CLOSE WINDOW

GT758: dpal gsang ba 'dus pa 'jig rten dbang phyug gi bsgrub pa'i thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་ལོ་ཀེ་ཤཱུ་ར་སཱ་དྷ་ནཾ་ནཱ་མཱ། བོད་སྐད་དུ། དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་པའི་ཐབས་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིག་བརྡ་དབང་ཕྱུག་ལེ་ཕྱག་འཚལ་ལོ།། སྤྲུལ་པའི་འོད་ཟེར་དཔག་མེད་པ།། འཕྲོས་པས་འགྲོ་བའི་སྡུག་བསྔལ་སོལ།། རྣམ་རྟོག་མེད་བདེའི་བདག་ཉིད་ཅན།། དཔལ་ལྡན་རྡོ་རྗེ་ཆོས ་ལ་འདུད།། དཔལ་ལྡན་འདུས་པ་སྣང་བ་ཆེ།། རྒྱུད་རྒྱལ་རིམ་པ་ལ་བསྟེན་ཏེ།། འཇིག་རྟེན་མགོན་པོ་སྒྲུབ་པ་ཡི།། རིམ་པ་མདོར་བསྡུས་གསལ་བར་བྲི།། དང་པོ་སྙིང་རྗེའི་སྟོབས་ལས་བྱུང་།། རྫོགས་པའི་བྱང་ཆུབ་སེམས ་བརྟན་བྱས།། སྲིད་པའི་ལོངས་སྤྱོད་བདེ་མ་ཆེད་སོ།། ཡོངསུ་འཛིན་པ་རྒྱབ་ཀྱིས་ཕྱོགས།། དང་སོགས་ནོར་ནི་ཕུན་སུམ་ཚོགས།། བླ་མ་སངས་རྒྱས་དང་མཉམ་གུས།། དེས་བསྟན་དམ་ཚིག་སྤྱོད་པ་ནི།། ཡོངསུ་སྦྱོང་ལ་རབ་ཏུ ་བརྩོན།། བུམ་པ་གསུང་སོགས་དབང་བསྐུར་བ།། བླ་མའི་དྲིན་གྱིས་ཡང་དག་ཐོའོ།། ལུས་ངག་སེམས་རྣམས་དགེ་པ་ཡི།། སྒྲུབ་པ་པོ་ནི་དངོས་གྲུབ་སྟོང་།། ཏིང་འཛིན་ཡན་ལག་ལས་བྱུང་བའི།། ཚོགས་ན་ཡོངསུ་རྫོགས ་པ་ལས།། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར།། དེ་ལྟར་གསང་སྔགས་ཚུལ་གནས་ཡིན།། ཏིང་འཛིན་ཡན་ལག་ཉམས་གྱུར་ཅིང་།། དེ་ཡི་མི་མཐུན་ཕྱོགས་གནས་ན།། སྐྱེ་བ་བྱེ་བ་སྟོང་གིས་ཀྱང་།། ཏིང་འཛིན་རིབ་ཏུ ་འགྲུབ་མ་འགྱུར།། དེ་བས་ཏིང་འཛིན་རབ་བསྒྲུབ་ཕྱིར།། གསང་སྔགས་སྤྱོད་གནས་རྣལ་འབྱོར་པས།། དེ་བས་གཞན་པའི་སེམས་སྤངས་ཏེ།། གཡེང་མེད་བརྩོན་པས་འབད་པར་བྱ།། ཏིང་འཛིན་གྱི་ཡན། ་ལག་དང་།། མི་མཐུན་ཕྱོགས་གང་ངེས་བྱའི་ཕྱིར།། ཏིང་འཛིན་ཡན་ལག་མི་མཐུན་ཕྱོགས།། དེ་ནི་མདོར་པོ་སྡུས་ནས་བཤང་བྱ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། ལོངས་སྤྱོད་རྣམས་ལ་ལྟོས་མེད་ཅིང་།། བཟོད་ལྡན་དམ ་བཅས་བརྟན་པ་དང་།། སྐྱེ་བོའི་འདུ་འཛིན་རྣམ་པར་སྤོང་།། ལུས་དང་ངག་ཡིད་ལས་རྣམས་ལ།། ཤེས་བཞིན་དང་ནི་ལྡན་པ་ལ།། སངས་རྒྱས་སྐུར་རྟོགས་དྲན་པ་ཡིས།། ལུས་ཀྱི་རྗེས་དྲན་ཡང་དག་ལྡན།། དུས་གང་དུ་ནི་གྲང ་བྱ་བྱའི།། རྫུས་དྲན་དེ་ལྟོས་བརྟན་པཱ་དང་།། སྒྲིབ་པ་ལྔ་ནཱཾ་སྤྱོང་པ་དང་།། ཟས་ཀྱི་ཚོང་རིག་སྤྱོད་ལམ་རན།། འཇིག་རྟེན་ཆེས་ནི་ཐམས་ཅད་ལ།། རྟག་ཏུ་སེམས་ནི་བཏང་སྙོམས་དང་།། ཡོ་བྱད་བསྙུངས་འདི་ཡན་ལག་སྟེ།། གོ ་ཟློག་པ་ནི་མི་མཐུན་ཕྱོགས།། ཡིད་དང་རྗེ་སུཾ་མཐུན་པའི་བསམ་གཏན་གྱི་གནས་སུ་སྟོན་བདེ་བ་ལ་འདུག་ནས་བགེགས་བསལ་བར་བྱའོ།། ཨོཾ་གྷཿགྷཿགྷཱ་ཏཱ་ཡ་གྷཱ་ཏ་ཡ། སརྦྦ་པུདྡྷོ་ཕཊ། ཀཱི་ལ་ཡ་ཀཱི་ལཱ་ལ་སརྦྦཱ་པཱ་པཾ་ཕཊ ་དྷཱུ་ཧཱུ~ཾ་ཧཱུཾ་བཛྲ་ཀཱི་ལ་ཡེ་བཛྲོ་དྷ་རོ་ཨཱ་ཛྙཱ་ན་པ་ཡ་ཏོ། སརྦྦཱ་དུཥྚཱ་ན~ཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུ~ཾ་ཕཊ། སྔགས་འདིས་ཕྱོགས་བཅུའི་བགེགས་ཐམས་ཅད་བསིལ་བར་བྱའོ།། དེ་ནས་རང་གི་སྙིང་གར་དབྱངས་ཀྱིས་ཡི་གེ་དང་བཾ་ཡོངསུ ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧྲི་དམར་པོ་བསམ་ལ། དེའི་འོད་ཟེར་སྤྲོས་པས་རང་གི་ལུས་སྣང་བར་བྱས་པ་སྔོན་དུ་འགྲོ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། དཀྱིལ ་འཁོར་གྱི་འཁོར་ལོ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་བྱར་བསྐུལ་ལ་བཀུག་པ་དང་། རྗེས་བཙུན་བླ་མ་ཡང་ནི་མཁའ་ལ་དམིགས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀྵོ་ཡ་བཱཀ་ཙིཏྟ་བཱ་ཎ ་མེ་ན་བཛྲ་བན་དྷ་ནཱཾ་ཀ་རོ་མི་ཞེས་བྱ་བས་ཕྱག་བྱའོ།། དེ་ནས་ཡི་གེ་ཏྲི་དེ་ཉིད་ལས་འོད་ཟེར་གྱི་ཚོགས་ཁ་དོག་སྣ་ཚོགས་པ་སྤྲོས་པ་སྔོན་དུ་འགྲོ་བ་དང་། གཟུགས་རྡོ་རྗེ་ལ་སོགས་པ་མཆོད་པའི་ལྷ་མོའི་ཚིགས་ཡང་དག ་པར་སྤྲོས་ལ།། ཨོཾ་སཱརྦྦཱ་ཏ་ཐཱ་གཱ་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཾ། ཞེས་བཟླས་ཤིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ལེགས་པཱ་ར་མཆོད་པར་བྱའོ།། དེ་རྣམས་ཀྱི་སྤྱན་སྦྱར་པུས་མོའི་ལྷ་ང་ས་ལ་བཙུགས་ནས ་ཐལ་མོ་སྦྱར་བ་ཏེ། འདི་ལྟར་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་ཞིག་ཐོག་མེད་སྲེད་པོའི་ཆུ་ཀླུང་དུ།། མེ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས།། ཐུགས་རྗེ་ཆེན་ལྡན་སྤྱན་སྔར་དེ་དགུ་ནི།། རྒྱོག ་བཞིན་དུ་ཐམས་ཅད་བཤགས་པར་བགྱི།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ།། དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་།། བྱང་ཆུབ་ཏུ་ནི་ཡོངསུ་བསྔོ་བར ་བགྱིད། ནཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས།། སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས།། རང་གི་ཡིད་ལ་གནས་པར་གྱུར་པ་ཡི།། བདེ་གཤེགས་རྣམས་འརྟག་ཏུ་སྐྱབས་སུ་མཆི།། ་རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་།། སེམས་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་བཞི།། དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད།། དམ་པའི་ཆོས་ལ་རྟག་ཏུ་སྐྱབསུ་མཆི།། འཆིང་བ་རྣམས་ལས་ཡང་དགེ་གྲོལ་འགྱུར ་ཞིང་།། སྙིང་རྗེ་མཆོག་གི་བསྐྲུན་པའི་དཔལ་དང་ལྡན།། རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ།། བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི།། བསམ་དང་རྣམ་པར་སྨིན་པ་དག་གྱུར་པ།། སྒྲིབ་པ་ཀུན་གྱི་བག་ཆགས ་ཡང་དག་འབྱིན།། ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི།། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི།། བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ།། སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། ་རྫོགས་སངས་རྒྱས་བདག་མ་ལུས་ངོ་བོ་བློས།། ཡང་དག་ཉིད་དུ་དྲ་ནི་གནས་པར་བགྱི།། དེ་ལྟར་ལམ་ལ་གནས་པའི་བར་དུ་བྱས་ནས།། དེ་ནས་ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད།། ། ་རྟོག་པ་རྣམས་དང་བྲལ་བྱེར་དངོས་པོ་ནི།། མེ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ།། ཞེས་བྱ་བས་གཟུང་བ་དང་འཛིན་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲེལ་པོས་ཁམས་གསུམ་པོ་མ་ལུས་པ་སྟོང་པར་བསྒོམས་ལ ་འདིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་བསྟན་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་སྟོང་པའི་བདག་ཉིད་ཀྱི་ཅན་གྱི་སེམས་དེ་ཉིད་ཡི་གེ་ཨ ་དམར་པོ་ལོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་བོསམས།། དེའི་སྟེང་དུ་ཧཱུ~ཾ་ནག་པོ་ཡོངསུ་གྱུར་པས་ལས་རྡོ་རྗེ་རྩེ་ལྔ་པ་ལས་ནག་པོ་ཁ་གྱེས་པ་ལྟེ་བའི་ཡི་གེ་ཧཱུཾ་གིས་མཚན་པ་ཉིད་མ་ལ་གནས་པ་བསམ ་དེ་ནས་དེ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་ཕྱོགས་བཅུར་ཀུན་ཏུ་འཕྲོས་བགེགས་ཐམས་ཅད་བསལ་ལ།། རྡོ་རྗེའི་རང་བཞིན་གྱི་འོད་ཟེར་དེ་ཉིད་ལས་རྡོ་རྗེ་ར་བ་དང་འདྲེ་བ་དཔངས་དཔག་ཚད་བརྒྱད་སྟོང་དུ་མ ་ཡོད་པ། བདུད་ཐམས་ཅད་ཀྱི་བསྐྱོད་པར་མི་ནུས་པ། ཕྱོགས་ཐམས་ཅད་ཁྱབ་པའི་ཕྱི་རོལ་ན་དུས་མཐའི་མེའི་ཕུང་པོ་འབར་བ་ལྟ་བུས་བསྐོར་བ་དང་། རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་སྣའི་འོག་གི་མཐུར ་ཐུག་པ་བསམས་ལཱ། དེའི་དབུས་ཆེས་འབྱུང་བའི་ཕྱག་རྒྱ་གྱེན་ཀུར་གནས་པོ་སྟེང་ཡངས་པ། འགེ་དོག་པ་ན་མཁའི་ཁམས་རྒྱ་ཆེ་བ་ཁོངསུ་ཆུད་པ། སྟོན་ཀའི་ཟླ་བ་ལྟར་དཀར་བསམས་ལ། དེའི་དབུས་སུ་ཡི་གེ ་སེར་པོ་ལས་བྱུང་བའི་སྣ་ཚོགས་པདྨ་རྒྱ་ཆེའོ། དེའི་དབུས་སུ་ཡི་གེ་ཧཱུཾ་ནག་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། དེའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གཾ་བྲུཾ་དཀར་པོ་ཡོངསུ་གྱུར་པ་ལས་འཁོར་ལོ་རྩིབས ་བཅུ་གཉིས་པ་དེའི་ལྟེ་བར་རྣ་བ་ལ་གནས་པཥྚི་ཡི་གེ་བྷྲཱུཾ་བསམས་ལཱ། དྲི་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་དཀར་གཡས་དཀར་པོ་དང ་སྔོན་པོ་དང་དམར་པོ་གསུམ་གྱིས་རྣམ་པར་མཛེས་པ།། ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་རིང་དང་འདྲ་བའི་རིག་མ་ལི་འཁྱུད་པ། གཡས་ཀྱི་གཉིས་པ་ལ་འཁོར་ལོ་དཀར་པོ།། གསུམ་པ་ན་རལ་གྲི་ཕྱག་གཡོན་གྱི་གཉིས ་པནྱ་རིན་པོ་ཆེ། གསུམ་པ་ན་པདྨ་དམར་དམར་པོ་བསྡུམསོ་པ། རལ་པ་དང་ཅོད་པན་མངའ་བ། སྣ་ཚོགས་པདྨ་དང་ཟླ་བཱ་ལཱ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་དཀར་པོའི་ཚོགས་རྣམ་པར་འཕྲོ་བ་བསྣམས་ལ ་དེ་ཡོངསུ་གྱུར་པ་ལས་ཁང་པ་བརྡེགས་མ་རིམ་པ་གཉིས།། རིན་པོ་ཆེ་སྣ་ཚོགས་འོད་གསལ་བའི་རིང་བཞིན་ཅིན། ཕྱིའི་རིམ་པ་ཟུར་པོ་ཞི་པ་སྒོ་ནས་རྟ་བཞིས་བརྒྱན་པ། བ་དན་དང་རྒྱལ་མཚན་ཁ་དོག་རྣམ་པ་སྣ་ཚོགས་པ ་ལེ་དྲིལ་བུཾ་བརྟགས་པ་རླུང་གི་བསྒྲེང་བ་དང་། མེ་ཏོག་གི་ཕྲེང་བ་དང་། ཛ་ཡབ་དང་། དྲ་བ་དང་། རཱུ་བ་ཕྱེད་པས་ཉི་བ.རརོ་མཛེས་པ། ཕྱི་རོལ་ན་གཟུགས་ཀྱིས་གནས་ཀྱི་གཁྱེར་རྡོརྗེ་རིན་པོ་ཆེས་ཉེ་བར་མཛེས་ཤིང་ཡིད་དུའོང ་བའོང་།། ནང་གི་རིམ་པ་ཟླུམ་པོ་ལ་རྡོ་རྗེ་འཕྲེང་བས་ཡོངསུ་བསྐོར་བ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པོ། སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨོའི་འདབ་མ་ལ་གནས་པོའི་ཟླ་བ་བཅུ་གཉིས་དང་། ཉི་མ་བདུན་གྱི་གདན་དང ་ལྡན་པ་རྣམ་པར་བསམས་ནས། དེར་དབུས་མའི་ཟླ་བའི་གདན་ལ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཡོངསུ་གྱུར་པ་ལས།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ཅུ་རྩ་གཉིས་ཀྱི་རྒྱུར་གྱུར་པའི་ཟླ་བའི་དཀྱིལ་འཁོར་བསམ། ་ལ། དེའི་སྟེང་དུ་ཀ་ལ་སོགས་པ་གསལ་བྱའི་ཡི་གེ་སུམ་ཅུ་རྩ་བཞི་དང་དཱ་དྷ་ཌ་དྷཱ་ཡ་ལ་ཞེས་བྱ་བའི་ཡི་གེ་དྲུག་གིས་བསྣུན་པ་ཉིས་འགྱུར་དུ་བྱས་པ་དཀར་པོ་བརྒྱད་ཅུ་ཡོངསུ་གྱུར་པ་ལས~ཾ། དཔེ་བྱད་བཟང་པོ་བརྒྱད་ཅུ་སྐྱེད་པར ་བྱེད་པའི་ཟླ་བའི་དཀྱིལ་འཁོར་གཉིས་པརོ་བསམ་བྱར་བྱའོ།། དེ་ལྟར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་གཉིས་བསྒོམས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཐམས ་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་བྱས་མེ་ལོང་ལྟ་བུའི་ཡེ་ཤེས་སྐྱེ་བ་ཡིན་ནོ།། དེ་ནས་ཟླ་བ་དེ་གཉིས་གཅིག་ཏུ་གྱུར་པས་རང་དང་གཞན་གྱི་རྟོག་པའི་དབྱེ་བ་མེད་པས། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ།། ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཡི་གྷོ་ཧཱུ~ཾ་དམར་པོ་བསམས་ལྕེ། དེ་ལོངསུ་གྱུར་པ་ལྕེས་རྡོ་རྗེ་དམྱུར་པོ་དེའི་ལྟེ་བར་ཡི་གེ་ཧཱུཾ་དམོར་པོ་དང་བརྙས་པར་བསམས་པས། བརྗོད་དང་བིཛྲཱ་དྷ་བར ་བྱ་བའི་རྣམ་པར་རྟོག་པ་གནས་གྱུར་པ་ལས་ནི་སོ་སོར་རྟོག་པའི་ཡེ་ཤེསོ།། དེ་ནས་རྡོ་རྗེ་དེ་དང་ཡི་གེ་ཧཱུ~ཾ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་འགྲོ་བ་རྣམ་པར་སྦྱངས་ལ། རྡོ་རྗེ་སེམས་དཔའི་རྣམ་པར་བསྐྱོད་དེ། ལྟེ ་ལ་ཡི་གེ་དང་བཅས་པའི་རྡོ་རྗེར་བཅུག་ལ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ།། དེ་ནི་འཇུག་པའི་རྣམ་པར་ཤེས་པ་གནས་པར་གྱུར་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ།། དེ་ནས ་ཟླ་བ་དང་རྡོ་རྗེ་དང་ཡི་གཱི་ཧཱུཾ་ཡོངསུ་གྱུར་པ་སྔོན་དུ་འགྲོ་བ་ལས་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ཤོལ་སྒོང་དག་པོ་འདྲ་བ་ཞལ་གསུམ་པ། ཞལ་དང་པོ་དཀར་པོ་གཡས་སྔོན་པོ་གཡོན་དམར་པོ། ཕྱག་དྲུག་པ། རྩ་བའི་ཕྱག་གཉིས ་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པས་རྡོ་རྗེ་དམར་པོ་གསུམ་པ་ན་རལ་གྲི། གཡོན་གྱི་ཕྱག་གཉིས་པས་རིན་པོ་ཆེ། གསུམ་པས་པདྨ་བསྣམས་པ། རིན་པོ་ཆེའོ་ཅོད་པནྡ་ཅན།། གཟུང་བ་ལ ་སོགས་པའི་རྣམ་པར་རྟོག་པ་མ་དགེ་བ་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་བསྐྱེད་པ་པོའི་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། འདོད་ཚིགས་ཆེན་པོས་འདུལ་བའི་འཇིག་རྟེན་ལ་བལྟས་ཏེ་དེ ་ཡང་དག་པར་སྦྱང་བར་བྱའོ།། དེ་ལ་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱང་བའི་རིམ་པ་ནི་འདི་ཡིན་ཏེ། རབ་ཏུ་དགའ་བའི་སྒྲས་ན་མཁའི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པའི ་ཐམས་ཅད་རང་གི་ལུས་ལ་བཅུག་ལ། སྤྱན་ལ་སོགས་པ་ནས་རེག་རྡོ་རྗེའི་མཐར་ཐུག་པའི་ལྷ་མོའི་གཟུགསུ་ཕྱུང་ལ། རང་གི་ཤེས་རབ་ཀྱི་ལུས་ལ་གཞུག་པར་བྱའོ།། དེ་ནས་སླར་ཡང་དེ་བཞིན་གཤེགས་པའི་ཚོགས ་རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་རང་དང་འདྲ་བའི་པདྨའི་ལྟེ་བར་ཧཱུཾ་གིས་བྱིན་གྱིས་བརླབས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་དཀྱིལ་འཁོར་དུ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷོ་བཅུ་དགུའི་བདག་ཉིད་ཅན་རྡོ་རྗེ་འཆང་བ་གཙོ་བོར་གྱུར་པར་བྱས་མོས་ལ། དེར་སེམས་ཅན་རྣམས་བློས་བཅུག་ནས། ཡང་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ལ ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པཱ་རྡོ་རྗེའི་ལམ་ནས་བྱུང་ཏེ། གསང་བའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་དབང་བསྐུར་ནས། ཀྵིཾ་ཛྷཻཾ་ཁ་གརྦྷེ་སོ་གཱཾ་ས་འོན་ལས་མིག ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་ཀྱི་དབང་པོའི་བདག་ཉིད་ཅན། འོག་ནས་བཤད་པའི་སྐུ་མདོག་དང་ཕྱུག་མཚན་དང་ལྡན་པའི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནཱ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོའི་རྣམ་པར་བསྐྱེད་དེ་དབྱུང་བར་བྱའོ།། ཛཿཧཱུཾ་བཾ་ཧོཿཁཾ་རཾ་གྱི་ས་བོན་ལས་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རིག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས ་རྡོ་རྗེར་གྱུར་པ་གཟུགས་དང་། སྒྲ་དང་། དྲྀ་དང་། རོ་དང་། རིག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། འོག་ནས་བཤད་པའི་སྐུ་མངག་དང་ཞལ་དང་ཕྱག་དང་ལྡན་པ་འབྱུང་བར་བྱེའོ།། ལཾ་མཾ་བཻ་ཏཾ་གིས་ས་བོན་ལས། ་ས་དྱང་ཆུ་དང་མེ་དང་རླུང་གི་བདག་ཉིད་ཅན་སྤྱན་དང་། མཱ་མ་ཀཱི་དཱང་། གོས་དཀར་མོ་དང་། སྒྲོལ་མ་འོག་ནས་བཤད་པའི་སྐུ་མདོག་དང་ཞལ་དང་ཕྱག་དང་ལྡན་པ་འབྱུང་བར་བྱའོ།། བྲྀ་ཨ ་ཧཱུཾ་ག་ས་བོན་ལས། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད ་གྲུབ་པ་དང་། མི་བསྐྱོད་པ་དབྱུང་བར་བྱའོ།། དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་ཐམས་ཅད་སྟོང་ཞིང་ན་མཁའ་ལྟ་བུར་བསམས་ལ། དེའི་འོག་ཏུ་ཨོཾ་ཨཱཿཧཱུ~ཾ་ཞེས་བྱ་བའི་ཡི་གེ་གསུམ་ཁ་དོག་དཀར་པོ་དང་། ་དམར་པོ་དང་། ནག་པོ་དཱུང་སྠཱ་དང་། གསུང་དང་། ཐུགས་རྡོ་རྗེའི་རང་བཞིན་ཅན། སྤྱི་དྡྷེ་དང་ཤེས་རབ་ཀྱི་རང་བཞིན་ཧོ་དམར་པོ་གཉིས་ཀྱི་ནང་དུ་ཆུད་པ་མདུན་གྱི་ན་མཁའ་ལོ་བསམཱས་ག་བྷོའི་གོ་ནས་རླུང་གི་ལུས་ལ ་བཅུག་སྟེ་རང་དང་འདྲ་བའི་རིག་མའི་འདིད་ཆགས་ཀྱིས་མེས་ཞུ་བར་གྱུར་པས་རང་གི་རྡོ་རྗེའི་ལཱམ་ནས་ཕྱུང་སྟེ། རང་དང་འདྲ་བའི་ཆུ་སྐྱེས་ཀྱི་ལྟེ་བའི་ནང་དུ་ཆུད་པར་བསམས་ལ། དེའི་སྟོབས་ཀྱིས་བདག་ཉིད་རིག་མ་དང ་བཅས་པ། འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱིས་ཞུ་བར་གྱུར་ནས། དངུལ་ཆུའི་ཆོ་གས་ལྟར་འོད་གསལ་བར་བལྟ་བོར་བྱའོ།། དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཉིད་གདུལ་བྱའི་སྐྱེ ་བོ་རྣམ་པ་སྣ་ཚོགས་འདུལ་བ་དང་། རྗེས་སུ་མཐུན་པའི་གཟུགས་ཀྱི་སྐུ་ཡང་དག་པར་འཛིན་པའི་དོན་དུ། རང་གི་རྒྱུད་ལས་ཐ་མི་དད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ངོ་བོ་ཉིད། ལྷ་མོ་སྤྱན་མ་དང ་མཱ་མེ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མས་བསྐུལ་བའི་གླུས་རབ་ཏུ་ས་བཞིན་པར་བསྒོམ་པར་བྱའོ།། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ ་སྐྱབསུ་གསོལ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། སེམས་ཅན་ཡ་བོ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ནྡན་ཀུནྡ་ལ་ཕན།། སངས ་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པཱར་གཟིགས།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛ་དུ་གསོལ།། ཁྱེད་ནི་རྡོ་རྗེའི་གསུང་སྟི་ཀུན་ལ ་ཕན་ཞིང་ཐུགས་བརྩེ་བ།། འཇིག་རྟེན་དག་ནི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། དགའ་བའི་སྤྱོད་པ་ཀུན་ཏུ་བཟང་པོ་བདག་ལོ་དགྱེས་པར་མཛ་དུ་གསོལ།། ་ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང ་པོའི་གཏེར་གྱུར་པདག་ལ་དགྱེས་པར་མཛོད།། དེ་ལྟར་གླུས་ཡང་དག་པར་བསྐུལ་བའི་འོག་ཏུ་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་བསམས་ལ། འདོད་ཆགས་ཆེན་པོས་འདུལ་བའི་སྐྱེ་བོ་དང་རྗེས་སུ ་མཐུན་པའི་སྐྱེས་བུ་ཆེན་པོའི་མཚན་དྲང་དཔེ་བྱེད་ཀྱིས་བརྒྱན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བདག་ཉིད་བསྐྱེད་པར་བྱ་བའི་ཕྱིར། ཞུ་བ་དེ་ཡོངསུ་གྱུར་པ་ལས་ཡི་གེ་ཧྲི་དམར་པོའོ།། དེ་ཡོངས་གྱུར་པ་ལས ་པདྨ་དམར་པོ་དབུས་ན་ཟླལ་གནས་པའི་ཡི་གཽ་ཧྲི་འོད་ཟེར་རྣམ་པར་འཕྲོ་བ་རྣམ་པོར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚིགས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་སྣང་བར་བྱས་ཏེ། གདུལ་བྱའི་སེམས་ཅན ་གྱི་ཁམས་རྣམ་པ་སྣ་ཚོགས་པ་རྣམ་པར་སྦྱངས་ནས། འཕགས་པ་སྦྱིན་རས་གཟིགས་དབང་ཕྱུག་ལྟ་བུའི་དེ་བཞིན་གཤེགས་པ་འོག་ནིས་བཤད་པའི་སྐུ་མདོག་དང་ཞལ་དང་ཕྱག་དང་། མཚན་མ་དང་ལྡན་པོར་བྱས་ལ། པདྨ ་དམར་པོ་ཡི་གེ་ཧྲིས་མཚན་པ་དེ་ཉིད་དུ་བཙུག་ནས་པདྨ་དང་ཟླ་བ་དང་ཡི་གེ་ཧྲི་དཾ་ཡོངས་གྱུར་པ་ལས།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གསུམ་པ་ཕྱག་དྲུག་པ། སྐུ་ཐམས་ཅད་དང་ཞལྔ་དང ་པོ་དམར་བ། ཞལ་གཡས་པ་སྔོ་ཞིང་། གཡོན་པ་དཀར་བ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་པདྨ། གསུམ་པ་ནི་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་ན། ་རིན་པོ་ཆུ་གསུམ་ན་འཁོར་ལོ་བསྣམས་པ། རལ་པ་དང་ཅོད་པན་དང་ལྡན་པར་བདག་ཉིད་ཨཱ་པན་དང་ལྡན་པར་བདག་ཨཱ་རྣམ་པར་བསམས་ལ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་དོན་དུ་སྔགས་འདི་བརྗོད ་བར་བྱའོ།། ཨོཾ་དྷརྨྨ་དྷཱཎྜཱ་སྱཱ་བྷཱ་བི་ཨཱཏྨ་ཀོ་ཧཾ། འདི་དག་རྒྱུ་མཐུན་པའི་འབྲས་བུ་དང་། བསྙེན་པའི་ཡན་ལག་ཆུང་ངུ་ཡིན་ནོ།། དེའི་འོག་ཏུ་མིག་གཉིས་ཨ་དཀོར་པོ་ལས་ཟླ་བ་ལ་གནས་པིའི་ཡི་གེ་ཀྵཾ་དཔེ་འཁོར་ལོ་ཡོངསུ ་བྷུརཱུ་པཱ་ལས། སིའི་སྙིང་པོ་རིན་པོ་ཆེའི་ཅོད་པན་ན་ན་ཞལ་དང་ཕྱུག་དང་མཚན་མ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་འདྲ་བ་སྐྱེ་དྲོའི་འོག་མ་རྣམས་ལ་དེ་བཞིན་ནོ།། དེ་བཞིན་དུ་རྣ་བ་གཉིསུ་ཟླ་བ་ལ་གནས ་པའི་ཡི་གེ་ཛྲ་སྔོན་པོ་དང་། རྡོ་རྗེ་ཡོངསུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་འོག་ནས་བཤད་པའི་མི་བསྐྱོད་པ་ལྟ་བུའོ།། སྣ་ལ་ཟླ་བ་ལ་གནས་པའི་ཡི་གེ་ཁ~ཾ་སེར་པོ་དང་རིན་པོ་ཆེ་ལྗང་གུ་ཆ་དགུ་པ། ཡོངསུ་གྱུར་པཱ་ལས་ན་མཁའི་སྙིདྡྷ་པོ ་རིན་ཆེན་འབྱུང་ལྡན་ལྟ་བུའོ།། ལྕེ་ལ་ཟླ་བ་ལ་གནས་པའི་གཾ་དམར་པོ་དང་པདྨ་དམར་པོ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་ཏུ་མེད་པ་ལྟ་བུའོ།། ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་ཀཱཾ་ལྗང་གུ་དང་ར་ལ་གྲཱི ་ཡོངསུ་གྱུར་པ་ལེས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དོན་ཡོད་གྲུབ་པ་ལྟ་བུའོ།། ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེས་དཀར་པོ་དང་རྡོ་རྗེ་དམར་པོ་ཡོངསུ་གྱུར་པ་ལས་སྔར་བཤད་པའི་རྡོ་རྗེ་སེམས་དཔའ་ལྟེ་བུ་བསྒོམ ་པར་བྱ་སྟེ། འདི་དག་ནི་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་དང་། ཉེ་བར་སྒྲུབ་པ་ཆུང་ངུའོ།། དེ་ནས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་བསྐྱེད་པར་བྱ་བའི་དོན་དུ་ཐུགས་ཀྱི ་གསང་བ་ལ་སོགས་པ་བྱིན་གྱིས་བརླབ་པ་འདི་ལྟར་བྱ་སྟེ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་སྟེ་ལྟེ་བར་ཟླ་བཱ་ལྔ་གནས་པའི་ཡི་གེ་ཧཱུཾ་བསམས་ལ། དེའི་འོད་ཟེར་གྱི་སྒོ་ལས་བྱུང ་ཐུགས་རྡོ་རྗེའི་སྤུ་ལཱ་བཱིའི་ཚིགས་རྣམས་ཀྱིས་འགྲོ་བ་རྣམས་ཐུགས་རྡོ་རྗེའི་རྣམ་པར་བསྐྱེད་ལ། ཡང་སྙིང་གར་གནས་པའི་ཡི་གེ་ཧཱུཾ་དེ་ཉིད་དུ་བཅུག་ནས། ཡི་གེ་ཧཱུཾ་དང་ཟླ་བ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཞེ་སྡང་རྡོ་རྗེ ་ལྟ་བུ་རིན་པོ་ཆེ་འི་ཅོད་པན་ཅན་བསམས་ལ།། དེའི་ཐུགས་ཀར་ཟླ་བ་ལ་གནས་ཡི་གེ་ཧཱུཾ་སྔོན་པོ་ལས་བྱུང་བའི་འོད་ཟེར་གྱི་སྒོ་རྣམས་ལས། ཐུགས་རྡོ་རྗེའི་ཚོགས་རྣམ་པར་སྤྲོས་ལ་དེའི་འོད་ཟེར་གྱི་ཐོག་མ་མེད་པ་ནས ་གྲུབ་པའི་དེ་བཞིན་གཤེགས་པ་ཐུགས་རྡོ་རྗེའི་ཚོགས་སྤྱན་དྲངས་ལ་ན་མཁའི་ཁམས་ཀུན་ཏུ་དགུང་ངོ་།། དེ་ནས་ཧཱུཾ་དེ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཐུགས ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གད་བ་པར་བྱའོ།། དཔལ་ལྡན་རྡོ་རྗེ་ཐུགས་འཚང་བ།། རྡོ་རྗེ་མོ་ཕྱེད་གསུ་མི་བསྒོམས་པས།། དང་བདག་བྱིན་གྱིས་བརླ་ན་སུཾ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཕྱོགས་ན ་བཞུགས་པའི་སངས་རྒྱས་རྣམས།། དྷོ་རྞེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་གནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། དེ་ནས་རང་གཱི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེར ་བྱིན་གྱིས་བརླབས་པར་མོས་ཤིང་། ཨོཾ་སརྦྦ་ཏ~ཾ་ཐཱ་ག་ཏཱ་ཙ~ཾདྦྷ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱིན་གྱིས་བརླབ་པར་ཏཱིའོ།། དེའི་སྟེང་ལྐོག་མའི་འོག་ཏུ་ཟླ་བ་ལ་གནས་པའི་པདྨ་དམར་པོའི་ལྟེ་བ་ལ་གནས་པའི་ཟླ་བཱ་ལཱ་ཡོ་གེ་ཧྲྀ་དམར ་བི་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཡི་གེ་ཧྲི་ལྔས་གཟུགས་རྡོ་རྗེ་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཀྱིས་དེ་ཡང་དག་པར་མཆོད་ནས་ཡི་གེ་ཧྲི་དེ་ཉིད་དུ་བཅུག ་ལ་དེ་ཐམས་ཅད་ཡོངསུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་བསམ་ཞིང་། དེའི་ཐུགས་ཀཱར་ཟླ་བ་ལ་གནས་པའི་རང་གི་ས་བོན་བསྒོམས་པར་བྱའོ།། དེའི་གོང་ལྐོག་མར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ་ཡོངསུ ་གྱུར་པཱ་ལས་པདྨད་མ་ར་བྷི་དེའི་དབུས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཨཱཿབསམས་ལ་དྭེའི་འོད་ཟེར་འཕྲོས་པའི་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་དང་། སྔོན་གྲུབ་པའི་སངས་རྒྱས་རྣམས་ཀྱིས་ནཾ་མཁའི་གཏོས་བཀ་ལ ་དེ་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པས་དེ་རྣམས་ཡང་དག་པར་མཆོད་དེ། རང་ཉིད་གསུངས་རྡོ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ།། ཆོས་ཀྱི་གསུངས་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད ་གསུམ་བསྒོམ་པས།། དེང་བདག་བྱིན་གྱིས་བརླབ་གནས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དྲེང་བདག ་བྱིན་གྱིས་བརླབ་གནས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། དེ་ནས་དེ་རྣམས་རང་གི་གསུང་རྡོ་རྗེར་བཅུག་ལ་འདི་ཝཱང་རྒྱལ་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ནས་མགོར་ཟླ་བ་ལ་གནས་པའི་འཁོ ་ལོའི་ལྟེ་བར་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་དཀར་པོ་བསམས་ལ།། དེ་ལས་སྤྲོས་པའི་འོད་ཟེར་གྱི་སྒོ་ལས་བྱུང་བའི་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེས་སྔ་མ་བཞིན་དུ ་ན་མཁའི་གཏོས་གང་བར་བསམས་ལ། དེ་ནས་སྔ་མ་བཞིན་དུ་གཟུགས་རྡོ་རྗེ་ལ་སོགས་པས་དེ་རྣམས་ཡང་དག་པར་མཆོད་དེ། མགོ་བོའི་ཡི་གེ་ཨོཾ་དུ་བཅུག་ལ། སྐུ་རྡོ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པར ་བྱའོ།། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་གནསུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མཾ་ཕྱེད་གསུམ ་བསྒོམས་པས།། དང་བདག་བྱིན་གྱིས་བརླབ་གནོསུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། དོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེར་བྱིན་གྱིས་བརླབས་པས། རང་ཉིད་སྐུ་རྡོ་རྗེ་རོ་བྱིན་གྱིས་བརླབ་པར་བྱའོ།། ཨོཾ ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། འདི་དག་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་དང་། སྒྲུབ་པ་ཆུང་ངུ་ཡིན་ནོ།། དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན ་གཤེགས་པའི་ཚིགས་བཀུག་ལ།། མདུན་གྱི་ན་མཁའི་ཕྱོགསུ་བཞུགས་པར་བསམས་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་ཆེན་ཇི་ལྟར་མཛད་པ་ལྟར།། བདག་ཀྱང་རྟོགས་པར་བྱ་བའི་ཕྱིར།། ནམ་མཁའི་རྡོ་རྗེ་དེང ་བདག་གསོལ།། ཞེས་བྱ་བའི་དབང་བསྐུར་བར་གསོལ་པོ་བཏབ་པའི་ཚིགསུ་བཅད་པས་དབང་བསྐུར་བར་གསོལ་བ་བཏབ་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པའི་སྐུ་ལས་བྱུང་པོའི་སྤྱན་ལ་སོགས་པའི་ལྷ་མོ་ཡཾ ་ཤེས་ཀྱི་བདུད་རྩིས་ཡོངསུ་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་པ་རྣམས་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་དང་། རོལ་མོ་དང་བཀྲ་ཤིས་ཀྱི་གླུ་རྣམས་སྣ་ཚོགས་པའི་ཅ་ཅོ་འདོན་པས་བདག་ཉིད་དབང ་བསྒྱུར་བར་བསེམས་ལ། བྱང་ཆུབ་ཀྱི་སེམས་དེ་ཡོངསུ་གྱུར་པ་ལས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དབུའི་སྟེང་གི་ཅོད་པན་ལ་བཅོམ་ལྡན་འདས་འདི་དཔག་ཏུ་མེད་པ་བསམ་པར་བྱའོ།། འདི་ནི་དབང་གི ་འབྲས་བུ་ཆུང་ངུ་དང་། སྒྲུབ་པ་ཆེན་པོའི་ཡན་ལག་ཆུ་ངུ་ལོན་ནོ།། དེ་ནས་རང་དང་འདྲེ་བའི་རིག་མ་ཡང་བདག་ཉིད་སྟར་བསྙེན་པ་ཆུང་ངུ་ལ་སོགས་པའི་རིམ་པས་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ཐུགས་དང་གསུང ་དང་སྐུ་རྡོ་རྗེར་བྱིན་གྱིས་བརླབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱ་སྟེ། ཡན་ལག་བཞི་པ་བར་མ་རྫོགས་པར་བྱས་ནས་རིགས་ལྔ་དང་བསྲེ་བར་བྱའོ།། ་དྲིའི་རིམ་པ་འདི་ཡིན་ཏེ། ནུ་མ་ཡན་ཆད་ནས་མགོ་བོའི་བར་དུ་ཡི་གེ་ཨོཾ་དཀར་པོ་ཡོངསུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱེ་ཕྲ་རབ་གྷི་རང་བཞིན་ནུ་མའི་འོག་ནས་ལྟེ་བཱ་ཡན་ཚྭ་དཾ་དུ་ཡི་གེ་ཧཱུཾ་སྔོན་པ་ཡོངསུ་གྱུར་པོ་ལས ་མི་བསྐྱོད་པའི་ཕྲ་རབ་ཀྱི་རང་བཞིན་ལྟེ་བའི་འོག་ནས་རྐེད་པའི་བོར་དུ་ཡི་གེ་སྭཱ་སེར་པོ་ཡོངས་གྱུར་པ་ལས་རིན་ཆེནའི་བྱུང་ལྡན་གྱི་ཕྲ་རབ་ཀྱི་རང་བཞིན། པདྨ་ནས་བརླ་གཉིསུ་ཡི་གེ་ཨཱཾཿདམ་རེ་པོ་ཡོངསུ་གྱུར་པ་ལས།། ་འོད་དཔོག་ཏུ་མེད་པའི་ཕྲ་རབ་ཀྱི་ལྟེ་བ་རང་བཞིན། པུས་མོ་གཉིས་ནས་བརྩམས་ཏེ། རྐང་མཐིལ་གཉིས་ཀྱི་མཐར་ཐུག་པརེ་ཡི་གེ་ཧཱ་ལྗང་གུ་ཡོངསུ་གྱུར་པ་ལས་དོན་ཡོད་གྲུབ་པའི་རང་བཞིན་ནོ།། དེ་ལྟར་རང་གི་རིག་མ ་ལཱ་རིགས་ལྔ་དང་བསྲེ་བ་དམིགས་ལ། དེ་ནས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེ་ཨོཾ་ཡོངསུ་གྱུར་པ་ལས་ནོར་བུ། བུ་གར་ཕཊ་ཀྱིས་བྱིན་གྱིས་བརླབས་ལ། རང་གི་རིག་མ་ལ་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་པདྨ། ་ཡི་གེ་ཨཱཿཡོངསུ་གྱུར་པ་ལས་ལྟེ་བ་བས་མོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བདེ་བ་ལ་ཡང་དག་པར་ལོང་སྤྱོད་པའི་མཆོད་པའི་དོན་དུ་རང་དང་འདྲ་བ་དང་ལྷན་ཅིག་དགའ་བ་ཙམ་པར ་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ་ཧོ་འདི་དག་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་འཛིན་ཏོ།། དེའི་འོག་ཏུ་རབ་ཏུ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ལྔ་ཁར་བཅུག་ལ་འདོད་ཆགས ་ཚོན་པོའི་མེས་ཞུ་བོར་གྱུར་ན་དེའི་ལཝ་བྱུང་ལ། རང་དང་འདྲ་བའི་རིག་མའི་ཆུ་སྐྱེས་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་ཞུ་བའི་དཀྱིལ་འཁོར་ཡི་གེ་ཧྲི་དམར་པོས་བྱིན་གྱིས་བརླབ་པར་བསམས་ལ། དེ་ཡོངསུ་གྱུར་པ་ལས་བཅོམ ་ལྡན་འདས་འོད་དཔག་ཏུ་མེ་པའི་བདག་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ལ། བདག་དང་གཞན་གྱི་དོན་རྫོགས་པར་བྱ་བའི་ཕྱིར་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། ཨཱ་རོ་ལི་ཀ་ཅེས་པོས་འོད་དཔག་ཏུ་མེད་པ ་སྐུ་མདོག་དམར་པོ་དང་ཞལ་དམར་པོ་དང་། སྔོན་པོ་དང་། དཀར་པོ་ཞལ་གསུམ་དང་ལྡན་པ། ཕྱག་དྲུག་པ་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འོད་བ་ལཱྀ་འཁྱོད་པ། གཡས་ཀྱི་ཕྱག་གཉིས་པ་ན་པདྨ་དམར་པོ། གསུམ་པ་ན ་རོལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་པ་ན་རིན་པོ་ཆེ། གསུམ་པ་ནི་འཁོར་ལོ་བསྣམས་པ་ཕྱུང་ལ་སྤྲོས་པས་འགྲོ་བ་རྣམས་གསུང་གི་རྡོ་རྗེའི་རྣམ་པར་བྱས་ནས། དེ་ཡང་རང་གི་ལུས་ལི་དངོས་པོ་ཐམས་ཅད ་ཀྱིས་གཞུག་པར་བྱའོ།། དེ་བཞིན་དུ་ཐམས་ཅད་དུ་ཡང་སྤྲོ་བ་དང་བསྡུ་བར་བྱའོ།། དེ་ནས་ཛི་ན་ཛིག་ཅེས་བྱ་བས་རྣམ་པར་སྣང་མཛད་སྔ་མ་ལྟ་བུ་ཕྱུང་ལ་ཤར་ཕྱོགས་ཀྱི་ཟླ་བ་ལ་དགོད་པར་བྱའོ།། དེའི་འོག་ཏུ་རཏྣ་དྷྲྀག་ཅེས ་བྱ་བས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ཞལ་གསུམ་སེར་པོ་དང་སྔོན་པོ་དང་དཀར་པོ་དང་ལྡན་པ་ཕྱུག་དྲུག་པ་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ ་ན་རིན་པོ་ཆེ་ལྗང་གུ། གསུམ་པ་ནོ་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་པར་འཁོར་ལོ།། གསུམ་པ་ན་པདྨ་བསྣམས་བེ། ལྷོ་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་ནས་བཛྲ་དྷྲྀཀ་ཅེས་བྱ་བོས་མི་བསྐྱོད ་བ་སྐུ་མདོག་སྔོན་པོ། ཞལ་གསུམ་པ་སྔོ་པ་དང་དཀར་བ་དང་དམར་བ་ཕྱོག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲི་བ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་ཞི་བའི་རྡོ་རྗེ་ནག་པོ།། གསུམ་པ་རེ་རལ་གྲི་བསྣམས་བཀོག་སྷོ ་གྱི་ཕྱག་གཉིས་པ་ན་ནོར་བུ། གསུམ་པ་ནཱི་པདྨ་བསྣམས་པ། ནུབ་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེའི་འོག་ཎཱཾ་པྲཛྙཱ་དྷྲྀཀཱ་ཅེས་བྱ་བས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ཞལ་གསུམ་པ། ལྗང་གུ་དང་སྔོན་པོ་དང་། ་དཀར་པོ།། ཕྱགུ་དྲུག་པ་རྩ་བཱའི་ཕྱག་གཉིས་ཀྱིས་ཤེས་རབ་མེ་ལོ་འཁྱུད་པ། ཕྱག་གཡས་པའི་གཉིས་པ་ན་རལོ་གྲི། གསུམ་པ་ན་འཁོར་ལོ་བསྣམས་པ། ཕྱག་གཡོན་པའི་གཉིས་པ་རིན་པོ་ཆེ། གསུམ་པ་ན་པདྨ་བསྣམས་པ། ་བྱེང་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་བཞིནི་གཤེགས་པ་བཞི་པོ་ནི་ཉི་མའི་གདན་དང་། ཉི་མའི་འོད་མངའ་བ། རིལ་པ་དང་ཅོད་པན་ཅན་ཡིན་ལ། རྣམ་པར་སྣང་མཛད་ནི་ཟླ་བའི་གདན་དང་། ཟླ་བའི ་འོད་མངའ་བའོ།། དེ་ནས་མྲྀ་ཧ་རཱ་ཏི་ཞེས་བྱ་བས་ལྷ་མོ་སྤྱནྡ་ཞལ་དང་ཕྱག་ལ་སོགས་པ་རྣམ་པར་སྣང་མཛད་དང་འདྲ་བ་མེའི་ཕྱོགས་ཟླ་བའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་ནས་དྭེ་ཥ་རཱ་ཏི་ཞེས་བྱ་བས་མཱུ་མ་ཀཱི་ཞལ་དང ་ཕྱག་ལ་སོགས་པ་མི་བསྐྱོད་པ་དང་འདྲ་པོ་བདེན་བྲལ་གྱི་ཕྱོགསུ་ཟླ་བའི་དཀྱིལ་འཁོར་ལ་བཞིག་པར་བྱའོ།། དེ་ནས་རཱ་གྲྀ་ར་ཏི་ཞེས་བྱ་བས་ལྷ་མོ་གོས་དཀར་མོ་ཞལ་དང་ཕྱག་ལ་སོགས་པ་འོད་དཔག་ཏུ་མེད་པ་དང་འདྲ་བ ་རླུང་གི་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལྔ་བཞག་པར་བྱའི།། དེ་ནས་བཛྲ་རཱ་ཏི་ཞེས་བྱ་བས་སྒྲོལ་མ་ཞལྀ་ལ་སོགས་པ་རིན་ཆེན་འབྱུང་ལྡན་དང་འདྲ་བ་རྩ་བའི་ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ་ཕྱག་གཉིས་པ་ན་ཨུཏྤ་ལ ་སེར་པོ་ཁ་ཕྱེ་བ། གསུམ་པ་ནཱ་རལ་གྲི་བསྣམས་པ། གཡོན་པའི་ཕྱག་གཉིས་པོ་ན་རིན་པོ་ཆེ། གསུམ་པ་ན་འཁོར་ལོ་བསྣམས་པ། དབང་ལྡན་གྱི་ཕྱོགསུཾ་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱའོ།། དེའི་འོག་ཏུ་ཨོཾ ་ཨཱཿརཱུ་བ་བཛྲཱི་ཧཱུཾ་ཞེས་བྱེ་བཱ་རཱི་ཡི་གེ་གསུམ་གྱི་བར་དུ་མྱིང་བཅུག་ལ། རེ་རེའི་སྔགས་བཛྲོད་ནུས་གཟུགས་རྡོ་རྗེ་ལ་སོགས་པ་ནིས། ཆོས་ཀྱི་དབྱིངས་རྡོ་རྗེའི་བོར་གྱི་མཆོད་པའི་ལྷ་མོ་རྣམས་རིམ་པོ་བཞིན་དུ། གཟུགས ་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་རྡོ་རྗེ་གོ་རིམ་བཞིན་དུ་སྐུ་མདོག་དཀར་བ་དང་། སྔོ་བོ་དང་། སེར་བ་དང་། དམར་བ་དང་། ལྗང་གུ་དང་། དཀར་པོ་ཕྱག་དྲུག་པ ་བཱའི་ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། ཕྱག་གཡས་པའི་གཉིས་པ་ན་མེ་ལོང་དང་། པི་ཝང་དང་། དྲིའི་དུང་ཕོར་དང་། རོའི་སྣོད་དང་། གོས་དང་། ཆོས་འབྱུང་བའི་མཚན་མ་བསྣམས ་པ|ཕྱག་ལྷག་མ་རྣམས་ན་རིམ་བཞིན་དུ་རལ་པ་གྲི་དང་། ནོར་བུ་དང་། པདྨ་བསྣམས་པ། རྒྱན་དང་ན་བཟའ་ལ་སོགས་པས་བརྒྱན་པ་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིསྣ་ལེགས་པར་བཞུགས་པ ་རིམ་པ་གཉིས་པའི་མེ་ལ་སོགས་པའི་མཚམས་རྣམས་དང་། ཤར་ཕྱོགས་ཀྱི་སྒོ་ལོགས་གཉིསུ་ཟླ་བའི་དཀྱིལ་འཁོར་ལ་སྔ་མ་བཞིན་དུ་དགོད་པར་བྱའོ།། དེའི་འོག་ཏུ་ཡ་མཱནྟ་ཀྲྀཏ་ཙོས་བྱ་བས་གཤིན་རྗེ་གཤེད་སྐུ་མདོག ་ནག་པོ་ཞལ་གསུམ་པ་ནག་པོ་དང་དཀར་པོ་དང་དམར་པོ།། རྩ་བའི་ཕྱོག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་ཐོ་བ་དང་རལ་གྲི་དང་། རིན་པོ་ཆེ་དང་། པདྨ་བསྣམས་པ། སྔ་མ་བཞིན་དུ་ཕྱུང ་བ་ལ་སོགས་པ་བྱ་བ་སྔོན་དུ་འགྲོ་བས་ཤྭར་ཕྱོགས་ཀྱི་སྒོར་ཉི་མིའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་བཞིན་དུ་པྲ་ཛྙཱནྟ་ཀྲྀ་ཏ~ཾ་ཅེས་བྱ་བས་ཤེས་རབ་མཐར་བྱེད་སྐུ་མདོག་དཀར་པོ་ཞལ་གསུམ་དཀར་པོ་དང་སྔོན་པོ ་དང་དམར་པོ་ཕྱག་དྲུག་པ་རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ན་རྡོ་རྗེ་དབྱུག་པ་དཀར་པོ་དང་། རལ་གྲི་དང་། རིན་པོ་ཆེ་དང་པདྨ་བསྣམས་པ། སྔ་མ་བཞིན་དུ་སྤྲོ་བ་ལ་སོགས་པ་བྱས ་ལྷོ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་བཞིན་དུ་པདྨ་ན་ཏ་ཀྲྀཏ་ཅེས་བྱ་བས་པདྨ་མཐར་བྱེད་སྐུ་མདོག་དམར་བ། ཞལ་གསུམ་དམར་པོ་དང་། སྔོན་པོ་དང་། དཀར་པོ་མངའ་བ། ཕྱག་དྲུག་པ་རྩ་བའི ་ཕྱག་གཉིས་ཀྱིས་རང་དང་འདྲ་བ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ན་པདྨ་དམར་པོ་དང་། རོལ་གྲི་དང་། འཁོར་ལོ་དང་། རིན་པོ་ཆེ་བསྣམས་པོ། སྔ་མ་བཞིན་དུ་ཕྱུང་ལ། སྤྲོ་བ་ལ་སོགས་པ་བྱས་ནས།། ནུབ་ཀྱི་སྒོར ་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་བཞིན་དུ་བིགྷྣཱན་ཏ་ཀྲྀ་ཏ་ཅེས་བྱ་བས་བགེགས་མཐར་བྱེད་སྐུ་མདོག་ནག་པོ་ཞལ་གསུམ་པ། ནག་པོ་དང་། དཀར་པོ་དང་། དམར་པོ། ཕྱག་དྲུགོ་བ། རྩ་བའི་ཕྱག ་གཉིས་ཀྱིས་རངདྭ་དང་འདྲ་བ་ལ་འཁྱུད་པ། ལྷག་མེ་རྣམས་ཀཽ་ན་རྡོ་རྗེ་ནག་གཽ་ཁ་གྱེས་པ་དང་། རལ་གྲི་དང་། རིན་པོ་ཆེ་དང་། པདྨ་བསྣམས་པ། སྔ་མ་བཞིན་དུ་ཕྱུང་ལ་སྤྲོ་བ་ལ་སོགས་པ་བྱས་ནུས་བྱུང ་ཕྱོགས་ཀྱི་ཉི་མའི་དཀྱིལ་འཁོར་ལོ་བཞག་པར་བྱའོ།། ཁྲོ་བོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། གསུས་པ་འཕྱང་བ་ཤིན་ཏུ་གདུག་པ། སྤྱན་དོ་མར་ཞིང་ཟླུམ་པ། མིའུ་ཐུང་གི་གཟུགས ་ཅོན། སྟག་གིས་པགས་པའི་ཤམ་ཐབས་ཅནོ།། ཀླུ་ཆེན་པོ་རྣམས་ཀྱིས་བརྒྱན་པ། ཞལ་གྱི་མཆེ་བ་གཙིགས་པ། ལྗགས་བསྐྱོད་ཅིང་འཇིག་སུ་རུང་བ། ཉི་མའི་འོད་ཤེས་ཆེར་འབར་བའོ།། དེ་ལྟར ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བསྐྱེད་ཅིང་བརྟན་པར་བསྒོམ་པར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའི་སྙིང་པོའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ ་མདུན་གྱི་ན་མཁའ་ལ་བསམས་ཏེ། རང་གི་སྒོ་བསྲུངས་རྣམས་ཀྱིས་དེའི་བགོགས་བསྐྲད་ལ་ཡང་དག་པར་བསྲུངས་ཏེ། རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ལ། གཟུགས་རྡོ་རྗེ་ལ་སོགས་པ་ལེགས་པ་སྤྲོས་ཏེ་ཡང ་དག་པར་མཆོད་ནས།། ཛཿཧཱུཾ་བཱཾ་ཧོཿཞེས་བྱ་བའི་ཡི་གེ་རྣམས་ཀྱིས་གོ་རིམ་ཇི་བཞིན་དུ་དགུག་པ་དང་། གཞུག་པ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་ནི། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་དང་། ་བསྙེན་པའི་ཡན་ལག་ཆེན་པོ་ཡིན་ནོ།། དེ་ཡོང་སྔ་མ་བཞིན་དུ་མིག་ལ་སོགས་པ་བྱིན་གྱིས་བཻ་རླབ་པར་བྱ་བ་ནི་རྣམ་པར་སྨིན་པའི་འབྲེས་བུ་ཆེན་པོ་དང་། ཉེ་བར་བསྒྲུབ་པ་ཆེན་པོ་ཡིན་ནོ།། དེ་ནས་སྔར་བཤད་པའི ་རིམ་པས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་བ་ནི་སྒྲུབ་པ་ཆེན་པོ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོ་ཡི་ནོ།། དེ་ནས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་སྙིང་པོ ་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བསྐུལ་བཀུག་སྟེ། མདུན་དུ་ན་མཁའ་ལ་བོས་མོས་ནས། གཟུགས་རྡོ་རྗེ་ལ་སོགས་པས་ཡང་དག་པར་མཆོད་ལ། དབང་བསྐུར་བའི་དོན་དུ་གསོལ་བ་གདབ་བོ།། དེ ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ལས་བྱུང་བའི་ལྷ་མོ་སྤྱན་མ་ལ་སོགས་པ་རྣམས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་རིན་པོ་ཆེའི་བུམ་པ་ཐོགས་པས་དབང་བསྐུར་བ་དང་། དཀྱིལ་འཁོར་བ་རྣམས ་ཀྱི་དབུ་ལ་རང་གི་བདག་པོར་གྱུར་པར་བསམ་པར་བྱའོ།། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་ལ་མི་བསྐྱོད་པའོ།། མི་བསྐྱོད་པའི་དབུལ་ནི་རྡོ་རྗེ་སེམས་དཔའོ།། སྤྱན་དབུ་གཟུགས་རྡོ་རྗེ་དང་། གཤིན་རྗེ་གཤེད ་ཀྱི་དབུ་ལཱ་ནི་རྣམ་པར་སྣང་མཛོད་དོ།། མཱ་མ་ཀཱི་དང་། སྒྲ་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་རྡོ་རྗེ་དང་། ཤེས་རབ་མཐར་བྱེད་དང་། བགེགོས་མཐར་བྱེད་ཀྱི་དབུ་ལ་ནི་མི་བསྐྱོད་པའོ།། གོས་དཀར་མོ་དང་། རོ་རྡོ་རྗེ་དང་།། རྟ ་མགྲིན་གྱི་དབུ་ལ་ནཱི་འོདི་དཔག་ཏུ་མེད་པའོ།། སྒྲོལ་མ་དང་རེག་རྡོ་རྗེའི་དབུ་ལ་ནི་དོན་ཡོད་གྲུབ་པའོ།། དྲི་རྡོ་རྗེའི་དབུ་ལ་ནི་རིན་ཆེན་འབྱུང་ལྡན་ནོ།། སིའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། འཇིག་རྟེན ་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོའི་དབུ་ལ་ནི་གོ་རིམ་བཞིན་དུ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་འོད་པག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི ་བསྐྱོད་པ་བསམ་པར་བྱའོ།། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་སོགས་པ་དཀྱིལ་འཁོར་བ་འདི་དོག་ཐམས་ཅད་རིགས་ཀྱི་བདག་པོ་དང་བཅས་ཤིང་ཤེས་རབ་དང་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་མཆོག་ཏུ ་བདེ་བ་དམ་པའི་ངོ་བོ་ཉིད་དུ་བསམ་པར་བྱའོ།། དེ་ལྟར་ན་འདི་དག་ནི་སྒྲུབ་པ་ཆེན་པོའི་ཆེན་པོ་དང་དབང་གི་འབྲས་བུ་ཆེན་པོ་ཡིན་ནོ།། དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས ་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམཁའི་ཁམས་ན་གནས་པའི་གཟུགསོ་ལ་སོགས་པའི་ཡུལ་ཐམས་ཅད་བདག་ཉིད་ཀྱི་རང་དང་འདྲ་བའི་རོག་མོའི་སྙིང་གར་ཚེ་ག་བཞིན་དུ་བཅུག་ལ། རང་དང་འདྲ་བའི་པདྨའི་ནང ་དུ་ཞུ་བར་གྱུར་པར་བསམས་ནས། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོའི་ཚེགས་རྣམས་དང་། ཕྱིའི་མཆོད་པའི་ཚེགས་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ལ། ་མཆོད་བཱ་དང་། མཆོད་པ་བྱེད་པ་པོ་དབྱེར་མེད་དུ་ང་རྒྱལ་བྱས་ནུས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ། དེ་ནས་བདག་ཉིད་དཀྱིལ་འཁོར་པ་དང་བཅས་པ་ལ་འདི་ལྟར་བསྟོད་པར་བྱའོ།། རྡོ་རྗེ་མི་འཆི་རྒྱལ་པོ ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུངས་ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་ཆེན་པོ།། རང་བཞིན་འོད་གསྔལ་མཆོག་གི་མཆོག། ་སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མ་མེད།། རང་བཞིན་དག་པ་གོས་པ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ།། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ།། ་དཀྱིལ་འཁོར་མཆོག་གསུམ་ཡི་གེ་གསུམ།། རྡོ་རྗེ་དབྱིངས་ལྔ་ཕྱག་འཚལོ།། དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པ།། རང་བཞིན་དག་པ་ལས་བྱུང་བ།། རྡོ་རྗེ་སེམས་དཔའ་ཕྱུག་འཚལོ།། ་དེ་ནས་བདུད་རྩི་བྱུང་བའི་ཆོ་ག་འདི་ལྟར་བྱ་སྟེ། མདུན་དུ་ཡ~ཾ་གྷེ་ཡཾ་ཡོངསུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བ་དྷན་གྱིས་མཚན་པ་བསམས་ལ། དེའི་སྟེང་དུ་རཾ་ཡོངས་གྱུར་པ་ལྔས་མེའི་དཀྱིལ་འཁོར་གྲུ ་གསུམ་རབ་ཏུ་འབར་བའི་གཟུགས་ཅན་དམིགས་ལ། དེའི་སྟེང་དུ་ས་ཡོངསུ་གྱུར་པ་ལཱིས་ཐོད་པ། དེའི་ནང་དུ་བདུད་རྩི་ལྔ་ལ་བྲུཾ་ཨཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྷའི་ས་བློན་གྱིས་བྱིན་གྱིས་བརླབས་པར་བསམས ་ནས། དེའི་འོག་ཏུ་བསྲེག་པ་དང་འབར་པ་ལ་སོགས་པས་ཡང་དག་པར་སྦྱངས་ལ། ཨོཾ་གྱིས་བྱིན་གྱིས་བརླབ་པར་བསམས་ནས། དེའི་སྟེང་དུ་ཧཱུཾ་ལྕེས་བྱུང་བའི་རྡོ་རྗེ་བསམ་མོ།། དེ་ནས་ཡི་གེ་ཨོཾ་གྱི་འོད་ཟེར་གྱིས་དེ་བཞིན་གཤེ ་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ། བདུད་རྩི་ལྔ་པོ་དེ་ཉིད་ཀྱི་ནང་དུ་གཞུག་པར་བྱའོ།། དེ་ནས་བསྲེག་པ་དང་འབར་བས་ཡི་གེ་ཨོཾ་དང་རྡོ་རྗེ་དེ་ཉིད་དུ་གྱུར་པར་བསམས་ལ། དེ་ལྟར་བསྐྱེད་པའི་བདུད་རྩི་དེ་ལྕེ་ལ ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བཀོད་པའི་ལྕེ་བཟང་པོ་དང་། རོ་རྡོ་རྗེས་བསྟབས་པས་བདག་ཉིད་དང་། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ།། དེ་ལྟར་དཀྱིལ་འཁོར་འབྱིན་པ་ནས་བདུད་རྩི་མྱང་བའི་བར་དུ་ནི། དཀྱིལ་འཁོར་རྒྱལ ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་ཡིན་ནོ།། སེམས་དབང་དུ་གྱུར་པ་ཐོབ་ན་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་འགྲོ་བའི་དོན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ།། ཐིག་ལེའི་རྣལ་འབྱོར་བསྒོམ་པར་བྱ ་བ་ཡིན་པས་སེམས་བརྟན་པར་བྱ་བའི་དོན་དུ་ལུས་ཀྱི་རྒྱལ་པོ་མཆོག་བསྒོམ་པརརྱ་བྱའོ།། དེ་བས་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ན་རྣམས་ཀྱི་ཁམས་གསུམ་པོ་སྣང་བར་བྱས་ནས་རང་གི་ལྷའི་རྣམ་པར་བྱས་ལ ་དཀྱིལ་འཁོར་གྱི་འཁོར་ལོར་གཞུག་པར་བྱའོ།། དཀྱིལ་འཁོར་གྱི་འཁོར་ལོ་ནི་བོདག་ཉིད་ལ་གཞུག་གོ། བདག་ནི་ཡེ་ཤེས་སེམས་དཔའ་ལ་གཞུགོ། ཡེ་ཤེས་སེམས་དཔའི་ནི་མཚན་མར་རོ།། མཚན་མ་ནི་ཀའི་ཙ་ན་ཀའི ་ཚད་ཀྱི་ཐིག་ལེར་བཅུག་ཁ། ཐིག་ལེའི་དབུསུ་བསྐྱེད་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམ་པར་བྱའོ།། འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་དོ།། ཙ་ནུ་ཀའི་འབྲས་བུའི་ཚད་ཙམ ་དུ་དེ་ལྟར་བསྒོམས་ལ། ཡང་ཐིག་ལེའི་དབུསུ་ཆུད་པའི་འོད་ཟེར་གྷིས་ཚོགས་སྣང་བ་ལས་ས་བོན་དུ་བས་མོ།། སྣ་བོན་གྱི་འོད་ཟེར་རྣམས་ལས་མཚན་མཾ། མཚན་མའི་འོད་ཟེར་རྣམས་ལས་ཡེ་ཤེས་སེམས་དཔེར་བསམ་མོ།། ་ཡེ་ཤེས་སེམས་དཔའི་འོད་ཟེར་སྤྲོས་པ་ལས། དཀྱིལ་འཁོར་གྱི་བདག་པོའི་བདག་ཉིད་བས་མོ།། དེ་ནས་དཀྱིལ་འཁོར་བདག་པོའི་འོད་ཟེར་གྱི་སྣང་བ་ལས། དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་གནས་པར་བསམས ་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཀུན་ཏུ་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཁམས་གསུམ་པ་མ་ལུས་པར་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཁྱབ་པར་བསྒོམས་ནས། ཡང་དེ་བཞིན་དུ་ཐིག་ལེའི་བར་དུ་བསྡུ་ཞིང་སླར ་སྤྲོ་བ་དང་། སླར་ཡང་ཐིག་ལེའི་བར་དུ་བསྡུས་པ་དང་། དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ཇི་སྲིད་འདོད་ཀྱི་བར་དུ་བྱས་པ་ནི་ཐིག་ལོའི་རྣལ་འབྱོརརོ།། དེའི་འོག་ཏུ་ན་མཁའ་ལ་བཞུགས་པའི་རིགས་ལྔའི་དེ ་བཞིན་གཤེགས་པ་རྣམས་བདག་ཉིད་ཀྱི་ཁར་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་ལས་རྡོ་རྗེའི་ལམེ་ནཱས་ཕྱུང་སྟེ། སྡེ་མོ་བཞིན་དུ་རང་དང་འདྲེ་བའི་པདྨའི་ལྟེ་བར་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེར་བསམས ་ལ་དྭེར་ཡི་གེ་ཧྲི་ཡོངསུ་གྱུར་པ་ལཱས་པུདྨ་ཙཱ་ན་ཀའི་འབྲས་བུའི་ཚད་ཙམ་དུ་བསྒོམས་ལཱ། པདྨའི་ལྟེ་བའི་དབུས་དཀྱིལ་འཁོར་གྱི་འཁོར་ལྷོ་བསྐྱེད་པའི་རིམ་པས་སྐད་ཅིག་གིས་བསྒོམ་པར་བྱའོ།། འདིར་བསྙེན་པ་ལ་སོགས ་པ་ནི་ཆེན་པོའི་སྒྲར་བརྗོད་དོ།། འདྲི་ལ་ཇི་སྲིད་དུ་སེམས་བརྟན་པར་མ་གྱུར་པ་དྲི་སྲིད་དུ་ཤིན་ཏུ་སྤྲོ་བར་མི་བྱའོ།། སེམས་བརྟན་པར་གྱུར་ནས་ནི་ཡཱང་དེ་བཞིན་གཤེགས་པ་རྣམས་དང་སྤྲོ་བ་དང་། བསྡུ་བར་བྱ་བ་ནི་ཕྲ་མོའི་རྣལ ་འབྱོར་རོ།། དེ་ནས་བསྒོམ་པས་སྐྱོ་ན། ལེ་གེ་དགུ་པོ་ཡེ་ཤེས་སེམས་དཔའི་ས་བོན་ཡོངསུ་བསྐོར་ཏོ་གནས་པ་ལ་བཟླས་བརྗོད་བྱའོ།། ཨོཾ་ཨཿོཾ་མ་ཎི་པདྨེ་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྔགས་ཟློས་ཤིང་སྐུ་དང་གསུང་དང ་ཐུགས་རྡོ་རྗེ་རེ་རེ་ཞིང་དུམ། བླུགས་རྡོ་རྗེའི་བདག་ཉིད་ཅན་དང་། ཡེ་ཤེས་སེམས་དཔའ་དང་དེའི་སྒྲ་དང་གསུང་དང་ཐུགས་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ལྔ་པོའི་བདག་ཉིད ་ཅན་བསམས་ལ། དེ་རེ་རེ་ཞིང་འབྱིན་པ་དང་འཇུག་པའི་རླུང་གིས་རིམ་གྱིས་སམ་ཅིག་ཅར་སྤྲོ་བ་དང་བསྡུ་བར་བྱ་ཞིང་། མྱུར་བ་དང་དལ་ཆེས་པའི་ཉེས་པ་དང་བྲལ་བར་སྔགས་ཀྱིས་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པས། ་གསང་སྔགས་ཡི་གེ་དགུ་པོ་བཟླས་པར་བྱ་སྟེ། འདི་ནི་བཟླས་པའི་ཆོ་གའོ།། དེ་ནས་བསྒོམ་པ་དང་བཟླས་པས་དུབ་པ་བསལ་བའི་དོན་དུ་ལྷ་མོའི་གླུས་བསྐུལ་ལ། སྤྱི་བོའི་སྟེང་དུ་མཐོ་གང་ཙམ་གྱིས་སྤགས་པར་ཟླ་བའི ་དཀྱིལ་འཁོར་ལ། ཨོཾ་དཀར་པོ་གནས་པརཱི་རྣམ་པར་བསམས་ལ། དེ་ལས་བདུད་རྩི་འབབ་པས་བདག་ཉིད་ཚིམ་པར་བྱས་པར་བསྒོམ་པར་བྱ་སྟེ། འདི་ནི་བརྟན་པར་བྱ་བའི་ཆོ་གའོ།། དེ་ནས་ཡང་ངལ་གསོ་ལ་སྔགས་ཀྱི་དེ ་ཁྲོ་ན་ཉིད་ལ་ལྷག་པར་མོས་པས་ཇི་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དེ་ནུས་གཤེགསུ་གསོལ་བརླ་འདོད་ནཱ་རང་གི་ཡེ་ཤེས་སེམས་དཔའོ་འོད་ཟེར་སྤྲོས་པས་དཀྱིལ་འཁོར་གྱི་འཁོར་ལྷོ་དང་བཅས་པའི་བཅས་པའི ་ཕྱི་རོལ་ཏུ་སྤོས་ལ་མདུན་དུ་ན་མཁའ་ལ་བསམས་ཏེ། མཆོད་པོའི་སྤྲིན་སྤྲིས་ངེས་བདག་ཉིད་དང་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་མཆོད་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཨོཾ་ཀྲྀ་ཏི་བ་སརྦྦ་སཏྭ་རྦ་ཏཱནྡ། ས~ཾཥྚྲྀ ་མ་དད་དྷཱ་ས་ནྱཱ་གཱ། གནྡྷ་ཛྙཱ་བུདྡྷ་གི་རཱ་ཡཱཾ། བུ་ན་ར་ག་མ་ན་ཡནྡྷ་ཞེས་བྱ་བ་འདིས་གཤེག་སུ་གསོལ་ལོ།། དྭེའི་སྒྲུལ་པ་རྣམས་བདག་ཉིད་ལ་བསྡུ་བར་བྱའོ།། དེ་ནས་བསོད་ནམས་ཡོངས་བསྔོ་བའི་ཕྱིར་འདི་ལྟར་སྨན་ལམ་གདབ ་པར་བྱ་སྟེ། རྡོ་རྗེ་འཆུ་འིའི་པོ་ཆེན་པོའི་དཔལ།། སངས་རྒྱས་ཐམས་ཅད་དགྱེས་པ་ནི།། དགེ་བ་འདི་ཡིས་ཐོབ་གྱུར་ནས།། འགྲོ་བས་ཀྱང་ནི་དེ་ཐོབ་ཤོག། ཕྱག་རྒྱ་ཆེན་པོའི་དོན་གྲུབ་ཕྱིར།། སྤྱོད་གང་སངས་རྒྱས་ཀྱིས་བསྔཌ ་པ།། འགྲོ་བའི་དོན་ནི་བྱ་བའི་ཕྱིར།། སྤྱོད་ཉིད་དང་བདག་ལྡན་ཤོག། དེ་བཞིན་གཤེགས་རྣམས་ཐབས་གང་གིས།། ཐམས་ཅད་མཁྱེན་ཉིད་གོ་འཕངས་བརྙེས།། དག་ཅིང་ཡན་ལག་ཀུན་རྫོགསྔོ་པ།། ཐབས་དེ་དང་ནི་བདག ་ལྡན་ཤོག། སྒྲིབ་པ་ཐམས་ཅད་ཡོངས་ཟད་ཕྱིར།། སངས་རྒྱས་ཀྱིས་སྔགས་ཤེས་རབ་གང་།། རྣམ་ཀུན་མཁྱེན་ཉིད་ཀུན་བྱའི་ཕྱིར།། བདག་གིས་ཤེས་རབ་དེ་ཐོབ་ཤོག། རང་གི་ལྷ་ཡི་སྦྱོར་བ་ཡིས།། རབ་མཉམ ་བཞག་སྟེ་གནས་པར་བྱ།། རླུང་གི་དཀྱིལ་འཁོར་པ་ཚུལ་དུ།། ཁམས་གསུམ་པོ་ནི་ལྟ་བར་བྱ།། བཟླའ་དང་བཏུང་བ་དུསུ་ནི།། སྐད་ཅིག་མའི་སྦྱོར་བ་ཡིས།། རང་གི་ལྷག་པའི་ལྷར་བསམས་ཏཱཾ།། བཟའ་དང་བཅུའི་སོ་ཌ། ་རྣམས་སྦྱངས་ལ།། བདུད་རྩི་མྱང་བའི་ཆོ་ག་ཡང་།། རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡིས།། རང་གི་ལྷ་ག་ལྷ་གཙོ་བོར་གྱུར།། དཀྱིལ་འཁོར་སྙིང་གར་བསམས་ན་སུ།། རང་སྔགས་བྱིན་བརླབས་རོ་ཡིས་ནི།། སྐུ་ཡི་རྡོ་རྗེ་སོགས ་ཚི་མ་བྱ།། མཆོད་པ་འདི་ཉིད་དམ་པ་སྟེ།། སངས་རྒྱས་ཀུན་གྱིས་རབ་ཏུ་བསྒྲགས།། འདི་ཉིད་ནང་གི་སྦྱིན་སྲེག་ནི།། ཡིན་པར་གསང་འདུས་ལས་བཤད་དོ།། ཁྲུས་ཀྱི་དུསུ་སྤྱན་སོགས་ཀྱིས།། ་དབང་བསྐུར་ལྟ་བུར་རྣམ་པར་སྦྱང་།། དྲན་པ་བརྗེད་སོགས་ཉེས་པ་ཡིས།། གལ་ཏེ་དམ་ཚིག་ཉམས་གྱུར་ནཱ།། དེ་ཚེ་དམ་ཚིག་རྡོ་རྗེ་ཞེས།། བྱ་བ་རང་གི་སྙིང་གར་བསྒོམ།། དེ་ཡི་ཐུགས་ཀར་ཡི་གེ་ཁཾ།། མཚན་པོའི་དབུས་སུ ་ཆུད་པར་བས་མ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སོགས།། ཆོ་ག་ཇི་བཞིན་དགོད་པར་བྱ།། སྐུ་གསུང་ཐུགས་ཀྱི་དབུས་ཆུད་པའི།། དེ་ཡི་ས་བོན་ཁ་ནས་བཟླས།། དམ་ཚིག་ཉམས་པའི་ཉེས་པ་ནི།། སྦྱོང་འདོད་དམ་ཚིག་རྡོ་རྗེ་ཡིས།། ་གསང་སྔགས་ཡོངས་བཟླས་ནས་ནི།། བསྒོམ་པའི་མཐར་ནི་གཤེགསུ་གསོལ།། ཉལ་བའི་དུ་སུ་རང་གི་ནི།། སྙིང་ཀོར་དཀྱིལ་འཁོར་བསམ་པ་འམ།། ཡང་ན་སྟོང་ཉིད་བསྒོམས་ནས་ནི།། རྣལ་འབྱོར་པས་ནི་ཅི་བདེར་ཉལ།། ་གཉིད་སད་པ་ཡི་དུ་སུ་ནི། བྷ་མོས་བསྐུལ་པ་དྲན་བྱས་ལ།། མལ་ནཱ་ལངས་ཏེ་རྣལ་འབྱོར་པས།། སྔ་མ་བཞིན་དུ་བས་པ། ན་སྦྱད།། དང་ལྡན་ལུ་བའི་རྗེས་འབྲངས་ཏེ།། འཕགས་པ་འཇིག་རྟེན་དབང་སྒྲུབ་ཐའས།། བྱང་ཆུབོ་འོད་ཀྱི་ངོར་མཛད་དེ།། མར ་མེ་མཛད་ཀྱིས་འདི་བྱས།། སྒྲུབ་ཐབས་འདི་ནི་ལེགས་བྲིས་པས།། བདག་གིས་དགེ་བ་གང་ཐོབ་པ།། དེ་ཡིས་འགྲོ་བ་ཐམས་ཅད་ནི།། རྡོ་རྗེ་ཆོས་ཀྱི་གནས་ཐོབ་ཤོག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས ་སྒྲུབ་པའི་ཐབས།། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རིམ་པས་བསྒྲུབ་པ། སློབ་དཔོན་ཆེན་པོ་དཔལ་མ་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་དྷྲྀ་གྱུར་གྱི་མཁྱེན་པ་དཱིདྡ་ཀུ་རཱུ་ཎྱཻ་ཛྙཱནྨཱ་དཱ་། ཆེན་གྱི་མ་རྩ་བ་དགེ་སློང་རིན་ཆེན་བཟང་ཐོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་འདྱཱཥྚཱན། ཏོ་ལང་ཉིས་བརྒྱ་ཕུལ། བློ་ལོངས་ཉིས་ཤུ་ལ། ་གཅིག། ཙེ་ལོང་བཅུ་གཉིས་ཞེནཅིག།། རྒྱ་གར་སྐད་དུ། ཨཱརྱཱ་ཝ་ལོ་ཀི་ཏྭེ་ཤྭ་ར་སཱ་དྷཱ་ན། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྒྲུབ་པ ་