| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་སྟོ་ཏྲ། བོད་སྐད་དུ། དཔལ་གསང་བ་འདུས་པའི་བསྟོད་པ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། ཀུན་ཏུ་རྟོགས་པ་མ་ལུས་སྤངས།། དྲི་མ་དང་བྲལ་བདག་ཉིད་ཅན།། ཀུན་བཟུང་ཆོས་དབྱིངས ་ངོ་བོ་ཉིད།། མི་བསྐྱོད་པ་ལ་ཕྱག་འཚལོ།། སྟོན་ཀའི་ཟླ་བ་ལྟར་དཀར་བ།། འོད་ཟེར་བརྒྱ་ཕྲག་རྣམ་དགྱེད་པ།། མེ་ལོང་ཡེ་ཤེས་ངོ་བོ་ཉིད།། རྣམ་སྣང་གཙོ་ལ་ཕྱག་འཚལོ།། ལྷ་ངན་རྟོག་པ་དང་བྲལ་ཞིང་།། སྐྱོན་མེད་མཁའ ་ལྟར་རྣམ་པར་དག། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད།། རིན་ཆེན་དབང་ལ་ཕྱག་འཚལོ།། དཔག་མེད་འོད་ཀྱིས་མཁའ་ཀུན་ཁྱབ།། ཚད་མེད་ཡོན་ཏན་ཕྲེང་བ་ཡི།། ཀུན་རྟོག་ཡེ་ཤེས་མཁྱེན་པ་ཡི།། འོད་དཔག་མེད་ལ་ཕྱག ་འཚལ་ལོ།། འགྲོ་བའི་དོན་ནི་མཛད་པ་པོ།། ཇི་བཞིན་དུ་འབྱུང་འགྱུར་བ་ཡི།། བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད།། དོན་ཡོད་གྲུབ་པཾ་དེ་ལ་འདུད།། ས་ལྟར་སེམས་ཅན་ཐམས་ཅད་ཀྱི།། མཆོག་ཏུ་རྣམ་པར་འཛིན་སྤྱོད་པ།། ཐུགས་རྗེ ་སྤྱོད་པ་གཡོ་བ་པོ།། ལྷ་མོ་སྤྱན་མར་ཕྱག་འཚལ་ལོ།། གང་གི་མཐུ་ཡིས་སེམས་ཅན་རྣམས།། ཉོན་མོངས་ཉིད་ནི་རབ་ཞི་བ།། ཆུ་ལྟར་ཕན་པ་དོན་ཆེན་གྱི།། མཱ་མ་ཀཱི་ལ་ཕྱག་འཚལ་ལོ།། མེ་ལྟར་སེམས་ཅན་ཐམས ་ཅད་ཀྱི།། ཉོན་མོངས་ཉིད་ནི་བསྲེག་པར་བརྩོན།། བྱ་བ་རྩེ་མོ་མཆོག་གྲུབ་པ།། ན་བཟའ་དཀར་མོར་ཕྱག་འཚའོ།། རླུང་ལྟར་ཀུན་ནུས་ཉོན་མོངས་པའི།། རླུད་འབྱིན་འགྲོ་ལྔ་བདེ་བ་སྐུལ།། ཨཱངྒཧཱ། ་ཡི་སྤྱན་མངའ་བ།། སྒྲོལ་མ་ལ་ནི་ཕྱག་འཚལ་ལོ།། གང་གིས་གཟུགས་ནི་རྒྱ་ཆེ་ཞིང་།། རྣམ་པ་ཀུན་ཏུ་མི་འཕྲོ་བ།། བརྟགས་བྲལ་གཟུགས་ཀྱི་རྡོ་རྗེ་མེ།། མཉམ་མེད་དེ་ལ་ཕྱག་འཚལོ།། གང་གི་མཐུ་ཡིས་སྒྲ་རྣམས་ཀྱི།། དེ་ཉིད ་དམ་པ་གསུང་རྒྱས་ཤིང་།། རྣ་བའི་བདེ་བ་སྩོལ་མཛད་པ།། སྐུ་རྡོ་རྗེ་ལ་ཕྱག་འཚལོ།། གང་གིས་ལོངས་སྤྱོད་ལྷུན་གྲུབ་པ།། སེམས་ཅན་མ་ལུས་ལ་སེམས་དཔའི།། བུང་བའི་སྐུ་མཛད་རྡོ་རྗེ་དྲི།། མ་སྨ་དེ་ལ་ཕྱག་འཚལོ།། གང་གི ་རང་རིག་བརྟན་དུ་མེད།། གཉིས་མེད་རོ་མྱོང་སྟོབས་ཀྱི་ས།། སེམས་ཅན་བདེ་ལ་གནས་མཛད་པ།། རོ་རྡོ་རྗེ་ལཾ་ཕྱག་འཚལ་ལོ།། ཇི་བཞིན་དུ་ནི་འབྱུང་འགྱུར་བའི།། ར་བ་གང་ལ་སྲེད་མཐའ་རུ།། འགྲོ་གསུང་རྟག་ཏུ་དགའ ་མཛད་པའོ།། རིག་རྡོ་རྗེ་ལ་ཕྱག་འཚལ་ལོ།། གང་ཕྱིར་ཀུན་ནས་ཉོན་མོངས་པ།། གཅོད་པའི་རྒྱུར་གྱུར་ཆོས་རྣམས་ཀྱིས།། ཀུན་ལ་རྟག་ཏུ་རྟོག་མཛད་པ།། བླ་མེད་ཆོས་ཀྱི་རྡོ་རྗེ་འདུད།། གང་ཕྱིར་ཐེག་པ་ཆེན་པོ་ལ།། ་མི་རྣམས་དགའ་བ་བསྐྱེད་མཛད་པ།། དད་པ་རྣམ་དགེ་ངོ་བོ་ཉིད།། གཤིན་རྗེ་གཤེད་པོར་ཕྱག་འཚལ་ལོ།། མཁས་པ་གང་གི་སྟོབས་ཀྱིསུ།། བྱང་ཆུབ་ཚོགས་རྣམས་རྫོགས་མཛད་པ།། བརྩོན་འགྲུས་རྣམ་དག ་བོ་ཉིད།། ཤེས་རབ་མཐར་བྱེད་ཕྱག་འཚལ་ལོ།། གང་གི་མཐུ་ཡིས་སེམས་ཅན་རྣམས།། དགེ་བ་བརྗིད་མེད་བསྐྱེད་མཛད་པ།། དྲན་པ་རྣམ་དག་ངོ་བོ་ཉིད།། པདྨ་མཐར་བྱེད་ཕྱག་འཚལ་ལོ།། གང་གི་སྟོབས་ཀྱིས ་སེམས་ཅན་རྣམས།། བགེགསོ་བྲལ་བདྨ་ལ་གནས་མཛད་པ།། བསམ་གཏན་རྣམ་དག་ངོ་བོ་ཉིད།། བགེ་གིས་འཇོམས་མཛད་ལ་ཕྱག་འཚལ་ལོ།། དཔལ་གསང་བ་འདུས་པའི་བསྐྱོད་པ་སྐྱོབ་དཔོན ་ཆེན་པོ་དང་ལི་མྱུར་མ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སྷོ།། ། པཎྜི་ཏ་དེ་ཉིད་དང་། ལོ་རྩ་བ་དགེ་སློང་རིན་ཚོན་བཟང་པོ ་བསྒྱུར་བའོ།། ་