| Wylie | e-texts produced with BDRC’s OCR application |
མྱུ་གར་སྐ་དྷ། སཽ་ཀྵྨཱི་བྷཱ་བྷཱི་ཥིཥེ་ཀཱ་བྷྲི་དྡྷི་སམྦྷ་ཛ་ཀ། བོད་སྐད་དུ། འདུས་པའི་དབང་བསྒྱུར་བ་མདོར་བསྡུས་པ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལྔ་ཕྱུག་འཚའོ།། དཔ་དུ ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཆུ་དང་ཙོང་པོན་རྡོ་རྗེ་དྲིལ་བུ་མེང་།། རིགས་གསུམ་དམ་ཚིག་སྐལ་ལྡན་སློབ་དཔོན་གསང་བ་མཆོག། དབང་བསྒྱུར་དམ་པ་དགུ་པོ་གང་ཞིག་བསོད་ནམས་དཔག་མེད་ཀྱིསོ།། སྲིད་པ་དག་པར་སྣང ་མཛད་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།། རྩོད་པའི་དུས་དང་ཕྲད་པས་ཡིད་གཞུངས་རྣམས་ཞན་ཅིང་།། འགྲོ་བ་ཤིན་ཏུ་བསྡུས་པར་འདོད་ཅིང་ནན་ཏན་མེད།། དེས་ན་དབང་རིམ་རྒྱས་པ་སྤངས་པའི་དབང་བསྐུར་མདོར་བསྡུས་འདི།། ངག་གི ་དབང་ཕྱུག་གྲགས་པ་ཡིས་ནི་བརྗོད་པར་བྱ།། མུ་སྟེགས་ལ་མིན་རྨོངས་ལ་མིན།། རྟོག་གེ་སྐམ་པོ་དག་ལ་མིན།། ཉན་ཐོས་ལ་མིན་མ་ནང་དང་།། རྒན་པོ་བྱིས་པ་ལ་ཡང་མིན།། རྒྱལ་པོ་ལ་མིན་བུ་ལ་མིན།། དད་པ་མེད་པ་ལ་མིན་པའི།། བདུན ་དང་བརྒྱད་པ་ལ་སྦྱིན་པ།། བསྟུན་ལ་ཕན་པ་དོགས་པ་ཉིད།། དེ་ལ་རེ་ཞིག་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྗེ་སུ་གནང་བ་རིག་སྔགས་བཟླས་པའི་སྔགས་པས། སྔོན་ལ་སློབ་མའི་སྣོད་བརྟག་སྟེ། དད་པ་དང་ཐོས་པ་ལ་སོགས་པ་ཡོངསུ ་སྦྱངས་པ་དོན་དུ་གཉེར་ཞིང་ལེགས་པར་བརྟགས་པའི་སྐལ་བ་དང་ལྡན་པའི་སློབ་མ་དག་ལེ། དབང་བསྐུར་བ་ལ་སོགས་པས་གཟུང་བར་འདོད་པས། དཀྱིལ་འཁོར་ལ་སོགས་པའི་གནས་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་ཉེ ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ། ཆོ་ག་ཇི་ལྟ་བ་བཞིན་དུ་བྲིས་པའི།། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། མཚན་ཉིད་དང་ལྡན་པའི་རས་རིས་ལ་སོགས་པའི་དཀྱིལ་འཁོར ་རརམ། མངོན་སུམ་དུ་བྱས་པའི་དཀྱིལ་འཁོར་དུ་མེ་ཏོག་དང་། བདུག་སྤོས་དང་། ལྷ་བཤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རང་ཉིད་སློབ་མ་འཇུག་པའི་རིམ་པས་ཞུགས་ལ། ཡོལ་བའི་ཕྱི ་རོལ་དུ་ཡོན་དབུལ་བ་དབང་བསྐུར་བའི་སྐལ་བ་ཅན་གཅིག་གིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགསུ་དམིགས་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་མེ་ཏོག་གི་ཕྲེང་བ་བཟུང་ལ་གདོང་གཡོགས་ཅིང་སྟེ། བགེགས་མཐར་བྱེད་ཀྱི་སྔགས ་བཟླས་པའི་བུམ་པའི་ཆུས་བསངས་གཏོར་བྱས་ལ། དཀྱིལ་འཁོར་དུ་གཞུག་པའི་དོན་དུ་ཀྱེ་བདེ་བ་དགའ་བ་ཁྱོད་སུ་ཡིན་ཞེས་དཱི་བར་བྱའོ།། དེས་ཀྱང་བདེ་ཆེན་བདག་ནི་སྐལ་བ་བཟང་ངོ་ཞེས་བརྗོད་པར་བྱའོ།། དེ་མ་ཐག་ཏུ་ཨོཾ་སརྦྦ་ཡོ་ག ་ཙིཏྟཾ་ཨུཏྤ་ཏ་ཡཱ་མི་ཞེས་པ་འདིས་བྱང་ཆུག་ཏུ་སེམས་བསྐྱེད་པར་བྱའོ།། དེ་ནས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཨོཾ་སུ་རེ་སྟཽ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲཱ་ཡ་ཐཱ་སུ་ཁཾ་ཞེས་པ་འདིས་སྙིང་གར་བཞག་པར་བྱའོ།། དེ་ནས་སྔར་སྨྲས་པའི་ཡི་གེ་ལྔ་པོས་ཡོལ་པའི ་ནང་དུ་བཅུག་ལེ་འདི་སྐད་བརྗོད་པོར་བྱའོ།། དེའི་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས་ངས་ཁྱོད་རྡོ་རྗེའི་ཡེ་ཤེས་འདི་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཐོབ ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མ་བྱུད་ཅིག། སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་ར། དེ་ནས་རྡོ་རྗེ་སྤྱི་བོར་བཞག་ནས། འདི་སྣང་བརྗོད་པར་བྱའོ།། འདུ ་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འདི་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགེམས་པར་འགྱུརརོ།། རྡོ་རྗེ་སེམས་རང་དང་ཁྱོད་ཀྱི།། སྙིང་ལ་ཡང་དག་ཞུགས་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ་ཞེས་པ་འདིས་མནའ་བསྒྲགས་ལ། ཙྪིནྡ་དང་གུར་གུམ་ལ་སོགས་པ་བསྲེས་པའི་ཆུ་ལ།། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཞེས་པའི་སྔགས་ལན་བདུན་བཟླས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་ཉམས་ན་བསྲེག་པར་བྱེད།། དམ ་བསྲུངས་ན་དངོས་གྲུབ་སྟེ།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག། ཅེས་བརྗོད་ཅིང་བྱེད་པར་བྱ།། དེ་ནས་འདི་དག་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངོས་འདི་གྱིས་ཤིག་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱུང་གྲོ ་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱེད་ཅིག། ཡང་བ་མྱི་སྤངས་པར་ཁྱོད་དུས་ནས་སེམས་ཅན་དམྱལ་བེར་ལྟུང་བར་འགྱུར་ཏ་རེ། དེ་དག་ནོ་མ་ཚིག་གི་རྒྱུ་སྦྱིན་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པར་གསུངས་པོ ་དཔའ་བོའི་ཚོགས་དབབ་པར་བྱའོ།། དེ་ནས་བདེན་པའི་བྱིན་བརླབས་དོ་ལྟར་དཀྱིལ་འཁོར་དུ། སློབ་མ་འདི་ནི་ལེགས་བཙུག་ནས།། བསོད་ནམས་ཇི་ལྟ་དེ་བཞིན་ཤོག། ལྷ་རྣམས་རིགས་ཀྱི་རིམ་པ་དག། འདི་ཡིས་དངོས་གྲུབ་ཇི་འདྲ ་འགྱུར།། རིགས་གང་གིས་ནི་སྣོད་འགྱུར་དང་།། བསོད་ནམས་མཐུ་དག་ཅི་འདྲ་བ།། དེ་འདྲ་དཀྱིལ་འཁོར་འདི་རུ་ཤོག། ཞེས་དེ་ལྟར་བྱས་ནས། ཁྱོད་ཀྱིས་མིག་གིས་ཅི་འདྲ་བ་དག་སྣང་།། ཞེས་དྲི་བར་བྱའོ།། དེ་ནས་དེ ་བརྗོད་པའི་དཀར་པོ་དང་སོར་པོ་དང་དམར་པོ་དང་ནགྲ་བོར་སྣང་བ་རྣམས་ཀྱིས། ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་། དྲག་ཤུལ་སྤྱོད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་རྣམསུ་གོ་རིམས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དེ་ནས་དེས ་གཟུང་བའི་མེ་ཏོག་གི་ཕྲེང་བ་དེ་དཀྱིལ་འཁོར་དུ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བྱ་བ་འདིས་དོར་བར་བྱའོ།། དེ་ནས་མེ་ཏོག་དོར་བ་ལས་དམན་པ་དངོ་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱའོ།། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུ ་མཛོད་པུ་འམ་གཙུག་ཏོར་ལ་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བོ།། གལ་ཏེ་སྨན་ནས་ཞལ་ལ་ལྷུང་ན་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། ཡན་ལག་མཆོག་ལ་ནི་མཆོག་གོ།། ཡན་ལོག་བ་ར་པ་ལ་ནི་འབྲིང་ངོ་།། སྨད་ཀྱི་ཆ་ལ་ནི་ཐ་མ ་གཟུགས་ལས་རིདྲི་ནྱ་ཤིན་ཏུ་ཡུནྡ་རོང་བྱའོ།། ཉེ་བ་ལ་ནི་མྱུར་དུ་དངོས་གྲུབ་པོ།། ལྷ་རྣམས་ཀྱི་རང་གི་གནས་ཀྱི་ལེ་ཚེ་ལ་སོགས་པར་བཅས་པར་ཤེས་པར་བྱའོ།། ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གླང་ལ་ཉེ་བ་དེ་རིགས་ཡིན།། ་ཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་གྲུབ་ཕྲན་ཚེག་སུ་འགྱུའོ།། གལ་ཏེ་རི་མོཾ་ལ་ལྕང་ན་ཇི་ཚེ་སླར་ཡང་དོར་བར་བྱ་སྟེ། ལན་གསུམ་བྱས་ནས་ཀྱང་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་དོ།། སྙིང་པོ་ལ་ལྷུང་ནནི་ཕྲན་ཆག་གོ།། དེ་དག་ན ་ཏོག་དོར་བའོ།། དེ་ནས་དོར་བའི་ཕྲེང་བ་དསྐཱ་ཡ་བླངས་ནས་སློབ་མའི་སྟྲཱི་བཽརྱ་བྱཱཎྜིངས་ནུས་པྲ་ཏི་གྲཱིཧྞ་ཏྲ་མི་མྱཾ་སཏྭ་མཧཱ་པཱ་ལ་ཞེས་བརྗོད་དོ།། ཨོཾ་བཛྲཱ་སཏྭཱ་ཡ་ཏརྱཱ་ཙཀྵྨ་ཏ་གྷཱ་ཏ་ཏ་སྥཱ་ར་ཎ་ཨུད་གྷཱ་ཊ་ཨ་ཏི་སམྦྷ་ཀྵཽ། བཛྲཱ་ཙཊྚཱ་ར་ནྱཱཏྟཱ་ར~ཾ་ཞེས ་བརྗོད་ཅིང་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བརྗོད་ལ། སྔོན་དུ་འགྲོ་བས་སྒོ་སྐྱོང་ནས་བརྩམས་ནས་བདག་པོའི་མཐར་ཐུག་བསྟན་པར་བྱའོ།། དེ་དག་ནི་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ།། དེ ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་རྒྱུན་ཇི་ལྟར་གསལ་བ་ལྟར།། བདག་ཀྱང་བསྒྲུབ་པའི་དོན་སྐད་དུ།། མཁའ་འགྲོ་རྡོ་རྗེ་དང་བདག་སྩོལ།། ཞེས་བྱ་བས་གསོལ་བ་བཏབ་ལོ། བུམ་པ་བཟུང་བའི་སྤྱན་མ་ལ་སོགས་པ་རྣམས་ཀྱིས ་དབང་བསྐུར་བར་བྱ་སྟེ། དབོང་བསྒྱུར་བ་ནི་རྡོ་རྗེ།། ཁམས་གསུམ་པ་ཡིས་ཕྱུག་བྱས་པོ།། གསང་བ་གསུམ་གྱི་གནས་ལས་བྱུང་།། སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། ཞེས་བརྗོད་ནས་བདུད་རྩི་འཁྱིལ་པ་བཟླས་པའི་བུམ་པ་ནས་རྡོ་རྗེ ་ཚུར་གྱིས་ཆུ་བླངས་ལ། ཨོཾ་བཛྲ་ཨཱ་བྷི་ཥིཉྩ་མི་ཞེས་བརྗོད་ལ་གདོང་དཀྲུ། སློབ་མོ་འཁོར་ལོ་སྒྱུར་བ་བཞིན་དུ་དབང་བསྐུར་བར་བྱའོ།། དེ་དག་ནི་ཆུའི་དབང་བསྐུར་པོའི་ཆོ་གའོ།། དེ་ནས་རང་གི་ལྷ་དང་ལྷན་ཅིག་པའི་གསེར་དང་རས་ལ ་སོགས་པ་ལ་བྱས་པའི་ཅོད་པན་སློབ་མའི་མགོ་བོར་སྔར་སྨྲས་པའི་རིམ་པས་ལེགས་པར་བཞག་ལ། ན་མཁའི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་གཟུགས་ཀྱིས་ཅོད་པན་ལ་བཞུགས་པར་བསམ ་པར་བྱའོ།། དེ་དག་ནི་ཅོད་པན་གྱི་དབང་བསྐུར་བའི་ཆོ་གའོ།། དེ་ནས་རྡོ་རྗེ་བླངས་ལ་ས་རྒྱས་རྣམས་ཀྱི་རྡོ་རྗེའི་དབྱུང་།། དེ་རིང་ཁྱོད་ལ་བསྒྱུར་བར་བྱ།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་།། ཞྭ ་གདོན་ཅིང་རྡོ་རྗེ་སྙིང་ག་ལ་སོགས་པར་རྙེག་ནས་ལག་པ་གཡས་སུ་སྦྱིན་པར་བྱའོ།། དེ་དག་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་གའོ།། དེ་ནས་ལོག་པ་གཡོན་པར་དྲིལ་བུ་བྱིན་རྡོ་རྗེ་དང་དྲིལ་བུ་ལྡན་པའི་སློབ་མ་ལག་པ་གཉིས་ཀྱིས ་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏཱཾ་ཨ་བྷི་ཥིཉྩ་མྦྷི་ཏིཥྛ་བ~ཾཛྲ་ས་མ་ཡ་སྟྭཾ། ཞེས་གདོན་པར་བྱའོ།། དྲིལ་བུའི་དབང་བསྐུར་བ་ནི་བདག་པོའི་དབང་བསྐུར་བ་ཞེས་བརྗོད་དོ།། དེ་དག་ནི་དྲིལ་བུའི་དབང་བསྐུར ་བའི་ཆོ་གའོ།། དེའི་རྗེས་ལ་རྡོ་རྗེ་དང་དྲིལ་བུ་སློབ་མའི་ལྟེ་བར་བཟུང་ལ། ཨོཾ་བཛྲ་སཏྭཱ་ཏཱཾ་ཨ་བྷི་ཥིཉྩཱ་མི་བཛྲ་ན་མ་ཨ་བྷི་ཥཱཾ་ཀཱ་ཏཱ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་རིགས་དང་མཐུན་པའི་མིང་དག་གདུག་སོ།། དབང་བསྐུར་བ་དེ་དག་གིས་ནི ་སྔགས་དང་རྒྱུད་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་ལ་དབང་དུ་བྱ་བར་འགྱུར་རོ།། དབྱང་བསྐུར་བ་ལྔ་པོ་དེ་ཉིད་ནི་རིག་པའི་དབང་བསྐུར་བ་ཞེས་བརྗོད་དེ། ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་བྱ་བ་ཡོད་པའི་ཕྱིར་རོ།། ་དེ་དག་ནི་མིང་གི་དབང་བསྐུར་བའི་ཆོ་གའོ།། དེའི་རྗེས་ལ་རིག་པའི་དབང་བསྐུར་བླངས་ཤིང་སློབ་དཔོན་གྱི་སྡོམ་པ་བླངས་པ་ལ། རྡོ་རྗེ་སློབ་དཔོན་དབང་བསྐུར་བ་གང་གིས་ཁྱོད་ཀྱི་དྲོན་གྱིས་བདག། བདག་དང་གཞན་དོན་ནུས་གྱུར་པ ་བརྩེ་བའི་གཏེར་གྱི་བདག་ལ་སྩོལ།། ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ལ་བསམ་གཏན་གྱིས་སྤྱན་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་ནས། དམ་ཚིག་གསུམ་འཛིན་དུ་གཞུག་གོ།། དེ་ལ་དམ་ཚིག་གསུམ་ནི་འདི་ཡིན ་ཏེ། ཧཱུཾ་གི་ཡི་གེ་རྡོ་རྗེར་བསམས་ནས། ཐོག་མཐའ་མོད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བོ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། བཅོམ་ལྡན་འདས་དམ་པ་དང་པོའི་སྐྱེས་བུའོ།། ཞེས ་བྱ་བ་དེ་ཁོ་ན་ཉིད་རྡོ་རྗེ་གཟུང་ངོ་།། དེ་དག་ནི་རྡོ་རྗེའི་དམ་ཚིག་གོ། དེ་མ་ཐག་ཏུ་ཡི་གེ་ཨ་ལས་སྐྱེས་པའི་དྲིལ་བུ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་།། བྱང་ཆུབ ་མཆོག་ཏུ་རྒྱལ་བ་བཞེད།། ཅེས་པ་འདིས་སློབ་མའི་ལག་ཏུ་སྦྱིན་ནོ།། སྲིད་པ་རང་བཞིན་གྱིས་ནི་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོགོ་ནི་བྱེད་པར་འགྱུར།། ཞེས་བྱ་བ་འདིས ་སློབ་མས་ཀྱང་དཀྲོལ་བར་བྱའོ།། དེ་དག་ནི་དྲིལ་བུའི་དམ་ཚིག་གོ། དེའི་རྗེས་ལ་ཡིད་ཀྱིས་ལུས་ནི་བསྟན་པའི་ཕྱིར།། ཕྱག་རྒྱ་མྲྀ་ཚིག་ཞེས་བྱར་གསུངས།། གང་གིས་ལུས་ཀུན་བརྟགས་པས་ན།། དེས་ན་ཕྱག་རྒྱ་རབ་ཏུ་བསྒྲོགས།། ་ཅེས་བྱ་བ་འདིས་རང་གི་འདོད་པའི་གྷའི་ལུས་ཀྱི་བདག་ཉིད་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ།། དེ་དག་ནི་ཕྱག་རྒྱའི་དམ་ཚིག་གོ།། དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་དང་། ལྷའི ་དེ་ཁོ་ནས་ནི་ལྷའི་རྣམ་པར་དག་པའི་མཚན་ཉིད་དང་། སློབ་དཔོན་གྱི་ལས་ནི་དཀྱིལ་འཁོར་གྱི་སྒྲུབ་པ་སྔོན་དུ་འགྲོ་བ་སྟེ། དེར་སློབ་དཔོན་གྱི་འཇུག་པའི་བྱ་བའི་མཚན་ཉིད།། ཞེས་སེམས་ཤིང་འདི་གསུམ་བསྟན ་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་གྲུ་ཁྲུགསུ་དམིགས་པའི་སློབ་མ་ལ་རྗེསུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ།། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། ཇི་ལྟར་འདུལ་བ་སྣ་ཚོགས་པ། ཆོས ་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཞེས་ཆོས་ཀྱི་རྗེ་སུ་རྡོ་རྗེ་དང་རིན་དང་པདྨ་དང་ལས་ཀྱི་སྒྲ་བཅུག་པ་རིམ་པ་བཞིན་དུ་ཚིགསུ་བཅད་པ་ལྔས་བྱ་སྟེ། དེ་དག་ནི་རྗེ་སུ་གནང་བའི་སྦྱིན་པའོ།། དེ་ནས་འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་སེམས ་དཔའི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་།། ཕྱག་ན་རྡོ་རྗེས་བརྟུལ་ཞུགས་བརྟན།། ཞེས་པས་རྡོ་རྗེ་སྦྱིན་ཏེ། སརྦ་ཏ་ཐཱ་ག་ཏཱ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཧཱུཾ་དྷྲྀ་ར་ཡ་མི་བཛྲ་སཏྭ་ཧེ་ཧི་ཧི་ཧེ་ཧྲཱིཾ་ཞེས་བརྗོད་དུ་གཞུག་ཅིང་སློབ་མ ་རྡོ་རྗེ་བརྟུལ་ཞུགས་འཛིན་དུ་གཞུག་གོ།། དེ་དག་ནི་སྦྱིན་པའོ།། དེའི་རྗེས་ལ་སངས་རྒྱས་གཟུགས་སུ་བདག་ཉིད་བསམས་ནས། སྙིང་གྲཝར་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གྲཝ་ནས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མཆོག ་སྦྱིན་པས། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་རྣམས་ལས་བཏོན།། ཀྱེ་ཚི་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པའི། སིདྡྷི ་ས་མ་ཡསྟྭཾ་བྷུར་བྷུ་བ་སྭཿཞེས་བྱ་བས་ལུང་བསྟན་ཏེ། གང་ལ་འཕགས་པའི་ཕྱག་རྒྱ་འདི་ལུང་སྟོན་པར་བྱེད་ན། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད། འཕགས་པ་ཕྱག་རྒྱ་ཆེན་པོ་འདིའི་མཐུ་དང་གསང་སྔགས་ཀྱི་སྟོབས་ཀྱིསོ།། ཞེས་དད་པར་བྱའོ།། དེ་ནི་ག་ནི་ལུང་བསྟན་པའོ།། དེ་ནས་གསང་བ་བརྗོད་པར་བྱ ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དེ།། དེ་བས་འདོད་ལ་ཆགས་བྲལ་བར།། ཁྱོད་ཀྱིས་ནམྲ་ཡང་མ་བྱེད་ཅིག། མ་ཧཱ་ས་མ་ཡ་ཧཱ་ནཱ་ཧཱུཾ་ཕཊ། དེ་ནས་མཆོག་གསང་དཀྱིལ་འཁོར་དམ་པ་ནི།། མཐོང ་པ་དང་ནི་ཞུགས་པ་ཡིས།། སྡིག་པ་ཀུན་ལས་ངེས་གྲོལ་བར།། ཁྱོད་ནི་དེ་ཉིད་ལེགས་པར་གནས།། བདེ་ཚོན་ཐེག་པ་འདི་ལ་ནི།། ཕྱིན་ཆད་འཆི་བ་ཡོད་མིན་ཏེ།། སྲིད་པ་ཤིན་ཏུ་དག་བྱའི་ཕྱིར།། སྲིད་པའི་སྡུག་བསྔལ་རྣམས་ལས ་འདས།། བྱང་ཆུབ་སེམས་ནི་བཏང་མི་བྱ།། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་གང་།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའོ།། དམ་པའི་ཆོས་ནི་མི་སྨད་ཅིང་།། ནམ་ཡང་སྤང་བ་རེ་མི་བྱ་སྟེ།། མི་ཤེས་པ་འམ་རྨོངས ་པ་ཡིས།། དེ་ནི་བསྟན་པར་མི་བྱའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ནམ་ཡང་སྤང་པོར་མི་བྱའོ།། སློབ་དཔོན་བརྙས་པར་མི་བྱ་སྟེ། དེ་ནི་སངས་རྒྱས་ཀུན་དང་མཚུངས།། རང་གི་བདག་ཉིད་ཡོངས་སྤངས་ནས།། དཀའ་ཐུབ་ཀྱིས་ནི ་གདུང་མི་བྱ།། ཇི་ལྟར་བདེ་བར་བདེ་བ་གཟུང་།། འདི་ནི་མུ་བྱོན་རྫོགས་སངས་རྒྱས།། དེ་རིང་དཀྱིལ་འཁོར་སྐྱོབ་སློབ་དཔོན་ཏེ།། སྔགས་དང་རྒྱུད་ནི་འཛིན་པ་ཁྱོད།། སངས་རྒྱས་བྱང་ཆུབ་སེམས་རྣམས་དང་།། ་ལྷ་རྣམས་ཀྱིས་ནི་བཞེད་པ་ཡིན།། སེམས་ཅན་རྣམས་ལ་སྙིང་རྩེའི་ཕྱིར།། ཁྱོད་ཀྱིསྒོ་དཀྱིལ་འཁོར་ཆོ་ག་བཞིན།། འབད་པ་ཡིས་ནི་བྲྀ་བྱ་ཞིང་།། སྒྲུབ་པ་པོ་རྣམས་རྒྱུད་དེ་ལ་སྦྱོར།། དེ་དག་ནི་དབུགས་དབྱུང་བའོ།། དྷེ་སུ་གནང་བ་ལ་སོགས ་པ་བཞི་པོ་འདི་དག་རྣམས་ནི།། དབང་བསྐུར་བ་ལྔའི་དེ་མ་ཐག་ཏུ་འམ། དབང་བཞི་པའི་དབང་བསྐུར་བའི་དེ་མ་ཐག་ཏུ་བརྗོད་པར་བྱའོ།། སློབ་དཔོན་གྱི་དབང་བསྐུར་བ་ཉིད་ལ་ནི་མི་ལྡོག་པའི་དབང་བསྐུར་བ། ཞེས་བརྗོད།། དབང་བསྐུར ་བ་ལྔ་དང་སློབ་དཔོན་གྱི་དབང་བསྐུར་བ་ནི་བུམ་པའི་དབང་ཡིན་ཏེ། ཐམས་ཅད་དུ་བུམ་པའི་བྱེད་པ་ཡོད་པས་སོ།། དབང་བསྒྱུར་བ་དྲུག་པོ་བྱ་བ་ནི་རྒྱུད་ཐམས་ཅད་དུ་ཡང་འགལ་བ་མེད། འཛུམ་དཔལ་གྱི་རྒྱུད་ལ་སོགས་པ་རྣམསུ ་བསྟན་པའི་ཕྱི་རོ།། དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ།། དེ་ནས་ཡུལ་བ་ལ་སོགས་པ་དབེན་པར་བྱས་པའི་ཕྱིགསུ་སློབ་མོས་རང་གཽ་སེམས་དང་འཐད་པའི་གཟུགས་ལ་སོགས་པའི་ཡོནྡ་དང་ལྡན་པ་དམ་ཚིག་དང ་སྡོམ་པ་དང་དོང་འཛིན་གསུམ་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤིན་ཏུ་དད་པ་སྙིང་རྗེའི་བདག་ཉིད་ཅན་གྱི་ཤེས་རབ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས ་གསོལ་བ་གདབ་པར་བྱའོ།། བླ་མས་ཀྱང་ཏིངངེ་འཛིན་གསུམ་མངོན་སུམ་དུ་བྱས་ཤིང་དེ་བཞིན་ཉིད་ཀྱི་པདྨའི་ནང་དུ་སྦྱོར་བས་བསྐྱོད་པའི་རྡོ་རྗེ་ནོར་བུའི་ནང་ཆུད་པ་རང་གིས་རིག་པར་བྱས་ནས། སེམས་ཀྱང་ན་མཁའི་ཁམས ་མ་ལྷུང་བ་ཉིད་དུ་མཚོ་སྐྱེས་ནས་རྡོ་རྗེ་བཏོན་ནས་སྲིན་ལག་དང་མཱཐེ་བྷོ་དག་གིས་སློབ་མའི་མིག་དང་ལྷག་པའི་སྤྱོད་ཡུལ་མ་ཡིན་པོར་དེ་ཁའི་ནི་ཆུ་སྐྱེས་ཀྱི་ན་མཁར་སྦྱིན་པར་བྱའོ།། དེས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ཞེས་བརྗོད་དེ་དྲངས ་ནས་ལོངས་སྤྱོད་ཙྪེ་ལྗོངས་སྤྱོད་ཀྱི་སྦུ་གུར་གཞུག་པར་བྱའོ།། དེ་ཉིད་ཀྱིས་ཀྱང་ལངས་ལ་རང་གི་ཁྱད་པར་གྱི་ནཱང་ནས་ཁྱད་པར་དུ་འཕྱགས་པ་མེ་ཏོག་གི་བཅུད་ཀྱི་ཐིགས་པ་གོས་དང་བྲལ་ཞིང་སྒེག་པ་དང་བཅས་པས་དེའི་ན་མཁ ་གཞུག་པར་བྱའོ།། དེ་ནི་ཤེས་རབ་དང་ཐབས་ཀྱི་གསང་པོ་ངག་གིས་དབང་བསྐུར་བའི་ཆོ་གའོ།། དེ་ནས་དེ་བཞིན་ཉིད་གཅིག་ཏུ་འདོད་ན་དེ་ཉིད་ཀྱིསོ།། ཐ་དད་པར་འདོད་ན་གཞན་གྱིས་ཏེ། རང་རིག་པའི་ཡེ་ཤེས་སྔོན་སྙམ་དུ་བྱེད་པ ་གནས་སྐབ་སུ་སྔར་སྨྲས་པའི་ཚིགསུ་བཅད་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེའི་ལག་པ་བཞག་ལ། ཉམས་དགའ་གཟུངས་འདི་ཁྱོད་ཀྱིས་ནི།། བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས།། འཁོར་བའི་རིམ ་པའི་སྦྱོར་བ་ཡིས།། བདེ་བ་དམ་པ་མྱང་བར་གྱིས།། ཐབས་གཞན་གྱིས་ནི་སངས་རྒྱས་མིན།། འདི་ནི་འགྲོ་བ་གསུམ་ན་དག། དེ་བས་འདི་དང་བྲལ་བར་ནི།། ཁྱོད་ཀྱིས་ནེམ་ཡང་མ་བྱེད་ཅིག། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། རིག ་པའི་བརྟུལ་ཞུགས་བླ་ན་མེད།། བློན་པོ་དགའ་ཞིག་འདའ་བྱེད་ན།། དེ་ལ་དངོས་གྲུབ་མཆོག་ནི་མེད།། ཅེས་བརྗོད་དེ་གཏང་བར་བྱའོ།། དེ་ཡང་ཙན་དང་གུར་གུམ་ལ་སོགས་པ་བྱུགས་པ་ཤིན་ཏུ་དྲི་ཞིམ ་པ་ལ་སོགས་པའི་མེ་ཏོག་གི་ཕྲེང་བས་སྟེང་དུ་བརྒྱན་པར་གོས་མེད་པར་ཆུ་སྐྱེས་མཛེས་པ་གསལ་བར་སྟོན་པར་བྱེད་ཅིང་སློབ་མ་ལ་འདི་སྐད་སྨྲ་བར་བྱ་སྟེ། བུ་ཁྱོད་བདེན་པར་སྤྲོ་འམ་ཅི།། བཤང་བཅི་ལ་སོགས་བཟོའ་བ་དང ་ཁྲག་དྲུང་ཁུ་བ་དེ་བཞིན་ཤྭ། དེ་བཞིན་མཆོག་ཏུ་བུད་མེད་གུས།། བྷ་གར་པདྨོ་འོ་བྱེད་པ།། བུ་ཡིས་ཇི་ལྟར་བདེ་བར་སྨོས།། ཞེས་བཛྲོ་།། དེས་ཀྱང་ཁྲག་དང་ཁུ་བ་ལ་སོགས་ཟ་བ་དང་།། རྟག་ཏུ་བུད་མེད་གུས་བྱ་དང་།། བྷ་ག་ཉིད་ལ ་འོ་བགྱིད་པཱ་ར།། ལྷ་མོ་ཙེ་སྟེ་བདག་མི་སྤྲོ། ཞེས་སྨྲ་བར་བགྱིའོ།། དེ་དགའ་ཞིང་བྱམོས་པ་དང་ལྡན་པས་སྒྲུབ་པ་པོ་ལ་བདག་པོ་བཞིན་དུ་རྣམ་པར་ལྟེ་ཞིང་། ཙུག་ཙོག་པོར་ཆུ་སྐྱེས་བསྟན་ནས་འདི་སྐད་ཅེས་སྨྲ་བར་བྱའོ།། ཨེ་མའོ ་ཡི་པདྨ་འདི།། བདེ་བ་ཀུན་དང་ཡང་དག་ལྡན།། གང་ཞིག་ཚོགས་བསྟེན་བྱེད་པོ།། དེ་ཡི་མདུན་དུ་ང་གནས།། རྫོགས་སངས་མཉེས་པར་བྱ་ལ་སོགས།། ཇི་ལྟའི་བྱ་བ་པདྨར་གྱི་སོ།། བདེ་ཆེན་རྒྱལ་པོ་རང་ཉིད་ནི།། འདི་ཉིད་དུ་ནི་རབ་ཏུ ་གནས།། ཨུད་ཕུ་ལ་ལ་བྷ་མ་ཛི་ཛྭ་ལ་སོགས་པས་བྱེད་པ་ལེགས་པར་གདེག་པས།། ཇི་སྲིད་རྣལ་འབྱོར་བྱང་ཆུབ་སེམས།། གདོང་པོ་རུ་ནི་མི་བྱེད་པས།། དེ་སྲིད་རྒྱུན་མི་འཆད་པ་ཡི།། དགའ་སྐྱེས་བདེ་བ་ཅི་ཡང་ཐོབ།། དངས ་གྲུབ་ཀུན་གྱི་གཏེར་གྱུར་པའི།། བྱང་ཆུབ་སེམས་ནི་ལྷུང་གྱུར་ན།། ཕུང་པོ་རྣམ་ཤེས་རྒྱལ་བ་ལ།། མ་སྨད་དངོས་གྲུབ་ག་ལ་ཡོད།། མཁའ་དབྱིངས་རྡོ་རྗེ་མཉམ་སྦྱོར་དང་།། རེག་ལས་རྨད་བྱུང་ཆེན་པོ་ཡི།། བདེ་བ་སྐྱེ་བ་གང ་ཡིན་པ།། མཆོག་ཏུ་དགའ་བ་བྱེད་པའོ།། དགའ་བྲལ་དགའ་བུ་བདག་དབུས་སུ།། མཚོན་ཅི་རྟགས་ལ་བསྟན་པར་གྱིས།། པདྨའི་ན་མཁར་རྡོ་རྗེ་དང་།། ལྟེ་བ་དག་ནི་གནོན་ནསུ།། རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སེམས།། ནོར་བུའི་ནང་དུ ་སོན་པ་ལྟ།། ཡེ་ཤེས་སྐྱེ་བ་གང་ཡིན་ཏེ།། ཤིན་ཏུ་ཡེ་ཤེས་སྐྱེ་བ་ངོ་བོ་ཡིན།། འདོད་ཆགས་མ་ཡིན་ཆགས་བྲལ་མིན།། དབུ་མར་དམིགསུ་མེད་པ་སྟེ།། གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་།། བདེ་བར་འགྱུར་བ་བདེ་བ་གནས།། ། ་ཐུན་ནམ་ཡང་ན་ཉི་མ་གཅིག། ཟླ་བ་ཕྱེད་ཟླ་བ་འཁྱུད་འཁོར་དང་།། བསྐལ་པ་འམ་བསྐལ་པ་སྟོང་ཕྲག་ཏུ།། ཡེ་ཤེས་མངོན་པར་སྦྱོར་བས་གནས།། དེ་ལྟར་བརྟགས་ལ་ཇི་ལྟར་ནུས་པས་བཟུང་བ་ལ་བཏང་སྟེ། ཆུ་སྐྱེས་ལྕེ་ཉིད་ཀྱི ་རྗེས་བླངས་ཏེ། དེ་ཁོ་ན་མཐོང་བས་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་བཟུང་བར་བྱའོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། དེའི་རྗེས་ལ་དབང་བསྐུར་བ་བདུན་ཐོབ་ཅིང་ཤེས་རབ་ཡེ་ཤེས་མངོན་དུ་སུམ ་དུ་བླངས་པ་ཉིད་མ་རྙེད་ན་ཡང་ཚིག་གིས་སྨྲས་ལ་དབང་རིན་པོ་ཆེ་སློབ་དཔོན་གྱི་མན་ངག་ལས་ཡེ་ཤེས་ཀྱི་དབང་སྦྱིན་དེ་ལ་བཞི་པ་མངོན་པར་བརྗོད་པ་དབང་བསྐུར་བའི་རིན་པོ་ཆེ་བླ་མའི་མན་ངག་གིས་རྟོགས་པར ་བྱ་བའི་ངོ་བོ་སྦྱིན་པར་བྱའོ།། དེ་ནི་སློབ་མའི་མོས་པ་ཡིད་ཀྱིས་ཡོངས་སུ་བརྟགས་ལ་ཇི་སྐད་གསུངས་པའི་ཆོ་གས་གསང་བྱིན་ནས། རྒྱ་ཆེ་ཟབ་པའི་ཚུལ་ལ་མོས་པ་ན། དབང་བསྐུར་རིན་ཆེན་ཚིག་ཉིད ་སྦྱིན་པར་བྱ། ཞེས་གསུངས་སོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དངོས་སུ་མ་ཐོབ་པ་ལ་སླར་ཡང་ཚིག་ཙམ་གྱི་དབང་བསྐུར་བ་སྦྱིན་པར་མི་བྱ་སྟེ། དམ་ཚིག་ཉམས་པས་འཇིགས་པའི་ཕྱིར་རོ།། འོ་ན་གལ་ཏེ་ཤེས་རབ་ཡེ་ཤེས ་ཀྱི་དབང་བསྒྱུར་དངོས་སུ་མ་ཐོབ་པ་ལ་ཚིག་ཙམ་གྱི་དབང་བསྐུར་བ་བཀག་ན། ཇི་ལྟར་ན་དགེ་སློང་རྣམས་རྗེ་སུ་བཟུང་བར་བྱ་ཞེ་ན། དགེ་སློང་རྣམས་རྣཾ་སུ་བཟུང་བར་མི་བྱ་སྟེ། དེ་དག་ལ་འདིར་དབང་བ་མེད་པའི་ཕྱིར། དེ་ལྟར་ཡང་གང ་ཡང་དགེ་སློང་དངོས་དགའ་དང་། གང་ཡང་རྟོག་གེ་ལ་དགའི་མི།། གང་ཡང་རྒན་པོའི་དངོས་གནས་པ།། དེ་ལ་དེ་ཉིད་བསྟན་མི་བྱ་ཞེས་གསུང་སོ།། སོ་སོར་འབྲང་མ་ཚོན་མོ་ལ་སོགས་པར་གསུངས་པ། དགེ་སློང་རྡོ་རྗེ་འཛིན་པས་བྱ།། ་བདུད་ལ་བསྡིགས་པ་ལ་བརྩོན་པ། ཞེས་བྱ་བ་ལ་སོགས་པ་ནི་གསུངས་པ་ཉིད་ཞེ་ན། འོན་ཀྱང་དགེ་སློང་འགའ་ཞིག་གཅིག་ཏུ་ངེས་པར་དྲག་པའི་དཀའ་ཐུབ་ཅན་ཉན་ཐོས་ཀྱི་ཐེག་པ་ལྟ་བ་གཅིག་པ་སྟེ། དེ་ལ་སྔགས་དང་ཕྱག་རྒྱ་ལ ་སོགས་དབང་བསྐུར་བ་དབང་མེད་པ་ཉིད་དོ།། ཡང་གང་ཞིག་ཉན་ཐོས་ཀྱི་སྡོམ་པ་དང་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དང་ལྡན་པ་སྟེ། དེ་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་དབང་ཡོད་དེ། དེ་གསང་བའི་དབང་བསྐུར ་བ་ལ་སོགས་པ་མེདདོ།། ཡང་གང་ཞིག་ཉན་ཐོས་ཀྱི་སྡོམ་པ་དང་། སྔགས་ཀྱི་ཚུལ་ལ་ཡང་སེམས་བསྐྱེད་པ་དང་། ལྡན་པ་སྟེ། དེ་ལ་ནི་ཐམས་ཅད་དུ་དབང་བསྐུར་བ་ལ་སོགས་པའི་དབང་ཡོད་པ་སྟེ་དེ་ཉིད་ནི་རྡོ་རྗེ་འཛིན་པ་ལ་བདུད་ལ ་བསྡིགས་པ་ལ་སོགས་པ་བྱའོ།། འོ་ན་དེ་ལྟར་ན་ཡང་ཇི་ལྟར་ན་དགེ་སློང་གི་སྡོམ་པ་མི་ཉམས་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འདི་ལྟར་དགེ་སློང་གི་སྡོམ་པ་མ་བཏང་བར། ཕྱི་ནང་གསང་བའི་ཐེག་པ་གསུམ།། སྡོམ་པ་སོ་སོར ་གཟུང་བར་བགྱི། ཞེས་བྱ་བ་ལ་སོགས་པ་གང་གི་ཚེ་སྡོམ་པ་གཞན་དང་མི་འགལ་ཞིང་། ལྷག་པ་ཡང་སོ་སོར་འཛིན་པ་ཡིན་ན་དེའི་ཚེ་ཇི་ལྟར་སྡོམ་པ་ཉམས། ཅི་སྟེ་མི་འགལ་ཞིང་ལྷག་པའི་སྡོམ་པ་མ་ཉམས་པར་ཡིན་དུ་བཅུག ་ན་དགེ་སློང་གི་སྡོམ་པ་ལ་དབང་པོ་གཉིས་སྙོམས་པར་འཇུག་པར་བྱེད་པ་ཇི་ལྟར་མི་ཉམས་ཤེ་ན། དེ་ལྟར་ན་ཡང་མི་ཉམས་ཏེ། འདུལ་བ་ལ་སོགས་པར་བཀག་པ་སྤྱོད་པ་ནི་ཉམས་པར་བསྟན་གྱི་ཡང་མ་བཀག་པར་སྤྱོད་པ་ལ་ནཱི་མ ་ཡིན་ནོ།། ཁམས་གསུམ་པར་གྱུར་པའི་མི་དང་ལྷ་ལ་སོགས་པའི་མཛེས་མ་རྣམས་ལ་ཟག་པ་དང་བཅས་པའི་མངོན་པར་ཞེན་པ་མྱོང་བའི་མཚན་ཉིད་འདོད་ཆགས་བྱང་བར་བྱེད་པའི་དེ་དག་འདུལ་བ་ལ་སོགས་པར་བཀག་གི། ཡང ་ཁམས་གསུམ་པ་ལས་འདས་པའི་ལུས་ཅན་རྣམ་པར་རིག་པ་ཙམ་དུ་ངོ་བོ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པ་རང་སྣང་བའི་ངོ་བོ་རྣམས་ལ་མ་ཡིནོ།། གཞན་དུ་ན་རྨི་ལམ་དུ་ཉེ་བར་མི་དམིགས་པ་དང་རྟོག་པའི་ཡུལ་གྱི ་རང་བཞིན་གྱི་དྲོ་བོ་རྣམས་ལ་ཡང་ཉམས་པར་འགྱུར་རོ།། ཅི་སྟེ་དེ་དག་ལ་ཡང་བདག་གིས་ལེགས་པར་བྱས་སོ།། བདག་གིས་རབ་ཏུ་གྱུར་ཏོ་ཞེས་རབ་ཏུ་རྗེ་སུ་ཡི་རང་བར་བྱེད་པ་ཉོན ་མྱོངས་པ་ཅན་གྱི་སེམས་ལ་ནི་ལྟུང་བར་གྱུར་པ་ཉིད་ཞེ་ན། ལྟུང་བ་ཙམ་དུ་འགྱུར་བ་ནི་བདེན་ན་ཡང་སྡོམ་པ་ཉམས་པ་ནི་མ་ཡིནོ།། གལ་ཏེ་དེ་ལ་སྨོད་པའི་སེམས་སུ་བྱེད་ན་དེའི་ཚེ་ནི་ལྟུང་བ་ཙམ་དུ་ཡང་མི་འགྱུར་རོ།། དེ་ཡང ་སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་།། བདག་ཉིད་སྨོད་པར་ཡང་པར་ཡང་བར་འགྱུར། ཞེས་གསུང་སོ།། དེ་ལྟར་ན་ཇི་ལྟར་རྨི་ལམ་ན་ཉེ་བར་མི་དམིགས་པ་ཀུནྡ་བརྟགས་པའི་བུད་མེད་རྣམས་ལ་མོས་པ་ཉིད་ཀྱིས ་འཇུག་པའི་ཚུར་བའི་སྲེད་པ་ལ་ཡང་སྡོམ་པ་ཉམས་པ་མེད་ལ་སྤྱོད་པ་ནི་ལྟུང་བ་ཙམ་དུ་ཡང་མི་འགྱུར་བ་དེ་བཞིན་དུ་ཁམས་གསུམ་པ་ལས་འདས་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་ཤེས་རབ་སེམས་ཙམ ་ཀྱི་རང་གི་ངོ་བོ་རྣམས་ལ་ཡོངས་སུ་དག་པ་མངོན་པར་མ་ཞེན་པའི་མཚན་ཉིད་འདོད་ཆགས་ཆེན་པོ་མངོན་དུ་བྱེད་པ་དེ་མི་དམིགས་པ་སྟོང་པ་ཉིད་བསྒོམས་པས་སྨོད་པ་ཉིད་ལ་དགེ་སློང་གི་དངོས་པོ་ཉམས་པ་མེད་ཅིང་ལྟུང ་བ་ཙམ་དུ་ཡང་མི་འགྱུར་རོ།། ཞེས་འདོད་པར་བྱའོ།། འོ་ན་སེམས་ཙམ་དུ་ངོ་བོ་གཅིག་པའི་འཇམ་པའི་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་ཤེས་རབ་ལ་རིགས་པ་འདི་ཡོད་ན་ཕྱི་རོལ་གྱི་ལས་ཀྱི་ཕྱག་རྒྱ་འདུལ་བར་བཀག་པ་ལ ་རིགས་པ་འདི་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཅི་འདིར་ཁྱེད་ཀྱིས་གཟུགས་ལ་སྩོགས་པ་རང་གི་སེམས་སྣང་བ་ཙམ་དུ་ལུས་གཅིག་པ་ཉིད་ཀྱི་གྲགས་པ་ཙམ་ཡང་མ་ཐོས་སམ་གང་གིས་ནི་བཛྲོད་པཱུར་བྱཱ་སྟེ་བཛྲོད་བྱེད་དོ། ་བཞིན་ནོ།། དཱི་ཝཱརརྱ་ནི་ཁྱེད་འདྲ་བ་ལ་ནྡེ་རྣམ་པོར་རིག་པ་ཙམ་གྱི་དྲི་དེ་ཁོ་ན་གློ་བར་བྱེད་པ་འམ་རྫུན་པའི་ངོ་བོར་སྣང་བ་ཙམ་ཉིད་ཀྱི་གོ་བྱར་བྱེད་པ་དག་གིས་གསང་སྔགས་ཀྱི་ཚུལ་ལ་དབང་ཡོད་པ་མི་ཡིན་ནོ།། གཟུགས ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་སེམས་སྣང་བ་ཙམ་དུ་གོ་བ་ལ་རང་གི་བུད་མོད་དུ་སྣང་བ་དང་ཐ་མི་དད་པར་འཇམ་པའི་རྡོ་རྗེ་ལ་སོགས་པ་རང་སྣང་བའི་ངོ་བོར་ཡོངས་སུ་གྱུར་པའི་ལས་ཀྱི་ཕྱག་རྒྱ་མ་ལྟ་བུ་དེས་རྣམ ་པར་སྦྱངས་པ་ལ་དབང་བསྐུར་བ་ཁ་ན་མ་ཐོ་བ་མེད་པ་ཐོབ་པ་ལྔ་ཡང་དགེ་སློང་རྣམས་ཀྱི་སྡོམ་ཞིག་པའི་ཉེས་པར་མི་འགྱུར་རོ།། དེ་དག་ནི་བཞི་པའི་དབང་གི་ཆོ་གའོ།། དབང་བསྒྱུར་མདོར་བསྡུས་བརྗོད་པ་ལས་ནི་བདག་ལས ་སྐྱེས་པ་ཡིས།། དུང་ཟླ་ཀུན་ད་ཀུ་མུ་དྲ་དང་ཆུ་སྐྱེས་འོད་མཚུངས་པའི།། བསོད་ནམས་གང་ཡིན་མཁར་དང་མཚུངས་པ་དེས་ནི་འགྲོ་བའི་ཚོགས།། ཤེས་རབ་པདྨ་ལས་བྱུང་རྡོ་རྗེ་འཆང་གི་རང་བཞིན་ཤོག། ་གིསང་བ་འདུས་པའི་དབང་བསྐུར་པོའི་ཆོ་ག་མདོར་བསྡུས་པ་རྫོགས་སོ།། ། འདི་ནི་པཎྜི་ཏ་ངག་གི ་དབང་ཕྱུག་གྲགས་པས་མཛད་པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙ་བ་ཀྲོག་སྱ་གཞོན་ནུ་འབར་བའི་ཞལ་སྔ་ནས་དང་། མར་བ་ཆོས་ཀྱི་དབང་ཕྱུག ་གིས་བསྒྱུར་ཅིང་ཞུས་པའོ།། ། ་