CLOSE WINDOW

GT765: dbang bskur ba'i rab tu byed pa
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བུམ་པའི་དབང་བསྐུར་དང་པོ་སྟེ།། གཉིས་པ་གསང་བའི་དབང་བསྐུར་བ།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ། ་བཞི་པ་ཡང་ནི་དེ་བཞིན་ནོ།། ཞེས་བྱ་བ་ལེ། འདིར་བཞི་པ་ཡང་ནི་དེ་བཞིན་ནོ་ཞེས་བྱ་བ་དབང་བསྐུར་བཞི་པོ་ཡང་ལྡོག་པར་བསྒྲུབ་པ་མང་པོ་ཡོད་པས་གཞུང་རྣམས་མང་པོར་འདོད་པའི་གཞུང་སྟེ། དང་པོར་བསྟན་ནས ་རང་གི་འདོད་པ་གཞུང་ཕྱིས་བསྟན་པར་བྱའོ།། ལ་ལ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་རྗེས་ཐོགས་ལ་བྱང་ཆུབ་ཀྱི་སེམས་མྱང་བ་ནི་བཞི་པ་ཡིན་ནོ་ཞེས་ཟེར་རོ།། གཞན་དག་ནི་ཤེས་རབ་ཡེ་ཤེས་ཀྱིས་རྗེས་ཐོགས་ལ ་ཡང་ཤེས་པ་མྱང་བར་བྱ་བ་ནི་བཞི་པ་ཡིན་པར་འདོད་དོ།། ཡང་གཞན་དག་ནི་ཤེས་རབ་དང་ཡེ་ཤེས་ཀྱི་རྗེས་ཐོགས་ལ་སློབ་དཔོན་གྱི་སློབ་ལ་རྡོ་རྗེ་ཉི་མ་ནུབ་པ་དང་། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི ་དོན་གོ་བར་བྱ་བ་བཞི་པོ་ཡིན་ནོ་ཞེས་ཟེར་རོ།། ཁ་ཅིག་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་རྗེས་ལ་ནོར་བུའི་བུ་ག་དང་ཡང་དག་པར་རེག་པས་བྱང་ཆུབ་ཀྱི་སེམས་བཅས་པས་ཉེ་བར་དམིགས་པ་ཐམས་ཅད་ལས་ལྡོག ་པ་ནི་བཞི་པོ་ཡིན་ནོ།། ཟེར་རོ།། ལ་ལ་དག་ནི་ཤེས་རབ་དང་ཡེ་ཤེས་ཀྱི་རྗེས་ལ་ནོར་བུའི་མཐར་བྱང་ཆུབ་ཀྱི་སེམས་བབས་པ་ན་དམིགས་པའི་རྟོག་པ་ཐམས་ཅད་དང་བྲལ་བ་ནི་བཞི་པ་ཡིན་ནོ་ཞེས་ཟེར་རོ།། གཞན ་དག་ནི་ཤེས་རབ་དང་ཡེ་ཤེས་ཀྱི་རྗེ་མས་ནང་དུ་རྡོ་རྗེ་ལས་བྱང་ཆུབ་ཀྱི་སེམས་བབས་ནི་ཉེ་བར་ད་མི་ཁ་ཐད་ལས་ལྡོག་པ་ནི་བཞི་པ་ཡིན་ནོ།། ཞེས་ཟེར་རོ།། ལ་ལ་ནི་ཤེས ་རབ་དང་ཡེ་ཤེས་ཀྱི་རྗེས་ལ་དང་པོ་བྱང་ཆུབ་ཀྱི་སེམས་བབས་པ་ན་ཉེ་བར་དམིགས་པ་ཐམས་ཅད་དང་བྲལ་བ་བཞི་པ་ཡིན་ནོ།། ཞེས་ཟེར་རོ།། གཞན་དག་ནི་ཤེས་རབ་དད་ཡེ་ཤེས་ཀྱི་རྗེས་ལ་ན་མཁའ་དབྱིངས ་སུ་བྱང་ཆུབ་ཀྱི་སེམས་མ་ལུས་པར་བོ་བསྲེ་པཱ་ན་བཏང་སྙོམས་ཀྱི་སྐབས་ནི་བཞི་པཱ་ཡིན་པར་འདོད་དོ།། འདི་དག་ཐམས་ཅད་ནི་དོར་བར་བྱའོ།། ལ་ལ་དག་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བྱིན་པའི་རྗེས་ལ ་ལོ་སློབ་མ་ལ་ཚིག་གིས་དེའི་དོན་བསྟན་ཅིང་རྗེ་སུ་གནང་བའི་དབང་བསྐུར་བ་ནི་བཞི་པ་ཡིན་པར་འདོད་དོ།། རྗེསུ་གནང་བའི་དབང་བསྐོར་བའི་དོན་དུ་རྗེས་དེ་ཕྱི་ནས་ཡིས་ཀྱི་རྗེ་སུ་གནང་བའི་དབང་བསྐོར་བ་ཡིན་ནོ།། ། ་བསྒྲུབ་བྱ་སྒྲུབ་པར་ཡང་དག་སྦྱོར།། གང་ཡིན་དེ་ནི་བསྙེན་པར་བཤད།། རྡོ་རྗེ་པདྨའི་མཉམ་སྦྱོར་བ།། ཉེ་བར་བསྒྲུབ་པ་ཞེས་བཱ་ཤྲདོ།། ཡི་གེ་ཧཱུཾ་དང་ཕོཊ་ལྡན་པས།། བསྐྱེད་པ་བསྒྲུབ་པ་ཞེས་བཤད་ལ།། ངོ་བོ་ཉིད ་ཞི་དེ་བོ་ནི།། སྒྲུབ་པ་ཆེན་པོ་ཞེས་བཤད་དོ།། ཞེས་བྱ་བ་རྫོགས་པའི་རིམ་པ་ལ་ཚིག་སུ་བཅད་པ་འདིས་ཡན་ལག་བཞི་པའི་ཇི་ལྟ་བ་བཞིན་དུ་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཀྱིས་དབང་བསྐུར་བ་བཞི་པ་ཡིན་ནོ།། ་ཞེས་བླ་མ་ཁ་ཅིག་ཁོ་ན་འཆ་དོ།། སངས་རྒྱས་ཡེ་ཤེས་ལ་སོགས་པའི་བླ་མ་ཆེན་པོ་དག་ནི།། དབང་བསྐུར་བ་གསུམ་པ་ནི་འདིར་དེ་ལུང་དེ་བཞིན་ནོ་ཞེས་གསུངས་པའི་དབྱུང་བསྐུར་བ་བཞི་པ་གང་ཡང་མ་ཡིན་ཏེ། ལྟུང ་བསྒྲུབ་པར་བྱ་བའི་འབྲས་བུ་རྙིང་བ་དེ་ཁོ་ན་ཉིད་བཤད་པ་ཡིན་པར་བཞེད་དོ།། སངས་རྒྱུ་བ་ཡེ་ཤེས་ཀྱི་ཛྭལ་སྨྲ་ནས་ཀྱི་གཞུང་འདི་ཉིད་ནཱཾ་གྷ་དྷཱང་བ་མྦྷི་ནཱ་མཁའི་དབྱེ་སུ་བྱེད་ཆུ་། སེམས་བབས་པ་དང་། ་ཎཱ་དགའ་བའི་བར་མཚམ་སུ་ཉེ་བར་དམིགས་པ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དོན་དབང་བསྐུར་བ་བཞི་པ་སྟེ། རྡོ་རྗེ་འཚོང་འདུས་པའི་ངོ་བོ་ཉིད་ཡིན་ཞིང་རྫོགས་པའི་རིམ་པའི་ཕྱོགས་ཀྱི་སྒྲུབ་པ་དང་། བསྒྲུབ་པར ་བྱཱ་བྱའི་ཡང་དག་པར་སྱོརཱྀ་བ~ཾའི་དུ་སྒྱུ་བཙྪད་པའི་དོན་བརྡ་སྤྲོས་པར་གྱུར་པས་དབང་བསྒྱུར་བའི་བཞི་པ་རྡོ་རྗེ་འཆང་འདུས་པའི་ཚུལ་ཉིད་ཀྱིས་མན་ངག་སྟོན་པ་ཡིན་པ་བལྟ་བར་བྱའོ།། དབང་བསྐུར་བའི་རབའི་ཏུ་བྱེད ་བོ་ནི་དེ་ལྟར་བསྟན་པ་ཡིན་ནོ།། སྨིའི་ད་པོན་མཁས་པ་ཆེན་པོ་བྱས་དེ་སྒྲིམས་པ་དགེ་སློང་འོད་བསྲུངས་ཀུན་ནུའི་ཞལ་སྡེ་ནས་མཛད་པ་རྫོག་སོ།། ་རྒྱག་ཀྱི་མཡིན་ས་ཤློ་ག་ཀྱཻ་དང་། སྐུ་ཆེན་གྱི་ཟབ་པན་ཌཱུ་ནན་འོང་ས་སྐྱེ་རྨཱ། ཕྱག་སྐད་དུ། ཥཛྲ་ག་ནམ་ནཱ་ཀ། ་