CLOSE WINDOW

GT745: sbyor ba yan lag drug gi snang ba'i rim pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཥ་ཌཾ་གྲ་ཡོ་གཱ་ལོ་ཀ་ཀྲ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། ཤེས་རབ་ཐབས་ཀྱི་བདག་ཉིད་ཅན།། ཐོག་མར་འཇམ ་རྡོར་ལ་བཏུད་ནས།། དེ་ཡི་སློབ་ཡེ་ཤེས་ཞབས།། དེས་བརྒྱུད་པ་ལའང་གུས་བཅས་ནས།། སྨན་ཞབས་ཞལ་ནས་གསུངས་པ་ཡཱི།། ཡན་ལག་དྲུག་པ་རབ་བསྒོམས་ན།། འཇམ་པའི་རྡོ་རྗེ་ལ་སྩོགས་པའི།། རྫོགས་པའི་རིམ་པ་འགྲུབ ་པར་འགྱུར།། བསྐྱེད་པའི་རིམ་པ་རྙེད་འདོད་པས།། ཡན་ལག་བཞི་པའི་རིམ་པ་ཡིས།། མཐུན་པའི་སྦྱོར་བ་ལ་གནས་པས།། ཅིས་ཀྱང་རྣལ་འབྱོར་པ་ཡིས་འཐོབ།། རྫོགས་པའི་རིམ་པ་སྤྱོད་འདོད་པ།། ཡན་ལག་དྲུག་ལ་གོམས ་སྦྱོར་ན།། བྱ་བ་སྤྲོས་བྲལ་རང་བཞིན་གྱིས།། དངོས་གྲུབ་ཀྱི་ནི་མཆོག་བསྒྲུབ་པོ།། སོ་སོར་སྡུད་དང་བསམ་གཏན་དང་།། སྲོག་རྩོལ་དེ་བཞིན་བཟུང་བ་དང་།། རྗེ་སུ་དྲན་དང་ཏིང་འཛིན།། སྦྱོར་བའི་ཡོན་ལག་དྲུག་ཅེས་གྲགས།། དྲུག་པོ་དེའི ་ནང་ནས་སོ་སོར་སྡུད་པ་བཤད་པ་ནི་བདེ་བ་རྒྱ་མཚོ་ཆེན་པོའི་གཉིད་ལས་ལྷ་མོ་བཞིས་ཡང་དག་པར་བསྐུལ་ནས་སད་པའི་ཚེ་རང་གི་སྙིང་གར་པདྨ་དུང་ཟླ་བ་ལ་སོགས་པའི་ས་བོ་ནི་རྣམས་པར་བསམས་ཏེ། དང་པོར་གདོང་ལ་སོགས ་པ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་རྣམ་པར་དག་པར་བྱས་ནས། ཡིད་དང་མཐུན་པའི་གནས་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བཅད་ནས། མཾ་ལ་སོགས་པའི་ས་བོན་ལས་འོད་ཟེར་གྱི་དྲ་བས ་བརྟན་གཡོའི་འགྲོ་བ་ཐམས་ཅད་དངུལ་ཆུས་ལྕགས་ལ་སོགས་པའི་གོང་བུ་བསྒྱུར་བ་བཞིན་དུ་དྲི་མ་མེད་པའི་ཟླ་བའི་འོད་ཟེར་ལྟ་བུ་དང་། སྒྱུ་མ་ལྟ་བུའི་གཟུགསུ་རྣམ་པར་རྟོགས་ནས། རང་གི་སྙིང་གའི་ས་བོན ་གྱི་ཐིག་ལེ་ལཱ་བསྡུས་ནས། རང་གི་ལུས་དང་པདྨ་ལ་སོགས་པ་དེ་ཡང་ག་པུར་དེངས་པ་ལྟར་རིམ་གྱིས་ཐིག་ལེ་ཉིད་དུ་བསྒོམ། ཐིག་ལེ་ཡང་མི་ཤིགས་པ་བྱང་ཆུབ་སེམས་ཀྱི་གཟུགས་སྟེང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་སྨོན་ལམ་གྱི ་སྟོབས་ཀྱིས་བྱིན་གྱིས་བརླབས་པས་རི་མོ་དྲང་པོ་ཙམ་དུ་བལྟས་པ་ཡང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་པ་བྲག་ཅ་ལྟ་བུའི་སྔགས་འདིས་བྱིན་གྱིས་བརླབ་པོ།། དེ་མ་ཐག་ཏུ་སྟོང་པ་ཉིད་ལ་སྙོམས་པར་ཞུགས་པའི་རྣལ ་འབྱོར་པ་སྨོན་ལམ་གྱི་སྟོབས་ཀྱི་རྨི་ལམ་ཟད་པ་ལྟ་བུར་མྱུར་དུ་འགྲོ་བའི་དོན་ལ་བསམས་ཏེ། ནཱ་ད་ལ་རིམ་གྱིས་བྱུང་བས་ས་བིན་གྱི་འོད་ཟེར་གྱི་དྲ་བའི་རྣམ་འཕྲུལ་གྱིས་ཀུན་ཏུ་ཁྱབ་པའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་དབུསུ་སྣ་ཚོགས ་རྡོ་རྗེའི་ལྟེ་བར་གནས་པ་སྣ་ཚོགས་པདྨའི་ལྟེ་བ་ལ་གཞལ་ཡས་ཁང་གནས་པའི་དབུས་སུ་པདྨ་དང་ཟླ་བ་ལ་ས་བོན་གྱིས་མཚན་པའི་ཕྱག་མ་ཚན་ཡོངསུ་གྱུར་པ་ལས་ཐེག་མར་དེ་བཞིན་གཤེགས་པ་མ་ལུས་པ་བསྡུས་ལི་རང་འདོད ་པའི་ལྷས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པར་བལྟའོ།། དེ་ནས་དབང་པོ་བཅུ་པོ་རྣམས་ཀྱི་བར། རང་གི་འཇུག་གནས་ཐཾད་དུ། འདོད་པ་སོར་སྡུད་བླ་ན། སོ་སོར་སྡུད་པ་ཞེས་བཤད་དོ་ཞེས་པྲ་ནི། སོ་སོར་སྡུད་པའི་དོན་ཏེ། ཚིག་སུ་བཅད་པ ་ཕྱི་མ་དེའི་དོན་བཤད་པ་ནི། དབང་པོ་བཅུ་ཞེས་པ་དབང་པོ་ལྔ་ནི་མིག་གི་དབང་པོ་ལ་སོགས་པ་རྣམས་དང་། ཡུལ་གཟུགས་ལ་སོགས་པ་རྣམ་སོ།། རང་གི་འཇུག་གནས་ཞེས་བྱ་བ་གཟུང་བ་དང་འཛིན་པ་གཟུགས་ལ་བརྟེན་པའི་ཡིད ་དོ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་དེ་སོ་སོར་སྡུད་པ་སྟེ་ཞེན་པ་མེད་པར་བྱེད་པའོ།། འདོད་པ་སོ་སོར་སྡུད་པ་ནི་ཡུལ་རྣམས་ལ་ཆགས་པའི་སེམས་བཟློག་པའོ།། དོ་འདི་ལྟར་བཤད་པར་བྱ་སྟེ། མིག་གི་དབང་པོ་ལ་སོགས། ་པ་རྣམས་སའི་སྙིང་པོ་ལ་སོགས་པའི་ས་བོན་ལས་བསྐྱེད་ནས་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་དྲ་བ་བོར་བའི་དུསུ་གཟུགས་རྡོ་རྗེ་ལ་སོགས་པ་ལ་ཛཿཧཱུཾ་བཾ་ཧོཿཁིའི་ལ་སོགས་པའི་ས་བོན་མཚན་དང་བཅས་པ་བསམས་པ་ལས། ་གཟུགས་རྡོ་རྗེ་མ་ལ་སོགས་པ་དམིགས་ནས་འོད་ཟེར་ཆུར་འདུས་པ་ལས་སའི་སྙིང་པོ་ལ་སོགས་པ་དང་སྙོམས་པར་ཞུགས་པ་ནི་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་བདེ་བ་བསྐྱེད་པར་རིག་པ་ནི་དེ་ཉིད་ལས། རྣལ་འབྱོར་སོ་སོར ་སྡུད་ཞུགས་པ།། སྟོང་ཉིད་བསམ་གཏན་དེ་ལ་འཇུག། དམིགས་པ་མེད་པར་འཇུག་པའི་སེམས། གཟུང་དང་འཛིན་ལས་རྣམ་པར་ལྡོག། འདི་ཡང་དགའི་བའི་གནས་སྐབསུ་ཞེས་གསུངས་པས་སོ་སོར་སྡུད་པ་སྟེ་དང་པོའོ།། ། ་ད་ནི་བསམ་གཏན་བཤད་པར་བྱ་སྟེ། ཡན་ལག་དང་པོས་ནི་འཇུག་པའི་རྣམ་པར་ཤེས་པ་དང་། ལྡོག་པའི་ཤེས་པའི་མཚན་ཉིད་ཀྱིས་སོ་སོར་སྡུད་པ་གོམས་པར་བྱས་ནས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉན་ཅན་གྱི ་བསམ་གཏན་ལ་སྤྱོད་པར་བྱའོ།། འདོད་པ་ལྔ་ནི་མདོར་བསྡུས་ན།། སངས་རྒྱས་ལྟ་རུ་སྦྱོར་བ་ཡིས།། བརྟག་པ་བསམ་གཏན་ཞེས་བཤད་དེ།། བསམ་གཏན་དེ་ནི་རྣམ་ལྔར་གྱུར། ཅེས་པ་དེའི་དོན་བཤད་པ ་ནི་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་མཛེས་པ་དང་མི་མཛེས་པ་དང་། བཏང་སྙོམས་དང་རང་མཆོག་ཏུ་མཛེས་པ་དང་གཞན་མཆོག་ཏུ་མཛེས་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་། ་ཕྱག་དོག་གི་བདག་ཉིད་ཀྱི་ཉོན་མོངས་པའི་སེམས་སྐྱེས་པས་ན་ཡུལ་དང་སེམས་གཅིག་ཏུ་བྱེད་པ་ནི་འདོད་ཡོན་ལྔ་སྟེ། སེམས་ཉིད་ཡིན་ནོ་ཞེས་བཤད་དོ།། དེ་ཡང་འདོད་པ་སེམས་ཞེས་བཤད་པ་སྟེ། འདོད་ཆགས་ཞེ་སྡང་རྨོངས ་པའི་དབང་།། ང་རྒྱལ་ཕྲག་དོག་ཅན་བདག་ཉིད།། ཡང་དག་རྫོགས་པའི་སངས་རྒྱས་ལྔ་ཞེས་གསུངསོ།། སངས་རྒྱས་ལྡེ་རུ་སྦྱོར་བ་ཡིས།། བརྟག་པ་བསམ་གཏན་ཞེས་བཤད་དེ།། ཞེས་པ་ནི་མཛེས་པའི་གཟུགས་ལ་སོགས་པ་ལ ་འདོད་ཆགས་པའི་སེམས་དེ་ནི་སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ།། མི་མཛེས་པ་ལ་ཞེ་སྡང་བའི་སེམས་དེ་ནི་མི་བསྐྱོད་པའི་རང་བཞིན་ནོ།། བཏང་སྙོམས་ལ་གཏི་མུག་པའི་སེམས་དེ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ།། ། ་རང་མཆོག་ཏུ་མཛེས་པ་ལ་ང་རྒྱལ་བའི་སེམས་དེ་ནི་རིན་ཆེན་འབྱུང་ལྡན་གྱི་རང་བཞི་ནོ།། གཞན་མཆོག་ཏུ་མཛེས་པོ་ལ་ཕྲག་དོག་པའི་སེམས་དེ་ནི་དོན་ཡོད་གྲུབ་པའི་རང་བཞི་ནོ།། དེ་ལྟ་བུའི་རང་བཞིན་ལ་བརྟག་པ་ནི་བསམ ་གཏན་ནོ།། བསམ་གཏན་དེ་ཡང་དབྱེ་བས་རྣམ་པ་ལྔར་འགྱུར་ཏེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་དེ་བཞིན་བདེ་བ་རྙེང་ཡང་དག་སྟེ། ལྔ་པོ་དེ་ནི་བསམ་གཏན་བསྟ།། བརྟག་དང་བསམྱ་གཏན་དང་བསྒོམ་པ་ལ།། བསམ་གཏན ་ཞེས་ནི་རབ་ཏུ་བཤད།། བསམ་གཏན་རྣམ་པར་མི་རྟོག་པ།། བསམ་གཏན་དེ་ནི་སངས་རྒྱས་ཡུལ།། དང་པོའི་རྣལ་འབྱོར་པ་རྨོངས་ནས།། གཞན་དུ་སྟོང་ཉིད་ལ་སེམས་ན།། བློ་གྲོས་ཤིན་ཏུ་རྨོངས་གྱུར་པས།། མུ་སྟེགས་ལམ་ལ་འཇུག ་པར་འགྱུར་ཞེས་བྱ་བས་ཡུལ་དང་ཡུལ་ཅན་གྱི་ཤེས་པར་སྙོམས་པར་འཇུག་པ་ནི་གསོང་བ་གསུམ་ལས་ཏེ། ཇི་ལྟར་གོང་དུ་བཤད་པའི་འདོད་ཆགས་ལ་སོགས་པའི་སེམས་རྣམས་ནི་སྣང་བ་མཐའ་ཡས་ལ་སོགས་པའི་རང ་བཞིན་དུ་བསྒྲུབས་ནས་འདོད་ཆགས་ཀྱི་སེམས་ལ་སོགས་པ་ཕྱིར་ལྡོག་པར་བྱེད་པ་འདི་ནི་རྟག་པའོ།། དེ་ལ་སེམས་ཉིད་ཙམ་དུ་ཅི་རིགས་པར་འཇུག་པ་ནི་དཔྱོད་པའོ།། སེམས་ཀྱི་རང་བཞིན་རབ་ཏུ་ཤེས་པ་གང་ཡིན་པ་ནི་དགའ་བའོ།། ་དེ་ལ་དགའ་བས་ལས་ཀྱིས་ནུས་པས་ཐོད་པའི་ལུས་ཇི་ལྟ་བ་བཞིན་དུ་བདེ་བའོ།། དེ་ལྟར་རྟོགས་པ་དང་རྟོགས་པར་བྱེད་པ་མེད་པ་དེ་ཙམ་ཉིད་དུ་སེམས་རྩེ་གཅིག་ཏུ་གནས་པའི་རང་བཞིན་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ངོ་བོ ་ཉིད་དུ་ཟུང་དུ་འཇུག་པའི་ཤེས་པ་ནི་བསམ་གཏན་ནོ།། དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། གལ་ཏེ་གཟུགས་ལོ་སོགས་པ་ལ་ཉེ་བར་འཇུག་པ་ན། དེ་ལ་འདོད་ཆགས་ལ་སོགས་སྐྱེས་ན་སྣང་བ་མཐའ་ཡས་ལ་སོགས་པའི ་རང་བཞིན་དུ་ངེས་པར་བྱས་ནས་མཛེས་པ་ལ་སོགས་པའི་གགྲུ་ལ་སོཊ་བ་དང་འདྲ་བའི་ཤེས་རབ་མའང་བ་ཉིད་དུ་དམིགས་ནས་སྙོམས་པར་ཞུགས་པས། ང་རྒྱལ་རྡོ་རྗེ་དང་སྣང་བ་མཐའ་ཡ་སུ་འདུས་པར་བསམ། ་ཕྲག་དོག་རྡོ་རྗེ་དང་མི་བསྐྱོད་པར་འདུས་པར་བསམས་ནས་རྡོ་རྗེ་གསུམ་གྱི་བདག་ཉིད་ན་མཁའ་ལྟ་བུར་རྟོགས་ནས་རང་གི་ལུས་དང་ངག་དང་ཡིད་ཀྱང་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་དུ་རྣམ་པར་བསིམ་ཞིང་ཅི་རིགས་པ་ཉིད་དུ་འགྲུབ ་པས་ན་ཡིད་དགའ་བ་ཐོབ་པ་ལས་ཀྱི་ནུས་པ་ཐོབ་པའི་ལུས་ཀྱི་བདེ་བ་ཅན་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ་ལ་སོགས་པའི་ཚིགསུ་བཅད་པས་རང་གི་སེམས་དང་། ན་མཁར་གནས་པའི་རྡོ་རྗེ་གསུམ་ཁྱད་པར་མེད་པར་རྩེ་གཅིག་པའི ་མཚན་ཉིད་ཅན་གྱི་ཏིང་འཛིན་བསྒོམ་པར་བྱ་བ་འདིས་ནི་བསམ་གཏན་གྱི་ཡན་ལག་ལྔ་པ་སྟེ་གཉིས་པའོ།། ། ད་ནི་གསུམ་པ་སྲོག་རྩོལ་གྱི་ཡན་ལག་ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ ་ཡི་ངོ་བོ་ཉིད།། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི།། སྣ་ཡི་རྩེ་མོར་རབ་ཏུ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་པ།། སྲོག་དང་རྩོལ་བ་དྲན་ཞེས་བཤད་ཅེས་བཤད་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོའི་ཉིད་ཀྱི་ཕྱིར་ཡེ ་ཤེས་ལྔ་ཡི་རང་བཞིན་ནོ།། འབྱུང་བ་ལྡིའི་ངོ་བོ་ཉིད་ནི་སི་ལ་སོགས་པ་ལྔའི་དཀྱིལ་འཁོར་ནས་བྱུང་བའི་དབུགས་ངེས་པར་འབྱིན་པ་ནི་སྣ་རྩེ་སྟེ་ལྷ་མོའི་པདྨའི་རྩེ་ན་གོང་བུའི་གཟུགས་ཀྱིས་ཏེ། ཐིག་ལེའི་གཟུགསུ་བརྟག་པ་ནི་རྣམ་པར ་བསམ་པའོ།། ཁ་དོག་ལྔ་ནི་གར་པོ་དང་།། དམར་བ་དང་། ལྟུང་བ་དང་སྔོ་བའི་རང་བཞིན་ནོ།། རིན་ཆེན་ཏེ་རིན་པོ་ཆེ་ནི་མཆོག་གོ།། དྲན་ནི་དགའ་བ་བསྐྱེད་པས་ནཱ་རིན་པོ་ཆེ་དང་། རྙེད་དཀའ་བ་དང་། འོད་རབ་ཏུ་འབར་བའི་ཕྱིར་རོ།། དེ་ཡང ་གྱུར་པས་ན་སྲོག་རྩོལ་དྲན་ཞེས་བྱའོ།། དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། སྣ་བུག་ནང་ནས་ཕྱིར་འབྱུང་བའི་དབུགས་འབྱུང་བ་ཆེན་པོ་ལྔའི་རང་བཞིན་འོད་ཟེར་གྱི་དྲ་བ་ཅན་ཁ་དོག་ལྔ་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ན་མཁའ་ཀུན་ཏུ་ཁྱབ ་པར་སྤྲོས་ནས་འོད་ཟེར་གྱི་དྲ་བ་དེ་དག་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་བདེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་བདུད་རྩིའི་རོ་རབ་ཏུ་སྣང་བས་ཅི་རིགས ་པུར་བཀུག་ནས་རང་གི་སྣ་བུག་ཉིད་ནས་གཞུག། དེས་རང་གི་ལུས་ཀྱི་ཡན་ལག་ཀུན་ལ་ཁྱབ་པས་བདེ་བའི་རང་བཞིན་དུ་བསྒོམས་ནས་དེའི་འོད་ཀྱི་དྲ་བ་དང་བདེ་བ་དང་གཉིས་སུ་མེད་པར་གྱུར་ནས་རྡོ་རྗེ་ལམ་ནས་བྱུང་ནས་ལྷ་མོའི་པདྨའི་སྣ ་རྩེ་ལ་ཐིག་ལེ་མུ་ཏིག་རིན་པོ་ཆེ་ལ་སིནྡྷུ་རས་བསྒོས་པས་དཀར་དམར་ལྟ་བུར་ཤིན་ཏུ་མཛེས་པའོ།། རང་དང་འདྲ་བའི་རིག་མ་ལ་ཡན་ལག་གིས་འཁྱུད་པའི་འཇམ་པའི་རྡོ་རྗེ་ལ་སོགས་པ་སྙིང་པོར་གྱུར་པ་རྟག་ཏུ་བསྒོམ་པར་བྱ་བ་ནི་ཕྲི ་བའི་རྣལ་འབྱོར་དང་མཚུངས་པ་སྟེ་ཡན་ལག་གསུམ་པའོ།། ། ད་ནི་ཡན་ལག་བཞི་པ་རང་སྔགས་སྙིང་གར་བསམས་ནས་ནི། སྲོག་ནི་ཐིག་ལེར་གྱུར་པར་བཞག། རང་དབང་རིན་ཆེ་ནི་དགག་པ ་མེད་གཟུང་བ་འཛིན་པ་ཡིན་པར་བཤད།། སེམས་ནི་འགོག་པའི་རྡོ་རྗེར་གྱུར།། མཎྜན་མ་ཉ་འཛིན་འབྱུང་བར་འགྱུར།། མཚན་མའི་ཁམས་ནི་རྣམ་པ་ལྔ།། བྱང་ཆུབ་རྡོ་རྗེས་གསུངས་པ་ཡ། ་སྨིག་རྒྱུ་འདྲ་བ་དྲང་པོ་སྟེ།། དུ་བ་ལྟ་བུ་གཉིས་པ་ཡིན།། མཁའ་སྣང་འདྲ་བ་གསུམ་པ་སྟེ།། མར་མེ་འབར་བ་བཞི་པ་ཡིན།། སྤྲིན་མེད་ན་མཁའ་ལྟ་བུ་ནི།། རྟག་ཏུ་སྣང་བ་ལྔ་པའོ།། ཞེས་བྱ་བ་བཤད་པ་ནི་རང་སྔགས་སྙིང་གར་བསམས ་ནུས་ཡེ་ཤེས་སེམས་པའི་ཐུགས་ཀར་གནས་པའི་མཚན་མིའི་དབུས་ན་གནས་པའི་མཾ་ལ་སོགས་པའི་ས་བོན་བརྟན་པར་བྱས་ནས་སོག་དེ་ཐིག་ལེ་ལ་བཅུག་ནས་འོད་ཟེར་ལྔ་དང་ལྡན་པར་བསྒོམོ།། རང་དབང་རིན་ཆེན་དགག་པ ་ཞེས་པ་བརྟན་པར་གྱུར་པས་ན་དགག་པ་སྟེ། དབང་པོ་དང་ལྷན་ཅིག་པ་འམ། ཡང་ན་རང་གི་དབང་པོ་དང་ལྷན་ཅིག་པསོ།། བཟུང་བ་ནི་ཕྱིར་འགྲོ་བཟློག་པར་བྱེད་པའི་དོན་ཏོ།། དེ་ལྟར་སེམས་བརྟན་པར་གྱུར་པའི་རིམ་པས་ས་ལ་སོགས ་པ་འབྱུང་བ་ཆེན་པོ་ལྔའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པ་ལ་མཚན་མའི་ཤེས་པ་འབྱུང་བ་སྟེ། དེ་ཡང་རྣམ་པ་ལྔ་ལས། དང་པོར་སྨིག་རྒྱུ་ལྟ་བུས་ནི་སའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པས་ན་དྲོད་ཀྱི་གནས ་སྐབས་སོ།། དུ་བ་ལྟ་བུས་ནི་ཆུའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པས་ན་རྩེ་མོའི་མཚན་ཉིད་སྣང་བའི་གནས་སྐབས་སོ།། ན་མཁའ་ལྟ་བུས་ནི་ན་མཁའ་ཀུན་ཏུ་ཁྱབ་པ་འམ། མི་རྟག་འཕྲོ་བ་ལྟ་བུ་མེའི་དཀྱིལ་འཁོར་ནས ་འབྱུང་བའི་དབུགས་ཟད་པས་ན། བཟོད་པའི་མཚན་ཉིད་སྣང་བ་མཆེད་པའི་གནས་སྐབ་སོ།། མར་མེ་ལྟ་བུས་ནི་རླུང་གི་དཀྱིལ་འཁོར་ལས་བྱུང་བའི་དབུགས་ཟད་པས་ན་ཆོས་ཆེན་པོའི་མཚན་ཉིད་སྣང་བ་ཐོབ་པའི་གནས་སྒྲུབ་སོ།། ། ་སྣང་བའི་རྣམ་པ་ཡང་ཕྱོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ཐམས་ཅད་དུ་ཁྱབ་པ་སྟོན་ཀའི་བདུད་རྩིའི་འོད་ཀྱིས་སྙོམས་པའི་རྣམ་པ་ནི་ན་མཁའི་དཀྱིལ་འཁོར་ནས་འབྱུང་བའི་དབུགས་ཟད་པས་ན་ཐམས་ཅད་དུ་ཆོས་ཀྱི་དབྱིངས ་ཀྱི་མཚན་ཉིད་ཉེ་བར་སྣང་བ་ཐོབ་སྟེ། ས་རབ་ཏུ་དགའ་བའི་བདེ་བ་ཆེན་པོར་རབ་ཏུ་འཇུག་པའི་གནས་སྐབས་སོ།། དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའ་སྙིང་གར་བཅུག་ནས་མཚན་མའི་སོ་བོན ་ལས་འོད་ཟེར་གྱི་དྲ་བ་སྲོག་དང་འདྲེས་པར་གྱུར་ནས་རྣམ་པར་སྤྲོས་པས་གོང་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེསུ་སྤྱད་ནས་ཡང་རང་གི་སྙིང་གའི་མཚན་མའི་ས་བོན་གྱི་ཐིག་ལེ་ལ་བསྡུ། སྔགས་ཀྱི་ཡི་གེ་རྣམས་ཀྱང་ཐིག་ལེར་བསམས ་ནས། དེའི་དབུས་སུ་རང་ཉིད་དང་རིག་མ་ལ་ཡན་ལག་གིས་འཁྱུད་པས་བདེ་བ་རྒྱ་མཚོ་མྱོ་བའི་རང་བཞིན་དུ་བདག་བསམས་པ་ནི། མཆན་ཁུང་གཉིས་ལྷག་པ་གཉིས་རབ་ཏུ་བསྡམས་ནས། འོག་སྒོ་གཉིས་ཀྱང་བསྡམས་ལ་ལྕེ་རྩེ ་བཟློག་ནས་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ཏེ། རིམ་ནས་རིམ་གྱིས་སྲོག་བཟུང་བར་བྱ་བ་ནི་ཐིག་ལོའི་སྦྱོར་བས་མཆོག་ཏུ་གྱུར་པའི་གདམས་ངག་སྟེ་ཡན་ལག་བཞི་པའོ།། ་དེ་ལྟར་མཆོག་དགའི་གནས་སྐབས་སུ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་མཐོང་བའི་ལམ་གྱི་བར་དུ་བསྟན་ནས། ད་ནི་དགའ་བྲལ་གྱི་གནས་སྐབས་སུ་ཡང་སྔོན་དུ་གྱུར་པ ་ལ་དྲན་པ་ཡང་དང་ཡང་དུ་མངོན་དུ་བྱ་བའི་མཚན་ཉིད་ཅན་གྱི་བསྒོམ་པའི་ལམ་གྱིས་རྗེསུ་དྲན་པ་ཡན་ལག་ལྔ་པ། བརྟན་གྱུར་རྡོ་རྗེ་ལམ་ནས་ནཱི།། ན་མཁའ་ཁམསུ་སྤྲོ་བར་བྱ།། རྗེས་དྲིན་གང་ཞིག་རྣམ་བསྒོམ་པ།། དེ་དང་འདྲ་བར ་སྤྲོ་བར་བྱ།། རྗེ་སུ་དྲན་པ་ཞེས་བཤད་དོ།། སོ་སོར་སྣང་བ་དེ་ལས་སྐྱེ་ཞེས་བྱ་བར་བཤད་པ་ནི་བརྟན་པའི་མཚན་མའི་ཤེས་པ་བྱུང་བར་ཤེས་པའི་སྒོ་ནས་བརྟན་པའི་ཤེས་པ་སྤྲོ་བར་བྱ།། གྱུར་གྱི་སྒྲས་མི་བརྟན་ན་མི་སྤྲོ་བ་ནི་རྡོ་རྗེ་ལམ ་ནས་སོ།། གང་ནས་ཤེས་ན་མཁའ་ནས་ཤེས་པས་ཆོས་འབྱུང་ནས་དང་། ནོ་མཁའ་དཀྱིལ་འཁོར་ན་སོ།། རྗེས་སུ་དྲན་པ་སྟེ་གོང་དུ་སངས་རྒྱས་ལ་སོགས་པ་རྗེ་སུ་དྲན་པ་དེ་ལྟ་བུའི་ཤེས་པ་དྲན་པའོ།། རང་དད་གཞན་ལ་སོ་སོར་སྣང་བ ་དང་མཉམ་པས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང་འདྲ་བར་ཤེས་པ་སྐྱེས་པའོ།། དེ་ཉིད་འདི་ལྟར་བཤད་པར་བྱ་སྟེ། གོང་དུ་མཚན་མ་བྱུང་བའི་སྒོ་ནས་སེམས་ངེས་པར་བརྟན་པར་གྱུར་པར་ཤེས་རང་གི་སྙིང་གིའི་ཡེ ་ཤེས་སེམས་དཔའི་ཐུགས་ཀའི་ཐིག་ལེ་དེ་ལས་འོད་ཟེར་གྱི་དྲ་བ་ཐབས་ཤེས་རབ་སྙོམས་པར་ཞུགས་པས་སངས་རྒྱས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་དམ་ཡང་ན་མཚན་མའི་རང་བཞིན་དུ་སྤྲོ་བ་ནི། རྡོ་རྗེའི་ལམ་ནས་ལྷ ་མོའི་པདྨའི་ནང་གི་གནས་སུ་ཡུད་ཙཱམ་བསྒོམས་ལྔ། དེ་ནས་ཕྱི་རོལ་དུ་ན་མཁྭ་ཁམས་ཀྱི་འགྲོ་བ་མ་ལུས་པ་དང་སྙོམས་པར་འཇུག་པའི་རླུང་བཞིན་ཉིད་དུ་བྱས་ཏ་རྡོ་དྷཱ་ལམ་ནས་བསྡུས་པས་བདེ་བའི་བདག་ཉིད་དུ་ཡན ་ལག་ཐམས་ཅད་བདེ་བར་བསྒྲུབས་ཏེ། ཐོག་མའི་ཐིག་ལེ་ཡང་འདུས་ནས་བསྒོམ་པར་བྱ་བ་ནི་གདམས་ངག་སྟེ་ཡན་ལག་ལྟ་བའོ།། ད་ནི་མི་སློབ་པའི་ལམ་སངས་རྒྱས་ཐོབ་པར་བྱེད་པའི་མཚན་ཉིད་ལྷན་ཅིག་སྐྱེས་དགའི་རང ་བཞིན་ཅན་ཡན་ལག་དྲུག་པ། ཐབས་དང་ཤེས་རབ་སྙོམས་འཇུག་པས།། དངོས་པོ་ཐམས་ཅད་མདོར་བསྡུས་པ།། གོང་བུའི་ཚུལ་གྱིས་བསྡུས་ནས་ནི།། དབུས་སུ་གཟུགས་ནི་རྣམ་པར་བསྒོམ།། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ།། ། ་ཏིངེ་འཛིན་ཅེས་བཏགས་པ་ཡིན།། ཞེས་བཤད་པར་བྱ་སྟེ། ཐབས་དང་ཤེས་རབ་སྙོམས་འཇུག་ནི་བདག་ཉིད་གཉིསུ་མེད་པའི་བདེ་བའི་རང་བཞིན་བསྒོམ། བརྟན་གཡོ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་རང་གི་སེམས་ཙམ ་པ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་ལ། སྙོམས་འཇུག་ནི་གཉིས་སུ་མེད་པ་ཐོབ་པས་ན་མདོར་བསྡུས་པ་སྟེ་གོང་བུའི་རང་བཞིན་སངས་རྒྱས་ཀྱི་གཟུགས་ཅན་ནོ།། དབུས་སུ་གཟུགས་ནི་ཞེས་པ་ལུས་ཀྱི་དབུས་སུ་རྣམ་པར ་བསྒོམས་པས་འདྲེས་པར་འགྱུར་བའོ།། ཡུད་ཀྱིས་ནི་ཡང་དག་པར་ཞུ་བར་གྱུར་པ་ལ་ལྷ་མོ་བཞིའི་གླུས་བསྐུལ་བའི་སྒོ་ནས་གཉིསུ་མེད་པའི་བདེ་བ་ཡེ་ཤིས་ཀྱི་ལྷའི་སྐུའི་རང་བཞིན་ཅན་དུ་འགྲུབ་པར་འགྱུར་བའི་ཤེས་པ ་རྫོགས་པར་བྱེད་པའི་ཏིང་འཛིན་ཏོ།། དེ་འདི་ལྟར་བཤད་པར་བྱ་སྟེ། གོང་གི་ཡན་ལག་ལྔ་པ་ནས་སེམས་བརྟན་པར་གྱུར་པའི་རྣལ་འབྱོར་པས་རང་བཞིན་སོ་སོར་སྣང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ ་སོགས་པ་དང་འདྲ་བ་ཡང་དང་ཡང་དུ་བསྐྱེད་པར་བྱེད་ནུས་པས་སྤྲོ་བ་དང་བསྡུ་བ་དང་དབང་དུ་བྱ་བའི་དོན་དུ་རང་གི་སེམས་བདེ་བ་ཉམས་སུ་མྱོང་བ་ནི་སྒྱུ་མ་ལྟ་བུའི་རང་བཞིན་གྱི་འོད་ཟེར་དུ་མ་འཕྲོ་བའི་དྲ་བས་ཀུན་དང་སྙོམས་པར ་འཇུག་པའི་རང་བཞིན་གྱིས་ཤིན་ཏུ་ཕྲ་བ་དུ་མིའི་ངོ་བོ་ཉིད་ཆགས་ཐོགས་མེད་པར་བསྡུས་ནས། རང་ཉིད་ཞུ་བར་གྱུར་པ་དང་འདྲེས་པའི་བདེ་པ་སྒྱུ་མ་ལྟ་བུ་རྣམ་པར་བསམས་པ་ལས། སྔོན་གྱི་སྨོན་ལམ་གྱི་དབང་གིས་སྙིང་རྗེ་ལ ་སོགས་པའི་རང་བཞིན་ཅན་སྤྱན་མཱ་ལ་སོགས་པའི་ལྷ་མོ་བཞིས་བསྐུལ་བྱས་མྱུར་དུ་ལངས་ཏེ་ཡེ་ཤེས་ཀྱི་རང་བཞིན་གྱི་འཇམ་དཔའི་རྡོ་རྗེ་ལ་སོགས་པ་རང་དང་འདྲ་བའི་ལུས་ལ་འཁྱུད་པར་བསྐྱོད་པའི་བདུད་རྩིའི་བཅུད་ཟག་པའི ་རོ་མྱོང་བར་བསྒོམ་པ་ནི་ཏིང་འཛིན་གྱི་གདམས་ངག་སྟེ་ཡན་ལག་དྲུག་པའོ།། །། དེ་ལ་སོ་སོར་སྡུད་པ་གྲུབ་པས་ནི་སྔགས་རྣམས་ཐམས་ཅད་འགྲུབ་བོ།། བསམ་གཏན་གྱིས་ནི ་མངོན་པར་ཤེས་པ་ཡང་འགྲུབ་བོ།། སྲོག་རྩོལ་གྱིས་ནི་བྱང་ཆུབ་སེམས་དཔའི་བྱིན་གྱིས་རློབ་བོ།། བཟུང་བས་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་རློབ་བོ།། རྗེསུ་དྲན་པས་ནི་འོད་ཟེར་གྱི་དཀྱིལ་འཁོར་སྤྲོ་བའོ།། བསམ་གཏན་གྱི་དབང་གིས ་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ།། དེ་ཡང་སོ་སོར་སྡུད་ལས་ངེས་སྙེད་ན།། སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབ།། བསམ་གཏན་ཡེ་ཤེས་ངེས་ཐོབ་ན།། མངོན་ཤེས་ལྔ་པོ་སྙེད་པར་འགྱུར།། སྲོག་དང་རྩོལ་བ་ལ ་དབང་ན།། རྡོ་རྗེ་སེམས་དཔའི་གཟིགས་པར་མཛད།། བཟུང་བའི་སྟོབས་ནི་རྟག་པ་ལ།། རྡོ་རྗེ་སེམས་དཔའ་ངེས་པར་འཇུག། རྗེ་སུ་དྲན་པས་ཡང་དག་པར།། འོད་ཟེར་གྱི་ནི་དཀྱིལ་འཁོར་བསྐྱེད།། ཏིང་འཛིན་གྱི་དབང་གིས་ནི།། སྒྲིབ ་པ་རྣམས་ལས་ངེས་པར་གྲོལ་ཞེས་གསུང་སོ།། དཔལ་ལྡན་ཡེ་ཤེས་ཞབས་ཀྱི་སྦྱོར་བའི་ཡན་ལག་དྲུག་མཛེས་པ་ར།། གང་གིས་ཤིན་ཏུ་དེ་མེད་བཤད་པས་དག་པ་དེ་བསྐྲུན་པ།། ཤིན་ཏུ་དག་པ་དེ་ནི་རྒྱལ་བའི་བློ་ལྡནི་མི ་གཅིན་ལ།། དཔལ་ལྡན་ཡན་ལག་དྲུག་གི་ཆུས་བཀྲུས་ཡན་ལག་རྣམ་དག་ཤཱ་གཽ། བླ་མ་བརྒྱུད་པའི་རྗེས་འབྲངས་ཤིང་།། འཇམ་པའི་རྡོ་རྗེའི་བཀུར་དྲིན་ལས།། དཔལ་ལྡན་རྣམ་སྣང་རྡོ་རྗེ་ཡིས།། རིམ་པར་སྦྱར་བས་གསོལ་བ ་ཕྱེད་དཔལ་སྨན་བཱི་ཞབ་ཀྱི་ན་སྔ་ནས་བྱུང་བ།། སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་རྡོ་རྗེས་མཛད་པ་རྫོག་སོ།། ། བླ་མ་ཆེན་པོ་པཎྜི ་སུ་ནྱེ་ཤྲཱིའི་ཞིལ་སྔ་ནས་དང་། ལོ་ཙ་བ་དགེ་སློང་གཡུང་དྲུང་འོད་ཀྱིས་བསྒྱུར་བའོ།། ། ་