལ་བ་དང་ལྡན་པའི་སྔགས་བཟླ་བ་ལ་སོགས་པ་བྱས་ཏེ་བཀུག་ནས་སྤྱད་པར་བྱའོ།། དེ་དང་འདྲ་བའི་ཁྲོ་གཉེར་མའི་སྔ ་དང་དོན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཤེས་པ་ལ་སོགས་པ་སྨྲས་ཏེ། དེ་ལ་སོ་སོར་རྟོག་པའི་རྣམ་པ་ན་མཁའི་དམ་ཚིག་འབྱུང་བ་ལ་འོད་དཔག་མེད་ཀྱི་ཚུལ་གྱིས་ཞུགས་ནས་ཕྱུང་ངོ་ཞེས་སོ།། དམ་ཚིག་ཆེན་མོ་ཉིད ་ཁྲོ་གཉེར་མ་སྟེ་དེའི་སྔགས་འདི་ཞེས་སོ།། རིགས་པ་འདི་དང་དམ་ཚིག་ཅེས་པ་ཆོ་ག་འདི་སྟེ། གང་མཐའ་ཡས་ཀྱི་རྣམ་པར་གྱུར་པས་ཁྲི་གཉེར་མ་དང་སྦྱོར་ཞིང་སྤྲུལ་པ་གོང་མ་བཞིན་བྱས་ལ་དགུག་བྱ་རྣམས་བུད་མེད་ཀྱི་ཐོད ་པ་ལ་རླུང་ལ་གནས་པའི་གཟུགས་ཀྱི་སྙིང་གར་སྔགས་བཅུག་ན། རྡོ་རྒྱུས་ཀྱིས་བྲིས་ཏེ་བཀུག་ནས་རྐང་པས་མནན་ཏེ། བསྐུལ་ཚིག་དང་ལྡན་པའི་སྔགས་བཟླས་ན། རྒྱན་ཆ་དང་ལྡན་པ་རྣམས་འགུག་པར་འགྱུར་རོ།། རྡོ་རྗེ་སེམས ་དཔའི་ཏིང་ངེ་འཛིན་ཁོ་ནས་དགུག་པ་ནི། འགོག་པ་རྡོ་རྗེ་ཞེས་པ་རྣམས་ཏེ། གཉིས་སུ་མེད་པའི་རང་བཞིན་དུ་སྦྱོར་བ་དང་ལྡན་པས་འགུག་པར་བསྟན་ཏོ།། ད་ནི་སྔགས་འབའ་ཞིག་ཁོ་ན་བཟླས་པས་འགྲུབ་པར་བསྟན་པ་ནི། ཡང་ན་ཞེས་པ ་རྣམས་ཏེ། གང་གི་སྐུར་བསྒོམས་ནས་གང་དེའི་སྔགས་བཟླས་ན་འགྲུབ་པར་བསྟན་ཏོ།། དྲག་པོའི་སྦྱོར་བའི་བསྒྲུབ་བྱའི་ཁྱད་པར་ནི་རྡོ་རྗེ་སློབ་དཔོན་སྨོད་པ་དང་ཞེས་པ་རྣམས་སོ།། ཕྱོགས་བཅུའི་ཞེས་པ་ལ་སོགས་པ་ནི་གསོད་ནུས་པར་བསྟན་པ ་སྟེ། བརྗོད་པར་བྱ་བའི་དངོས་པོ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པར་བྱ་བའོ།། རང་གི་གནས་སུ་བསྙེན་པ་ལ་སོགས་པ་བྱས་ནས་ཁྲོ་བོའི་དཀྱིལ་འཁོར་དུ་གང་གྱུར་པས། ཁྲག་དང་ཆུ་དང་བཤད་གཅིགཤེར་བའི་གོས་ནས། གང ་ཡིན་པའི་ལིང་ག་རྐང་པས་མནན་ཏེ། ཁྲོ་བོའི་ངང་ཅན་གྱིས་དེའི་སྔགས་རྩ་བརྒྱད་བཟླས་ན་ངེས་པར་འཇིག་པར་འགྱུར་རོ།། ཕྱི་མ་ལ་ཡང་དེ་ལྟར་སྦྱོར་རོ།། དེ་དག་གི་གནས་ནི་མ་འི་གནས་ཞེས་པ་ལ་སོགས་པའོ།། ད་ནི་ཕུར་བུའི་ཆོ་ག ་བསྟན་པའི་ཕྱིར་མའི་ཞེས་པ་ལ་སོགས་པ་སྨོས་ཏེ། གཤིན་རྗེ་གཤེད་ལ་སོགས་པར་གང་གྱུར་པས། དུར་ཁྲོད་ཀྱི་སོལ་བ་དང་། ཐལ་བ་དང་། ཁྲོ་དང་ཅུ་རྩེའི་ཕུབ་མ་དང་། རང་གི་རྐང་རྗེས་ཀྱི་རྡུལ་དང་། ཆུ་འགྲམ་གཉིས་ཀྱི་ས་ལ་དྲི་ཆེན་དང ་དྲི་ཆུས་སྦྲུས་ཏེ། གཟུགས་བརྙན་བྱས་ལ། དེའི་སྙིང་གར་དུར་ཁྲོད་ཀྱི་རས་མ་ལ་ཁྲོ་བོའི་རྡོ་རྗེ་རྣོན་པོ་བྲིས་ཏེ། དེའི་བུམ་པ་ན་སྔགས་ཀྱི་བར་དུ་བཅུག་པའི་བསྒྲུབ་བྱའི་མིང་དུག་དང་། ཡུངས་མར་དང་། ཆེ་བའི ་མར་རྣམས་ཀྱིས་བྲིས་པ་བཅུག་སྟེ། བཀུག་ནས་འདུག་པ་ལ་རྒྱ་རུས་པ་ལ་བྱས་པ་ཚང་སོར་བརྒྱད་པ་ལ་རང་གི་ཁྲོ་བོའི་སྔགས་རྩ་བརྒྱད་དུ་བཟླས་ཤིང་ལིངྒ་དགྲའི་སྒོ་གར་ཁྱེར་ཏེ་གདབ་པར་བྱ། དེ་ནས་དེ་ཉིད་ཁོ་ནར་སྦ་བར་བྱའོ།། དེ་ཉིད་ནི་རྡོ་རྗེ་རྒྱ ་གྲམ་གྱིས་ཀྱང་མནན་པར་བྱའོ།། ཤེས་དང་མི་ཤེས་སྤངས་པ་སངས་རྒྱས་བཅོམ་ལྡན་འདས་སོ།། དེ་ཡང་ཞེས་སོ།། ད་ནི་བསྲང་བའི་ལས་བསྟན་པའི་ཕྱིར། ཡང་ན་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་ཆོ་ག་ནི་ཡ་མཱནྟ་ཀ་ལ་སོགས་པར་གང་གྱུར་པས། ་ཐོད་པ་ཡོན་ཏན་དང་ལྡན་པ་ལ་སྔགས་ཀྱི་བར་དུ་བསྒྲུབ་བྱའི་མིང་བཅུག་ནས། རྡོ་རྒྱུས་དང་། སོལ་བ་དང་། ལྡོང་རོས་དང་། བ་བླས་བྲིས་ཏེ་བཀུག་ནས་གང་ལྡན་པས་སྔགས་རྩ་བརྒྱད་བཟླས་ཤིང་། དགྲའི་སྒོ་འམ་གྲོང་དུ་གཞག་ན་བསྐོད་པར་འགྱུར་རོ།། ་ལས་གཞན་གསུངས་པ་ཏ་ལའི་ཞེས་པ་རྣམས་ཏེ། ཏ་ལའི་ལོ་མ་འམ་གཞན་གྲོ་གའམ། རས་སམ་ཤིང་ཤུན་ནམ། ཤོག་ཤོག་ལ་བསྒྲུབ་བྱའི་གཟུགས་བྲིས་ཏེ། མིང་རུས་བར་དུ་བཅུག་པའི་སྔགས་བསྐུལ་ཚིག་དང་ལྡན་པ་བྲིས་ལ་བཟླས་པ་ལ་སོ།། ་པ་བྱ་ཞིང་། དེ་ཉིད་དགྲའི་ཁྱིམ་མམ་སྒོར་སྔས་ན། འཆིའམ་འོན་ཏེ་བསྐམས་པར་འགྱུར་བས། དེ་ལྟར་བྱ་ཞེས་པའི་དོན་ཏོ།། ད་ནི་རིགས་ཀྱི་བྱེ་བྲག་ཚུལ་གྱིས་ནི།། རྡོ་རྗེ་ཕུར་བུས་གདབ་པར་བྱ། ཞེས་པས་སྐུ་ལ་སོགས་པའི་ཕུར་བུས་མངོན་སྤྱོད ་ཀྱི་ལས་ཀྱི་སྐུ་གསུང་ཐུགས་ཀྱི་ལྷ་འཇིག་རྟེན་ལས་འདས་པ་ལ་གདབ་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་ལ་སོགས་པ་ངེས་པར་འཆིང་བ་ནི་ངེས་པར་གཅིག་ཏུ་དབྱེར་མེད་པ་སྟེ། དེ་ལ་རྡོ་རྗེ་འཛིན་པའི་ཚུལ ་གྱིས་ཞུགས་ནས་ཐམས་ཅད་གནོན་པ་རྡོ་རྗེ་ཁྲོ་བོ་རྣམས་ཏེ། དེའི་རྡོ་རྗེ་ཕུར་བུའི་སྔགས་འདི་ཕྱུང་ངོ་ཞེས་སོ།། འདིའི་ཆོ་ག་ནི་གང་དུ་གང་གྱུར་པས་ཆོ་ག་བཞིན་དུ་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་མིང་རུས་སྔགས་ཀྱི་བར་དུ་བཅུག་པ་བཅུག ་སྟེ་མིའི་རུས་པའམ། སེང་ལྡེང་ངམ། ལྕགས་ལས་བྱས་པའི་ཕུར་བུ་སྨད་གསལ་ཤིང་སྟོད་དགྲ་བགེགས་ལྟ་བུའི་གཟུགས་བསམས་ནས། གང་ལྡན་པས་ཨོཾ་གྷ་གྷ་གྷཱ་ཏ་ཡ་ཞེས་པའི་སྔགས་བཟླས་ཤིང་གདབ་པར་བྱའོ།། གདབ་པའི་ཚུལ་ནི ་འོད་འཕྲོ་འཁྲུག་ཅིང་ཞེས་པ་ལ་སོགས་པ་སྟེ། ཐབས་དང་ཤེས་རབ་ཏུ་ལྡན་པའི་རྡོ་རྗེ་སེམས་དཔའི་རིགས་དང་འབྲེལ་པའི་སྟོབས་པོ་ཆེའི་ཕུར་བུ་གཞག་ལ། དེས་ཐུགས་ཀྱི་རྡོ་རྗེ་ལ་ཆོ་ག་ཇི་ལྟ་བ་བཞིན་གདབ་པར་བྱའོ།། ད་ནི་སྣང་མཛད་ཀྱི ་རིགས་དང་འབྲེལ་བའི་གཤིན་རྗེ་གཤེད་ཀྱི་ཕུར་བུས་དེའི་སྐུའི་རྡོ་རྗེ་ལ་ཆོ་ག་ཇི་ལྟ་བ་བཞིན་གདབ་པར་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་པའི་ཚིག་སྨོས་སོ།། ཡང་ན་འདོད་ཆགས་ཞེས་པ་ནི་ཆོ་ག་ཇི་ལྟ་བས་རྟ་མགྲིན་གྱི་ཕུར་བུས་རང ་གི་གསུང་གི་རྡོ་རྗེ་ལ་གདབ་པར་བྱའོ།། གཤིན་རྗེ་གཤེད་ཅེས་པ་གོང་གི་སྣང་མཛད་ཀྱི་རིགས་དང་འབྲེལ་པ་ཉིད་དོ།། དེས་ནི་ཚེ་དཔག་མེད་དང་འབྲེལ་པའི་རྟ་མགྲིན་ཀྱང་བསམས་ན་ཞེས་བྱ་བར་ཤུགས་ཀྱིས་མངོན་ནོ།། ཡང་འདིར་བདུད་རྩི་འཁྱིལ ་པ་ཡིས་ཤེས་པ། སྐུའི་རྡོ་རྗེ་ལ་སོགས་པ་གོང་དུ་གསུངས་པ་རྣམས་ལ་བདུད་རྩི་ཉིད་ཀྱི་ཕུར་བུས་ཆོ་ག་ཇི་ལྟ་བ་བཞིན་དུ་གདབ་པར་བསྟན་པ་ཡིན་ནོ།། དེ་ནི་ལས་ཐམས་ཅད་པའི་བདག་ཉིད་ཡིན་པ་ཉིད་ཀྱི ་ཕྱིར་རོ།། དེ་ལ་བདག་ཉིད་ཆེན་པོ་ཞེས་པ། ཐམས་ཅད་བདག་ཉིད་གང་ཡིན་པའོ།། གདབ་པའི་ཚུལ་ནི་ཆོ་ག་ཇི་ལྟ་བས་དེའི་གནས་སྙིང་ག་ནས་རྐང་པའི་མཐར་རྡོ་རྗེ་ཕུར་བུས་གདབ་པར་བྱའོ།། དེ་ནི་གོང་དུའང་སྦྱར་བར་བྱའོ་ཞེས་སོ།། འདིར ་གོང་འོག་གིའང་ཞེས་པ་དང་། ཀྱང་ཞེས་པའི་སྒྲ་ནི་གདོན་མི་ཟ་བའི་ཚིག་སྟེ། གོང་མའི་རིམ་པས་གདུག་ཅིང་ཁྲོ་བ་ལ་སོགས་པའི་བསྒྲུབ་བྱའི་མིང་འོག་ནས་འབྱུང་བའི་སྔགས་ཀྱི་བར་དུ་བཅུག་སྟེ། གཟུགས་བརྙན་བྱས་ལ་གང་ཡིན་པ ་བཀུག་ནས། གཤིན་རྗེ་གཤེད་ལ་སོགས་པར་གང་གྱུར་པས་དེའི་ཕུར་བུས་ཇི་ལྟ་བ་བཞིན་གདབ་པར་བྱའོ།། ཞེས་པའི་དོན་ཏོ།། ད་ནི་ཆོ་ག་དེ་དག་གི་གདབ་པའི་སྔགས་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པོ་སྨོས་ཏེ། དེ་ལ་སྐུའི ་རྣམ་པར་སྤྲུལ་པ་ཞེས་པ། མེ་ལོང་དང་ལྡན་པའི་རང་གི་ལས་སོ།། དེ་མི་ཕྱེད་པའི་ཕྱིར། རྡོ་རྗེའི་ཏིང་ངེ་འཛིན་ལ་སྣང་མཛད་ཉིད་ཀྱི་ཚུལ་གྱིས་ཞུགས་ནས་ཕྱུང་ངོ་ཞེས་འབྲེལ་ཏོ།། དེ་ལྟར་གསུང་དང་ཐུགས་ཀྱི་དམ་ཚིག་ལ་ཡང་ཇི་ལྟ ་བ་བཞིན་སྦྱར་བར་བྱའོ།། དེ་དག་གི་དམ་ཚིག་གི་གནོད་པའི་ནི་ཏིང་ངེ་འཛིན་གང་དང་ལྡན་པས། སྔགས་འདི་དྲག་ཏུ་བཟླས་པ་ཙམ་གྱིས་ཤེས་སོ།། དེ་དག་གི་ཆོ་ག་ནི་རང་རང་གི་ཕྱག་མཚན་དང་ལྡན་པས་བྱ་བ་སྟེ་སྔོན་དུ ་བྱས་སོ།། དེའི་སྡང་བ་དང་འཆི་བ་ནི་བསམ་པའི་དབང་པོ་མྱོས་པ་ནི་མ་རིག་པའོ།། ཨེ་མའོ་ཞེས་པ་ལ་སྩོགས་པ་ནི། དེ་དག་གི་དོན་ལ་གཙོ་བོ་ཉིད་དགྱེས་ནས། དམ་ཚིག་དོན་གྱིས་འདི་སྐད་དུ་གསུངས་སོ་ཞེས་སོ།། ཨེ་མའོ་ཞེས་པའི ་ཚིག་བཞི་ནི་སྐུ་ལ་སོགས་པའི་གནས་དང་། རྒྱལ་བའི་ས་བོན་དང་། རིག་མའི་པདྨ་ལ་གསལ་བའི་ངོ་བོ་དང་། དེའི་སྤྲུལ་པའི་ཆོ་ག་ལ་སོགས་པ་རྣམས་བསྟན་ཏེ། གསང་བས་གསལ་བར་མ་བཤད་དོ།། ལེའུ་བཅུ་བཞི་པའི ་དོན་རྫོགས་སོ།། །། ད་ནི་སྐུ་གསུང་ཐུགས་ཀྱི་བསྒྲུབ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དང་པོར་གསང་བའི་དབྱིངས་སུ་རྣམ་པར་སྣང་མཛད་དུ་བསྒོམས་ནས། རིགས་ངན་པ་མི་དབྱེ་སྟེ། སྨེ་ཤ་ལ ་སོགས་པ་བྱིན་གྱིས་བརླབ་པར་བྱས་ཏེ། སྦྱོར་བའི་ཆོ་གས་བསྒྲུབ་པ་བྱ་བ་ཡིན་ནོ།། དེ་ཡང་གསང་བ་ལ་དཀྱིལ་འཁོར་རྣམས་བཀོད་དེ། བསྒོམ་པར་བྱའོ།། རྡོ་རྗེ་སེམས་དཔའི་བསྒྲུབ་པ་ནི་རྡོ་རྗེ་ཞེས་པ་རྣམས་ཏེ། རྡོ་རྗེ་སེམས་དབྱར་གང་གྱུར ་པས་བཙོ་བྲག་མཁན་ལ་སོགས་པའི་གཟུགས་བྱིན་གྱིས་བརླབས་ནས་བསྒྲུབ་པར་བྱ་བ་ཡིན་ནོ།། སྦྱོར་བའི་ཆོ་ག་ལ་གནས་ནས་གསང་བའི་དོན་ལ་འཇུག་པར་བྱའོ།། དེ་ནས་རྡོ་རྗེ་ཆོས་ཀྱིས་བསྒྲུབ་པ་ནི་རྡོ་རྗེ་ཆོས་ཞེས་པའི་ཚིག་རྣམས ་ཏེ། སྣང་བ་མཐའ་ཡས་སུ་གང་གྱུར་པར་བྱས་པས། གསང་བ་དབྱིངས་ཀྱི་དབུས་དག་ཏུ་གར་མཁན་བུ་མོ་ལ་བྱིན་གྱིས་བརླབ་པ་བྱས་ཏེ། གསང་བའི་ཆོས་གོས་བསྒྲུབ་པར་བྱ་བ་ལ། ཤིན་ཏུ་སྦྱོར་བ་ལྡན་པ་ཡིན་ནོ།། གཞན་ཡང་དེས ་བསྒྲུབ་པ་སྟེ། བྲམ་ཟེ་ཞེས་པའི་ཚིག་གིས་མངོན་ནོ།། དེ་དག་གི་ཡོན་ཏན་ནི་སྐབས་སུ་གསུངས་པ་རྣམས་ཏེ། གོ་སླ་བས་སོ།། བསྒྲུབ་པའི་དུས་ནི་སྐྱ་རེང་ཞེས་པ་ལ་བྱ་སྟེ། འདིའི་དོན་ནི་འདི་སྐད་དུ་གང ་བསྒྲུབ་པའི་རྣལ་འབྱོར་པས། རང་གི་གཟུགས་ཀྱི་རྒྱན་གྱིས་བརྒྱན་ལ་བསྒྲུབ་པ་དུས་སུ་གསང་བ་ལ་དཀྱིལ་འཁོར་བསྒོམས་ཏེ། སྤྲོ་བ་དང་བསྡུ་བས་སྦྱོར་བས། དབུགས་ནི་བར་བྱ་བ་གང་ཡིན་པ་གསང་བའི་དོན་ནོ་ཞེས་བསྟན་པར་འགྱུར ་རོ། དབང་པོ་གཉིས་ནི་ཞེས་པ་གོང་གི་སྒྲུབ་པ་ཉིད་སྦྱོར་བ་སྟེ། དེའི་ཆོ་ག་ཞེས་པ་ཉིད་ཀྱིས་སྐུ་ལ་སོགས་པའི་སྦྱོར་བ་གང་རྣམས་བསམ་པར་བྱའོ།། དེ་དག་གི་དུས་སུ་བཤང་གཙོ་ལ་སོགས་པ་བཟའ་བར་བྱ་བ་ཁོ་ན་སྟེ་ངེས་དངོས་གྲུབ ་ཏུ་འགྱུར་རོ།། འདོད་དང་ཐར་པའི་ཞེས་གྲགས་པ་ནི་སྟོན་པའི་མཚན་གྱི་ཁྱད་པར་སྟེ། ལྷ་འོག་ཏུ་ཡང་སྙེགས་སོ།། ཡ་མཱན་ཏ་ཀའི་སྔགས་དང་ཆོ་གས་དགུག་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པ་འམ་རྫོགས་པ་ལ ་གནས་པས་དཀྱིལ་འཁོར་གྲུ་གསུམ་དུ། ཁྲོས་པའི་དཀྱིལ་འཁོར་རྣམས་བསྒོམས་ཏེ། དེ་ལ་མཆོད་པ་དང་དུག་ལ་སོགས་པ་བསྲེགས་པར་བྱའོ།། བུ་མཾ་ལ་སོགས་པ་གང་དགུག་པའི་གཟུགས་བརྙན་བྱས་ཏེ། མིང་རུས་སྙིང ་གར་བླན་ཏེ་ཉི་གུང་ལ་སོགས་པར་བཀུག་ནས། སྔགས་ཀྱི་བར་དུ་ཡང་མིང་བཅུག་ནས་སྟོང་བཟླས་ཏེ་བསྲེག་པར་བྱའོ།། དེའི་ཡོན་ཏན་དང་སྐྱོན་གསུངས་པ། བསྐལ་པ་ཞེས་པ་རྣམས་སོ།། ཡང་ན་དུར་ཁྲོད་ཞེས་པ་རྣམས་ཏེ། ་བསྒྲུབ་པའི་དུས་སུ་སོལ་པ་ལ་མིང་རུས་བཅས་ཏེ། མ་མོའི་གནས་ལ་སོགས་པར་བདག་ལ་མི་བསྟན་པར་སྨྲ་བ་རྣམས་ཆོ་ག་བཞིན་དུ་བསྒྲུབས་ན་འདུལ་བར་འགྱུར་རོ་ཞེས་ཏེ། འདི་དག་ལ་སོགས་པའི་ཆོ་ག་ཞིབ་ཏུ་ནི་མ་བཤད་དེ། བླ ་མའི་གདམ་ངགྲ་ལས་ཤེས་པར་བྱའོ།། སྔགས་ཞེས་པ་ཡིས་ཞེས་པ་རྣམས་ནི་རྣལ་འབྱོར་པ་ཕྱག་ན་རྡོ་རྗེ་བསྒོམ་པས། དགྲ་བགེགས་གང་ཡང་རུང་བའི་གཟུགས་བྲིས་ཏེ་དགུག་པ་བྱས་ལ། ལག་ཏུ་ཐོ་བ་ཐོགས་ཏེ་བརྡུངས་པས་ཤི་བར ་བསྒོམས་ན་དེ་ཉིད་གདོན་མི་ཟའོ།། ཧཱུ~ཾ་ཞེས་པའི་རྣམས་ཕྱག་ན་རྡོ་རྗེ་བསྐྱེད་པའི་ཆོ་གའོ།། བསད་པའི་ཆོ་ག་གཞན་གསུངས་པ། རྡོ་རྒྱུས་ཤེས་པའི་རྣམས་ཏེ། བདག་བདུད་རྩི་འཁྱིལ་པ་ལ་སོགས་པར་བསྒོམས་ནས། རྡོ་རྒྱུས་ལ་སོགས་པས ་སྐྱེས་པ་བུད་མེད་གྲང་ཡིན་པའི་གཟུགས་བྲིས་ཏེ། རང་གི་ལག་ཏུ་སྟ་ར་ཐོགས་ནས་ལིང་ག་གཏུབས་ཏེ། མིང་པ་བཅད་པར་བསྒོམས་ན་འགྲུབ་པར་གསུངས་པའོ།། ཡང་ན་མནན་པའི་ལས་ཀྱིས་བསད་པ་གསུངས་པ། ལས་ཀྱི་ཞེས་པ་ལ ་སོགས་པ་སྟེ། དེའི་དོན་ནི་གོང་གི་བསད་པའི་ལས་བྱས་པ་སྟེ། དངོས་གྲུ་གསུམ་པ་བརྐོས་ཏེ་ནང་དུ་གན་རྒྱལ་དུ་བཅུག་ལ། རི་རབ་དང་གླིང་བཞིས་མནན་ཏེ་དབུས་སུ་དོན་ཡོད་གྲུབ་པ་བསྒོམས་ཏེ། སྭ་ལ་གནོད་མཛེས་ཀྱི་བྲོ་བརྡུང་བར་བྱ ་ཞེས་བསྟན་པ་ཡིན་ནོ།། ཡང་གཞན་གསུངས་པ་དཀྱིལ་འཁོར་ཞེས་པ་སྟེ། རླུང་ལ་སོགས་པའི་ཆོ་ག་ནི་བདག་སྟོབས་པོ་ཆེའི་ཕྱག་རྒྱ་བཅས་ཏེ། དེའི་ཆོ་གས་བསྒྲུབ་ན་སངས་རྒྱས་ཀྱང་གདོན་མི་ཟ་ན་ཞེས་སོ།། ཕཊ་ཞེས་པ་གསང ་བའི་དོན་གསུངས་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་ཡིས་ཕཊ་ཀྱིས་གསང་བའི་པདྨ་ཁ་ཕྱེ་ལ་སྦྱོར་བའི་ཆོ་གས་གསང་བའི་དབྱིངས་སུ་སྣང་མཛད་ལ་ལྷ་མོ་བཞིས་བསྐོར་བ་བསྒོམ་པ ་བྱའོ།། མི་བསྐྱོད་པའི་སྐུར་བསྒོམས་ནས་ཡུམ་གྱི་པདྨ་རྒྱས་པར་བྱས་ནས་གསང་བ་ལ་སྦྱོར་བའི་ཆོ་གས་ཧཱུཾ་བསྒོམས་ཏེ། སྐུ་ལ་སོགས་པ་ཕོབ་ན་ཡོན་ཏན་ཐམས་ཅད་བསྐྱེད་པའོ།། བ་ནི་ཐུན་མོང་གི་བསྒྲུབ་པ་བསྟན་པའི་ཕྱིར། བཞིན ་བཟང་ཞེས་པ་ལ་སོགས་པ་སྨོས་ཏེ། གནས་ཡིད་དང་མཐུན་པར་བསྐྱོད་པ་འམ་རྫོགས་པས་ཉིད་ལྷའི་རྣལ་འབྱོར་དུ་བྱས་ཏེ། གཟུགས་བྱིན་གྱིས་བརླབས་ནས་གསང་བ་ལ་སོགས་པ་ཤ་ལྔ་དང་སྦྱར་ཏེ་སྦྱོར་བའི་ཆོ་ག་ཇི་ལྟ་བས་དེ ་ལྕགས་གསུམ་གྱིས་དཀྲིས་ཏེ་བསྒྲུབས་ནཱ་མི་སྣང་བ་འགྲུབ་པ་ཁོ་ན་སྟྭཾ། ལྕགས་གསུམ་ནི་གསེར་དང་དངུལ་དང་ཟངས་སོ།། གཞན་དག་ནི་གོ་སླ་བླ་མ་བཤད་དོ།། སྐུ་ལ་སོགས་པའི་རིམ་གྱིས་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། ཨེ་མའོ། ་ཞེས་པ་བཞིན་ངོ་མཚར་བ་སྟེ། དང་པོ་ནི་སྤྱི་ཡིན་ལ། གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབང་ངོ་།། ལས་གང་བྱེད་པ་ལ་རང་གིས་རིགས་བསྒོམ་པ་ནི་སངས་རྒྱས་ཞེས་པ་རྣམས་ཏེ་རང་རང་གི་རིམ་པར་བྱ་བ་ཡིནོ།། དེ་དག་གི་མཇུག་བསྡུ་བ་ནི་བསཾ ་གཏན་ཞེས་པ་རྣམས་ཏེ། གོང་དོན་ཉིད་ཀྱིས་ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་དམིགས་པའོ།། བསམ་གཏན་གྱི་ཆོ་ག་ཡང་གསུངས་པ། དེ་ནས་སྟོན་པ་ཞེས་པ་ལ་སོགས་པའོ།། དེ་ལ་སྔགས་བཟླས་ཞེས་པ་རྡོ་རྗེ་བཟླས་པ་དང་བཞི་སྟེ། གང་བསྒོམ ་པས་བཟླས་པའི་སྦྱོར་བ་ལ་འཇུག་པ་ཡིན་ནོ།། དབབ་པའི་ཆོ་ག་གསུངས་པ་དབབ་པའི་ཞེས་པ་ལ་སོགས་པ་སྟེ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་བསྐུལ་བ་དང་། བུ་མོ་དང་ཁྱེའུ་མཚན་དང་ལྡན་པ་དབབ་པ་སྟེ། དབབ་པའི་ཆོ་ག་དང་སྔགས ་འོག་མས་བསྐུལ་བ་ཡིན་ལ། རྒྱས་པར་བླ་མ་ལས་ཤེས་པར་བྱའོ།། ཕེབས་པའི་ཡོན་ཏན་ནི་འགུལ་བས་དང་ནི་ཞེས་རྒྱས་པར་སྨོས་སོ།། བསད་པའི་ལས་ཀྱི་རྒྱལ་བ་མཆོག་གཞན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། རྩེ་གཅིག་མར་གྱུར ་ཞེས་པ་ནི་དམ་པའི་དོན་ལ་རྩེ་གཅིག་པར་མ་གྱུར་པའི་གེགས་གསལ་བའི་ཕྱིར་ཡང་བསྒྲལ་བར་བྱ་ན་གཞན་ལྟ་ཅི་སྨོས་པའོ།། གདོན་མི་ཟ་བའི་བཀས་བསྒོམ་པ་ནི་ཐམས་ཅད་ལ་ཞེས་པར་བྱའོ།། དགྲའི་གཟུགས་བརྙན་བྱས་ནས་ནི་ཞེས་པ་འང་ལྷའི ་ང་རྒྱལ་དུ་བྱས་ཏེ། དུར་ཁྲོད་རྣམས་སུ་དགྲ་བགེགས་ཀྱི་གཟུགས་བརྙན་བྱས་ཏེ་དེ་ལ་དགུག་ཅིང་བསྟིམ་པ་བྱས་ནས། སྐྲ་བཤིག་གཅེར་བུར་བྱུང་ནས་བསད་པའི་ལས་བྱས་ཏེ། ནམ་ཕྱེད་ན་དུར་ཁྲོད་དུ་སོང་ལ་དྲག་པོའི་མེ་སྦྱར་ཏེ། ཁྲོ་བོ་གང་ཡིན ་པའི་སྔགས་བཟླས་ཏེ་བར་དུ་མིང་བཅུག་ལ་སྦྱིན་སྲེག་གི་ཆོ་ག་བྱས་ན་འགྲུབ་པར་འགྱུར་རོ།། དེ་ལ་གཞན་ཡང་གསུངས་པ། དཀྱིལ་འཁོར་ཞེས་པ་རྣམས་ཏེ། བཀའ་སྩལ་ཏོ་ཞེས་པའི་བར་དུ་བསད་པའི་ལས་ཏེ། མ་མོའི་གནས་ལ་སོགས ་པབར་རང་གི་ལྷ་གང་ཡིན་པས་ཁྲོད་ང་ནུ་ཚེ་ལོ་སོགས་པ་ལ་དགྲའི་གཟུགས་བྱས་ཏེ་མིང་རུས་སྙིང་གར་གླན་ཏེ། གང་དགུག་པའི་ཚི་ག་བྱས་ལ། གཏུབ་པ་དང་གདོབ་པ་དང་གདབ་པ་དང་བསྲེག་པ་དང་གནོན་པ་དང་དབང་ཉམས་པར་བྱ་བ ་ལ་སོགས་པ་གང་ཡིན་པའི་ཆོ་ག་སྟེ། ཏིང་འཛིན་གཙོར་སྨོས་པས་ཕྱག་མཚན་ལ་སོགས་པ་གང་གིས་བྱ་བ་བཞིན་འགྲུབ་པ་སྟེ། ཆོ་ག་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ།། དེ་ལ་ལས་ཕྲན་ཚེགས་ཀྱི ་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། གང་ཀླུས་ཟིན་པ་རྣམས་རང་གི་ལྷར་བསྒོམས་པས་སྦྲུལ་ནག་པོ་ཆེན་པོའི་གཟུགས་དུར་ཁྲོད་ཀྱི་རས་མ་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་བསམས་ལ་དེའི་ལྕེ་སྟེངས་སུ་ཁཾ་བསམས་ཏེ། ་དེདེའི་ཡང་དབུས་ན་འདུག་པར་བསམས་ཏེ། ཁཾ་ལས་མེ་བྱུང་ནས་འོད་དུ་ཞུ་ན་ཀླུ་འགུལ་བར་གདོན་མི་ཟའོ།། ཡང་ན་རང་གི་ཁོང་དུ་ཧཾ་བསམས་ཏེ་དེ་ལས་མི་བྱུང་ནས་དུག་བཞུ་ནས། ནུས་པ་བདུད་རྩིར་གྱུར་པ་ལ་ཟོས་ན་ཀླུ་འབྱིན་ཏོ།། དུག་ཀླུས ་ཁྱེར་བར་བསམས་ན་ཡང་འགྲུབ་བོ།། ཧཾ་གི་མེ་ལ་སོགས་པ་དེ་དག་ནི་ཀླུ་དུག་དང་སྦྱར་བ་ལ་སོགས་པ་འབྱིན་པར་བྱེད་པའོ།། ནད་ཞི་བར་བྱ་བའི་ཐབས་གསུངས་པ། འབྲས་དང་པོ་ལ་མིག་ཞེས་པ་ལ་སོགས་པ་སྟེ། པདྨ་དཀར་པོ་འདབ ་བརྒྱུད་པའི་སྟེང་དུ། ཨོཾ་ཨཱཿཧཱུ~ཾ་གང་རུང་བ་བསམས་ཏེ། དེ་ཟླ་བ་བཞིན་དུ་དྲི་མ་མེད་པ་འོད་ཟེར་ལྔ་ལྡན་པ་ལས་སྤྲོ་བསྡུའི་སྒོ་ནས་ཡེ་ཤེས་བདུད་རྩི་ཆུ་རྒྱུན་རྣམས་བྱུང་སྟེ། ཁོང་དུ་འཐུངས་པས་ནང་རྣམས་སེལ་ཏེ་བྱང་བར་བསམས ་དེ་བཞིན་དུ་འགྱུར་རོ།། བདོན་གྱིས་ཟིན་པ་ཡིན་ན་དེའི་སྟེང་དུ་དགུག་པའི་སྦྱོར་བ་བྱ་སྟེ། སྤྲེའུ་འམ་ཉ་ཁྱི་བ་དང་ཁྱི་གུ་ལ་སོགས་པ་བྱུང་ནས་འདུག་པ་དེ་བླགས་པར་བྱའོ།། ཆོས་ཐམས་ཅད་རྨི་ལམ་དང་མཚུངས་ཤིང་ངོ་བོ་ཉིད་དུ ་གནས་པ་ནི། དེ་ནས་ཞེས་པ་ནས་ལེའུ་རྫོགས་ཀྱི་བར་དུ་སྟེ། སྣང་བ་ཐམས་ཅད་འཁྲུལ་པ་ཡིན་ལ། དེའི་རང་བཞིན་ཆོས་ཀྱི་དབྱིངས་པས། དེ་སྒྲུབ་པའི་ཡེ་ཤེས་བསྐྱེད་པ་གང་ཡིན་པའོ།། ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་མ་ཡིན་པ ་ན་མཁའ་དང་འདྲ་བ་ཉིད་དེ། དེའི་ཕྱིར་དེ་སྐད་ཅེས་བྱའོ།། དེ་ན་མཁའ་ལ་ན་མཁའ་བསྒོམས་པར་བྱའོ།། ལེའུ་བཅོ་ལྔ་པའི་དོན་རྫོགས་སོ།། །། ད་ནི་ལེའུ་བཅུ་དྲུག་པ་གཟུགས་བརྙན་སུ་དང་གསུངས་གི་དཀྱིལ་འཁོར་བསྟན ་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུའི་དཀྱིལ་འཁོར་གསུངས་པ། ཁྲུ་ནི་ཞེས་པ་རྣམས་ཏེ། རེ་ཞིག་ཚད་མཆོག་ཏུ་གསུངས་པ་ཡིན་ལ། སྤྱིར་མེད་པ་ཁོ་ན་སྟེ། འདིའི་དབུས་རྣམ་པར་སྣང་མཛད་ཆོ་ག་ཇི་ལྟ་བས་པི་བར ་བྱ་བ་ཡིན་ནོ།། རྡོ་རྗེ་མཆོག་ཅེས་པ། དཀྱིལ་འཁོར་གྱི་ལྷ་རྫོགས་པའོ།། ཁྲོ་བོ་རྣམས་སྒོ་ཉིད་དུ་སྟེ། ལྷའི་རྣལ་འབྱོར་དུ་བྱས་ནས། ཐུན་མོང་མ་ཡིན་པའི་མཆོད་པ་རྣམ་ལྔ་དང་། བདུད་རྩི་དང་། བྱང་ཆུབ་སེམས་ཀྱི་མཆོད་པ་དང་ནང་གི་མཆོད ་པོ་རྣམས་དབུལ་བར་བྱའོ།། ཡང་གསུང་གི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་པ་རྣམས་ཏེ། སྐུ་དང་གསུང་གི་ཁྱད་པར་ནི་གཙོ་བོར་གང་གྱུར་པ་ཉིད་ཀྱིས་སོ།། དཀྱིལ་འཁོར་ཁྲུ་ནི་ཞེས་པ་རྣམས་ཏེ། དེའི་དབུས་སུ་རྡོ་རྗེ་ཆོས་བསྒོམ ་པར་བྱའོ།། འདིར་ཡང་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། མཆོད་པ་ལ་སོགས་པ་གོང་མ་བཞིན་བྱའོ།། འོག་ནས་རྡོ་རྗེ་འཛིན་པ་ཞེས་པའི་ཚིགས་བཅད་གཅིག་གསུངས་པ་ནི། གང་ཡང་རུང་བའི་དཀྱིལ་འཁོར་ཏེ། དེ་བསྐུ ་པར་བྱ་བའི་དོན་ཏོ།། བསྒྲུབ་པ་ནི་ལྷར་གྱུར་པས་དེའི་གསང་བ་ལ་འཇུག་པ་ཡིན་ནོ།། གོང་གི་དཀྱིལ་འཁོར་དེ་དག་གི་ཐིག་དང་ཚོན་ལ་སོགས་པའི་རིམ་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། ཨོཾ་ཨཱཿཧཱུཾ་ཞེས ་པས་བྱིན་གྱིས་བརླབ་བྱ་སྟེ། བདག་ཉིད་བདག་པོའི་ཕྱག་རྒྱར་བསྒོམས་ཏེ། ཐིག་ཚོན་ལ་འོད་ཟེར་གྱིས་ལྕགས་ཀྱོས་དྲངས་པའི་དཀྱིལ་འཁོར་རྣམས་ཐིམས་ནས། ཡེ་ཤེས་སུ་གྱུར་པར་བྱ་བ་ཡིན་ནོ།། ཐིག་གི་ཆོ་ག་ལ་སོགས་པ་བསྒྲུབ་པ་ལ། ་བརྩོན་པར་བྱ་བ་ཁོ་ནཱ་ཡིན་ནོ།། སྔགས་ཀྱི་སེམས་པས་མི་བྱ་བ་ནི་གང་གསང་བ་ལ་འཇུག་པས། དཀྱིལ་འཁོར་གྱི་རིམ་པ་སྤང་བར་བྱ་བ་ཡིན་ནོ།། རྣམ་པར་བརྟག་ཅེས་པ་དང་། དབབ་པར་བྱ་ཞེས་པ་རྣམས་ནི་བྱིན་གྱིས་བརླབ་པ་སྟེ། ཡེ་ཤྭེ ་ལྔ་ཡིས་རང་བཞིན་ཐིག་ཚོན་ལ་ཡི་གེ་འབྲུ་བསམས་ལ། དེའི་འོད་ཟེར་གྱིས་སྐུ་ལ་སོགས་པ་གང་ཡིན་པ་བཀུག་སྟེ་ཐིམ་པ་ནི་བྱིན་གྱིས་བརླབ་པའོ།། དེ་ལ་ཙནྡན་ཞེས་པ། རཀྟ་ལ་སོགས་པའི་ཁུ་བ་ནི་ས་བོན་ཏེ་བྱུག་པར་བྱ་བ་ཡིན་ན།། ་སྣང་མཛད་བསྒོམས་ནས་ཞེས་པ། བདག་ཉིད་བདག་པོའི་ཕྱག་རྒྱར་བསྒོམས་ནས། སློབ་མ་ལས་ཀྱིས་རྡོ་རྗེ་སྟེ་དེ་ལ་བྱིན་གྱིས་བརླབ་པ་བྱས་ཏེ་གཏད་པར་བྱའོ།། ཚོན་རྩི་ནི་བརླབ་པ་བྱས་ཏེ། ཡང་ན་ཉི་ཤུ་རྩ་ལྔར་ཕྱི་ལ་དགོད་པའི་རིམ་པ ་ལ་འཇུག་པར་བྱའོ།། སྦྱིན་སྲེག་བྱ་ཞེས་པ། ཕྱི་ནང་གསང་པོ་གསུམ་སྟེ། གང་བྱ་བ་ལས་བཞི་དབྱིབས་དང་། ཁ་དོག་ལྀ་སོགས་པ་མ་འདྲེས་པ་བྱས་ཏེ། དང་པོར་སྔོན་དུ་གཏང་བའི་ཆོ་ག་རྫོགས་པར་བྱ་སྟེ། ལས་རླུང་ཡབ་ཀྱིས་མེ་བུས་ལ། ་སྐུ་གསུང་ཐུགས་ཀྱི་ཡི་གེས་སྦྱངས་ཏེ། བུད་ཤིང་དམ་ཚིག་གི་མེ་ལྷར་བསྐྱེད་ནས། ཞལ་དུ་གྱུར་པའི་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། ལས་བཞིའི་མཆོད་པར་རབ་ཏུ་སྦྱིན་པའོ།། དེའི་གདམ་དག་ནི་བླ་མ་ལས་ཤེས་པར་བྱའོ།། ད་ནི་དབང ་བསྐུར་བའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་རྣམས་ཏེ། སངས་རྒྱས་ཀུན་གྱི་ཞེས་པ། རྟེན་གསང་བའི་དབུས་སུ་བསྐྱེད་པའི་རིམ་པས། དཀྱིལ་འཁོར་གསལ་པོར་བྱས་ནས། སིལ་སྙན་སྤྲོས་སྤྲིན་རྣམས་ནི་མཆོད་པ་སྟེ། ཡེ་ཤེས ་ཀྱི་དཀྱིལ་འཁོར་ལ་ཕུལ་ནས་གཉིས་སུ་མེད་པར་བྱས་ཏེ། དབང་བསྐུར་བར་བྱའོ།། བུམ་པ་ཞེས་པ་དང་པོར་བུམ་པའི་དབང་སྟེ། ཁྲུས་དག་པར་བྱས་ལ་སྣང་མཛད་དུ་གནས་པར་བྱས་པ་ནི་རྡོ་རྗེ་སྣང་མཛད་ཅེས་ཏེ། དེ་ལ་ཡེ་ཤེས་ཆུ་ཡིས་གང ་བའི་བུམ་པ་དང་། སོགས་ཀྱི་སྒྲས་དབུ་རྒྱན་ལ་སོགས་པས་དབང་བསྐུར་བས། མི་བསྐྱོད་པ་དང་འབྱུང་ལྡན་ལ་སོགས་པར་གྱུར་པ་ལ་མཆོད་པ་རྫོགས་པར་བྱས་ཏེ་དོན་བྱེད་པར་བྱའོ།། གསོལ་བ་གདབ་པའི་ཚིག་ནི་སངས་རྒྱས་བྱང་ཆུབ ་རྡོ་རྗེ་ལ་ཞེས་པ་རྣམས་ཏེ། སྒོ་གསལ་བས་མ་བྲིས་སོ།། གསང་བའི་དབང་གསུངས་པཾ། སྔགས་ཀྱིས་བསྐུལ་བ་ཞེས་པ་རྣམས་ཏེ། ཁུ་བས་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། བཤང་བ་ལ་སོགས་པའི་ས་བོན་ཆོ་ག་ཇི་ལྟ་བས་ཕབ་སྟེ། སློབ ་མ་སྣང་མཛད་བསྒོམས་ནས་བཏུང་བར་བྱའོ།། དེའི་དུས་སུ་ཤ་ལྔ་ཡང་བཟང་བ་ཁོ་ན་སྟེ། དེས་འགྲུབ་པར་གསུང་སོ།། དངོས་གྲུབ་ནི་མཆོག་ཐུན་མོང་ཉིད་འགྲུབ་པ་སྟེ། གང་ལ་བྱ་བ་ཉིད་དེ་ལྟ་ཡིན་ནོ།། ད་ནི་ཤེས་རབ་ཀྱི་དོན་གསུང་བ། ་རྣམ་པ་འདི་བཞི་ཞེས་པ་རྣམས་ཏེ། སློབ་མ་ཉིད་སངས་རྒྱས་གཟུགས་སུ་བྱས་ཏེ། རིག་མ་བྱིན་གྱིས་བརླབས་ནས་རྡོ་རྗེ་ཅན་ལ་གཏད་དེ། གསང་བའི་དོན་སྨྲས་ལ། གཉིས་སུ་མེད་པར་བྱའོ།། བཞི་པའི་དོན་ནི་བླ ་མའི་གདམ་ངག་ལས་ཤེས་པར་བྱའོ།། ལྟ་བ་དང་སྤྱོད་པར་ལྡན་པས་གསང་བ་འཇུག་པ་ནི། གླང་པོའི་ཤ་ཞེས་པ་ལ་སོབས་པའོ།། འགྲུབ་པ་ཉིད་གང་ཞེ་ན། མི་སྣང་ཞེས་རྒྱས་པར་སྨོས་སོ།། བསྒྲུབ་པའི་རྫས་ནི། བཤང་གཙོ་ལ་སོགས་པའོ།། ཧྲཱིཿ ་ནི་དེ་སྦྱང་བའི་ཆོ་ག་ཇི་ལྟར་བྱས་སོ།། ཨཱ་ཁཾ་ཐཱ་ཞེས་པ་ནི་སྐུ་གསུང་ཐུགས་སུ་གང་གྱུར་པས་གསང་བའི་པདྨ་ལ་རིམ་པ་དང་རིམ་པ་མ་ཡིན་པས་གསང་བ་བཞག་པ་ཡིན་ནོ།། གསང་བ་ཉིད་སྐུའི་རྡོ་རྗེས་ལ་སོགས་པ་ལ་ཡང་གཞག་པ་ཁོ་ན ་སྟེ། སྡུད་པ་དང་གཏོང་བའི་དབང་གིས་ཞི་བར་བྱ་བ་ཉིད་ཡིན་ནོ།། རང་རིགས་ཀྱི་ལྷར་གང་གྱུར་པས་བསྐུལ་བ་ནི་ཉི་མའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་རྣམས་ཏེ། སྙིང་པོ་དང་འོད་ཟེར་གྱི་ལྕགས་ཀྱོས་ཁམས་གསུམ་དང་སྲིད་གསུམ ་གང་ཡིན་པ་དགུག་པའོ།། དེ་བསྒྲུབ་པའི་གསང་བའི་གནས་ཀྱང་ཉམས་དགའི་ཞེས་པ་སྟེ། ཤེས་པ་འགྲུབ་པའི་དུས་གསུངས་སོ།། རི་རབ་ཅེས་པ་ཡོན་ཏན་ཏོ།། བརྗོད་ཀྱིས་མི་ལང་བའི་འཁོར་རྣམས་དང་ལྷན་ཅིག་པར་སྐྱེ་བ་འགྲུབ ་པོ། མངག་གཞུག་པས་ཞེས་པ་བསྐུལ་བ་སྟེ། འོད་ཟེར་གྱི་ལྷ་མོས་གང་དགུག་པ་ཁོ་ན་ཏེ། རང་གི་སྐུ་ཉིད་ཀྱིས་ནི་མ་ཡིན་ནོ།། དམ་ཚིག་བསྐུལ་བ་ལ་སོགས་པ་བཞི་ནི་རིམ་པ་བཞིན་དུ་གནས་པ་ཡིན་ཏེ། རིགས་ཀྱི་དཀྱིལ་འཁོར་གང ་ཡིན་པ་བསྒོམས་ཏེ། འོད་ཟེར་གྱི་དཀྱིལ་འཁོར་བསྐུལ་བ་དང་། ཡེ་ཤེས་དེ་གསང་བའི་གནས་སུ་འཕེན་པ་དང་། དེའི་སྒྲ་དང་། གསང་བ་ལ་དམིགས་པའོ།། དེའི་ཚེ་སྐུ་ལ་སྩོགས་པའི་འོད་ཟེར་གྱིས་འཇིག་རྟེན་དུ་དོན་བྱས་ཏེ་བསྡུ་བའི་རིམ ་པས། གོང་བུ་ལ་ཐིམ་སྟེ་དེ་ཉིད་རྨད་དུ་བྱུང་བའི་གཟུགས་སོ།། དགུག་ཅིང་དབང་དུ་བྱ་བ་ནི་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་འམ། སྟོབས་པོ་ཆེའི་སྐུར་བསྒོམས་ལ་དབུ་རྒྱན་ལ་སོགས་པའི་དོན་དང་། ་ལྡན་པར་བྱས་ཏེ། དང་པོར་སྐྲག་པར་བྱས་ཏེ་དགུག་པའི་ཆོ་ག་གང་ཡིན་པས་སོ།། སངས་རྒྱས་མཆོག་ཅེས་པ་ནི་རང་གི་ལྷར་གང་བྱས་པས་གནས་རྣམས་སུ། སྐུ་གསུང་ཐུགས་ཀྱི་ཡི་གེ་བཀོད་ནས། དེའི་སྤྲོ་བསྡུའི་སྦྱོར་བས་སྐུའི ་རྡོ་རྗེ་ལ་སོགས་པ་བསྒྲུབ་པ་སྟེ། གང་ཡིན་པའི་ཆོ་ག་འགྲུབ་པ་ཁོ་ནའོ།། ཁ་ཟས་ཀྱི་ཏིང་ངེ་འཛིན་ནི་བཀྲེས་སྐོམ་ཞེས་པ་རྣམས་ཏེ། ལྷའི་གཟུགསུ་གང་སྦྱོར་བས་ཁ་ཟས་བདུད་རྩིར་གང་གྱུར་པ། ཨོཾ་ལ་སོགས་པ་ཁ་དང་ལྷོ་དང་འགུལ་ལ ་བསམས་ཏེ། བཟའ་བའི་སྦྱོར་བས་ཟོས་ན་རྡོ་རྗེ་གསུམ་དག་འཐོབ་པར་འགྱུར་རོ།། བཙུན་མོ་དམ་པའི་མཆོག་དགུག་པ་ནི་དེ་ནས་ཞེས་པ་ལ་སོགས་པའོ།། དེ་ལ་སངས་རྒྱས་དཀྱིལ་འཁོར་ཉིད་རྡོ་རྗེ་འཛིན་པ་སྟེ། ན་མཁའི་དབུས་སུ་གཞལ་ཡས་ཁང ་བརྩེགས་པ་ལ་བསྒོམ་པར་བྱའོ།། དེས་གང་དགུག་པ་རྒྱན་རྣམས་རྫོགས་ཤིང་སཱ་ལ་འགྱིང་བག་ཏུ་འདུག་པ་རལ་གྲིའི་དབུ་རྒྱན་ཅན་དགུག་པའི་ཆོ་གས་སོ།། བཀུག་ལ་བརྩམ་པར་བྱ་བ་ནི་སྤྱད་པར་བྱ་བའི་ཐ་ཚིག་གོ།། ཙུན་དན་དགུག་པ་གསུངས་པ། ་དེ་ནས་ཞེས་པ་རྣམས་ཏེ། གདན་ཉི་མའི་གཞལ་ཡས་ཁང་བརྩེགས་པ་ལ་བསམས་ཏེ། དེར་སངས་རྒྱས་ཀྱི་དཀྱིལ་འཁོར་བསྒོམས་ཏེ། དགུག་པའི་ཆོ་གས་བུད་མེད་རྒྱན་དང་ལྡན་པ་ཁ་དོག་དཀར་མོ་བསམ་པར་བྱས ་ཏེ་གསང་བ་ལ་འཇུག་གོ།། ཡང་ནོར་ལྷ་བསྒྲུབ་པ་གསུངས་པ། དེ་ནས་ཛེས་ཞེས་པ་སྟེ། སངས་རྒྱས་ན་མཁའི་དབྱིངས་སུ་བསམ་པ་གོང་མ་བཞིན་བྱས་ལ་གཟུགས་བརྙན་ལ་དགུག་པ་བྱས་སྟེ། མདུན་དུ་དམིགས་ཏེ། གནོད་སྦྱིན་གྱི་གཟུགས་འཛིན ་པ་ར་ལ་བའི་དབུ་རྒྱན་ཅན་བརྒྱན་ཐམས་ཅད་རྫོགས་པ་དེ་སངས་རྒྱས་ལྔ་དག་ཏུ་བསྒོམ་པར་བྱའོ།། དབུ་ལ་རྟག་པ་བྱས་ཏེ་མཆོད་པ་རྫོགས་པར་བྱས་ནས་ཅི་འདོད་པ་ནོད་པར་བྱའོ།། འོན་ཀྱང་མཉེས་ཤིང་འགྲུབ་པར་གསུངས་སོ།། དེའི་གནོད་སྦྱིན ་མོ་བ་སྒྲུབ་པ་ནི་དེ་ནས་ཞེས་པ་རྣམས་ཏེ། གནང་བའི་གནས་སུ་དཀྱིལ་འཁོར་བསྒོམས་ནས། གང་བསྒྲུབ་པ་དེ་གོང་མའི་ཆོ་གས་སོ།། རྒྱས་པར་མ་བཤད་དེ་བླ་མའི་རིམ་པ་ལས་ཤེས་པར་བྱའོ།། གཞན་ཡང་དངོས་གྲུབ་ཕྲ་མོ་གསུངས་པ། དེ་ནས་ཤེས ་བ་སྟེ། གཞལ་ཡས་ཁང་བརྩེགས་པ་ལ་སྨང་མཛད་ཀྱི་དཀྱིལ་འཁོར་བསྒོམས་ཏེ། མི་སྣང་བ་བསྒྲུབ་ནི་གསེར་འོད་དང་འདྲ་བ་འམ་འཇམ་དཔལ་འོད་དང་འདྲ་བར་འགྱུར་རོ།། ཞེས་སོ།། བསྒྲུབ་པ་ཐམས་ཅད་ནི་སྔོན་དུ་བཏང་བར་རྫོགས་ནས་རྫས་དང ་རི་མོ་དང་གཟུགས་བརྙན་ལ་རྟེན་ཏེ་གང་བསྒྲུབ་པའི་ཆོ་གས་བརྟག་པ་བྱས་ན། འགྲུབ་པ་ལ་གདོན་མི་ཟ་བ་ཁོ་ན་ཡིན་ནོ།། ད་ནི་རིག་པ་བརྟུལ་ཞུགས་ཀྱི་དབང་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཡོང་མའི་རིམ་པས ་སངས་རྒྱས་གནས་ཁང་དང་དཀྱིལ་འཁོར་གསལ་བར་བྱས་ཏེ། དབང་གི་རིམ་པས་བསྒྲུབས་ལ། འདིར་ཐོར་ཙུགས་ཞེས་པ། གཟུངས་ཀྱི་དབུ་རྒྱན་ལ་སོགས་པ་སྟེ། ལོ་གྲངས་ལ་སོགས་པའི་མཚན་དང་ལྡན་པ་དེ་རྒྱན་གྱིས་བརྒྱན་ལ། དེ་ལ་རིག་པའི ་བརྟུལ་ཞུགས་བྱ་བ་སྟེ་གསལ་བར་ནི་མ་བྲིས་སོ།། དེའི་གསང་བའི་རོལ་པའི་བྱ་བ་དང་། སྔགས་ཀྱི་རྒྱུད་ཅེས་ཏེ་དམ་ཚིག་ལ་སོགས་པ་བསྒྲགས་པའོ།། དེ་གང་ལ་ཞེ་ན། བཙུན་མོ་དག་ལ་ཏེ། རིག་མ་བསྟན་ནས་དབང་ནོད་པ་གང་ཡིན་པའོ།། དེའི་དུས ་སུ་དོན་རིག་པས་བརྟུལ་ཞུགས་བྱེད་པ་ནི་རིག་པའི་བརྟུལ་ཞུགས་ཞེས་ཏེ། བཤད་གཅི་དང་བཟའ་བའི་སྦྱོར་བ་རྣམས་དང་། ནོར་རྣམས་རྐུ་བ་ལ་སོགས་པ་བྱ་བ་ཁོ་ན་ཡིན་ཏེ། ལ་ལ་དག་དགོངས་པས་བཤད་པར་བྱའོ།། ། ་ལེའུ་བཅུ་དྲུག་པའི་དོན་རྫོགས་སོ།། ། དེ་ལྟར་བདག་དབང་གསུམ་དང་ལྡན་པའི་སྒོ་ནས། གཞན་གྱི་དོན་དུ་བཞི་པ་དང་བཅུ་དྲུག་པའི་རི་མོའི་དཀྱིལ་འཁོར་ལ་བརྟེན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དོན་མཐར་ཕྱིན་པར་བྱ་བ་དང་། བསྐུལ་བའི་བདག་ཉིད་དང་། གདམས་པ་ནང་བ་ལ་སོགས་པ་གསུངས་པ་དེ་ནས་ཤེས་པ་ལ་སོགས་པ་སྟེ། དེ་ལ་མི་བསྐྱེད་ཅེས་པ་ལྔ་ནི་དཀྱིལ་འཁོར་གྱི་བདག་པོ་ལ་འཁོར་གྱིས་རིགས་ལྔ་ཡེ་ཤེས་ལྔའི་སྒོ ་ནས་བསྟོད་པའོ།། བསྟོད་པའི་གསུང་ཉིད་ཀྱང་སྒྲ་མཐར་སྟོང་སྟེ། དེའི་དོན་གསུངས་པ། དེ་ནས་ཞེས་པ་དང་། ཨེ་མའོ་ཞེས་པའི་ཚིག་བཞིའོ།། དམ་ཚིག་བཞི་བསྲུང་བ་ནི། དེ་ནས་ཞེས་པ་རྣམས་ཏེ་རང་ལྷ་ཉེ་བར་གྱུར་པས་དམ་ཚིག་བཞི་བསྲུང་བ ་ནི། ཤ་ཆེན་ལ་སོགས་པ་སྟེ། ཤ་ཆེན་གྱི་དམ་ཚིག་དང་བཤང་གཅིའི་དམ་ཚིག་དང་། ཁྲག་དང་ཁུ་བའི་དམ་ཚིག་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། སྐུ་གསུང་ཐུགས་སུ་གང་སྦྱོར་བས་གོང་གི་སྦྱོར་བ ་ཀུན་སྤྱད་པར་བྱ་བ་ཡིན་ནོ།། གཞན་རང་སངས་རྒྱས་ཀྱི་དམ་ཚིག་ནི་དེ་ནས་ཞེས་པ་དང་། རང་སངས་རྒྱས་ཀྱི་དམ་ཚིག་ཅེས་པ་སྟེ། དེ་དག་ལུས་ཀྱིས་སྟོན་པ་ནི་གསུང་ལ་མི་རྟེན་པ་སྟེ། རང་གི་ལུས་ཀྱི་རྫུ་འཕྲུལ་དང་། སྤྱོད་པའི་ཁྱད་པར་དང་། ་སྐུའི་དམ་ཚིག་ལ་གནས་པས་མཐར་ཕྱིན་པར་བྱའོ།། ཉན་ཐོས་ཀྱི་དམ་ཚིག་ནི་དེ་ནས་ཤེས་པ་དང་། དགེ་བ་བཅུ་ཞེས་པ་སྟེ། དེ་ཡང་འདིར་དགག་པ་སྟེ། མོས་པ་ཆུང་ངུའི་དམ་ཚིག་མཐར་ཕྱིན་པའོ།། འཇིག་རྟེན་པོའི་དམ་ཚིག་གསུངས་པ། ་དེ་ནས་ཞེས་པ་ལ་སོགས་པ་སྟེ། དམ་ཚིག་འདི་དག་ནི་རང་རང་གི་སྤྱོད་པའི་ཁྱད་པར་ཏེ། རྣལ་འབྱོར་པ་རྣམས་ཀྱིས་གང་སྒྲུབ་པ་ན། རང་རང་གི་དམ་ཚིག་སྦྱིན་པ་སྟེ། འོན་ཀྱང་ཕན་པ་སྒྲུབ་པ་ཉིད་དེ། ཅི་དགར་འགྲུབ་བོ།། སྔགས་ཀྱི་བདག་པོའི ་དམ་ཚིག་ནི་འདི་ཡང་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། ཉན་ཐོས་ལ་གང་སྐུ་གསུང་ཐུགས་སུ་སྦྱོར་བས་ཕྱག་བྱ་བ་མ་ཡིན་ཏེ། དེ་ཉེས་པར་འགྱུར་བའི་ཕྱིར་རོ།། གལ་ཏེ་ན་དེ་དག་གི་སྐྲ་མཚམས ་སུ་རང་གི་ལྷ་བཞག་པ་ཡིན་ནོ།། སྔགས་པ་དེ་ཉིད་ཀྱང་བསམ་གཏན་ཁོ་ན་ལ་འཇུག་པ་ཡིན་ནོ།། ལུས་དང་ངགེ་དང་སེམས་ཀྱི་སྤྱོད་པ་རྣམས། ཐབས་དུ་མས་དགག་པ་ཡིན་ནོ།། གང་དཀྱིལ་འཁོར་དེ་ཉིད་ཤེས་ཤིང་བསྙེན་པ་ལ ་སོགས་པ་དང་ལྡན་པས། དུས་གསུམ་གྱི་བདེ་བར་གཤེགས་པ་ལ་ཞིང་ཁམས་བཤང་གཅི་ལ་སོགས་པས་བཀང་སྟེ། རྒྱས་པར་དབུལ་བ་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་རྣམས་སོ།། དམ་ཚིག་འདི་དག་ནི་བདག་དང་གཞན་ལ་ཕན་པའི ་ཕྱིར། བཤད་ཀྱི་གཅིག་ཁོ་ནའི་དོན་དུ་ནི་མ་ཡིན་ནོ།། དེ་ནས་རྒྱས་པར་ཞུས་པ་དང་། ལན་གསུངས་པ་ནི་དེ་ནས་ཡང་ཞེས་གསུངས་པའོ།། དེ་ལ་དང་པོར་ཅིང་མི་གསུང་བར་བཞུགས་པ་སྟེ། ལན་འོག་ནས་གསུང་སོ།། དེ་ནས་འཇམ་དཔལ ་ཞེས་པ་ལ་སོགས་པ་ནི་རང་རང་གི་འཇལ་སྟངས་ཞུས་པ་སྟེ། སྐུ་གསུང་ཐུགས་ཀྱི་དོན་ཉིད་བརྟག་པར་དཀའ་བའི་ཕྱིར་རོ།། དེའི་ལན་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་མངོན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་རྒྱས་པར་གསུང ་པ་ནི་སྙིང་པོ་དོན་བསྡུས་པའི་དཀྱིལ་འཁོར་ཞུས་པ་དང་། དེའི་ལན་གསུངས་པ་སྟེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གང་གྱུར་པས། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་ལ་བརྟག་པར་བྱ་བ་ཡིན་ནོ།། སློབ་དཔོན་ལ་ཇི་ལྟར ་བལྟ་བ་ནི། དེ་ནས་ཡང་བྱང་ཆུབ་སེམས་དཔའི་བྱམས་པས་ཞེས་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་བདག་ཅག་གི་ཕའོ་མའོ་སྙམ་དུ་འཛིན་ཅིང་། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོས་བས་ཀྱང་སློབ་དཔོན་གྱི ་བ་སྤུའི་བུ་ག་གཅིག་འཕགས་སོ་ཞེས་ཏེ། དོན་གྱི་ངོ་བོ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླ་མེད་དེ་ཉིད་ལ་གནས་པར་གསུངས་པ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཤེས་པ་རྣམས་ཏེ། སློང ་དཔོན་ལ་ནོད་པར་གསུངསོ།། ལུས་ངག་སེམས་གང་ལ་གནས་པ་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་ཞེས་པ་སྟེ། སློབ་དཔོན་ཉིད་བྱང་ཆུབ་སེམས་དང་ཐ་མི་དད་ཅིང་གསང་བའི་བདག ་ཉིད་ལྡན་པས་དེ་སྐད་ཅེས་བྱའོ།། དེ་ནས་ཡང་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་ཞུས་པ་སྟེ། འཇིག་རྟེན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བསམས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར ་མདུན་དུ་དམིགས་ལ་མཆོད་པ་རྣམས་རྫོགས་པར་བྱས་ཏེ། རང་གི་སྐུ་ལ་སོགས་པའི་རྡོ་རྗེ་ལ་དབང་བསྐུར་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ། དབབ་པར་བྱ་ཞེས་ཏེ་བསྐུར་བའི་ཐ་ཚིག་གོ། དེའི ་སྦྱོར་བ་ལ་དབབ་པ་དང་། ཁ་ཟས་ཀྱི་ཏིང་ངེ་འཛིན་དང་། མཆོད་པའི་བྱེ་བྲག་དང་། སྦྱོར་བའི་ཆོ་ག་དང་། དྲག་ཤུལ་གྱི་བྱ་བ་དང་། བདུད་རྩི་བཏུང་བ་དང་། དེའི་བསམ་གཏན་ལོ་གནས་ན་བསོད་ནམས་ཀྱི་ཚོགས་མི ་བྱ་བ་དང་། དུག་འབྱིན་ཅིང་གནོན་པ་དང་ལུས་ངག་སེམས་བསྲུང་བའི་ཆོ་ག་དང་། མ་མོ་ལ་སོགས་པའི་གནས་སུ་རྡོ་རྗེ་ཨ་ཛ་ན་སྒྲུབ་པའི་ཐབས་དང་། འབྲས་བུ་རྣམས་གསུངས་པ་སྟེ། དེ་དག་གི་ཆོ་ག་ནི་བུ ་མའི་མན་ངག་ལས་ཤེས་པ་བྱའོ།། གསང་བའི་ཡི་གེ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་པའི་བར་དུ་སྟེ། ཡི་གེ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། བྱང་ཆུབ་སེམས ་དཔས་ནི་རྟོགས་པར་དཀའ་བར་མ་ཟད། དེ་བཞིན་གཤེགས་པས་ཀྱང་རྟོགས་པར་དཀའ་སྟེ། ཡི་གེ་དེ་ཉིད་མ་ཐོབ་པར་མངོན་པར་འཚང་མི་རྒྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་། གསང ་བའི་དཀྱིལ་འཁོར་རྣམས་ཏེ། ཆོས་དང་བསོད་ནམས་ཀྱི་རྒྱུ་འགྲུབ་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཞེས་གསུངས་པ་བཞི་ནི་ལྷ་མོ་བཞི་དབྱངས་ཀྱིས་བསྐུལ་བ་སྟེ། ཆོས་ཀྱི་སྐུ་གང་ཡིན་པས་འགྲོ་བ་ལ་སྣང་བ་མ ་ཡིན་པས། དེའི་ཕྱིར་དགྱེས་པའི་བསྟོད་པས་གཟུགས་ཀྱི་སྐུར་བསྐུལ་བ་མཛད་དེ། འདོད་ཆགས་ཀྱི་རྗེས་སུ་བྱང་ཆུབ་ཆུང་བ་ཉིད་དེ་དེའི་དོན་གསུངས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས ་ཞེས་པ་ནས། འདུག་གོ་ཞེས་པའི་བར་རྣམས་ནི་ཡོངས་སུ་བཏང་བ་སྟེ། དེ་ཡང་སངས་རྒྱས་ཀྱི་དཀའ་ཡུན་རིངས་གནས་ཤིང་ཕན་གདགས་པའི་ཕྱིར། བསྐལ་བ་མཆིས་པའི་ཕྱིར་ཞེས་དེ་བཞིན ་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས། སྤྱིར་གཏད་བ་དང་། སྡུད་པ་པོ་རྡོ་རྗེ་ཆོས་ལ་དམིགས་ཀྱིས་གཏད་བའོ།། དབང་བསྐུར་ནས་དེ་བཞིན་བགྱིའོ།། ཞེས་ཁས ་བླངས་ཏེ། ཤེས་པའི་རྒྱུད་ལ་གནས་ནས་ཡོངས་སུ་ཆུབ་པར་བྱས་སོ།། ཅང་མི་གསུང་བ་ནི་གོང་གི་བདག་ཉིད་རྣམས་དེའི་རང་བཞིན་ཏེ། དེ་དང་དེ་ཉིད་དུ་འབྲེལ་བས་དེ་སྐད་ཅེས ་མས་དན་རྒྱུད་དུ་སུསསུ་སྨྲ་ངས་དུན་སངས་ནན་ན་དུ་ཆུ་མུ་དུ་ན ་པའི་དོན་རྫོགས་སོ།། །། བརྗོད་པར་བྱ་བའི་རྒྱུད་འདི་ཡི།། དགོངས་པ་ཉེ་བར་ལེན་པའི་འགྲེལ། རྡོ་རྗེ་བཞང་པའི་སློབ་དཔོན་གྱིས། སེམས་ཅན་སྐྱེ ་ས་བསྐྱོད་བྱིར་ཏེ། འདི་བརྩམས་པ་ལུས་བྱུང་བྷཱུ་མཾ། དགེ་པ་དྲི་མེད་གང་ཡིན་པོ།། ཡང་དག་སྐྱོན་མ་ན་མིང་དང་།། སེམྱས་ཅན་སྨན་གྱིས་སློབ་པ་ཅིག། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི ་པ་ཐམས་ཅད་ཉེ་བར་ལེན་པའི་འགྲེལ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ལོ་ཙཱ་བ་བཻ་ར~ཾ་ཙ་ནས་བསྒྱུར་ཅིང་གཏན་ལ་ཕབ་པ་སང་གསར་བཅད་ཀྱིས་བྱས་པའོ།། ་