CLOSE WINDOW

GT747: dpal gsang ba 'dus pa'i mngon par rtogs pa zhes bya ba'i sgrub pa'i thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛྙཱ་བྷི་ས་མ་ཡ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། ནང་པོར་དང་པོ ་བསམ་གཏན་གྱི་ཁང་པ་ཡིད་དང་རྗེ་སུ་མཐུན་པ་ཤིན་ཏུ་དབེན་པར་སྟན་འཇམ་པོ་ལ་བདུག་སྟེ། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ལ་བློས་བལྟས་ལོ་བྱམས་པའི་སེམས་བསྐྱེད་དེ་བདག་གིར་བྱས་ནོས། དེ་རྣམས་ཕོལ་མིག་ལ ་སྩོགས་པའི་སྡུག་བསྔལ་དང་ལྡན་པ་དང་། དེའི་རྒྱུ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡིན་པར་ཤེས་པར་བྱས་ཏེ། དེ་ནས་སྙིང་རྗེའི་སེམས་བསྐྱེད་པས་གདུངས་པའི་བློས་གནོད་པ་དེ་བསོལ་བའི་ཕྱིར། བདོག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས ་སེམས་ཅན་རྣམས་ཀྱང་དེ་དང་འདྲེ་བར་བསྐྱེད་པར་བྱའོ་ཞེས་སྨོན་ལམ་བྱའོ།། དེ་ནས་བསྒོམ་པའི་སྦྱོར་པོ་བརྩམ་པར་བྱ་སྟེ་རང་གི་སྙིང་གརོ་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མཾ་མདོག་སེར་པོ་བསམས་ནས། ་དེ་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱསོ་ལྔ་རྣམས་དང་། རང་གི་འདོད་པའི་ལྷ་རྣམས་དང་། སློབ་དཔོན་མདུན་དུ་ནི་མཁའ་ལ་བསམས་ཏེ། སྙིང་པོའི་འོད་ཟེར་གྱི་སྒྲོ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང ་དག་པར་མཆོད་ལ་ཕྱག་བྱས་ཏེ། སྡིག་པོ་བཤེགས་པ་ལ་སོགས་པའི་ཚིགས་བཅད་པ་ལན་གསུམ་བརྗོད་པར་བྱའོ།། དེ་ལ་ཚིགས་བཅད་པ་ནི་འདི་ཡིན་ཏེ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་ངུ་ཞེས་བྱ་བ་ལ་སོགས་པའོ།། དེ་ནས ་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སེམས ་གཅིག་པུ་ཉིད་ནི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པ་གཉིས་སུ་འགྱུར་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་འཇུག་པའོ།། སོ་སོར་བའི་བདག་ཉིད་ཅན་ནི་སྨོན་པའོ།། དོ་ཡང་བགེགས་འབྱུང་བར་གྱུར་ན་མདུན་དུ ་ཡི་གེ་ཨརྒྷལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བྱསམས་ལ། དེའི་སྟེང་དུ་ཡི་གཱི་ཧཱུཾ་དང་བཅས་པའི་རྡོ་རྗེ་དྲག་པོ་ནག་པོ་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་བགེགས་བསལ་བར་བསམྱས་ལ།། དེ་ཉིད་ཀྱིས་རྡོ་རྗེ་དྲ་བར ་བྱས་པར་ཆོས་འབྱུང་བ་དཀར་པོ་གྲུ་གསུམ་ནང་སྟོང་པ་གྱེན་ཀར་འདུག་པའོ།། དེའི་འོག་ལོགས་སུ་ཡི་གེ་ཨཱཿཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡི་གེ་བཾ་ཡོངསུ་གྱུར་པ་ལས། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཁཾ ་ལྡིང་གུ་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེར་ཟླ་བ་ལ་བུམ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཡི་གེ་བྲུཾ་དང་བཅས་པའོ།། དེ་གཉིས་ཡོངསུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཡས་གནག་པ། ་གཡོན་དམར་པོ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲྀ་དང་། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་གདན་དང་ཟླ་བའི་འོད ་མངའ་བ། རིན་པོ་ཆེའི་ཅོད་པན་ཅན་བསམས་ལ། དེའི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་རྣམས་ཡང་དག་པར་བསྐུལ་ནས་བཅུག་ལ། དེ་ཡོངསུ་གྱུར་པ་ལས་ཁང་པ་བརྩེགས་པ་ཟུར་བཞི ་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་བསམས་ལ། དེའི་དབུས་མའི་ཟླ་བའི་དཀྱིལ་འཁོར་ལ། སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཨ་ལ་སོགས་པ་ཡོངསུ་གྱུར་པའི་ཟླ་བ་ད་རྣམས་ཀྱིས་མཚན་པ་ནི་མི་བསྐྱོད་པའི་རྣམ་པའོ།། ། ་དེའི་སྟེང་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཛིན་པའི་ངོ་བོ་ཀ་ལ་སོགས་པ་ཡོངསུ་གྱུར་པ་ལ། དེ་རྣམས་ཀྱིས་མཚན་པའི་ཟླ་བའི་དཀྱིལ་འཁོར་གཉིས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རྣམ་པའོ།། དེའི་སྟེང་དུ་ཡི་གེ ་ཧཱུཾ་མར་པོ་སྟེ། ཟླ་བའི་དཀྱིལ་འཁོར་གཉིས་དང་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དམྱུར་པོར་གྱུར་པ་ལ་ཡི་གེ་ཧཱུཾ་གིས་མཚན་པ་ནི་སྣང་བ་མཐའ་ཡས་ཀྱི་རྣམ་པའོ།། དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཡང་དག་པར ་བསྐུལ་ནས་བཅུག་སྟེ། དེའི་ང་རྒྱལ་དུ་བྱས་པ་དང་ལྡན་པའི་རྣལ་འབྱོར་པ་ནི་དོན་ཡོད་གྲུབ་པའི་རྣམ་པ་སྟེ། དེ་ཡོངསུ་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་པ་ནི། སྐུ་མདོག་དཀར་པོ། ཞལ་གཡས་གནག། ་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་རིན་ཆེན་དང་པདྨ་བསྣམས་པ། རིན་པོ་ཆེའི་ཅོད་པན་དང་། ཟླ་བའི་གདན་དང་། ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ ་མོ་ཀྲུང་གིས་བཞུགས་པའི་སྐུར་བདག་ཉིད་བསམས་ལ།། སེམས་ཅན་རྣམས་འདོད་ཆགས་ཆེན་པོས་འདུལ་བར་ཤེས་ནས་དགའ་བའི་སྒྱུ་མའི་སྒྲས་སངས་རྒྱས་རྣམས་བདག་ཉིད་ལ་བཅུག་ལ།། དེ་ལ་སྤྱན་ལ ་སོགས་པ་དགུའི་གཟུགས་ཀྱིས་རང་གི་ལྷ་མོའི་ནང་དུ་ཆུད་པར་བྱས་ནས། དེ་ནས་ཡི་གེ་ཧཱུཾ་གི་འོད་ཟེར་ནཱཾ་ཀྵི་ས་དྱས་རྣཾས་ཡཱ་དག་ལྔ་བསྐུལ་ནས་ཁར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ལ། པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི ་རྣམ་པར་བལྟ་སྟེ། དེ་ཡོངསུ་གྱུར་པ་ལས་དཀྱིལ་འཁོར་དུ་བསམས་ལ། སེམས་ཅན་མ་ལུས་པ་ཡིད་ཀྱིས་རབ་ཏུ་བཅུག་སྟེ་དེ་བྱང་ཆུབ་ཀྱི་སེམས་སུ་ཡོངསུ་གྱུར་ནས། རྡོ་རྗེའི་ལམ་ནས་ངེས་པར་འབྱུང་བའི་སངས་རྒྱས་རྣམས་ཀྱིས་དབང ་བསྐུར་བར་བྱའོ།། དེ་ནས་དེ་བྲུ~ཾ་ཨཱཾ་ཛྲྀ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ། ཛ་ཧཱུཾ་བཾ་ཧཱུཾ་ཁཾ་རཾ། ཀྵིཾ་ཛྲིཾ་ཁཾ་གཾ་ཤཱཾ་སཾ། ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བའི་ཡི་གེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་པདྨའི་ནང་གི་དཀྱིལ ་འཁོར་གྱི་ལྷ་མོའི་བ་སྤུའི་བུ་ག་ནས་བློས་དབྱུང་ངོ་།། དེ་ལྟར་སེམས་ཅན་གྱི་ཁམས་རྣམས་པར་དག་ནས། ཧཱུཾ་ལས་འོད་ཟེར་བྱུང་བས་ཡི་གེ་ཧོཿགཉིས་དང་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་འཇུག་པའི་སེམས་སྤེལ་བ་བཀུག་ལ་ཁར་བཅུག་སྟེ། ་རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ལྷ་མོའི་པདྨའི་ནང་དུ་བབས་པ་དང་། དེའི་འོད་ཟེར་རྣམས་ཀྱིས་རེག་པ་ཙམ་གྱིས་རིག་པ་རྡོ་རྗེ་རྫུན་པ་དང་བཅས་པར་ཞུ་བར་གྱུར་པར་བསམ་མོ།། དེ་ནས་འབྱུང་བ་ཆེན་པོ ་བཞི་སྤྱན་ལ་སོགས་པའི་ལྷ་མོར་གྱུར་པས། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསམ་མོ།། འདི་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང་། སེམས་ཀྱི་འོད་ཟེར་དེ་འབྱུང་བ་བཞི་དང་སངས ་རྒྱས་ཐམས་ཅད་ཀྱིས་བསྐུལ་ནས་ཞུགས་པར་གྱུར་པ་ལས་རང་གི་སྔགས་ཀྱི་གཟུགསུ་བདག་ཉིད་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་རལ་གྲི་ཡི་གེ་མཾ་གིས་མཚན་པའོ།། དེ་གཉིས་ཡོངསུ་གྱུར་པ་ལས་འཇམ་པའི ་རྡོརྡོརྗེསྐུ་མདོག་སེར་པོ། ཞལ་གཡས་ནག་པོ་གཡོན་དཀར་པོ་ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྲི་དམ་པ་དང་། མདའ་གཡོན་ན་ཨུཏྤ་ལ་དང་གཞུ་བསྣམས་པ། ཟླ་བའི་འོད་དང་འིན་པོ་ཆེའི་ཅོད ་པཔན་མངའ་བ། སྣ་ཚོགས་པདྨའི་སྟེང་ན་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པར་བསམས་ལ། དེའི་སྙིང་གར་ཟླ་བ་ལ་རལ་གྲི། དེའི་དབུས་སུ་དེ་དང་འདྲ་བའི་ཡ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བ་ལ་རལ་གཱི། དེའི་དབུ་སུ ་ཡི་གེ་མཾ་གནས་པརརྱ་བསམས་ལ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པའོ།། འདི་དག་ནི་མཆོག་གི་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆུང་བའོ།། དེའི་མིག་ཏུ་ཟླ ་བ་ལ་ཀཱི་དཀར་པོ་ཡོངསུ་གྱུར་པ་ལས་འཁོར་ལོ་ཀྵིཾ་གིས་མཚན་པའོ།། དེ་གཉིས་ཡོངསུ་གྱུར་པ་ལས་སའི་སྙིང་པོ་སྐུ་མདོག་དཀར་པོ། ཞལ་གཡས་གནག་གཡོན་དམར། ཕྱག་གཉིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས ་ན་འཁོར་ལོ་དང་རལ་གྲི། གཡོན་ན་ནོར་བུ་དང་པདྨ་བསྣམས་པའོ།། དེ་བཞིན་དུ་རྣ་བ་ལ་ཡི་གེ་དྷཱི་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱུག་ན་རྡོ་རྗེ་སྐུ་ནིག་པོ། ཞལ་གཡས་དཀར་པོ་གཡོན་དམར། ་ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པའོ།། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨའོ།། དེ་བཞིན་དུ་སྣ་ལ་ཡི་གེ་ཁཾ་དང་བཅས་པའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ན་མཁའི་སྙིང་པོ་སྐུ་མདོག་སེར་པོ ་ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲྀ། གཡོན་ན་འཁོར་ལོ་དང་པདྨའོ།། དེ་བཞིན་དུ་ལྕེ་ལ་ཡི་གེ་གཾ་དང་བཅས་པའི་པདྨ་ཡོངསུ་གྱུར་པ་ལས། ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ནི་པདྨ་རལ་གྲི། གཡོན་ནཱ་རིན་པོ་ཆེ་དང་འཁོར་ལོ་བསྣམས་པའོ།། དེ་བཞིན ་དུ་མགྲོ་ལ་ཡི་གེ་ཥྐཾ་དང་བཅས་པའི་རལ་གྲི་ཡོངསུ་གྱུར་པ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ། ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན ་རལ་གྲི་འཁོར་ལོ། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ།། དེ་བཞིན་དུ་ལྟེ་བ་ལ། ཡི་གེ་སཾ་དང་བཅས་པའི་རྡོ་རྗེ་ཡོངསུ་གྱུར་པ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ། གཡས་གནག་གཡོན་དམར་བ། ཕྱག་གཉིས ་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། སའི་སྙིང་པོ་ལ་སོགས་པ་འདི་རྣམས་ཀྱང་ཟླ་བའི་གདན་དང་ཟླ་བའི་འོད་དང་། རིན་པོ་ཆེའི་ཅོད་པན་མངའ་བ། ་འིསྐྱིལ་མོ་ཀྲུང་གིས་བཞུགས་པོ།། དེ་དག་ནི་མཆོག་གི་ཉེ་བར་སྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུའོ།། ཀུན་ཏུ་བཟང་པོའི་སྟེང་དུ་ཟུ་བ་ལ་ཡི་གེ་ཧཱུཾ་ནག་པོ་ཡོངསུ་གྱུར་པ་ལས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་དང ་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་ནག་པའོ།། ལྕེ་རྩར་ཡི་གེ་ཨཱ་ཡོངསུ་གྱུར་པ་ལས་པདྨ་ལྟེ་བར་ཡི་གེ་ཨཱ་དང་བཅས་པའི་པདྨ་ཡོངསུ་གྱུར་པ་ལས་གསུང་རྡོ་རྗེ ་འཇིག་རྟེན་དབང་ཕྱུག་ལྟ་བུའོ།། དེའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨཾ་དམར་པོའོ།། དཔྲལ་བར་ཡི་གེ་ཨོཾ་ཡོངསུ་གྱུར་པ་ལས་འཁོར་ལོ་ལྟེ་བར་ཨོཾ་དང་བཅས་པའི་འཁོར་ལོ་ཡོངསུ་གྱུར་པ་ལས་སྐུ་རྡོ་རྗེ་སའི་སྙིང་པོ་ལྟ་བུའོ།། དེའི་ཐུགས ་ཀར་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་སྙིང་པོ་དེ་རྣམས་ཀྱི་འོད་ཟེར་གྱིས་ཐུགས་རྡོ་རྗེ་ལ་སོགས་པའི་སངས་རྒྱས་རྣམས་ཡང་དག་པར་མཆོད་ནས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཡང་དག་པར ་བསྐུལ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། དེ་དག་ནི་མཆོག་གི་སྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུའོ།། སྙིང་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་བསྐུལ་བ་དང་དེ་རྣམས་ཀྱིས་འོད་ཟེར ་བཏང་བའི་སྒོ་ནས་བྱུང་བའི་སྤྱན་ལ་སོགས་པའི་རིག་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་བདུད་རྩིས་དབང་བསྐུར་བ་དང་ལྡན་པ་དང་། རང་གི་རིག་རིགས་ཀྱི་བདག་པོ་ཅོད་པན་དུ་ཐོགས་པའོ།། ་དེ་དག་ནི་མཆོག་གི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆུང་ངུའོ།། ཡན་ལག་བཞི་པའི་དང་པོའོ།། རྣལ་འབྱོར་པ་མཆོག་གི་བསྙེན་པ་ལ་སོགས་པའི་ཡན་ལག་འདི་དག་གིས་རྒྱུ་མཐུན་པའི་འབྲས་བུ་འབྱིང ་པོ་ལ་སོགས་པ་ནི་རང་དང་འདྲ་བར་བསྐྱེད་པར་བྱའོ།། གཞན་ཡང་ཨོཾ་ཧཱུཾ་སྭཱ་ཧཱ་ཨཱཿཧཱ་ཞེས་བྱ་བའི་ཡི་གེ་ལས་བསྐྱེད་པར་བྱས་ཏེ། དེའི་མགོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་དང་། རྐང་པའི་མཐར་ཐུག་པའི་བར་རོ།། ། ་ཡི་གེ་ཧཱུཾ་ལས་པདྨ་ཨ་ལས་ལྟེ་བྱ། ཕོཊ་ལས་དབབ་པ་དགག་པའོ།། བདག་ཉིད་ཀྱིས་ཡང་ཡི་གེ་ཧཱུཾ་ལས་རྡོ་རྗེ། ཨ~ཾ་ལས་ནོར་བུ་ཕཊ་ཀྱིས་དགག་པའོ།། དེ་ནས་སྙིང་པོའི་འོད་ཟེར་རྣམས་ཀྱིས་བསྐུལ་ལ་བླངས་ཏེ། དེ་དང་ལྷན་ཅིག་སྔགས ་པས་དགའ་བ་བརྩམ་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཡན་ལག་བཞི་པའི་གཉིས་པས་ཏེ། འདི་དག་ནི་དང་པོའི་སྦྱོར་བའི་ཏིང་འཛིན་ཏོ།། སྙིང་པོའི་གསང་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སངས་རྒྱས ་རྣམས་བསྐུལ་ལ། བཀུག་ནས་ཁར་བཅུག་སྟེ། ལྷ་མོའི་འདོད་ཆགས་ཀྱིས་ཟླ་བ་ཞུ་བར་གྱུར་པ་དང་། པདྨའི་ནང་དུ་ཕབ་པ་ལས་བྱུང་བའི་རང་གི་ས་བོན་ཡོངསུ་གྱུར་པ་ལས་བདག་པོ་དབུས་ན་གནས་པའི་དཀྱིལ་འཁོར་བ་བསམས་ལ ་ཆོ་ག་འདིས་འབྱུང་བར་བྱའོ།། བཛྲ་དྷྲྀཀ་ཅེས་བྱ་བ་ལས་མི་བསྐྱོད་པ་བསྐུལ་ཏེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་རལ་གྲི། གཡོན་ན་རིན་པོ ་ཆེ་དང་པདྨ་བསྣམས་པ། ཉི་མའི་གདན་དང་ཟླ་བའི་འོད་མངའོ་བ། རལ་པཱ་དང་ཅོད་པན་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དངོས་པོ་ཐམས་ཅད་ཀྱིས་བདག་ལ་ཞུགས་པར་བྱའོ།། ཛོ་ན་ཛིཀ་ཅེས་བྱ་བས་རྣམ་པར་སྣང་མཛད་དགོད ་དེསྐུ་མདོག་དཀར་པོ་ཞལ་གཡསྭཱ་གནག། གཡོན་དམར་བ་ཕྱག་གཉིས་ཀྱིས་ཤེས་རབ་དམོ་པ་ལ་འཁྱུད་པ། གཡས་ན་འཁོར་ལོ་དང་རལ་གྲི་གཡོན་ན་རིན་པོ་ཆེ་དང་པདྨ་བསྒོམས་པ། ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། ཤཱར ་གྱི་པདྨ་ལེ་བཞུགས་པར་བྱའོ།། རཏྣ་དྷྲྀཀ་ཅེས་བྱ་བས་རིན་ཆེན་འབྱུང་ལྡན་དགོད་དེ། སྐུ་མདོག་སེར་པོ་ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེ་དང་རལ་གྲི། གཡོན ་ན་འཁོར་ལོ་དང་པདྨ་བསྣམས་པ། ལྷོར་བཞུགས་པར་བྱའོ།། ཨཱ་རོ་རོ་ལིཀ་ཅེས་བྱ་བས་འོད་དཔག་ཏུ་མེད་པ་དགོད་དེ། སྐུ་མདོག་དམར་པོ་ཞལ་གཡས་གནག། གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡ ་ན་པདྨ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་འཁོར་ལོ་བསྣམས་པ། ནུབ་ཏུ་བཞུགས་པར་བྱའོ།། པྲཛྙཱ་དྷྲྀཀ་ཅེས་བྱ་བས་དོན་ཡོད་གྲུབ་པ་དགོད་དེ། སྐུ་མདོག་ལྗང་གུ་ཞལ་གཡས་གནག། གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས ་རབ་དམ་པ་ལ་འཁྱུད་པ། གཡས་ན་རལ་གྷི་དང་འཁོར་ལོ།། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ། བྱང་དུ་བཞུགས་པར་བྱའོ།། འདི་རྣམས་ནི་ཉི་མའི་གདན་དང་ཉི་མའི་འོད་དང་ན་བཟའ་དང་རྒྱུན་བཟང་པོ་དང་། ་རལ་གྲི་དང་ཅོད་པན་མངའ་བ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། མ་ཧ་རཱ་ཏི་ཞེས་བྱ་བས་ཤར་ལྷོར་སྤྱན་དགོད་དེ། སྐུ་མདོག་དཀར་མོ། ཞལ་གཡས་གནག་གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་འཁོར ་ད་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ།། དྭེ་ཥ་ར་ཏི་ཞེས་བྱ་བ་ལས་ལྷོ་ནུབ་ཏུ་མཱ་མ་ཀཱི་དགོད་དེ། སྐུ་མདོག་ནག་པོ་ཞལ་གཡས་དཀར་བ། གཡོན་དམར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ན་ཨུཏྤལ ་ད་མར་པོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ།། རཱ་ག་རཱི་ཏཱི་ཞེས་བྱ་བ་ལས་ནུབ་བྱང་དུ་གོས་དཀར་མོ་དགོད་དེ། སྐུ་མདོག་དམར་མོ་ཞལ་གཡས་གནག། གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས ་ན་པདྨ་དང་རལ་གཱི། གཡོན་ན་ནོར་བུ་དང་འཁོར་ལོ་བསྣམས་པའོ།། བཛྲ་རཱ་ཏི་ཞེས་བྱ་བ་ལས་བྱབ་ཤོར་དུ་སྒྲོལ་མ་དགོད་དེ། སྐུ་མདོག་སེར་པོ་ཞལ་གཡས་གནག། གཡོན་དཀར་བ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། གཡས་ནཱ་ཨུཏྤ་ལ ་སེར་པོ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ།། ཕྱི་རིམ་གྱི་ཤར་ལྷོར་དེ་ཁོ་ན་ཉིད། གསུམ་ལས་གཟུགས་རྡོ་རྗེ་སའི་སྙིང་པོ་ལྟ་བུ་མེ་ལོང་ལ་སོགས་པ་དང་ལྡན་པའོ།། དེ་བཞིན་དུ་ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་པི ་བཔབར་ལ་སོགས་པ་དང་ལྡན་པའོ།། དེ་བཞིན་དུ་ནུབ་བྱང་དུ་དྲི་རྡོ་རྗེ་ནཱ་མཁའི་སྙིང་པོ་ལྟ་བུ་ལ་དྲིའི་དུང་ཆོས་ལ་སོགས་པ་དང་ལྡན་པའོ།། དེ་བཞིན་དུ་བྱུང་ཤར་དུ་རོ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལྟ་བུ་ལ་ཐོད་པ་ལ་སོགས་པ་དང་ལྡན་པའོ།། ཤར ་གྱི་སྒོའི་གཡོན་དུ་རེག་རྡོ་རྗེ་སྒྲིབ་པ་རྣམ་པར་སྤེལ་པ་ལྟ་བུ་ལ།། ལྷའི་གོས་སྣ་ཚོགས་པ་དང་ལྡན་པའོ།། ཤར་གྱི་སྒོའི་གཡས་སུ་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཆོས་འབྱུང་བ་ལ་སོགས་པ་དང་ལྡན་པ་སྟེ། ལྷ་མོ་བཅུ་པོ་དེ་རྣམ ་ནི་ཟླ་བའི་གདན་དང་ཟླ་བའི་འོད་མངའ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་དང་ན་བཟའ་བཟང་པོ་དང་ལྡན་པའོ།། ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལས། ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དགོད་དེ། སྐུ་མདོག་ནག ་པོ། ཞལ་གཡས་དཀར་གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེས་མཚན་པའི་ཐོ་བ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པའོ།། པྲཛྙཱ་ན་ཏ་ཀྲྀཏ་ཅེས་བྱ་བ་ལས་ལྷོ་ཕྱོགས་ཀྱི་སྒོར ་ཤེས་རབ་མཐར་བྱེད་དགོད་དེ། སྐུ་མདོག་དཀར་པོ། ཞལ་གཡས་གནག། གཡོན་དམར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་རིན་པོ་ཆེས་མཚན་པའི་དབྱུག་པ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམ ་པའོ།། པདྨཱ་ན་ཏོ་ཀྲྀཏ་ཅེས་བྱ་བ་ལས་ནུབ་ཕྱོགས་ཀྱི་སྒོར་པདྨ་མཐར་བྱེད་དགོད། སྐུ་མདོག་དམར་པོ་ཞལ་གཡས་གནག་གཡོན་དཀར་བ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་ལ་འཁྱུད་པ། གཡས་ན་པདྨ་དང་རལ་གྲི། གཡོན་ནཱ་རིན་པོ་ཆེ ་དང་འཁོར་ལོ་བསྣམས་པའོ།། བིགྷྣཱན་ཏ་ཀྲྀཏ་ཅེས་བྱ་བ་ལས་བྱང་ཕྱོགས་ཀྱི་སྒོར་བགེགས་མཐར་བྱེད་དགོད་དེ། སྐུ་མདོག་ནཱག་པོ། ཞལ་གཡས་དཀར་གཡོན་དམར་པོ།། ཕྱག་གཉིས་ཀྱིས་ཤེས་རབ་དམ ་པ་ལ་འཁྱུད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་ན་རིན་པོ་ཆེ་དང་པདྨ་བསྣམས་པ་སྟེ། ཁྲོ་བོ་འདི་རྣམས་ཉི་མའི་གདན་དང་ཉི་མའི་འོད་མངའ་བ། ཁྲོ་བོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟག་གི་ཕྱོགས་པ་མནབས་པ། སྦྲུལ་གྱིས ་བརྒྱན་པ། སྨིནཱ་མ་དང་ཨག་ཚོམས་དང་སྤྱན་སེར་བ། དབུ་སྐྲ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ་ལྗགས་འདྲིལ་བ། དེ་ལྟར་དངོས་པོ་ཐམས་ཅད་ཀྱིས་རྫོགས་པའི་དཀྱིལ་འཁོར་བསྟན་ནས། སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སངས་རྒྱས་རྣམས་སྤྱན་དྲངས་ནས། མདུན་དུ་བལྟས་ལ། དེ་རྣམས་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤིང་ལ་སོགས་པས་བསྐྱེད་པ་དང་། མངོན་པར་བསྲུང་བ་དང་། བཅིང་བ་དང་། ་མཉེས་པར་བྱས་ནས། བདུད་རྩིས་གང་བའི་སྣོད་ཀྱིས་མཆོད་ཡོན་ཕུལ་ལ། སྙིང་པོའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཙོང་། གཤིན་རྗེ་གཤེད་ལ་སོགས་པའི་རང་གི་གསང ་སྔགས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། དེ་དག་ནི་ཐུན་མོང་གི་བསྙེན་པའི་ཡན་ལག་སྟེ། རྒྱུ་མཐུན་པའི་འབྲས་བུ་ཆེན་པོའོ།། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམ ་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི། སྤྱིའི་ཉེ་བར་སྒྲུབ་པའི་ཡན་ལག་སྟེ། རྣམ་པར་སྨིན་པའི་འབྲས་བུ་ཆེན་པོའོ།། དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྤྱིའི་སྒྲུབ་པའི་ཡན་ལག་སྟེ། སྐྱེས་བུ་བྱེད ་པའི་འབྲས་བུ་ཆེན་པོའོ།། དེ་ཉིད་བཞིན་དུ་དབང་བསྐོར་བར་འགྱུར་བ་ནི།། སངས་རྒྱས་རྣམས་རྡོ་རྗེ་འཆིང་བ་དང་། མཱ་མ་ཀཱི་དང་། སྒྲ་རྡོ་རྗེ་དང་ཆོས་ཀྱི་དབྱིངས་རྡོ་རྗེ་དང་། ཤེས་རབ་མཐར་བྱེད། བགེགས་མཐར་བྱེད་ཀྱི་རྩོད་པན་ལྀ་ནི ་མི་བསྐྱོད་པའོ།། སྤྱན་དང་གཟུགས་རྡོ་རྗེ་དང་། གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་ནི་རྣམ་པར་སྣང་མཛད་དོ།། གོས་དཀར་མོ་དང་རོ་རྡོ་རྗེ་མེ་དང་། པདྨ་མཐར་བྱེད་ཀྱི་ཅོད་པན་ལ་ནི་འོད་དཔག་ཏུ་མེད་པའོ།། སྒྲོལ་མ་དང་རེག་རྡོ་རྗེའི་ཅོད་པན ་ལ་ནི་དོན་ཡོད་གྲུབ་པའོ།། དྲི་རྡོ་རྗེའི་ཅོད་པན་ལ་ནཱི་རཱིན་ཆེན་འབྱུང་ལྡན་ནོ།། འདི་དག་ནི་སྤྱིའི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དབང་གི་འབྲས་བུ་ཆེན་པོའི་ཡན་ལག་བཞི་པའི་གསུམ་པའོ།། སྙིང་པོའི་འོད་ཟེར་རྣམས་ཀྱིས ་སངས་རྒྱས་རྣམས་བསྐུལ་ལ་ཁྱེར་བཅུག་སྟེ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས། ལྷ་མོའི་ཆགས་པས་པདྨའི་ནང་དུ་ཟླ་བ་ཞུ་བའི་གཟུགས་ཅན་དུ་བསམས་ལ། དེའི་འོད་ཟེར་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པ་ཕྱུང་བས ་ཡང་དག་པར་མཆོད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀི&ཧཾ་ཞེས་བྱ་བའི་གསང་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རང་གི་ཡིད་ལྷག་པའི་ལྷར་གྱུར་པ་ལས་ཆོས་རྣམས་ཀྱི་མི་བསྐྱོད་པ་ནི་རྡོ་རྗེ་ཆེ ་ཞེས་བྱ་བ་ལ་སོགས་པའི་སྟོང་པའི་སྒྲ་བྲག་ཅ་ལྟ་བུས་བསྟོད་པ་བྱེད་པར་བསམ་མོ།། དེ་ནས་བདུད་རྩི་མྱང་བའི་ཆོ་ག་འདི་ཡིན་ཏེ། ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི ་དབྱིབས་ལྟ་བུ་ལ་བ་དན་གྱིས་མཚོན་པ། དུ་བའི་མདོག་ཅན་ཡི་གེ་ཡོ་དང་བཅས་པ། དེའི་སྟེང་དུ་ཡི་གེ་རཾ་ཡོངསུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་ཟུར་གསུམ་ལ་རྡོ་རྗེས་མཚན་པའི་ཡི་གེ་རཱྀ་དང་བཅས་པའོ་དེའི་སྟེང ་དུ་ཟླ་བ་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཐོད་པའོ།། དེར་སྔགས་པས་བི་མུ་ཤུ་མ་ར་སྟེ་བདུད་རྩི་ལྔ་དང་། ཧ་གྷཾ་གཱི་ཤ་མ་སྟེ་དཔའ་བོ་ལྔ་བཀོད་ལ། རླུང་གིས་བསྐྱོད་པའི་མེས་ཐོད་པ་དེ་ལ་གནས་པའི་ཡེ་ཤེས་ཀྱི་བདུད་རྩིར ་གྱུར་པར་བསམས་ལ། དེར་ཡི་གེ་ཧཱུཾ་ལས་རྡོ་རྗེར་གྱུར་པ་ཡང་ནང་དུ་བསམ་མོ།། ཡང་ཡི་གེ་ཨོཾ་གྱིས་དེ་བཞིན་གཤེགས་པ་ལྔའི་ས་བོན་དྲངས་ལ་འདྲེས་པར་གྱུར་པར་བྱས་ནས། དེར་ཡི་གེ་གསུམ་མངོན་པར་བཟླས་ལ་རྣལ ་འབྱོར་པས་ཧཱུཾ་བཀོད་པའི་རྡོ་རྗེའི་ལྕེ་བཟང་པོ་དང་། དེ་ལྷ་རྣམས་ཚིམ་པར་བྱའོ།། འདི་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་ཏོ།། སྙིང་པོ་ལས་ངེས་པར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཡང་དག་པ་མ་ཡིན ་པའི་རྟོག་པ་སྤངས་པས་དེའི་བདག་ཉིད་དུ་འགྲོ་བ་རྣམས་བྱིས་ནས་རང་གི་སོ་བོན་གྱི་ནང་དུ་བཅུག་སྟེ། ཐིག་ལེའི་གཟུགསུ་རང་གི་ཡིད་ཡོངསུ་བསྒོམས་ལ། སེམས་དེའི་འོད་ཟེར་གྱི་ཕྲེང་བའི་སྣང་བས་སྐུ་དང་གསུང་དང་ཐུགས ་དང་ལུས་ཀྱི་མཆོག་གི་བར་སད་པར་བྱས་ལ། ཡང་དེ་ཉིད་དུ་ཞུགས་པས་ཡེ་ཤེས་བདུད་རྩི་འབབ་པར་བསམ་མོ།། དེས་ནང་གི་ལུས་དང་དེ་བཞིན་དུ་ཐམས་ཅད་སྣང་བར་བྱས་ཏེ། བ་སྤུའི་བུ་ག་རེ་རཾ་ནས་བྱུང་བའི་མཐའ་ཡས་པའི་འོད ་ཀྱི་ཚོགས་རྣམས་ཀྱིས་སྣ་ཚོགས་པ་ཀུན་ཏུ་བཀང་ནས་སླར་འདུས་ཏེ་གནས་པ་དང་། བརྟན་པར་གྱུར་པ་ནི་ཐིག་ལེའི་རྣལ་འབྱོར་རོ།། དེ་ནས་རང་གི་སྔགས་ཀྱི་འོད་ཟེར་གྱིས་སངས་རྒྱས་བཅུག་ལ། རྡོ་རྗེའི་ལམ་ནས་ངེས་པར་ཕྱུང་ནས་ཟླ་བ ་ཞུ་བར་གྱུར་པ་ལ། དེ་ཡིངསུ་གྱུར་པའི་མཚན་མ་ཕྲ་མོའི་ལྟེ་བོར་ཏིང་འཛིན་གཉིས་བསྐྱེད་ལ། སྣ་ཚོགས་པ་སངས་རྒྱས་ཀྱི་བདག་ཉིད་དུ་རང་གི་སྔགས་ཀྱི་ནང་དུ་བཅུག་ལ། ཐིག་ལེ་དེའི་གཟུགས་ཅན་འོད་གསལ་བར་བདག་ཉིད་བསམས ་ཏེ། དེའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་ལ་བལྟས་ལ་སེམས་བརྟན་པར་གྱུར་ནས་རྗེ་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱའོ།། བསྒོམ་པས་དུབ་ན་ཅིག་ཅར་རམ་རིམ་གྱིས་སེམས་མ་ཡངས་པར་བཟླས་བརྗོད་བྱའོ།། རང་གི་རྒྱུད་ཚིམ་པར་བྱ ་བ་བསམ་པ་ནི་མཐོ་གང་གིས་པགས་པ་ལ་སྤྱི་བོའི་སྟེང་དུ་བདུགས་དཀར་པོ་བཞིན་བདུད་རྩིའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨོཾ། དེའི་འོད་ཟེར་རྣམས་ཀྱིས་བདུད་རྩི་ཕབ་ལ། དེ་ནས་སྲོག་གི་རླུང་དང་རང་གི་སྔགས་ཀྱི་འོད་ཟེར་གྱིས་དྲངས ་ནས། རྐན་གྱི་ཕྱོགསུ་ཕབ་ནས་བ་སྤུའི་ཁུང་བུ་དང་རྩ་བའི་རྒྱུད་ལས་སྐུ་གསུང་ཐུགས་ཚིམ་པར་བྱའོ།། དེ་ནས་བཟླས་པ་དཔག་ཏུ་མེད་པ་བྱས་ནས། ཨོཾ་ལ་སོགས་པ་དེ་ཁོ་ན་ཉིད་གསུམ་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ་ཡང ་དག་པའི་སྐྱོན་ལམ་སྔོན་དུ་བྱའོ།། དེ་ནས་རང་གི་ལྷའི་ང་རྒྱལ་དང་ལྡན་པས་ལངས་ནས་ཐམས་ཅད་ཀྱང་དེ་དང་འདྲ་བར་བསམས་ནས་གནས་པར་བྱའོ།། བདུད་རྩི་མྱང་བྱའི་རིམ་གྱིས་ཟས ་ལ་སོགས་པ་སྤྱད་པར་བྱའོ།། དབང་བསྐུར་བའི་རིམ་པས་ཁྲུས་བྱའོ།། རྒྱུ་མཐུན་པ་འབྲིང་པོ་ལ་སོགས་པས་གྲོང་གི་ཆོས་བྱའོ།། ཐུན་མཚམས་སུ་ཡང་དེ་ཁོ་ན་ཉིད་གསུམ་གྱིས་དཀྱིལ་འཁོར་རྣམ་པོར་སྤྲོས་ལ། མཆོད་པ ་ལ་སོགས་པ་སྔོན་དུ་འགྲོ་བས་བཟླས་པ་བྱས་ན། ཡང་དེ་ཁོ་ན་ཉིད་གསུམ་གྱི་དཀྱིལ་འཁོར་བསྡུས་ལ་ཉལ་བར་བྱའོ།། ཡང་ནང་པར་གྱི་དུས་སུ་བསྐྱོད་པའི་རིམ་གྱིས་ཏིང་འཛིན་གསུམ་རྫོགས་པར་བྱས་ལ་མཉམ་པར་བཞག ་མས་བཟླས་བརྗོད་ལ་སོགས་པ་བྱའོ།། བསྒོམ་པའི་ཆོ་ག་འདི་ནི་ཤེས་རབ་ངམན་པའི་སེམས་ཅན་མཐོང་ནས། སློབ་དཔོན་གྱིས་འདི་ཉིད་གསར་དུ་བརྩོམས་པ་ཡིནོ།། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི ་སྒྲུབ་པའི་ཐབས། སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤྭདྡྷ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཚོན ་བཟང་པོས་བསྒྱུར་ཅིང་ཞུས་ཏེ། སླད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། ། ་