| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པྲི་ཡ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི།། སྐུ་གསུམ་རྣམ་པར ་གནས་གྱུར་པ།། འཇམ་དཔལ་ཡང་དག་ཕྱག་འཚལ་ནས།། དེ་ཡི་སྒྲུབ་ཐབ་རིམ་བཤད་བྱ།། དཔལ་ལྡན་གསང་འདུས་ལ་བརྟེན་ནས།། ཕུན་སུམ་ཚིགས་པ་ཀུན་བྱེད་པ།། བླ་མས་ཇི་ལྟ་རཽ་བསྟན་པ་ཡི།། ཡེ་ཤེས་ཞབས ་ཀྱི་ལམ་བརྟེན་པས།། ཤེས་རབ་ཐབས་ཀྱི་རང་བཞིན་གྱི།། ཤེས་སྒྲུབ་ལྡན་པའི་སེམས་དག་ལ།། ཕལ་ཆེར་གསལ་བའི་སྒྲ་ཡི་དོན།། བདག་མཉམ་བློ་ལྡན་ལ་ཕན་པར།། བླ་མ་རྙེད་དཀའ་འཇིག་རྟེན་ན།། དལ་འབྱོར་ཤིན ་ཏུ་གྲ་ཡོ་བ་སྟེ།། སྣོད་ལ་ཤེས་རབ་ཐབས་འདི་ནི།། དེ་ཕྱིར་སེམས་ཀྱིས་བྱ་བར་རིགས།། བྱམས་དང་སྙིང་རྗེ་མཉམ་ལྡན་པས།། སེམྦྷས་ནི་བྱང་ཆུབ་བསྐྱེད་བྱས་པ།། སངས་རྒྱས་རྣམས་ཀྱི་རབ་ཟབ་པའི།། ཚུལ་ལ་ལྷག་པར་མྱོས ་པའི་ཡིད་།། སྦྱིན་དང་ཁྲིམས་སོགས་ཕུན་སུམ་ཚོགོས།། སྲིད་དང་ལོངས་སྤྱོད་ལ་ཕྱིར་ཕྱོགས།། སེམས་ཀྱི་སྡུག་བསྔལ་ཡང་སྐྱོ་མེད།། ལྷོ་རྣམས་བརྟེན་པོ་བྱེད་གྱུར་པ།། ཆུ་དང་ཅོད་པནི་རྡོ་རྗེ་དང་།། བདག་པོ་མིང་དང་སློབ་དཔོན ་གསང་།། ཤེས་རབ་ཡེ་ཤེས་བརྟུལ་ཞུགས་སོགས།། བསོད་ནམས་ཡེ་ཤེས་ཆེར་འཚོར་བའི།། དཔལ་ལྡན་གསང་འདུས་དཀྱིལ་འཁོར་དུ།། ཇི་ལྟར་རིགས་པར་དབང་བསྐུར་བ།། བླ་མ་ཡོངསུ་མཉེས་པ་ཡིས།། དབང་བསྐུར ་རྡོ་རྗེ་སེམས་བརྟེན་པ།། རྣལ་འབྱོར་སྤྱོད་ནུས་རྣལ་འབྱོར་པས།། རི་བོ་ལ་སོགས་ཡིད་འོང་བར།། གནས་བྱས་མགོན་པོས་སྒྲུབ་པར་བྱ།། བསམ་གཏན་སོགས་པ་ལ་བརྩོན་པ།། མཚན་མོ་ཕྱེད་ཀྱིས་ལྕུག་མ ་ལ།། ཆོ་ག་བཞིན་དུ་ལངས་བྱས་ལ།། སྙིང་ཟླ་ར་དེ་ཉིད་མཽ་འོ་ལྡན།། གདོང་ལོ་སོགས་པ་དག་པར་བྱ།། དེ་ནས་ཆུ་བཟང་སྨན་དང་ནི།། མེ་ཏོག་ག་པུར་ཙནྡན་གྱིས།། བསམ་གཏན་གནས་ནི་ཡང་དག་བྱས།། བསམས་པོས་ཀྱང་ནི་ཡིད ་འོད་བྱ།། བདེ་བའི་སྟན་ལ་གནས་ནས་ནི།། ལེགས་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་།། དེ་རུ་ཡང་ན་བདེར་གནས་པྲ།། བསམ་གཏན་རབ་ཏུ་བསམ་པར་བྱ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཀུན་ཏུ་བླ་མར་བཅས་པ་ཡི།། དུས་གསུམ ་གཤེགས་པས་ཡངས་གང་བ།། ན་མཁར་མངོན་སུམ་བཞིན་བལྟས་ལ།། ས་བོན་མཾ་བྱུང་གཟུགས་སོགས་བྲི།། དེ་བཞིན་རིན་ཆེན་ཕུང་པོ་ཡིས།། མཆོད་སོགས་རྟོག་པ་སྤང་བྱས་ནས།། རབ་ཏུ་འབད་པར་དེ་རྣམས་མཆོད།། དེ་རྣམས་སྤྱན ་སྔར་གནས་བྱས་ལ།། པུས་མོ་གཙུགས་ཏེ་ཐལ་སྦྱར་ནས།། དམིགས་པ་མེད་པར་བྱས་ནས་ནི།། སྡིག་པ་བཤགས་པ་ལ་སོགས་བྱ།། གང་ཞིག་ཐོག་མད་སྲིད་པའི་ཆུ་ཀླུང་དུ།། མ་ལུས་ཀུན་ཏུ་རྟོག་གིས་བསགས་སྙོགས་པ་རྣམས ་ཐུགས་རྗེ་ཆེར་ལྡན་སྤྱན་སྔར་དེ་དག་ནི།། ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་།། འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ།། དེ་དག་ཀུན་ལ་ཡང་དག ་རང་ཞིང་།། བྱང་ཆུབ་ཏུ་ནི་ཡོངསུ་བསྔོ་བར་བགྱི།། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས།། སྙིང་རྗེ་དམ་པ་མཐའ་ཡས་པ་ཡཱི་ཐབས།། རང་གི་ཡིད་ལ་གནས་པར་གྱུར་པ་ཡི།། བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབསུ་མཆི།། རྟོག་པ ་མ་ལུས་པ་ལས་ངེས་གྲོལ་ཞིང་།། སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི།། དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད།། དམ་པའི་ཆོས་ལ་རྟག་པར་སྐྱབསུ་མཆི།། འཆིང་བ་རྣམས་ལས་ཡང་དག་གྲེལོ་འགྱུར་ཞིང་། ་སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན།། རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ།། བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབསུ་མཆི།། བསམ་དང་རྣམ་པར་སྨིན་པ་དག་གྱུར་ཅིག། སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག ་འབྱིན།། ལྷག་བྱར་མོས་པས་རྣམ་པར་བརྒྱན་པ་ཡི།། སེམས་ནི་བྱང་ཆུབ་དམ་པར་བསྐྱེད།། བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ།། སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ།། རྫོགས་སངས་རྒྱས་བདག་མ ་ལུས་ངོ་བོའི་བློས།། ཡང་དག་ཉིད་དུ་ད་ནི་གནས་པར་བགྱི།། འཇིག་རྟེན་མཐར་འབྱིན་པོསམ་པ་དང་།། ལྡོག་པར་ལྟ་བའི་སྒོམ་པ་དང་།། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པའི།། ཉེས་པས་འགྲོ་བ་འདི་བསྐྱེད་པས།། སྙིང་རྗེ ་ཐམས་ཅད་དམིགས་བྱས་ཏེ།། དོན་དམ་པ་ནི་ཇི་ལྟ་བར།། བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ།། ཚིགས་བཅིད་དོན་འདི་བསམ་བྱ་སྟེ།། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ།། དེ་ཕྱིར་རྒྱུ་དང་བྲལ་བས་མཚན་མ་མེད།། རྟོགས་པ ་རྣམས་དང་བྲལ་ཕྱིར་དངོས་པོ་ནི།། མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ།། དེ་ལྟར་སྟོང་པ་དང་ལྡན་པར།། འགྲོ་བ་འདི་ཀུན་བལྟ་བྱས་ནས།། ཇི་སྲིད་སེམས་ནི་བརྟན་འདོད་པས།། སྔགས་འདི་ཉེ་བར་བརྗོད ་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པྲཱ་ཨཱཏྨ་ཀྲོ་ཧ~ཾ། སྟོང་ཉིད་རོ་གཅིག་གླིང་སེམས་དཔའ།། བྱང་ཆུབ་མཆོག་ཏུ་མི་བགྱུར་རི།། གནས་དང་གཞལ་ཡཱས་བདག་ཉིད་དེ།། རླུང་གི་སེམས་ཀྱིས་འདི་ལྟར་བྱ།། སངས་རྒྱས་ཞིང་དུ་ནཱམ ་ཡང་ནིནམྱ་དག་བ་ཡིས་འཚོང་མི་རྒྱ།། དེ་ཡི་སྨ་དང་པོར་ཞིང་དག་ཕྱི་རེ།། རང་སེམས་ཉི་མར་བསྒོམ་པར་བྱ།། དེ་རུ་ཧཱུ~ཾ་སྐྱེས་རྡོ་རྗེ་ནི།། ཁ་གྱེས་སྔོན་པོ་འོད་འབར་བ།། དེ་ཡི་དབུས་གནས་ཧཱུཾ་ཡིག་ལཾས།། རྡོ་རྗེ་ཕྲ་མོ་རྣམ་སྤྲོ་བྱ།། འོག་དང ་སྟེང་དང་ཕྱོགས་བཞི་རུ།། རྡོ་རྗེ་ར་བ་གུར་དང་ནི།། རྡོ་རྗེ་རང་བཞིན་ས་གཞི་བྱ།། བསྲུང་བའི་དོན་དུ་བསམ་པར་བྱ།། སྡུག་བསྔལ་ཀུན་འབྱུང་ཤེས་པ་དང་།། འགོག་པ་དང་ནི་ལམ་དང་ནི།། ཟད་དང་མི་སྐྱེ་ཆོས་དང་ནི།། དེ་བཞིན་རྗེས ་དང་ཀུན་རྫོབ་དང་།། སྔོན་གྱི་གནས་འགྲོ་ཤེས་པ་དང་།། ཇི་ལྟར་ཐོས་པ་རྣམས་རབ་ཤེས།། ཆོས་དབྱིངས་ཐ་དད་མེད་པ་རྣམས།། ཤེས་པ་འདི་རྣམས་སུ་འགྱུར་རོ།། འདི་ལྟར་ཤེས་པ་བཅུ་གཅིག་ནི།། ལེགས་པར་རྫོགས་པའི ་རྒྱུ་ཡིན་ཏེ། རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ།། ལྟེ་བར་མཆོག་ནི་བཅུ་གཅིག་པ།། ཤར་སོགས་ཕྱོགས་ནི་དེ་རྣམས་སུ།། གོ་རིམ་བཞིན་དུ་རྣམས་ལ།། གཤིན་རྗེ་ཤེས་རབ་མཐར་བྱེད་བསྒོམ།། པདྨ་བགགས་ནི་མཐར་བྱེད་ཀྱང་།། མེ ་ལ་སོགས་པའི་མཚམས་རྣམས་སུ།། འདོད་སྟོན་སྟོབས་དང་མི་གཡོ་རྣམས།། སྟེང་དུ་གཙུག་ཏོར་རྒྱལ་པོར་འགྱུར།། འོག་ཏུ་གནོད་མཛེས་འདྲེན་པའོ།། ལྟེ་བར་རྡོ་རྗེ་ཧཱུཾ་མཛྙཱ་དཔལ།། རྟག་པ་ལ་སོགས་པར་ཡང་འགྱུར།། རང་གི་ལྷག ་པའི་ལྷ་ཡང་འདི་ར།། རྣལ་འབྱོར་པ་ནི་ཁ་ཅིག་འདོད་།། བྷྱོ་བ་ལྕགས་ཀྱུ་དབྱུག་པ་དང་།། དབྱུག་པ་པདྨ་རྩེ་གསུམ་དང་།། རྡོ་རྗེ་རལ་གྲི་འཁོར་དང་།། རྡོ་རྗེ་རྡོ་རྗེ་གཡས་ནས་འཛིན།། ཕྱག་གཡས་ཐམས་ཅད་རལ་གྲི་སྟེ།། གཡོ་ནཱན་རིན་ཆེན ་པདྨའོ།། སྤྱན་གཡོན་རྡོ་རྗེ་འཛིན་པར་འགྱུར།། མི་གཡོ་བྱིས་པའི་རྒྱན་གྱིས་བརྒྱན་གྱིས་བརྒྱན།། རྩ་བའི་ཕྱག་མཚན་རྡོ་རྗེ་སྟེ།། གཡས་ཉིད་ན་ནི་ཡང་དག་གནས།། གང་གི་གཡས་ན་པདྨ་ཡོད།། དེ་ཡི་གཡོན་དུ་འཁོར་ལོའོ།། རྡོ་རྗེ་ཧཱུཾ། ་མཛད་ཀྱི་གཡོན་དུ།། ཞགས་པ་ལྕགས་ཀྱུའི་ཕྱག་འབ་ར་བེ།། ཨུ་མ་དང་བཅས་བདེ་བྱེད་ནི།། ཞབས་ཀྱིས་མནན་ནས་ཡང་དུག་གནས།། གཞན་གྱིས་མི་ཐུབ་དཀར་པོར་འགྱུར།། པདྨ་མཐར་བྱེད་དམར་པོ་སྟེ།། གཙུག་ཏོར་ཁཱ ་དོག་སེར་པོར་འགྱུར།། ལྷག་མ་རྡོ་རྗེ་འཛིན་ནགཽ་པོ།། དམར་དང་སེར་དང་ལུས་དཀར་རྣམས།། གཡས་པའི་གདོང་ནི་ནག་པོ་མཛེས།། དཀར་དང་དཀར་མིན་དམར་བ་ནི།། དེ་རྣམས་ཀྱི་ནི་གཡོན་དུ་བསྒྲགས།། ཁྲོ་བོ་ནག་པོ་རྣམས་ཀྱི་ནི། ་དབྱེ་བས་ཁ་དོག་ཤེས་པར་བྱ།། ནས་ཀྱི་མྱུ་གུ་དང་འདྲ་བ།། གཡོན་པ་དམར་པོའི་རྣམ་པ་སྟེ།། གཡས་པ་དཀར་པོར་འདོད་པ་ཡིན།། བདེན་བྲལ་དང་ནི་རླུང་གི་མཚམས།། གང་ཞིག་ཕྱོགས་སུ་གནས་པ་རྣམས།། ཐམས་ཅད ་མི་སྡུག་ཐུང་བ་སྟེ།། གདོང་འཇིགས་གསུས་པ་ཆེན་པོ་སྟེ།། སྨ་ར་སྨིན་མ་སྐྲ་སེར་བ།། གང་བརྒྱངས་བཞད་པར་བྱེད་པའོ།། སྟག་གི་པགས་པས་གོས་མཛད་ཁྲོ།། སྦྲུལ་གྱི་རྒྱན་ནི་འཛིན་པའོ།། མགུལ་དང་ལག་པ་རྣ ་བ་ལ།། རིགས་ལྡན་དུང་དང་འཇོག་པོ་རྣམས།། དམར་སེར་མདངས་ལྡན་ནོར་རྒྱས་ནི།། སྐུ་རིགས་སུ་ནི་རྣམ་པར་གནས།། རྐང་པ་དཔུང་པོར་དཀར་བ་ཡི།། པདྨ་པདྨ་ཆེན་པོ་གནས།། ཀ་ར་ཀོ་ཊི་དང་མཐའ་ཡས་དག། ལྗང་སྔོ་སེ་རལ་མགོ་ལའོ། ་མཆེ་བས་ཅུང་ཟད་མཆུ་མནན་ཏེ།། ཞལ་ནི་རྣམ་པར་བརྒྱན་པའོ།། ཞི་བའི་རྒྱུན་དང་གོས་བཟང་སྟེ།། གཟུགས་མཛེས་གཞན་ནི་མཚམས་ཐུང་བ།། སྣ་མ་སྟུ་ན་གྱེན་འགྲེང་ཚོགས།། གཞན་ནི་རིན་ཆེན་དབུ་བརྒྱན་ནོ།། ཐམས་ཅད་སྨིན་མ ་ཁྲོ་གཉེར་འཁྱོག། ཞལ་ནི་གཉེར་མས་མཚན་པ་སྟེ།། སྣ་ཚོགས་ཆུ་སྐྱེས་ཉི་མ་ལ།། གཡོན་བརྐྱང་ཞབས་ཀྱིས་ཡང་དག་གནས།། ཕྱོགས་སུ་ཁྲོ་བའི་རིགས་སྤྲོ་བ།། སྡང་ཚོགས་ཐམས་ཅད་འཇིགས་བྱེད་པ།། ཐོག་མ་བར་དང་མཐིར ་བྱལ་བ་དང་སྐྱེ་དོང་འཇིག་པ་རྣམ་པར་སྤངས།། ཐམས་ནཱད་ཡེ་ཤེས་ཙ་མོ་ལྔ་བརྟེན།། ཆོས་ཀྱི་དེ་ཉིད་གོ་འཕང་གནས།། འདི་ནི་ཤེས་པ་ཇི་ལྟར་ཐོས།། གྲུབ་ནས་ཡོངསུ་གནས་པའོ།། འཁོར་ལོར་ཆོས་འབྱུང་ཕྱག་རྒྱ་ནི།། གྲུ་གསུམ་དཀར ་པོ་སྟེང་གནོས་པ།། དབུས་གནས་སྣ་ཚོགས་པད་རྡོ་རྗེ།། ནང་གི་ན་མཁའི་རང་བཞིན་དུ།། རྫོགས་པའི་སངས་རྒྱས་འོད་འཕྲོར་ལྡན།། ཕྱོགས་ནི་མཐའ་ཡས་གསལ་བལྟ་དང་།། སྣ་ཚོགས་རྡོ་རྗེ་ལ་གནས་བསྒོམ།། ཟླ་བར་བྷྲཱུཾ་ནི་ཡང ་དག་འབར།། འཁོར་ལོ་རྩིབས་ནི་བཅུ་གཉིས་པ།། མ་རིག་ལ་སོགས་ཡན་ལག་དག། ས་བོན་བཅས་པ་དེ་གྱུར་ནས།། རྟག་པ་རིག་མར་བཅས་ལ་བྱུང་།། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི།། རྣམ་དག་འཁོར་ལོ་བསྒོམ་པར་བྱ།། ་དེ་ལ་སངས་རྒྱས་སངས་རྒྱས་མིན།། མཉམ་ཕྱིར་གྲུ་བཞིར་གནས་པའོ།། དེ་ཡི་རྣམ་དགུ་རྣམ་བསྟན་ཕྱིར།། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ལས།། དྲན་པ་དག་ཕྱི་ཤར་ཕྱོགས་སྒོ།། གང་ཕྱིར་དྲན་པ་སྔོན་འགྲོ་བས།། དགེ་ལ་རྗེས ་འཇུག་པར་འགྱུར།། དགེ་དང་མི་དགེའི་ཆོས་རྣམས་ནི།། བསྐྱེད་དང་མི་བསྐྱེད་པ་ཡི་ཕྱིར།། རྩོམ་དང་ཡོངས་སུ་སྦྱོང་ཡིན་ཏོ།། སོ་སོར་རྟོག་དང་བྱ་ལྷུར་ལེ་ནི།། འདི་ནི་བརྩོན་འགྲུས་རྣམ་དག་པས།། དེས་ན་ལྷོ་ཡི་སྒོ་རུ་འགྱུར།། འདུན་པ ་བརྩོན་འགྲུས་དེ་བཞིན་སེམས།། དཔྱོད་པ་ཞེས་བྱ་འདི་དག་པོས།། རྫུ་འཕྲོལ་རྐང་པ་བཞི་ཡིན་ཏེ།། དེ་བས་ནུབ་ཕྱོགས་སྒོ་རུ་འགྱུར།། དང་པོ་བརྩོན་འགྲུས་དྲན་པ་ཉིད།། ཏིང་འཛིན་ཤེས་རབ་དང་བཅས་པ།། དབང་པོ་ལྔ་པོ་དེ་དག ་པས་རང་བྱང་ཕྱོགས་སྐོར་ནི་འདི་འགྱུར།། རྟོག་དང་དཔྱོད་དང་དགའ་བ་དང་།། བདེ་དང་ཏིང་འཛིན་རྣམས་ནི།། བསམ་གཏན་དང་པོ་ཡན་ལག་ལྔ།། གཉིས་པ་ཡན་ལག་བཞི་ཡིན་ཏེ།། རྟོག་པ་དང་ནི་དཔྱོད་པ་དང་།། ནང་ནི་རབ་ཏུ་དང་བ ་དང་།། བོས་མོ་གཏན་དང་པོའི་ཡན་ལག་མཐས།། དེ་ཡིས་གང་ནི་ལྡན་གྱུར་པའོ།། བཏང་སྙོམས་དྲན་པ་དང་འབྲེལ་བ།། ཤེས་བཞིན་དང་ནི་བདེ་བའི་རྟེན།། དེ་ནི་སེམས་རྩེ་གཅིག་པར་ལྡན།། ཡོན་ལག་ལྔ་ལྡན་གསུམ་པ་ཡིན། ་བཏང་སྙོམས་དྲན་པ་ཡོངས་སུ་དག། བདེ་སྡུག་མིན་པའི་ཚོར་བ་དང་།། སེམས་རྩེ་གཅིག་དང་ལྡན་པས་ན།། ཡན་ལག་བཞི་ལྡན་བཞི་པ་ཡིན།། གོ་རིམས་ཇི་བཞིན་བསམ་གཏན་ནི།། བཞི་པོ་ཡོངསུ་དག ་པ་ཡིས།། འདི་དག་སྒྲོ་སྒོར་གྱུར་པ་ཡི།། རྟ་བབས་གཟུགས་ཀྱིས་མཛེས་པར་བྱས།། དཔའ་འགྲོ་ན་མཁའ་མཛོད་དུ་གྲགས།། དྲི་མེད་སངྒེ་རྣམ་རོལ་པོའི།། ཏིང་འཛིན་འདི་རྣམས་རྣམ་དག་པ།། ཁྱམས་ནི་བསྐོར་བར་གྱུར་པའོ།། ་ཀཱ་རོ་མུ་ཁཾ་ཞེས་སོགས།། བཟོད་དང་ཆོས་དང་དོན་སྔགས་ཀྱི།། གཟུགས་རྣམས་དག་ཅིང་དག་པ་ཡིས།། མཆོད་བཟང་གིས་ནི་ལག་སྦྲེལ་བའི།། དེ་དག་ཁྱམས་རྟེན་ལྷ་མོ་ཡིས།། ཀུན་ནས་ཡོངསུ་བསྐོར་བའོ།། སེམས་ཅན་འདོད ་པ་རྫོགས་བྱེད་པས།། སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན།། མདོ་དང་དབྱངས་དང་ལུང་བསྟན་དང་།། ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་།། དེ་ལྟ་བུར་བྱུང་ཤིན་ཏུ་རྒྱས།། སྐྱེས་པའི་རབས་རྣམས་སྒྲ་སྒྲོགས་པ།། སྟོན་པའི ་བསྟན་པ་ཡོན་ལག་དགུ། ཕྱོགས་བཅུར་རབ་ཏུ་བསྐོར་བར་བྱེད།། འདི་ནི་རླུང་གིས་བསྐྱོད་པའོ།། པ་དན་དྲིལ་བུའི་སྒྲ་སྒྲོགས་ལྡན།། དྲན་པ་ཤེས་རབ་ཏིང་ངེ་འཛིན།། ཤིན་ཏུ་སྦྱངས་དང་དགའ་བཏང་སྙོམས།། བརྩོན་འགྲུས་ཞེས ་པ་འདི་བདུན་པ།། བྱང་ཆུབ་ཡན་ལག་རྣམ་དག་པས།། དྲ་བ་དྲ་ཕྱེད་ཉི་ཟླ་དང་།། ཕྲེང་བཟང་མེ་ལོང་རྔ་མས་མཛེས།། ཇི་ལྟར་གནས་སུ་བཀོད་པ་ཡིས།། འདི་རྣམས་ཀྱིས་ནི་མཛེས་བྱས་པའོ།། སྟོང་ཉིད་ལ་སོགས་རྣམ་པ་དང་།། ་གཟུགས་ཅན་གཟུགས་རྣམས་ལྟ་བྱེད་པ།། ཟིལ་གྱིས་མཱན་མནས་རབ་ཏུ་ཤེས།། དེ་ནི་རྣམྱ་ཐར་དང་པོ་ཡིན།། ནང་ནི་གཟུགས་མེད་འདུ་ཤེས་པས།། ཕྱི་རོལ་གཟུགས་ལ་སྟར་བཞིན་དུ།། མཐོང་བ་ཞེས་པ་གཉིས་པ་སྟེ།། རྣམ་པ ་ཐར་པར་ཡང་དག་བརྗོད།། སྡུག་པའི་རྣམ་ཐར་ལུས་ཀྱིས་ནི།། གཟུགས་དང་ལྡན་པ་ཉིད་བརྗོད་པས།། མངོན་སུམ་བྱས་ནས་རྫོགས་བྱས་ཏེ།། ན་མཁའ་དོང་ནི་རྣམ་ཤེས་དང་།། ཅི་ཡང་མེད་པ་གཞན་ཡིན་ཏེ།། འདུ་ཤེས་མེད་མིན ་འདུ་ཤེས་མེད།། སྐྱེ་མཆེད་བདུན་གྱི་དབྱེ་བ་ཡིས།། འགྱོག་པའི་སྙོམས་པར་འཇུག་པ་ནི།། བརྒྱད་པར་ཉེ་བར་བརྗོད་པ་སྟེ།། ཡིད་ནི་རྣམ་པར་གྲོལ་བ་ཡིས།། རྣམ་པར་ཐར་པར་ངེས་འདོད་དོ།། འདི་ལྟར་རྣམ་པར་བརྒྱད་རྣམས་ཀྱི།། གོ ་རི་མོ་ཇི་བཞིན་རྣམོ་དག་པས།། འཁོར་ལོ་རིན་ཆེན་མཚོ་སྐྱེས་དང་།། རལ་གྲི་ཀ་བ་བརྒྱད་ཀྱིས་བརྒྱན།། ཀུན་ཏུ་བར་ཆད་མེད་པ་ཡིས།། རྡོ་རྗེ་ཐེག་པ་རབ་བསྐོར་བས།། ཀ་བའི་སྟེང་དུ་གནས་གྱུར་པ།། རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར།། གཟུགས ་ལ་སོགས་པ་ཕྱིན་ཅི་ལོག། རག་ཏུ་ཞི་བྱས་བླ་མེད་པའི།། ཚོད་མེད་པ་དང་ཡང་དག་སྦྱངས།། འདོད་པའི་ཡོན་ཏན་ལྔ་པོ་འདི།། ཤིན་ཏུ་རྣམ་དག་ལས་གྲུབ་པ།། ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བརྒྱན།། མཆོད་པོ་རྣམ་པ་ལྔ་ཡིས་དགྱེས ་ཆོ་ག་ཇི་བཞིན་རྣམ་པར་གསོལ།། འགྲོ་བ་ཀུན་དང་ཐ་མི་དང་།། ཉེས་པས་གང་ལ་མ་གོས་པ།། གནས་འདི་དག་ནི་བཅུ་དགུ་རུ།། སྣ་ཚོགས་པདྨས་བརྒྱན་བྱས་པའོ།། རྨོངས་དོང་རབ་རིབ་གཞིར་གྱུར་པ།། འདམ་ནི་རྣམ་པར་སྐེམས་པས་ན།། ་བྱང་ཆུབ་སེམས་ཀྱི་མྱུ་གུ་དག། སྨིན་པའི་དོན་དུ་ཡང་འདི་ཡིན།། སྙིང་རྗེའི་རང་བཞིན་ཉིད་བཟང་པོ།། བདུན་གྱིས་ཡོངསུ་བརྒྱན་པའོ།། དབུས་ཀྱི་སྟན་དང་བདུན་སྤངས་ཏེ། ཕྱོགས་དང་སྒྲོ་ན་རྣམ་པར་གནས།། དགེ ་བའི་རྩ་བ་འཕེལ་བ་དང་།། ཉོན་མོངས་གདུང་བ་ཞི་བའི་ཕྱིར།། ཤེས་རབ་བདག་ཉིད་མངོན་ཁྱབ་པ།། ལྷག་མ་ནུབ་མོ་བྱེད་པ་ཡིན།། ཚོགས་གཉིས་ཡང་དག་རྫོགས་འགྱུར་བས།། གྲུབ་པར་བསྟན་པའི་དོན་གྱི་ཕྱིར།། སྙིང་རྗེས་བརླན་པྲ ་ཡང་དག་གང་།། བུམ་པ་གང་བས་འདི་བརྒྱན་བྱས།། ཡེ་ཤེས་ལྔ་ཡི་རང་བཞིན་གྱིས།། དེ་བཞིན་རིན་ཆེན་ལྔ་ཡི་གཟུགས།། གཞལ་ཡས་ཁང་གི་རྣམ་པ་ནི།། རང་གི་སེམས་ནི་རྣམ་དག་པའོ།། དེ་དབུས་གདན་གྱི་ཟླ་བ་ལ།། ཉིས་འགྱུར། ་དབྱངས་ཡིག་བཅུ་དྲུག་སྟེ།། མཚན་ནི་སུམ་ཅུ་རྩ་གཉིས་ཚོགས།། བསྐྱེད་པར་ནུས་པས་བསྒོམ་པར་བྱ།། ལུགས་དང་མཐུན་དང་མི་མཐུན་པའི།། ཕྲེང་གཉིས་དག་ནི་དགོད་པར་བྱ།། དག་པའི་ཟླ་བ་ཤེལ་འདྲ་བས།། འོད་ཟེར་ཕྲེང་བ་སྤྲོ་བར་བྱེད། ་འདི་ལྟར་གཞན་ཡང་བསྒོམ་བྱ་སྟེ།། དབྱངས་ཡིག་བཅུ་དྲུག་ལས་བྱུང་བ།། སྟོང་པ་ཉིད་ཀྱི་འཕངས་པས་ན།། གང་ཕྱིར་སེམས་ནི་འདི་ལྟར་འགྱུར།། དེས་ན་ཤེས་རབ་རང་བཞིན་འདི།། རི་བོང་ཅན་དུ་ཡང་དག་མཚན།། ཤེས་རབ་ཡང་ནི ་གཉིས་མེད་ཤེས།། བཅུ་དྲུག་སྟོང་པ་ཉིད་གསུངས་པ། དཀྱིལ་འཁོར་ཚོགས་ནི་དག་ཆེན་པོ།། ན་མཁའ་བཞིན་དུ་དྲི་མ་མེད།། གནས་ངན་ལེམ་ནི་ཀུན་ལས་གྲོལ།། རྟོག་པ་སྤངས་པའི་མཆོག་ཡིན་ནོ།། ཉོན་མོངས་དྲི་མ་ཐམས་ཅད་དག ་ཟླ་བ་མཐོང་བ་སྔོན་འགྲོ་བ།། འདིར་ནི་སངས་རྒྱས་ཡོན་ཏན་ཀུན།། ཨ་ལ་སོགས་པའི་གཟུགས་ཀྱིས་གནས།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེ། ཨོ་ཨཽ། ཨཾ་ཨཿ། འདི་དག་བཅུ་ཚོགས་པས་ནི།། བྱུང་བ་ངེས་པར ་བསྟན་པ་ཡིན།། ཀུན་ཏུ་བཟང་པོ་གསལ་བ་རུ།། ཡེ་ཤེས་ཞབས་ནི་ཉིད་ཀྱི་སུ།། དར་གནས་ཚིག་བཞིན་དུ་སྒྲ།། དབྱངས་ཡིག་བཅུ་དྲུག་སྨྲ་བ་ཡིས།། ཇི་ལྟར་བརྗོད་པའི་དབྱངས་ཡིག་གིས།། བསིལ་བའི་འོད་ཟེར་རབ་བསྒྲུབ་པ།། ་འདི་རྣམས་འདི་ལྟར་གྲུབ་པ་ནི།། སྐྱེས་བུ་ཆེན་པོའི་མཚན་ཡིནོ།། སྐུ་ནི་བྱིན་གྱིས་བརླབས་འགྱུར་བ།། གང་ཕྱིར་འདི་ལས་འབྱུང་བར་འགྱུར།། དྷ་ད་ཡ་ལཾ་ཝ་བསྣན་བྱ།། ཀཽ་སོགས་ཉིས་འགྱུར་བྱས་པ་ལས།། དེ་སྟེང་རི་བོང་ཅན་བལྟ ་སྟེ།། དཔེ་བྱད་སྒྲུབ་པར་བྱེད་པའོ།། བྱང་ཆུབ་སེམས་ཀྱི་རང་བཞིན་པས།། སྙིང་རྗེ་རྩ་བའི་རང་བཞིན་གྲགས།། བསོད་ནམས་ཚོགས་ནི་ཡང་དག་རྫོགས།། ཡིད་ལས་བྱུང་ཡང་རྙོག་པ་བྲལ།། འཇིག་རྟེན་རབ་གྲགས་གྲངས་ཀྱིས ་ནི། གཟུགས་བརྙན་རབ་ཏུ་སྦྱོར་བ་ལས།། སངས་རྒྱས་ཡོན་ཏན་ཀུན་གྱི་ལུས།། འདིར་ནི་ཀ་ལ་སོགས་པས་གསལ།། ཡང་གསུངས་པ།། སྙིང་རྗེ་ཆགས་ལས་ཡང་དག་བྱུང་།། སེམས་ཅན་རྗེ་སུ་འཛིན་བྱེད་པ།། དགེ་བའི་ཆོས་ནི་ཡང ་ངག་རྫོགས།། ཉོན་མོངས་ཀུན་ལས་ངེས་གནོད་པ།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། བྱང་ཆུབ་ཟླ་བ་གཉིས་པའོ།། འདིར་ཡང་སངས་རྒྱས་སྟོན་རྣམས།། ཀ་སོགས་གཟུགས་ཀྱིས་ཡང་དག་འཇུག། གཟུགས་བརྙན་རབ་ཏུ་སྦྱོར་བླམ། ་ཞེས་སོ།། ཀུན་གཞི་རྣམ་ཤེས་གྱུར་པ་ལས།། འདི་ནི་ཟླ་བ་གཉིས་སུ་གྲགས།། མེ་ལོང་ཡེ་ཤེས་སུ་བརྗོད་པ།། རྣམ་པ་ར་དང་པོ་ཉིད་ཡིན་ནོ།། ཉོན་མོངས་ཅན་ཡིད་གྱུར་པ་ལས།། མཉམ་ཉིད་ཀྱི་ངོ་བོ་ཉིད།། དེར་ཡང ་ཧཱུཾ་བྱུང་རྡོ་རྗེ་སྟེ།། དམར་གསལ་བ་ཡི་འོད་ཅན་ནོ།། ཕུང་པོ་ལྔ་ནི་རྣམ་དག་པས།། ཡེ་ཤེས་ལྔ་རུ་བསྟན་པ་ཡིན།། སྟེང་དུ་གནས་པ་དེ་ཡིས་ནི།། ལྟེ་བར་ཧཱུ~ཾ་ཡིག་ཟླ་གཉིས་གནས།། བརྗོད་བྱ་རྗོད་བྱེད་ལས་འདས་ཏེ།། ཆོས་ཉིད་རབ་ཏུ་རྟོགས ་པས་ན།། དེ་ནི་རྟོགས་པར་གྱུར་པ་ལྔས།། སོ་སོར་ཀུན་ཏུ་རྟོག་པར་བསྒོམ།། དེ་ལས་དེ་བཞིན་གཤེགས་སྤྲོས་པས།། འགྲོ་བ་ཀུན་ལ་ཕན་བྱས་ནས།། སངས་རྒྱས་གང་དེ་འདིར་བསྡུས་པ།། དེ་ནི་བྱ་བ་ནན་ཏན་ནོ།། བྱང་ཆུབ་སྤྱོད་གང་དག་པ་ནི། ་བླ་མེད་སངས་རྒྱས་ཡེ་ཤེས་སོ།། དེ་རྣམས་དག་ནི་རང་ཡིད་གཟུགས།། བརྟན་པས་རྡོ་རྗེ་ཉིད་དུ་འགྱུར།། འདི་ལྟར་ཡིད་ཀྱིས་བསྒོམ་བྱས་ནས།། རང་གཟུགས་ཐ་དད་མེད་པའི་དངོས།། རྡོ་རྗེ་ཇི་ལྟར་བསྟན་མཐོང་ནས།། དེ་ལ་བདག་ཏུ་ང་རྒྱལ ་བྱེད། དེ་ཡང་སངས་རྒྱས་ཀུན་གྱི་སྐུ་འདི་ནི།། སྣང་བ་མེད་ཅིང་གནས་མེད་པ།། མ་སྐྱེས་མ་བྱས་དག་པ་སྟེ།། རང་བཞིན་ལ་སོགས་རྣམ་པར་སྤངས།། མི་ཆོད་མི་ཕྱེད་སྲེག་ཏུ་མེད།། ལྷག་མ་མེད་པ་ཆོས་ཀྱི་སྐུ།། རྡོ་རྗེ་བདག་ཉིད་ཡང་དག་འབྱུང། ་རྡོ་རྗེ་སྐུ་ནི་བླ་ན་མེད།། ཅེས་གསུངས་སོ།། རང་གི་སེམས་ཀྱི་འཕེན་པ་ཡིས།། བྱང་སོམས་ཤོར་བ་མཆོག་ཡིན་ནོ།། སྤྲོ་དང་བསྡུ་བ་དག་ལ་ནི།། བརྟན་པར་བྱེད་འདོད་བྱིན་གྱིས་བརླབ།། རྫོགས་སངས་རྒྱ་སུ་མཉམ་འགྲོ་བ།། རྒྱུད་གཞན་ལས་ཀྱང ་གསུངས་པ་ཡིན།། སྔགས་ནི་འདི་རྣམས་འདིར་བརྗོད་པ།། གང་ཞིག་སྔགས་ནི་རིགས་པས་སོ།། དེ་ལ་ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་པ་ར་བཛྲ། ཨོཾ་ས~ཾ་ཧ་ར་བཛྲ། ཨཱཏྨ་ཀོ&ཧཾ། ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ། ་ག་ཏ་ཏ་ཐཱ་ཨ་ཧཾ་ཞོས་པའོདེ་ལ་ཟླ་སོགས་ཡོངས་གྱུར་པས།། སྐད་ཅིག་ཡེ་ཤེས་སྦྱོར་བ་ཡིས།། ཀུན་ཏུ་བཟང་པོར་བདག་ཉིད་ནི།། རྒྱལ་བ་རྣམས་བསྐྱེད་རྒྱལ་བ་ཡིན།། སངས་རྒྱས་ཀུན་གྱི་རང་བཞིན་མགོན།། རྣམ་ཐར་སྒོ་གསུམ་གྱི་ནི་ཞལ།། སྔོན ་པོ་དཀར་པོ་དམར་པོར་ལྡན།། གཡས་དང་དབུས་དང་གཡོན་རྣམསོ།། ཤེས་རབ་ཐབས་ཀྱི་བདག་ཉིད་སྐུ།། རྡོ་རྗེ་རལ་གྲི་ནོར་བུ་པད།། གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས།། མི་བསྐྱོད་པ་ཡིས་སྤྱི་བོར་བརྒྱན།། ་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཕྲའོ།། རྒྱུན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། ཞི་དང་སྐྲག་པའི་གཟུགས་འཛིན་པ།། ཕུན་ཚོགས་ཀུན་བྱེད་མགོན་པོ་སྟེ།། མཚན་མོ་བྱེད་པའི་འོད་བྱེད་པ།། ཆོས་དབྱིངས་ཤིན་ཏུ་རྣམ་དག་པའི།། རང་བཞིན ་དུ་ནི་བསྒོམ་པར་བྱ།། འདོད་ཆགས་ཆེན་པོ་འདུལ་བ་ཡི།། སེམས་ཅན་ཁམས་ལ་ཀུན་ཏུ་ནི།། སྣོད་ལྡན་ལ་ནི་བལྟས་ནས་ནི།། གསང་བ་འདུས་པའི་དོན་བསྟན་ཕྱིར།། དོག་པའི་སྒྱུ་མའི་སྒྲ་རྣམས་ཀྱིས།། ལུས་ལ་སངས་རྒྱས་རྣམས་བཅུག། ་སྟེ། བདེ་བ་རྫོགས་པ་ཡང་དག་གྲུབ།། ཐམས་ཅད་སངས་རྒྱས་གཅིག་གཟུགས་གྱུར།། སྤྱན་དང་གཟུགས་ཀྱི་རྡོ་རྗེ་སོགས།། གཟུགསུ་སྤྲུལ་ནས་ཕྱུང་བ་རྣམས།། དེ་རྣམས་རང་གི་རིག་མ་ལ།། ཇི་ལྟ་བ་བཞིན་ཡང་དག་གཞུག་དེ་བཞིན ་འཁོར་ལོའི་སངས་རྒྱས་རྣམས།། བཅུག་སྟེ་ཞུ་བར་གྱུར་པ་རྣམས།། ལྷ་མོའི་པདྨར་སྤྲོ་བྱས་ལ།། རྡོ་རྗེ་ཅན་གྱིས་གནས་པར་བལྟ།། དེ་དག་ཡོངསུ་གྱུར་པ་སེམས།། རྟེན་དང་རྟེན་བཅས་དཀྱིལ་འཁོར་ཏེ། མི ་བསྐྱོད་གཙོ་བོ་བསྒོམ་བྱས་ལ།། སྐྱེ་བོའི་ཚོགས་ནི་ཡང་དག་གཞུག། རྣམ་སྣང་ལ་སོགས་སངས་རྒྱས་རྣམས།། དེ་བཞིན་རྡོ་རྗེ་ཅན་གྱིས་གཞུགས།། བྱང་ཆུབ་སེམས་སུ་ཞུ་ལྡན་པས།། དེ་ཡིས་སྐྱེ་བོ་དབང་བསྐུར་བྱ།། དེ་ནས་བྱ ་ཆུའི་སེམས་ཀྱིས་ནི།། འགྲོ་ལ་འོད་ཟེར་རེག་གྱུར་པས།། སྟོན་པའི་བྱིན་གྱིས་བརླབས་དབང་གིས།། ཡང་དག་བྱང་ཆུབ་བདེ་ཐོབ་པ།། ཐམས་ཅད་ཞལ་གསུམ་ཕྱག་དྲུག་སྟེ།། ས་སྙིང་ལ་སོགས་ངོ་བོ་ཉིད།། དཀྱིལ་འཁོར་འཁོར་ལོ ་ཅན་གྱུར་པ།། སངས་རྒྱས་ཀུན་གྱི་ཡོན་ཏན་ལྡན།། དེ་ཕྱིར་དེ་རྣམས་མཉམ་པར་ལྡན།། དེར་གནས་སངས་རྒྱས་མཁས་པ་ཡིས།། སེམས་ཀྱིས་མང་པོ་གདོན་པོར་བྱ།། སྐྲག་མའི་ས་བོན་ཇི་ལྟ་བས།། དམ་པའི་མིག་དང་རྣ་བ་སྣ།། ། ་ལྕེ་དང་ལུས་དང་ཡིད་རྣམས་ཀྱིས།། ཡོངསུ་དག་པོའི་རང་བཞིན་ནི།། དེ་ནི་ཡེ་ཤེས་བཟང་ཤར་བ།། ས་སྙིང་ལ་སོགས་དྲུག་པོ་ཡི།། ས་བོན་ལ་སོགས་རིམ་བཞིན་ཡིན།། ཀྵིཾ་ཛཱཾ་ཁཱཾ་གཾ་དེ་བཞིན་དུ།། སྐཾ་སཾ་ཞེས་པ་ཡི་གེའི་རིམ ་ཛཿཧཱུཾ་བཾ་ཧོཿདེ་བཞིན་དུ།། ཁཾ་རཾ་ས་བོན་རིམ་འདི་རྣམས་གཟུགས་སོགས་རྡོ་རྗེ་དྲུག་རྣམས་ཀྱི།། གཟུགས་སོགས་སྐྱེ་མཆེད་བདག་ཉིད་དོ།། ལཱཾ་མཱཾ་པཱཾ་ཏཱཾ་འདི་ཞེས་བྱ།། ས་བོན་ས་བོན་རིག་པས་བརྗོད།། སྤྱན་མ་ལ་སོགས་བཞི་པོ་ན ་ས་ལ་སོགས་པའི་རང་བཞིན་ཡིན།། གཟུགས་དང་ཚོར་བ་འདུ་ཤེས་དང་།། འདུ་བྱེད་དང་ནི་རྣམ་ཤེས་ཀྱང་།། རྟག་ཏུ་རྣམ་པར་དག་གྲུབ་པའི།། རྟག་པ་ལ་སོགས་པར་གསལ་ལོ།། བྷྲཱུཾ་ཨཾ་དྷྭཾ་ཁཾ་ཧཱུཾ་ས་བོན།། འདི་རྣམས་གོ་རིམ ་ཇི་བཞིན་འགྱུར།། འདི་ལྟར་ཐམས་ཅད་ཕྱུང་ནས་ནི།། ལྷག་པའི་ལྷ་རྣམས་པར་བྱ།། དེ་ལ་ལྷག་པའི་ལྷ་རྣམས་ནི།། སངས་རྒྱས་དཀྱིལ་འཁོར་འཁོར་ལོ་ཅན།། སྔོན་བཞིན་རྣལ་འབྱོར་པས་བསྐུལ་བས།། རང་གི་ཁ་རུ་གཞུག་པར ་བྱ། དེ་ནི་བྱང་ཆུབ་སེམས་བྱས་ལ།། རྡོ་རྗེ་ནས་ནི་སོན་པར་བལྟ།། རིག་པའི་པདྨའི་ནང་སོང་བ།། ཁ་དོག་གཟུགས་སུ་གྱུར་པའོ།། ཤེས་རབ་ཐབས་ཀྱི་ཆགས་ཆེན་གྱི།། རང་བཞིནི་ཕྱིར་ན་འོད་གསལ་བའོ།། དེ་རུ་ཨོཾ་ཨཱཿ ་བོབསམ་མོ་ཧོཿདམར་གཉིས་ཀྱི་དབུས་བཅུག་པ།། ཤེས་རབ་ཐབས་ཀྱི་རང་བཞིན་གྱི།། མེ་འབར་བས་ནི་ཞུ་བར་བྱས།། ལྗིད་ཀྱི་ཚོགས་སུ་ཞུ་བར་བྱས།། དེ་ནི་འབར་བྱས་ཡབ་ཡུམ་ཡང་།། ཟླ་བ་དང་འདྲ་ཞུ་བའི་གཟུགས།། ཟླ་བའི ་དཀྱིལ་འཁོར་དབུས་སུ་ནི།། མྱ་ངན་འདས་པའི་ལཱམ་བཞིན་གནས།། དོགས་མེད་རང་ཡིད་ཀྱིས་བལྟས་ལ།། བྱམས་པ་སྙིང་རྗེའི་རྒྱུ་མཐུན་དང་།། དགོའ་དང་བཏང་སྙོམས་རང་བཞིན་གྱི།། མཱ་མ་ཀཱི་དང་སྤྱན་མར་གྲགས།། གོས་དཀར ་སྒྲོལ་མ་མཉམ་པ་རུ།། མི་དམིགས་པ་ཡི་སྦྱོར་བ་ཡིས།། དེ་ཡི་འོད་ཟེར་ལས་བྱུང་བ།། འདི་རྣམས་རང་གི་གནས་ཞུགས་པས།། བསྐུལ་བས་རྩོལ་བ་བསྒོམ་པར་བྱ།། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། ། ་དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབསུ་གསོལ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད ་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན།། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག ་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ།། འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས ་བཞེད་ན།། དགའ་བའི་སྤྱོད་པ་ཀུམ་ཏུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ།། མགོན་པོ ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང་པོའི་གཏེར་འགྱུར་བདག་ལ་དགྱེས་པར་མཛོད།། འདི་རྣམས་ཀྱིས་ནི་བསྐུལ་བའི་སེམས།། ཞུ་བའི་གཟུགསུ་བསྒོམ་པར་བྱ།། སེམས་ཅན་དོན་ཉམས ་མཐོང་བས་ན།། བདག་ཉིད་ཕུན་སུམ་ཚོགས་ཉམས་པ་འདྲ།། སྒྱུ་མ་ལྟ་བུར་མོས་པ་ཡིས།། ཆོས་རྣམས་ཐམས་ཅད་བརྟག་པར་བྱ།། ཡོངསུ་གྱུར་ནས་སངས་རྒྱས་སྤྲོས།། ཞུ་བའི་ཡི་གེ་མཾ་དུ་བསྒོམ།། དེ་ཡོངས་གྱུར་ནས ་རལ་གྲི་སྟེ།། ས་བོན་མཾ་འབར་ཡུ་བར་ནི།། བདག་གི་རང་བཞིན་དེ་ལྟར་བསྒོམ།། སེམས་བརྟན་དེ་ཉིད་རིག་པས་སོ།། དེ་ལས་བྱུང་བའི་སྤངས་རྒྱས་ཚོགས།། འགྲོ་ལ་ཕན་པར་བལྟ་བར་བྱ།། སླར་ཡང་དེ་རུ་ཞུགས་གྱུར་ནས།། ་འཇམ་པའི་རྡོ་རྗེར་བསྒོམ་པར་བྱ།། སྤྲོ་བྱ་རྒྱན་དང་ཅོད་པན་ཅན།། གུར་གུམ་རློན་པའི་འོད་ལྡན་པ།། རལ་གྲི་མངའ་དང་ཆུ་སྐྱེས་སྷོ།། གཞུ་ཡིས་མཚན་པ་བཞི་པ~ཾ་ག། རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་པ།། ཤེས་རབ་འདི་ཞལ ་མྱང་བས་འགྱིང་།། ཟླ་བར་རྡོ་རྗེ་སྐྱིལ་མོསཽ་གོནས།། ན་བཟའ་དམ་པས་རྒྱན་གྱིས་མཛེས།། གཡས་དང་གཡོན་གྱི་ཞལ་དག་ནོ།། སྔོ་དཀར་སྒེག་པའི་གཟུགས་འཛིན་པ།། སངས་རྒྱས་ཚོགས་ནི་མ་ལུས་སྤྲོ།། སྲིད་གསུམ་མ་ནི་རབ་ཏུ ་བོ་སྒྲུབས།། སྲིད་པ་སྡུག་བསྔལ་དབང་སོང་བ།། ཉོན་མོངས་ཀུན་སྐྱེས་བསལ་བར་མཛད།། བདག་ཉིད་བདེ་བ་དང་མཉམ་པས།། སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས།། རབ་ཏུ་རྟོགས་པའི་སྣོད་རུང་བ།། སེམས་ཅན་ཀུན་གྱི་དོན་བྱས ་ཏེ། སྙིང་རྗེ་ཚིགས་མེད་ངོ་བོ་ཡིས།། ཀུན་རྫོབ་ཏུ་ནི་ཐབས་བསྟན་ཏོ།། མྱ་ངན་འདས་ཀྱང་ཚུལ་བཞིན་དུ།། ཡང་དག་མ་ཡིན་སྒྲོ་འདོགས་སྲིད།། སོ་སོའི་སྐྱེ་བོར་བདེན་འགྱུར་བའོ།། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད།། གང་ཞིག ་འདིར་ནི་མོས་བྱེད་པ།། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པའོ།། རྣམ་པར་བྱང་ལ་ཞུགས་པ་ཡི།། སྤང་བར་བྱ་ཕྱིར་འདིར་བརྗོད་དོ།། ཨོཾ་དྷརྨྨ་བྷཱུ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧ~ཾ། ཆུང་ངུའི་གཉེན་པོའི་ཡན་ལག་ཉིད།། ཆུང་ངུའི་རྒྱུ་མཐུན་འབྲས་བཟང་པོ།། ་དེ་ནས་མིག་སོགས་བྱིན་བརླབས་པ།། ཐམས་ཅད་མཁྱེན་པ་འི་ཕྱིར་བྱ།། ཟླ་བའི་དཀྱིལ་འཁོར་དབུས་གནས་པ།། ཀྵིཾ་ཡིག་ད། རཱ་དང་འཁོ་ལས།། ཕྱུག་དང་ཞལ་དང་མཉྀད།། རྣམ་པར་སྣ་ཙྪ། ་བཞིན་ཅན།། མིག་ཏུ་ས་ཡི་སྙིང་པོར་གྲག་སོ།། ཕྱག་ན་རྡོ་རྗེ་རྣ་བར་སྟོན།། ཟླ་བ་ར་ཛཱ་ཡིག་རྡོ་རྗེ་ལས།། བྱུང་བ་མི་བསྐྱོད་པ་འདྲའི་གཟུགས།། ཟླ་བར་ཁཾ་དང་རིན་ཆེན་སྐྱེས།། སྣ་ཡི་ནིང་དུ་མཁའ་སྙིང་པོ།། རིན་ཆེན་འབྷྲིང་ལྷུན་དང་འདྲ་བར།། ་དོག་མཚན་མ་ཞལ་རྣམ་སོ།། སྒྲོལ་མཱི་བདག་པོར་ཡོང་དག་གནས།། གཾ་དང་མཚོ་སྐྱེས་ལས་བྱུང་བ།། འཇིག་རྟེན་མགྲོན་པོ་ལྕེ་ལའོ།། ཁ་དོག་ལ་སོགས་དཔག་མེདོ་འདྲ།། མཚན་མོ་བྱེད་བཟང་གཟུགས་ཏེ་གནས།། ཡི་གེ་ཀཾ་མཆོག་རལ་གྲི ་ལས།། ཞལ་སོགས་དོན་ཡོད་དང་འདྲ་བར།། མགོ་བོར་སྒྲིབ་པ་རྣམ་སེལ་གཙོ།། འོད་དཀར་གདན་ལ་སཾ་རྡོ་རྗེ།། རྡོ་རྗེ་འཛིན་པའི་གཟུགས་འདྲ་བ།། སྙིང་གར་ཀུན་ཏུ་བཟང་པོར་གྲགས།། བྱང་ཆུབ་སེམས་དཔར་བསྒོམ་པར་བྱ།། ཐམས་ཅད་རྡོ་རྗེ ་ལམོ་ཀྲུང་།། རབ་འཕྲོ་རིན་ཆེན་ཅོད་པན་ཅན།། ཤེས་རབ་དམ་པས་འཁྱུད་ཞི་བ།། ཟླ་བཟང་ལ་བརྟེན་འོད་གསལ་བ།། རང་གི་ཁ་དོག་ས་བོན་བསྒྲུབ།། སྤྲོ་ཞིང་བསྡུ་བའི་སྦྱོར་བ་ཡིས།། རང་རང་སྐྱེ་མཆེད་བདག་ཉིད་གཟུགས།། རང་རང་རྣམ ་པོར་ཡང་དག་གནས།། དེ་བཞིན་མཚན་རང་ས་བོན་ལས།། རང་གི་གདན་ལ་གནས་པའི་གཟུགས།། གཟུགས་སོགས་གཟུགས་ཀྱི་རྡོ་རྗེ་སོགས།། ས་སོགས་སྤྱན་ལ་སོགས་པ་རྣམས།། རྣམ་སྣང་ལ་སོགས་སངས་རྒྱས་རྣམས།། གཟིགས ་སྔོགས་ཕུང་པོ་ལྔ་པོ་རྣམས།། བསྒོམ་བྱ་ངེས་པར་མོས་པ་ཡིས།། སེམས་ནི་བརྟན་པ་ཉིད་ཀྱིས་ནི།། འདི་དག་ཉེ་བའི་སྒྲུབ་པ་དང་།། རྣམ་པར་སྨིན་པའི་འབྲས་བུར་བྱེད།། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི།། སྐུ་ཡི་དོན་དུ་འདི་བསྒོམ་བྱ། ་སྙིང་ཟླར་གནས་པའི་ཧཱུཾ་ཡིག་ལས།། ཡང་དག་བྱུང་བའི་རྡོར་དབུས་སུ།། དེ་བཞིན་ཧཱུཾ་སྐྱེས་རྡོ་རྗེ་ནི།། ཕྲ་མོ་བསྒོམ་བྱ་ཧཱུཾ་དང་བཙས།། དེ་ཡི་སངས་རྒྱས་འོད་ཟེར་གྱིས།། སེམས་ཅན་དོན་ཡོད་ཡོངསཽ་གྱུར་ནས།། ཐུགས་ཀྱི་རྡོ་རྗེ་དབང་ཕྱུག་བསྒོམ།། ་ཕྱག་ན་རྡོ་རྗེ་དང་འདྲ་མཆོག། ཐུགས་རྡོར་རང་སྙིང་ས་བོན་གྱིས།། འོད་ཟེར་ལས་སྦྲུལ་གཟུགས་རྣམས་ཀྱིས།། ཐུགས་ཀྱི་རྡོ་རྗེས་གང་ཁྱབ་པ།། ཕྱོགས་གནས་ཡང་དག་རྫོགས་སངས་རྒྱུས།། སྙིང་གུའི་ས་བོན་འོད་ཟེར་གྱིས།། ཀུན་ཏུ་ཡང ་དག་སྤྲུལ་པའོ།། གཟུགས་སོགས་རྡོ་རྗེར་གྱུར་པ་ཡིས།། དེ་རིག་ནང་ཞུགས་བདག་ཉིད་ཀྱིས།། མཆོད་བྱས་དེ་རྣམས་ཐུགས་རྡོ་རྗེ། བྱིན་གྱིས་བརླབ་ཕྱིར་གསོལ་བ་གདབ།། ཚིགས་བཅད་འདི་གཉིས་རྟོགས་བྱས་ལ།། ཐམས་ཅད་བདེ་བྱེད ་བརྗོད་པར་བྱ།། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བྱ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམོ་བསྒོ ་པས། དང་བདག་བྱིན་གྱིས་བརླབས་ན་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ།། སངས་རྒྱས་ཀུན་གྱི་ཐུགས་རྣམས་ཀྱི།། ཡོན་ཏན་གྱིས་ནི་མཉམ་གྱུར་པ།། དེ་ཡི་བྱིན་གྱིས་རླབས་པའི་ཐུགས།། སེམས་སུ་བརྟན་པཱར་བལྟ།། རྫོགས་སངས ་རྒྱས་ཀྱི་ཐུགས་རྡོ་རྗེའི།། བདག་པོ་དང་མཉམ་བལྟ་བར་བྱ།། ཐུགས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས།། རྡོ་རྗེའི་ཚིགས་བརྗོད་བསྟན་པ་ཡིན།། དཔལ་ལྡན་གསང་འདུས་རྫོགས་བྱང་ཆུབ། སྒྲུབ་པར་འདོད་པའི་སེམས ་ལཱ་ནི།། བྱང་ཆུབ་མངོན་དུ་བྱེད་འདོད་པས།། བཏང་སྙོམས་ལམ་ལ་ཞུགས་གྱུར་པ།། དཀར་དང་དཀར་མི་ནི་ལྗང་སེར་དང་།། དམར་པོ་ལྗང་སྔོན་འོད་འདྲ་བ།། ཨོཾ་ཧཱུཾ་སྭཱ་དང་ཨཱཿཧཱ་ར་བཅས།། གོ་རིམ་འདིར་ནི་བྱིན་གྱིས་བརླབ།། སྙིང་མིན་སྐུ་ཡི ་རྡོ་རྗེར་གྲགས།། ལྟེ་མིང་རྡོ་རྗེ་འཛིན་པའོ།། གསང་མིན་རིན་ཆེན་འབྱུང་ལྡན་ནོ།། གསང་བར་འདོད་ཆགས་རྡོ་རྗེའོ།། རླ་གནས་རྐང་པ་ལ་གཏུགས་པ།། དོན་ཡོད་བལྟས་ཏེ་ཡི་གེ་དེས།། ལྷ་མོའི་ཁ་དོག་དབྱིབས་རྣམས་ནི།། དེ་ལ་དེ་རྣམས་རྟག ་པར་བྱ། ཧཱུཾ་སྐྱེས་པདྨ་འདབ་བརྒྱད་པ།། དེ་ནི་དམར་པོ་འོད་ཕྲེང་པོ།། གསང་ཡིན་རང་གི་གསང་བར་ཡང་།། རྡོ་རྗེར་གྱུར་པར་རྣམ་པར་བསམ།། ཡི་གེ་ཨཱཿདཱང་ཨོཾ་ལས་བྱུང་།། དེ་དག་ཟེ་འབྲུ་ནོར་བུ་དང་།། སངས་རྒྱས་གཟུགས་ནི་དུམ་རུ ་བདག་ཀྱང་བསྒོམ་པར་བྱ་བའོ།། འདོད་ཆགས་ཆགས་པའི་སྤྱན་གྱིས་བལྟ།། དེ་ནས་དེ་དང་བདེ་འདོད་པས།། རྒྱལ་བའི་རྗེས་ཆགས་བྱ་བ་ཡི།། ལུགས་ཡིན་ཞེས་ནི་བྱས་པའི་སེམས།། མཉམ་པའི་ཡེ་ཤེས་སྦྱོར་ཡིས།། འོད་ཟེར ་ཞགས་པས་བཀུག་ནས་ནི།། སྔགས་པས་དགའ་བ་བརྩམ་པར་བྱ།། རང་འདྲའི་ནང་དུ་ལྷུང་གྱུར་པས།། འདོད་ཆགས་ཉེས་པ་སྤངས་ནས་ནི།། སྐལ་བཟངས་མ་དང་རྗེས་ཆགས་བྱ།། སངས་རྒྱས་མཆོད་ཕྱིར་ངོ་རྒྱལ་བྱ།། སྔགས ་འདི་ཉེ་བར་བརྗོད་པར་བྱ།། ཨོཾ་སརྦྦ་ཏཱ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཏིང་ངེ་འཛིན་རང་དོན་བསྒོམ་པའོ།། འདི་ནི་དང་པོའི་སྦྱོར་བའོ།། དེའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག། གཞན་གྱི་དོན་དུ་བསྒོམ་པར་བྱ།། ཡེ་ཤེས་སེམས ་དཔའི་སྙིང་ཟླ་ཡི།། ཡི་གེ་མཾ་གྱི་འོད་ཟེར་གྱིས།། སངས་རྒྱས་ཚོགས་ལས་གསོལ་བཏབ་ནས།། རང་གི་ས་བོན་ནང་གཞུག་བྱ།། རང་རིག་པདྨའི་ཁོང་སུ་ནི།། རྡོ་རྗེ་ནས་ནི་གདོན་པར་བྱ།། བྱང་ཆུབ་སེམས་ནི་ཞུ་གྱུར་རྣམས།། རྀངྒི་འོད་ནི་འབར་བ ་ལས།། དེ་དག་གྱུར་པ་ས་བོན་ཏེ།། རང་གི་འོད་ཟེར་འབར་བ་ལས།། དེ་གྱུར་རང་གི་ས་བོན་དགོད།། རང་གི་དཀྱིལ་འཁོར་བསྒོམ་པར་བྱ།། རྟེན་དང་བརྟེན་པ་རྣམ་པར་གསལ།། གཅིག་ཉུང་ཉི་ཤུའི་ལྷ་རྣམསོ།། དེ་རུ་བརྟན་པར་བྱས་ནས་ནི།། རྗེས ་གནང་ཐོབ་བྱ་རིགས་བདུག་ལས།། ཆོ་ག་བཞིན་དུ་འཁོར་ལོ་གདོན།། སྒྲུབ་པ་པོ་ཡིས་སྔགས་བརྗོད་པས།། བདེན་མིན་སྒྲོ་འདོགས་ལས་བྱུང་བ།། ཞེ་སྡང་རྒྱུན་ནི་དག་པ་ཡིས།། མ་འདྲེས་ཨིནྡྲ་ནཱི་ལའི་འོད།། ཕྱག་མཚན་རྡོ་རྗེ་སེམས་དང ་མཚུངས།། རྣམ་དག་ཡེ་ཤེས་ལས་གྲུབ་པ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས།། ཅུང་ཟད་འགྲོ་བའི་ཉམས་ཚུལ་ལྡན།། སངས་རྒྱས་སྟོང་ནི་སྤྲོ་བྱེད་པ།། དམར་དང་གནག་དང་དཀར་པོའི་གཟུགས།། གཡོན་དང་དབུས་དང་གཡས་རྣམསོ།། ་བཛྲཱི་དྷྲྀཀཾ་གིས་ཡང་དག་བསྐུལ།། མི་བསྐྱོད་གཙོ་བོ་གདོན་པར་བྱ།། ཕྱོགས་ཀྱི་སེམས་ཅན་ཞེ་སྡང་རིགས།། ཞེ་སྡང་རྡོ་རྗེའི་རང་བཞིན་བྱས།། ཡིད་ཀྱིས་དེ་ལྟར་རིག་བྱས་ནས།། བསྡུས་ནས་བདག་ལ་བསྟིམ་པར་བྱ།། གཟུགས་ཕུང་ཀུན་གཞི། ་རྣམ་པར་ཤེས།། གཏི་མུག་ལུས་ནི་རྣམ་དག་པ།། མེ་ལོང་ཡེ་ཤེས་ཡང་དག་པ།། འཁོར་ལོ་རལ་གྲི་ནོར་བུ་པདདྨ།། རྡོ་རྗེ་འཛིན་ཆེན་རྣམ་པ་ཡི།། ཞལ་དང་ཁ་དོག་རྗེསུ་བྱེད།། སླར་ཡང་ཡིད་ཀྱིས་གདོན་པར་བྱ།། ་ཛི་ན་ཛིཀ་གིས་རྟག་པའོ།། འགྲོ་བའི་གཏི་མུག་བཅོམ་ནས་ནི།། མ་ལུས་དེ་ཡི་ངོ་བོར་བྱས།། དེ་བསྡུས་ནས་ནི་བློ་ལྡན་གྱིས།། མདུན་དུ་རི་བོང་དཀྱིལ་འཁོར་དགོད།། ང་རྒྱལ་ཉོན་མོངས་ཅན་ཡོད་ཚོར།། ཕུང་པོ་རྣམ་པར་དག་གྱུར་པ།། མཉཾ ་ཉིད་ཡེ་ཤེས་ཡང་དག་ལྡན།། འཇམ་པའི་རྡོ་རྗེ་ལྔ་འུའི་ཞལ།། རཏྣ་དྷྲྀཀ་གིས་རིན་ཆེནི་དབང་།། ཛམྦྷི་ཆུ་བོའི་དང་མཚུངས་འོད་།། བདག་ཉིད་ཆེན་པོ་གདོན་པར་བྱ།། རིན་ཆེན་རལ་གྲི་འཁོར་ལོ་པདདྨ།། དེ་ཡིས་མ་ལུས་འཇིག་རྟེན་འདི།། ་གཟིགས་ནས་བདག་དང་མཉམ་པར་མཛད།། ཡང་དག་བསྡུས་ནས་ལྷོ་ཕྱོགས་མཱར།། དེ་ནི་ཉི་མཱ་ར་དགོད་པར་བྱ།། འདུ་ཤེས་ཕུང་པོ་དག་འདོད་ཆགས།། རྣམ་རྟོག་ཤེས་པ་དག་གྱུར་པ།། སོ་སོར་ཡང་དག་རྟོག་པར་བྱ།། ཨོཾ་སརྦྦ་ཏ། ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་བ་ཨཱཏྨ་ཀོ&ཧཾ། ཞེས་པ་ནི་སྔགསོ།། དེ་སྟོང་ནུ་མའི་དཀྱིལ་དུ་ནི།། མཚན་མའི་དཀྱིལ་དུ་གསོལ་གདབ་མེད།། དམ་ཚིག་སེམས་དཔའ་དང་འདྲ་བ།། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ།། ལྐོག་མར་ཨོཾ་སྐྱེས་ཆུ ་སྐྱེས་ལས།། ཨཿལ་ས་བྱུང་བའི་པདྨ་ནི།། ཕྲ་མོ་ས་བོན་བཅས་པ་བསྒོམ།། གསུང་གི་རྡོ་རྗེ་བསམ་པར་བྱ།། སྤྱན་རས་གཟིགས་དེ་དང་འདྲ་བསྒོམ།། མཁའ་གནས་གསུང་གི་རྡོ་རྗེ་བསྣམས།། ཡང་དག་མཆོད་བྱ་གསོལ་བ་གདོབ།། དེ་ཡི ་ཚིགས་བཅུད་གཉིས་བརྗོད་དོ།། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དང་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་གསུང་གི་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས ་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནསུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། དབྱངས་ཀྱི་ཡན་ལག་ཀུན་ཕུན་ཚོགས།། རང་གི་ངག་ནི་མོས་པར་བྱ།། སངས་རྒྱས་གསུང་དང་མཉམ ་གྱུར་པ།། སྔགས་འདིས་བྱིན་གྱིས་བརླབ་པར་བྱ།། ཨོཾ་སརྦྦ་ཏཱ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀ་ཧཾ། སྤྱི་བོར་བཟླས་ནས་ཨོཾ་ལས་ནི།། འབྱུང་བའི་འཁོར་ལོ་རྩིབས་བརྒྱད་པ།། ཨོཾ་དང་འཁོར་ལོ་པྲ་ལས་བྱུང་།། ས་སྙིང་དང་འདྲ་སྟེ ་བལྟས་ནས།། རྫོགས་པའི་སངས་རྒྱས་ཕྱོགས་གནས་ལ།། ཚིགས་བཅད་གཉིས་ཀྱིས་སྐུ་རྡོར་ཚིགསོ།། བྱིན་གྱིས་བརླབ་ཕྱིར་གསོལ་པོ་གདབ།། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག ་བྱིན་གྱིས་བརླབས་ན་སུ།། རྡོ་རྗེ་སྐུས་ནི་མཛོད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་གན་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ།། བྱིན་གྱིས་བརླབ ་པོཔོར་སྐུ་བལྟས་ལ།། མཚན་ནི་སུམ་ཅུ་རྩ་གཉིས་འབར།། དཔེ་བྱད་བཟང་པོ་ཕུན་ཚོགས་པ།། མཉམ་པར་བྱ་ཕྱིར་བརྗོད་པར་བྱ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ས་སྙིང་ལ་སོགས་སྐུ་མཐར་ཐུག། མིགོ་ལ ་སོགས་པ་ནམ་དྲག་པ།། འདི་ལྟར་མདོར་བསྡུས་ཤེས་པརྱ་དྷ།། བྱུག་རྒྱུ་བཞི་ཡིས་རྒྱུས་བཏྟཱ་བྷཱ་པའོ།། རླུང་ངུའི་སྒྲུབ་པའི་ཡན་ལག་དང་།། རྒྱུང་ངུའི་སྐྱེས་བུའི་བྱེད་འདུས།། དྷཱི་ཝཱ་ཧཱུ~ཾས་རྒྱལ་དབང་བསྲུང་ག། ་བ། དེ་བཞིན་འདིར་ནི་དྲན་པར་བྱ།། ཡེ་ཤེས་སེམས་དཔེའི་ཐུགས་འོད་ཀྱིས།། རྫོགས་པོའི་སངས་རྒྱས་བསྣོལ་ནུས་ནི།། འོད་ཟེར་ལས་བྱུང་རིག་མ་རྣམས།། བཱརརྱ་མིད་ཁྱུབ་པོ་ག་རྣམས་ཀྱུས།། པདྨའི་ཕྱུག་ནི་ནུས~ཾ་པ་ཡི་སྭཱ།། རིན་ཆེན ་བུམ་པ་ཡིད་འོང་བ།། རང་ལུས་རྣམ་དག་ཁ་དོག་བཟང་།། བྱང་ཆུབ་སེམས་ཀྱིས་རབ་གང་བས།། གཟུགས་ལ་སོགས་པའི་རྡོ་རྗེས་ཀྱང་།། མཆོད་པ་སྔོན་དུ་འགྲོ་བ་ཡིས།། བདག་ཉིད་འཁོར་ལོར་བསྒྱུར་བཞིན་དུ།། དེ་ཉིད་རིག་པས ་དབང་བསྐུར་བྱ།། སྤྱི་བོར་མི་བསྐྱེད་རྫོགས་སངས་རྒྱས།། འཚོད་པར་འགྱུར་བའི་ཕྱག་སོགས་ལྡན།། བྱང་ཆུབ་སེམས་ནི་དམ་པའི་ཆུ།། ཡོངསུ་གྱུར་པས་བསྒོམ་པར་བྱ།། ཡེ་ཤེས་ཆེན་པོའི་མཐུར་ཤེས་བྱ།། ཆུང་ངུའི་སྒྲུབ་པ་ཆེན་པོ་དང་། ་འབྲས་བུ་ཡང་ནི་དྲོ་མྱེད་ནི།། ཆུང་ངུའི་ངོ་བོར་རབ་ཏུ་བསྒྲགས།། རྒྱུ་མཐུན་རྒྱུ་དང་འདྲ་བ་སྟེ།། རྣམ་པར་སྨིན་པ་ལྷག་འབྲས་བུ།། གང་གི་སྟོབས་ལས་གང་སྐྱེས་པ།། འབྲས་བུ་དེ་ནི་སྐྱེས་བུར་འདོད།། དྲི་མོདོ་བྲལ་བའི་འབྲས་བུ་སྟེ།། གང ་ཕྱིར་ཆོས་ཀུན་བདག་པོའོ།། མ་ལུས་སེམས་ཅན་ཕུན་ཚོགས་དོན།། སྣ་ཚོགས་དྲི་མ་འཁྲུ་བས་སོ།། དེ་བཞིན་ཤེས་རབ་མདུན་བལྟས་ལ།། རང་སྙིང་བདོག་ཉིད་མཉམ་བྱས་པ།། དེ་ནི་ལྔར་བཞིན་བསྒོམས་ནས་ནི།། མིག་ལ ་སྲོགས་པ་སྦྱང་བའོ།། སླར་ཡང་འདི་ཡི་བྱེ་བྲག་ནི།། རྣམ་པ་གཞན་དག་བརྗོད་པར་བྱ།། སྐུ་སོགས་བྱིན་གྱིས་བརླབ་པ་ལ།། ཚིགས་བཅད་བརྗོད་པ་སྤངས་པའོ།། དེ་ནི་འབྲིང་གི་བསྙེན་སོགས་དང་།། ལྡན་པར་ཉེ་བར་བརྟག་པར་བྱ།། ཐབ ་ནི་ཡེ་ཤེས་ལྔ་ཡིན་ཀྱང་།། ཤེས་རབ་ཆགས་པས་དག་གྱུར་ཏེ།། པདྨ་རལ་གྲི་ནོར་འཁོར་ལོ།། གཡས་དང་གཡོན་གྱི་ཞལ་དྲག་ནི།། འཇམ་པའི་ཆ་བྱད་དང་འདྲའོ།། སྣང་བ་མཐའ་ཡས་ཤིན་ཏུ་དམ་ར།། ཨཱ་རོ་ལིཀ་གིས་གདོན་པར་བྱ། ་བརྗོད་བྱ་རྗོད་བྱེད་ལས་འདས་པཱི།། ཆོས་ཉིད་རབ་ཏུ་སྟོན་བྱེད་པས།། འདོད་ཆགས་སེམས་ཅན་ཕྱག་བྱས་ནས།། བཟློག་པ་ལས་ནི་ཡང་དག་བྱུང་།། འདོད་ཆགས་ཆེན་པོ་ལ་གནས་པ།། བརྟུལ་ཞུགས་ཅན་གྱི་ཡང་དག་བཟུང་།། རྒྱབ་ཏུ་པདྨོ་ཉིད་དཀྱི ་དུ།། དེ་བྱོན་གནས་པར་ཡང་དག་བལྟ།། ཕྲག་དོག་ལ་ཞུགས་རྣམ་པར་ཤེས།། འདུ་བྱེད་ཕུང་པོ་དག་པ་ཡི།། གཅིག་ཏུ་ལྗང་གུ་མཐའ་ཡས་འོད།། རལ་གྲི་འཁོར་ལོ་ནོར་བུ་པད།། པྲཛྙཱ་དྷྲྀཀ་གིས་དོན་ཡོད་གྲགས།། བྱ་བ་ནན་ཏན་བདེན ་པའི་ལ་མོ།། སེམས་ཅན་ཀུན་དོན་མཛད་པའོ།། ནམ་མཁའ་ཁྱབ་པར་སྤྲོ་བར་བྱ།། ཕྲག་དོག་གཙོ་བོའི་ཕྲག་དོག་ལ།། བཟློག་པས་རིམ་གྱིས་བརྟུལ་ནས་ནི།། བྱ་ནན་ཡེ་ཤེས་དང་ལྡན་པར།། འགྲོ་བའི་རང་བཞིན་བྱས་ནས་ནཱི།། བསྡུས་ནས ་བྱང་གི་ཕྱོགསུ་ནི།། མཚོ་སྐྱེས་ཉི་མའི་དཀྱིལ་འཁོར་དུ།། སླར་ཡང་བཞུགས་པར་བསྒོམ་པར་བྱ།། རྩེ་གཅིག་ཡིད་ཀྱིས་གསལ་བར་བསྒོམ།། ཀུན་ཀྱང་དམ་པའི་ཤེས་རབ་འཁྱུད།། ལེགས་བརྒྱན་རྩཝ་ཕྱག་གཉིས་ཀྱིས།། རྡོ་རྗེ་སྐྱིལ་མོ་ཀྲུང ་བསྒོམ་བྱ།། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའོ།། ས་དང་སྙིང་པོ་ཐབས་དང་ནི།། སྟོང་པ་ཉིད་སྒོའི་རང་བཞིན་ཅན།། རྟག་པའི་གཟུགས་ཀྱི་སྤྱན་མ་ནི།། མོ་ཧ་ར་ཏི་ཞེས་པས་གདོན།། སེམས་ཅན་དོན་ལ་བརྩོན ་པ་དང་།། སྙིང་རྗེ་སྟོང་པ་ཉིད་ཀྱི་སྒོ།། རང་གི་ཉེས་སྤོང་བསམ་གཏན་དང་།། ཡང་དག་པ་ཡི་ལས་དང་ནི།། མྱུར་བར་བདེ་བའི་བྱང་ཆུབ་དང་།། མ་ལུས་ཐབས་ནི་གསུམ་དག་དང་།། འགྲོ་བ་རིང་དུ་སོང་བ་ལས།། ཇི་ལྟའི་སྟོབས་ཀྱིས་བཞག་བྱས ་ནས། ཉེས་དང་འཇིགས་པ་ཀུན་ཉན་ལ།། ཕན་ཕྱིར་དེ་ནི་ཡང་དག་གནས།། བསྡུས་ནས་ཡིད་ཀྱིས་བལྟ་བྱས་ཏེ།། མེ་རུ་ཞི་བ་སྒྲུབ་བྱེད་མའོ།། བྱམས་དང་སྨོན་ལམ་ཡང་དག་ལྡན།། ཆུ་ཁམས་མཚན་མ་མེད་པ་ཡི།། རྣམ་དག་ལྷ་མོ་མཱ་མ ་ཀཱི། མི་བསྐྱོད་པ་རང་འོད་དང་མཚུངས་པ།། དྭེ་ཥ་རྀ་ཏི་ཞེས་བསྐུལ་ནས།། ཀུན་ནས་འོད་ཟེར་མི་མཉམ་དང་།། ཚོགས་ནི་གསོག་པར་རྩོམ་པ་དང་།། སེམས་ཅན་དོན་ལ་རྗེས་འབྲེལ་དང་།། སངས་རྒྱས་ཞིང་ནི་རྣམ་དག་དང་།། འདིར་ནི་སྨོན་ལམ ་གསུམ་དགོ་དང་།། མི་གཡོ་བ་ལ་དེས་བཞུགས་ནས།། བྱམས་སོགས་དམ་པ་ལ་གཞུག་པས།། འགྲོ་བ་ཀུན་གྱི་དོན་བྱས་ཏེ།། འགྲོ་བ་དེ་དེ་འོད་འབར་བྱས།། བསྡུས་ནས་བདེན་བྲལ་དུ་བཀོད་པ།། ཡང་དག་འཇིགས་པ་འཇོམས་བྱེད་མའོ།། ་སྟོབས་ཀྱིས་ཕ་རོལ་ཕྱིན་དང་མེ།། དགའ་བ་དང་ནི་སྨོན་པ་ཡོད།། དག་པའི་གོས་དཀར་མོ་གདོན་བྱ།། འོད་དཔག་མེད་པའི་བཙུན་མོར་མཚུངས།། རཱ་ག་ར་ཏཽ་ཞེས་བསྐུལ་ནས།། སྒེག་པའི་ཉམས་དང་དམ་པའི་དགའ།། དགའ་བ་ལ་སོགས ་ཡོན་ཏན་དང་།། རང་ལས་ཉོན་མོངས་བདུད་སོགས་ལས།། རྣམ་པར་བཟློག་ལ་དགོད་པ་སྟེ།། དེ་ཡིས་འགྲོ་ལ་ཕན་པར་བྱས།། འདིར་ནི་སྟོབས་ནི་རྣམ་གསུམ་དང་།། ལེགས་པའི་བློ་གྲོས་ལ་བཞག་པ།། ཇི་ལྟར་བྱས་ནས་ཡང་དག་འོངས།། ་འོད་མཛེས་འཁྲིགས་པའི་ཕྲེང་བ་ཅན།། རླུང་དུ་རྒྱས་པ་འཕེལ་མཛད་མ།། རྣལ་འབྱོར་པ་ཡིས་བཞུགས་པར་བསྒོམ།། བཽ་ཏིང་སྙོམས་ཡེ་ཤེས་ཕ་རོལ་ཕྱིན།། རླུང་དང་རང་བཞིན་འོད་གསལ་བ།། རྣམ་དག་སྒྲོལ་མ་གདོན་པར་བྱ།། གཙོ་མའི ་གསེར་གྱི་འོད་དང་ལྡན།། བཛྲ་རེ་ཏི་ཞེས་སྔགས་ཀྱིས།། རིན་ཆེན་དབང་གིས་ཞལ་མཛེས་མ།། འགྲོ་བའི་བྱ་ཀུན་རང་གི་ནི།། བཏང་སྙོམས་ཡོན་ཏན་སོགས་ཀྱིས་མཛད།། མི་རྟོག་པ་དང་རྣམ་རྟོག་དག། མཉམ་པར་རབ་ཏུ་རྟོགས་པ་དང་།། སེམས ་ཅན་དོན་ཐབས་ཕུན་སུམ་ཚོགས།། ལྐོག་ཏུ་གྱུར་པའི་རྗེས་འཇུག་ལ།། འགྲོ་བ་ཐམས་ཅད་ངེས་པར་སྦྱོར།། ཡེ་ཤེས་ཕ་རོལ་ཕྱིན་གསུམ་དང་།། ཆོས་ཀྱི་སྤྲིན་གྱི་རང་བཞིན་གྱིས།། ས་ལ་ཡང་དག་གཞུག་པར་བྱ།། དེ་ནས་སྣ་ཚོགས་སྟོན ་རྟེན་དདུ་བསྒོམས་ནས་སྦྱོར་བས་བསྡུ་བྱས་ཏེ།། དབང་ལྡན་དུ་ནི་ལྷ་མོ་དེ།། དབང་གི་ལུས་ནི་སྒྲུབ་བྱེད་བཞུགས།། ཐམས་ཅད་རིན་ཚོན་ཅོད་པན་མཚན།། ལང་ཚོ་སར་པས་འགྱིང་བག་ཅན།། རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་ལྡན།། ཟླ་མཛེས་གདན་དང ་ད་ཡི་འོད།། བདག་འདྲའི་ཐབས་ལ་ཡང་དག་འཁྱུད།། མཛེས་མ་དགའ་བར་བསྒོམ་པར་བྱ།། ཕྱོགས་ཀྱི་འགྲོ་བའི་དོན་བྱས་ནས།། ཇི་ལྟ་ཇི་ལྟར་ད་ལྟར་བྱུང་།། འཁོར་ལོ་ཨུཏྤལ་དམར་པོ་པོད།། ཨུཏྤལ་སོར་པོ་དང་འདྲ་བ།། ཕྱག་མཚན ་འདི་རྣམས་གཙོ་བོར་འགྱུར།། ལྷག་མ་རང་གི་བདག་པོར་མཚུངས།། སེར་སྣའི་གཉེན་པོར་གྱུར་ཡིས།། སྤྱན་མ་གཉིས་པ་ཉིད་ཡིན་ཏེ།། སྦྱིན་པའི་ཕ་རོལ་ཕྱིན་དག་པ།། འདི་ལྟར་གཟུགས་ཀྱི་རྡོ་རྗེ་གདོན།། ཆོས་དང་ཟང ་ཟིང་མི་འཇིགས་གྲགས།། ཇི་ལྟར་ནུས་པས་སྦྱིན་པ་ལ།། སེར་སྣའི་དྲི་མ་ལས་གྲོལ་ཕྱིར།། འགྲོ་བ་མ་ལུས་དགོད་པར་བྱ།། རབ་ནི་སྔོན་སོང་དགའ་བའི་སར།། འགྲོ་བའི་དམ་པ་བཞོག་ནས་ནི།། ཕྱི་ཡི་དཀྱིལ་འཁོར་གྱི་མཚམས་ཀྱི།། མེ་ཡི་མཚམས ་སུ་བཞག་པར་བྱ།། རྣམ་དག་ཚུལ་ཁྲིམས་ལས་གྲུབ་པ།། མཱི་མ་ཀཱི་དང་མཚུངས་པོ་དེ།། སྒྲ་རྡོ་རྗེ་གྲགས་གདོན་པར་བྱ།། ངན་སོང་གིས་ན་འཇིགས་སྐྲག་བྱེད་པ།། སྡོམ་དང་ཤིན་ཏུ་སེམས་ཅན་དོན།། དམ་ཆོས་ཡོངས་སུ་འཛིན་པ་དང་།། འདིར ་ནི་ཚུལ་ཁྲིམས་རྣམ་གསུམ་ལ།། ཚུལ་ཁྲིམས་འཆལ་ལ་ཞུགས་པ་དག། སྣོད་ནི་ཇི་ལྟར་བཞག་པར་བྱ།། དེ་བཞིན་དྲི་མེད་ས་ལ་བཞག། སླར་ནི་ཇི་ལྟར་གཤེགས་བལྟས་ལ།། བདེན་བྲལ་དུ་ནི་ཡིད་འོང་མའོ།། དེ་བཞིན་བཟོད་པ་རྣམ་དག ་མཆོག། རིན་ཆེནི་དབང་ཕྱུག་ཤེས་རབ་མཚུངས།། སེམས་ཅན་ཀུན་ལ་ཕན་ལྡན་པ།། དྲི་ཡི་རྡོ་རྗེ་ཡང་དག་གདོན།། ཆོས་ལ་དམིགས་པ་ཕུན་སུམ་ཚིགས་དང་།། སེམས་ཅན་སྡུག་བསྔལ་ལྷག་གནས་དང་།། གཞན་གྱིས་གནོད་པ་ལ ་བཟོད་ལ།། འགྲོ་བ་མ་ལུས་བཀོད་བྱས་ཏེ།། དེས་ནི་འོད་བྱེད་ས་ལ་ནི།། རྟག་ཏུ་བརྟེན་པར་བྱེད་པའོ།། རླུང་དུ་མཛེས་པའི་གཟུགས་ཅན་ཏེ།། བྱོན་ནས་གནས་པར་བལྟ་བར་བྱ།། བརྩོན་འགྲུས་ཕུན་ཚོགས་རྣམ་དག་པ།། གོས་དཀར་མོ ་དང་འདྲ་བ་གཞན།། སླར་ཡང་འོད་དཔག་མེད་འཛིན་མ།། རོ་ཡི་རྡོ་རྗེ་ཡང་དག་འབྱུང་།། གོ་ཆ་བཞིན་དང་རབ་སྦྱོར་དང་།། ཡོངས་སུ་བརྟན་པར་གྱུར་པ་ཡི།། འདིར་ཡང་བརྩོན་འགྲུས་རྣམ་གསུམ་དང་།། སེམས་ཅན་འོད་འཕྲོ་ལ་འགོད།། ་ཡེ་ཤེས་བདུད་རྩི་ཚོམ་བྱེད་པས།། འགྲོ་བ་ཐམས་ཅད་ཚིམ་པར་བྱེད།། དེ་བྱོན་ནས་ནི་དབང་ལྡན་དུ།། ཡང་དག་གནས་པར་མཁས་པས་བསྒོམ།། བསམ་གཏན་རྣམ་དག་ཡང་དག་གྲུབ།། དོན་ཡོད་རང་འོད་རྗེས་བྱེད་མ།། འཇིག་རྟེན་རྣམ ་ང་ཞི་བའི་ཕྱིར།། རེག་བྱ་རྡོ་རྗེ་ཡང་དག་གདོན།། མཐོང་བའི་ཆོས་ལ་གནས་པ་དང་།། ཉེས་པ་སེལ་བར་བྱེད་པ་དང་།། ཁྱབ་བདག་དམ་པའི་བསམ་གཏན་ལ།། སྐྱེ་བོ་མ་ལུས་ངེས་སྦྱར་ཏེ།། ཀུན་ཀྱང་སྦྲང་ཀའི་ས་ལ་ནི།། བརྟན་པར་ཡང་དག ་སྦྱར་བྱས་ཏེ།། ཤོར་གྱི་སྒྲོ་ཡི་བྱེད་དུ་ནི།། བྱོན་ནས་ཡང་དག་གནས་པར་བསྒོམ།། ཤེས་རབ་ཕ་རོལ་ཕྱིན་རྣམ་དག། རང་བཞིན་ཞི་བའི་གཟུགས་ཅན་མ།། ཀུན་ཏུ་བཟང་པོའི་རིག་མོ་འདྲ།། དེ་ནས་ཆོས་དབྱིངས་རྡོ་རྗེ་གདོན།། སྦྱར་བྱ་ཐོས ་དང་བསམ་པ་དང་།། བསྒོམ་པོ་ལ་ཡང་བྱེ་བྲག་ཏུ།། གཏི་མུག་མུན་པའི་སྐྱེ་བོ་ཀུན།། མངོན་དུ་གྱུར་ལ་བརྟན་པར་བྱས།། ཤར་སྒོའི་ལྷོ་ཡི་ཚ་ལ་ནི།། དམ་པའི་ལམ་མཆོག་གསལ་བྱེད་མ།། མཐའ་ཡས་ཡོན་ཏན་རྒྱ་མཚོ་ནི།། བློ་དང་ལྡན ་པས་གནས་པར་བསྒོམ།། ཐམས་ཅད་འདི་ལ་ཤེས་བྱས་ཏེ།། ཐབས་དང་རྒྱན་དང་ཅོད་པན་དག། འདི་རྣམས་ཐམས་ཅད་ཀྱི་ཡང་ནི།། རྩ་བའི་མཚན་མའི་ཁྱད་པར་ནི།། མཛེས་པའི་མེ་ལོང་པི་བང་ཅན།། དྲི་ཡིས་རབ་ཏུ་གང་དུ ་དང་ནི།། ཡེ་ཤེས་བདུད་རྩིས་གང་བ་ཡི།། རོ་ཡིས་སྣོད་ནི་ཤིན་ཏུ་མཛེས།། སྣ་ཚོགས་ཁ་དོག་གོས་དང་ནི།། ཆོས་འབྱུང་གི་ནི་ཕྱག་རྒྱ་ཡང་།། ཕྱག་ནི་གཡས་པ་ཉིད་ཀྱིས་ནི།། ཕྱག་རྒྱ་མཆོག་ནི་ཡིན་ཕྱིར་འཛིན།། སྐུ ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། རིགས་ཀྱི་རིམ་པས་དགོད་པར་བྱ།། གུང་ཕྱིར་འདི་སྐད་ལེའུ་ནི།། བཅཝོ་བརྒྱད་པ་ལས་ཡང་གསུངས་པ།། ཀུན་ཀྱང་རྫོགས་པའི་སངས་རྒྱས་སོ།། དཀྱིལ་འཁོར་དུ་ནི་དགོད་པའི་ཕྱིར།། དེ་རྣམས་གཞན་དུ་ཐོས་གྱུར ་པས།། དེ་རྣམས་འབྱིན་པ་ཡིག་གསུམ་འདོད།། མ་དང་ཕུང་པོ་འཇིག་ཚོགས་ལྷ།། ཤེས་བྱའི་སྒྲིབ་པ་ཟད་ཅེས་བྱ།། དད་པའི་རང་བཞིན་ཡང་དག་གྲུབ།། ཁྲོ་བོའི་ཚོགས་ནི་ཡང་དག་སྨོས།། གདུལ་དཀའ་འདུལ་ལ་རབ་བརྩོན་པ།། ཐམས་ཅད ་དུ་ནི་འཇིགས་པའི་གཟུགས།། ཡ་མཱནྟ་ཀྲྀ་ཏ་ཞེས་པས་ཁྲོ།། གཤིན་རྗེ་འཇོམས་བྱེད་སྤྲོ་བར་བྱ།། རང་གི་ཡོན་ཏན་ལྀ་བཀོད་ནས།། རྣམ་པ་མན་ན་རིམ་པ་བསྒོམས་པ་ལས།། དེ་ནི་ཤར་ཕྱོགས་སྐོར་གནས་པསམ།། ཉི་མའི་དཀྱིལ་འཁོར་དབུ་སུའོ།། ་ལེ་ལོ་ཉོན་མོངས་བདུད་དང་ནི།། མཐར་འཇིག་ལྟ་བ་མི་མཐུན་ཕྱོགས།། རྣམ་དགྲ་བརྩོན་འགྲུས་ཡང་དག་འབྱུང་།། སེམས་ཅན་ཀུན་ལ་ཕན་དོན་དུ།། མ་ལུས་སྡང་བའི་ཚོགས་དག་ནི།། གདུལ་བའི་དོན་དུ་ཡང་དག་བརྩོན།། བསྐལ་པ་འབར ་བའི་མེ་དང་མཚུངས།། དེ་ཡི་འོད་ཟེར་ན་མཁའ་ཁྱབ།། ལྷ་དང་ལྷ་མིན་སྤྱི་བོ་ཡི།། རིན་པོ་ཆེ་ཡིས་ཞབས་གཉིས་བརྒྱན།། པྲ་ཛྙཱ་ན་ཏ་ཀྲྀཏ་ཞེས་པས་ཁྲོ།། ཤེས་རབ་མཐར་བྱེད་ཞེས་པས་གདོན།། རང་གི་བརྩོན་འགྲུས་སོགས་ལྡན་པར།། ་འགྲོ་བ་འདིར་བྱས་བྱོན་གྱུར་པ།། ལྷོ་ཡི་སྒོ་རུ་བསྒོམ་པར་བྱ།། མཚོ་སྐྱེས་ཉི་མའི་དཀྱིལ་འཁོར་དུ།། འཆི་བདག་རྗེས་ངས་ལོག་པར་ལྟ།། སྐྱེ་བའི་སྒྲིབ་པ་མི་མཐུན་ཕྱོགས།། རྣམ་དག་དྲན་པ་ལས་སྐྱེས་པ།། པདྨ་ན་ཏ་ཀྲཱྀཏ་ཀྱིས་ཁྱབ་བདག། ་གདོན་བྱ་ཕྱོགས་སུ་སེམས་ཅན་དོནི།། བྱས་པས་དྲན་སོགས་མཆོ་གོ་གྱུར་པས།། བྱོན་ནས་ནུབ་ཕྱོགས་སྒོ་རུ་ནི།། ཉི་དཀྱིལ་ཡང་དག་གནས་པ་བསྒོམ།། རྣམ་གཡོང་ལྟ་བ་མཆོག་ཏུ་འཛིན།། ལྷ་ཡི་བདུད་དང་ལུས་སྒྲིབ་དག། རྣམ་པར ་གཡེང་ལྀ་རབ་གཏུམ་གཟུགས།། ཏིང་འཛིན་དམ་པའི་རང་བཞིན་གྱི།། བིགྷྣཱ་ན་ཏ་ཀྲྀ་ཏཽ་ཞེས་པས་།། བགེགས་འཇོམས་པ་ནི་གདོན་པར་བྱ།། དེ་ནས་འགྲོ་བའི་བྱ་བས་བྱས།། མི་མཐུན་ཕྱོགས་ཟད་ལས་དེ་གྲུབ།། དེ་ནི་བྱིན་ནས་ཡང་དག ་གནས།། བྱང་གི་སྒོ་ཡི་ཉི་མ་ལའོ།། བགེགས་ཀྱི་ཚོགས་ནི་མ་ལུས་པ།། ཀུན་ཏུ་འཇོམས་པར་བྱེད་པའོ།། འདི་དག་ཞལ་མདོག་མཚོན་ཆ་རྣམས།། བསྲུང་བའི་འཁོར་ལོར་བརྗོད་པོ་ཡིན།། དེ་ཡི་ཕྱིར་ན་འཕྲལ་དུ་ནི།། བསྒོམ་བྱ་དེ་རྣམ ་འདིར་མ་བརྗོད།། དགུག་པ་དང་ནི་གཞུག་པ་དང་།། བཅིང་བ་དང་ནི་མཉེས་པ་ཡང་།། ཉམས་པ་མེད་པའི་བྱ་བ་དག། འདི་རྣམས་བྱེ་བླག་ཤེས་པར་བྱ།། ཐམས་ཅད་གདན་ལ་སྐྱིལ་ཀྲུང་ནི།། བཅས་པས་ཡང་དག་གནས་པ་རྣམས།། ། ་དཀྱིལ་འཁོར་བདག་པོ་ལ་མངོན་ཕྱོགས།། བྱང་ཆུབ་སེམས་དཔའ་འདིར་མི་འདོད།། གཞན་དག་སེམས་དཔའི་སྐྱིལ་མོ་ཀྲུང་།། ཁྲོ་བོ་རྣམས་ནི་གཡོན་བརྐྱང་གིས།། བྱེ་བྲག་ཏུ་ནི་འདིར་གན་སོ།། འདི་ལྟར་ཐམས་ཅད་དུ་གྲུབ་པ།། ་དམ་ཚིག་དཀྱིལ་འཁོར་བལྟས་ནས་ནི།། ཡེ་ཤེས་སེམས་དཔའི་སྙིང་འོད་ཀྱིས།། ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ།། བགེགས་ནི་མཐར་བྱེད་ལ་སྩོགས་སྨྲས།། བ་གླེགས་བསྐྲད་ཡང་དགུ་བསྒྲངས ་ནས་ནི།། མཆོད་ཡོན་དབུལ་བྱ་རང་སྔགས་ཀྱིས།། དམ་པའི་ཙནྡན་ལ་སྩོགས་པའི།། དགུག་པ་ལ་སོགས་ལས་རྣམས་ནི།། མན་དྲག་གིས་ནི་རིག་པོར་བྱ།། གཤིན་རྗེ་མཐ་རོ་བྱེད་སོགས་ཁྲོ་བོས།། ཇི་ལྟར་སླར་ཡང་རིམ་བཞིན་དུའོ།། ་འདི་ནི་ཆེན་པོའི་རྒྱུ་མཐུན་གྱི།། ཡང་དག་འབྲས་སྐྱེས་དམ་པ་དང་།། ཆེན་པོའི་བསྙེན་པར་ཤེས་པར་བྱ།། བསྒོམ་པ་གསུམ་གྱི་རང་བཞིན་གྱི།། སོ་སོར་དཀྱིལ་འཁོར་པ་རྣམས་ཀྱི།། མིག་སོགས་བྱིན་གྱིས་བརླབས་པས་ན།། ཆེན་པོའི་རྣམ ་སྨིན་འབྲས་དོན་དང་།། ཆེན་པོའི་ཉེ་བར་བསྒྲུབ་པོའོ།། ཐུགས་སོགས་བྱིན་གྱིས་བརླབས་པ་ལས།། ཆེན་པོ་ཡི་ནི་སྒྲུབ་པ་དང་།། ཆེན་པོ་དེ་ལས་གྲུབ་གྱུར་པ།། འབྲས་བུའང་བསྐྱེས་བུ་བྱེད་པའོ།། ཕུན་སུམ་ཚོགས་པའི་དབང་ཐོབ་པ།། ། ་ཆེན་པོར་སོན་པར་གྱུར་པ་སྟེ།། འདིར་ཡང་སྒྲུབ་པ་ཆེན་པོ་སྟེ།། དེ་ཡང་དྲི་མེད་འབྲས་བུར་གྲགས།། སངས་རྒྱས་རྣམས་ལ་རྡོ་རྗེ་སེམས།། མཱ་མཀྵི་དང་སྒྲ་རྡོར་དག། ཕྱག་ན་རྡོ་རྗེ་ཁྲོ་རྣམས་ལྟོས།། པདྨ་གཤིན་གཤེད་མ་གཏོགས་པའི།། ་སྤྱི་བོར་མི་བསྐྱོད་དོན་གྱིསོ།། དེ་ལའང་རྡོ་རྗེ་འཛིན་ཆེན་གནས།། ཐུགས་གསུང་སྐུ་རྡོ་རྗེ་རྣམས་ཀྱིས།། མི་བསྐྱོད་དཔག་མེད་རྟག་པ་རྣམས།། ཁ་ཅིག་རྡོ་རྗེ་འཛིན་པར་སྨྲ།། རྣམ་པར་མ་སྤྲོས་རང་བཞིན་ལ།། ཡེ་ཤེས་ལྔ་གཅིག་རང་བཞི ་པསཿ། སངས་རྒྱས་ལྔ་རུ་བསྒྲགས་པ་ཡཱི།། ས་ཡི་སྙིང་པོ་གཤིན་རྗེ་གཤེད།། སྤྱན་དང་གཟུགས་ཀྱི་རྡོ་རྗེ་ཡི།། སྤྱི་བོར་རྟག་པ་རིན་ཆེན་དབང་།། དྲི་ཡི་རྡོ་རྗེ་མཁའ་སྙིང་ལའོ།། འཇིག་རྟེན་དབང་ཕྱུག་པད་མཐར་བྱེད།། གོས་དཀར་རོ་ཡི་རྡོ་རྗེ ་ཡི། སྤྱི་བོར་འོད་དཔག་མེད་པར་འགྱུར།། གཙུག་ཏུ་ནོར་བུ་བཞིན་དུ་གསལ།། སྒྲོལོ་མ་སྒྲིབ་པ་རྣམ་སེལ་དང་།། རེ་གཽ་བྱའི་རྡོ་རྗེ་ཅོད་པན་ཡང་།། དབང་བསྐུར་གོ་འཕང་ཐོབ་གྱུར་ནས།། འདྲེན་པ་དོན་ཡོད་གྲུབ་པ་བཞུགས།། ཀུན་ཏུ་བཟང་པོ ་ཆོས་དབྱིངས་ཀྱི།། སྤྱི་བོར་ཡང་ནི་གསལ་གྱུར་པ།། རྡོ་རྗེ་འཛིན་པ་ཆེན་པོའོ།། གང་གིས་གང་ལ་དབང་བསྐུར་འདིར།། དོ་ཡི་དེ་ནི་བདག་པོར་འདོད།། དབང་གི་གོ་འཕང་གནས་གྱུར་པ།། སྤྱི་བོར་རང་གི་བདག་པོར་མནན།། དེ་རྣམས་དཀྱིལ ་འཁོར་འདིར་མི་བསྒོམ།། ལྷག་མ་ནང་བདག་དཀྱིལ་འཁོར་མིན།། ཕྱག་རྒྱ་བཞི་ཡིས་མཚན་པ་དང་།། རིགས་ཀྱི་བདག་པོ་དབང་བསྐུར་མིན།། ཤེས་རབ་ཐབས་ཀྱི་རང་བཞིན་མིན།། གང་རྣམས་ཞལ་གསུམ་ཕྱགས་དྲུག་མིན།། གང་གི་གང་ལ ་ཕྱོགས་བཅུ་རུ།། འགྲོ་བའི་དོན་ནི་བྱེད་པ་མིན།། དབང་བསྐུར་གྱི་ནི་རྗེས་ཐོགས་ལ།། བློ་དང་ལྡན་པས་མཆོད་པར་བྱས།། ཚོགས་གཉིས་པོ་ནི་འཕེལ་ཕྱིར་དང་།། ཡིད་ནི་བདེ་བ་སྐྱེས་པའི་ཕྱིར།། ཡེ་ཤེས་སྙིང་གོའི་ས་བོན་གྱིས།། འོད་ཀྱིས་ཟང ་ཀུན་ནས་བཀུག། དེ་ལ་གཟུགས་ལ་སོགས་པའི་ཡུལ།། རང་གི་སྙིང་གར་གཞུག་པར་བྱ།། དེ་ནས་ཞུ་བར་གྱུར་པ་སེམས་ལ།། རྡོ་རྗེ་ལམ་ནས་རྣམ་པར་འབྱུང་།། ལྷ་མོའི་པདྨོར་བལྟ་བར་བྱ།། དེ་ནི་བ་སྤུའི་བུ།། ལས།། འོད་ཟེར་གཟུགས ་ཀྱི་དེ་རྣམས་དབྱུང་།། དེ་རྣམས་འོད་ཟེར་སྒོ་དབྱུང་བ།། རྒྱུན་ནི་ཐམས་ཅད་འཛིན་པ་རྣམས།། རྟོག་པ་ལས་ནི་གྲོལ་འགྱུར་བས།། རྫོགས་སངས་རྒྱས་ཀྱི་བདེ་རྒྱུ་ཡིས།། སྒྱུ་མ་ལ་སོགས་ཡང་དགུ་བལྟ།། འཇིག་རྟེན་ལྟ་ལ ་མཁས་པ་རྣམས།། ན་མཁར་མ་ལུས་སྤྲུལ་བྱས་ལ།། མཆོད་པ་འཛིན་པས་བྲེལ་བའི་ཕྱག། གཟུགས་རྡོ་རྗེ་སོགས་ལྷ་མའི་ཚོགས།། ན་མཁའ་དང་ནི་མཉམ་གྱུར་པས།། ཀུན་ནས་དེ་ལས་བྱུང་གྱུར་པ།། ལྷ་རྫས་སྤོས་ནཱི་ཡིད་འོང་དང་།། སྣ ་ཚོགས་ཕྱི་ཡི་མེ་ཏོག་སོགས།། རང་གི་བདེ་བོར་གཤེགས་ཀྱང་མཆོད།། མཆོད་པའི་བདག་ཉིད་མཉན་སོན་པར།། མཆོད་པ་ཉིད་དུ་སེམས་ཀྱིས་བསམ།། མི་བརྟན་པ་ནི་རབ་ཞི་ཉིད།། སྔགས་འདྲི་བརྗོད་པར་བྱའོ།། ཨོཾ་སརྦྦ་ཏཱ་ཐཱ་ག་ཏ་པཱུ་ཛ~ཾ ་བཛྲ་སྭ་བྷོ་བ་ཨཱཏྨ་ཀོ&ཧཾ། ཐམས་ཅད་སྒྲ་བརྙན་དང་མཉམ་པར།། སྒྲ་ཡི་ཚོགས་ནི་ངེས་བསམས་ཏེ།། ཆོས་རྣམས་རང་ལས་དབྱེར་མེད་པས།། འདོད་པའི་ལྷ་ཡི་བསྟོད་པར་བྱ།། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནཱ་མཁས་ཆེན་པོ ་རྡོ་རྗེ་གསུ་མ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱངས་ལ་ཕྱག་འཚལ་བསྟོད།། རྣམ་པར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་ཆེན་པོ།། རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད།། རིན་ཆེན་རྒྱལ་པོ ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མེད་མཁའ།། རང་བཞིན་དག་པ་གོས་པ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ལ་ཕྱག་འཚལ ་བསྟོད།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པ།། རང་བཞིན་དག་པ་ཉིད་ལས་བྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད།། ན་མཁའི་ཕྱོགས་གནས་ཟླ་བ་ལ།། གནས་པའི་ཧཱུཾ་སྐྱེས་བསྒོམ་བྱ་སྟེ།། ད་ནི ་རྡོ་རྗེ་ཧཱུཾ་བཅས་སོ།། དེ་ཡེ་འོག་ཏུ་འདི་བསམ་བྱ།། དུང་མདོག་གཞུ་དབྱིབས་རྒྱལ་མཚན་ལྡན།། ཡཾ་སྐྱེས་རླུང་གི་དཀྱིལ་འཁོར་རོ།། དེ་དབུས་རཾ་སྐྱེས་དམར་པོ་ནི།། ཟུར་གསུམ་མཽ་ཡི་དཀྱིལ་འཁོར་རོ།། དེ་སྟེང་ཨ་ལས་བྱུང་བ་ཡཾ།། པདྨའི་སྣོད ་ཀྱི་དབུས་སུ་ནི།། བི་མུ་ར་སཱུ་དང་བཅས་པ།། གཽ་ཀུ་དཱ་ཧ་དང་ལྔའོ།། སངས་རྒྱས་ས་བོན་བུམ་སོགས་ཀྱི།། གཽ་རི་མ་ཇི་བཞིན་བྱིན་གྱིས་བརླབ།། དེ་རུ་རྡོ་རྗེ་དབྱབ་པར་བྱའོ།། ཞུ་གྱུར་འོད་ཟེར་རྣམས་ཀྱིས་ནི།། དེ་ནས་ཐམས་ཅད་ཞུ་བྱས་ཏེ།། མེ་ནི་རབ་ཏུ ་གསལ་བས་སོ།། ཡི་གེ་ཨོཾ་ནི་དེ་རུ་དགོད།། སྟོན་ཟླའི་འོད་ཟེར་ཕུང་པོ་འདྲ།། དེ་འོད་ཀྱིས་བཀུག་སངས་རྒྱས་ཀྱིས།། བདུད་རྩི་མ་ལུས་ནང་དུ་གཞུག། བློ་དང་ལྡན་པས་བདུད་རྩི་བཞིན།། དེ་ནི་འོད་ཟེར་གྱིས་གང་ལྔ།། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ཡི།། ། ་ཡི་གེ་གསུམ་གྱིས་བྱིན་བརླབ།། རང་གི་སྙིང་གར་འཁོར་ལྷོ་ནི།། དཔའ་བོའི་བློ་ཡིས་བསྒོམ་པར་བྱ།། བདག་ཉིད་དཀྱིལ་འཁོར་པ་རྣམས་ཀྱི།། ལྕེ་ལ་རྡོ་རྗེ་འབར་བ་སྟེ།། ཡང་དག་ཧཱུཾ་ཧཱུཾ་ནས་འབྲས་སྐྱེས།། རྩེ་ལྔ་དཀར་པོ་བསྒོམ་པར་བྱ།། རང་བཞིན ་སྤྱི་བོར་བསམས་ནས་ནི།། དེ་བཞིན་གཤེགས་རྣམས་ཚིམ་པར་བྱ།། རྟོག་པ་མེད་པའི་སེམས་ཀྱིས་ནི།། བློ་དང་ལྡན་པས་འདི་བསམ་མོ།། ལྕེ་ཡི་རྡོ་རྗེ་སྦུ་གུ་ཡིས།། བློ་དང་ལྡན་པས་བཀུག་པར་བྱ།། བདག་དང་དཀྱིལ་འཁོར་པ ་རྣམས་ཀྱང་།། ཡེ་ཤེས་བདུད་རྩི་ཆུ་དེ་ཡེ་ཚིམ།། དཀྱིལ་འཁོར་འབྱིན་པ་སྔོན་འགྲོ་བའི།། བདུད་རྩི་མྱང་བའི་ཆོ་ག་ནི།། འདི་ནི་དཀྱིལ་འཁོར་རྒྱལ་མཆོག་གི། ཏིང་ངེ་འཛིན་ཏུ་ཡོངས་གནས།། རང་སེམས་དབང་དུ ་བྱ་བའི་ཕྱིར།། ཐིག་ལེ་རྣལ་འབྱོར་ལ་སོགས་བསྒོམ།། ཇི་ལྟར་རིག་པར་བསྒོམ་བྱ་སྟེ།། ལས་ཀྱི་རྒྱལ་མཆོག་སྒྲུབ་པ་ལའོ།། གཅིག་དང་དུ་མའི་ངོ་བོ་ཡིས།། ཕྱི་རོལ་དངོས་པོ་ཡིད་མ་ཡིན།། དེ་ཕྱིར་དེ་ཡི་འཛིན་པ་མེད།། རྣམ་པར་ཤེས་ཀྱང ་ཡོད་མོ་ཡིན།། དེ་ཕྱིར་འདི་དག་རང་ཡིད་དངོས།། བག་ཆགས་ཀྱིས་བཀྲུས་རྨི་ལམ་བཞིན།། འགྲོ་བ་ཇི་ལྟར་ཇི་ལྟར་མིན།། འདི་དག་རབ་ཏུ་རྟོགས་པར་བྱ།། འདི་ལྟར་སྤྱད་བྱས་རྫོགས་སངས་རྒྱས།། ཡེ་ཤེས་སྙིང་གའི་ས་བོན་རྣམས།། སྤྲོས ་པས་འགྲོ་བ་མ་ལུས་པ།། དེས་ནི་རྫོགས་སངས་རྒྱས་སུ་བྱས།། སླར་ཡང་ཡིད་ཀྱིས་བཀུག་ནས་ནི།། རང་གི་སྙིང་གར་གཞུག་པར་བྱ།། ཙ་ན་ཀ་གནས་དབང་གྱུར་ལྟོ།། རང་སྔགས་ཐིག་ལོའི་གཟུགས་ཅན་ནི།། དེ་ཡི་ནང་སོང་བལྟ་བར་བྱ།། ་བདག་ཉིད་ལྷ་ཡི་འཁོར་ལོར་ནི།། ཡེ་ཤེས་སེམས་དཔའི་དེ་འོད་ཀྱིས།། ཐུགས་ལ་སོགས་པ་སད་པར་བྱ།། སྐར་ཡང་དེ་ཡིས་ཐམས་ཅད་ནི།། བར་མིང་རབ་ཏུ་གསལ་བར་རོ།། བ་སྤུའི་ཁྱུང་བུ་ལས་སློང་བྱ།། འོད་ཀྱིས་སྣ་ཚོགས་ཀྱང་གསོལ ་ལོནསླར་ཡང་དེ་ཉིད་དུ་བསམས་ཏེ།། རབ་ཞུགས་གསུལ་བའི་གཟུགསུ་ལྷ།། རྣལ་འབྱོར་དེ་ལྟར་ས་མོས་རྩེ་གཅིག། ད་ནི་ཡ་ཤེས་བདུད་རྩི་འབབ།། འདི་ནི་ཐིག་ལེའི་རྣལ་འབྱོར་རོ།། སྔར་བཞིན་འོད་ཟེར་གྱིས་བསྐུལ་བས།། སངས ་རྒྱས་ཚོགས་ནི་ཡང་དག་གཞུགས།། རང་གི་ས་བོན་རྟགས་ལས་གྲུབ།། ཞུ་བར་གྱུར་ཅེས་བསམ་པར་བྱ།། རང་རིག་གསང་བའི་རྩེ་ལ།། ནས་ཙམ་གྱི་ནི་ཚད་དག་ནི།། རལ་གྲི་རང་ས་བོན་སྐྱེས་ལྷ།། དེ་དབུས་ཡུད ་ཀ་ར་དང་མཉམ་པའི།། ཡེ་ཤེས་ལྔ་ཡི་རང་བཞིན་ཕྱིར།། ཁྭ་དོག་ལྔ་ལྡན་བསྒོམ་པར་བྱ།། ཇི་སྐད་བརྗེད་པ་དེ་ཡི་དབུས་སུ།། དཀྱིལ་འཁོར་རྫོགས་པར་བསྒོམ་པར་བྱ།། དང་པོར་སྨིག་རྒྱུ་འདྲ་བ་སྟེ།། དུ་བ་ལྟ་བུ་གཉིས་པ་ཡིན།། མཁའ་སྣང ་ལྟ་བུ་གསུམ་པ་ཡིན།། མར་མེ་ལྟར་འབར་བཞི་པ་ཡིན།། སྤྲིན་མེད་ན་མཁའ་ལྟ་བུར་ནི།། རྟག་ཏུ་སྣང་བ་ལྔ་པ་ཡིན།། འདི་ལྟར་མཚན་མ་ལྔ་རྣམས་ནི།། སེམས་ཀྱིས་རབ་ཏུ་བརྟན་གྱུར་པས།། རྣལ་འབྱོར་པ་ཡི་ཤེས་པར་བྱ།། འགྲོ་བའི་དོན ་ནི་རབ་ཏུ་བསྒྲུབ་ཕྱིར།། སྤྲུལ་པ་ཡི་ནི་དབང་བ་གྱུར་པས།། ཕན་སེམས་སྙིང་རྗེའི་བསམ་པ་ཡིས།། གཟུང་བ་ལེ་སོགས་མ་མྱོང་བས།། བདག་ཉིད་རིག་ལ་བརྟེན་ནས་ནི།། སངས་རྒྱས་སྤྲོ་བར་བྱ་བ་སྟེ།། མཚན་མ་འམ་འོད་ཟེར་ལས་སྤྲུལ་པ།། ་འདི་ནི་ཕྲ་མོའི་རྣལ་འབྱོར་རོ།། སྐུ་གསུང་ཡེ་ཤེས་ཐུགས་རྣམས་ཀྱི།། བདག་ཉིད་བསྒོམ་ལ་རབ་བརྩོན་པ།། རང་མཚན་ལྟེ་བར་གནས་གྱུར་པ།། ཇི་ལྟར་ཇི་ལྟར་རང་བརྟན་ལ།། ཨོཾ་ཨཱཿམོཾ་ཧཱུཾ་ཞེས་གསལ་བརྱ།། བལྐ་བྱཱ་དེར་གནས་བློ་ཡྲྀ ་ནི།། སྔགས་ཀྱི་བཟླས་པའི་ཆོ་ག་བྱ།། འདིར་ནི་ཁ་ཅིག་ཡང་དག་གནས།། རླུང་དང་ཆུ་དང་དབང་ཆེན་དང་།། མེ་ཡི་དཀྱིལ་འཁོར་དབུས་དག་ཏུ།། སྐུ་སོགས་ས་བོན་གཞན་དག་ནི།། གཞུང་ལུགས་སྨྲ་བས་བརྗོད་པོའོ།། དེ་རྗེས་རང་གི་ཏིང ་འཛིན་གནས།། མཁས་པས་རང་སྔགས་དབྱེ་བ་མེད།། རིང་མིན་ཐུང་བ་མ་ཡིནོ།། སྔགས་ནི་འདི་ལྟར་གདོན་པར་བྱ།། སྲོག་གི་རླུང་གིས་ཁྱབ་པར་བྱ།། ཨོཾ་ལ་སོགས་པའི་ས་བོན་གྱི།། སྐུ་ལ་སོགས་པ་སྤྲོ་བར་བྱ།། ་ཐམས་ཅད་ཐུགས་སོགས་བྱིན་བརླབ་བཞིན།། དེ་རྣམས་གཟུགས་རྡོ་རྗེ་སོགས་ཀྱིས།། དེར་གནས་མཆོད་པ་བྱས་ནས་ནི།། བལྟ་བྱ་བདེ་མཆོག་ཐོབ་པ་ཡིས།། རྩོལ་བའི་རླུང་གིས་བཀུག་ནས་ནི།། རང་རང་ས་བོན་དུ་གཞུག་བྱ།། རིམོ་པ ་འདི་ལྟར་བྱ་བ་ནི།། སོ་སོར་རིམ་ནི་གསུམ་སྤྲོ་བ།། བརྗོད་པས་མ་ལུས་སྤྲོ་བར་བྱ།། སྔགས་ཀྱི་བློ་ནི་བསྡུས་བྱས་ཏེ།། ཡེ་ཤེས་ས་བོནི་ཡེ་ཤེས་ལ།། ཀུན་རྣམས་རྟག་ཏུ་སྤྲོ་བར་བྱ།། འདིར་ནི་རྣལ་འབྱོར་ཁ་ཅིག་གིས།། ཐིག་ལེ་ཕྲ་མོར་ཡང ་དག་ལྡ་ནོ།། ཆུང་ངུ་སོགས་དབྱེ་སྦྱོར་བ་ཡིས།། དང་པོར་མ་སྐྱེས་རང་བཞིན་དུ།། སྐུ་ལ་སོགས་པ་རྣམ་པར་བརྟག། རང་གི་ས་བློན་བྱང་ཆུབ་བརྟག། བསམ་གཏན་བཟླས་པའི་ཚོགས་གནས།། འདི་ནི་བཟླས་པའི་ཆོ་གའོ།། ཞུམ་པའི་སེམས ་དང་ལེ་ལོ་དང་།། རྒོད་པ་ལ་ནི་ལྷག་མཐོང་བྱ།། འདི་ལྟར་ཞུམ་པས་བཟུང་གྱུར་ན།། ལྷ་མོའི་གླུ་ཡིས་བསྐུལ་བ་སྟེ།། རྒོད་པ་ཐིག་ལེའི་སྦྱོར་སོགས་ཀྱིས།། དེ་ཉིད་བསྒོམ་པ་ཞི་བར་བྱ།། དངོས་པོ་རྣམ་པར་དཔྱད་པ་ཡིས།། སྟོང་པ་ཉིད་ནི་ཡིད ་ལ་བྱ། བསྒོམ་པས་བསྐྱོད་པས་ངལ་གྱུར་ནས།། དེ་རྣམས་ཞི་བར་བྱ་ཉིད་ལ།། འདི་ལྟར་ཚིམ་པའི་ཆོ་ག་བྱ།། ཉམས་སྟོབས་འཕེལ་བར་བྱ་བའི་ཕྱིར།། སྤྱི་བོར་མཐོ་གང་གིས་སྤགས་པར།། བདུད་རྩི་དཀྱིལ་འཁོར་བདུད་རྩིར་བཅས།། ་ཨོཾ་ཡིག་དཀར་པོ་དང་ལྡན་ལྟ།། བདུད་རྩི་འཛག་པའི་འོད་དང་བཅས།། དེ་ནས་བདུད་རྩིའི་རང་བཞིན་རྒྱུན།། རྟག་ཏུ་འཛག་པར་བྱེད་པ་ནི།། སྲོག་རྡོལ་འོད་ཀྱིས་བཀུག་བྱ་སྟེ།། བློ་ལྡན་གྱིས་སྐུ་སོགས་ལ་དབབ།། འདི་ནི་ཚོམ་བྱེད ་ཆོ་གའོ།། འདི་ལྟར་ཐད་ཅིག་ངལ་གསོ་སྟེ།། བདེ་ཞེན་གྱིས་ནི་མ་བཀྲུགས་པར།། ཐོག་ལེ་ལ་སོགས་སྔོན་འགྲོ་བའི།། མ་ཞེན་པ་ཡི་སྔགསཽ་བཟླས་བྱ།། གང་ཚེ་འགྲོ་བར་འདོད་པ་དང་།། བསྒོམ་པ་གཏོང་བར་འདོད་པ་ཡིས།། དེ་ཚེ་མཆོད་བསྟོད། ་བདུད་རྩི་མྱང་།། ཆོ་ག་བཞིན་དུ་བྱས་ནས་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས།། མཚན་མའི་ས་བོན་ལས་བསྡུ་བྱ།། སྤྲུལ་པའི་དཀྱིལ་འཁོར་ཐམས་ཅད་ནི།། ཆོ་ག་བཞིན་དུ་རིམ་གྱིས་སོ།། གདོད་ནས་མ་སྐྱེས་བསྒོམ་བྱ་སྟེ།། སྐུ་གསུང ་ཐུགས་ཀྱི་བདག་ཉིད་དོ།། ན་མཁའི་བཞིན་དུ་མ་གོས་པ།། གཉིས་མེད་ཡེ་ཤེས་རང་བཞིན་ནོ།། འདི་ནི་ལས་ཀྱི་རྒྱལ་མཆོག་གི། ཏིང་ངེ་འཛིན་དུ་ཡོངས་སུ་བསྒྲགས།། སླར་ཡང་སྨོན་ལམ་གདབ་བྱ་སྟེ།། སེམས་ཅན་དོན་ནི་ཉེར་འཕེལ ་ཕྱིར།། བདག་གི་བསོད་ནམས་གང་བསགས་དང་།། འཇམ་པའི་རྡོ་རྗེ་བརྟེན་པ་ཡིས།། འཇམ་པའི་རྡོ་རྗེར་བདག་གྱུར་ན།། སེཾན་སྡུག་བསྔལ་སྒྲོལ་གྱུར་ཅིག། སོན་དོན་ཐཿ་ཕུར་བུ་ཚེཿ། རྣཾ་པར་རྒྱ་ལྕི་བས་ལེགས་གྲུབ་ཤོག། སེམས་ཅན་འཁོར་བ་ཇི་སྲིད ་དུ།། དེ་སྲིད་འགྲོ་ལ་ཕན་བྱེད་ཤོག། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི།། སྐུ་གསུམ་རྣམ་པར་གནས་པ་དང་།། བདག་ལ་འགྲོ་བ་རེ་བ་དང་།། འདོད་པ་བདག་ལ་སྒྲུབ་པར་ཤོག། འཇིག་རྟེན་ཁམས་ནི་ཐམས་ཅད་ན།། སྐད་ཅིག་གིས་ནི ་ཐམས་ཅད་དུ།། གདུལ་བའི་ཐབས་ནི་རིག་པ་ཡིས།། སྣོད་དང་སྣོད་མིན་བསྐང་བར་བྱ།། གདུལ་བྷྲ་མ་ཡིནྡ་ཁ་ནི་ག་ནི།། ཁམས་གསུམ་དག་ཏུ་བྱུང་གྱུར་ན།། ཐམས་ཅད་བྱང་ཆུབ་ལམ་ལ་ནི།། དེ་རྣམས ་བདག་གིས་བཟུང་བར་བགྱི།། འདི་ནི་སྨོན་ལམ་མོ།། །། ལྷག་པའི་ལྷ་ཡི་སྦྱོར་བ་ཡིས།། ཏིང་ངེ་འཛིན་ལས་ལངས་ནས་ནི།། རྣལ་འབྱོར་ཡིད་ནི་ཆགས་མེད་པས།། སྣང་བའི་གོ་འཕང ་ལ་གནས་ཏེ།། ཐམས་ཅད་རང་གི་ལྷ་གཟུགས་སམ།། རང་གི་རིགས་ཀྱི་རྗེས་རིམ་འམ།། གཟུགས་སྩོགས་རྡོ་རྗེའི་ངོ་བོ་འམ།། རང་རང་དག་པར་རྣམ་པར་གནས།། གཉིས་མེད་ཡེ་ཤེས་རང་བཞིན་གྱིས།། རྡོ་རྗེ་འཆང་ཆེན་བདག་ཉིད ་རྣམས།། དྷི་ལྟར་ཐོབ་པའི་ཡུལ་རྣམས་ནི།། དོགས་པ་མེད་པ་ཉེ་བར་སྤྱད།། འདི་ནི་མཐའ་ཡས་མཆོད་མཆོག་ཏུ།། སངས་རྒྱས་རྣམས་ཀྱིས་ཡང་དག་གསུངས།། རྟག་ཏུ་བར་མེད་སྦྱོར་བས་ན།། བྱང་ཆུབ་འབྲས་བུ་སྟེར་བར་བྱེད།། ་ཟས་ལ་སྦྱོར་ནི་སྔར་བཞིན་དུ།། བདུད་རྩི་མྱང་བའི་ཚོ་གས་བརྟེན།། འདི་ནི་ཕྱི་ཡི་སྦྱིན་སྲེག་གམ།། གཞན་ཉིད་ཀྱིས་ཀྱང་བསྒྲེ་བར་བྱ།། ཡིད་ཀྱིས་བསྡམས་པ་ཙམ་གྱིས་ཀྱང་།། ལེགས་པར་བརྟེན་པས་དེ་བཞིན་སྤྱོད།། ཕུང་པོའི་བུད ་ཤིང་བསྲོག་པ་ཡིས།། ཡེ་ཤེས་མེ་རུ་བླ་ན་མེད།། བདག་ཉིད་མཆོད་པ་ཉིད་ནི་བྱ།། གཞན་མ་རང་གི་ལྷག་པའི་ལྷ།། རྟག་ཏུ་འདོད་པའི་ཡོན་ཏན་གྱིས།། དམ་ཚིག་འདི་ནི་བདེར་གཤེགས་བཞེད།། སྡོམ་ལ་གནས་པས་ཇི་ལྟར་རྙེད།། ་བདག་ཉིད་དམ་ཚིག་མ་ཉམས་པས།། རྙེད་པས་ཉིན་མོ་འམ་མཚན་མོ་རུ།། ལེགས་པར་སྤྲོས་པས་ཡང་དག་སྤྱད།། གང་གིས་སེམས་ཅན་མཉམ་མེད་དོན།། སངས་རྒྱས་མཆོད་པ་མཆོག་ཡིན་ཏེ།། གང་ཡང་ལུས་ལྔ་སོགས་པ ་ལས། སྙིང་རྗེའི་བསམ་པས་བྱ་བ་སྟེ།། སྔགས་དང་ཕྱག་རྒྱའི་བད་ཉིད་ཀྱིས།། དེ་ཀུན་དེ་ཡིར་འགྱུར་བ་སྟེ།། ལྷག་པའི་ལྷ་ཡི་སྦྱོར་བདག་ཉིད།། གང་ཉིད་ཐམས་ཅད་དུ་བྱ་སྟེ།། འདི་འམ་གཞན་དུ་སྨན་པའམ།། ཕ་ཡིས་བུ་ལ ་བསླབ་ཆེད་དུ།། འབྲས་བུ་མེད་ལོ་ཕན་པསེམས་པསོ།། ལས་ཀྱི་གནོད་པ་རྩོམ་པར་བྱེད།། ཤེས་རབ་ཐབས་ཀྱི་ཆོ་ག་དང་།། དངོས་ཀུན་བདག་ཉིད་རིག་པ་ཡིས།། ན་མཁའ་དང་ནི་མཉམ་པའི་སེམས།། གཉིས་མེད་རྣལ་འབྱོར་མིན ་ཞེས་འགྱུར།། དོན་ཡོད་གྲུབ་པའི་སྦྱོར་ལྡན་པས།། དེ་ཡི་འཁོར་ལོའི་དབུས་གནས་ཏེ།། ཇི་ལྟར་ཚུལ་བཞིན་དབང་བསྐུར་བྱ།། དམ་ཚིག་ཉམས་པ་བླང་བར་བྱ།། རླུང་གི་ཡེ་ཤེས་ཐུགས་ཟླ་རུ།། ཁཾ་སྐྱེས་སྣ་ཚོགས་རྡོ་རྗེར་གནས།། ཟླ ་བ་ཁཾ་ཡིག་བཅས་བསམས་ནས།། འོད་ཟེར་གྱིས་ནི་རྒྱལ་བ་བསྐུལ།། སླར་ཡང་འདི་ནི་ཁྱད་པར་ཏེ།། དབང་བསྐུར་སྔོན་དུ་སོང་བ་ཡིས།། བླ་མ་བརྙས་ལ་སོགས་ཉེས་པ།། བཤགས་དང་སྦྱིན་དང་མི་ཆོད་སྟོན་ནོ།། སྔར་གྱི་དབང་བསྐུར། ་བཞིན་དུ་ཁྲུས།། རང་གི་འཁོར་ལོའི་བདག་སྦྱོར་ལྡན།། ཐུན་མཆིམས་གསུམ་དུ་བསྒོམ་བྱ་སྟེ།། ལས་དང་པོ་ཡིས་མཉམ་པར་བྱ།། རང་གིས་སྤྲུལ་པའི་དཀྱིལ་འཁོར་ནི།། སྔར་བཞིན་དུ་ནི་ཉེར་བསྡུས་ཏེ།། ཡེ་ཤེས་འཁོར་ལོར ་མཉམ་སོན་པས།། ཤེས་རབ་སྙིང་རྗེར་ལྡན་པས་ཉལ།། ནང་པར་ཉལ་ལས་ལྡང་བ་ན།། ལྷ་མོའི་གླུ་ཡིས་བསྐུལ་བ་སྟེ།། སྔར་བཞིན་བསྒོམ་པ་སྔོན་འགྲོ་བས།། རྟག་ཏུ་སྔགས་ཀྱི་བཟླས་པ་བརྣམ།། ཉེ་བའི་སྒྲུབ་པ ་ནས་བརྩམས་ཏེ།། ཡེ་ཤེས་ཅུང་ཟད་ཐོབ་བདག་པོ།། སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན།། དང་པོའི་ལས་དང་འདྲ་བར་བསྒོམོ།། སྤྲོ་བ་དང་ནི་བསྡུ་བར་ལྡན།། སླར་ཡང་ཡང་དག་ཡེ་ཤེསོ།། སྐད་ཅིག་གིས་ནི་ཡེ་ཤེས་རྫོགས།། ། ་མཚན་མིན་རྣལ་འབྱོར་ཡང་དག་བསྟེན།། སོ་སོར་དཀྱིལ་འཁོར་ལ་གནས་པ།། རྟག་ཏུ་སྣང་བས་ཕན་པ་བསྒོམ།། འཁོར་ལོ་བདག་ཉིད་གཟུགས་ཀྱིས་ནི།། མཚན་མ་གཉིས་ནི་ཐོབ་གྱུར་པ།། དང་པོའི་ལས་ཅན་འདིར་ཤེས་བྱ། ་དེ་ནས་རེ་རེ་འཕེལ་བ་ནཽ།། ལྷག་མའི་རྣལ་འབྱོར་པར་ཤེས་བྱ།། ཏིང་འཛིན་གསུམ་ནི་ཡོངས་རྫོགས་པ།། སྔ་མ་བཞིན་དུ་ལས་དང་པོའི། འབྱིན་པའི་དཀྱིལ་འཁོར་སྟོན་སོང་བ།། ལྷག་མའི་མཚམས་ལ་བསྒོམ་པ་ཡི།། ཡེ་ཤེས ་དཀྱིལ་འཁོར་འབྱིན་པ་དང་།། སླར་ཡང་སྤྲུལ་པའི་འཁོར་སྡུད་པ།། གང་ཚེ་ཉལ་བར་འདོད་གྱུར་ཅེས།། རྣལ་འབྱོར་པ་ནི་གཞན་དག་སྨྲ།། རྡུལ་ཚོན་དཀྱིལ་འཁོར་བྲི་བ་འམ།། ཡིད་ཀྱིས་སྤྲུལ་པར་བྱ་བ་ཡང་།། སྐུ་གསུང་ཐུགས་ནི ་ལེགས་མཆོད་པོ།། ཆོ་ག་བཞིན་དུ་དེར་མཆོད་ནས།། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས།། འཁོར་ལོའི་དབུསུ་ཡང་དག་གནས།། འདོད་པའི་དངོས་པོ་བསྒྲུབ་པར་བྱ།། དེ་ཡི་རྒྱུ་ལ་སེམས་བརྟན་པསོ།། སྔར་གསུངས་བདུད་རྩི་འཁྱིལ ་པ་སྤྲོ་བའི་ཁྲོ་བོའི་འོད་ཟེར་ན་མཁར་འབར།། འཁོར་ལོའི་བདག་པོ་ཤེས་བྱ་ཆོ་ག་ཡིས་ནི་རང་ཉིད་དེ་ཡི་རྣལ་འབྱོར་ལྡན།། ངེས་པར་ཆོས་ཀྱི་རང་བཞིན་འོད་གསལ་མཆོག། ཉིད་པ་ཅེས་པ་ཉིད་དུ་རིག་པར་བྱ།། ལོག་འདྲེན་པགེ། ་ནི་སུན་ཕྱུང་བཅོམ་ལྡན་འདས་ཀྱི་བདག་ཉིད་དབང་ནི་བསྐུར་བར་བྱ།། མི་བསྐྱོད་པས་དབེན་སླར་ཡང་གལ་ཏེ་སངས་རྒྱས་དེ་ཡི་བདག་པོར་འགྱུར།། འཁོར་ལོའི་བདག་པོ་དེའི་གནས་ཞུགས་པའི་ཚུལ་ལྡན།། དེ་ནི་བཅོམ་ལྡན་མི་བསྐྱོད ་ཅེས་སུ་གསལ་བར་གཞན་གྱི་གཞུང་དག་སྨྲ་བྱེད་ཀྱང་།། གསང་བར་ཡང་ནི་འཁོར་ལོའི་བདག་པོ་གསང་བ་དེ་ཡང་འགྱུར་ཞེས་འདིར་སྨྲ་མི་རིགས་མིན།། འདི་ནི་དག་པའི་བློ་ཅན་རྣམས་ཀྱིས་མེ་ལོང་ལ་སོགས་གཟུགས་ལ་སོགས་པ ་དག་པར་བརྗོད།། རྣམ་པར་ཤེས་པ་དེ་ཡི་བདག་པོར་གྱུར་པས་དབུས་ཀྱི་གདན་ལ་རིག་པ་ཌཱ་འདོད།། སྤྱིར་བཏང་ལས་གཞན་དག་ནི།། ཉམས་མྱོང་གཅིག་པ་ཉིད་སྟེ་དེ་ཁོ་ནས།། སངས་རྒྱས་སངས་རྒྱས་མ་ཡིན་ཉིད་དུ་མཉམ།། སརྦ ་རྒྱས་སངས་རྒྱས་མིན་པར་ཇི་ལྟར་རྟེན།། ཞི་དང་འཁྲུལ་པའི་དྲི་མཱི་རྙོག་པའི་གོས་པའི་ཡིད་ནི་དག་པས་དཀར་བའི་གཟུགས།། སེམས་ཅན་བསམ་པ་ཡོངསུ་རྫོགས་པར་བྱེད་པའི་ཡིད་ཀྱིས་རྒྱལ་བ་སེར་པོའི་འོད།། དམར ་པོ་འདོད་ཆ་གོས་རྣམ་དག་ཀུན་གྱི་དབང་གི་ཆོ་ག་ལ་ནི་སྦྱོར་གྱུར་པ།། བྱ་བ་ནན་ཏན་ཞེས་བྱ་བའི་ངོ་བོར་གྱུར་པས་བཻ་ཌཱུནྱ་ཡི་ཁ་དོག་འབར།། ཞེ་སྡང་ཉོན་མོངས་རྣམ་དག་ཀྱང་ནི་ཤིན་ཏུ་སྡང་བ་རྣམས་ལ་གནག་པའི ་པའི་འོད།། མེ་ལོང་ལ་སོགས་མི་འདོད་པས་ན་ཇི་ལྟར་ཡང་འདིར་ཞེ་སྡང་དག། རྡོ་རྗེ་ཅན་གྱིས་མེ་ལོང་སོགསུ་འགྱུར་བ་སྔོན་པོའི་གཟུགས་གང་གིས་ཡིན།། ཅིའི་བྱིརྱ་དབུསུ་ཞེ་སྤྱང་རྣམ་དག་གྲུབ་སྒྲ་དཀརཿ ་ལ་སོགས་མཛེས་པར་འགྱུར།། ཇི་ལྟར་སྤྱིར་བཏང་ལ་ཡང་འདི་ནི་ནང་འདུས་རང་གི་བདག་དང་མི་བསྐྱོད་གཉིས།། དེའི་ཕྱིར་བདེ་བར་གཤེགས་པར་གཅིག་གྱུར་གཞན་མིན་དེ་ཡི་གཟུགསོ་མི་བསྟེན།། འདི་ལྟར་གཞན་དུ་འི་གལ་བ ་སྤང་བའི་བློ་རྣམས་ཇི་ལྟར་ཡང་དག་གསུངས།། ཐ་དང་ཡེ་ཤེས་ཀྱིས་བྱས་གྱུར་པས་ཇི་ལྟར་སྒྲོལ་མ་ལྀ་སོགས་གཉིསུ་རྟོགས།། ཡེ་ཤེས་ལྔ་ཡི་བདག་ཉིད་རྣམས་ནི་འདི་རྣམས་ངེས་པར་ཡེ་ཤེས་སྐྱོ་སོར་ཏེ།། ལྷག་པར་གྲགས་པ་གང ་གྲིས་གང་དུ་མྱུར་བ་ཡེ་ཤེས་དེའི་དག་པ།། ཡེ་ཤེས་ཀྱིས་འགྱུར་ཁ་དོག་གནས་པ་རྟོག་པས་གལ་ཏེ་ཁ་དོག་ཡིན་གྱུར་ན།། དཀྱིལ་འཁོར་བདག་པོ་འཇམ་དཔལ་གསལ་བ་ཉིད་དུ་ངེས་པར་ནག་པོ་ཉིད་དུ་འགྱུར།། རྡོ་རྗེ་ཅན་གྱིས་ལུགས ་ནི་གལ་ཏེ་འགའ་ཞིག་ཡོད་ན་བདེ་གཤེགས་གནས་ལ་བརྟེན།། རང་རིགས་དབང་ཕྱུག་དང་ནི་རྒྱལ་བའི་སྲས་པོ་འཁོར་ལོའི་བདག་པོར་གནས་པར་བྱ།། སངས་རྒྱས་སངས་རྒྱས་མ་ཡིན་བདག་ཉིད་ངོར་མཚོན་གང་ཞིག་གསང ་བའི་འཁོར་དབང་ཕྱུག། མི་བསྐྱོད་ངེས་པར་བདག་པོར་གྱུར་ན་རྣམ་པར་སྣང་མཛད་ལ་སོགས་གཉིསུ་འགྱུར།། དཔལ་ལྡན་ཡེ་ཤེས་ཞབས་ཀྱི་ལམ་ཞུགས་བླ་མ་རྗེས་བསྟེན་པས།། བདག་གིས་མན་ངག་གང་ཞིག་ཅུང་ཟད་ཐེབ་གྱུར། ་པ། འདིར་ནི་དེ་ཡི་དྲན་པ་ཉམས་པར་མ་གྱུར་ཞེས་ཕྱིར་དང་།། དེ་ཕྱིར་འདི་ནི་ཡང་དག་སྤེལ་བ་བདག་མཉམ་བློ་ལ་ཕན་ཕྱིར་རོ།། ལེགས་པར་བསྡུ་བྱས་བདེ་བའི་སྒྲུབ་ཐབས་བྱང་ཆུབ་ལམ་ཐོབ་པ།། འདིར་ནི་བདག་ཉིད་གང་ཞིག ་མཉམ་མེད་པའི་བསོད་ནམས་གྲངས།། དཔལ་ལྡན་གསང་བ་འདུས་པའི་ཆོ་ག་ཉིད་ཀྱིས་སྐྱོན་སྤངས་པ།། དེ་ཡིས་བྱང་ཆུབ་མཆོག་གི་གོ་འཕང་སྤྱི་བོས་ཐོབ་པར་ཤོག། རྒྱལ་དང་རྒྱལ་བའི་སྲས་ཀྱི་གདུལ་བྱ་མ་ཡིན་སྦྱངས་གྱུར ་པ། བསམ་གྱིས་མི་ཁྱབ་རྣམས་ལ་ཕྱོགས་བཅུར་གནས་པའི་སེམས་ཅན་རྣམས།། དེ་ཡི་སོ་བྱང་ཆུབ་སྒྲུབ་པའི་ཆེད་དུ་རྒྱལ་བས་བྱིན་ཞེས་པས།། དགའ་བའི་སྒྲུབ་ཐབས་ཞེས་གྲགས་འདི་ནི་བདག་གིས་བཀོད།། དགའ་བའི་སྒྲུབ་པའི ་ཐབས་ན། སློབ་དཔོན་ཆེན་པོ་རྒྱལ་པོས་བྱིན་པས་མཛད་པ་རྫོགས་སོ།། ། པཎྜི་ཏ་པདྨ་ཀ་ར་ཝརྨ་དང་། ལོ་ཆེ་བ་རིན་ཆེན་བཟང་པོའི་འགྱུར་ལག་སོ།། ་