CLOSE WINDOW

GT756: de kho na nyid rin po che snang ba'i rnam par bshad pa
Wyliee-texts produced with BDRC’s OCR application

བྱེད་ཤོག། དྲོ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཏྱཏྟ་རེཏྣེ་ལོ་ཀ་བྱཱ་ཁྱཱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་རིན ་པོ་ཆེ་སྣང་བའི་རྣམ་པར་བཤད་པ།། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལོ།། འོད་དཔག་མེད་པ་རིན་ཆེན་གྱི།། འོད་ཀྱི་སྤྱི་གཙུག་མཛེས་པ་ཡིས།། འཇིག་རྟེ་ནི་དབང་ལ་ཕྱིག་འཚལོ།། བཞི་པོའི་སྣང་བར་རབ ་བ་ཤྲ་དི་བྱ།། དཔེ་མེད་ཅེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱག་ན་པདྨ་བསྣམས་པ་དེ་ནི་ཕྱག་ན་པདྨ་སྟེ། བཅོམ་ལྡན་འདས་སྤྱན་རས་གཟིགོས་དབང་ཕྱག་ཡིན་ལ།། དེ་རྒྱལ་བར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ ་བུ་ཞིག་དང་ལྡན་ཞེ་ན། དཔེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་མེད་པ་ནི་ཤིན་ཏུ་གྱོ་ནོམ་པ་ཉིད་དང་། རྒྱ་ཆེ་བ་ཉིད་དང་།། འཁོར་བའི་མཐའི་བར་དུ་གནས་པའོ།། མཚན་ཉིད་ཀྱི་ཆོས་དང་ལྡན་པ་སྟེ། གཞན་དག་ལ ་དྲི་མེད་པའི་ཕྱིར་རོ།། གང་གི་རང་བཞིན་བདེ་བ་ཉིད་ཀྱི་ངོ་བོ་དཔེ་དང་བྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། དཔལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད ་ཡིན་ལ། དེའོ་གནས་ནི་བཞིར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་ཀུན་ཏུ་འགྲོ་བ་ཉིད་ཡིན་པའི་ཕྱིར།། སོ་སྔོར་ངེས་པའི་གནས་མེད་པས་ན་གནས་མེད་པའོ།། ཡང་ཁྱད་པར་ཅི་འདྲ་ཞེ་ན། ་དཔེ་མདྨ་རྣམས་ཏེ། གཟུགས་མཆོག་ཏུ་གྱུར་པ་དང་། ན་ཚོད་དྲང་། སྒྲོག་པ་ལ་སོགས་པའི་ཉམས་དང་སྙིང་རྗེ་ཆེན་པོ་ལཱ་སོགས་པ་དང་ལྡན་པ་ཉིད་ཀྱིས་ན་དཔེ་མེད་པ་སྟེ། དཔེ་ལས་འདས་པའི་གཟུགས་རྡོ་རྗེ་ལ་སོགས་བཱ་ནཱ།། ་སྒྲོལ་མའི་མཐར་ཐུག་པའི་ལྷ་མོ་བཅུའི་ཇོ་བོ་རིག་པའི་འཁོར་གྱིས་བསྐོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་རང་གི་འོད་ཀྱི་རིག་པ་སྟེ། ཤེས་རབ་དང་ལྷན་ཅིག་འཇུག་པའི་ཕྱིར་རིག་པ་དང་བཅས་པའོ།། སྲིད ་པ་གསུམ་ནི་འཇིག་རྟེན་གསུམ་ན་གནས་པའི་སྐྱེ་བོའོ།། གང་ལ་ཕན་པ་ནི་མ་འོངས་པའི་ཕན་པ་སྟེ། སངས་རྒྱས་ཉིད་ལ་སོགས་པའོ།། དེ་ལ་བདེ་བ་ནི་འཕྲལ་གྱི་ཕན་པ་སྟེ། འཁོར་ལོ་སྦྱར་བ་ཉིད་ལ་སོགས་པའོ།། དེ་ཐོབ ་པ་ནི་རྙེད་པ་སྟེ། མངོན་དུ་བྱས་པའོ།། དེ་དག་སྒྲུབ་པོར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདོས་པའི་ངོ་བོ་རྙེད་པས་རྣམ་པ ་གཞན་དུ་མི་འགྱུར་བའི་ཕྱིར་འགྱུར་བ་མེད་པ་ཡིན་ཏེ་དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་རྒྱལ་བར་གྱུར་ཅིག་ཅེས་བྱ་བའོ།། དུས་ཇི་སྲིད་དུ་ཞེ་ན། ཇི་སྲིད་རེ་བ་སྣང་བར་ཞེས་བྱ་བ་སྨོས་ཏེ། ་རཱི་བའི་ངོ་བོའི་སྒྲས་ནི་ཕྱོགས་བཅུ་དམ་ན་མཁའི་རང་བཞིན་པའམ་ཡང་ན་རེ་བ་སྟེ། སེམས་ཅན་ཐོམས་ཅད་སྲིད་པའི་ལོངས་སྤྱོད་ལ་སྲིད་པའོ།། ར་པ་དེ་སྣང་བ་ནི་གསལ་བ་དང་། རབ་ཏུ་འཇུག་པ་དང་། རབ་ཏུ་སྐྱེ་བའི་བར་དུ་སྟེ། དེ ་སྲིད་དུ་བཅོམ་ལྡན་འདས་རྒྱལ་བར་གྱུར་པ་ནི་ཁྱབ་འཇུག་དང་ལྷ་ཆེན་པོ་དང་། ཚངས་པ་ལ་སོགས་པ་ཐམས་ཅད་ལས་ཁྱད་པ་ར་དུ་འཕགས་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། དྲི་ལྔ་དཔེ་མེད་བདེ་བའི་ངོ་བོ་ཞེས་བྱ་བ་འདིས་ནི་རང་གི ་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། དཔལ་གྱི་གཽ་ནས་འགྱུར་ཞེས་བྱ་བ་ནི་དེའི་ཐབས་ཡིན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་དཔལ་གྱི་སྒྲས་མངོན་པར་བརྗོད་པའི་ཕྱིརོ།། སྲིད་པ་གསུམ་ན་ཕན་དང་བདེ་བ་ཐོབ་མཛད ་ནིས་ཀྱི་བོ་འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཏཱིསྠཱནྟ་ཏོ།། དཔེ་མྱེད་ལཱུ་མོ་བཅུའི་ངོ་བོ་རེག་དང་། རིག་མར་བཱཿས་ཤེས་བྱ་བ་འདིས་ནི་དྲིའི་ཐེབས་ཡིན་ཏེ། ལྷ་མོ་བཅུ་དོང་དམ་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་།། ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པས་སྦྱོང་ན། གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་མཛད་པའི་མཐུ་མི་མངའ་བའི་ཕྱིར་རོ།། དཔལ་ལྡན་སྔགས་ཀྱི་གཞུང་ལུགས་ཤེས་ཞེས་བྱ་བ་ལ་སོགས་པ་ལ།། སྔགས ་ཀྱཻ་གཞུང་ལུགས་ཞེས་བྱ་བའི་སྒྲས་ནི།། རྣལ་འབྱོར་གྱི་རྒྱུད་སྤྱིར་རྗོད་པར་བྱེད་པ་ཡིན་དུ་ཟིན་ཀྱང་ཤུགས་ཀྱིས་དཔལྔ་གསང་བ་འདུས་པ་ཡོངསུ་གཟུང་བར་བྱ་སྟེ། གཞན་དག་ལ་བཞི་པའི་དོན་མི་སྐྱིད་པའི་ཕྱི་རོ།། ལྷག་མ ་ནི་གོ་སླའོ།། དུ་མའི་མན་ངག་ཅེས་བྱ་བ་ལ་སོགས་པ་ལ། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་སློབ་དཔོན་དུ་མུའི་མན་ངག་གི་ཚིགས་ཡང་དག་པར་བསྡུ་སོ་པའི་མདུན་གྱི་དབྱེ་བས་ཡོངསུ་དཀྲུགས་པ་ནི།། རྣམ་པརཱི་དཀྲུ ་པས་རྣམ་པ་ཐམས་ཅད་ལ་རྣམ་པར་ཁྱབ་པ་སྟེ། དེས་བསྒྲུབ་པར་བྱ་བ་དཀྲུགས་པའོ།། གསལ་བར་རྟོགས་པར་བྱི་ཕྱིར་ཞེས་བྱ་བ་ནི་བདེ་བར་གསལ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱའི་ཐ་ཚིགོ།། དེ་ཉིད་བསྒྲུབ་བྱཱའི་ཞེས ་བྱཱ་བ་ལྕེ་སོགས་པཱ་ལཱ། མྱ་སྟེགས་ཅན་གང་ལ་ཀུན་ནསའཁྲུ་ལྔ་པཱ་སྟེ། རྣམ་པར་འཁྲུལ་པའི་བློ་ཤེས་རབ་ཀྱི་བྱེ་བྲག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མུ་སྟེགས་ཅན་དེ་དོག་ཐམས་ཅད་བློ་དག་དང་བདག་གི་རའཛིན་པའོ ་ལིང་རྟོག་གིས་བློའི་མིག་ཁེབས་པར་གྱུར་པས། དེ་ཁོ་ན་ཉིད་འདི་ཞེས་བསམ། བསྒྲུའི་པར་བྱ་བ་ནི་འདིའི་ཞེས་དེ་ཁོ་ན་ཉིད་དང་། བསྒྲུབ་པར་བྱ་བོ་དེའི་རང་གི་ངོ་བོ་གང་ཡིན་པ་རིག་ཅིང་ཁོང་དུ་ཆུད་པར་བྱ་བ་དེ་དག་ལ་འཁྲུལ ་པའོ།། ལྷག་མ་ནི་གོ་སླའོ།། དེ་ཁོ་ན་ཉིད་དང་བསྒྲུབ་པར་བྱ་བ་དག་ནི་བླང་བར་བྱ་བ་ཉིད་དུ་ངོ་བོ་གཅིག་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ཁོ་ན་ཉིད་དང་། བསྒྲུབ་པར་བྱ་བ་ཞེས་དབྱེ་བ་བསྟན་ཞེ་ན། དེ་ནི་བདེན་པ་མོ་ཡིན་ཏེ། དེ་ཁོ་ན ་ཉིད་ནི་བླང་བར་བྱ་བ་ཉིད་ཡིན་ཡང་།། བདེ་བ་དང་སྡུག་བསྔལ་དང་།། བཏང་སྙོམས་ལ་སོགས་པ་སོ་སོར་སྣང་བའི་ཚིགས་མ་ལུས་པ་ལ་ཤེས་བྱ་ཙམ་དུ་ཁྱབ་པར་བྱེད་པ་ཡིན་ལ།། བསྒྲུབ ་པར་བྱ་བ་ཡང་མངོན་པར་འདོད་པར་བྱ་བ་མ་ཡིན་པ་ལས་བཟློགས་པར་འདོད་པའི་མཆིན་ཉིད་ཀྱིས་བླང་བར་བྱ་བ་ཉིད་ཡིན་ཡང་།། སྲོག་ཆ་གས་ཐམས་ཅད་ཀྱིས་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་མ་ཡིན་པ་ལས་བཟློག ་པ། བསྒྲུབ་པར་བྱ་བའི་འབྲས་བུ་ཉིད་དུ་མངོན་པར་འདོད་པའི་ཕྱིར་ཉེས་པ་མེད་དོ།། དེ་ལས་རེ་ཞིག་རིག་བྱེད་ཀྱི་མཐར་སྨྲ་བའི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་ནི་དགའ་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་དགའ་བོའི་ངོ་བོ་ནི་རྟག་ཏུ་བདེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། རང་རིག་པ་ནི་གསལ་བའི་ངོ་བོ་ཉིད་ཡིན་གྱིས་བདག་ཉིད་རབ་ཏུ་སྣང་བ་ཉིད་ཀྱི་ཕྱི་རོ།། མི་གཡོ་བོ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་བསྐྱོད་པར་མི་ནུས་པའི ་པའི་ཕྱིར་རོ།། ཞི་བ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་སྟོང་པ་ཉིད་དུ་ཡོངསུ་བརྟགས་པའི་ཕྱིར་རོ།། རྣམ་པ་དེ་ལྟ་བུ་བསྒྲིབ་པར་བྱ་བ་ལ་བདུན་པ་ནི་འདོད་པར་གྱུར་པའོ།། གང་ཉན་ཐོས་དང་བཅས་པ་འཇུག ་རང་རྒྱལ་བ་ནི་བསི་རུ་ལྟ་བུ་སྟེ། གཅིག་པུ་རྒྱུ་བ་དང་། ཚོགས་ཀྱིས་སྤྱོད་པའི་རང་སངས་རྒྱས་དག་བསྒྲུབ་བྱར་འདོད་དོ།། ཅི་འདྲ་བ་ཞིག་ཅེ་ན། གཟུགས་ལ་སོགས་པའི་ཕུང་པོ་དང་བྲལ་བའོ།། གཟུགས་དང་། ཚོར་བ་དང་། ་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་དག་གི་ཕུང་པོ་རྣམས་ནི་སྤུངས་ཏེ། བྲལ་བ་དང་རྣམ་པར་ཆད་པ་དང་། འགགས་པར་གྱུར་པ་ཞེས་བྱ་བའི་བར་དུའོ།། འདི་སྐད་བསྟན་པར་འགྱུར་ཏེ། ཉན་ཐོས་དང་། ་རང་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་དབྱེ་བས་མྱ་ངན་ལས་འདས་པ་ཐ་དད་ཀྱང་ཕུང་པོ་ལྷག་མ་མེད་པོའི་མྱ་ངན་ལས་འདས་པ་ཁོ་ན་མངོན་སུམ་བྱ་བའི་ཕྱིར་བསྒྲུབ ་བར་བྱ་བར་ཞུགས་པ་ཡིན་ནོ།། །། ད་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་སྨྲ་བ་དག་ལ་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་རྣམ་པ་བཞི་བསྟན་པའི་ཕྱིར། རྣམ་པ་སྟོང་པ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། རྣམ་པ་ནི་སྔོན་པོ་དང་། སེར་པོ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པའོ་སྣ་ཚོགས་པའི་རྣམ་པའོ།། དེས་སྟོང་པ་སྟེ་རྣམ་པ་མེད་པའོ།། རྣམ་པ་མེད་པ་དེ་ཉིད་ཀྱི་ཕྱིར་ནོ་མཁའ་ལྟ་བུའོ།། གང་གཽ་རང ་བཞིན་ཟླ་བ་དང་འདྲ་བཱར་འོད་གསལ་བའི་ངོ་བོ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སོ་སོར་རང་རིག་ཅེས་བྱ་བ་ནི་རང་རིག་པ་གཅིག་པུའི་ངོ་བོ་རིག་པའོ།། འདིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དག་ལས་འགྲོ་བཱ་མ་ལུས ་བ་གདོན་པར་འདོད་པའི་སྙིང་རྗེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི་སྐད་དུ་བཤད་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པའི་སྒྲས་བརྗོད་པར་བྱ་བ་དང་། སྔོན་པོ་དང་། སོར་པོ་ལ་སོགས་པའི་རྣམ་པ ་སྣ་ཚོགས་པས་སྐྱོང་ཞིང་སྣང་བ་མེད་ལ། དྲི་མཱ་མེད་པ་ན་མཁའ་ལྟ་བུར་དག་པ་འགྲོ་བ་མ་ལུས་པའི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སོ་སོར་རང་གིས་རིག་པ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། ཕ་རོལ་ཏུ ་ཕྱིན་པའི་ཚུལ་གྱིས་བསྒྲུབ་པརའི་བྱ་བ་དང་པོའོ།། མཛེས་པ་ཡང་དེ་ཉིད་ཡིན་ལ།། མཚན་ཡང་དེ་ཉིད་ཡིན་པས་ན་མཛེས་པའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་སྟེ། དེས་བརྒྱན་པའོ།། དོན་ནི་སྐྱེ་བོ་རྣམས་ཀྱིས་དགོས་པ་སྟེ། དེ་མཛད ་པོཔོའི་ངང་ཚུལ་ཅན་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་དོན་མཛད་པའོ།། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རྒྱུ་མཐུན་པ་དེ་ནི། རང་གི་མཐའི་སྟོབས་ཀྱིས་འདྲ་བའི་འབྲས་བུའོ།། སྡུག་བསྔལ་སྔར་སྤངས་པ་ཉིད་ཀྱི་ཕྱིར་དང་། ་བདེ་བ་ཡང་སྔོན་དུ་བྱས་པའི་གནས་སྐབས་ན་མེད་པའི་ཕྱིར་བཏང་སྙོམས་ཀྱི་ངོ་བོ་ཉིད་ཀྱི་བདེ་བ་ཉིད་མེད་པ་ནི། བད་བྲེལ་བའོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་འཛིན་ཅིང་། དཔེ་བྱད་བཟང་པོ་བརྒྱད་ཅུས ་རྣམ་པར་སྤྲས་པའི་སྒོ། འགྲོ་བ་མ་ལུས་པའི་དོན་མཛད་པོ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གོམས་པར་མཛད་པའི་སྟོབས་ཀྱིས། བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་བདེ་བ་དང་། སྡུག་བསྔལ ་སྤངས་པའི་བཏང་སྙོམས་ཀྱི་ངོ་བོ་ཉིད་ནི་བསྒྲུབ་པར་བྱ་བ་གཉིས་པ་ཡིན་ནོ།། དགའ་བཅས་ཞེས་བྱ་བ་ལ་སོགས་པ་ལ། དགའ་བ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་དགའ་བ་དང་བཅས་པ་ཡིན་ལ། མཛེས་པའི་མཚན་ཉིད ་རྣམས་ཀྱིས་བརྒྱན་པནྡྷ་མྦྷ་ཡང་ཡིན་པ་སོ།། ཡང་དག་ལོངས་སྤྱོད་པ་ནི། ཆོས་བསྟན་པའི་སྐྱོནས་ཉེ་བར་ལོངས་སྤྱོད་པར་གྱུར་པའོ།། སུ་ཞིག་གིས་ཤེན། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཏེ། ས་ལྷག་མ་རྣམས་ན་གནས་པ་འབྷྱ ་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར། སུ་བཅུ་བརྙེས་པ་སྤྱན་རས་གཱཎྜཱིགས་དང་། འཇམ་དཔལ་ལ་སོགས་པ་རྣམས་ཀྱི་མོ་ལོངས་སྤྱད་པར་བྱ་བ་ཡི་ནོ་ཞེས་བྱ་བའི་བར་དུའོ།། ལྕུག་མ་ནཱི་གོ་སླའོ།། འདི་སྐད་ཅེས་བཤད་པར་འགྱུར་ཏེ། གན ་གཙང་མའི་སྟེང་ན་ཡང་དོག་པར་རྫོགས་པའི་སངས་རྒྱས་ཀྱི་ཕོ་བྲང་སྟུག་པོ་བཀོད་པ་ཞེས་བྱ་བ་ན་ཇི་ལྟར་བཅོམ་ལྡན་འདས་དགའ་བོའི་ངོ་བོ་ལོང་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན། སྦྲུལ་བཱི་མྦུའི་སྒོ་ནས་འགྲོ་བ་མ་ལུས་པའི་དོན ་སྲུང་དག་པར་སྒྲུབྱེ་བར་མཛད་པ། ཉན་ཐོས་དང་། རླུང་སངས་རྒྱས་དང་། སྣ་དགུའི་དབང་ཕྱོག་རྣམས་ཀྱིས་ཀྱང་མི་མཐོང་བའི་སཱུ་ཙནྟུ། ས་བཅུའི་དབང་ཕྱུག་མཚིག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཁོ་ནས་ཆོས་གུས་ན་པ ་སྒོ་ནས་ཉེ་བཱར་ལོངས་སྤྱད་པར་བྱ་བ་འཁོར་བ་ཇི་སྲིད་པ་ནས་བཞུགས་ཏེ། དེ་ལྟ་བུ་ནི་བསྒྲུབ་པར་བྱ་བ་གསུམ་པ་ཡིན།། སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ལ་ཡིན་ཏན་འདུ་བྱེད་གོམས་པར་བྱེད་པའི་ཕྱིར། སྦྱིན་པ་ལ ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡོན་ཏན་ཡིན་ལ། དེ་དག་ཡང་དག་པར་རྟོགས་པ་སྟེ། ཡོངསུ་རྫོགས་པར་བྱས་ནས། གང་རྫོགས་པོའི་སངས་རྒྱས་རྣམས་ཀྱིས་ངོས་པོ་རོ་མཛད་པར་བྱ་བ་མ་ལུས་པོ་དེ་ཡང་མཛད ་ནས། ཡང་དག་པ་མཐའི་སྟེ་གང་སེམས་དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་སྟོང་པའི་མཚན་ཉིད་མངོན་སུམ་དུ་མཛད་པའོ།། དེ་ཡང་བསྒྲུབ་བྱར་ཡོད་པ་ཡིནོ་ཞེས་ཕ་རོལ་ཏུ་ཕྱིན་འི ་ཚུལ་ལ་གནས་པ་དག་སྟེ་སྐད་སྨྲ་བ་བསྒྲུབ་པར་བྱ་བ་བཞི་པ་ཡིནོ།། ད་ནི་སྔགས་ཀྱི་ཚུལ་དུ་བཤད་པའི་བསྒྲུབ་པར་བྱ་བ་རྣམ་པ་བདུན་པའི་བསྟན་པོའི་ཕྱིར། ཉིད་མཚུངས་ལྷ་མོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིད ་དང་མཚུངས་པའི་ལྷ་མོས་འཁྱུད་པའི་ངང་ཚུལ་ཅན་གྱི་རང་བཞིན་གང་ལ་མངའ་བ་ད་ནི། ཉིང་མཚུངས་ལྷ་མོས་འཁྱུད་པོ་ཅནོ།། རྟོག་པ་དང་བྲལ་བ་ནི་རྟོག་པོ་མེད་ཅིང་སྤང་སྭ་ཏེ། རྣམ་པར་མི་རྟོག་པ་ཞེས་བྱ་བའི་བར་དུའོ།། ་གཞན་ནུ་གོ་སླའོ།། འདིའི་དོན་ནི་འདི་ལཱིནྡ་ཏི། ཡང་དག་པར་འཁྱུད་པ་སྟེ། ཉིད་དང་མཚུངས་པའི་ལྷོ་མོས་འཁྱུད་པ་ཅན།། འགྲོ་བ་མ་ལུས་པའི་དོན་མཛད་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་བློས་རྣམ་པར་བྷརྒྱན་པ ་བཏང་སྙོམས་ཀྱི་ངོ་བོ་ཉིད་དུ་འཁོར་བ་ཇི་སྲིད་དུ་བཞུགས་པ་མངོན་དུ་བྱ་བ་ཡིནོ།། ཞེས་བྱ་བ་བསྒྲུབ་པར་བྱ་བ་དང་པོའོ།། དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་རྣམ་པའི་ཁྱད་པར་ཏེ། བདག་ཉིད་ཀྱི་འདོད་པའི་ལྕིའོ ་རྣམ་པས་སྟོང་པ་དང་། རྣམ་པ་མེད་པ་ཞེས་བྱ་བའི་བར་དུའོ།། དང་པོ་ཉིད་ནས་ཞེས་བྱ་བ་ནི། ཐོག་མ་ཉིད་ནས་བཤད་མ་ཐག་པའི་རྣམ་པ་ཉིད་ལ་བལྟོས་པ་མེད་པར་བདེ་བ་ཡང་དག་པར་བསྒོམ་པར་བྱ་བ་རྣམ་པར་བསྒོམ་པ ་མངོན་སུམ་དུ་བྱ་བ་གསལ་བ་མ་ཡིན་པ་གསལ་བར་བྱས་པར་གྱུར་པའི་བདེ་བ་ཆེན་པོ་ཞེས་བྱ་བར་འགྱུར་རོ།། དེ་ཡང་འགྲོ་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ཚུལ་དུའོ།། འདི་སྐད་བཤད་པར་འགྱུར་ཏེ། ་བྱཤད་མ་ཐག་པ་ཉིད་ཀྱི་སྔགས་དང་། ཕྱག་རྒྱ་དང་ལྷོའི་རྣམ་པ་ཉིད་སྦྱངས་ཏེ། བདེ་བ་འབའ་ཞིག་ཙམ་བསྒོམས་པས་གསོལ་བར་བྱས་པ། བདེ་བ་ཆེན་པོ་ཞེས་བྱ་སྟེ། ཡིད་བཞིན་གྱི་ནོར་བུ་བཞིན་དུ་འགྲོ་བ་མ་ལུས་པའི ་དོན་མཛད་པ།། སྒྱུ་མ་ལྟ་བུའི་འཁོར་བ་ཇི་སྲིད་པར་བཞུགས་པ་ནི་བསྒྲུབ་པར་བྱ་བ་གཉིས་པའོ།། རང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ་རང་གི་བདག་པོ་ནི་རིང་གི་འདོད་པའི་ལྷ་ཉིད་དོ།། བདེ་བའི་ངོ་བོ་ཉིད་ནི་བདེ་བ ་གཅིག་པུའི་ར་སོ་བཞིན་ནོ།། མངོན་བྱས་པ་ནི་ཀུནྡ་ནས་མངོན་སུམ་དུ་བྱས་པོ་ཡི་ནོ།། ཕྱིས་ལྷའི་རྣམ་པ་ཉིད་ཡོངསུ་བཏང་ནས་སྒྲུབ་པའི་འབྲས་བུ་བདེ་བ་ཙམ་ལ་གནས་པར་གྱུར་པའོ།། གལ་ཏེ་མངོན་སུམ་དུ་བྱས་ན ་ཀྱང་ལྷའི་རྣམ་པའི་ངོ་བོ་ཉིད་བཏང་བར་བྱ་བ་ཡིན་པ་དེ་ལྟར་ན་ནི། དང་པོ་ཉིད་ཅིའི་ཕྱིར་རྣམ་པར་སྒོམ་པར་བྱེད་དེ། བསྒྲུབ་པར་བྱ་བ་གཉིས་པ་བཞིན་དུ་བདེ་བ་ཙམ་ཉིད་ཅི་སྟེ་བསྒོམས་པར་བྱ་བ་མ་ཡིན་ནམ་ངལ་བ ་དོན་མེད་པས་ཅི་ཞིག་བྱ་ཞེ་ན། དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པ་འབའ་ཞིག་ལྕིའི་རྣམ་པ་དང་། རྣམ་པར་བྲལ་བའི་བདེ་བ་ཙམ་ཁོ་ན་མངོན་སུམ་དུ་བྱས་ནས་ལྷོའི་བྱེད་མི་ནུས་ཏེ། རྣམ་པ་དང་བྲལ ་བའི་བདེ་བ་འབའ་ཞིག་མི་དམིགས་པའི་ཕྱིར་རོ།། རྒྱུ་དེའི་ཕྱིར་བདག་པོའི་རྣམ་པ་སྒོམ་པར་བྱེད་པ་སྟེ། བསྒྲུབ་པར་བྱ་བ་གསུམ་པ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། ལྷ་ཉིད་ཀྱི་རྣམ་པ་དང་ལྡན་པའི་བདེ ་བ་ཁོ་ན་རྣམ་པར་བསྒོམ་པར་བྱ་བ་མངོན་སུམ་དུ་བྱས་ནས་ལྷའི་རྣམ་པ་ཉིད་བཏང་སྟེ། བདེ་བ་ཙམ་ཁོ་ན་བསྒྲུབ་པར་བྱ་བ་ཡོན་ཏན་དུ་འཆ་།། སྐུ་ནི་བྱ་བ་ལ་སོགས་པ་ལ། གང་གི་སྐུ་ན་མཁའ་དང་མཚུངས་པའི་སྒྱུ་མེ་དང་འདྲ ་བར་དཔྱད་མི་བཟོད་པའོ།། གངྒཱ་ཡན་ལག་མཚོན་གྱི་སྟེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པར་གྱུར་པའོ།། དཔེ་མེད་ཅེས་བྱ་བ་ནི་གྱ་ནོམ་པ་ཉིད་དང་། རྒྱ་ཆེ་བ་ཉིད་དང་། བ.རོ་མེད་པ་ཉིད་དང་། ་འཁོར་བ་ཇི་སྲིད་པར་རང་ཏུ་འཇུག་པ་ཉིད་དང་། ཟག་པ་མེད་པ་ཉིད་ལོ་སོགས་པ་རྣམས་ཀྱིས་དཔེ་མེད་པའི་ཕྱིརརོ།། དཔེ་ལས་འདས་པའི་བདེ་བས་གང་བ་ནི། བ་སྤྱིའི་རྩེ་མོའི་མཐར་ཐུག་པར་གྱུར་པའོ།། ཉིད་དང་མཚུངས་པར ་ཡང་དེ་ལྟར་བུར་གྱུར་པས་འདུས་པ་སྟེ། ཀུན་ནས་འཁྱུད་པར་གྱུར་པའོ།། ཐུབ་པའི་དབང་པོ་དཔག་ཏུ་མེད་པ་འཕྲོ་བར་གྱུར་པ་ཡང་དེ་ལྟ་བུ་ཁོ་ནས་སེམས་ཅན་གྱི་དོན་མཛད་པའོ།། ཆད་པས་ཞེས་བྱ་བ་ནི། འགོག་པས་སྟོང ་པ་སྟེ་སྦྱངས་པའོ།། འདི་སྤྱད་བཤད་པར་འགྱུར་ཏེ། ན་མཁའ་དང་། སྒྱུ་མ་དང་། མིག་འཕྲུལ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། རྨི་ལམ་དང་འདྲ་བས། གཅིག་དང་། དུ་མ་དང ་དངོས་པོ་དང་། དངོས་པོ་མེད་པ་དང་། གཟུང་བྱ་དང་འཛིན་པའི་རང་བཞིན་དང་བྲལྟ་བ། ཐོག་མ་དང་ཐ་མ་མེད་པའི་དངོས་པོ་མ་ལུས་པའི་རང་བཞིན་སྣང་བ་མེད་པ། དྲི་མ་མེད་པ་དཔེ་ཐམས་ཅད་ལྔས་ཤིན་ཏུ་འདས་བྱ། མཆོག་ཏུ ་ཕྲེ་ཞིང་ཤིན་ཏུ་ཟབ་པ། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུའི་རང་བཞིན་ཡིན་པ་དང་། སྐུ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པ། ཤིན་ཏུ་སྒེག་ཅིང་། ན་ཆོད་ལ་སོགས ་པ་དང་ལྡན་པ་དང་། ཉིད་དང་མཚུངས་པའི་ལྷ་མོས་སྐུ་ལ་འཁྱུད་ཅིང་། གཟུགས་རྡོ་རྗེ་ལ་སོགས་པ་ནས། སྒྲོལ་མིའི་མཐར་ཐུག་པའི་ལྷ་མོའི་ཚོགས་ཀྱིས་མཚན་མ་མྱེད་པའི་དགའ་བྱའི་རང་གི་ངོ་བོའི་རབ་ཏུ་དབྱེ་བ་དཔག་ཏུ་མེད ་བྱས་མཆོག་ཏུ་དགའ་བ་ལ་ཉེ་བར་ལོངས་སྤྱོད་པའི་སྒོ་ནས། གཟུགས་བརྙན་དང་འདྲ་བས་ཡང་དག་པར་ལོང་སྤྱོད་པ་ནི་སྙིང་རྗེའི་རང་བཞིན་རྒྱ་ཆེ་བ་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་དང་། གདུལ་བྱའི་སྐྱེ་བོ་མྱོས་པ་སྣ ་ཚོགས་པ་ཡོངསུ་སྨིན་པར་བྱ་བའི་དོན་དུ། རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པ་དུ་མའི་སྒོ་ནུས་རིགས་ཀྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལྔ་སོགས་པའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་དང་། ་བསྡུ་བ་མཛད་པ་ཉིད་ཀྱིས་ནོ་སྤྲུལ་པོའི་སྐུའི་མཚན་ཉིད་དང་། སྟོང་པ་ཉིད་དང་། སྙིང་རྗེ་ཐ་མི་དད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དྲི་མ་མེད་པ། ཤེས་རབ་དང་ཐབས་ཀྱིས་ཏིང་ངེ་འཛིན་ལས་ཡང་དག་པར་འབྱུང་བའི་བདེ ་བ་དམ་པས་གང་བ། འཁོར་བ་ཇི་སྲིད་པར་བཞུགས་པའི་ཆོས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་མར་མེ་རླུང་གིས་མ་བསྐྱོད་པའི་རྩེ་མོ་བཞིན་དུ་དྲི་མ་མེད་པའི་རྒྱུན་གྱི་རྟག་པ ་ཉིད་ཀྱིས་འགོག་པས་སྟོང་པ་ནི། བསྒྲུབ་པར་བྱ་བ་བཞི་པའོ།། རང་བདག་ཅེས་བྱ་བ་ལ་སོགས་པ་ལ་རང་གི་བདག་པོ་མངོན་སུམ་དུ་བྱས་ནས་ཕྱིས་བཏང་ཏེ། བཏིང་སྙོམས་ཀྱི་ངོ་བོ་གང་ཡིན་པའི་ཡེ་ཤེས་དེ་ཙམ་ཞིག་བསྒྲུབ ་བྱར་འགྱུར་རོ།། གཞན་ནི་རྟོགས་པར་སྐྱེའོ།། འདི་སྐད་བཤད་པར་འགྱུར་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་མངོན་སུམ་དུ་བྱས་ནས། ཕྱིས་དེ་བཀླག་ཅིང་བཏང་སྙོམས་ཀྱི་ཡེ་ཤེས་ཙམ་དུ་གྱུར་པ་ནི་བསྒྲུབ་པར་བྱ་བ་ལྟ ་བོའོ།། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་བདེ་བའི་རང་བཞིན་ཅན་མངོན་དུ་བྱས་ནས། དེའི་རང་གི་འདོད་པོ་ངེས་པར་ལྡོག་པ་ནི་འགོག་པའོ།། གལ་ཏེ་མངོན་དུ་བྱས་ནས་ཀྱང་།། ཕྱིས་རང་གི་འདོད་པས ་འགོག་པར་བྱ་བ་ཡིན་ན་ནི་དེའི་ཚེ་ཡུན་རིང་པོར་གོམས་པར་བྱས་པའི་སྙིང་རྗེ་མེད་པར་འགྱུར་བ་མ་ལོན་ནམ། དེ་ཡང་མེད་པའི་ཕྱིར་སེམས་ཅན་གྱི་དོན་མེད་པར་འགྱུར་རོ།། ཞེས་ངོགས་པོ་ལ། སེམས་ཅནྡོ་དོན་ཡ་པཱ་ཡོད་དེ་འདིར ་མེད་པ་མིན་ཞེས་བྱ་བ་སྨོས་ཏེ། ཕྱོགས་འདི་ལ་སེམས་ཅན་གྱི་དོན་བྱེད་པ་མེད་པ་མེ་ཡིན་ཏེ། གང་གི་ཕྱིར་འགོག་པའི་འཁོར་ལོ་ལས་སྙིང་རྗེའི་རང་བཞིན་ཅན་སེམས་ཅན་གྱི་དེན་རབ་ཏུ་འབྱུང་བ་ཡོད་པ་ཡི་ནོ།། དེ་ནི་འདི་སྐད་དུ ་བསྟན་ཏེ། བདེ་བས་ཡང་དག་པར་གང་བའི་འཁོར་ལོ་མཛད་ནས། དུས་ཇི་སྲིད་དུ་འདོད་པར་རྣམ་པར་གནས་པ་སྟེ། ཕྱིས་པ་རྣམ་པ་ཐམས་ཅད་དུ་མར་མ་བཞིན་དུ་འགོག་པ་ཡིན་ནོ།། ཡང་གང་གི་ཚེ་སེམས་ཅན་གྱི་དོན་མངོན་པར ་འདོད་པར་གྱུར་ན། དེའི་འགགས་པ་ཉིད་ལས་འཁོར་ལོའི་ཁྱད་པར་འབྱུང་ཞིང་སེམས་ཅན་གྱི་དོན་མཛད་དོ།། འཁོར་ལོའི་ཁྱད་པར་འབྱུང་བ་ཡང་རིང་དུ་འགགས་པའི་འཁོར་ལོ་ཁོ་ན་ལས་བསྐལ་པ་ཇི་ལྟ་བ་བཞིན་དུ ་གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པ་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དྲུག་པའོ།། དེ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་དྲུག་པོ་རྣམས་ཀྱི་ནང་ནས་འབྲས་བུ་བསྒྲུབ་བྱ་གང་ཁོ་ན་མངོན་པར ་འདོད་པ་དེ་ཉིད་མངོན་སུམ་དུ་བྱས་ཤིང་དེའི་འོག་ཏུ་རྣམ་པ་ཐམས་ཅད་དུ་མར་མིའི་བཞིན་དུ་འགོག་པ་དུས་གཞན་ན་སེམས་ཅན་གྱི་དེ་ནི་ལ་སོགས་པས་སྟོང་པ་མངོན་སུམ་དུ་བྱས་པ་ཡིནོ།། ཕྱོགས་དྲུག་གི་དབྱེ་བས ་འགོག་པ་ཡང་དྲུག་ཁོ་ནར་གྱུར་པ་ཡིན་ནམ། འགོག་པ་དེ་ཇི་ལྟར་ན་གཅིག་ཁོ་ནར་འགྱུར་ཞེས་དོགས་པ་ལ། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མི་དད་པའི་ངོ་བོ་གང་ཡིན་པ་དེ་ལ་དེ་སྐད་བྱ་སྟེ། ཕྱོགས་དྲུག ་གི་མཚན་ཉིད་ཀྱི་དབྱེ་བས་ཀྱང་འགོག་པ་རྣམས་ལ་ཐ་དད་པ་ཡོད་པ་མ་ཡིན་ཏེ། འགོག་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གཅིག་ཅིང་མཚུངས་པའི་ཕྱིར་རོ།། དོན་ནི་འདི་ཡིན་ཏེ། ཕྱོགས་གཞན་ཞིག་མངོན་སུམ་དུ་བྱས ་ནས། དེའི་འོག་ཏུ་དེའི་རྒྱུན་རྒྱུད་ཆད་པའི་ངོ་བོ་འགོག་པ་ནི་བསྒྲུབ་པར་བྱ་བ་བདུན་པའོ།། ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རཔྟ་དང་ཡེ་ཤེས་ནི་ཤེས་རབ་ལེ་ཤེས་ཏེ། དབང ་བསྐུར་བའི་བྱེ་བྲག་གོ། ཕྱིས་ནི་འདས་ཀྱི་འོག་ཏུའོ།། གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཏེ་བདུད་རྩིའི་ངོ་བོ་ལྟོས་བཀུག་ནས་བླངས་པ་གང་ཡིན་པ་དེ་ནི་བཞི་པ་སྟེ། དབང་བསྐུར་བཞི་པ་ཡིན་པར་སྨྲ་བ་དེ་ནི་མཆོག་མ་ཡིན་པ་དང་། དམན་པ ་ཤིན་ཏུ་སྨད་པ་ཞེས་བྱ་བའི་བར་དུའོ།། ཅིའི་ཕྱིར་མཆོག་མིན་ཞེ་ན། གང་གི་ཕྱིར་སྔགས་དང་ཕྱག་རྒྱ་དང་། ལྷའི་ཉིད་ལ་སོགས་པའི་རྣམ་པ་སྒོམ་པ་ལ་ཡང་དང་ཡང་དུ་འབད་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་གསུངས ་པའི་སྒྲུབ་པའི་མཚན་ཉིད་དོན་མེད་པ་ཐོབ་པར་འགྱུ་རོ།། གང་ལས་ཤེ་ན། དེ་འབྲས་ཏེ་བསྒོམ་པས་བསྒྲུབ་པར་བྱ་བའི་འབྲས་བུ་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱང་བའི་མྱང་བའི་དུས་ཉིད་ན་རབ་ཏུ་གྲུབ་པ་ཉིད་དང་། འབྲས་བུ་ཁྱད་པར ་གཞནི་ཡང་མེད་པའི་ཕྱིར་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ལ་ཤེས་ལས་དུས་ཕྱིས་ཇི་ལྟར་བ་བཞིན་དུ་སྙེད་པའི་དགའ་བོ་སྟེ། བུད་མེད་གང་ཡིན་པ་དེ་དང་། རེག་པའི་སྒོ་ནས་རོ་མྱོང་བའི ་དབང་བསྐུར་བ་གང་ཡིན་པ་དེ་ནི་དམན་པའོ།། ལྷག་མའི་དོན་ནི་རྟོགས་པར་ཟད་དོ།། དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་བྱ་བ་བཤད་པར་བྱ་བ་ལ་བཞི་པ་ནི་གསུམ་པ་ཤེས་རབ་ཡེ་ཤེས་ལས་བལྟོས་ནས་བཞི་པ་ཞེས་བྱའོ།། ། ་དེ་ལྟར་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་དེ་མཚོན་པར་བྱེད་པ་ཡིནོ།། ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་དེ་ལས་ཁྱད་པར་དུ་གྱུར་པ་ཡིན་ལ། ཁྱད་པར་ཡང་ཟག་པ་མེད་པ་ཤིན་ཏུ་རྒྱས་པ་ཉིད་དང་། བར ་ཚད་མེད་པ་ཉིད་དང་། རྒྱུན་མི་འཆད་པར་སྐྱེ་བ་ཉིད་ཀྱི་མཚན་ཉིད་དོ།། དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་གྱི་སྒྲས་དེ་དང་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་དང་འདྲ་བ་ཉིད་ཀྱང་ཅི་འདྲ་བའི་ཤེས་རབ་དང་ལྡན་པོའི་ཚོགས་པ་ལས།། ། ་ས་རབ་ཡེ་ཤེས་ཅི་འདྲ་བ་སྐྱེ་བ་བཞིན་དུ་ཕྱིས་ཀྱང་དེ་དང་འདྲ་བའི་ཚོགས་པ་ལས་ཀྱང་དེ་དང་འདྲ་བ་བསྐྱེད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གྱི་སྒྲའི་དོན་ཡིན་ནོ།། འདིར་ཡང་མཚོན་པར་བྱ་བའི་དོན་མཚོན ་པར་བྱེད་པའི་དངོས་པོ་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། འདིར་གོ་བར་བྱེད་པས་ན། མཚོན་བྱེད་དེ་ཉམ་སུ་མྱོང་བ.རོ་གྱུར་པའི་ཤེས་རབ་ཡེ་ཤེསོ།། ཁྱད་པར་མ་གཟུང་བའི་ཁྱད་པརྭ་ཅན་རྟོགས་པར་མི་འགྱུར་བ་ཞེས་བྱ་བའི་རིགས ་པ་དས་ཉམས་མ་མྱོང་བར་མི་ཚུན་བྱེད་ཉིད་དུ་མི་འཐད་དོ།། མཚོན་པར་བྱ་བ་ཞིང་ཤེས་པར་བྱས་ལ་གོ་བར་བྱ་ཞིང་བསྒྲུབ་པར་བྱ་བས་ན། མཚོན་བྱ་སྟེ། མངོན་དུ་གྱུར་པའི་བཞི་པའོ།། འདིར་འགའ་ཞིག་དབོང་ནི་རྣམ་པ ་གསུམ་དག་ཏུ། རྒྱུ་འདི་ལས་ནི་རབ་ཏུ་གྲགས། ཞེས་གསུངས་པས་ན། བཞི་པ་ནི་ཡང་དག་པ་མ་ཡིནོ་ཞེ་ནོ།། དེ་ལྟར་དེ་བཞིན་བཞི་པ་ཡང་། ཞེས་བྱ་བའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡོད་པ་མ་ཡིན་ནམ། ་ཇི་ལྟར་མེད་ཅེས་ནཱ་འདེན་ཏེ། བཅོམ་ལྡན་འདས་ཀྱི་མན་ངག་བསྲུང་བར་བྱ་བའི་ཕྱིར་དང་། སེམས་ཅན་མགོ་རྨོངས་པར་བྱ་བའི་ཕྱིར་གསུམ་པ་ཁོ་ན་ལྔ་བཞི་པའི་སྒྲར་གསུངས་པ་ཡིན་གྱི། གཞན་དུ་ན ་དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་གསུངས་པར་མི་འགྱུར་རོ་ཞེ་ན། དེ་ནི་ཤིན་ཏུ་འབྲེལ་པ་མང་པོ་ཡིན་ཏོ།། བཞི་པ་ཚད་མས་གྲུབ་པར་ཤེས་པར་བྱ་བའི་ཕྱིར་དང་། བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིརརོ།། གཞན་དག་སྒྲུབ་པ་ཆེན་པོ ་བཞི་པ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་བཞི་པ་ཞེས་བྱ་བའི་ཚིག་ཡོད་པ་ཡིན་པ་དེ་ཉིད་འདིར་རྣམ་པར་འབྲེལ་པའི་ཕྱིར་བཞི་པའི་སྒྲས་གསུངསོ་པ་ཡིན་གྱི། བཞི་པ་ཞེས་བྱ་བའི་དབང་བསྐུར་བའི་ཁྱད་པར་ཡང་ཡོད་པ་མ་ཡིན།། ། ་ཞེ་ན། དེའི་འདོང་པོ་ཉིད་ལྟར་ན་འདི་ལ་མངོན་དུ་བྱ་བ་འབད་པའི་ཕྱིར་དེ་སྐོམ་པ་དོན་མེད་པའི་ཉེས་པར་འགྱུར་རོ།། འབྲས་བུ་དང་བཅས་པར་ཁས་ལེན་པ་ཡང་བཞི་པ་གྲུབ་པ་ཡིནོ།། དེ་ཡི་མཚན་པོར་བྱེད་པ་ཤེས་འབྲུ་ཡེ་ཤེས ་ཉིད་ནི་ཁོང་དུ་ཆུད་ལྔ། མཚོན་པར་བྱ་བ་ལ་ཐམས་ཅད་རྨོངས་པ་གྱུར་པས་དེ་རྣམ་པར་དབྱུང་བར་བྱ་སྟེ། མཚོན་བ་བྱེ་བ་ཡང་སྤྲིད་ན་དོན་གྱི་ངོ་བོ་ཞིག་གམ། ཤེས་པའི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། དེ་ལ་དོན་གྱི་ངོ་བོ་ཉིད་ནི་མ ་ཡིན་ཏེ། དོན་ཉིད་མེད་པའི་ཕྱིར་དང་། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཚད་མས་དེ་བསིལ་བ་ཉིད་ཀྱི་ཕྱིར་རོ།། སྔགས་ཀྱི་ཚུལ་ལ་ཡང་རྣམ་པར་ཤེས་པར་སྨྲ་བ་དང་། དབུ་མ་པའི་འདོད་གཞུང་གཙོ་བོ་ཉིད ་ཡིན་པའི་ཕྱིར་རོ།། ཤེས་པའི་ངོ་བོ་ཞིག་ཏུ་འགྱུར་གྲང་ན། ཤེས་པ་ཡང་རྣམ་པ་དང་བཅས་པ་ཞིག་གམ། རྣམ་པ་མེད་པ་ཞིག་ཏུ་གྱུར་གྲང་། རྣམ་པ་དང་བཅས་པ་ལ་ཡང་ཤེས་པ་གཉིས་མེད་པའི་ངོ་བོ་འམ། དུ་མའི་ངོ་བོ་ཞིག ་ཏུ་འགྱུར་ཞེས་རྣམ་པར་བརྟག་པར་བྱ་བཱ་ཡི་མོ།། དེ་ལ་རྣམ་པ་མེད་པར་སྨྲ་བ་དག་གི་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། ན་མཁའི་མེ་ཏོག་དང་འདྲའོ་ཞེས་སྨྲའོ།། མངོན་སུམ་ལ་སྔོན་པོ་དང་། སེར་པོ་དང་། དཀར་པོ་ལ་སོགས ་པ་དང་། བུམྦྷ་པཱ་དང་། སྣམ་བུ་དང་། ཤིང་རྟ་ལྔ་སོགས་པའི་ངོ་བོར་རྣམ་པ་རྣམས་སྣང་བ་མ་ཡིན་ནམ། དོན་དེ་དག་ལྔ་མེད་པའི་ཕྱིར་ཤེས་པའི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་རྣམ་པ་དང་བཅས་པ་མ་ཡིན་ཞེ་ན། བདེ་སྟེ་རྣམ་རྣམས ་སྣང་བ་ཉིད་ནི་ཡིན་མོད་ཀྱི། འོན་ཀྱང་རྫུན་པ་ཡིན་ནོ།། རྫུན་པ་ཉིད་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཚད་མའི་མཚན་ཉིད་ཀྱིས་རབ་ཏུ་གྲུབ་བོ།། ཚད་མའི་ངོ་བོ་དེ་ཡང་གཞན་དག་ཏུ་བཤད་པ་ཉིད་ཀྱིས་འདིར་མ་སྤྲོས་སོ།། རྫུན ་པ་ཉིད་དུ་གྲུབ་པས་ཀྱང་སྒྱུ་མའི་རང་བཞིན་དང་འདྲ་བའི་རྣམ་པར་འཁྲུལ་པའི་རང་བཞིན་རབ་ཏུ་སྟོན་ལ། འཁྲུལ་པ་ལོག་པས་ཀྱང་ཤེལ་སྒོང་དག་པ་ལྟ་བུ་རྣམ་པ་མེད་པ་ཁོ་ན་དོན་དམ་པར་གྲུབ་པར་འགྱུ་རོ།། དེ་བས་ནཱ་རྣམ ་པ་དང་བཅས་པའི་རྣམ་པ་པོར་ཤེས་པ་ནི། ཤེས་པ་གཉིས་མེད་པའི་ངོ་བོ་འམ། དུ་མའི་ངོ་བོར་ཡོད་དོ་ཞེས་པའི་རྟོག་པ་ཉིས་ཀ་བསལ་བ་ཡིན་ནོ།། རྣམ་པ་མེད་པའི་ཤེས་པ་ཡང་དམིགས་པའི་རིག་བྱར་གྱུར་པ་རྨི་ལམ ་ན་ཡང་མ་དམིགས་པ་མ་ཡིན་ནམ། དེ་ཇི་ལྟར་ན་དོན་དམ་པར་གྲུབ་པར་ཡོད་ཞེས་བྱ་ཞེ་ན། ཤེས་པ་རྣམས་ནི་བདེ་བ་ལ་སོགས་པའི་རྣམ་པ་ཡོངསུ་གསལ་བའི་ངོ་བོ་རྣམ་པ་མེད་པར་རིག་པ་ཁོ་ན ་ཡིན་ལ། སྔོན་པོ་ལ་སོགས་པའི་རྣམ་པ་ཡང་རྫུན་པར་སྣང་བ་ཡིན་ནོ།། གཞན་དུ་ན་དེ་དག་བདེན་པ་ཉིད་ཡིན་ན་ནི་རྣམ་པ་ཐམས་ཅད་བདེན་པར་འགྱུར་ལ། དེ་ལྟ་ན་ཡང་བཟུང་བ་དང་། འཛིན་པའི་དངོས་པོ་བདེན་པར་འགྱུར་རོ།། ། ་སྣང་བ་བདེན་པ་ཉིད་དུ་གྱུར་པ་དེ་བས་ན། དེ་དག་ཐམས་ཅད་ཀྱང་གྲོལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཅུང་ཞིག་ཀྱང་ལོག་པའི་རྣམ་པར་ངོ་བོ་མི་སྣང་བའི་ཕྱིརོ།། དེ་སྐད་དུ་ཡང་། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང ་ནཱ་རྣམ་པར་གྲོལ།། ཞེས་གསུངས་པའི་ཕྱིར།། དེའི་ཕྱིར་མི་འདོད་དུ་ཟིན་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་རྫུན་པ་ཉིད་དུ་བལྟ་བར་བྱའོ།། བདེ་བ་ལ་སོགས་པ་རྣམ་པ་བདེན་པར་དམིགས་པ་ཡིན་ན་དེ་ཇི་ལྟར་དམིགས་པ་མ ་ཡིན་ཞེ་ན། འདྲེ་བ་ལ་སོགས་པའི་རྣམ་པའི་ཡེ་ཤེས་པ་ཡང་རྣམ་པ་དང་བཅས་པ་ཁོ་ན་ལ་དམིགས་པ་ཁོ་ནི་ཡིན་ཏེ། བདེ་པ་ལ་སོགས་པ་ནི་རྣམ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། བདེ་བའི་སོགས་པའི་རྣམ་པས་སྟོང ་པའི་ཤེས་པ་ནི། རྨི་ལམ་ན་ཡང་རིག་པ་མེད་པ་མ་ཡིན་ནམ། འཁྲུལ་པ་མ་ལུས་པ་དང་བྲལ་བའི་ས་བརྒྱད་པ་ལ་དམིགས་པའི་རིག་བྱར་འགྱུརརོ་ཞེ་ན། འདི་ལ་ཡང་མ་སྣ་ངོར་པོ་མ་ཡིན་པ་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ ་མ་ཡིནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། བསམ་པ་ཡོངསུ་མི་ཤེས་པའི་ཕྱིར་དང་། བདེ་བ་ལ་སོགས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བའི་རྣམ་པར་ཤེས་པ་མེད་པ་ཉིད་དུ་འདོད་པའི་ཕྱིར་ཏེ། དེ་ཡང་ད་ལྟ་ཉིད་ན། ་རརང་རིག་པའི་ཚང་མས་གྲུབ་པ་སྲོག་ཆགས་ཐམས་ཅད་ལ་ཡོད་པ་ཡིན་ན། ཇི་ལྟར་དམིགས་པར་མ་གྱུར། དེ་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རྫུན་པ་ཉིད་དང་། འཁྲུལ་པ་ཙམ་ཡིན་ཏོ། གཅིག་དང་དུ་མའི་རང ་བཞིན་དང་བྲལ་བ་ཉིད་ཀྱིས། རྣམ་པ་དང་བཅས་པའི་ཤེས་པ་དང་། རྣམ་པ་མེད་པའི་ཤེས་པ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ།། རིགས་པ་འདིས་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཤེས་པ་མ་ལུས་པར་རྫུན་པར ་རབ་ཏུ་བསྒྲུབས་པས་ཅུང་ཞིག་ཀྱང་དོན་དམ་པའི་དངོས་དེ་ཁོ་ན་ཉིད་དུ་མེད་པ་མ་ཡིན་ནམ། ཇི་ལྟར་ནི་མཚོན་པར་བྱ་བའི་རང་བཞིན། ཚད་མས་ཉེ་བར་མཚོན་པར་བྱ་ཞེ་ན། ཉེས་པ་དེ་ནི་མེད་དེ། དབུ་མ་པ་འདོད་པའི ་ཚད་མས་རྫུན་པ་ཉིད་དུ་གྲུབ་པ་ཡང་། གཅིག་དང་དུ་མའི་འང་བཞིན་དང་བྲལ་པ།། ཆོས་ཅན་གྱི་ངོ་བོ་སྣང་བ་ཙམ་དང་། སྒྱུ་མ་ལྟ་བུ་མ་བཀག་པའི་ཕྱིར་རོ།། རྫུན་དུ་སྣང་བ་དེ་ཉིད་ལ་ཡང་མཚོན་པར་བྱ་བ་དང་། མཚོན ་པར་བྱེད་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམས་པས་འགྲོ་བ་མ་ལུས་པའི་དོན་མཛད་པ་ལ་སོགས་པ་གནོད་པ་མེད་པར་རྣམ་པར་བཞག་པ་གྲུབ་པ་ཡིནོ།། ། ་དེ་སྐད་དུ་ཡང་། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད།། ཀུན་རྫོབ་ཉིད་དུ་རབ་ཏུ་གྲུབ།། ཅེས་གསུངསོ།། དངོས་པོ་སྐྱེས་པ་ཐམས་ཅད་རྫུན་པའི་ངོ་བོ་ཉིད་ཀྱིས་སྙིང་པོ་མེད་པ་མཱ་ཡིནྡ་ནམ། ་དེའི་ཚེ་ཅིའི་ཕྱིར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པའི་འབད་པ་བྱེད་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ལོག་པར་སྒྲ་འདོགས་གཅོད་པའི་ཕྱིར། གྲོལ་བྱེད་རྫུན་ཡིད་འབད་པར་བྱ། ཞེས་བྱ་བའི་ཚིག་གིས་ཇི་ལྟར ་ཡང་རྣམ་པ་རཱི་དཔྱད་ན། ཡང་དག་པའི་དངོས་པོའི་ངོ་བོ་ཉིད་མེད་པ་དེ་ལྟར་ནི་ཡང་བདག་བདྲེ་བར་གྱུར་ཅིག། བདག་སྡུག་བསྔལ་པར་མ་གྱུར་ཊཱི་གོ། ཅེས་བྱ་བའི་སྲེད་པ་སྲོག་ཆགས་མ་ལུས་པ་ལ་ཡོད་དོ།། འདི་ལྟར་དགེ་བ ་དྲུང་མི་དགེ་བྱའི་རྨི་ལམ་ལོག་པ་ཉིད་དུ་མཚུངས་ཀྱང་དགེ་བའི་རྨི་ལམ་མཐོང་བས་ནི། ཡིད་བདེ་བར་གྱུར་ལ། མི་དགེ་བའི་རྨི་ལམ་གྱིས་ནི་ཡིད་མི་བདེ་བོར་འགྱུར་ཏེ། དེ་བསལ་བའི་ཕྱིར་དམ་པའི་ཆོས་ཀློག་པ་དང་། སྔགས ་ཟློས་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་འགྱུར་རོ།། དེ་བཞིན་དུ་རྫུན་པ་བཞིན་དུ་ཁྱད་མེད་ཀྱང་། སྡུག་བསྔལ་ལ་སོགས་པ་རང་བཞིན་གྱི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དང་། ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཀྱི ་མཚན་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་རྟོག་པ་དང་ལྡན་པ། དོན་དུ་གཉེར་བ་རྣམས་རབ་ཏུ་འཇུག་པར་འགྱུར་རོ།། བརྩོམ་པ་དིའི་དོན་གང་ཡིན་པ་དེའི་དོན་ཉམས་པོར་འགྱུར་བ་མ་ཡིན་ནམ། འདི་ལྟར་མཚན་བཞི ་དང་། མཚན་ཉིད་དབྱུང་བ་ན་སྐབས་ལ་བབ་པ་དེ་ཡང་གཏམ་གཞན་དུ་ཐལ་བས་བརྗེད་པའི་ཕྱིར། གུང་དུ་སོང་བ་མི་ཤེསྔོ་ཞེ་ན། དེ་རྣམ་པ་བདུན་དུ་དབྱེ་བ་བྱས་པ་ཉིད་མ་ཡིན་ནམ་ཞེ་ན། བདེན་ཏེ་བུ་རམ་དང་མངར་བ་ཉིད་ཀྱི ་ཚུལ་གྱིས་དེ་ལྟར་ནི་མི་ཤེས་ཏེ། དེ་ལས་སྙིང་པོ་དང་སྙིང་པོ་མ་ཡིན་པ་གང་ཞེ་ན། སྨྲས་པ་སྔགས་ཀྱི་ཚུལ་ལ་བརྗོད་པའི་རིམ་པ་མེད་པའི་ཕྱིར་དང་ལྷོའི་རྣལ་འབྱོར་གྱིས་སྙོམས་པར་འཇུག་པའི་སྒོམ་པ་དོན་མེད་པའི་ཕྱིར་དང་། ་རིགས་པ་མེད་པའི་ཕྱིར་ན། དང་པོ་སྙིང་པོ་མེད་པ་ཉིད་དེ། འདི་ལྟར་ཚེགས་པ་ཅན་རྣམས་ཚོགས་པར་གྱུར་ན། འབྲས་བུ་གང་ཡིན་པ་དེ་གདོན་མི་ཟ་བ་ཉིད་ཡིན་ནོ།། གཞན་དུ་ན་དེའི་ཚོགས་པ་མ་ཡིན་པར་འགྱུར་ཏེ། དེ་བུས ་མངོན་དུ་བྱས་པའི་གནས་སྐབས་ནི་ཚོགས་པ་ཙནྡྲ་རྣམས་ཚོགས་པས་ན། དེའི་འབྲས་བུ་གདོན་མི་ཟེ་བཱར་ཡོད་པར་འགྱུར་རོ།། དེ་ལྟར་གྱུར་པས་དང་པོ་ཉམས་པ་ཡིན་ནོ།། སྐུ་ལ་སོགས་པའི་རྣམ་པས་སྟོང་པའི་བདེ་བའི་དྲོ་བོ ་བབའི་ལྐོག་མི་དམིགས་པའི་གཉིས་པ་བདེན་པ་ཉིད་མ་ཡིནྡ་ཏེ། འདི་ལྟར་ཚད་མས་རྣམ་པར་ངེས་པ་ཉིད་རྟོག་པ་དང་ལྡན་པས་བསྒོམ་པར་བྱ་བ་ཉིད་ཡིན་གྱི། གང་ཡང་རུང་བྱ་ནི་མ་ཡིནོ།། ཚད་མས་གྲུབ་པ་ཁོ་ན་དམི ་པ་ཉིད་ཡིན་ལ། དེ་ཉིད་སྐྱེ་བོ་ཐམས་ཅད་ཀྱི་འདོད་པར་བྱ་བ་ཉིད་དུ་སྣང་ངོ་།། དེ་བས་ན་གཅིག་པུ་མི་དམིགས་པའི་ཕྱིར་དང་། འདོད་པར་བྱ་བ་མ་ཡིན་པའི་ཕྱིར་དང་། འཁོར་ལོའི་རང་བཞིན་མི་དམིགས་པའི་ཕྱིར་དང་། ་མངོན་སུམ་དུ་བྱེད་པར་མི་ནུས་པའི་ཕྱིར་དང་། འབད་པ་ཉིད་མཚུངས་པའི་ཕྱིར་གཉིས་པ་རྣམ་པར་རྟོག་པ་ཙམ་ཡིན་ནོ།། གནོད་པར་བྱེད་པ་མེད་པའི་ཡང་དག་པའི་དོན་གྱི་རང་བཞིན་ཉིད་ཀྱིས ་རང་དབང་དུ་གྱུར་པ་དོར་བར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ལྡན་པའི་ངོ་བོ་ལ་བྱེ་བྲག་མེད་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་གསུམ་པ་དགེ་བ་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་དམིགས་ནས། དེའི་བདག་ཉིད་གྲུབ་པ་ལས ་གཅིག་ལོངསུ་དོར་ན་གཞན་ཡང་གདོན་མི་ཟ་བོར་ཡོངསུ་སྤངས་པ་འམ། ཡང་ནི་འགའ་ལ་ཡོད་མ་ཡིནོ།། སྤྲོས་པ་ཉིད་ཀྱིས་འབད་པ་ཉིད་མངས་པའི་ཕྱིར་དང་། རྣམ་པར་དཔྱད་མི་བཟོད་པ་ཉིད་ཀྱིས་འཁྲུལ་པའི་ངོ ་པོ་ཉིད་ཡིན་པས། དོན་དམ་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར། གསུམ་པའི་ཐ་མིའི་ཕྱོགས་ཀྱང་ལེགས་པ་མ་ཡིན་ནོ་ཞེ་ན། དེ་ལ་འགའ་ཞིག་ལས་རིགས་པ་ཅུང་ཟད་ཅིག་བརྗོད་པར་མི་བྱ་སྟེ། སྤྲོས་པའི་ངོ་བོ་ཉི་དུ་གྱུར་ཀྱང ་ཕྲ་མོ་དང་ཐིག་ལེ་ལ་སོགས་པ་ཡང་དང་ཡང་དུ་བསྒོམས་པ་ན་ཇི་སྲིད་དུ་མངོན་སུམ་དུ་གྱུར་པ་དེ་སྲིད་དུ་འབད་པས་ཡང་དང་ཡང་དུ་བསྒོམས་པའི་ཕྱིར། ཐམས་ཅད་དུ་བསྒོམ་པར་བྱ་བ་དངོས་པོ་ཉིད་དུ་ཡོད་ལ། དེ་ལ་འདིར ་གལ་ཏེ་འབད་པས་འཇིག་ན་ནི། ཅུང་ཞིག་ཀྱང་སྒོམ་པར་མི་བྱ་བར་འགྱུར་རོ།། སྨྲས་པ་རྣམས་ཀྱི་ངོ་བོ་ཉིད་ནི་དེ་ལྟར་ཡིནོ་ཞེ་ན། སྤྲོས་པ་དང་སྤྲོས་པ་མེད་པ་དག་བསྒོམ་པའི་གནོས་སྐབས་ན་ཁྱད་པར་ཅི་ཞིག་ཡོད། འོན ་སྤྲོས་པ་མེད་པར་མྱུར་དུ་བརྟན་པར་གྱུར་པ་འདི་ཁྱད་པར་ཡིན་ཏེ། དམིགས་པ་གང་ཁོ་ན་ལ་སེམས་ཡུན་རིང་པོར་རྒྱུན་མི་འཆད་པར་ཡང་དང་ཡང་དུ་གཏང་བས་དེ་ཉིད་ལ་བརྟན་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ།། འདི ་ལ་ལུང་ཡང་ཡོད། དེ་སྐད་དུ་ཡང་། དེ་ཕྱིར་ཡང་དག་ཡང་དག་མིན།། གང་གང་ཤིན་ཏུ་གོམས་པ་ལས།། བསྒོམ་པའི་སྟོབས་ནི་རྫོགས་པ་ན།། དེ་གསལ་མི་རྟོག་བློ་འབྲས་ཅན། ཞེས་གསུངས་པ་དང་། འདྲིར་ཐག་མི་རིང་བ ་ན། གནས་པ་ཡིན་པར་ཡང་གསུངས་ཏེ། ཨེ་མའོ་རྨོངས་ཉིད་ཨེ་མའོ་སྙོམས་ལས་ཅན་ཨེ་མཱའོ་དོན་དམ་རྒྱབ་ཀྱིས་ཕྱོགས་འགྲོ་འདི།། རང་སེམས་ཙམ་དང་འབྲེལ་པའི་སངས་རྒྱས་ཉིད།། རིང་མི་གནས་ཀྱང་མི ་བབང་ངོ་མཚར་ཆེ།། ཞེས་པ་མ་ཡིན་ནམ། དེ་བས་འདི་ལ་ཁྱད་པར་མེདདོ།། སྤྲོས་པ་ལ་དམིགས་པ་ནི་འཁྲུལ་པའི་ངོ་བོ་ཉིད་ཀྱིས་དོན་དམ་པ་མ་ཡིན་པ་ཉིད་དོ་ཞེ་ན། ཐམས་ཅད་དུ་བསྒོམ་པའི་ཡུལ་གྱི་དངོས་པོ་ནི་འཁྲུལ ་པས་ཅུང་ཞིག་ཀྱང་བསྒོམ་པར་བྱ་བ་མེད་པར་འགྱུར་ལ། དཱི་བས་ན་རྣམ་པ་ཐམས་ཅད་དུ་ཐར་པཱི་ལཾ་བསྒོམ་པ་དོན་མེད་པར་འགྱུར་རོ།། དེ་ལྟར་འཁྲུལ་པ་ཡང་སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པས་སྤྲོས་པ་མེད་པར་བསྒོམ་པར ་འགྱུར་བ་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། སྤྲོས་དེ་ལ་ཡོད་སྒྱུ་མའི་རྣམ་པར་ཞུགས་པ་མཚུངས་པས་དེ་ལ་ཡང་སྐྱོན་གྱི་སྐབས་ཅི་ཞིག་ཡོད། དེ་བས་ན་དོན་དུ་གཉེར་བས་སྤྲོས་པ་འམ། སྤྲོས་པ་མེད་པ་ཡང་རུང་། གང་ཁོ ་ན་འདོད་པའི་ཚད་མ་དང་ལྡན་པ་འམ། ཅིག་ཤོས་དེ་ཉིད་ལེ་ལོ་སྤངས་ནས་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བས་བསྒོམ་པར་བྱ་སྟེ། ཤིན་ཏུ་ཐལ་ཆེས་པས་ཆོག་གོ།། དེ་ལ་སྙིང་པོ་དང་ཅིག ་ཤོས་ཀྱི་རྣམ་པར་དབྱེ་བ་ཡང་བླ་མ་མཉེས་པར་བྱེད་པ་རྣམས་ཀྱིས་ཤེས་པར་བྱེད་པ་ཡིནོ།། དགོས་པ་ལ་སོགས་པ་གསུམ་པའི་ཕྱོགས་ལ་བཤད་པའི་ཉེས་པ་དང་། གསང་སྔགས་ཀྱི་ཚུལ་གྱི་རིམ་པ་མེད་པའི ་ཕྱིར། ལྔ་པ་སྐྱོན་དང་བྲལ་ཐ་མ་ཡིན་ནོ།། སྔར་སྔོན་དུ་བྱས་པའི་ཕྱིར། སྔགས་ཀྱི་ཚུལ་ལ་རབ་ཏུ་སྦྱོར་བ་ཡོད་པ་མ་ཡིན་ནམ། ཅི་ཕྱིར་དེ་ལ་མེད་ཅེ་ན། བདེན་ཏེ། བསྒྲུབ་པར་བྱ་བ་འབྲས་བུ་མངོན་དུ་གྱུར་པའི་གནས ་སྟོསློབས་དེ་ཡང་རིམ་པ་འདི་ལ་མེད་པ་དང་། མངོན་དུ་གྱུར་པ་ཡོངས་བཏང་བ་དང་། དགོས་པ་མ་མཐོང་བའི་ཕྱིརརོ།། རང་གི་འདོད་པོས་ཟློག་མི་ནུས་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར། སེམས་ཅན་གྱི་དོན་མེད་པའི ་ཕྱིར། ལྔ་པའི་མཐའི་རབ་ཏུ་དབྱེ་བ་རྟོག་པ་དྲི་མས་སྟོང་པ་མ་ཡིནོ།། དེ་ལ་ཇི་ལྟར་ན་ཟློག་མི་ནུས་ཤེ་ན། འདི་ལྟར་འགའ་ཞིག་དོག་པ་ནི་རྒྱུ་རྫོག་པ་འོག་ཁྱབ་པོར་བྱེད་པ་ལྡོག་པ་ལས་འགྱུར་ན། དེ་ལ་མངོན་སུམ་དུ་བྱས ་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ལྡོག་པར་བྱེད་པའི་རྒྱུའམ། ཁྱབ་པར་བྱེད་པ་ལྡོག་པ་ཡོད་པ་མ་ཡིན་ནོ།། རང་གི་འདོད་པས་འགོག་པ་ཡང་མི་ནུས་ཏེ། མི་མཐུན་པ་མེད་པའི་ཕྱིར། སྡུག་བསྔལ་ལ ་སོགས་པ་འགོག་པ་འདོད་ཀྱང་།། སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མཐོང་བའི་ཕྱིར་རོ།། སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡོད་པ་མ་ཡིན་ནམ། འདི་ལྟར་ཤིང་གི་ཕུང་པོ་ལ་མེ་རབ་ཏུ་འབར་བས་ཤིང་མ་ལུས་པ་ཐུལ ་བར་བྱས་ནས་དེའི་འོག་ཏུ་བདག་ཉིད་ཀྱང་རང་གི་ངང་ཁོ་ནས། ལྡོག་པར་འགྱུར་བ་དེ་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བྱས་མངོན་སུམ་དུ་བྱས་ནས་ཀྱང་། དཀྱིལ་འཁོར་གྱི་འཁོར ་ལོ་མཽ་ལུས་པར་ལྡོག་པར་བྱེད་ལ། དེ་ཡང་རང་གི་ལྡོག་པར་འགྱུར་རོ།། ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དཔེ་དང་མཐུན་པ་མ་ཡིན་པའི་ཕྱིར་རོ།། དེ་ལ་འདི་ལྟར་ཤིང་འགྱུར་བར་བྱེད་པའི་རྒྱུར་གྱུར་པའི་མེ་ནི་ཤིང་གི་འགྱུར་བ ་ཡང་དག་པར་སྐྱེད་པ་ཉིད་ཀྱིས་ཤིང་འགྱུར་བར་བྱེད་པ་ནི་མེ་ཡིན་ཏོ་ཞེས་འཇིག་རྟེན་པ་རྣམས་སེམས་ལ་འདིར་ནི་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོ་སྒྱུར་བར་བྱེད་པའི་རྒྱུ་མ་ཡིན་ན་དེའི་ཕྱིར་དེ་ལྡོག་པར་བྱེད་པ་ཡིན།། ་དེ་ཅིའི་ཕྱིར་ཞེ་ནོ།། སྟོང་པ་ཉིད་ལ་རང་གི་ངང་གིས་ལྡོག་གོ་ཞེས་ཀྱང་སྨྲ་བར་བྱ་བ་མ་ཡིན་ནོ།། རྒྱུར་མི་འགྱུར་དུ་ཆུག་ན་ཡང་སྟོང་པ་ཉིད་ཁྱབ་པར་བྱེད་པར་ན་འགྱུར་བ་མ་ཡིན་ནམ། ཁྱབ་པར་བྱེད་པ་ཤིང་ལོག་པས ་ཁྱབ་པར་བྱ་བ་ཤིང་ཤ་པ། ལྡོག་པ་བཞིན་དུ་ལྡོག་པར་འགྱུརརོ་ཞེ་ན། དེ་ཡོང་སྙིང་པོ་མ་ཡིན་ཏེ། འདི་ལྟར་ཐམས་ཅད་དུ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྟོང་པ་ཉིད ་དེ་ལྟ་ལྡོག་པ་ནམ་ཡང་ཡོད་པ་མ་ཡིན་ནོ།། གལ་ཏེ་ལྡོག་པར་འགྱུར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པ་ལས་དུས་སྔ་མ་འམ། དེ་མ་ཐག་ཏུ་སངས་རྒྱས་བཅོམ ་ལྡན་འདས་ལྡོག་པར་འགྱུར་ན་མ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ནས་ཀྱང་ཐུགས་རྗེས་དུས་ཇི་སྲིད་ཅིག་གི་བར་འགྱུར་ན་ཡང་དག་བར་དུ་གནས་པ་ཉིད་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་འགྱུར་བ ་ལྗང་མ་ཡིན་ནོ།། འོན་ཀྱང་སྟོང་པ་ཉིད་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཉིད་ལ། འཁོར་ལོ་ཡང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན།། ཅི་སྟེ་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེས་པས་འཁོར་ལོའི་ཡེ་ཤེས་ལོག་ན་སྟོང་པ་ཉིད་ཀྱི་ཡེ་ཤོས་ལས་གང ་གིས་ལྡོག་པར་བྱེད། དེ་ཉིད་ཀྱིས་ལྡོག་པ་ནི་འགལ་བའི་ཕྱིར་ལ། རྒྱུ་འམ་ཁྱད་པར་བྱེད་པ་མེད་པ་དེ་བ་ན་སྟོང་པ་ཉིད་ཀྱི་ཡེ་ཤི་སྟྲ་ལ་ལྡོག་པ་མེད་དོ།། དེ་བས་ན་དཀྱིལ་འཁོར་གྱི་འཁོར་ལྷོ་ཡང་སྟོང་པ་ཉིད་ཀྱིས་ལྡོག་གོ་ཞེས ་བྱ་བ་ཡིང་མ་ཡིན་ཏེ། སྟོང་པ་ཉིད་ལྔ་ལྡོག་པར་བྱེད་པ་ཡོན་པ་ལོག་པ་དང་སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡིན་ནོ་ཞེསུ་ཞིག་སྨྲ། འོན་ཀྱང་ལྡོག་པར་བྱེད་པ་གང་ཡིན་པ་དེ་ནི་བླ་མའི་མན་ངག་ལྔས་ཤེསོ་ཞེས་བྱ་བ ་འདི་ཡང་སྙིང་པོ་མ་ཡིན་ཏེ། བླ་མའི་མན་ངག་ལས་ཀྱང་སྟོང་པ་ཉིད་དང་། དེ་ལྡོག་པ་ལས་མེ་གཏོགས་པའི་ལྡོག་པ་བྱེད་པའི་ཚད་མ་གཞན་ཅུང་ཟད་ཡོད་པ་མ་ཡིནོ།། སོ་སོར་སྐད་ཅིག་མའི་འཇིག་པ་དང་། སྐད་ཅིག ་གིས་ཉམས་པའི་ངོ་བོས་དངོས་པོ་ཐམས་ཅད་ལ་ཁྱབ་མོད་ཀྱི། རྒྱུད་ཀྱི་རྒྱུན་ལྡོག་པ་ནི་མ་ཡིན་ནོ།། དེའི་ཕྱིར་རང་གི་བདོག་པ་བརྟག་པར་མི་བྱ་སྟེ་ལྡོག་པའི་སྙིང་པོ་མེད་པ་ལ་རྟོག་པ་དང་ལྡན་པ་རྣམས་ཀྱིས་བརྟགས་པ་དགོས་པ ་ཡོད་པ་མ་ཡིན་ནོ།། དེ་སྐད་དུ་ཡང་སེམས་ཅན་རྣམས་ནི་སྒྲོལ་གྱུར་པ། རབ་དགའ་རྒྱ་མཚོ་གང་ཡིན་ཏོ།། དེ་ཉིད་ཀྱིས་རྫོགས་མ་ཡིན་ནམོ། ཐར་པ་རོ་བྲལ་ཅི་ཞིག་དགོས་ཞེས་གསུངས་སོ།། སེམས་ཅན་གྱི་དོན་ཡང་ལྡོག་པ ་ལྔ་མེད་དེ། ནམཁའི་མེ་ཏོག་ལ་ནམ་ཡང་དོན་གྱི་བྱ་བ་ཅུང་ཞིག་ཀྱང་མི་སྲིད་དེ། ཡུན་རིང་པོར་འགུགས་ཀྱང་དངོས་པོའི་ངོ་བོ་འདས་པའི་འཁོར་ལོ་ལས་སེམས་ཅན་གྱི་དོན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡང་སྙིང་པོ་མ ་ཡིན་ཏེ། ཡུན་རིང་པོར་ཁྱིམ་བྱཱ་ཤི་བ་ཡང་སྒྲ་སྒྲོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། རྣལ་འབྱོར་པའི་བྱིན་གྱིས་རླབས་ཀྱིས་ན་མཁའ་ལས་ཀྱང་དོན་བྱེད་ཀྱང་པ་སྲིད་པ་མ་ཡིན་ནམ། རྣལ་འབྱོར་པའི་བྱིན་གྱི་བརླབས་ཉིད ་སེམས་ཀྱི་ངོ་བོ་ཉིད་ཀྱིས་དོན་བྱེད་པ་ཡིན་ལ། ནམ་མཁའ་ནི་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའིའོ་ཕྱིརརོ།། དཀྱིལ་འཁོར་གྱི་འཁོར་ལོ་འགགས་པ་ལས་སེམས་ཅན་གྱི་དོན་བྱེད་པའི་དུས་ན་ཡང་འབྱུང་ཡང་དེ་ལས་དོན ་བྱེད་པར་འགྱུར་བ་མ་ཡིན་ནམ། དེ་བས་ན་འགགས་ཤིང་ཡང་སྐྱེ་བར་འགྱུར་ཞེ་ན། དེ་ནི་བདེན་པོ་མ་ཡིན་ཏེ། ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་ལས་བྱུང་བ་མེད་པ་དེ་བཞིན་དུ་དོན་བྱེད་པའི་འཁོར་ལོ་ཡང་དེ་ལ་མི ་སྲིད་དོ།། འགགས་པ་ལས་ཀྱང་འབྱུང་བ་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ།། དྲུག་པའི་ཕྱོགས་ལ་བཤད་པའི་སྐྱོན་གྱི་ཚོགས་བདུན་པ་ལ་ཡང ་ཡོད་པས་བརྟགས་པ་ལ་ཡང་བརྟགས་པར་མི་བྱའོ།། དྲུག་པ་དང་བདུན་པ་མཚུངས་པ་ཉིད་ཀྱི་ཕྱིར་དེ་ལས་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ། སྔ་མའི་གནས་སྐབས་འཁོར་ལོའི་རྣམ་པ་ཉིད་ངེས་པར་བྱས་ནས་ཡང ་དང་ཡང་དུ་རང་གི་འདོད་པས་སྐྱེད་པར་བྱེད་པ་ཉིད་ཡིན་ལ། བདུན་པ་ལོ་ནི་དེ་མེད་པ་དེ་བས་ན་མཚུངས་པ་དང་ཐོ་མི་དད་པ་མ་ཡིན་པརོ་བསྟན་ཏོ།། །། རྡོ་རྗེའི་ས་བོན་ཞེས་བྱ་བ ་ལ་སོགས་པཱ་ལ། དེ་དག་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ།། གསལ་བྱེད་ལྔ་ཞེས་བྱ་བ་ལ་སོགས་པ་ལ། གུས་ལ་བྱེད་ལྔ་ཞེས་བྱ་བའི་སྐུ་ལ། བ་ལང་དང་། ཁྱི་དང་། གླང་པོ་དང་། ཎྱ་དང་། མིའི་མཚན་ཉིད་དོ།། བདུད ་རྩིའི་སྒྲ་ནི། བི་དང་། མཱུ་དང་། མ་དང་། ར་དང་། ཤུའི་མཚན་ཉིད།། དེ་དག་རྟག་ཏུ་བརྟེན་པ་ཁོ་ནས་བསྒྲུབ་པར་བྱ་བར་སེམསོ།། ཐིག་ལེ་ཞེས་བྱ་བ་ནི། སྙིང་གར་ཟླ་བ་ལ་གནས་པའི་ཐིག་ལེ་འོད་འཕྲོ་བར་གྱུར་པ་ལ་དེ་ཁོ་ན་ཉིད ་བསྒྲུབ་པར་བྱ་བ་ཡིནོ།། ཞེས་སེམས་ནས་རྣམ་པར་བསྒོམ་པར་བྱེད་དོ།། ཟླ་བ་ཞེས་བྱ་བ་ནི་སྙིང་གིའི་གནསུ་ཟླ་བ་ཕྱེད་པ་འམ། ཟླ་བ་རྒྱས་པོར་སྙིང་གར་པདྨ་ལ་གནས་པ་འམ་འགའ་ཞིག་རྣམ་པར་སྒོམ་པར་བྱེ།། སྤྲིན་དབུས ་ཐིག་ལེ་ལས་བྱུང་དཀྱིལ་འཁོར་དང་། ཞེས་བྱ་བ་ནི་སྨིན་མའི་དབུས་ཏེ། འཛེད་བུའི་གནས་ཐིག་ལེ་རྣམ་པར་བསྒོམ་པར་བྱའོ།། ཐིག་ལེ་དེ་ལས་བྱུང་བའི་དཀྱིལ་འཁོར་ནི་རླུང་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་དང་། ་མེའི་མཚན་ཉིད་དོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁ་དང་རྣཾ་བ་དང་། སྣ་དང་མིག་ལག་པའི་སོ་རི་མོས་བཀབ་ལ། སྨིན་མའི་དབུསུ་ཐིག་ལེ་བལྟ་བར་བྱའོ།། དེ་ལ་ཡང་གསལ་པོར་གྱུར་པའི་གནས་སྐབསུ་དགེ་བ་དང་མི་དགེ ་བའི་ལྟས་ཡང་དག་པར་སྟོན་པར་བྱེད་པ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་རབ་ཏུ་བསྐྱེད་པ་ལ་ཐེག་ལེ་དེ་ལ་ཡང་དེ་ཁོ་ན་ཉིད་དུ་སེམས་སོ།། རླུང་གི་རང་བཞིན་ཞེས་བྱ་བ་ནི་པུ་ར་ཀ་དང་། ཀུམ་པ་ཀ་དང་། རེ་ཙི་ཀ་དང ་ཤནྟ་ཀ་སྟེ། དབུགས་འབྱུང་རྔུབ་ལོ་སོགས་པའི་མཚན་ཉིད་དོ།། འདི་སྐད་དུ་བཤད་པ་ཡིན་ཏེ། དེ་ལ་འདི་ལྟར་གྲངས་ཅན་ལ་སོགས་པས་བསྟན་པའི་རླུང་གི་རང་བཞིན་ཤེས་པར་བྱས་ནས། དབུགས་བསྒྲགསཔ ་ལས་བརྟན་པོར་བྱས་ནས། ན་མཁའ་ལ་རྒྱུ་བསྣ་འོང་བ་དང་། གཞན་གྱི་གླིང་དུ་འཇུག་པ་དང་། གྲོལ་བའི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་བའོ།། ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་དུ་སྨྲ་བ་རྣམས་ཀྱིའོ།། ལྕེའུ ་ཆུང་ཞེས་བྱ་བ་ནི་མེད་པའི་ཕྱོགས་ལྕེའི་ཕུགས་ཀྱི་རང་གི་སྟེང་ན་གླང་པོ་ཆེའི་རྣམ་པ་ལྟ་བུ་ཁ་དོག་འོག་ཏུ་བལྟས་པ་ལྕེའི་མིང་ཅན་དུ་ལྕེའུ་ཆུང་ཡོད་དེ། དེ་ཡང་ནུས་པའི་ངོ་བོ་སྡིག་པ་ཞི་བའི་རང་བཞིན་དུ་ཡོད་པ་དེ་ཁ ་ན་ཉིད་ཡིན་ནོ།། དེ་ལྔ་ལྕེའི་རྩེ་མོས་རེག་པར་གྱུར་ཙམ་ན་བདུད་རྩི་རྒྱུན་མཱི་འཆད་པར་འཛག་པར་འགྱུར་རོ།། བདུད་རྩིའི་རྒྱུན་བབས་པ་དེས་ཀྱང་དྲོན་དམ་པའི་བདག་ཉིད་ཚིམ་པར་འགྱུར་བར་བསྒོམ་ཞེས་བྱ་བ ་ནི་ལྕེའུ་ཆུང་གི་དེ་ཁོ་ན་ཉིད་ཡིན་ནོ།། སོགས་པའི་སྒྲས་ནི་སྙིང་གཱའི་དབུས་ཀྱིས་དཀྱིལ་འཁོར་རྩིབས་བཅུ་དྲུག་པིའི་དབུས་ན་ཧཱུཾ་གནས་པ་ཡེ་ཤེས་ཀྱི་རང་བཞིན་བཞི་པའི་ངོ་བོ་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས ་པ་གཟུང་སྟེ། ཡང་སྨྲས་པ། བཅུ་ལས་དྲུག་ལྷག་རྩ་དང་ལྡན་པའི་འཁོར་ལོ་ཡི། དཀྱིལ་འཁོར་ན་གནས་པའི་སྙིང་གིར་རྣམ་པར་གནས་པའི་བདག། དེས་ནི་དེ་ཡི་ཁྱད་པར་ལྟ་བུའི་གྲུབ་པ་སྟེ།། དེ་ནི་མངོན་པར་མི་གཡོ ་པ་ཡི་ཡིད་དག་གིས།། རྣལ་འབྱོར་པ་ཡི་སེམས་དེ་དེ་ལྟར་མངོན་པར་བསམ།། ནུབ་པར་གྱུར་པའི་མགོན་པོ་རྒྱལ་བར་གྱུར་དེ་ནི།། ནུས་པ་དག་གིས་དེ་ནི་ཡོངསུ་བསྐོར་དང་བཅས།། ཞེས་བྱ་བ་དེ་ལྟ་བུ་མུ་སྟེགས་བྱེད ་པཱ་ལ་སོགས་པ་དེ་ཁོ་ན་ཉིད་དུ་འདོད་པ་དེ་དག་ཐམས་ཅད་ནི་ཁོ་ན་ཉིད་མ་ཡིན་ནོ་ཞེས་བདག་ཉིད་ཀྱིས་བརྟག་པར་བྱ། དཔྱད་པར་བྱའོ་ཞེས་བྱ་བའི་བར་དུའོ།། རྨི་ལམ་མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་དང ་མིག་འཕྲུལ་ལྟ་བུ་དང་། གཟུགས་བརྙན་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུའོ།། གཞོན་གྱི་སྒྲོས་ནི་ན་མཁའ་དང་། བྲག་ཅ་དང་། དབུ་བ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་སོ།། དེ་ལྟ ་བྱའི་མངོན་པར་བརྗོད་པ་ནི་སྨྲ་བ་པོས་དེ་ལྟ་བུའི་བསྟན་པའི་བསྒྲུབ་པར་ཀཱ་ལྔ་གཞན་སྡེ་བ་ཉིད་གཞནས་དི་དཔ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ནོ།། ཞེས་སྒྲ་དེ་དེ་ལ་འཇུག་པར་རང་ཉིད་ཀྱིས་ཤེས་པར་བྱའོ།། ཟབ་མོ་སྟོང་པ་ཉིད ་སོ་སོར་སྣང་བ་ཙམ།། ཞི་བ་ཤིན་ཏུ་ཕྲ་བཱ་སྒྲས་བརྗོད་མིན།། གོས་མེད་དངོས་བྲལ་དྲི་མེད་ལ་སོགས་དང་།། ཞེས་བྱ་བ་ལ་སོགས་པའི་སྒྲ་ཡིས་ཞི་བ་དང་། རྣམ་པ་དང་། སྤྲོས་པ་མེད་པ་དང་།། ཐོག་མ་མེད་པ་དང་། ་འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཡིས་ཀྱང་འཁྲུལ་པར་མི་བྱ་ཞིང་། གཞན་དུ་སྒྲུབ་ཏུ་ཡོད་པ་ནི་གཞན་གྱིས་བསྒྲུབ་པར་བྱ་བ་ཡོད་པ་ནི་གཞན་གྱིས་བསྒྲུབ་པར་བྱ་བ་ཡོད་པ་ནི་འདིར་ཡོད་པའི་སྒྲ་དེས་བཤད ་བའི་བསྒྲུབ་པར་བྱ་བ་ལས་མཆོག་འགའ་ཞིག་ཡོད་དོ་ཞེས་འཁྲུལ་པཱར་མི་བྱ་སྟེ། བཤད་པའི་བསྒྲུབ་པར་བྱ་བ་ཁོ་ན་དེ་དག་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཡིན་ཞེས་ངེས་པོར་བྱའོ།། དཔལ་ལྡན་གསང་བ་འདུས་པ ་ལས། དྲི་མེད་དག་མཆོག་མཐར་ཕྱིན་པའི།། ངག་གི་དཔུང་ཕྱུག་དེ་ཡིས་འདི།། བྱས་པས་བློ་ངན་འཇོག་གྱུར་ཅིག། བདག་གིས་འདི་བཤད་བྱས་ལས་པད་དཀར་ཀུན་ད་ཁ་བྱེ་ལྟ་བུ་དང་། བེ་མེ་སྐར་མ་ལྟ་བུའི ་བསོད་ནམས་གང་བསགས་པ།། དོ་ཡིས་འགྲོ་བ་བདག་ཉིད་དང་མཚུངས་རིག་མོས་ཉེར་འཁྱུད་པའི།། དཔེ་མེད་བདེ་ཆེན་གང་བའི་དབང་ཕྱུག་དཔལ་གྱུར་ཤོག། ་དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་བཤད་པ། སློབ་དཔོན་ངག་གི་དབང་ཕྱུགས་གྲགས་པས་མཛད་པ་རྫོགས་སྷོ།། ་མོ་ཙ་བ་མགོས་ལྷས་བཙས་ཀྱིས།། ། རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུག་ཏུག་དབྱར་ཁྲལ ་འཚལ་བ་ལགས་། ་