CLOSE WINDOW

GT757: rab tu gsal ba zhes bya ba'i sgrub pa'i thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སུ་བི་ཥིཏྶཱ་དྷ་ནོ་པ་ཡི་ཀ། བོད་སྐད་དུ། རབ་ཏུ་གསལ་བ་ཞེས་བྱ་བའི་སྒྲུབཱི་ཐབས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཡེ་ཤེས་ཞབས་ལ་ཕྱག ་འཚལ་ཏེ།། དེའི་གཞུང་རྡོ་རྗེ་ཅན་སྒྲུབ་ཐབས།། སློབ་མ་བློ་གྲོས་ཆུང་དོན་དུ།། རབ་ཏུ་གསལ་བྱར་བཤད་པར་བྱ།། རྩོམ་པའི་ནུས་པ་མེད་ན་ཡང་།། སྙིང་རྗེ་ཡིས་ནི་དྲངས་པ་ཡིན།། བུ་ལ་ཕན་པར་འདོད་པའི་མ།། རང ་གི་ནུས་པ་འཇལ་མི་བྱེད།། དེ་ལ་རྣལ་འབྱོར་པ་སྙིང་རྗེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྦྱིན་པ་ལ་སོགས་པ་ལ་བརྩོན་པ། སྟོང་པ་ཉིད་ལ་ལྷག་པར་མོས་པ་གསང་བ་འདུས་པའི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་དབང ་བསྐུར་བ་རྗེསུ་སྣང་བ་ཐོབ་པ་བསྒོམ་པའི་ཚིག་ལ་ཤིན་ཏུ་མཁས་པས།། རི་བོ་ལ་སོགས་པའི་ཕྱོགས་འགའ་ཞིག་ཏུ། བསམ་གཏན་གྱི་ཁང་པ་རྫས་ལ་སོགས་པས་ཉེ་བར་བྱུགས་པར་སྟན་ཤིན་ཏུ་འཇམ་པ་ལ་འཇུག ་སྟེ་རང་གི་སྙིང་གིར་ཟླ་བ་ལ་གནས་པའི་ཧཱུཾ་བསམས་ཏེ། དེའི་འོད་ཟེར་ལས་བྱུང་བའི།། གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ན་མཁའ་ལ་བཞུགས་པའི་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ལ་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེསུ་ཡི་རང་བ་དང་རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་ལ་གནས་པ་དང་། བདག་ཉིད་དབུལ་བ་ཡང་བྱས་ནས་སྟོང་པ་ཉིད་བསྒོམས་ལ།། ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཞེས་བྱ་བས་བྱིན་གྱིས་རློབ་པོ།། དེ་ནས་དེར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་ལས ་སྤྲོས་པའི་འོད་ཟེར་གྱིས་བགེགས་ཀྱི་ཚེ་གས་རྣམས་ཕམ་པར་བྱས་ནས་འོད་ཟེར་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དྲ་བ་དང་རྡོ་རྗེ་ར་བཱ་དང་རྡོ་རྗེའི་རང་བཞིན་ཅན་གྱིས་ས་རྣམ་པར་བསམས་ལ།། དེའི་ནང་དུ་ཆོས་འབྱུང་བ་གྱེན ་དཀར་གནས་པ། ནང་ཁོང་སྟོང་དབུས་ན་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་བསམས་ལ། དེར་ཡི་གེ་བྲུཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་སྐུ་མདོག་དཀར་བ། དཀར་པོ་དང་ནག་པོ་དང་དམེར་པོ་སྟེ་ཞལ་གསུམ ་མངའ་བ་ཕྱག་དྲུག་ལས་ཕྱག་གཉིས་ཀྱིས་རིང་དང་འདྲ་བའི་རིགས་མ་དམ་པ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་འཁོར་ལོ་དང་རལ་གྲི་དང་པདྨ་དང་རིན་པོ་ཆེ་དང་བསྣམས་པ་རིམ་བཞིན་བསམས་ལ། དེ་ཡོངས་སུ་གྱུར ་པ་ལས་གཽཞལ་ཡས་ཁོང་གྲུ་བཞི་པ་ལ་སྒོ་བཞི་པུ་རྟ་བབས་བཞི་ལ་སོགས་པས་བརྒྱན་པོ། ལྷ་བཅུ་དགུའི་གནས་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་བདུན་དང་བཙས་པ། ཟླ་བའི་དཀྱིལ་འཁོར ་བཅུ་གཉིས་ཀྱིས་གདན་དང་ལྡན་པ་བསྒོམ་པར་བྱའོ།། དེའི་དབུས་མའི་གདན་ལ་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་ལིས། མཚན་སུམ་ཅུ་རྩ་གཉིསུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ཀ་ལ་སོགས་པར་ད་དྷ་ཌ ་ཌྷ་ཡ་ལ་དང་བཅས་ཉིས་འགྱུར་དུ་བྱས་པའི་ཆའི་རྣམ་པར་དག་པ་དཔེ་བྱད་བཟུང་པོ་བརྒྱད་ཅུ་ནི་དཀྱིལ་འཁོར་གཉིས་པའོ།། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་བསམ་ལ་ཨོཾ་བཛྲ་སྭ་བྷཱ་པ་ཨཱཿཏྨ ་ཀཽ་ཧཾ་ཞེས་བྱ་བས་ང་རྒྱལ་བྱའོ།། དེ་ནས་ཡི་གེ་ཧཱུཾ་ལས་འོད་ཟེར་སྤྲོས་པོས་འགྲོ་བ་རྣམས་རྡོ་རྗེ་འཆང་དང་འདྲ་བར་བྱས་ལྔ་དེའི་ཉིད་དུ་བསྡུས་ཏེ་ཟླ་བ་དང་རྡོ་རྗེ་ཡོངསུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་དང་འགྲོ ་བར་བསམ་པར་བྱས་པ་ལས། ཁྱད་པར་ནི་འཁོར་ལོའི་གནས་རྡོ་རྗེ་བསྣམས་པ་རིན་པོ་ཆེའི་ཅོད་པན་དང་ལྡན་པའོ།། དེའི་རྗེས་ལ་འདྲིད་ཚིགས་ཆེན་པོས་འདུལ་བའི་སྣོད་ཀྱི་འཇིག་རྟེན་ལ་དམིགས་ནས་རབ་ཏུ་དགའ་བའི་སྒྲས ་རྒྱལ་བའི་ཚེགས་རྣམས་རང་གི་ལུས་ལ་བཅུག་སྟེ། བདེ་བ་དང་ལྡན་པརི་གཏོན་ལ་སྤྱན་ལ་སོགས་པ་ལྷ་མོ་དགུའི་གཟུགས་སུ་རང་རིག་པའི་ལྷ་མོའི་ནང་དུ་ཆུད་པར་བྱའོ།། དེ་བཞིན་གཤེགས་པ་ལྔ་པོ་རང་གི་ཁ་ནས་བཅུག ་སྟེ། ལུས་ཀྱི་ནང་དུ་ཆུད་པར་བྱས་ལ། རྡོ་རྗེའི་ལམ་ནས་བྱང་ཆུབ་སེམས་ཞུ་བའི་རདྲ་བཞིན་དུ་ཕྱུང་ལ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བསམས་པ་ལས། རྡོ་རྗེའིའཚང་བདོག་པོར་གྱུར་པའི་དཀྱིལ་འཁོར་རྣམས་སྦྲུལ་ལྔ། དེར་སྙོམས ་ཅན་རྣམས་བཅུག་ལེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་པའི་ཡེ་ཤེས་ཀྱི་བདུད་རྩིས་སྔར་གྱི་སེམས་ཅན་རྣམས་དབང་བསྐུར་ལ་དབྱུང་བར་བྱ་སྟེ། ཛྲིཾ་ཁཾ་གཾ་ཛྫ་སི་ཞེས་བྱ་བའི་ས་བོན་ལས་གོ་རིམ་བཞིན་དུ། མིག ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རང་བཞིན་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར ་སེལ་བ་དང་། ཀུན་ཏུ་བཟང་པོ་ལྟ་བུར་གྱུར་པ་གདོན་པ་དང་། ཛཿཧཱུཾ་བཾ་ཧེཿཔཾ་རཾ་ཞེས་བྱ་བ་ལས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་རང་བཞིན་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། ་རོ་རྡོ་རྗེ་དང་རེག་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ལྟ་བུར་གྱུར་པ་དང་། ལཱཾ་མཱཾ་པཱཾ་ཏཱཾ་ཨ་ཏ་ཞེས་བྱ་བ་ལས་དང་ཆུ་དང་མ་དང་། རླུང་གི་རང་བཞིན་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ལྟ་བུར་གྱུར་པ་དང་། བྲུཾ་ཨཱ ་རྗེ་ཁཾ་ཧཱུཾ་ཞེས་བྱ་བ་ལས། གཟུགསོ་དང་། ཚེར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་རྣམ་པར་སྣང་མཛོད་དང་རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ ་དང་། མི་བསྐྱོད་པ་ལྟ་བུར་གྱུར་པ་དབྱུང་བ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཡང་བསམ་པར་མི་བྱའོ།། དེའི་རྗེས་ལ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་པོ་སྐུ་དང་། གསུང་དང་ཐུགས་ཀྱི་རང་བཞིན་ཅན་ཡི་གེ ་གཀྱིས་དྲོང་སྤེལ་ལོ་དང་འདྲ་བའི་རིག་པོའི་ཆགས་པའི་སྟོབས་ཀྱིས་ཞུ་བར་གྱུར་པར་བསམས་ལ། ཡང་དེའི་སྟོབས་ཀྱིས་བདག་ཉིད་དང་རང་གི་རིག་པ་ཡང་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་འཛིན་གྱིས་ཞུ་བར་གྱུར ་བས། སྤྱན་ལ་སོགས་པའི་གླུའི་སྒྲས་བསྐུལ་བར་བྱའོ།། སེམས་ཅན་ཁམས་ནི་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། དགའ་བའི་ཡིད་འོང་དོན་ཆེན་འདོད་པ་བདག་ལ་སྐྱབསུ་གསོལ།། མགོན་ཡོགལ་ཏེ་དེ་རིང་བདག་ནི་གསོན ་པར་མི་ཆོས་བཞེད་ན།། སེམས་ཅན་ཡ་བོ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན།། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས ་མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིགས་ཆགས་པས་བདོག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་རྟེན།། འཇིག་རྟེན་དག་གི ་དོན་དང་དགོས་པ་མཛད་ལྔ་རག་ཏུ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། དགའ་བའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེའི་སྤྱོད་པ་དགྱེས་ཟེར་དམ ་ཚིག་མཆོག་གི་ཕྱན་དོན་ཆེ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བས།། མགོན་པོ་གལ་ཏི་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རོན་ཆེན་མང་པོའི་གཏེར་གྱུར་བདག ་ལ་དགྱེས་པར་མཛོད།། དེ་ལྟར་བསྐུལ་བའི་དབང་གིས་ཞུ་བ་ལས་བྱུང་བའི་ཡི་གེ་ཧཱུཾ་ཡོངས་གྱུར་པ་ལས་བྱུང་བའི་རྡོ་རྗེ་དེའི་ལྟོ་བ་ལ་ཧཱུཾ་གནས་པར་བསམས་ལ། དེའི་འོད་ཟེར་གྱིས་འགྲོ་བ་རྣམས་རྡོ་རྗེ་འཆང་བར་བྱས ་སླར་ཡང་དེ་ཉིད་དུ་བཅུག་ནས། དེ་ཡོངསུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་འཆང་བ་སྐུ་མདོག་སྔོ་བ། ཞལ་གསུམ་པ་ཞལ་གཡས་པ་དཀར་བ་དང་གཡོན་པ་དམར་བ་དང་། ཕྱག་གཉིས་ཀྱིས་རང ་སྣང་བའི་རིག་མ་ལ་འཁྱུད་པ་ཕྱག་ལྷག་མ་རྣམས་ན།། རྡོ་རྗེ་དང་རལ་གྲི་དང་པདྨ་དང་ནོར་བུ་གོ་རིམ་ཇི་ལྟ་བ་བཞིན་དུ་བསྣམས་པ་བསམས་ལུ། ཨོཾ་དྷརྨྨ་དྷཱ་ཏུ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བས་ང་རྒྱལ་བྱའོ།། འདི་ནི་བསྙེན་པ། ་ཆུང་ངུ་དང་། རྒྱུ་མཐུན་པོའི་འབྲས་བུ་ཆུང་ངུའོ།། དེ་ནས་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། མིག་གཉིས་ཀྱི་དབུསུ་ཟླ་བ་ལ་ཡི་གེ་ཀྵཾ་དང་། འཁོ་རི་ལོ་ཡོངསུ་གྱུར་པ་ལིས་སོའི་སྙིང་པོ་སྐུ་མདོག་དཀར་པོ་གཡས་པའི ་རྩ་བའི་ཕྱག་ནི་འཁོར་ལོ་བསྣམས་པ། དེའི་གཡོན་དུ་ཡི་གེ་ཛྲིཾ་དང་། མེ་ལོངས་ཡོངསུ་གྱུར་པ་ལས་གཟུགས་རྡོ་རྗེ་སྐུ་མདོག་དཀར་བ། མེ་ལོང་བསྣམས་པའོ།། ཟླ་བ་གཉིས་ཀྱིས་དབུས་སུ་ཟླ་པཱ་ལཾ་ཡི་གེ་ཛྲིཾ་དང་རྡོ་རྗེ་ལས་བྱུང ་བའི་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ་བི་རྡོ་རྗེ་བསྣམས་པ། དེའི་གཡོན་དུ་ཧཱུཾ་དང་བཱི་བང་ལས་བྱུང་པོའི་སྒྲ་རྡོ་རྗེ་སྟོ་བི། པི་བང་བསྣམས་པ། སྣ་བུག་གཉིསུ་ཟླ་བ་ལ་ཁཾ་དང་རིན་པོ་ཆེ་ལས་བྱུང་བའི་ན་མཁའི་སྙིང་པོ་སྐུ་མདོགེ་སེར་བ། རིན ་བོ་ཆེ་བསྣམས་པོ་དེའི་གཡིན་དུ་བ་དང་དྲིའི་དུང་ཕོར་ལས་བྱུང་བའི་དྲི་རྡོ་རྗེ་སྐུ་མདོག་སེར་བ་དྲིའི་དུང་ཕོར་བསྣམས་པའོ།། ལྕེ་ལ་གི་དང་པདྨ་ཡོངསུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་བ། པདྨ་དམར་པོ ་བསྣམས་པའོ།། དེའི་གཡོན་དུ་ཧོ་དང་རོའི་སྣོད་ཡོངསུ་གྱུར་པ་ལས་རོ་རྡོ་རྗེ་སྐུ་མདོག་དམར་བ། རོའི་སྣོད་བསྣམས་པའོ།། སྤྱི་བོར་ཡི་གེ་ཀྵུཾ་དང་རལ་གྲི་ལས་བྱུང་བའི་སྒྲིབ་པ་རྣམ་པར་སེལ་བ། སྐུ་མདོག་ལྗང་གུ་རུལ་གྱི་བསྣམས ་པ་དེའི་གཡོན་དུ་ཁཾ་དང་གོས་སྐུ་ཚོགས་བྱུང་བའི།། རེག་རྡོ་རྗེ་སྐུ་མདོག་ལྟེང་ཁུ་གོས་སྣ་ཚོགས་བསྣམས་པ་ལྐོག་མིའི་འོག་ཏུ་ཡི་གེ་སཾ་དང་། རྡོ་རྗེ་ཡོངས་གྱུར་པ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ་རྡོ་རྗེ་བསྣམས ་པ་དེའི་གཡོན་པུ་རོ་དང་ཆོས་འབྱུང་ཡོངསུ་གྱུར་པ་ལས་ཆོས་ཀྱི་དབྱིངས་རྡོ་རྗེ་སྐུ་མདོག་དཀར་བ་ཆོས་འབྱུང་བསྣམས་པ་བསམ་པར་བྱའོ།། འོག་ནས་ལྷ་རྣམས་ཐམས་ཅད་ཀྱང་ཞལ་གསུམ་དང་ཕྱག་དྲུག་པར་བ་ཤད་དེ ་ཕྱག་གཉིས་ཀྱིས་རང་རང་གི་ཐབས་དང་ཤེས་རབ་ལ་འཁྱུད་པ། སྐུ་མདོག་སེར་བ་དང་དམྱུར་བ་དང་། ལྗོང་བའི་ཞལ་གཡས་སྤྲོ་བ། གཡོན་པ་དཀར་པོ། དཀར་པོའི་གཡོན་པ་དམར་བ། སྔོན་པོའི་གཡས་པ་དཀར་བ་ཡིནོ།། ་ཇི་སྐད་བཤད་པའི་ལྷ་ཐམས་ཅད་ཟླ་བའི་གཱདན་དང་ཟླ་བིའི་ལྷོད་མངའ་བཱ། རིན་པོ་ཆེའི་ཅོད་པན་ཅན་ཕྱག་ལྷག་མ་རྣམས་ནི་རྡོ་རྗེ་དང་རལ་གྲི་དང་པདྨ་དང་རིན་པོ་ཆེ་རིམཱ་བཞིན་དུ་བསྣམས་པ། གང་གི་རྩ་བའི་ཕྱག་ན་རལ ་གྲིའམ་པདྨ་རིན་པོ་ཆེ་བསྣམས་པ་དེ་རྣམས་ཀྱི་གཡས་ཀྱི་རྩ་བའི་ཕྱག་གཉིས་པ་ནི་འཁོར་ལོ་བསྣམས་པར་བྱའོ།། འདི་ནི་ཉེ་བར་བསྒྲུབ་པ་ཆུང་ངུ་དང་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་ཡིན་ནོ།། དེ་ནས་སྙིང་གར་ཟླ་བ ་ལ་གནས་པའི་ཧཱུཾ་དང་རྡོ་རྗེ་ཡོངསུ་གྱུར་པ་ལས། ཐུགས་རྡོ་རྗེ་སྐུ་མདོག་སྔོ་བ་ལྐོག་མར་པདྨའི་ལྟེ་བར་གནས་པའི་ཨ་ཡོངསུ་གྱུར་པ་ལ་གསུང་རྡོ་སྐུ་མདོག་དམར་པོ་པདྨ་བསྣམས་པ ་དཔྲལ་བའི་ནང་དུ་འཁོར་ལོའི་ལྟེ་བར་གནས་པའི་ཨོཾ་དྲེང་འཁོར་ལོ་ཡོངསུ་གྱུར་པ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་བ་འཁོར་ལོ་བསྣམས་པ། འདི་རྣམས་ཀྱི་ཐུགས་ཀར་གོ་རིམ་བཞིན་དུ། རྡོ་རྗེའི་ལྟེ་བ་དང་། པདྨ་གེ་སར ་དང་། འཁོར་ལོའི་ལྟེ་བར་ཧཱུཾ་དང་། ཨ་དང་ཨོཾ་གནས་པའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའོ།། ཐུགས་དང་། གསུང་དང་། སྐུ་རྡོ་རྗེ་ཡང་དག་པར་མཆོད ་ལྔ་བཀུག་སྟེ། མདུན་དུ་བཞུགས་པ་དེས་རང་གི་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པར་བྱའོ།། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བཻརླབས་ནས།། རྡོ་རྗེ་ཐུགས ་ཀྱིས་མཛད་དུ་གསོལ།། ཕྱོགས་བཅུ་རྭ་བཞུགས་པའི་སངས་རྒྱས་རྣམསོ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དང་བདག་བྱིན་གྱིས་བརླབས་ན་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། དེ་ནས་རླུང་གི་ཐུགས་རྡོ་རྗེ་ལ་ཐུགས ་རྡོ་རྗེ་བཅུག་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ་ཞེས་བྱ་བས་ང་རྒྱལ་བྱའོ།། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ ་གསུང་གིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་བྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནུས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། དེ་ནས་རང་གི་གསུང་རྡོ་རྗེ ་ལ་གསུང་རྡོ་རྗེ་བཅུག་སྟེ། ཨོཾ་སརྦྦ་ཏ་ཐ་གེ་ཏཱ་བཱཀ་བཛྲ་སྭ་དྷཱུ་བ་ཨཱཏྨ་ཀོ་ཧི་ཞེས་བྱ་པ་འདིས་ང་རྒྱལ་བྱའོ།། དཔལ་ལྡན་རྡོ་རྗེ་སྐུ་འོཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བཱརླབས་ནས།། ་དྷེ་སྐུས་ནི་མཛད་དུ་གསལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མཱི་ཕྱེད་གསུམ་བསྐམས་པས།། དདེ་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། དེང་ནས་རང་གི་སྐུ་རྡོ་རྗེ་ལི་བཅུག ་སྟེ། སཽ་སརྦྦ་ཏཱ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷ་བ་སཱཏྭེ་ཀེ་ཧཾ་ཞེས་བྱ་བ་འདིས་ང་རྒྱལ་བྱའོ།། འདི་ནི་སྒྲུབ་པ་ཆུང་ངུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུའོ།། དེའི་རྗེས་ལ་ནུ་མིའི་བར་དུ་རྡོ་རྗེའི་དབུས་སུ་ཕྱི་རོལ་གྱི་རྡོ་རྗེ་འཆང ་ལྟ་བ་དེ་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་ལ་དེའི་ཐུགས་ཀའི་རྡོ་རྗེ་ལྟ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཧྲཱི་འོད་ཟེར་ལས་བྱང་བའི་གཟུགས་རྡོ་རྗེ་ལ་སོགས་པས་ན་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས ་པ་རྣམས་ཡང་དག་པར་མཆོད་ནས་བཀུག་སྟེ། དེའི་འོད་ཟེར་ལོས་བྱུང་བའི་སྙེ་མོ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྣམས་ཀྱི་བདག་ཉིད་དབང་བསྐུར་བ་དང་། དེ་བཞིན་གཤེགས་པ་ལྔའི་ཅོད་ཙ་པན་དུ ་གྱུར་པར་བསམ་པར་བྱའོ།། འདི་ནི་སྒྲུབ་པ་ཆེན་པོའི་ཆུང་ངུ་དང་། དབང་བསྐུར་བའི་འབྲས་བུ་ཆུང་ངུའོ།། དེ་བཞིན་དུ་རང་གི་ལྷ་མོ་བསྙེན་པ་ཆུང་ལ་སོགས་པའི་དབྱེ་བས་མིག་ལ་སོགས་པ་བྱིན་གྱིས ་བརླབས་པ་དང་ཐུགས་དང་། གསུང་དང་། སྐུ་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་སྔོན་དུ་འགྲོ་བས་ཡན་ལག་བཞི་རྫོགས་པར་བྱས་ལ་རིགས་ལྔ་དགོད་པར་བྱ་སྟེ། རུ ་མ་ཡན་ཆད་ཨོཾ་ཡོངས་སུ་གྱུར་པ་ལས་རྣམ་པོར་སྣང་མཛད་ཀྱི་རང་བཞིན་ནུ་མིའི་འོག་ནས་ལྟེ་བ་ཡན་ཆད་ཀྱི་བར་དུ་ཧཱུཾ་ཡོངསུ་གྱུར་པ་ལས་མི་བསྐྱོད་པའི་རང་བཞིན་ཅན། རྐེད་པའི་ཕྱོགས་སུ་སྭཱ་ཡོངསུ་གྱུར་པ་ལས ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན། པདྨ་ཡོངསུ་གྱུར་པ་ལས། འོད་དཔག་ཏུ་མེད་པའི་རང་བཞིན། བྱིན་པ་གཉིསུ་ཧཱ་ཡོངསུ་གྱུར་པ་ལས་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་བསམས་པ་དྲང་། ཧཱུཾ་ཡོངསུ་གྱུར་པ ་ལས་རང་གི་རྡོ་རྗེ། ཨོཾ་ཡོངསུ་གྱུར་པ་ལས་ནོར་བུའི་བུ་གར་ཡི་གེ་ཕཊ་རང་དང་འདྲ་བའི་ཡང་ཧཱུཾ་ཡོངས་སུ་གྱུར་པ་ལས་པདྨ་ཨཱ་ཡོ་སྨཻ་བྷུར་པཱ་ལྦ་ལྟེ་བར་བསམ་ལ་དེ་བཞིན་ཀ་ཤྲེ་བ་ཐཱད་ལ་མཆོད་པ་བྱ་བའི་ཕྱིར་དེ་དང་ལྷན་ཅིག་བླ ་ན་མེད་པའི་དགའ་བ་བརྩམས་ལྀ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ་ཧོ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ།། འདི་ནི་དང་པོར་སྦྱོར་བ་ཞེས་བྱ་བའི་ཏིང་འཛིན་དང་པོའོ།། ་དེའི་རྗེས་ལ་དེ་བཞིན་གཤེགས་པ་ལྔ་པོ་རང་གི་ཁའི་སྒོ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་ཕྱུང་ནས་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཧཱུཾ་གིས་བྱིན་གྱིས་བརླབས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ལ་རང་དང་གཞན་གྱི་དོན་དུ་ཕྱི་རོལ་ཏུ་འབྱུང་བར་བྱ་སྟེ། བཛྲོ་དྷྲྀ་ཀ་ཅེས་བྱ་བས་མི་བསྐྱོད་པ་སྐུ་མདོག་ནག་པོ་རྡོ་རྗེ་བསྣམས་པ་ཕྱུང་ལ་སྤྲོས་པ་ལས་འགྲོ་བའོ་དོན ་བྱས་ནས་སྐུར་བསྡུས་ཏེ། རང་གི་ལུས་ལ་དངོས་པོ་ཐམས་ཅད་ཀྱིས་བཞུག་པར་བྱའོ།། དེ་བཞིན་དུ་ཐམས་ཅད་ཀྱང་སྤྲོ་ཞིང་བསྡུ་བར་བྱ་སྟྭ~ཾ། ཛི་ན་ཏྲི་ཀ་ཅེས་བྱ་བས་རྣམ་པར་སྣང་མཛད་སྐྱེ་མདོག་དཀར་པེ་ཕྱག ་ན་འཁོར་ལོ་བསྣམས་པ་ནི་ཤར་གྱི་ཟླ་བར་རོ།། རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་བ་རིན་པོ་ཆེ་བསྣམས་པ་ནི་ལྷོའི་ཕྱོགས་སུའོ།། ཨཱ་རོ་ལྀཀ་ཅེས་བྱ་བས་འོད་དཔག་ཏུ་མེད་པ་སྐུ་མདོག་དོམར ་བ་པདྨ་དམར་པོ་བསྣམས་པ་ནི་ནུབ་ཏུའོ།། པྲཛྙཱ་དྷྲྀ་ཀྲྀ་ཅེས་བྱ་བསོ་དོན་ཡོད་པར་གྲུབ་པ་སྐུ་མདོག་ལྗང་གུ་རལ་གྲི་བསྣམས་པ་ནཱི་བྱུང་དུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རལ་པ་དཔྱ་ཅོད་པ་ན་མངའ་བ ་ཉི་མོའི་གདན་དང་ཉི་མའི་འོད་མངའ་བའོ།། མཻ་ཧི་རཱྀ་ཏཾ་ཞེས་བྱ་བས་ལྷ་མོ་སྤྱན་མ་སྤྱི་མདོག་དཀར་མོ་འཁོར་ལོ་བསྣམས་པ་ནི་མིའི་ཕྱོགས་སུའོ།། དྭེ་འི་རཱ་ཏི་ཞེས་བྱ་བས་མཱ་མ་ཀཱི་སྐུ་མདོག་སྔོན་མོ་ཨུཏྤལ་སྔོན་དམ ་བསྣམས་པ་བདེན་བྲལ་གྱི་ཕྱོགས་སུའོ།། རཱ་ག་ར་ཏཱི་ཞེས་བྱ་བས་གོས་དཀར་མོ་སྐུ་མདོག་དམར་བ། པདྨ་དམར་པོ་བསྣམས་པ་ནི་རླུང་གི་ཕྱོགས་སུའོ།། བཛྲ་རཱ་ཏི་ཞེས་བྱ་བས་སྒྲོལ་མ་སྐུ་མདོག ་སེར་པོ་ཨུཏྤ་ལ་སེར་པོ་བསྣམས་པ་ནི་དབང་ལྡན་གྱི་ཕྱོགས་སུའོ།། ཨོཾ་ཨཱཿརཱུ་བཱ་བཛྲཱི་ཧཱུཾ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་དང་སྦྲེལ་བས་གཟུགས་རྡོ་རྗེ་ལ་སོགས་པས་ལྷ་མོ་དཀྱིལ་འཁོར་བྷི་གྲཝ་བཞི་དང་། ཤ ་ཕྱོགས་ཀྱི་སྒོའི་ངོས་གཉིས་སུ་བསམ་པར་བྱ། ལྷ་མོ་ཐམས་ཅད་ཀྱང་རིན་པོ་ཚོའི་ཅོད་པན་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། ཡ་མཱནྟ་ཀྲྀཏ་ཅེས་བྱ་བས་ཁྲོ་བོ་གཤིན་རྗེ་གཤོད་སྐུ་མདོག་སྔོ་བ་རྡོ་རྗེ་ཐོབ་བསྣམས་པ ་ནི་ཤར་སྒོར་རོ།། པྲ་ཛྙཱ་ན་ཏཾ་ཀྲྀཏ་ཅེས་བྱ་བས་གཞན་གྱིས་མི་ཐུབ་པ་སྐུ་མདོག་དཀར་པོ་དབྱུག་པ་བསྣམས་པ་ནི་ལྷོ་སྦྱོར་རོ།། པདྨ་ན་ཏ་ཀྲྀཏ་ཙོས་བྱ་བས་རྟ་མགྲིན་སྐུ་མདོག་དམ་དྨ་དམར་པོ་བསྣམས་པ་ནི་ནུབ་སྒོར་རོ།། བགྣིན་ཏ་ཀྲྀཏ ་ཅེས་བྱ་བས་བདུད་རྩི་བྷབ་སྦྱོར་སྐུ་མདོག་སྔོ་བ་རྡོ་རྗེ་སྔོན་པོ་བསྣམས་པོ་ཕྱུང་སྟེ་བྱང་གི་སྒོར་བསྒོམ་པར་བྱའོ།། ཁྲོ་བོ་ཐམས་ཅད་ཀྱང་རྣམ་པར་འགྱུར་བ། འཇིགས་སུ་རུང་བ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། གསུས ་པ་འཕྱོང་བ་མཚོ་བ་བཙགས་པ་ཉི་མའི་གདན་དང་ཉི་མའི་འོད་མངའ་བའོ།། དེ་ནས་རང་གི་སྔགས་ཀྱི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་ལ་བཅུག་སྟེ་དབང་དུ་བྱས་ལ་གཤིན་རྗེ་གཤེད་ལ་སོགས་པ་ཉིད་ཀྱིས ་བགེགས་མེད་པར་བྱས་ལ་རང་གི་སྔགས་བཟླས་པའི་མཆོད་ཡོན་ཕུལ་ཏེ་གཤིན་རྗེགཤེད་ལྟ་སོགས་པ་ཉིད་ཀྱིས་ཛྲརྣཱ་ཛྙཱ་བ~ཾ་ཧོཿཞེས་བྱ་བཱ་དང་རིམ་བཞིན་དུ་རླུང་གི་དཀྱིལ་འཁོར་དུ་དེ་དགུག་པ་དང་། གཞུག་པ་དང ་བཅིང་བ་དང་དབང་དུ་བྱ་བ་བྱའོ།། འདི་དག་ནི་བསྙེན་པ་ཆེན་པོ་དང་། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ཡིན་ནོ།། དེ་ནས་སྔ་མ་བཞིན་དུ་ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་བསྙེན་པའི་ཡན་ལག་ཆེན་པོ་དང ་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ།། དེ་ནས་ཐམས་ཅད་ལ་ཇི་སྐད་བཤད་པའི་རིམ་པས་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཡན་ལག་ཆེན་པོ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཆེན་པོའོ།། ཐམས ་ཅད་ཀྱིས་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཡི་གེའི་འོད་ཟེར་གྱིས་ན་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཆོད་ལ་དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཡེ་ཤེས ་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པས་དེ་དབང་བསྐུར་བར་བསམས་ལ་ཐམས་ཅད་ཀྱི་ཅོད་པན་ལ་བདག་པོའི་དེ་བཞིན་གཤེགས་པ་རྣམས་བསམས་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ལཱ་ནཱི་རྡོ་རྗེ་འཆང ་འོ།། སྤྱན་དང་གཟུགས་རྡོ་རྗེ་དང་གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ།། མཱ་མ་ཀཱི་དང་སྒྲ་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་། གཞན་གྱིས་མི་ཐུབ་པ་དང་བདུད་རྩི་ཐབ་སྦྱོར་གྱི་ལ་ནི་མི་བསྐྱོད ་པའོ།། གོས་དཀར་མོ་དང་རྡོ་རྗེ་དང་། རྟ་མགྲིན་གྱི་ལ་ནི་འོད་དཔག་ཏུ་མེད་པའོ།། སྒྲོལ་མ་དང་རེག་རྡོ་རྗེ་ལ་ནི་དོན་ཡོད་པར་གྲུབ་པའོ།། སའི་སྙིང་པོ་ལ་སོགས་པ་ལ་ནི་རང་རང ་གི་མདོག་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་ཅོད་པན་ཅན་ནོ།། ཀུན་ཏུ་བཟང་པོའི་ཅོད་པན་ལ་ནཱི་མི་བསྐྱོད་པའོ།། འདི་དག་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཆེན་པོ་དང་དབང་བསྐུར་བའི་འབྲས་བུ་ཆེན་པོའོ།། ་དེ་ནས་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ལྡ་ཁ་ནས་བཅུག་ལ་རྡོ་རྗེའི་ལམ་ནས་ཕྱུང་སྟེ་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་དང་། རང་དང་འདྲ་བའི་རིག་མའི་བ་སྤུའི་བུ་ག་ནས་གཟུགས་རྡོ་རྗེ་ལ ་སྩོགས་པ་ལྷ་མོའི་ཚོགས་རང་རང་གི་མཚན་མ་ཐོགས་པ་དང་། མཆོད་པ་སྣ་ཚོགས་པ་དང་ཡེང་བཅས་པ་སྤྲོས་ལཾ་དཀྱིལ་འཁོར་གྱི་བདེག་པོ་ཡང་དག་པར་མཆོད་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ ་ཀོ་ཧཱཾ། ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་བདག་དཀྱིལ་འཁོར་པ་དང་བཅས་པར་བསྟོད་པ་བྱས་པར་བསམ་པར་བྱའོ།། མི་བསྟོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁས་ཆེན་གྱི།། ་གསུམ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་དག་པོ་ཆེ།། རྡོ་རྗེ་ཞི་བ་དགའ་ཆེན་པོ།། རང་བཞིནི་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་ལ། ་རིན་ཆེན་རྒྱལ་པོ་རབ་ཏུ་བཟང་།། རྡོ་རྗེ་ན་མཁའ་དྲི་མེད་མཁ།། རང་བཞིན་དག་པ་གོས་པ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ།། རྡོ་རྗེ་མི་འཆི་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་སྦྱིན ་པ་བརྙེས།། རྡོ་རྗེ་གསུང་ལ་ཕྱག་འཚུལ་ལོ།། དོན་ཡོད་རྡོ་ཧཱུཾ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པ།། རང་བཞིན་དག་པོ་ཉིད་ལས་བྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚལོ།། དེ་ནས་བདུད་རྩི་མྱོང ་དཱ་བྷྱཿ་ཏེ། ཡི་ལས་བྱུང་གཱའི་རླུང་གི་དཀྱིལ་འཁོར་གཞུ་ཡཻ་དཱིབྱིབས་ཅན་སྟོན་ཟ་བ་དན་གྱིས་མཚན་པཱ་དེའི་སྐྱེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ།། དེའི་སྟེང་དུ་ཨ་ལས་བྱུང་བའི་པདྡྷ ་སྣོད་ལ་གནས་པའི་བདུད་རྩི་ལྔ་པོ་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ལས་བསྐྲད་པ། ཨོཾ་གྱིས་བྱིན་གྱིས་བརླབས་པ་དེའི་ཡང་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ་འབེརེ་བ་དང་བསྲེག་པ་ལ་སོགས ་ཕྱིའི་བྱུ་ངས་རྟོགས་པར་བྱས་ལ།། ཨོཾ་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ལ་དེ་བཞིན་གཤེགས་པ་རྣམས་ཀྱང་དེའི་ནང་དུ་ཆུད་པར་བྱས་སྟེ། རང་གི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ལྕེ་ལེ་ཧཱུཾ་བཀོད་པའི ་རྡོ་རྗེ་ཕྱིར། རོ་རྡོ་རྗེས་བསྒྲུབས་པས་དཀྱིལ་འཁོར་བའི་ལྷ་རྣམས་དང་བཅས་པ་ལ་ཚིམ་པར་བྱའོ།། དཀྱིལ་འཁོར་གྱི་རྒྱལ་པོ་མེ་ཚིག་ཅེས་བྱ་བའི་ཏིང་འཛིན་གཉིས་པའོ།། ་དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་འཛི་སྟེ་གསུམ་པོ་སྣང་བར་བྱས་ལ་རྡོ་རྗེ་འཆང་བར་བྱས་ཏེ། དཀྱིར་གྷི་འཁྲོ་ལྔ་གཞུག་པར་བྱའོ། ར་གྱི་འཁོརའང་བདག་ལའོ།། ་བདག་ཉིད་ཀྱང་ཡེ་ཤེས་སེམས་དཔའ་ཡའོ།། ཡེ་ཤེས་སེམས་དཔའ་ཡུང་མཚན་མ་ལའོ།། མཚན་མ་ཡང་ཐིག་ལེའི་ནང་དུ་ཆུད་པར་བྱས་ལ་ཐིག་ལེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ ་སུས་སྐད་ཅིག་གིས་བསྒོམ་པར་བྱའོ།། འདིར་བསྙེན་པ་ལ་སོགས་པ་ནི་ཆེན་པོའི་སྒྲར་བརྗོད་པར་བྱའོ།། ཡང་འོད་ཟེར་གྱིས་ཕྲེང་བས་སཾ་བོན་སྣང་བར་བྱས་ལ། ས་བོན་ལས་མཚན་མཱ་མཚན་མ་ལས་ཡེ་ཤེས ་སེམས་དཔའ། ཡེ་ཤེས་སེམས་དཔའ་ལས་བྱུང་རྡོ་རྗེ་འཆང་པ། དེ་ལས་ཀྱང་དཀྱིལ་འཁོར། དཀྱིལ་འཁོར་ལས་ཀྱང་འཇིག་རྟེན་གསུམ་པོརོ་སྤྲོ་བ་དང་། བསྡུ་བ་བྱས་ལ་ཇི་སྲིད་འདོད་ཀྱིས་བར་དུ ་བསྒོམ་པ་ནི་ཐིག་ལེའི་རྣལ་འབྱོར་རོ།། དེ་ནས་དེ་བཞིན་གཤེགས་པ་ལྔ་ཁར་བཅུག་ལ་རྡོ་རྗེའི་ལམ་ནས་ཕྱུང་སྟེ། སྔ་མ་བཞིན་དུ་བྱང་ཆུབ་ཀྱིས་སེམས་སུ་གྱུར་པ་རང་དང་འདྲ་བའི་རིག་མའི་ལྟེ་བར། ་ནས་འབྲུ་ཙམ་གྱི་རྡོ་རྗེ་བསམས་ལ། དེའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པའི་རིམ་པས་སྐད་ཅིག་ཙམ་གྱིས་བསྒོམ་པ། ནང་དུ་ཆུད་པར་བྱའོ།། འདིར་བསྙེན་པ་ལ་སོགས་པ་ནི་ཆེན ་པོའི་སྒྲར་དུཎྜོད་པདྨ་བྱའོ།། ཇི་སྲིད་བརྟན་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ། ཤིན་ཏུ་སྤྲོ་བར་མི་བྱ་ལ་བརྟན་པར་གྱུར་ནས་ནི་དེ་བཞིན་གཤེགས་པ་ལྔ་དང་།། དེའི་མཚན་མ་སྣ་ཚོགས་སྤྲོ་བར་བྱ ་སྟེ། འདི་ནི་ཕྲ་མོའི་རྣལ་འབྱོར་རོ།། ་ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་ཟློས་ཤིང་སྐུ་དང་ཤིང་གསུང་དང་ཐུགས་རྡོ་རྗེ་ལས་རེ་རེ་ཞིང་སྐུ་དང་། གསུང་ཐུགས་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་སེམས་དཔའ་ནི་ལྔ་པོའི་བདག་ཉིད་ཅན་ཉིད་དུ་ཐ་མ་དེ་དག་ཐམས ་ཅད་རིམ་གྱིས་སམ་ཅིག་ཅར་ཡང་དག་པར་སྤྲོས་ལ་ལེགས་པར་མཆོད་དེ། ཉེ་བར་བསྡུས་ལ། དབུགས་རྔུབ་པོ་དང་། དབྱུང་བས་དལ་བ་དང་རིངས་པ་མེད་པར་ཟླ་བར་བྱ་ཞིང་སྔགས་ལ་ཡང་ཞེན་པ་མེད་པར ་གསང་སྔག་སྱ་བཟླབ་བྱའོ།། བདེ་བ་ལ་ཤིན་ཏུ་ཞེ་ན་ན་སྔར་བཤད་པའི་གླུས་བསྐུལ་ལི་འཁོར་ལོ་མཆོད་པར་བྱའོ།། སྐྱོ་བོར་གྱུར་ན་མཐོ་གངྒཱ་ཙམ་གྱིས་སྤགས་པར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི ་པའི་ཡི་གེ་སོ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་དབུགས་དབྱུང་བ་དང་། རྔུབ་པའི་ལྕགས་ཀྱུས་དྲོངས་ལ་བདག་ཉིད་ཚིམ་པར་བྱའོ།། གཤེགས་སུ་གསོལ་བར་འདོད་ན་མཆོད་པ་ལ ་སོགས་པ་བྱས་ལ། ས་བོན་གྱི་སྔགས་ཀྱིས་འཁོར་ལོ།། བདག་ཉིད་ཀྱི་ནང་དུ་ཆུད་པར་བྱས་ལ། སྐུ་ལ་སོགས་པར་བྱིན་གྱིས་བརླབས་པར་བསམས་ལ། སེམས་ཅན་ལ་ཕན ་པའི་ཕྱིར། སྨོན་ལམ་བྱས་ནས། རང་གི་ལྷའི་ང་རྒྱལ་དུ་བྱས་ལ། ཡུལ་རྣམས་གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པ་འོ་མ། རྣམ་པར་སྣང་མཛད་ལོ་སོགས་པ་དང་། རྡོ་རྗེ་འཆང་དང་འདྲ་བར་བལྟ་བར་བྱ་སྟེ། ་འདི་ཉིད་དེ་བཞིན་གཤེགོས་པ་ཐམས་ཅད་ལ་མཆོད་པ་ཡིན་ནོ།། ཟས་ལ་སྤྱོད་པའི་དུས་སུ་སྙིང་གར་ཟླ་བ་ལ་གནས་པའི། དཀྱིལ་འཁོར་གྱི་འཁོར་ལོ་དམིགས་ལ། རང་གི་ཟས་བདུད་རྩི་ལྔའི་རང་བཞིན་ཅན ་དུ་བསམས་ལ། རང་གི་སྔགས་ཀྱང་མངོན་པར་བཟླས་ལ། སྐུ་ལ་སོགས་པའི་ལྷ་རྣམས་ཚིམ་པར་བྱ་སྟེ། འདི་ཉིད་ནི་ནང་གི་སྦྱིན་སྲེག་ཡིན་ནོ།། དེ་བཞིན་དུ་འདོད་པའི་ཡོན་ཏན་ལྔས་བདག་དང་གཞན་ལ ་ལ་མཆོད་པ་ནི་དེ་བཞིན་གཤེགས་པའི་ངམ་ཚིག་ཡིན་ནོ།། དེ་ལྟ་བུའི་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས། བདག་དང་གཞན་ལོ་མཆོད་པའི་བདེ་བར་གཤེགས་པ་མཆོད་པ། གང་ཅུང་ཟད་ཅིག་བྱེད་པ ་ཐམས་ཅད་ཕྱག་རྒྱ་དང་སྔགས་ཀྱིས་རྣམ་པ་ཡིན་ཞིང་། ཁ་ན་མ་ཐོ་བ་མེད་པས་འཚང་རྒྱ་བ་ཉིད་ཐོབ་པར་བྱེད་པ་ཡིན་ནོ།། དམ་ཚིགས་ཉམས་པ་ལ། དམ་ཚིག་རྡོ་རྗེའི་རྣལ་འབྱོར་པས་སྣ་ཚོགས་པདྨ་ལ ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་བཞུགས་པའི་ཡེ་ཤེས་སེམས་དཔའ་ཆོ་ག་བཞིན་དུ་བསྐྱེད་ལ། སྔར་བཤད་པའི་ཆོ་གས་དབང་བསྐུར་བྱས་ལྔ། བཟླས་བརྗོད་ལ་སོགས་པ་བྱའོ།། ཕྱིའི་ཁྲུས་ལ་ཡང་རིམ་པ། ་འདི་ཉིད་ཁྱད་པར་དུ་བསྟན་པར་བྱའོ།། ཐུན་གྱི་ཐ་མ་ཡང་དེ་བཞིན་དུ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས། བཟླས་བརྗོད་བྱས་ལེ། སྙིང་གར་འཁོར་ལོ་བསྡུས་ཏེ། སྙིང་རྗེ་དང་། ཤེས་རབ་ཏུ ་ལྡན་པས་ཉལ་བར་བྱའོ།། ལངས་པའི་དུས་སུ་སྤྱན་ལ་སོགས་པའི། གླུས་བདག་ཉིད་ཡང་དག་པར་བསྐུལ་ལ། སྔ་མ་བཞིན་དུ། རང་གི་ལྷར་བསྐྱེད་དེ། མིག་ལ་སོགས་པ་བྱིན ་གྱིས་བརླབས་པ་བྱས་ལ། དཀྱིལ་འཁོར་སྤྲོས་ཏེ། བཟླས་བརྗོད་ལ་སོགས་པ་བྱའོ།། དངོས་གྲུབ་སྒྲུབ་ནི། སྔར་བཤད་པའི་དཀྱིལ་འཁོར་ལ་གནས་པ་ཉིད་ཀྱིས་བསྒྲུབ་པར ་བྱའོ།། བགོགས་ནི་བདུད་རྩི་ཐབས་སྦྱོར་གྱིས། འཁོར་ལོརརུ་བསམས་པ་སུ་འབོད་མི་དགོས་པར་འཇོམས་པར་འགྱུར་རོ།། ལས་ཀྱིས་རྒྱལ་པོ་མཆོག་ཅེས་བྱ་བའི། ཏིང་ངེ་འཛིན ་གསུམ་པའོ།། རབ་ཏུ་གསལ་བ་ཞེས་བྱ་བའོ།། སྒྲུབ་པའི་ཐབས་སློབ་དཔོན་དཔེ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་བྷིརྱ་བྷ་ཏྲ་དང་།། ་ཞུ་ཆེན་གྱི་ལོ་ཙ་བ་དག ་