| Wylie | e-texts produced with BDRC’s OCR application |
རྒྱུ་གཱར་སྐད་དུ། ཏཏྟྭ་རཏྣ་ལོ་ཀ། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། བཅོམ་ལྡན་འདས་འཇམ་པའི་རྡོ་ལ་ཕྱག་འཚལོ།། དཔེ་མེད་བདེ་བའི་ངོ་བོ་དཔལ་གྱི་གནས་གྱུར་གནས ་འདྲོན་པ།། དཔེ་མེད་ལྷ་མོ་བཅུ་ཡི་ངོ་བོ་རིག་དང་རིག་པར་བཅས།། སྲིད་པ་གསུམ་ཕན་བདེ་བ་ཐོབ་མཛོད་འགྱུར་བ་མེད།། ཇི་སྲིད་རེ་བ་སྣང་བར་ཕྱག་ནི་པདྨ་རྒྱལ་གྱུར་ཅིག། དཔལ་ལྡན་སྔགས་ཀྱི་གཞུང་ལུགས་མཛེས་པའི ་དབང་བཞིའི་ངོ་བོ་དག། རབ་ཏུ་གསལ་བའི་སྒྲས་སྟོང་གྱུར་པས་གང་གིས་མེ་ཤེས་ཤིང་།། དུ་མའི་མན་ངག་བདུན་གྱི་དབྱེ་བའི་ཚོགས་ཀྱིས་ཡོངས་འཁྲུག་པ།། དེ་དག་རྣམས་ཀྱིས་གསལ་བར་རྟོགས་པར་བྱ་ཕྱིར་འབད ་པས་བྱ།། དེ་ཉིད་བསྒྲུབ་བྱའི་ངོ་བོར་རིག་པ་ལ།། མུ་སྟེགས་མ་ལུས་བློ་རྣམས་རྣམ་པར་འཁྲུལ།། དེ་ལས་རིག་བྱེད་མཐོར་ནི་སྨྲ་བ་ཡིས།། སྐྱེ་བོ་རྣམས་ནི་དེ་ཉིད་མཆོག་ཅེས་སྨྲ།། དགུའ་བའི་ངོ་བོ་རང་རིག་མོ་གཡོ་ཞིང་།། ། ་བསྒྲུབ་བྱར་འདོད་པ་རིག་བྱེད་མཐའ་ཅན་པའོ།། ཉན་ཐོས་རང་རྒྱལ་བཅས་པ་གཟུགས་ལ་སོགས།། ཕུང་པོ་དགོ་དང་བྲལ་བ་བསྒྲུབ་བྱར་འདོད།། རྣམ་པས་སྟོང་པ་ན་མཁའ་ཟླ་བའི་ངོ་བོ་ཉིད།། སོ་སོར་འགྲོ་སྙིང་རྗེའི་རང ་བཞིན་ཅོན།། མཛེས་པའོ་མཚན་རྣམས་ཀྱིས་བརྒྱན་དོན་མཛད་པ།། སྦྱིན་ལ་སོགས་པའི་རྒྱུ་མཐུན་བདེ་བྲལ་བ།། སྦྱིན་སོགས་ཕ་རོལ་ཕྱིན་དྲུག་ཚུལ་གནས་པ།། དཀའ་བཅས་སྐུ་ནི་མཛེས་པའི་མཚན་གྱིས ་བརྒྱན།། ས་བཅུར་བཞུགས་པས་ཡང་དག་ལོངས་སྤྱོད་པ།། འགྲོ་དོན་མཛད་པ་བསྒྲུབ་བྱར་རབ་ཏུ་སྨྲ།། སྦྱིན་སོགས་ཡོན་ཏན་མ་ལུས་ཡོངས་རྫོགས་པ།། རྫོགས་སངས་རྒྱས་མཛད་པ་མ་ལུས་མཛད ་ནནུས་ནི།། གང་ཞིག་ཡང་དག་མཐའ་ནི་མངོན་མཛད་པ།། འགོག་པའི་ངོ་བོ་བསྒྲུབ་བྱ་ཡང་དག་ཡོད།། ཉིད་མཚུངས་ལྷོ་མོས་འཁྱུད་ཅིང་འགྲོ་བ་ཡི།། དོན་མཛད་བདེ་སྡུག་ཉིད་བྲལ་ངོ་བོ་ཉིད།། སྐུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན ་རྟོག་པ་དང་བྲལ་བསྒྲུབ་བྱར་རབ་ཏུ་འཆད།། དང་པོ་ཉིད་ནུས་ལྷ་ཡི་རྣམ་པ་དག། ཁྱད་པར་གྱིས་སྟོང་བདེ་བ་ཡང་དགྲ་བསྒོམ།། གསལ་འགྱུར་བདེ་ཆེན་འགྲོ་བའི་དོན་མཛད་པ།། ཡིད་བཞིན་ནོར་བུ་གྲགས་པ་པ་ཅོག་སྨྲེ།། ར ་བདག་བདེ་བའི་ངོ་བོ་མངོན་བྱས་ནས།། ཕྱིས་བཏང་བདེ་བ་ཙམ་ཞིག་འབྲས་འགྱུར་བའོ།། དག་པ་མངོན་སུམ་བྱེད་པ་ནུས་མེད་ནས།། དེ་ཕྱིར་བདག་པོའི་རྣམ་པ་བསྒོམ་པ་ཡིན།། སྐུ་ནི་མཁའ་དང་མཚུངས་ཡན་ལག ་མཚན་གྱིས་བརྒྱན།། དཔེ་མོད་བདེ་བས་གང་པོ་ཉིད་དང་མཚུངས་པར་འདུས་པ་དང་།། ཐུབ་པའི་དབང་པོ་འཕྲོ་བས་སེམས་ཅནྡ་རྣམས་ཀྱི་དོན་མཛད་པ།། ཆུད་པས་སྟོང་པ་སྒྲུབ་བྱེ་ཉིད་དུ་གཞན་དག་རབ་ཏུ་སྨྲ།། རང་བདག ་བདེ་བའི་ངོ་བོ་མངོན་བྱས་ནས།། བཏང་སྙོམས་ཡེ་ཤེས་ཙམ་འབྲས་བུ།། འཁོར་བ་སྲིད་ཞུགས་སེམས་ཅན་དོན་མཛད་པ།། ཡིད་བཞིན་ནོར་གྲགས་གཅིག་ཏུ་ཞི་གྱུར་པའོ།། ། ་དཀྱིལྷ་འཁོར་བདེ་གང་མངོན་སུམ་བྱས་ནས་ནི།། ཕྱིས་ནི་དེ་རིང་འདོད་ལས་དེས་ལྡོག་པ།། སེམས་ཅན་དོན་ཡང་ཡོད་དེ་འདིར་མེད་མིན།། གྲང་ཕྱིར་ངེས་པར་ལྡོག་ལས་རབ་ཏུ་བྱུང་།། དེ་རྣམས་ལས་འདོད་ངོ་བོ་གསལ་བྱས་ལ།། ་ཕྱིར་ནི་འགོག་པར་འབྲས་བུ་ཁ་ཅིག་སྨྲ།། གང་ཕྱིར་འགོག་པའི་ངོ་བོ་ཐ་དད་མིན།། དེ་ཕྱིར་ཐ་དད་ཕྱོགས་ཀྱི་འམ་ཐ་དད་མེད།། ཤེས་རབ་ཡེ་ཤེས་ཕྱིས་ནི་བྱང་ཆུབ་སེམས།། རེ་མྱང་དབང་བཞིར་འཆད་པ་དེ་མཆོག་མིན།། གང ་ཕྱིར་བསྒོམ་སོགས་ཀུན་སྩོལ་དོན་མེད་པ།། ཐོབ་འགྱུར་དེ་འབྲས་རབ་ཏུ་མི་རུང་ཕྱིར།། ཤེས་རབ་ཡཽ་ཤེས་ཕྱིར་ནི་དགའ་བའི་རོ།། མྱོང་རྙེད་དབང་བསྐོར་བཞིར་སྨྲ་དེ་དམན་སྟེ།། ག་ཕྱིར་བསྒོམ་སྩོགས་ཀུན་ལ་རབ་ཏུ་སྩོལ།། སངས ་རྒྱས་ཀྱིས་གསུངས་འབྲས་མེད་རབ་ཐལ་འགྱུར།། རྡོ་རྗེའི་ས་བོནྡ་དྲི་མེད་དགའོ་འབབ་པ།། དག་པའི་ཆུ་སྐྱེས་ཡང་དག་མྱུ་གུ་འབྱུང་རྒྱས་ཤིང་།། བཞི་པའི་འབྲུ་ནི་ཡོངས་གསལ་སྨོན་འགྱུར་བའི།། བཞི་པ་དག་ནི་མཁས་པ་རྣམས ་ལ་སྦས།། གསལ་བྱེད་བདུད་རྩི་ཝཱ་ཡཾ་དང་ཐིག་ལེ་ཟླ་བ་དང་།། སྨིན་དབུས་ཐིག་ལེ་ལས་བྱུང་དཀྱིལ་འཁོར་དང་།། རླུང་གི་རང་བཞིན་ལྕེའུ་ཆུང་སོགས་དེ་ཉིད།། ངོ་བོ་མིན་པ་བདག་ཉིད་ཀྱིས་རྟག་བྱ།། རྨི་ལམ་མིག་འཕྲུལ་གཟུ ་བརྙན་སྒྱུ་མ་དང་།། སྨིག་རྒྱུའི་དྲི་ཟའི་གྲོང་ཁྱེར་ཆུ་ཟླ་དང་།། གཞན་གྱི་སྒྲ་ཡིས་མངོན་པར་བརྗོད་པ་ཡི།། འདིར་བཤད་བསྒྲུབ་བྱ་གཞན་ལ་ཡོད་མ་ཡིན།། ཟབ་མོ་སྟོང་ཉིད་སོ་སོར་སྣང་བ་ཙམ།། ཞི་བ་ཤིན་ཏུ་ཕྲ་བ་སྒྲས ་བརྗོད་མིན།། གོས་མེད་དངོས་བྲལ་དྲི་མེད་ལ་སོགས་དང་།། གཞན་སྒྲུབ་ཡོད་པ་འཁྲུལ་པར་མི་བྱའོ།། །། རྣམ་པ་བདུན་པ་བཀོད་པའི་ཆག་གི་ངོ་བོ་དག་ལས་ན་མཁའ་མ་ལུས་པའི།། ་སློབ་དབྱིངས་ཁྱབ་པར་བྱེད་པའི་བསོད་ནམས་གང་ཞིག་བདག་གིས་ཐོབ་གྱུར་པ།། དེས་ནི་འཇིག་རྟེན་འདི་དག་དེཔེ་མེད་པ་ཡི་རིག་མས་འཁྱུད་པར་འགྱུར་བ་ཡི།། མཛེས་པའི་སྐུ་ལས་རྒྱལ་བའི་སྤྲུལ་པ་དག་གིས་འགྲོ་བའི་དོན ་བྱེད་ཤོག། དྲོ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཏྱཏྟ་རེཏྣེ་ལོ་ཀ་བྱཱ་ཁྱཱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་རིན ་