CLOSE WINDOW

GT770: rab tu gnas pa'i cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་ག། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ཉེས་པའི་དྲ་བ་མཐའ་དག་རྣམ་པར་བསལ་ཞིང་དྲི་མེད་ཡེ་ཤེས་སྣང་བས་མཛེས།། སངས་རྒྱས་སྐུ་ཡ་ཚོགས་ནི ་རྟག་ཏུ་སྤྲུལ་པས་འགྲོ་བའི་དོན་ནི་ཕུན་ཚོགས་མཛད།། ཀུན་དགའ་དེ་བཞིན་གཤེགས་པའི་སྐུ་གསལ་རིག་མ་དམ་པ་དང་ནི་ཡང་དག་ལྡན།། རྡོ་རྗེ་འཛིན་དེ་བཏུད་ནས་འདུས་པའི་གཞུང་དུ་རབ་གནས་ཆོ་ག་བདག་གིས་རབ་ཏུ་བཤད།། རབ་གནས་མཁའ ་དབྱིངས་མཉམ་ཉིད་རྗེས་འབྲེལ་པ།། བདེ་གཤེགས་གླེགས་བམ་རྡོར་དྲིལ་ཆོས་དེ་བཞིན།། འཇིག་རྟེན་དོན་དམ་མ་རྟོགས་དེ་ཡི་ཕྱིར།། འཇིག་རྟེན་ཕན་ཕྱིར་མགོན་པོས་རབ་གནས་མཛད།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས།། སྟང་སྟབས ་བལྟ་དང་སྦྱིན་སྲེག་བཟླས།། མཆོད་པའི་ལས་ཀྱི་སྦྱོར་བ་དང་།། བསྡུ་བ་ཞེས་བྱ་དེ་ཉིད་བཅུ།། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་།། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། བསྟན་བཅོས་ཀུན་གྱི་དོན་ལ་མཁས།། ་བླ་མ་ལས་ནི་དབང་ཀུན་ཐོབ།། རྗེས་སུ་གནང་བའི་ཡོན་ཏན་ཅན།། བརྟན་པོ་དམ་པའི་ཚིག་སྡོམ་པར་ལྡན།། ཐེག་པ་གསུམ་གྱི་དགོངས་པ་ཤེས།། སྐུ་གཟུགས་མཆོད་རྟེན་གཙུག་ལག་ཁང་།། དམ་ཆོས་རས་བྲིས་གླེགས་བམ་རྣམས།། བཟང ་བོ་ཚད་ཀྱིས་མཛེས་པ་དང་།། རྫོགས་པ་བདེ་བའི་རྒྱུ་རྣམས་ལ།། དེ་ཤེས་མཚན་ཉིད་རྟོགས་པ་ཡིས།། རབ་གནས་བྱ་བར་འོས་པ་སྟེ།། རྗེས་སུ་ཡི་རང་བྱེད་པ་དང་།། ཡོན་བདག་བསོད་ནམས་སྤེལ་ཕྱིར་རོ།། ནམ་ཡང་རབ་གནས་དམན་པ་ནི།། ་ཆོག་ཉམས་པས་མི་བྱ་སྟེ།། འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ།། ཐམས་ཅད་ལ་ཡང་ནན་ཏན་བྱ།། རྟོགས་པ་ལས་བྱུང་དེ་བཞིན་དུ།། རང་ཉིད་ཀྱི་ནི་ནུས་པས་བསྒྲུབ།། དེ་ལྟར་བྱས་ན་བསོད་ནམས་ཆེ།། ་མཐོང་དང་མ་མཐོང་སྐྱེ་བར་འགྱུར།། གསང་སྔགས་བཟང་པོས་ལྷ་རྣམས་ནི།། བཞུགས་པར་འགྱུར་བ་ཉིད་ཡིན་ནོ།། གང་དུ་སྐུ་གཟུགས་ཟིན་པ་ནི།། ཡུན་རིངས་མཆོད་པ་མ་བྱས་བཞུགས།། ཡོན་བདག་ལ་ནི་མི་ཤེས་འབྱུང་།། ཇི་སྲིད་རབ ་གནས་མ་བྱས་པར།། དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་དང་མཚན་ཉིད་བྲལ་བ་ལ།། འཇིག་རྟེན་ཀུན་གྱིས་མཆོད་བྱ་མིན།། དེ་བཞིན་དུ་ཡང་གཟུགས་བརྙན་ནོ།། གང་ཞིག་རབ་གནས་མ་བྱས་ལ།། ཕྱག་དང་མཆོད་པ་གང་ཞིག་དང་།། ་གསང་སྔགས་དམན་པས་བསྲེག་རྫས་བཞིན།། འབྲས་མེད་སྦྱིན་སྲེག་ཐལ་བར་ཟད།། དེ་བཞིན་གསང་སྔགས་མེད་པར་ནི།། ཆོས་གནས་མཆོད་པ་བྱེད་པ་ཡང་།། ལས་དེ་ཡི་ནི་རྣམ་སྨིན་གྱིས།། སྐྱེ་བ་ཀུན་ཏུ་མི་མཆོད་འགྱུར།། དེ་ལ ་ཐོག་མ་ཉིད་རང་ཉིད་བསོད་ནམས་འདོད་པས་སམ། སློབ་མས་གསོལ་བ་བཏབ་པས་གནས་སྩོལ་བ།། རེ་ཞིག་སྔོན་དུ་བསྙེན་པ་བྱ་སྟེ། དེ་ལ་ཏིང་ངེ་འཛིན་གསུམ་དང་ལྡན་པས་འཁོར་ལོས་སྒྱུར་བའི་སྔ། དང་རང་གི་ལྷག་པའི་ལྷའི ་སྔགས་འབུམ་དུ་བཟླས་པར་བྱའོ།། གཞན་དག་གི་སྔགས་ཁྲི་བཟླ་བར་བྱའོ།། ཡང་ན་བདག་པོའི་བཀས་སམ་ལྷག་པར་མོས་པས་རབ་ཏུ་གནས་པར་བྱའོ།། གང་གི་ཚེ་སློབ་མས་མཎྜལ་སྔོན་དུ་སོང་བསལ་ན་གཉིས་སུ་མུམ་མཆོག་ཏུ། ་གསོལ་བ་བཏབ་པ་དེའི་ཚེ། སློབ་དཔོན་གྱིས་ཡོ་བྱད་འཚོགས་སམ་ཞེས་དྲི་བར་བྱའོ།། དེ་ན་རེ་ཅུང་ཟད་ནི་འཚོགས་ལ་ཅུང་ཟད་མ་འཚོགསོ་ཞེས་ཟེར་ན།། དེའི་ཡང་སློབ་མའི་ལྟེ་བར་ཉི་མ་གནས་པའི་ཧཱུཾ་ག ་འོད་ཟེར་རྣམས་ཀྱི་སྙིང་གར་གནས་པ་ཀཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་ནག་པོ་རྣམ་པར་འགྱུར་བའི་རླིག་པ་འཕྱང་བ་ཤ་ཟ་ལྟ་བུའི་སྡིག་པ་སྣའི་རྩེ་མོར་འཐོན་པ་དང་།། ཡི་གེ་ཧཱུཾ་དེ་ཡང་སྙིང་ཀར་འཐོན་པས་གཡོན་བརྐྱང་བ་མཆེ་བ་གཙིགས་པ ་གསུས་པ་འཆང་བ་སྐུ་མདོག་ནག་པོ་ཕྱག་གཡོན་སྙིང་གར་སྡིགས་མཛུབ་དེང་མཆེ་བ་ཅན། ཕྱག་གཡས་མཆེ་བ་གདངས་པའི་རྡོ་རྗེ་གནོད་སྦྱིན་ཁྲོ་བོའི་གཟུགས་ཅན་དུ་བྱས་ནས་འཐོན་པས།། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་དྷ་ཁཱ་ར་བ་ནྱ་སྠ་ཧཱུཾ་ཕཊ་ཅེས་བྱ་བས ་སྡིག་པ་འདི་ཟར་བཅུག་ནས་སློབ་མ་དེ་ཡང་སཾ་ཡིག་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་རྣམ་པར་བསམས་ཏེ། དེའི་སེམས་ཀྱི་བགེགས་རྣམས་བདུད་རྩི་འཁྱིལ་པས་ཕུར་བུས་བཏབ་སྟེ་ཕུར་པའི་འོད་ཟེར་ཤིན་ཏུ་དྲག་པ་འཇིགས་པ་རྣམས་ཀྱིས ་ག་པ་ཐམས་ཅད་ངེས་པར་བསྲེགས་ནས། སློབ་མའི་སྙིང་གར་བསྲུང་བའི་དོན་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པ་བསམ་པར་བྱའོ།། དེ་ནས་སྔགས་པས་སྟེགས ་བུ་རྙིང་པའམ།། མཆོད་རྟེན་གྱི་གཞི་འམ་ལྷའི་རིགས་ཀྱི་ཁང་པ་ལ་སོགས་པ་ཡོངསུ་བརྟགས་པའི་ས་གཞི་ཡོད་པར་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་སྦྱང་བ་དང་གཟུང་བ་དང་། ཕུར་བུས་གདབ་པ་དང་། རྡོ་རྗེ་གུར་དང་ར་བ་དང་། ཕྱོགས་བཅིང ་བ་དང་། མཚམས་བཅིང་བ་དང་ལྷག་པར་གནས་པ་དང་ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་ལས་བསྒྲུབ་པར་བྱའོ།། དེ་ནས་སྔགས་པས་ཡོངསུ་བརྟགས་ཤིང་ཤིན་ཏུ་འཇམ་པའི་ས་ཕྱོགསུ་སྟན་བདྲེ་བ ་ལལ་འདུག་སྟེ། མདུན་དུ་བསང་གཏོར་ལ་སོགས་པའི་སྣོད་བཞག་ནས་དཀྱིལ་འཁོར་ལ་མཆོད་པ་བྱས་ཏེ། ཏིངངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་བུམ་པ་རྣམས་ལྷག་པར་གནས་པར་བྱའོ།། དེ་ལ་རྩ་བ་དང་ནག་པོ་མེད་པ་མཆུ་འཕྱང་བ་མགྲིན ་པ་རིང་བ་ལྟོ་བ་ཆེ་བ་ནས་དང་གྲོ་དང་མ་ཤ་དང་འབྲས་སོ་བ་དང་ཏིལ་རྣམས་ཏེ་འབྲུ་ལྔ་དང་། པྲེ་ཧ་ཏི་དང་ཀཎྜ་ཀ་རི་དང་ཨ་པ་རི་ཛི་ཏ་དཀར་པོ་དང་ཧ་ས་དེ་བ་རྣམས་ཏེ་སྨན་ལྔ་དང་། གསེར་དང་དངུལ་དང་མུ་ཏིག་དང་བྱུ་རུ་དང་མུ་མེན་རྣམས་ཏེ་རིན་པོ་ཆེ་ལྦ ་དང་གུར་ཀུམ་དང་གླ་རྩི་དང་སིཧླ་དང་ཙནྡན་དང་ག་བུར་རྣམས་ཏེ་དྲི་ལྔ་དང་ལྡན་པ།། བསྟི་གནས་ཀྱི་ཆུས་གང་བ། འཛམ་བུ་དང་ཀ་པིད་ཐ་དང་མ་དུ་ལུང་ཀ་དང་ཤྲཱི་བ་ལ་སྟེ་ཡལ་ག་ལྔས་ཁ་བརྒྱན་པ། གོས་སར་བ་ཟུང་གིས་མགུལ་པ་བཀྲིས་པ། ་ཆོས་འབྱུང་ལྟ་གནས་པའི་རང་གི་ལྷའི་མཚན་མས་མཚན་པ་ལྔ་ཡི་གེ་བིམ་ལྔས་བྱས་རིན་པོ་ཆེའི་རང་བཞིན་ལས་བྱས་པར་བསམས་ནས་གདུགས་དང་བཅས་པ་རྗེསུ་མཐུན་པའི་གདན་ལ་བཞག་པའི་རྣམ་པར་རྒྱལ་བའི་བུམ་པར་འཁོར ་དང་བཅས་པའི་དཀྱིལ་འཁོར་གྱི་གཙོ་བོ་བསྒོམས་ནས་མེ་ཏོག་གི་ཕྲེང་བས་དཀྲིས་པོའི་རྡོ་རྗེ་བུམ་པའི་སྟེང་དུ་བཞག་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དང་འབྲེལ་པའི་ཕྲེང་བའི་རྩེ་མོ་ནས་བཟུང་སྟེ། ཡི་གེ་གསུམ་དང་སྤེལ་བའི་རང་གི་ལྷའི་སྔགས་ཀྱིས ་དྷི་ཏིཥྛ་ཞེས་བྱ་བ་དེས་བརྒྱ་རྩ་བརྒྱད་དུ་དེ་ལ་མངོན་པར་བཟླས་པར་བྱའོ།། དེ་ནས་ཨརྒྷ་ལ་སོགས་པ་ཕུལ་ཏེ་མཆོད་པ་ལྔས་མཆོད་ནས།། དྲིལ་བུ་དཀྲོལ་བཞིན་པས་མངོན་པར་བསྟོད་པར་བྱའོ།། དེ་ནས་གཞན་ཡང ་དཀྱིལ་འཁོར་བའི་བུམ་པ་རྣམ་པ་ནི་ཅུང་ཟད་ཆུང་བ་རྗེས་སུ་མཐུན་པའི་གདན་ལ་བཞག་པ་རྣམས་ལ་དྲིའི་ཆུ་ཡིས་བཀང་སྟེ།། འཛམ་བུ་དང་ཙུ་ཏ་ལ་སོགས་པའི་ཡལ་གས་ཁ་བརྒྱན་པ་སྨན་ལྔ་ལ་སོགས་པ་དང་ལྡན་པ་མགྲིན་པ་གོས་ཀྱིས་དཀྲིས་པ།། རང ་འི་མཚན་གདུགས་དང་བཅས་པ།། དཀྱིལ་འཁོར་པའི་ལྷ་བསྒོམས་པས་བྱིན་གྱིས་བརླབས་པ། དཀྱིལ་འཁོར་སྔགས་ཡི་གེ་གསུམ་དང་སྤེལ་བས་ཐ་མ་ར་ཨ་དྷི་ཏིཥྛ་ཞེས་བྱ་བ་དང་། ལན་བདུན་བདུན་བཟླ་བར་བྱའོ།། འགྲོ་བ་ཀུན་བཟང་བའི་དོན་དུ་བུམ་པ ་གཞན་དུ་བདུད་རྩི་འཁྱིལ་པ་བསྒོམས་ནས་ཨོཾ་ཨ་བིགྷྣཱཾ་ཏི་ཀྲྀཏ་ཧཱུ~ཾ་ཨ་ཏཱིཥྛ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟུ་ངུར་བྱའོ།། དེ་བཞིན་དུ་ཨརྒྷ་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་དེ། བསྐྱོད་པ་བྱའོ།། བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་ཕྱོགས ་སྐྱོང་རྣམས་ལ་དེའི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ།། དེ་ལ་འདི་ལྟར་བུམ་པ་ལྷག་པར་གནས་པ་ཉིད་མ་རེ་རེ་ཞིང་ཐུན་གསུམ་དུ་བྱའོ།། བུམ་པ་མདོར་བསྡུ་བའི་ཕྱོགས་ལ་ནི་རིགས་ཀྱི་ཡུམ་བཞི་དང་། དེ་བཞིན་གཤེགས་པ་རྣམས་རིང་རང ་གི་རིགས་དང་བཅས་པ་ལྔ་དང་། ལས་ཐམས་ཅད་པའི་བུམ་པ་དང་བཅུར་བརྟག་པར་བྱའོ།། རྡུལ་ཚན་དགྱེས་པ་བུམ་པོ་དགོང་བར་བྱའོ།། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ནི་གཙོ་བོའི་གཡས་ཕྱོག་སུ་འམ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཇུག ་པར་བྱའོ།། དཀྲོལ་འཁོར་བའི་བུམ་པ་རྣམས་ནི་དཀྱིལ་འཁོར་གྱི་རོལ་གྱི་ཟླ་བཞིར་དགོད་པར་བྱའོ།། ལུས་ཐམས་ཅད་པའི་བུམ་པ་ནྟི་དཀྵི་འཁོན་གྱི་ཁ་པའི་རྩ་བའི་སྒོ་གཡས་ཏོག་སུ་བརླག་པར་བྱའོ།། དེ་ནས་བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་ང། ་ཟད་བླངས་ཏེ་བདུད་རྩི་ལྔའི་སྣོད་དུ་བླུགས་ནས་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་བཞག་པར་བྱའོ།། དེ་ལྟར་བྱས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱིས་གཞི་ཉེ་བར་བྱུགས་པར་གྱེན་དུ་བསྒྲེང་བའི་གདུགས་དང་རྒྱལ་མཚན་དང་བ་དན་དང་། བླ་རེ་ཕུབ་པའི ་མཐའ་མ་རྣམས་ནས་རྔ་ཡབ་དཀར་པོ་དབྱངས་ཏེ། དྲི་ཞོམ་པོའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་ནས་དུམ་བུ་དང་བསྡུས་པཱ་ལ་སོགས་པའི་སྤོས་དུད་བཏུལ་སྟེ། སིངྒ་དང་། ག་བུར་དང་གུར་ཀུམ་དང་། གླ་རྩི་དང་། ཙནྡན་དང་། འདྲེས་པའི་བདུད ་ལཁྱིམ་པའི་སྔགས་ཟླས་པས་ཆག་ཆོག་བཏབ་པའི་སྣའི་འི་འདི་དང་། བྲིབ་བུ་དང་རྗེ་དུས་ངལ་དུ་། བྷྲཱུཾ་རང་གིར་གྱི་དགའ་སྔོན་དང་། གྲུ་བ་ནི་སྤྲོ་བའི་སྐྱེ་བས་ཀྱི་ནས་བརྒྱན་ཅི་དུམ་པ་གང་པས་ལྡན་ཅིང་དྲུབ་པ་གང་པས་བརྒྱན་པའི་ཤིན ་སུ་གཟིའ་དང་རྒྱ་སྐར་དང་། དུས་སྦྱོར་བཟང་པོ་འཇོམ་པའི་ཉིན་ཞལ་བཟང་པོ་ལ་ཁྲུས་དང་གཙང་སྟེ་བྱས་ཏེ་གོས་དང་རྐྱེན་བཟང་པོ་དང་རྒྱན་མེ་ཏོག་ད་བཅས་པསྤུ་ཐོགས་བཟང་པོ་དང་ལག་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྟན་ཐོག་མཐོན་པོ་འངས་པ ་འདུག་སྟེ། མདུན་དུ་བསང་གཏོར་ལ་སོགས་པའི་སྣོད་བཞག་ནས་དཀྱིལ་འཁོར་མཆོད་དེ་ཏིང་འཛིན་གསུམ་དང་ལྡན་པའི་སྔགས་པས་དཀྱིལ་འཁོར་སྒྲུབ་པའི་ཐབས་ལས་གསུངས་པ་བཞིན་དཀྱིལ་འཁོར་བསྒྲུབ་པར་བྱའོ།། དེ་ནས་མངོན་དུ་ཕྱོགས ་པའི་ལྷ་རྣམས་ཀུན་གྱི་མཆོག་དང་ལྡན་པ་ཞལ་གསུམ་པ་ཕྱག་དྲུག་པ། རྗེསུ་མཐུན་པའི་སྐུ་མདོག་དང་ཕྱག་མཚན་དང་གདན་ལ་སྙོམས་པར་ཞུགས་པ། རྟེན་དང་རྟེན་པར་བཅས་པའི་དཀྱིལ་འཁོར་ས་བོན་དང་ཕྱག། ་མཚན་གྱིས་ཐུགས་ཀར་བྱིན་གྱིས་བརླབས་པ། རིགས་དང་མཐུན་པའི་ཅོད་པན་གྱིས་ལྷ་རྣམས་སྐད་ཅིག་མས་བལྟས་ལ། ནམ་མཁའ་ལ་ཡང་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མདོར་བསྡུས་པའི་གཟུགས ་དཀྱིལ་འཁོར་བས་ཡོངསུ་བསྐོར་བའི་དཀྱིལ་འཁོར་གྱིས་བདག་པོ་མངོན་པར་བལྟསཱ་ལ་བསང་གཏོར་ལ་སོགས་པ་ཕུལ་ཏེ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་སྣ་ཚོགས་པའི་མཆོད་པས ་མཆོད་ནས་བསྟོད་པ་བྱས་ཏི་དྨ་རྩི་མྱུང་བར་བྱའོ།། དེ་ནས་དྲི་ཞིམ་ཟེའི་མེ་ཏོག་གི་སྙིམ་པས་ལུས་བདུད་དེ། ཨོཾ་སརྦ་ཏ་ཤྲཱི་ག་ཏ་བར་མ་སུ་ཥ་ཤ་ཡ་སུལ་ལོ་ཧ~ཾ། བི་ལཱ་སེ་ནི་མི་ཏི་ན་མ་མི་བྷ་ག་ཏཱནྟི་ཛཿཧཱུ~ཾ་ཧོཿབྲྀ་ཏཱིཙྪ་ཀུ་སུ་མཱ་ཨཱ་ཪྠ་ལི་ནཱཿ ་ཧོས་མ་ཡ་སྟྭཾ་ཞེས་བརྗོད་པས་རྗོང་པའི་མེ་ཏོག་དོར་བར་བྱའོ།། དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་དུང་བསྟོད་པས་བདག་པོ་དེ་དག་གཞན་དག་ཀྱང་སྙུན་གསན་དབབ་པར་བྱའོ།། བཅོམ་ལྡན་རྡོ་རྗེ་མེ་ག་མཆོག ་རིག་པའི་རྒྱལ་པོ་ཕྱག་འཚལ་བསྐྱོད།། མགོན་པོ་བདག་ནི་རབ་གནས་པག། བགྱིད་པར་འཚལ་གྱི་ཐུགས་རྗེ་ཅན། སློབ་མ་རྣམས་ལ་ཕན་པ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། བཅོམ་ལྡན་གུས་པ་བདག་ལ་ནི།། རྗེས་སུ་བཟུང ་མཛད་པའི་རིགས།། ཇི་ལྟར་སངས་རྒྱས་ཐམས་ཅད་དག། དགའ་ལྡན་གནས་ན་བཞུགས་པ་ལ།། ལྷ་མོ་སྒྱུ་འཕྲུལ་ལྷུམ་གཤེགས་ལྟར།། དེ་བཞིན་གནས་འདིར་བཞུགས་སུ་གསོལ།། འདིར་ནི་རྟག་ཏུ་བཞུགས་ནས་ཀྱང་།། མེ་ཏོག་ལ་སོགས་མཆོད་པ ་རྣམས།། བྱང་ཆུབ་སེམས་ནི་འཕེལ་བའི་ཕྱིར།། ཆེ་གེའི་དོན་དུ་བཞེས་སུ་གསོལ།། འགྲོ་བའི་འཁོར་ལོའི་དོན་མཛད་པའི།། སངས་རྒྱས་བདག་ལ་དགོངས་སུ་གསོལ།། འབྲས་གནས་བྱང་ཆུབ་སེམས་དཔའ་དང་།། གང་གཞན་གསང་སྔགས་ལྷ་རྣམས་དང་།། འཇིག ་རྟེན་སྐྱོང་བའི་ལྷ་རྣམས་དང་།། འབྱུང་པོ་སངས་རྒྱས་བསྟན་གནས་དང་།། བསྟན་ལ་མངོན་དགའི་སེམས་ཅན་རྣམས།། གང་ཞིག་རྡོ་རྗེའི་མིག་ཅན་ཡང་།། རྡོ་རྗེ་ཅན་བདག་ཆེ་གེ་མོ།། རབ་ཏུ་གནས་པའི་ཆོ་ག་བཞིན།། ཉེ་བར་སྤྱོད་པ་ཅི་ནུས་ཀྱིས།། འགྲོ་བ་བདག ་ཕྱིར་བགྱིད་པར་འཚལ།། རྗེས་སུ་བརྩེ་བར་ཉེར་དགོངས་ཏེ།། སློབ་མ་དང་བཅས་བདག་ལ་ནི།། འདི་དག་ལྷན་ཅིག་ཐམས་ཅད་ཀྱིས།། ཉེ་བ་ཉིད་དུ་མཛད་པའི་རིགས།། དེ་ལྟར་ལན་གསུམ་དུ་སྙན་གསན་ཕབ་ནས་སྔ་མ་བཞིན།། ཡང་དག་པར་མཆོད་དེ་བསྟེ ་ནས་བདུད་རྩི་མྱང་བར་བྱའོ།། དེ་ལྟར་རྩཝ་སྙན་གསན་དབབ་པ་བྱས་ནས་བདག་ཉིད་གཟེངས་བསྟོད་པར་བྱ་སྟེ།། དེང་དུས་བདག་ཚེ་འབྲས་བུ་ཡོད།། བདག་གི་གསོན་པ་འབྲས་བུ་བཅས།། ལྷ་དང་དམ་ཚིག་གིས་མཉམ་པར།། གྱུར་པར་བདག་ནི་ཐེ་ཅོ ་མེད།། བྱང་ཆུབ་སེམས་དང་སེམས་གཅིག་ལས།། མི་ལྡོག་པར་ནི་བདག་གྱུར་ཏེ།། དེ་བཞིན་གཤེགས་པའི་རིགས་སུ་ནི།། དེང་བདག་སྐྱེས་པར་ཐེ་ཙོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད ་སྙན་མནན་པས།། དི་རིང་བདག་ནི་ཉེ་བར་གྱུར།། དེའི་རྗེས་ལ་སློབ་དཔོན་གྱིས་སྒྲུབ་གྲོགས་ཡོད་ན་དཀྱིལ་འཁོར་གྱི་སར་བཞག་ལ་ཕྱི་རོལ་ཏུ་བྱུང་སྟེ།། བདག་པོ་འམ་ཁྲོ་བོའི་རྣལ་འབྱོར་གྱིས་བཟའ་བཏུང་དང་ཉ་ཤ་དང ་འབྲས་མར་གྱི་སྤོས་དང་ཏིལ་དང་སྣུམ་ཁུར་ཟླུམ་པ་ལ་སོགས་པའི་གཏོར་མ་མན་ངག་ཇི་ལྟ་བ་བཞིན་སྦྱངས་ཏེ། གནས་ཇི་ལྟ་བ་བཞིན་དུ་དབང་པོ་ལ་སོགས་པ་བཀུག་ནས་སོ་སོའི་ཕྱོགས་ཀྱི་སྒོ་ཉིད་དུ་བསང་གཏོར་དང་ཞབས་བསིལ་ལ་སོགས་པ་བྱིན་ནས་མེ་ཏོག ་ལ་སོགས་པ་རྣམས་ཀྱིས་མཆོད་དེ་ཁུར་གྱིས་སམ། སྙིམ་པས་ལན་གསུམ་དུ་སྦྱིན་པར་བྱའོ།། དེ་ནས་ཞལ་བསིལ་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་སླར་གཏང་བར་བྱའོ།། དེ་ནས་ནང་དུ་ཞུགས་ཏེ་བདུད་རྩི་འཁྱིལ་པ་བཟླས་པའི་སྐུད་པ་གསུམ ་དཀྲིས་སུ་མདུད་པ་གསུམ་གྱིས་དཔུང་པ་གཡས་པར་བཅིངས་ཏེ། ལས་ཐམས་ཅད་པའི་ཆུས་གཡས་གཡོན་དུ་བསངས་ཏེ་སློབ་མ་བསྲུང་བའོ།། འཕྲིན་ལས་འདི་དག་ཐམས་ཅད་ལེགས་པ་བསྐུལ་བ་བྱས་པའི་སློབ་མ་དང་ལྷན་ཅིག་སྤྱད་པར་བྱའོ།། ་དེ་དག་ལ་ཡང་འདི་བསྒོ་བར་བྱ་སྟེ། གསང་སྤ། གང་ནུང་ཅན་ཅིག་སྒྲ། མཆོད་སོ་ཆོག་དེབྱ།། མཆོད་སྦྱིན་འབྲས་བུ་ཆེ་འབྱུང་ལ།། སྒྱུ་ཡིས་བྱ་བ་མ་ཡིན་ཉིད།། དེ་ནས་བགེགས་ཞི་བར་བྱ་བའི་ཕྱིར། བདུད་རྩི་འཁྱིལ་པའི་སྔགས་ཇི་སྲིད་འདོད་པར་བཟླས་ཏེ་ཉོལ་བར་བྱའོ།། ་འདི་ནི་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་ཕྱི་དེ་ཉིན་པར་ཐོ་རངས་ཀྱི་དུས་སུ་ཇི་སྐད་བསྟན་པའི་ཆོས་ཀྱི་མཚན་ཉིད་དང་། ཡོ་བྱད་ཐམས་ཅད་ཚོགས་པའི་སྔགས་པས་ཞི་བའི་གཏོར་མ་བཏང་ནས་ལྷ་མངོན་དུ་ཕྱོགས་ཏེ་ལྷའི་རྣལ་འབྱོར་བྱས་པས་སྐུ ་གཟུགས་ཞལ་ཤར་དུ་གཟིགས་པ་ན་བཟའ་སེར་པོ་དཀྲིས་པ་ལ་སྔར་བསྟན་པའི་མཚན་ཉིད་ཅན་དུ་རྣལ་འབྱོར་གྱིས་བསྐྱེད་པ་རྣམས་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྙིང་ག་དང་། སྤྱི་བོ་དང་། ལྐོག་མར་ཧཱུཾ་ཨོཾ་ཨཱཿཞེས་བྱ་བས་བྱིན་གྱིས་བརླབས ་པ་སྟེགས་བུའི་སྟེང་དུ་འདུག་སྟན་གཙང་མ་ལ་བཞག་ནས་དྲི་མ་སེལ་བ་རྣམས་ཀྱིས་དྲི་མ་བསལ་བར་བྱའོ།། དེ་ལ་ཁུ་ཚུར་གཡས་གཡོན་གྱིས་བཟུང་བའི་ཡུངས་ཀར་དང་ཆུ་དང་ཟན་ལུགསུ་འབྱུང་བ་དང་། ལུགས་ལས་བཟློག་པས་བསྐོར ་ཞིང་ཨོཾ་པཱ་བ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་མེར་བླུགས་པར་བྱའོ།། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བ་ལན་བདུན་དུ་བཟླས་པའི་དྲི་ཞིམ་པོའི་མར་ཁུས་ཀུ་ཤའི་ཚོམ་བུ་བཟང་པོ་བྱུགས ་ནས་ཁར་བའི་སྣོད་དུ་བཞག་པའི་བཱ་ཊ་དང་ཨུ་དུཾ་བ་ར་དང་། ཨ་ཤྭཏྠ་དང་། ཤཱི་རཱི་ཥ་དང་། བླག་ཤའི་ཤིན་བ་རྔུ་རྡུངས་པས་བྲུད་ནས་ས་བོན་ལྔས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང་འདྲེས་པའི་རྣམ་ལྷས་བཀྲུ་བར་བྱའོ།། ཕྱི་ནས་རྒྱལ་པོ་དབང་སྐུར ་བའི་གདུགས་དཀར་པོ་འཛིན་པའི་མིང་དང་བཅས་པས་རྒྱལ་བ་དང་བཀྲ་ཤིས་ཀྱི་ཚིགསུ་བཅད་པ་རྣམས་ཀྱིས་བསྟོད་བཞིན་པ་དང་། ཏུར་རྒྱའི་སྒྲ་དང་བུད་མེད་རྣམས་ཀྱི་ཅ་ཅོའི་སྒྲ་རྣམས་དང་། ཉེ་བར་མཚོན་པའི་དབང་བསྐུར་བའི་ཆོ་གས་སྤྱན་ལ་སེ ་པའི་ཕྱག་གིས་བཟུང་བའི་བུམ་པས་ཡེ་ཤེས་ཀྱི་ཆུས་གང་བ་རྣམས་ཀྱིས་དབང་བསྐུར་བར་ལྷག་པར་མོས་པས་ཁྲུས་ཀྱི་ཚིགསུ་བཅད་པ་བརྗོད་བཞིན་པས་བུམ་པའི་ཆུས་ཁྲུས་གསོལ་བར་བྱའོ།། དེ་ལ་ཁྲུས་ཀྱི་ཚིགསུ་བཅད་པ་ནི།། ཇི་ལྟར ་དཀྱིལ་འཁོར་དུ་བཞུག་སྟེ་དབུས་སུ་བཞག་པར་བྱའོ།། དེ་ནས་ཡོད་ན་ཕྱི་རོལ་གྱི་རིག་མ་དེ་མེད་ན་བསྒོམ་པ་དང་ལྷན་ཅིག་བསམ་གཏན་གྱིས་གནས་ཏེ། པདྨ་དང་རྡོ་རྗེའི་སྒྲས་བཀུག་པའི་དེ་བཞིན་གཤེགས་པ་རྣམས ་རང་གི་སྙིང་གར་བཅུག་ནས་ཞུ་བར་བྱས་ཏེ་རང་གི་རྡོ་རྗེ་གོ་ཆའི་ལམ་ནས་ཤེས་རབ་ཀྱི་པདྨའི་ནང་དུ་ལྷུང་བར་གྱུར་པ་དང་། ཤེས་རབ་ཀྱི་བ་སྤུའི་བུ་ག་རྣམས་ནས་འོད་ཟེར་དུ་གྱུར་ནས་འཐོན་པ་དང་། ནམ་མཁའ་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར ་ལོའི་རྣམ་པར་བློས་ཉེ་བར་བཞག་སྟེ། བསང་གཏོར་དང་ཞལ་བསིལ་ལ་སོགས་པ་དབུལ་བར་བྱའོ།། དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་དེ་དང་ལྷན་ཅིག་གནས་པའི་བགེགས ་ཀྱི་རིགས་བཀུག་བསྐྲད་ནས་དེ་རྣམས་ཉིད་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་དགུག་པ་དང་། ཤིན་ཏུ་ངེས་པར་རྫོགས་པ་དེ་ལ་རབ་གཞུག་ཅིང་བཅིངས་ཏེ་དབང་དུ་བྱས་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ནས།། དབང་བསྐུར་བ་ཡང་བྱས་ནས་བསང་གཏོར ་ལ་སོགས་པ་དབུལ་བར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བྱ་སྟེ། ཆུ་དང་དེ་བཞིན་ཐང་ལས་སྐྱེས།། མེ་ཏོག་དམ་པ་འདི་དག་ནི།། བདག་གིས་གུས་པས་ཕུལ་བས་ན།། ཅི་བདེ་བར་ནི་བཞེ་སུ་གསོལ།། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། ་ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་དབུལ་བར་བྱའོ།། ལྷན་སྐྱེས་དེ་བཞིན་སྦྱར་བ་ཡི།། བདུག་སྤོས་དམ་པ་འདི་དག་ནི། མཆོག་ཏུ་གུས་པས་རབ་ཏུ་འབུལ།། ཅི་བདེ་བར་ནི་བཞེས་སུ་གསོལ།། ཨོཾ་ཨཱཿདྷཱུ་པེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྤོས་སོ།། ལྡན ་སྐྱེས་དེ་བཞིན་སྦྱར་བ་ཡི།། དྲི་མཆོག་དམ་པ་འདི་དག་ཉིད།། མཆོག་ཏུ་གུས་པས་བདག་འདུལ་གྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་དྲིའོ།། ལྷ་རྫས་འབར་བ་མུན ་པ་འཇོམས།། སྣབ་ལྡན་སྒྲོན་མ་འདི་དག་ནི།། རབ་ཏུ་དད་པས་འབུལ་ལགས་ན།། ཅི་བདེ་བར་ནི་བཞེས་སུ་གསོལ།། ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་སྒྲོན་མའོ།། ཞལ་ཟས་རྣམ་ཀུན་ཡང་དག་ལྡན།། བཟའ་དང་སྟོན་མོར་བཅས་པ་འདི།། ཁ ་དོག་རོ་དང་དྲིར་ལྡན་པ།། དབུལ་ལོ་ཡང་དག་བཞེས་སུ་གསོལ།། ཨོཾ་ཨཱཿབཛྲ་ནཻ་བི་དྱ་ཧཱུཾ་ཞེས་བྱ་བས་ལྷ་བཤོས་སོ།། དེ་ནས་ཞལ་གི་སེལ་འབུལ་ཏེ།། མེ་ཏོག་གིས་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་རྣམས ་ཀྱིས་བསྟོད་ནས་བདུད་རྩི་མྱང་བར་བྱའོ།། དེ་ནས་ཐལ་མོ་སྦྱར་ཏེ་ལུས་བཏུད་ནས་སྔགས་པ་མཉམ་པར་བཞག་པས་དེ་ཁོ་ན་ཉིད་ཀྱི་བདེན་པ་བདར་བར་བྱའོ།། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་ཆེ་གེར་བདག་གྲུབ་མཛོད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པ་ཁྱོད།། འདོད་ཆག་ཀུན ་གྱི་རྗེས་ཆགས་པ།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད།། ཤིན་ཏུ་དག་པ་ཀུན་གྱི་མཆོག། འདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་གྲུབ ་བལྟམས་པ་ཙམ་གྱིས་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་པ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་བྱའོ།། ཨོཾ་སརྦ་ཏ་ཐཱ་གཾ་ཏཱ་ཨ་བྷི་ཥེ་ཀཱ་ས་མ་ཡེ་ཤྲཱི་ཧཱུཾ། པོ་ཏཱི་དང་ཐང་སྐུ་ལ་སོགས་པ ་རྣམས་ལ་ནི་ལྷག་པར་མོས་པས་མེ་ལོང་ལ་ཁྲུས་གསོལ་བར་བྱའོ།། དེ་ལ་བསྐུལ་བའི་རིམ་པ་ནི་འདི་ཡིན་ཏེ།། དང་པོ་ནི་རྣམ་པར་རྒྱལ་བའི་བུམ་པས་སོ།། དེ་ནས་རྣམ་སྣང་ལ་སོགས་པའི་བུམ་པས་སོ།། དེ་ནས་ནི་སྤྱན་ལ་སོགས་པའི ་བུམ་པས་སོ།། དེ་ནས་ནི་གཟུགས་རྡོ་རྗེ་ལ་སོགས་པའི་བུམ་པས་སོ།། དེ་ནས་ནི་སའི་སྙིང་པོ་ལ་སོགས་པའི་བུམ་པས་སོ།། དེ་ནས་ནི་གཤིན་རྗེ་གཤེད་ལ་སོགས་པའི་བུམ་པས་སོ།། དེའི་ཚེ་ཡང་བཀྲ་ཤིས་ཀྱི་གླུ་བླང་བར་བྱའོ།། བཀྲ་ཤིས ་ཀྱི་ཚིགས་སུ་བཅད་པ་ནི།། བཀྲ་ཤིས་གང་ཞིག་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ།། གཅིག་ཉིད་དང་ནི་དུ་མ་ཉིད་ཀྱང་རྣམ་སྤངས་པའི།། མ་གོས་གཟུགས་མེད་རྡུལ་དང་བྲལ་བ་གང་ཡིན་པའི།། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ ་ལེགས་ཤོག། བཀྲ་ཤིས་གང་ཞིག་སངས་རྒྱས་སྲས་ཀྱིས་ཡོངས་སྐོར་ཅིང་།། ལོངས་སྤྱོད་རྫོགས་སྐུ་དམ་ཆོས་ཀྱི་ནི་གསུང་དང་བཅས།། མཚན་དང་དཔེ་བྱད་བཟང་པོས་ཡོངསུ་བརྒྱན་གྱུར་པ།། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས ་ཤོག། བཀྲ་ཤིས་གང་ཞིག་ནགས་ཀྱི་མེ་ནི་མཆེད་པ་ལྟར།། འཇུག་དང་འབྱར་དང་ཡོངསུ་མྱ་ངན་འདས་པ་ཡིས།། སྤྲུལ་པའི་སྐུ་མཆོག་གཞན་གྱི་དོན་ནི་མཛད་པ་པོ།། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག། བཀྲ་ཤིས་གང ་ཞིག་སེམས་ཅན་ཀུན་ལ་ཕན་བྱེད་པའི།། སངས་རྒྱས་རྣམ་བདག་བློ་ལྡན་ཉེས་པའི་ཚོགས་དང་བྲལ།། ཤེས་རབ་ཡན་ལག་འདུས་པས་མཛེས་པའི་བདེ་བའི་བདག། བཀྲ་ཤིས་དེ་ཡིས་ཁྱད་རྣམས་ལ་ནི་དབང་མཆོག་བསྐུར་བའོ།། བཀྲིས ་གང་ཞིག་ལྷ་དང་ལྷ་མྱིན་མིས་མཆོད་པ།། དེ་ཡིས་བསྟན་པའི་དམ་ཆོས་བླ་ན་མེད་པ་ནི།། བདག་མེད་འཇིག་རྟེན་གསུམ་ལས་རབ་ཏུ་གྲགས་པ་ཡི།། བཀྲིས་དེ་ཡིས་ཁྱེད་རྣམས་ལའང་དབང་མཆོག་བསྐུར།། བཀྲ་ཤིས་གང་ཞིག་རབ་མཆོག ་དམ་ཆོས་རྟག་ཏུ་འཛིན།། བཟང་པོའི་སར་བཞུགས་སངས་རྒྱས་སྲས་པོའི་ཚོགས་ཀྱི་མཆོག། རྣམ་པ་ཀུན་ཏུ་སེམས་ཅན་དོན་མཛད་བཀྲ་ཤྲཱིས་བཟང་།། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར།། དེ་ལྟར་རིམ་པ་བཞིན ་དུ་ཁྲུས་གསོལ་ནས།། དེ་ནས་གོས་དཀར་པོ་སྲབ་མོས་ཕྱིས་ཏྱེ་གུར་ཀུམ་གྱི་འདེ་གུས་བྱུགས་པ་ལ་ན་བཟའ་དཀར་པོ་ཟུང་གཅིག། ཨཱ~ཾ་དི་པྱ་བཱས་སེ་སྭཱ་ཧ་ཞེས་བྱ་བའི་སྔགས་ཀྱིས་ཡོངསུ་གསོལ་བར་བྱའོ།། ཨོཾ་ཨཱཿབཛྲ་གུནྡྷེ་ཧཱུཾ ་ཞེས་བྱ་བའི་སྔགས་ཀྱིས་ག་བུར་དང་གླ་རྩི་དང་གུར་ཀུམ་ལ་སོགས་པའི་དྲི་རྣམས་ཀྱིས་མཉམ་པར་བྱུགས་ནས་གལ་ཏེ་ཡོད་ན།། ཨོཾ་བཛྲ་ཨ་བྷ་ར་ཎ་བི་བྷཱུ་ཥ་ཎེ་སྭཱ་ཧཱ། ཞེས་བྱ་བས་སྤྱན་དབྱེ་བར་བྱའོ།། དེ་ནས་གོ་རོ་ཙ་ནའི་ཐིག ་ལེ་བྱས་ཏེ་མེ་ཏོག་དང་བདུག་སྤྲོས་དང་།། མར་མེ་ཏམ་པོ་ལ་ཡང་ཕུལ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཀུན་ཏུ་བསྲུངས་ཏེ། དཀྱིལ་འཁོར་ལ་ཡང་ཧཱུཾ་ཡིག་གིས་བཏག་ནས་ཊ་ཀའི་སྔགས་ལ་ཨ་ཁཾ་བཱི་ར་ཏྲཱཾ་ཞེས་བྱ་བའི་སྔགས་ཀྱིས ་མཛོད།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིས།། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས།། རྡོ་རྗེ་སྙིང་པོ་བདག་པོར་བདག། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། ་སེམས་ཅན་ཀུན་གྱི་ཡབ་ཉིད་ཀྱང་།། དམ་ཚིག་རྩེ་མོ་འདོད་པའི་མཆོག། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་ན།། བདེན་པ་དེ་ཡིས་མགོན་བདག་པོ།། འདོད་པ་ཡོངས་སུ་གྲུབ་པར་ཤོག། ཅེས་བྱ་བའོ།། དེ་ནས ་ཡི་གེ་བརྒྱ་པ་ལན་བདུན་དུ་བཟླས་པ་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མཾ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ ་ཧོཿབྷ་ག་བྷཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མཽ་མུཉྩ་བཛྲཱི་བྷཱ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བྱ་བའོ།། དེ་ལྟར་བསྟན་པར་བྱས་ནས་སེམས་ཅན་དོན་དུ་གསོལ་བ་གྲདབ་པར་བྱའོ།། མགོན་པོ་སྐལ་བཾ་དེ་བཞིན་དུ། དེས་ནི་འགྲོ་དོན་ཀུན་ཏུ་མཛོད།། སྣ་ཚོགས ་གཟུགས་ནི་བཟུང་ནས་ཀྱང་།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། ཞེས་སོ།། དེ་ནས་ཕྱི་རོལ་ཏུ་བྱུང་སྟེ་གཏེར་མ་བཏང་ནས་པདྨའི་སྣོད་ཀྱི་བདུད་རྩིས་ཚིམ་པར་བྱས་ནས་སྤང་བར་མཆོད་དེ། ཕྱོགས་སྐྱོང་གཤེགས་སུ་གསོལ་བར ་བྱའོ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་ནང་དུ་ཞུགས་ནས་དཀྱིལ་འཁོར་གྱི་ལྷ་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱག་འཚལ་ཏེ། ཆོ་ག་མ་ཚང་བ་བསྐང་པའི་ཕྱིར་སྦྱིན་སྲེག་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་ལྷོ། ་ཕྱོགས་སུ་འདུག་སྟེ་བྱད་དུ་མངོན་པར་ཕྱོགས་པའི་སྔགས་པ་ཏིང་ངེ་འཛིན་གསུམ་དང་ལྡན་པས་སྦྱིན་སྲེག་གི་རབ་ཏུ་བྱེད་པ་ནས་བཤད་པའི་ཆོ་ག་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བྱའོ།། སྦྱིན་སྲེག་གི་ཐ་མར་སློབ་པའི་ཞི་རྒྱས ་འཕེལ་བར་བྱ་བའི་དོན་དུ་མཐེ་བོང་ལག་པོ་གཡས་པ་གཡོན་པས་བཟུང་སྟེ། བསྲེག་རྫས་རེ་རེ་ཞིང་ལན་གསུམ་འམ་བདུན་བདུན་བསྲེག་དུ་གཞུག་པར་བྱའོ།། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཡོན་བསླང་བར་བྱ་སྟེ། སློབ་མས་ཀྱང་དགའ་བའི་ཡིད་ཀྱིས ་རང་གི་འབྱོར་པ་དང་མཐུན་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུ་མོ་དང་།། རྟ་དང་གླང་པོ་དང་ཤིང་རྟ་དང་བ་ལང་དང་མ་ཧེ་ལ་སོགས་པ་རྣམས་དང་། གསེར་དང་དངུལ་དང་ཟངས་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་ནོར་རྫས་དང་། ལོ་ཏོག་ཡོངས་སུ ་རྒྱས་པའི་ཞིང་ས་དང་། ཁྱིམ་དང་ཀུན་དགའ་ར་བ་དང་། ལྡུམ་ར་ལ་སོགས་པའི་གནས་དང་། བྲན་པོ་དང་། བྲན་མོ་ལ་སོགས་པའི་འཁོར་རྣམས་མངོན་པར་འདོད་པའི་དགོས་པ་འགྲུབ་པའི་ཕྱིར་རོ།། སློབ་དཔོན་མཉེས་པས་ལྷ་རྣམས་མཉེས།། མཉེས ་པས་དངོས་གྲུབ་རབ་སྩོལ་འགྱུར་ཞེས་ཤེས་པར་བྱས་ལ།། རྣམ་པ་ཐམས་ཅད་དུ་བླ་མ་མཉེས་པར་བྱའོ།། གལ་ཏེ་ཡོད་ན་རྒྱལ་པོ་དང་ས་བདག་དང་། དགེ་འདུན་དང་། ཕྱོགས་སྐྱོང་དང་། བདག་ཉིད་ཀྱིའང་ཞི་རྒྱས་འཕེལ་བར་བྱ་བའི་དོན་དུ་དེ་བཞིན་དུ་བསྲེག ་ཐུགས་དབུལ་བར་བྱའོ།། ཐ་མར་དགང་བླགས་ཕུལ་ནས་ཞལ་བསིལ་ལ་སོགས་པ་དྲངས་ཏེ། མཁྱེན་པ་གསོལ་ཏེ། བཟོད་པ་གསོལ་བ་བྱས་ནས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ཟངས་སུ་ལེགས་པར་བཀྲུས་པ་སྦྱིན་སྲེག་གི་ལྷག་མའི ་སྦྲང་རྩི་དང་། འོ་མ་དང་བུ་རམ་དང་ཀ་ར་ལ་སོགས་པ་བསྲེས་པའི་ཐུག་པ་རང་གི་འདོད་པའི་ལྷའི་སྔགས་ཀྱིས་ལེགས་པར་བསྒྲུབས་ནས། གསེར་ལ་སོགས་པའི་སྣོད་དུ་བླུགས་ཏེ། ཨོཾ་དིཔྱ་ཨགྣེ་ས་མཱ་དི་དྷཱ་ན་བྷཱུ ་ཎ་ནེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཡོངས་སུ་བཟླས་ཏེ། ལྷ་རྣམས་ལ་དབུལ་བར་བྱའོ།། དེ་ནས་དྲི་གཙང་ཁང་ལ་སོགས་པའི་གནས་སུ་ལེགས་པར་བསླབས་པའི་བཟོ་བོས་བྱས་པ་སྐུ་སུམ་ཆའི་ཆེད་ཀྱི་གདན་ཁྲི་ལ་སྟེང་དང་འོག་ཏུ་གཟིགས་པ་མ ་ཡིན་པར་དྲང་པོར་ལེགས་པར་བརྟན་པར་བྱས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྟེགས་ཀྱིས་བཞུགས་སུ་གསོལ་བ་བྱའོ།། མ་ཡིན་ན་ཉེས་པ་འབྱུང་བར་འགྱུར་རོ།། སྔ་མ་བསང་གཏོར་ལ་སོགས་པ་ཕུལ་ཏེ་ཡང་དག་པ་མཆོད་ནས། ་བསྟོད་དེ་བདུད་རྩི་མྱང་བ་བྱས་ལ་ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ཏེ་མཁྱེན་པར་གསོལ་ཏེ་བཟོད་གསོལ་བྱའོ།། རྫོགས་སངས་རྒྱས་དང་དེ་སས་ལྷ།། གང་ཞིག་ཚངས་སོགས་ལྷ་ཡི་ནི།། ཚོགས་རྣམས་ལྷ་ཡི་བྱ་བ་ལ།། མ་ཚང་བ་ནི ་བཟོད་མཇེད་རིགས།། ཀུན་ཏུ་ཞི་དང་བདེ་ལེགས་དང་།། ཡོན་བདག་དོན་ཆེད་མཛད་ནས་ནི།། སླར་ཡང་བྱོན་པར་མཛད་པའི་ཕྱིར།། སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ།། བསྐལ་པ་བརྒྱ་ཡི་བརྒྱ་ཡི་བར།། གང་གི་སྐུ་གཟུགས་འདི་བཞུགས ་པར།། ས་ཆུ་མེ་དང་རླུང་གི་ལྷ།། ཐམས་ཅད་ཀྱིས་ནི་སྲུང་བར་མཛོད།། རང་གནས་དགེ་བར་གཤེགས་ནས་ནི།། ཤིན་ཏུ་དགའ་གཅུགས་ཡིད་ཀྱིས་ནི།། སློབ་དཔོན་སློབ་མར་ཡང་དག་ལྡན།། བུ་དང་བུ་མོར་བཅས་བསྲུངས།། ཁྱད་པར་བརྗོད་པར ་བྱ་སྟེ། བྲིས་པ་དང་བརྩིགས་པ་རྣམས་ལ་ཡང་ཇི་སྐད་བཤད་པའི་ཚོགས་རབ་ཏུ་གནས་པར་བྱའོ།། དེ་ལ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་རཾ།། རབ་ཏུ་གནས་པར་བྱ་བའི་ལྷའི་རྣལ་འབྱོར་གྱིས་སོ།། རྗེ་བཙུན་གྱི་མཆོད་རྟེན་ལ་ནི་དྲི་གཙང་ཁང་བསྐྱེད ་པའི་ཆོ་གས་བསྐྱེད་ནས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕོ་བྲང་དུ་བསྒོམས་ནས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རིག་པ་དང་། གསང་སྔགས་ཀྱི་ལྷ་མ་ལུས་པ་བཀུག་ནས་མཆོད་རྟེན་གྱི་ནང་དུ་རབ་ཏུ་གཞུག་ཅིང་། ་བཅིངས་ཏེ་དབང་དུ་བྱས་ནས། བསང་གཏོར་དང་། ཨརྒྷ་དང་ཞབས་བསིལ་དང་དབང་བསྐུར་དང་མཆོད་པ་དང་བསྟོད་པ་བྱས་ནས་བདུད་རྩི་མྱང་བ་བྱས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱི་བྷྲཱུཾ་ཏྲཾ་ཊཱསྠ་ཞེས་བྱའི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ།། ལྷག ་མ་ནི་སྔ་མ་བཞིན་ནོ།། དམ་པའི་ཆོས་ཀྱི་གླེགས་བམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་འདི་ལྟར་རབ་ཏུ་གནས་པར་བྱ་སྟེ། ཡི་གེ་དྷི་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཧཱུཾ་ཕྱིན་མ་གསེར་གྱི་མདོག་ཅན། རྩ་བའི་ཕྱག་གཉིས་ཀྱིས་རང ་སྣང་གི་ཐབས་ལ་ཁྱུད་པ། ཕྱག་བར་མ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་པ། ཕྱག་ཐ་མ་གཉིས་ནི་མཆོག་སྦྱིན་དང་པོ་ཏི་སྣམས་པར་བསྒོམས་ནས། དེ་ཡོངསུ་གྱུར་པའི་ཡི་གེའི་ཚོགས་རྣམས་ཀྱིས་བཀྲིགས་པར་གླེགས་བམ་རྣམ ་པར་བསྒོམས་ནས། ཨོཾ་པྲཛྙཱ་སུ་ཏེ་སྠི་ཏི་བཾ་ཛ་ཡ་སྭཱ་ཧཱ། དྷཾ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ།། གསང་སྔགས་ཀྱི་གླེགས་བམ་ལ་ནི་འོད་དཔག་མེད་ཡི་གེའི་གཟུགས་སུ་གྱུར་པར་བལྟ་སྟེ་རབ་ཏུ་གནས་པར་བྱའོ།། ཡང་ན་གསང་སྔགས་ཀྱི་པོ་ཏི་བཞིན ་དུ་དམ་པའི་ཆོས་ཀྱི་གླེགས་པམ་རབ་ཏུ་གནས་པར་བྱས་ཏེ།། འོད་དཔག་མེད་ཀྱི་རྣལ་འབྱོར་དང་སྔར་བསྟན་པའི་སྔགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་རྣམས་ཀྱིས་བྱིན་གྱིས་བརླབས་པར་རྣམ་པར་བསྒོམས ་ཏེ་འདི་ཐམས་ཅད་དུའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། གཙུག་ལག་ཁང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕོ་དྲང་ཏིང་ངེ་འཛིན་གྱི་གནས་ཆོས་ཀྱི་དབྱིངས་རྒྱ་ཆེ་བར་ཡིད་ཀྱིས་བསྐྱེད་པར་བྱའོ།། དེ་ནས ་ཨོཾ་ཧཱུཾ་ཧྲཱི་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པ་ལ་སོགས་པ་བྱས་ཏེ་གཏོར་མ་དང་མཆོད་པའི་ཉེ་བར་སྤྱོད་པ་ལ་སོགས་པ་ཕུལ་ནས།། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བཛྲི་བྷ་བ་ཏེ་ཊ་ཏིཥྛ་བྷྲཱུཾ་ཁཾ་ཞེ་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་ནས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྡོ་རྗེ་ལྟར་མི་ཕྱེད་པ་ཤིན་ཏུ་བརྟན་པར་བསྒོམས་ནས་བུམ་པ་ཐམས་ཅད་ཀྱི་ཆུས་གཙུག་ལག་ཁང་ཐམས་ཅད་དུ་བསང་གཏོར་བྱས་ཏེ། ཨོཾ་བཛྲ་ཨ་བྷི ་ཥིཉྩ་ཞེས་བྱ་བའི་སྔགས་ཀྱིས་སོ།། དེ་ནས་གཙུག་ལག་ཁང་གི་སྲུང་མ་ནག་པོ་ཆེན་པོ་སྒྲུབ་པའི་ཐབས་ནས་བཤད་པ་ལྟ་བུའི་མཚན་ཉིད་ཅན་ཡིད་ཀྱིས་བཀུག་སྟེ། རོ་གཅིག་ཏུ་གཞུག་ཅིང་བཅིངས་ཏེ་དབང་དུ་བྱས་ནས་སློབ་དཔོན་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ ་འབྱོར་དང་ལྡན་པས་བཀའ་བསྒོ་བར་བྱ་སྟེ་གཙུག་ལག་ཁང་འདི་ཇི་སྲིད་གནས་པར་ཁྱོད་ཀྱིས་བསྲུང་བར་བྱ་སྟེ། སྡིག་པ་མེད་པ་རྣམས་བྱ་ཞིང་སློབ་དཔོན་དང་དགེ་འདུན་གྱི་བྱ་བ་ཐམས་ཅད་ལ་མཆོག་ཏུ་བརྩོན་པར་བྱའོ།། དེ་ལྟར་བྱས་ནས་ཐ་མས་སློབ ་མ་བོས་ཏེ། གུས་པ་དང་བཅས་པས་ཡང་དག་པར་སྨྲ་བར་བྱ་སྟེ། གང་ཁྱོད་ཀྱིས་གསོལ་བ་གདབ་པའི་རབ་གནས་སྡིག་པ་འཇོམས་པ་དེ་ཁོ་བོས་བྱས་ཀྱིས། ཇི་ལྟར་བདེ་བར་ནན་ཏན་གྱིས་མཆོད་པ་བྱའོ།། དེ་ནས་སྔགས་ཀྱིས་སྦྱངས་པའི་ཙ་རུ་དེ་ལ་བྱིན་ནས ་འདི་ནི་དེ་བཞིན་གཤེགས་པའི་ལྷག་མ་སྡིག་པ་འཇོམས་པ་སྟེ་ཟོ་ཅིག་ཞེས་སོ།། གཞན་དག་ལ་ཡང་ཇི་ལྟར་ཐོབ་པར་ཉུང་ངུ་སྦྱིན་པར་བྱའོ།། དེ་ནས་ཡང་ཡོན་བླང་སྟེ། སློབ་མས་ཀྱང་ཡོན་དབུལ་བས་བླ་མ་མཉེས་པར་བྱས་ནས། མཆོད་པ་སྣ་ཚོག་པ་རྣམས ་ཀྱིས་ལྷ་རྣམས་མཆོད་དེ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱག་བྱའོ།། དེ་ནཱ་རང་གི་གནསུ་སོང་སྟེ་དགེ་སློང་དང་དགེ་སློང་མ་དགེ་བསྙེན་མའི་འཁོར་དང་བཅས་པ་རྣམས་ལ་སྟོན་མོ་གྲངས་ནས་ཡོན་ཕུལ་ཏེ། བཟོད་པ་གསོལ་ནས་སླར་གཤེགས་པར་བྱའོ།། དེ་ནས་བཟོ་བོ་རྣམས ་ལ་སྟོན་མོ་བྱིན་ཏེ་གོས་དང་རྒྱན་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མགུ་བར་བྱས་ནས་སློབ་དཔོན་གྱི་རྗེས་སུ་འབྲངས་པ་རྣམས་དང་། གཞན་གྱི་ཡང་འཁོར་རྣམས་གོས་ལ་སོགས་པ་སྦྱིན་པས་ཡོངས་སུ་མགུ་བར་བྱའོ།། གཞན་ཡང་ནད་པ་དང་མགོན ་མེད་པ་རྣམས་ཀྱང་ནུས་པ་ཇི་ལྟར་བ་བཞིན་དུ་མགུ་བར་བྱའོ།། མཚན་མོ་ཉེ་དུ་དང་འཁོར་རྣམས་ལ་དགའ་སྟོན་ཆེན་པོ་སྦྱིན་པར་བྱ་སྟེ། པི་ཝང་དང་གླིང་བུ་དང་རྔ་ཟུམ་དང་རྔ་ཟླུམ་རྡལ་བ་ལ་སོགས་པའི་སྒྲའི་རྗེས་སུ་འཇུག་པའི་གླུ་དང་། གླུ་དང་རྗེས་སུ ་མཐུན་པའི་གར་གྱིས་སྤྲོ་བ་མངོན་པར་དགའ་བའི་བཀྲ་ཤིས་དང་བསྟོད་པ་རྣམས་ཀྱིས་བཟའ་བ་དང་སྟོན་མོ་དགབ་བལྡག་པ་དང་། བཏུང་བ་དང་། གཞིབ་པ་རྣམས་དང་། གོས་ཀྱི་གཏམ་གྱིས་ཀྱང་སྟེ་ནུས་པ་བཞིན་བྱའོ།། དེ་ནས་སློབ་དཔོན་དགའ་སྟོན ་བསྡུ་བ་དང་། དཀྱིལ་འཁོར་གྱི་སར་བཞུགས་ཏེ་ཡང་དག་པར་མཆོད་ནས་བསྟོད་དེ། ཡི་གེ་གསུམ་དང་མུའི་མཐུ་ཅན་གྱིས་བསྡུས་ནས་རྡུལ་ཚོན་སྣོད་གསར་མར་བླུགས་ཏེ། དོན་དུ་གཉེར་བ་ལས་ཉུང་ངུ་བྱིན་ནས་ཆུ་བོར་དོར་བར ་བྱའོ།། དཀྱིལ་འཁོར་གྱི་གཞི་ཡང་ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤན་ཏོཏྨཿཞེས་བྱ་བའི་སྔགས་ཀྱིས་པའི་ལྕི་བ་བྱུགས་པར་བྱའོ།། དེ་ནས་ཕྱོག་སྐྱོང་རྣམས་ལི་གཏོར་མ་སྦྱིན་ནོ།། རབ་གནས་འདི་འདྲ་བྱས་ནས་ནི།། སྐྱེ་བ་འདི་དང་གཞན་དུ ་ཡང་མངོན་པར་འདོད་པའི་དངོས་གྲུབ་ཐོབ།། དེ་བས་རྟག་ཏུ་འདི་ཉིད་བྱ།། སོ་དོང་འགེངས་དང་རབ་གནས་དང་།། སྦྱིན་སྲེག་འཁོར་ལོའི་ཡོ་བྱད་གང་།། དེ་ཀུན་སློབ་དཔོན་ཉིད་དབང་ཞེས།། རྡོ་རྗེ་འཛིན་པ་མཆོག་གིས་གསུངས།། རབ་ཏུ་གནས་པའི་ཆོ་ག་མཆོག། ་འདུས་པའི་ཚུལ་དུ་བྱས་པ་ལ།། བསོད་ནམས་བདག་སྐྱེས་གང་ཅུང་ཟད།། དེས་ནི་འགྲོ་ཀུན་རྡོར་འཛིན་ཤོག། རབ་ཏུ་བདག་སྐྱེས་གང་ཅུང་ཟད།། དྲིས་ནི་འགྲོ་ཀུན་རྡོར་འཛིན་ཤོག། རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་སྣང་བ་ཞེས་བྱ་བ་སློབ་དཔོན་སྣང ་བྱེད་ཟླ་བས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དཔལ་བཱ་རེནྡྲ་པའི་ཞལ་སྔ་ནས་དང་། ལོ་ཎཱཾ་བཾ་དགེ་སློང་པྲཛྙཱ་ཀཱིརྟི་སི་བསྒྱུར་བའོ།། རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷི་ནཱ་མ། བོད་སྐད་དུ། རབ་ཏུ ་