CLOSE WINDOW

GT759: 'phags pa spyan ras gzigs 'jig rten dbang phyug sgrub pa'i thabs
Wyliee-texts produced with BDRC’s OCR application

གཅིག། ཙེ་ལོང་བཅུ་གཉིས་ཞེནཅིག།། རྒྱ་གར་སྐད་དུ། ཨཱརྱཱ་ཝ་ལོ་ཀི་ཏྭེ་ཤྭ་ར་སཱ་དྷཱ་ན། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྒྲུབ་པ ་ཐབས།། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། གང་ཐུགས་ཐུགས་རྗེའི་དབང་གྱུར་ཏེ།། རྟག་ཏུ་གཞན་གྱི་དོན་མཛད་པ།། འཇིག་རྟེན་མགོན་ལ་ཕྱག་འཚལ་ཏེ།། དེ་ཡི་སྒྲུབ་ཐབས་བྲི་བར་བྱ།། བྱང་ཆུབ་ཏུ་ནཱི་སེམས་བསྐུ ་ཅིང་།། དང་དང་སྙིང་དྷེར་ལྡན་པཱ་དང་།། བྷྲ་མ་ལ་གུས་གཏོང་སེམས་ལྡན།། བདེན་པར་སྨྲ་ཞིང་བཙུནྡྷ་ལྡན་པས།། ཡིད་དང་རྗེ་སུ་མཐུནྡན་སྭ།། བདེ་བའི་སྦྱིན་ལ་འདུག་ནས་ཀྱང་།། སྔོན་དུ་བྱ་བ་རྣམས་བྱས་ལ།། འཇིག་རྟེན་མ ་བསྒྲུབ་པར་།། དང་པོ་བདག་ཉིད་ཀྱི་སྙིང་གར་ཨ་ལེས་རི་བོང་ཅན་བསེམས་ལ། དེའི་སྟེང་དུ་སེཾན་གྱི་ཡོ་གེ་བསམས་ཏེ། དེ་ལས་འདི་འཕྲོས་པས་འཇིག་རྟེན་མགོན་པོ་སྤྱན་དྲངས་ཏེནིཕྱག་ལ་སོགས་པ་ཡན་ལག་བདུན ་པ་བྱའོ།། དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ལ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་དོ།། དེས་དངོས་པོ་ཐམས ་ཅད་གཟུང་བ་དང་འཛིན་པ་གཉིསུ་མེད་པ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་རང་གི་སེམས་ཉིད་པཾ་ལས་པདྨ་འདབ་མ་བརྒྱད་པར་བསམས་ཏེ། དྲིའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་དབུས་སུ་ཡང་ས་བོན ་གྱི་ཡི་གེ་དེ་ཉིད་དོ།། དེ་ལས་འོད་འཕྲོས་འགྲོ་བ་རྣམས་དག་པར་བྱས་ནས་དེ་ཉིད་དུ་བསྡུ་བར་བྱའོ།། དེ་ཡོངསུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་མགོན་པོ་སྐུ་མདོག་དམར་པོ་ཞལ་གསུམ་པ། དམར་པོ་དང་། དཀར་པོ་དང་། སྔོན ་པོར་སྣང་བ་དང་།། ཕྱག་དྲུག་པ་གླཡས་གཡོན་དང་པོ་གཉིས་སྙོམས་པར་འཇུག་པོའི་ཕྱག་རྒྱོ་ཅན།། གཡས་ཀྱི་གཉིས་པ་དང་གསུམ་པ་ན་པདྨ་དང་རལ་གྲོ་བསྣམས་པ།། གཡོན་གྱི་གཉིས་པ་དང་གསུམྦྷ་པ་ན་རིན་པོ་ཆེ་དང ་འཁོར་ལོ་བསྣམས་པའོ།། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའོ་ཆ་ཕྲ་བའོ།། དེའི་ཐུགས་ཀར་རི་བོང་ཅན་ལ་ས་བོན་གྱི་ཡི་གེའོ།། དེ་ལིས་འོད་འཕྲོས་ཏེ་ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྤྱན ་དྲངས་ལ་མཆོད་པ་བྱས་ལ་ཛཿཧཱུ~ཾ་བ~ཾ་ཧོཿཞེས་བརྗོད་དེ། རང་ལ་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱའོ།། དེ་ནས་གནས་གསུམ་དུ་ཡི་གེ་གསུམ་ལ་བསམས་ལ་སྐུ་གསུངས་ཐུགས་བྱིན་གྱིས་བརླབ་པར ་བྱའོ།། ཡང་ས་བོན་ལས་འོད་འཕྲོས་ཏེ་སངས་རྒྱས་ལྷ་སྤྱན་དྲངས་ལ་མཆོད་པ་བྱས་ལ། མགོན་པོ་དེ་བཞིན་གཤེགས་ཀུན་གྱིས།། བདག་ལ་དབང་བསྐུར་མཛ་དུ་གསོལ་ཞེས་གསོལ་བ་གདབ་ཅིང་། དེས་དབང་བསྐུར་བར་བསམ ་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པོ།། དེ་ཉིད་རྣམ་པོར་གསལ་བར་བསྒོམ་པར་བྱའོ།། ཡང་འབྱུང་བ་རླུང་ལས་གྲུབ་པའི་པདྨ་ཙ་ན་ཀའི་ཚད་ཙམ། སྟེང་གི་སྣའི་རྩེ་མོར་རེག་པའི་མཚན་མ་དང་། གཟུགས་ཀྱི་མཚན་མ ་བྱུང་གི་བར་དུ་བསྒོམ་པར་བྱའོ།། ཡང་ས་བོནྡ་གྱི་ཡི་གེ་དེ་ལས་དེའི་སྐུ་རྣམས་སྤྲོ་ཞིང་བསྡུ་བར་བྱའོ།། དེ་ནས་སྤྲོ་བར་གྱུར་ན་ཡེ་ཤེས་སེམས་དཔའི་ཐུགས་ཀ་རི་ས་བོན་ལ། ཨོཾ་ཨཱཿོཾ་མ་ཎི་པདྨེ་ཧཱུཾ་ཧཱུཾ་ཧྲིཾཿསྭཱ་ཧཱ་ཞེས་བྱ་བ ་གཡོན་སྐོར་དུ་བཀོད་དེ་མནོ་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ།། དེ་ནས་ལྟུང་བར་འདི་ན་ཡེ་ཤེས་སེམས་དཔའི་ཕྱུང་ལ་མཆོད་པ་བྱས་ཏེ། གང་ཡང་བདག་བློ་གཏི་མུག་པས།། འདིར་ནི་བྱི་མི་ནི་གང་བྱས་པ།། གོང ་ཡང་ལུས་ཅ་ནི་སྐྱབས་གྱུར་པ།། མགོན་པོ་ཁྱོད་ནི་བཟོད་པར་ཛོད་ཅེས་གསོལ་བ་གདབ་པར་བྱའོ།། རྟག་ཏུ་གཞན་གྱི་དོན་མཛད་པ།། འཇིག་རྟེན་དབང་ཕྱུག་གྲུབ་པ་ནི།། དགེ་བ་དེ་ཡིས་ཐོབ་གྱུར་ཅིག། འགྲོ་བས་ཀྱང་ནི་དེ ་ཐོབ་ཤོག་ཅེས་བྱ་བས་སྨོན་ལམ་གདབ་པར་བྱའོ།། དེ་ནས་ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེག་སུ་གསོལ་ལོ།། འབྱུང་བ་ཐམས་ཅད་ལའང་བྱ།། མདུན་དུ་ཆེས་འབྱུང་པད་ཟླ་ཅན།། བསམས་ལ་ས་བོན་འོད་ཟེར་གྱིས།། ་འབྱུང་པོ་ཐམས་ཅད་བཀུག་ནས་ནི།། རང་འདོད་ལྷ་ཡི་རྣམ་པར་བྱ།། གཏོར་མ་སྦྱང་བའི་རིམ་པ་ནི་ཡིན་ནམ།། ཡཾ་བྱུང་རླུང་ལས་རཱྀ་བྱུང་མ།། ཨ་ལས་བྱུང་བའི་པད་སྣོད་དུ།། མུ་བི་ར་ཤུ་མཱ་ལས ་བྱུང་བའི།། རྡོ་རྗེ་ཆུ་སོགས་རྫས་རྣམས་བསང་།། སྦྱང་བ་ལ་སོགས་རྣམ་བྱས་ནས།། དེ་རུ་ཡི་གེ་ཧྲིཿབཀོད་དེ།། ཡེ་ཤེས་བདུད་རྩི་བཀུག་བྱས་ལ།། ཧཱུཾ་ལས་བྱུང་བའི་རྡོ་རྗེས་དཀུག། སྔགས་འདིས་བྱིན་གྱིས་བརླབས་ཏེ་དབུལ།། ཨོཾ་ཨཱ་ཀཱ། ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ། ཅེས་ལན་བདུན་ནོམ་གསུམ་བཟླས་ལ་དབུལ་བཟླས་ལ་དབུལ་བར་བྱའོ།། དེ་ནས་དེ་རྣམས་ཚིམ་པས་གཉིསུ་མེད་པའི་བདེ་བ་ཆེན་པོའི་ཏི་འཛིན་ཐོབ་པར་བསམས་ལ།། ཨོཾ ་ཨཱཿཧཱུཾ་མུས་གཤིགསུ་གསོལ་བར་བྱའོ།། ཟས་ལ་ཉེ་བར་སྤྱོད་དུ་སུ།། སྔ་མའི་ཏིང་འཛིན་དེ་ཉིད་ཀྱིས།། ཁ་ཟས་སྔ་མ་བཞིན་སྦྱངས་ལ།། སྙིང་གར་རང་གི་ལྷ་བསམས་ལ།། ནང་གི་སྦྱིན་སྲེག་བསམ་ལྡན་པས།། ཟས་ལ་ཉེ་བར ་སྤྱད་པར་བྱ།། དེ་ནས་མཆོད་རྟེན་ལ་སོགས་ཀྱི།། དགེ་བའི་ལས་ལ་འབོད་པར་བྱ།། ཉལ་བའི་དུསུ་བདག་ཉིད་ཀྱི།། སྙིང་གའི་ས་བོན་དེ་ཉིད་དུ།། བརྟན་དང་གཡོ་བ་ཀུན་བསྡུས་ཏེ།། བདག་ཉིད་ཀྱང་ནི་དེར་བསྡུས་ལ།། སྟོང་ཉི་ཏཱིང་འཛིན ་ལོ་གནས་བྱ།། ནང་པར་ལངས་ནས་སྔ་མ་བཞིན།། སྒྲུབ་པ་ལ་ནི་འཇུག་པར་བྱ།། ཁྲུས་ནི་རང་ལ་དབང་བསྐུར་བསམ།། དཔལ་ལྡན་འདུས་པའི་རྗེས་འབྲངས་ཏེ།། འཇིག་རྟེན་དབང་པོ་སྒྲུབ་པའི་ཐབས།། མ་རི་མེ་མཛད་དཔལ་ཡེ་ཤེས ་ཀྱིས།། མན་ངག་མདོར་བསྡུས་འདིར་བཤད་ཡིན།། འཇིག་རྟེན་མགོན་པོ་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོག་སྷོ།། ། ་