| Wylie | e-texts produced with BDRC’s OCR application |
@། རྒྱ་གར་སྐད་དུ། ཨན་ཏེ་ཤྩ་བྷི་དྷི། བོད་སྐད་དུ། ཐ་མའི་མཆོད་པའི་ཆོ་ག། བཅོམ་ལྡན་འདས་ངན་སོང་ཐམས་ཅད་རྣམ་པར་སྤྱོད་པ་ལ་ཕྱག་འཚལོ།། གཞན་དོན་ལ་དགའ་ཤི་བ་སློང་བྱེད་མ།། སྤྱན་ཞེས་གྲགས་པའི་ལྷ་མོ་ཕྱག ་བྱས་ནས།། ཤི་བ་ཀུན་ནས་སློང་བའི་སྦྱོར་བ་ཡིས།། གཤིན་པོ་བདེ་གཤེགས་སུ་ནི་ངེས་སྦྱོར་བཤད།། གཤིན་པོའི་ཁང་པ་ཤིན་ཏུ་དབེན་པར་ནི།། ཉེ་སྦྱོར་ཀུན་དང་ལྡན་པས་རྣམ་སྦྱོར་བ།། ཅོད་པོན་མེ་ཏོག་དཀར་པོའི་ཕྲེང་བས་བཅིང་སཽ།། ཞི་བ ་ཙིནྡན་དཀར་པོས་རྣམ་པར་བྱུགས།། གོས་དང་རྒྱན་ནི་དཀར་པོ་ཤར་ཕྱོགས་སུ།། ཁྭ་བལྟས་ཡང་ནི་དཾ་བུ་མོས་པས་སཾ།། རྡོ་རྗེ་དང་ནི་རྡོ་རྗེ་དྲིལ་འཛིན་པས།། རྒྱ་ཚོན་མཐོན་པོ་བདེ་བའི་སྟན་ལོ་འདུག། ཙནྡན་དཀར་པོ་དང་ནི་བདུད་རྩི་ལྟར།། ཡང་དག ་སྦྱར་བའི་ཆུ་ཡིས་མདུན་དུ་ནི།། མཎྜལ་ཉེ་བར་བྱུགས་ཏེ་མེ་ཏོག་གི་དིང་།། དཀར་པོ་རྣམས་ཀྱིས་ཉེ་བར་མཛེས་པར་བྱ།། ཨརྒ་ལ་སོགས་རང་གི་གསང་སྔགས་ཀྱིས།། ལེགས་པར་ཀུན་ཏུ་བཟླས་ཤིང་བསྐུལ་ཚིག་དང་།། རང་གི་སྙིང་གར་གཉུག ་མའི་ས་བོན་ནི།། བལྟས་ནས་གནས་ལ་སོགས་པ་བསྲུང་བར་བྱ།། དེ་ལ་གནས་བདག་རྣལ་འབྱོར་བསྲུང་བའི་སྔགས།། ཨོཾ་ཨ་བི་གྷྣཱནྟ་ཀྲིཏ་ཧཱུཾ་ཞེས་བྱའོ།། ན་མཿས་མནྟ་ལ་སོགས་པས་སཽ་མཽ།། ཆོ་ག་བཞིན་དུ ་སྒྲུབ་ཤེས་རྣལ་འབྱོར་པས།། སྤྱན་གྱི་རྣལ་འབྱོར་རྣམ་པར་བསྒོམས་ནས་ནི།། སྙིང་གའི་ས་བོན་ལས་ནི་གྲུབ་པ་བཟང་།། འཁོར་ལོས་མཚན་པའི་ལྕགས་ཀྱུ་སྤྲོ་བར་བྱའོ།། དེ་ཡིས་གཤིན་པོའི་འཇིག་རྟེན་ཕ་རོལ་སོང་།། སེམས་ནི་མདོག་དམར ་གསལ་བ་འགུག་བྱ་སྟེ། ཆོས་ཀྱི་སྒོ་མོའི་གཟུགས་སམ་ཡང་ན་ནི།། རླུང་མེད་མར་མེ་མི་གཡོ་ལྟ་བུའོ།། འོངས་ནས་དེ་ཡི་ཤེས་པ་སྙིང་གར་ནི།། རོ་ཡི་སྤྱི་བོ་ནས་ནི་གཞུགས་པར་བྱ།། དེ་ནི་ཤེས་པ་དང་ནི་ཡང་དག་ལྡན།། ་དེ་རྗེས་ལངས་ནས་འདུག་པ་བལྟ་བར་བྱ།། དེའི་སྙིང་མོ་ཧ་ར་ཏི་བཀོད་ནས་ནི།། དེ་ཡི་འོད་ཟེར་འབར་བའི་ཕྲེང་བ་ཡི།། དེ་ཡི་ལུས་ནི་སྟོང་པར་བྱས་ནས་སུ།། ལྷག་མ་རྣམ་པར་རིག་བྱེད་ཙམ་ཉིད་ནི།། དེ་ཡི་རྗེས་ལ་མོ་ཧཱ་རི་ཏི་ཞེས་བརྗོད། ་པས་སྤྱན་གྱི་གཟུགས་སུ་བསྒོམས་ནས་ནི།། དེ་ཡི་མིག་དང་སྐུ་ལ་སོགས་པ་དག། ཐམས་ཅད་དུ་ནི་བྱིན་གྱིས་བརླབ་པར་བྱ།། དེ་རྗེས་ཡེ་ཤེས་ལྔ་ཡི་ཐུགས་ཀ་ཡིས།། ཟླ་གནས་རྩ་བའི་སྔགས་ཀྱིས་འོད་ཟེར་གྱིས།། དེ་ཡི་ལྷ་མོའི་སྦྱིན ་གྱི་བདུད་རྩི་ཡིས།། ཤེལ་གྱི་བུམ་པའི་ཚོགས་ཀྱི་དབང་བསྐུར་བྱ།། རང་གི་ལུས་ལས་འོད་ཟེར་སྤྲོས་པ་ལས།། འོད་ཟེར་རང་གི་སྤྱན་གྱི་ཚོགས་རྣམས་ནི།། ན་མཁའི་དཀྱིལ་འཁོར་ཁྱབ་པ་རྣམས་ཀྱིས་ནི།། དེ་རྗེས་སྤྲོས་ཏེ་དབང་བསྐུར་བྱ ་བ་ཡིན།། དེ་ཡང་སྔགས་བཟླས་བུམ་པའི་ཆུ་ཡིས་ནི།། དེ་བཞིན་དུ་ཡང་བསད་པར་རབ་ཏུ་བྱ།། མགོན་པོ་ལ་ནི་ཅོད་པན་སྦྱིན་བྱ་སྟེ།། ལག་པ་གཉིས་སུ་ཡང་ནི་རྡོར་དྲིལ་ལོ།། དེ་རྗེས་སྔགས་པས་ཀུ་ཤའི་རྩེ་མོ་ལ།། རྡོ་རྗེ་རྩེ་གཅིག་རྣམ་པར་བསྒོམས ་ནས་ནི།། རྡོ་རྗེའི་སྦུབས་སུ་ངེས་པར་བཅུག་ནས་ནི།། དེ་ནི་མེ་དང་འདྲ་བར་བསྒོམས་པར་བྱ།། དེ་རྗེས་མཉམ་གཞག་སེམས་ཀྱིས་དེ་ཡི་ནི།། སྙིང་གར་གཞག་པའི་ཤེས་པ་རབ་འབར་བ།། རྡོ་རྗེ་རྩེ་ནས་རླུང་གིས་བསྐྱོད་པ་ཡི།། འབར་བ་རྣམས་ཀྱིས ་ཀུན་ཏུ་བསྐྱེད་པར་བྱ།། མེ་ཡི་འོད་ཟེར་གྱིས་ནཱི་རེག་པ་ཡི།། དངུལ་གྱི་བཞིན་དུ་དེ་ནི་འཕར་བར་བསྒོམ།། སྟེང་གི་སྒོ་ནས་རྣམ་པར་སྒྲོལ་བུ་འམ།། ཡང་ན་རྣམ་དག་སངས་རྒྱས་ཞིང་དུའོ།། གལ་ཏེ་ཤེས་པ་འམ་གཞན་དག་མཐོང་ན་ནི།། འཁོར་བའི་རྒྱུ ་མཚོ་རུ་ནི་ལྟུང་བར་འགྱུར།། དེ་ཕྱིར་སྟེང་སྒོ་ཡི་ནི་ལམ་ནས་སུ།། དེ་ཡི་སྟེང་དུ་འཕོ་བ་བྱ་བ་ཡིན།། སྤྱི་བོ་ནས་ནི་གཟུགས་མེད་འགྲོ་བ་སྟེ།། མཛོད་སྤུ་ནས་ནི་གཟུགས་ཀྱི་ཁམ་སུ་གྲགས།། མིག་གཉིས་ནས་ནི་མི་ཡི་འགྲོ་བ་ཉིད།། རྣ་བ་དག་ནས་གྲུབ ་པའི་ལྷ་རུ་སྱཻ།། སྣ་བུག་དག་ནུས་གནོད་སྦྱིན་ཉིད་དུ་སྐྱེ།། ཁ་ནི་དྲི་བར་ནི་ངེས་པར་འགྲོ།། ལྟེ་བ་ནས་ནི་འདོད་པའི་ཁམས་ཀྱི་ལྷ།། བྷཱ་བའི་སྦུབས་ནས་ཡི་དགས་འགྲོ་བར་རོ།། ཆུ་ཡཱི་ཝཱ་ནས་དུད་འགྲོའི་སྐྱེས་གནས་སྨྲ།། བཤང་བའི་ལམ་ནས ་དམྱལ་བའི་འགྲོ་བར་ནི།། ཐེ་ཙོམ་མེད་པར་འགྲོའོ་དེ་ཡི་ཕྱིར།། ལམ་ངན་དག་ནི་རྣམ་པར་སྤང་བར་བྱ།། དེ་ནས་དེ་ཐར་པའི་གྲོང་ཁྱེར་དུ་བཞག་པའི་ཕྱིར།། དེའི་མདུན་དུ་ཞི་བའི་སྦྱིན་སྲེག་ཏུ་གསུངས་པའི་ཆོ་ག་ཡོངས་སུ་ཚང་བས་སམ།། རྫ ་གཅིག་པའི་སྦྱིན་སྲེག་བཤད་པའི་ཆོ་གས་ཤི་འབྲེལ་གྱིས་བྱིན་པའི་ཡོ་བྱད་རྣམ་དང་།། རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་ཀྱི་མེ་ལ་སྦྱིན་སྲེག་བྱའོ།། དེའི་རྗེས་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ ་བཀློག་པར་བྱའོ།། དེའི་རྗེས་ལ་ཐམས་ཅད་བསྡུས་ཏེ་ཤི་བདག་ལ་ཡོན་བླང་བར་བྱའོ།། ཤི་བདག་གིས་ཀྱང་རང་གིས་འབྱོར་པ་དང་རྗེས་སུ་མཐུན་པར་གོ་སོ་དང་རྒྱན་དང་མལ་སྟན་དང་ཞིང་དང་ཁྱིམ་དང་བྲན་དང་བྲན་མོ་ལ་སོགས་པའི་ཡོན་གུས་པས་སློབ་དཔོན ་ལ་དབུལ་བར་བྱའོ།། དེ་ནས་རོ་བསྲེགས་པའི་མི་རྣམས་བོས་ཏེ་ཡི་གེ་གསུམ་བཟླས་པའི་ཚངས་སྐུད་གདགས་པར་བྱའོ།། དེ་རོ་ཁྱེར་བ་རྣམས་འཇིག་རྟེན་བསྐོར་བ་རྣམས་སུ་ལྷག་པར་མོས་པར་བྱ་སྟེ།། གདུགས་ཁྱེར་བ་ནི་ལྷ་རྒྱལ་ལོ།། རྩཝ་ཡབ་ཐོགས ་པ་ནི་ཚངས་པའོ།། རལ་གྲི་ཐོགས་པ་ནི་ཁྱབ་འཇུག་གོ།། བསྟོད་པ་འདོན་པ་ནི་བདེ་བྱེད་དོ།། རོའི་ལས་བྱེད་པ་ནི་གཤིན་རྗེའོ།། བུམ་པ་ཐོགས་པ་ནི་ཆུ་ལྷའོ།། དགང་བཟར་བླུགས་བཟར་ཐོགས་པ་ནི་མེ་ལྷའོ།། བཟའ་བ་དང་སྟོན་མོ་ཐོགས་པ་ནི་བདེན་བྲལ་ལོ།། ། ་བ་དན་ཐོགས་པ་ནི་རླུང་ལྷ་སྟེ།། གཞན་ཡང་ལྷ་དང་མི་རྣམས་ཀྱང་ལྷག་པར་མོས་པའོ།། དེ་ནས་ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ཏེ།། རང་གི་དགེ་བ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ་ལྡང་བར་བྱའོ།། ལངས་ནས་ཀྱང་རྡོ་རྗེ་སློབ ་དཔོན་རྡོ་རྗེ་འཛིན་པའི་རང་བཞིན་སངས་རྒྱས་ཐམས་ཅད་བསྐྱེད་མ་སྤྱན་གྱི་སྔགས་དང་།། ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་ངན་སོང་ཐམས་ཅད་རྣམ་པར་སྤྱོད་པའི་སྔགས་ད་ཟླ་བཞིན་དུ་སྔོན་དུ་འགྲོ་བར་བྱའོ།། ལམ་དུ་ཡང་ནི་འཇིག་རྟེན་སྐྱོང ་རྣམས་ཀྱིས།། རི་ནཱི་ཁུར་གྱིས་བཏེག་ཏེ་ཁྱེར་བ་དང་།། ཀུན་ནས་བསྟོད་པ་བྱེད་བཞིན་ལྷ་རྣམས་ཀྱི།། མཆོད་པ་ཡང་ནི་རྒྱུན་དུ་བྱེད་པར་བལྟ།། སྣ་ཚོགས་ཏུར་རྒྱུའི་སྒྲ་དང་བཀྲ་ཤིས་ཀྱི།། ཚིགས་བཅད་དང་ནི་རྡོ་རྗེ་གླུ་རྣམས་ཀྱིས།། དྲིལ་བུ་དང་ནི་ཆ་ལདྲ་ཏིང ་ཏི་ཅག། གླིང་བུ་པི་ཝང་སྒྲ་དང་རྗེས་མཐུན་པར།། ཉེ་བར་སྤྱོད་པ་ལྔ་ཡི་མཆོད་པ་དང་།། བླ་རེ་གོས་དང་བ་དན་གདུགས་དང་ནི།། འཁོར་མང་ལྡན་པས་ཕ་ཡི་གནས་སུ་ནི།། དལ་གྱིས་ཁྱེར་ཏེ་ཕྱིན་ནས་ད་རུ་ནི།། འོ་མ་ཅན་གྱི་ཤཱིང་ནི་སྐམ་པོ་ཡིས།། ་ལེགས་པར་རྣམ་པར་དཀྲིས་ཏེ་བརྩིགས་པར་བྱ།། དེ་ཡི་སྟེང་དུ་དེ་ནི་བཞག་ནས་སུ།། བུམ་པའི་ཆུ་ཡིས་བསང་བར་བྱ་བ་ཡིན།། དེ་ནས་སྦྱིན་སྲེག་མེ་ཡིས་ནི།། ཡོངས་སུ་སྤང་བར་བྱ་བ་སྟེ།། ཇི་ལྟར་ཐལ་བར་གྱུར་གྱི་བར།། ཤི་འབྲེལ་མཉམ་པར ་བཞག་པས་བསྲུང་།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། མདོ་སྡེ་སྔ་མ་བཞིན་དུ་བཀླག། ཏིང་ཏིང་ཅག་ཅག་ཅང་ཏེའུ་ཡི།། རྗེས་འགྲོ་རྡོ་རྗེ་གླུ་ཡང་བླང་།། དེ་ནས་འགྲོ་བ་ལ་ལ་དག་གོལ་བའི་ལམ་ལ་སྦྱར་ཡང་མི་དགེ་བ་ཤིན་ཏུ་མང་བ་སྟོབས ་ཆེ་བསྔ་ལམ་ངན་པ་ནས་སོང་ནས།། དེ་ནས་དེ་ཡང་ངན་པའི་འགྲོ་བ་ཡོངས་སུ་སྦྱང་བའི་ཕྱིར་ཉིད་མ་དེ་ཉིད་ནས་བརྩམས་ཏེ་ཉི་མ་བརྒྱད་དུ་ངན་སོང་སྦྱོང་བའི་རྒྱུད་ནས་གསུངས་པའི་ཆོ་གས་ངན་སོང་ཡོངས་སུ་སྦྱོང་བ་ལ་རིམ་པས་བྱའོ།། ་དེ་ལ་ཇི་སྲིད་རུས་པ་མ་འོངས་པ་དེ་སྲིད་གོས་ལ་དེའི་མིང་སྨོས་པ་སྔོན་དུ་འགྲོ་བས་ཆོ་གའོ།། འོངས་པ་ནི་དེའི་རུས་པ་འམ་གོས་ལ་ཉིན་ཞག་བརྒྱད་པའི་བར་དུ་བྱ་སྟེ། དེ་ཡིད་ལྷོའི་ཆར་ཁྲུ་གང་བའི་སྟེགས་བུ་གྲུ་བཞི་པ་བྱས་ཏེ། བ་ལ ་གི་ལྕི་བ་ས་ལ་མ་ལྷུང་བས་བྱུགས་ཏེ་བྱའི་རྣམས་ལྔས་ཀྱང་ཀུན་ཏུ་བསང་བར་བྱའོ།། དེ་ཡང་དཀྱིལ་འཁོར་ཙནྡན་དཀར་པོས་ནི།། ཉེ་བར་བྱུགས་ཏེ་མེ་ཏོག་རྣམས་ཀྱིས་ནི།། མཛེས་པར་བྱས་ནས་དེ་སྟེང་བུམ་པ ་ནི། མཚན་ཉིད་ལྡན་པ་རྣམ་པར་དགོད་བྱ་སྟེ།། སྨན་དང་ཡལ་ག་ནོར་བུ་དྲི་བཟང་དང་།། འབྲུ་རྣམས་ལྔ་དང་ཡང་དག་ལྡན་པར་ནི།། མགྲིན་པ་སྔོན་པོའི་གོས་ཀྱིས་དཀྲིས་ནས་ནི།། གདུགས་དང་བ་དཱན་བཙུགས་ཏེ་ཉེ་སྤྱོད་ནི།། ལྔ་དང་བཅས ་པས་དྲི་བཟང་གིས་གདུགས་ཤིང་།། བསྟི་གནས་ཀྱི་ནི་ཆུ་ཡིས་དགང་བྱ་ཞིང་།། ཀུན་ཤ་ཡི་ནི་སྟན་ལ་བཞག་བྱ་སྟེ།། ལྟོ་འཕྱེ་རིགས་ཀྱི་བདག་པོའི་མཚན་མས་ནི།། དེ་ནི་ཡིག་གསུམ་དང་སྤེལ་རྩ་བ་ཡི།། ས་བོན་གྱིས་ནི་ལྷག་གནས་བྱ་བ ་སྟེ།། སྔགས་པས་ཡང་ན་ཁྲུས་ཀྱི་སྔགས་ཀྱིས་ནི།། ལན་གྲངས་བརྒྱ་དང་རྩ་བརྒྱད་བཟླས་ནས་སོ།། དེ་ནས་མདུན་དུ་རྡུལ་ཚོན་དཀར་པོ་ཡིས།། ལྟེ་བར་བཅས་ཤིང་མུ་ཁྱུད་འོད་དང་བཅས།། འཁོར་ལོ་རྩིབས་བརྒྱད་བྲིས་ནས་མི་ཏོག ་ནི། དཀར་པོས་མཛེས་པར་རྣམ་པར་སྤྲས་ནས་ནི།། དེ་ཡི་དབུས་བཞག་སྣོད་ནི་སྟོང་པ་ཡི།། སྟེང་དུ་བུག་པ་དང་བཅས་ཁམ་སྐྱོང་བཞག། དེ་རྗེས་དེ་ཡི་རུས་པ་ཁམ་སྐྱོང་དར།། ལྷག་མ་མེད་པར་ཡང་ནི་བཞག་པར་བྱ།། ཏིང་འཛིན ་གསུམ་དང་ལྡན་པས་འདི་ལ་ནི།། ཕྱིར་བཟློག་ཆོ་ག་ཡང་ནི་བྱ་བ་ཡིན།། ཡུངས་ཀར་མེ་ཏོག་ཡང་དག་ལྡན་པ་ཡིས།། རིམ་བཞིན་གསང་སྔགས་རྡོ་རྗེའི་ཚིགས་བརྗོད་པས།། དེ་ཡིས་རུས་པ་འམ་ཡང་ན་གོས་སམ་ནི།། དེ་ཡི་མིང་ལ ་ཡང་ནི་བརྡེག་པར་བྱ།། དེ་ནས་སྔགས་ཀྱི་ཚིག་རྣམས་བསྟན་པ་ནི།། ཨོཾ་སརྦ་པཱ་པཾ་དཱ་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནཱ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨ་པ་ར་ཎི་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བི་ཤོ་དྷ་ཡ་ཨ་བ་ར་ཎཱི་ནི་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ ་དྷཀ། ཧ་ན་ཧ་ན། ཨོཾ་བ་རཱ་ཎཱ་ནི་ཧཱུཾ་ཕཊ། ཨོཾ་སུཾ་ས་ར་ས་ར། ཨཱ་ཥ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུ~ཾ་ཧ་ཧཱ་ར་ཧཱ་རཾ་སརྦ་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཕཊ། སརྦ་ཨ་བ་རྱཱ་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲྀ་ཏ་བྷྲྀ་ཏཾ་སརྦ་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ཏྱ་ཏ་ཏྲ་ཏ་སརྦ་ཨ་པ་ར ་ཎཱ་ནི་ཏྲཾ་ཧཱུཾ་ཕཊ། ཨོཾ་ཚིནྡྲ་ཚིནྡྲ་སརྦེ་ཨ་པ་ར་ཎཱ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་གཱ་གཱི་ཏི་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པཱ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏོརྱ་ག་ཏི་ཧོ་ཏུ་ཧཱུཾ་ཕཊ། ཞེས་བྱ་བ་ནི་རུས་པ་ལ་སོགས་པ་ལ་བརྡེག་པའི་སྭཱ ་སོ། དེ་ནས་ལྷག་གནས་བྱས་པའི་བུམ་པའི་ཆུས་དེའི་རུས་པ་ལ་སོགས་པ་བརྗོད་བཞིན་དུ་བཀྲུ་བའི་སྔགས་ནི་ཨོཾ་ནུ་མོ་བྷ་ག་བ་ཏྱེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨེ་རེ་ཧྲྀ་ཏྭེ་སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པི ་བི་ཤོ་དྷ་ནེ་ཤུདྡྷ་བི་ཤུདྡྷེ་སརྦ་ཀརྨ་ཨ་བཱ་ར་ན་བི་ཤོ་དྷ་ནཾ་སྭཱ་ཧཱ་ཞེས་བྱ་བ་ནི་རུས་པ་ལ་སོགས་པ་བཀྲུ་བའི་སྔག་སོ།། མེ་ཏོག་གཏོར་ཏེ་སྔགས་བརྗོད་པས་ལམ་བསྟན་པར་བྱའོ།། སྔགས་ནི་ཨོཾ་རཏྣ་རཏྣ་རཏྣ་སཾ་བྷ་བེ། རཏྣ་ཀི་ར་ནེ་རཏྣ་མཱ་ལ་བཱི་ཤུདྡྷ ་ཤུདྡྷཱ་ཡ། སརྦ་པཱ་པཾ་ཧཱུ~ཾ་ཏྲ་ཊེ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགསོ།། དེ་ནས་མེ་ཏོག་ཆུ་ནང་དུ་དོར་དེ་ལོ་སྦྱང་བར་བྱའོ།། སྔགས་ནི་ཨོཾ་པདྨེ་པདྨ་མ་ཧཱ་པདྨ་པདྨེ་སཾ་བྷ་བཾ་སུ་ཁཾ་བ་ཏི་གཙྪ་ཏུ་སྭཱ་ཧཱ། ཞེས་བྱ་བ་ནི་ལམ་བསྟན་པའི་སྔགསོ།། སྭ་ཌ་ཀྱི་ཚིག་དེ ་དང་དེ་མ་བསྐུལ་བར་ཚིག་སྤེལ་བར་བྱའོ།། ལམ་སྤྱད་པའི་སྔགས་ཀྱིས་མེ་ཏོག་གི་ཆར་དབབ་པར་བྱའོ།། མཉམ་པར་བཞག་པར་བྱའོ།། བཀྲ་ཤིས་ཀྱི་ཚིགསུ་བཅད་པ་ལེན་ནམ།། ལེན་དུ་གཞུག་པར་བྱའོ།། དེ་ལྟར་ཉིན་ར ་བཞིན་དུ་ཐུན་གསུམ་མམ་གཅིག་ཏུ་བྱའོ།། དེ་བཞིན་དུ་ཡང་དག་པར་མཆོད་དེ།། ཇི་ལྟར་བསྟན་པའི་ཆོ་ག་ཐམས་ཅད་བསྡུ་བར་བྱའོ།། དེ་ལ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་བཞེད་པའི།། སངས་རྒྱས་རྣམ་དག་བློ་ལྡན་ཉེས་པའི་ཚོགས་དང་བྲལ། ་ཤེས་རབ་ཡན་ལག་འདུས་པས་མཛེས་པའི་བདེ་བའི་བདག། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར།། བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ།། དེ་ཡིས་བསྟན་པའི་དམ་ཆོས་བླ་ན་མེད་བདག་མེད།། འཇིག་རྟེན་གསུམ ་ལ་རབ་ཏུ་གྲགས་པ་ཡི།། བཀྲ་ཤཱིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར།། བཀྲ་ཤཱིས་གང་ཞིག་རབ་མཆོག་དམ་ཆོས་རྟག་ཏུ་འཛིན།། བཟང་པོའི་སར་ཞུགས་སངས་རྒྱས་སྲས་པོ་ཚོགས་ཀྱི་མཆོག། རྣམ་པ་ཀུན་ཏུ་སེམས་ཅན་དོན་མཛོད ་བཀྲ་ཤིས་གང་།། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར།། བཀྲ་ཤིས་ཀྱི་ཚིགསུ་བཅད་པ་དེ་དག་རུས་པ་འཁྱུད་པའི་དུས་སུ་ཡང་གདོན་ནམ་འདོན་དུ་བཞུག་གོ། དེ་ལ་གཤེགསུ་གསོལ་བའི་ཚིག་ནི།། ཁྱེད་ཀྱིས་སེམས་ཅན ་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ།། སླར་ཡང་འབྱོན་པར་མཛད་པའི་ཕྱིར།། སངས་རྒྱས་ཡུལ་དུ་གཤེགསུ་གསོལ།། མུཿཞེས་བྱསོ།། དེ་ནས་མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ཏེ་ཐམས་ཅད་བསྡུའོ།། འབྱོར་པ་ཡོད་ན་ངན ་སོང་སྦྱོང་བའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞེངས་ཏེ། ཇི་ལྟར་བཤད་པའི་ཆོ་གས་བསྒྲུབ་པར་བྱའོ།། སླར་ཡང་རྡོ་རྗེ་སློབ་དཔོན་གྱིས་ཤི་བདག་ལ་ཡོན་བླང་བར་བྱའོ།། དེས་ཀྱང་འབྱོར་པ་དང་མཐུན་པར་དབུལ་ཏེ། བཀྲུས་པའི་གོས་ཀྱང་སློབ་དཔོན ་ཉིད་ལ་དབུལ་བར་བྱའོ།། འདིར་གསུངས་པ། གཤིན་པོ་ལ་དམིགས་གང་ཅུང་ཟད།། རྩ་ལག་རྣམས་ཀྱིས་སློབ་དཔོན་སྦྱིན།། དེ་ཡིས་མཐོ་རིས་ལམ་འགྲོ་བའི།། རྒྱགས་དེ་ལ་བྱིན་ཞེས་བྱ།། སྦྱིན་པ་དེ་ཡིས་དེ་ངེས་པར།། བདེ་བ་ཅན་གྱི་ས་རུ་འགྲོ།། སྟེང་གི ་ལུས་ལྷན་བྱེད་པ་ནི།། དེ་ལ་དེ་ལྟར་ཀུན་བྱས་ན།། ངན་སོང་ཐཾད་སྤང་ནས་ནི།། ངེས་པ་བདེ་བ་ཅན་དུ་འགྲོ། དེ་རྗེ་དེ་རུས་རྣཾ་སྦྱང་བ།། ཞིབ་མོར་རྡོ་ལ་བརྟགས་ནས་ནི།། ཤིན་ཏུ་རྒྱ་ཆེ་ཆུ་བོ་ལ།། མཆོད་པ་བྱས་ཏེ་བསྐུར་བོར་བྱ།། ཡང་ན་ས་འཛིན་ཆེན་པོ་ནི།། མཐོན་པའི་རྩེ་ལ་འཛེགས ་ནས་སུ།། ཤིན་ཏུ་ཤུགས་དྲག་མཐུན་པ་ཡི།། རླུང་ལ་དེ་ནི་བཀུར་བར་བྱ།། གལ་ཏེ་བདེ་སྦྱར་བདེ་ལྡན་བཞིན་དུ་ཤིན་ཏུ་ཡང་།། དྲག་པོའི་ལས་ཀྱི་དབང་གིས་མ་སོང་ནའང་།། ངེས་པར་འདི་ནི་ངན་པའི་འགྲོ་བ་སྤངས་ནས།། སུཾ་ནུ་པའི་གནསུ་ཡང་ནི་འགྲོ་བ་འགྱུར།། ་ད་ལྡན་བཟང་པོའི་ཞབས་ཀྱི་པདྨ་ལས་ཐོབ་ཐ་མའི་ཆོ་གའི་མན་ངག་གིས།། ཐ་མའི་ཆོ་གའི་སྒྲུང་པ་འདི་ནི་དང་ལྡན་གསང་བ་འདུས་པའི་གཞུང་དུ་བྱས།། གང་ཞིག་དཔ་ལྡན་གསང་བ་འདུས་པར་མ་བསྟན་བྲིས་དེ་ཡི་ཁ་བསྐོང་ནི།། གང་ཞིག་དང་ལྡན་ངན་སོང་སྦྱོང་བའི་རྒྱུད ་ཝ་གསུང་བའི་ཆོ་ག་ལ་ནི་བརྟེན།། ཐ་མི་ཆོ་གཱི་མཱི་གི་ནརྀ་གྲང་གཤིན་པོ་བདེ་བཱ་གཤེར་བའི་གན་ལ་འགོད་པ་ཞེས་བྱ་བ།། པཎྜི་ཏ་དཔལ་ཏིང་འཛིན་རྡོ་རྗེས་མཛད་པ་རྫོག་སོ།། །། རྒྱ་གར་གྱི་འཁན་པོ་དཔལ་བྱོཊ་དབང་དགའ་བྱེད་ཀྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀིརྟིས་བསྒྱུར། ་