| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱཏྨ་ཨརྠ་སིདྡྷི་ཀ་ར་ནཱ་མ་ཡོ་ག་ཀྲི་ཡ་ཀྲ་མ། བོད་སྐད་དུ། བདག་གི་དོན་གྲུབ་པར་བྱེད་པ་ཞེས་བྱ་བ། རྣལ་འབྱོར་གྱི་བྱ་བའི་རིམ་པ། དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྒྱུ་ཅན་ལ་ཕྱག ་འཚལོ།། འཇིག་རྟེན་སྤྱོད་ལ་ངེས་གྲོལ་ནཱ་མཁའ་དང་མཉམ་ངོ་བོ་ཉིད།། སྤྲོས་ལས་རྣམ་དབེན་རྒྱ་ཆེན་རང་བཞིན་འདི་ཡིས་མཽ་ལུས་དོན་མཛད་པ།། སྲིད་དང་ཞི་ལ་མི་གནས་གནས་ཏེ་ཡོངས་རྫོགས་དཔེ་མེད་བདེ་བའི་སྐུ།། དཔོལ ་ལྡན་འཇམ་དཔལ་རྡོ་རྗེ་ལ་བཏུང་རྒྱུད་དོན་འཛིན་བདག་བླ་མ་ལའང་།། སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པའི་རིམ་པའི་མན་ངག་རང་ཉིད་ཀྱིས་དྲན་ཕྱིར།། དེ་ལ་བློ་བླུན་རྣམས་ཀྱི་ཉི་མ་ལྟ་བུར་འདི་ནི་བདག་གིས་བཤད།། ། ་འདི་ལ་ལོག་པར་རྟོགས་པ་དག་ནི་གཉིས་ཏེ། ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་དང་། ནང་གི་རྣམ་པར་ཤེས་པ་ལ་ལོག་པར་རྟོགས་པའོ།། དེ་ལ་ཕྱི་རོལ་གྱི་དོན་ལ་ལོག་པར་རྟོགས་པ་ནི་གཉིས་ཏེ། མུ་སྟེགས་པ་དང་། ཉན ་ཐོས་པ་དག་གོ། དེ་དག་ནི་ཕྱི་རོལ་གྱི་དོན་རྣམ་པར་ཤེས་པ་ལས་ལོགས་ཤིག་ན་ཡོད་པར་འདོད་ཅིང་། སྣ་ཚོགསུ་ཡོངསུ་རྟོག་གོ། དེ་ཡང་ཇི་ལྟར་ཡོང་སུ་རྟོག་ཅེ་ན། མུ་སྟེགས་པ་དག་ནི་ཕྱི་རོལ་གྱི་དོན་འདས་པའི་རྒྱུན་ངོ་བོ་དེ ་ལྟར་དང་མ་འོངས་པའི་དུས་སུ་ཡང་རྣམ་པར་གནས་ཤིང་། དེ་ཡང་ཆ་ཤས་ཅན་རགས་པ་གཅིག་པའི་ངོ་བོར་ཡོངསུ་རྟོག་གོ། དེ་ཉན་ཐོསྤ་དག་ལས་ཁ་ཅིག་ནི་དོན་རྣམས་རྡུལ་ཕྲ་རབ་ལས་གྲུབ་ཅིང་། དེ་དག་ཀྱང་ཆ་ཤས ་བྲལ་ཞིང་མུན་པ་དང་བྲལ་བའི་སྐབས་མི་འབྱེད་ཅིང་། རིགས་མཐུན་པའི་སྐབས་དང་བཅས་པར་ཡོངསུ་རྟོག་གོ།། ཁ་ཅིག་ནཱི་དེ་དག་ཡང་དག་པར་འདུས་ནས་རིགས་མཐུན་པའི་གློ་སྐབས་ཀྱང་མི་འབྱུད་ཅིང་། ་འབྱར་ནས་དམིགས་མེད་པར་ཡོངསུ་རྟོག་གོ། དེ་དག་ལས་ཕྱོགས་དང་པོ་མ་གྲུབ་ཅིང་རིགས་པ་མི་བཟོད་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། དཀར་པོ་ལ་སོགས་གང་ཞིག་དང་པོ་རུ།། མཐོང་བ་དེ་ཉིད་དུས ་གཞན་མཐོང་བ་མིན།། དེ་གཉིས་ཕན་ཚུན་མི་མཐུན་ཕྱིར་ན་ཡང་།། རྟག་ཏུ་བདེ་བ་ལ་སོགས་དག་དང་མཚུངས།། གཟུགས་ལ་སོགས་པ་གཅིག་པ་མ་ཡིན་ཏེ། ཐོག་མཐའ་ལ་སོགས་དབྱེ་བ་ཡིས་མཐོང་ངོ་ཞེས་གསུངས ་ཏེ། དེ་ཡང་ཡུལ་དཀར་པོ་ལ་སོགས་པ་རྣམ་པར་ཤེས་པས་སྐད་ཅིག་མ་དང་པོར་མཐོང་བ་དེ་ཉིད། སྐད་ཅིག་མ་གཉིས་པ་ལ་སོགས་པར་མཐོང་བ་མ་ཡིན་ནོ།། འབྲས་བུ་སྐད་ཅིག་མ་ཡིན་པའི་ཕྱིརརོ།། དེ་བས་ན་དང་པོ་ཉེ་བར ་རྙེད་པ་དང་། ཕྱི་ནས་ཉེ་བར་རྙེད་པ་ནི་འགྲགས་པ་དང་ཡོད་པ་ཉིད་ཡིན་པས། བདེ་བ་དང་སྡུག་བསྔལ་ལྟར་དུས་གཅིག་ཏུ་ཡོད་པ་མ་ཡིནོ།། དེ་ལྟར་མ་ཡིན་ན་ནི་འབྲས་བུ་རྟག་པར་ཐལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྟག་པ ་ཡིན་པའི་ཕྱིར་རོ།། དེ་བས་ན་འབྲས་བུ་རིམ་གྱིས་འབྱུང་བར་སྣང་བས། རྒྱུ་རྣམས་ཀྱང་རིམ་གྱིས་འབྱུང་བར་ཤེས་པར་བྱའོ།། དེ་བས་ན་རྒྱུ་རྣམས་རྟག་པར་ག་ལ་འགྱུར། དེ་སྐད་དུ་འཕགས་པ་བྱམས་པོས་ཀྱང་། འབྲས ་བུ་རིགས་ཅན་ཉེ་བོར་བས།། རྒྱུ་རྣམས་རྟག་པའི་བདག་ཉིད་མིན།། ཞེས་གསུངས་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། དེ་ཡང་གང་ག་ཚེ་དེ་ཡི་ཚེ།། ཁྱོད་ཀྱིས་དོན་དེ་མི་སྣང་ན།། དེ་ནི་མངོན་གསུམ་ཇི་ལྟར་འདོད།། ཅེས་པའི ་ཕྱིར་རོ།། དེ་བཞིན་དུ་དོན་ཐམས་ཅད་གཅིག་པ་མ་ཡིན་ཏེ།། སྟེང་དང་འོག་ལ་སོགས་པའི་ཆུ་སྣ་ཚོགསུཾ་སྣང་བས། ཟིན་པ་དང་མ་ཟིན་པ་འདྲ་བར་སྣང་བས། གཽ་མཱ~ཾ་པ་རིམ་གྱིས་ཀུན་ཏུ་ཕྱིན་པ་དང་། ཕྲ་བ་མི་མཐོང་ཞིང་རགས་པ་མཐོང ་བ་དང་། རྟ་དང་གླང་པོ་ཆེ་ལ་སོགས་པ་དུ་མར་སྣང་བའི་ཕྱིརརོ།། དེ་བཞིན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང་། གཅིག་ན་རིམ་གྱིས་འགྲོ་བ་མདོ།། ཟིན་པ་མ་ཡིན་ཅིག་ཅར་མེད།། རྀས་ཆད་དུ་མར་སྣང་བ་དང་།། མིག་གིས་མི་སྲོད ་ཕྲ་བའང་མེད།། ཅེས་གསུངས་པ་དང་། སློབ་དཔོན་པྲཛྙོ་སཾ་བྷཱ་བ་གུ་ཧྱས་ཀྱང་།། ཀ་བ་ལ་སོགོས་དངོས་པོ་ལ།། སྟེང་འོག་ལ་སོགས་དབྱེ་བ་ཡིས།། དེ་ལ་དུ་མར་ཕྱེ་གྱུར་ན།། གཅིག་ཏུ་དམིགས་པ་མི་འཁྲུལ་བའོ།། ཞེས་གསུང་སོ།། ཕྱོགས ་གཉིས་པ་ཡང་མ་གྲུབ་པར་བསྟན་པའི་ཕྱིར།། བླ་མ་ཆེན་པོའི་ཞལ་སྔ་ནས། རྡུལ་ཕྲན་རྣམས་ཀྱི་ཆ་ཡང་མ་མཐོང་སྟེ། དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པ་ཡང་དེ་བཞིནོ་ཞེས་གསུངས་ཏེ། དེ་ཡང་དོན་རྣམས་རྡུལ་ཕྲ་རབ་མ ་ཡིན་ཏེ། རྡུལ་ཕྲ་རབ་མི་དམིགས་ཤིང་རིགས་པ་ལ་དམིགས་པའི་ཕྱིར་རོ།། རགས་པ་ནི་ཆ་ཤས་ཀྱི་ངོ་བོར་སྣང་བས་རྡུལ་ཕྲ་རབ་མ་ཡིན་ནོ།། སློབ་དཔོན་པྲཛྙཱ་སཾ་བྷ་བ་གུ་ཧྱས་ཀྱང་ཕྲ་རབ་རེ་རེ་བློས་མི་དམིགས།། བློས་ནི་སྦོམ་པོ ་ལ་དམིགས་ཏེ།། སྦོམ་པོ་ཆ་ཤས་བཅས་པས་ན།། རྡུལ་ཕྲན་ཡུལ་དུ་མ་གྲུབ་པོ་ཞེས་གསུང་སོ།། ཕྱོགས་གསུམ་པ་མ་གྲུབ་པར་བསྟན་པའི་ཕྱིར།། བླ་མ་ཆེན་པོའི་ཞལ་སྔ་ནས། དབུས་ཀྱི་ཆ་ཤས་མེད་པའི ་རྡུལ་ཕྲན་ལ།། དུ་མའི་རྡུལ་ཕྲན་རྗེས་འབྲང་མེད་ཕྱིར་དང་།། ས་ཡི་དཀྱིལ་འཁོར་ལ་སོགས་གཟུགས་ཀྱི་ཚོགས།། རགས་པའི་དཔུང་དུ་འགའ་ཡང་མི་འགྱུར་རོ།། ཞེས་གསུངས་ཏེ། དེ་ཡང་ཡུལ་དུ་གྲུབ་མ་ཡིན་ཏེ།། རྡུལ་ཕྲ་རབ་འདུས ་པའི་ཕྱིར་རོ།། དེ་ཡང་རྡུལ་ཕྲ་རབ་འདུས་པ་ནི་ཕྱོགས་དྲུག་གནས་སམ། ཕྱོགས་གཅིག་ནས་འདུས་གྲངས་ན། དེ་ལ་དང་པོ་ནི་རིགས་པ་མ་ཡིན་ཏེ། དབུས་ན་གནས་པའི་རྡུལ་ཕྲ་རབ་ཆ་ཤས་དྲུག་ཏུ་འགྱུར་བའི་ཕྱིརརོ།། དེ་ལྟ་ན་ནི ་རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ།། གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། རང་བཞིན་གཅིག་པའི་ཕྱིར་གཅིག་གི་གོ་གང་ཡིན་པ་དེར་གཞན་ཐིམ་པས་སའི་དཀྱིལ་འཁོར་ལ་སོགས་པ་གོང་བུར་སྣང་བར་མི་འགྱུར་རོ།། དེ་བས་ན་རྡུལ ་ཕྲ་རབ་འདུས་ཤེས་བྱར་མི་རུང་།། དེ་ལས་མ་གཏོགས་པ་འདུས་པ་ཞེས་བྱ་བའི་གཏན་ཚིགས་ཅུང་ཟད་ཀྱང་མི་སྣང་བྱས་འདུས་པ་ཡུལ་མ་ཡིན་ནོ།། དེ་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། དྲུག་གིས་ཅིག་ཅར་སྦྱར་བ ་ནད། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ན།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། རྡུལ་ཕྲན་སྦྱོར་བ་མེད་ན་ནི།། དེ་འདུས་ཡོད་པ་དེ་གང་གི། ཞེས་གསུངསོ།། སློབ་དཔོན་ཀ་མ་ལས་ཀྱང་།། རྡུལ་ཕྲན་འདུས་པ ་མེད་ན་ནི།། གཞན་གྱི་འདུས་པ་བརྗོད་དགོས་སོ།། གཏན་ཚིགས་ཅུང་ཟད་མ་སྣང་བས།། འདུས་པ་ཡུལ་དུ་མ་གྲུབ་པོ།། ཞེས་གསུང་སོ།། དེ་ལྟར་གཟུགས་ཅན་གྱི་ཡུལ་མ་གྲུབ་པར་བསྟན་ནས།། ད་ནི་གཟུགས་ཅན་མ་ཡིན་པ་རྣམས ་མ་གྲུབ་པར་བསྟན་པའི་ཕྱིར། བླ་མ་ཆེན་པོའི་ཞལ་སྔ་ནས། བདེ་བ་ལ་སོགས་རང་གི་ལས་གང་ནི།། འགའ་ཡང་མ་མཐོང་དེ་ནི་ཡོངས་བཟུང་བས།། དུས་གཅིག་འབྲེལ་པར་འགྱུར་བ་མེད་པས་ན།། གཟུགས་ལ་སོགས་པ་བཞིན་དུ ་གཟུང་འཛིན་མེད།། ཅེས་གསུངསོ།། དེ་ཡང་ཚོར་བ་ལ་སོགས་པ་རྣམས་ཡུལ་དུ་གྲུབ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚོར་བ་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི། འགགས་པ་དང་མ་སྐྱེས་པའི་ཕྱིར་དོན་གཞན་དུ ་འགྱུར་བ་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་དང་། ད་ལྟར་བྱུང་བ་ལ་ཡང་སྐྱེ་བ་ཞིག་ཡུལ་དུ་གྱུར་པ་འམ། སྐྱེས་ཟིན་པ་ཞིག་ཡུལ་དུ་འགྱུར་གྲང་ན། དང་པོ་ནི་རིགས་པ་ཅན་མ་ཡིན་ཏེ། རང་ཉིད ་པའི་དུས་སུ་མ་བྱུང་བའི་ཕྱིརརོ།། གཉིས་པ་ཡང་རིགས་པ་ཅན་མ་ཡིན་ཏེ།། ཤེས་པ་ཡང་དེའི་རྣམ་པར་སྐྱེས་ཟིན་པ་ཚོར་བ་ལ་སོགས་པོས་ཕན་བཏགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཚོར་བ་ལ་སོགས་པ་ཡུལ་དུ་གྲུབ ་པ་མ་ཡིནོ།། དེ་སྐད་དུ། སློབ་དཔོན་ཆེན་པོ་མཆེ་བའི་སྡེས་ཀྱང་། སིམ་པ་ལ་སོགས་འདས་དེང་མ་འོངས་པ།། མ་སྐྱེས་པ་དང་འགག་པ་དང་།། ནུས་མེད་འབྲས་བུ་སྐྱེས་པ་ཡི།། སྐྱེ་བའི་ཚེན་མེད་པ་དང་།། སྐྱེས་པ་ན་མ ་ཟིན་ཕྱིར།། སིམ་སོགས་ཡུལ་དུ་མ་གྲུབ་པོ།། ཞེས་གསུང་སོ།། དེ་ལས་གཞན་པའི་ཆོས་ན་མཁའ་ལ་སོགས་པ་ཡུལ་དུ་གྲུབ་པོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བརྟགས་པ་ཙམ་དུ་ཡོད་པས་འབྲས་བུ ་སྐྱེད་པར་མི་ནུས་པ་དང་། ཡང་ན་འབྲས་བུ་དང་རིགས་མཐུན་ཞིང་དེ་དག་ཉིད་མི་རྟག་པར་འགྱུར་བ་དང་། ཡང་ན་དུས་ཐམས་ཅད་པ་ཉིད་པས་འབྲས་བུ་དུས་གཅིག་ཏུ་འབྱུང་བའི་ཕྱིརརོ།། དེ་སྐད་དུ་སློབ་དཔོན་མཆེ་བའི་སྡེས་ཀྱང ་ནིནོམཁའ་ལ་སོགས་རྫས་མེད་པས།། ནུས་མེད་འབྲས་བུ་སྐྱེད་པ་མིན།། སྐྱེད་ན་འབྲས་ལྟར་མི་རྟག་འགྱུར།། དེ་དག་རྟག་ཚང་དེ་བས་ན།། འབྲས་བུ་རྣམས་ཀྱང་ཆད་པར་འགྱུར།། དེ་བས་དེ་དག་ཐམས་ཅད་ཀུན།། ཡུལ་དུ་དམིགས ་པ་འཁྲུལ་པའོ།། ཞེས་གསུང་སོ།། དེ་བས་ན་ཡུལ་རྣམས་ཡོད་པ་མ་ཡིན་པས་ན་དེས་བསྐྱེད་པའི་འཛིན་པའི་ཤེས་པ་རྣམས་ཀྱང་ཡོད་པ་མེ་ཡིན་ཏེ། གཟུང་བ་འགའ་ཡང་མེད་པའི་ཕྱིརརོ།། དེ་སྐད་དུ་འཕགས་པ་བྱམས་པས་ཀྱང ་གསུངས་པ། དོན་དང་སེམས་ཅན་བདག་རྣམ་རིག། རྣ་བའི་རྣམ་པར་ཤེས་པ་ནི།། རབ་ཏུ་སྐྱེ་བོ་དེ་དོན་མེད།། དེ་མེད་པས་ན་དེ་ཡང་མེད།། ཅེས་གསུང་སོ།། དེ་བསྔ་ན་འདི་དག་ཐམས་ཅད་རྣམ་པར་ཤེས་པ་སྣང་བ་ཁོ་ན་ཉིད།། མདོ་ལས་ཀྱི་རྒྱལ ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ།། དེ་ལ་ཡང་ལོག་པར་རྟོག་པ་དག་ནི་རྣམ་པ་གཉིས་ཏེ།། ཁ་ཅིག་ནི་དོན་དམ་པར་ཡོད་པ་ཉིད་དུ་རྟོག་ཅིང་རྫིས་ཉིད་དུ་སེམས་དཔའ་དང་། ་དྲི་ལས་གཞན་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ལ་གཉིས་སྣང་བར་སེམས་སོ།། དེ་དག་ཀྱང་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་དོན་དམ་པར་མེད་ཅིང་ཀུན་རྫོབ་ཏུ་ཉི་དོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་རང་བཞིན་མེད་པའི་ས ་ཚིགས་རྒྱས་པ་ནི། སློབ་དཔོན་ཀླུ་གྲུབ་ལ་སོགས་པས་དབུ་མའི་གཏན་བཅོས་སུ་བྱིས་པས་འདིར་འབད་པར་མི་བྱའོ།། དེ་སྐད་དུ་སྐྱེ་བ་མེད་པ་བསྟན་པའི་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་སེམས་ཙམ་མོ།། དེ་ཡང་ཀུན་རྫོབ་ཉིད་དེ། ་དོན་དམ་པར་མི་དམིགསོ་ཞེས་འབྱུང་བ་དང་། དེ་ཉིད་ལས་དེ་བས་ན་གང་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པས་རྣམ་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་པར་བྱའོ།། ཞེས་གསུང་སོ།། དེ་བཞིན་དུ་མདོ་གཞན་དག་ལས་ཀྱང ་རང་བཞིན་མེད་དེ་རྣམ་རིག་མེད།། དངོས་པོ་ཡང་མེད་གཞི་ཡང་མེད།། རོ་དང་འདྲ་བའི་མི་མཁས་པ།། བྱིས་པས་འདི་དག་བརྟག་པའོ།། ཞེས་པ་ལ་སོགས་པའོ།། བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པ་ལས་ཀྱང་། དེའི་ཕྱིར་དངོས་པ ་པོ་ཐམས་ཅད་རང་བཞིན་མེད་པར་གྲུབ་པོ་ཞེས་གསུང་སྷོ།། དེ་ཉིད་ལས་ཡང་གསུངས་པ། གཞན་བརྗོད་པ་ཡི་དོན་དམ་པ།། དངོས་པོ་འདི་དག་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན་གྱིས།། འབྱོར་པ་མེད་པ་གཟུགས་བརྙན་འདྲ།། ་ཞེས་པ་ལ་སོགས་པ་དེ་དང་དེ་ལ་རྣམ་པ་མང་པོ་གསུང་སོ།། དེ་ལྟར་རྣམ་པར་ཤེས་པ་ཀུན་རྫོབ་ཉིད་དུ་ཤེས་ན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིསུ་རྟོག་པ་ནི་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁོར་བའི་ཆོས་ནི་མད ་པའི་ཕྱི་རོ།། རྩ་བའི་རྒྱུད་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི།། སངས་རྒྱས་ལྔར་ནི་རབ་ཏུ་གྲགས།། རྡོ་རྗེ་སྐྱེ་མཚང་ཉིད་དག་ཀྱང་།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ་ཞེས་གསུངས་པ་དང་། ས་ནི་སྤྱན་ཞེས་བྱ། ་བ་དང་ན་ཆུ་ཡི་ཁམས་ནི་མཱཾ་མ་ཀཱི། དཀར་དང་སྒྲོལ་མ་ཞེས་བྱ་བཱ།། མེ་དང་རླུང་དུ་རབ་ཏུ་གྲགས་ཞེས་གསུངས་སོ།། འོ་ན་སྲིད་པར་སྣང་ཞིང་བྱ་བ་བྱེད་ནུས་པའི་དངོས་པོ་འདི་འཁོར་བ་མ་ཡིན་ནམ། དེ་མེད་ན་མྱ་ངན་ལས་འདས་པ་ཡང་གང་ལོ ་ཡོད་ཅེ་ན། དེའི་ཕྱིར་བླ་མ་ཆེན་པའི་ཞལ་སྔ་ནས།། བདག་ཏུ་འཛིན་དང་བདག་གིར་འཛིན་པ་ཡིས།། འཁོར་བ་འདི་ནི་བརྟགས་པ་ཙམ་དུ་སྣང་ངོ་།། དེ་ཡི་ངོ་བོ་ལོག་པའི་རང་བཞིན་གྱིས།། ཀུན་ལས་འདས་པའི་ངོ་བོར་ཤེས་པར་བྱ་ཞེས་གསུངས ་ཏེ།། དེ་བས་ན་སྲིད་པའི་ཆོས་ནི་གཏན་ནས་ཡོད་པར་མི་འདོད་ཀྱི།། འོན་ཀྱང་ལོག་པར་བརྟགས་པ་ཙམ་ཉིད་དོ།། དེ་ཡང་གང་ཞེ་ན། རྟག་པ་ལ་སོགས་པར་འཁྲུལ་པ་ནི་སྲིད་པའི་སྡུག་བསྔལ་ཡི་ནོ།། དཔེར་ན་ཐག་པའི་སྦྲུལ་བཞིན་དུ ་སྣང་བ་མེད་པ་ཉིད་དོ།། བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་། སྒྱུ་ལྟར་སྣང་བའི་རྣམ་པར་རྟོག་པ་ལས།། སྲིད་པའི་སྡུག་བསྔལ་གཞན་ན་ཡོད་པ་མིན་ཞེས་གསུང་སོ།། དེ་བས་ན་དེ་བཟློག་པར་བྱེད་པའི་ཐབ་སུ་འདིར་ཟབ་མོ་དང་ཡང་དག་པར ་གསལ་བའི་དཀྱིལ་འཁོར་དེ་གསུངས་པ་ཡིན།། དེ་སྐད་དུ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གསང་བའི་བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིནོ།། འོན་ཀྱང་རབ ་རིབ་ཀྱིས་དེ་ལྟར་སྣང་བ་ཡི་ནོ།། སྐྱེས་བུ་གང་གིས་རབ་རིབ་སྤངས་ཏེ་བརྟགས་ན་ཐག་པར་མཐོང་ཞིང་དོན་གཞན་མེདོ།། གསང་བའི་བདག་པོ་དེ་བཞིན་དུ་རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་སྣང་བ་གང་ཡིན་པ་དེ་ནི། ་ཡོད་པ་མ་ཡིན་ནོ།། འོན་ཀྱང་གཟུགས་ལ་སོགས་པར་ཞེན་པའི་བག་ཆགས་ཀྱི་ཕྱིར་རོ།། སྐྱེས་བུ་ལ་ལ་ཞིག་གིས་ངས་བསྟན་པའི་ལམ་ལ་གཞོལ་ཞིང་བག་ཆགས་དེ་བཟློག་ནས་རྟག་པ་ལ་སོགས་པར་མཐོང་ཞིང་གཞན་ཅི་ཡང ་མི་དམིག་སོ་ཞེས་གསུངས་པའི་ཕྱིར་རོ།། དེ་བས་ན་དེ་མེད་པའི་ཕྱིར་འདི་ཐམས་ཅད་ཐོབ་མོ་དང་ཡང་དག་པར་གསལ་བའི་དཀྱིལ་འཁོར་རོ།། དེ་ལ་ཟབ་མོ་གང་ཞེ་ན། རང་འབྱུང་བར་བྱེད་པའི་རྒྱུ་ཉོན་མོངས་པ་ལ་སོགས་པ་དང་། གདོད་མ ་ནས་བྲལ་བ་མི་དམིགས་ཤིང་མི་འགྱུར་བའོ།། ཡང་དག་པར་གསལ་བ་གང་ཞེ་ན། དེའི་སྒོ་ན་ཕུན་སུམ་ཚོགས་པ་ཡོད་པ་གཞན་ལ་སྟོན་པའི་རྐྱེན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོར་སྣང་བ ་ཐམས་ཅད་དོ།། དེ་བས་ན་དེའི་ངོ་བོར་གསལ་བར་འདོད་པའི་སྐྱེས་བུ་དམ་པ་ཞིག་གིས་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་ལ་ཉེ་བར་གནས་ནིས་རྣལ་འབྱོར་བཞིའི་རིམ་གྱིས ་འཇུག་ཅིང་རྟོགས་པར་བྱའོ།། དེའི་རིམ་པ་བླ་མའི་ཞལ་སྔ་ནས་བརྒྱུད་ཅིང་འབྱུང་བ་ཅུང་ཟད་བདག་གིས་དབྱེ་བོར་བྱའོ།། དེའི་རིམ་པ་ནི་འདི་ལྟ་སྟེ། དེ་ལ་དང་པོར་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པའི་རྣལ་འབྱོར་པས་ཚོགས་ལ ་འཇིགས་པའི་སྐྱོན་མེད་པ། སྙིང་རྗེ་ཆེན་པོ་དང་དེ་ལས་བྱུང་བའི་ཡོན་ཏན་དང་ལྡན་པས་བླ་མ་དམ་པ་རྣམས་ལས་གང་ཡང་རུང་བ་གཅིག་མཉེས་པར་བྱས་ཏེ། ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གཉི ་གང་ཡང་རུང་བར་ཞུགས་ནས། བུམ་པོ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་ཐོབ་པས། གསང་བ་དང་མཆོག་ཏུ་གསང་བ་ལ་སྩོགས་པ་རིག་པར་བྱ་སྟེ། ཇི་ལྟར་གསུངས་པའི་གནསུ་དང་པོར་བྱ་བར་འོངས ་པར་བྱ་སྟེ། དེས་མཚམས་བཞིའི་དང་པོ་ཐོ་རངས་ལ་སྒོ་དག་པར་བྱ་བ་ལ་སོགས་པ་ནས། རྗེ་སུ་ཆགས་པའི་མཐའ་ལ་ཐུགས་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས། ཐིག་ལེ་དང་ཕྲ་མོ་དོང་བཟླས ་བརྗོད་བྱས་ནས་འཁོར་ལོ་བསྡུ་བ་བརྩམ་མོ།། དེ་ལྟར་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣལ་འབྱོར་པས་དེའི་ཡན་ལག་གཞན་སྨོན་ལམ་བཏབ་པ་དང་། སྡོམ་པ་བརྐྱང་བ་དང་། ཁ་ཟས་སྦྱང་བ་དང་། ལུས་གཉིས་ཀྱི་སྒོ་ནས་སེམས ་ཅན་གྱི་དོན་བྱ་བ་དང་། བརྗེད་པ་ལ་སོགས་པའི་དབང་གིས་དམ་ཚིག་ཉམས་པ་བསྐང་བའི་ཚིག་བྱས་ནས། བརྟགས་པའི་མཚན་ཉིད་ལས་དབེན་པར་བྱ་ཞིང་རང་གི་སེམས་ཉིད་དག་པར་བྱའོ།། དེ་ཁོ་ན་བཞིན་དུ་ཉི་མའི་གུད་དང་། ཕྱི ་འཕྲེད་ཀྱི་དུས་སུ་ཡང་དེ་ཐམས་ཅད་མ་ལུས་པར་བརྩམ་པར་བྱའོ།། ནམ་ཕྱེད་ལ་ཡང་དེ་བཞིན་དུ་བཟླས་པའི་མཐར་ཐུག་པའི་བར་བྱས་ནས། ཉལ་བར་འདོད་ན་གཤེགསུ་གསོལ་པ་དང་། སྙིང་གའི་གནསུ་ཡེ་ཤེས་སོམ ་དཔའི་འཁོར་ལོ་ལ་ཕྱི་རོལ་འཁོར་ལོ་བསྡུས་ནས་ཤེས་རབ་དང་སྙིང་རྗེར་ལྡན་པས་ཉལ་བར་བྱའོ།། ཐོ་རངས་ལངསུ་ནས་ཡང་ན་གོང་མ་ཁོ་ན་བཞིན་དུ་དང་པོའི་ལས་ལ་ཞུགས་པས་ཐམས་ཅད་བྱ་ཞིང་། དུས་མཚམས་གཞན་ལ ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ།། དེ་སྐད་དུ་བླ་མའི་ཞལ་སྔ་ནས་ཀྱང་། ཐཾ་རངས་ལངས་ན་སཽ་གོང་མ་ལྟར།། གདོང་མ་གཏོགས་པས་བཟླས་པ་བྱ།། ཞེས་བྱའོ།། དེ་ལྟར་ཉིན་ར་དུས་བཞིར་ཏིང་འཛི་ན་ཡན་ལག་དང་བཅས་པ་ལ ་གཞོལ་ཞིང་མཚན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ལྟར་རྒྱུན་རིང་དུ་བསྒོམས་པས་ཕྲ་མོ་དང་ཐིག་ལེས་སེམས་བརྟན་པར་གྱུར་ནས། ཕྲ་མོའི་ཏིང་འཛིན་གསུམ་པ་ལས་སྤྲོ་བསྡུ་སྔོན་དུ་འགྲོ་བ་མ་གཏང་ཞིང་བཟུང་བས ་བསྟན་པར་གྱུར་པའི་མཚན་མ་ལྔ་པོ་འདི་ཐོབ་པར་འགྱུར་རོ།། དེ་ཡང་གང་ཞེ་ན། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད།། ཁ་དོག་ལྔ་ཡི་ཐིག་ལེ་གཟིར།། གསལ་བ་དང་ནི་མི་གསལ་བ།། དང་པོ་སྨིག་རྒྱུ་ལྟ་བུ་དང་།། གཉིས་པ་དུ་བ་ལྟ་བུ་སྟེ། ་གསུམ་པ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་དང་།། བཞི་པ་ལ་མར་མེ་ལྟ་བུ་དང་། ལྔ་པ་ལ་སྤྲིན་མེད་པའི་ན་མཁའ་ལྟ་བུ་སྟེ། ལྷ་དང་ཕྱག་འཚལ་ལ་སོགས་པའོ།། དེ་རྣམས་ནི་འོག་ནས་བཤད་པའི་རྣལ་འབྱོར་པ་རྣམས་སུ་འགྱུར་བའི་མཚན ་མའོ།། དེ་ནས་སྤྲོ་བསྡུའི་སྒོ་ནས་རྗེ་སུ་དྲན་པ་བསྒོམ་ཞིང་། ཕྱིས་གནས་དང་གནས་པའི་བདག་ཉིད་སྤྲོས་ནས་བཟླས་བརྗོད་ཀྱི་སྦྱོར་བ་བརྩམ་པར་བྱའོ།། རྩ་བའི་རྒྱུད་ལས་ཀྱང་། སངས་རྒྱས་བྱང་ཆུབ་གནས་རྣམས་ནི།། དེ་རུ་མདོར ་ན་སྤྲོ་བར་བྱ།། སྐུ་གསུང་ཐུགས་ཀྱི་མཚན་མ་ཡིས།། སྔགས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། ཅེས་འབྱུང་བས་སོ།། དེ་ལྟར་བསྟན་པར་འགྱུར་བའི་མཚན་མ་རྣམ་པ་ལྔ་མངོན་དུ་གྱུར་པ་དེ་ལ་ནི་ལས་དང་པོ་། ་རྣལ་འབྱོར་པ་ཞེས་གསུངས།། རྣལ་འབྱོར་པ་དེ་མཚན་མ་མཐོང་ཡང་རུང་མ་མཐོང་ཡང་རུང་སྟེ།། དད་པ་དང་ལྡན་ཞིང་སྣོད་དུ་རུང་བས་ཞུས་པ་འམ། གཟུགས་བརྙན་གླེགས་བམ་ལ་སོགས་པ་སྒོ་བར་འདོད་པས་ཞུས་པ་འམ། ་དེ་ལས་གཞན་པའི་སེམས་ཅན་སྡིག་པའི་དབང་གིས་མཚན་མ་ངན་པ་མཐོང་བས་ཞུས་པ་འམ། སྣོད་དུ་རུང་ཞིང་ངང་ཚུལ་བཟང་པོ་དང་ལྡན་པ་རྣམས་ཀྱིས་མ་ཞུས་ཀྱང་བཙུད་དེ། དེ་རྣམས་ཀྱི་དོན་དུ་གོང་ནས་གསུངས་པའི་བསྙེན ་པའི་ཆོ་ག་ལ་གནས་ནས། འཛབ་དུ་མ་བཟླས་པ་འམ། འཛབ་འབུམ་ལ་སོགས་པ་བཟླས་པ་བྱས་ནས། རི་མོའི་དཀྱིལ་འཁོར་བྲི་བ་བརྩམ་པར་བྱའོ།། དེ་སླད་དུ་སློབ་དཔོན་ཛ་པ་དི་པའི་ཞལ་སྔ་ནས། ལས་དང་པོ་ཡི་རྣལ་འབྱོར་གྱིས།། ་གོང་གསུངས་མཚན་མ་མ་མཐོང་མཐོང་།། དེ་ཡིས་འདི་དག་དོན་གྱི་ཕྱིར།། དཔག་མེད་བཟླས་པོ་བྱས་པ་འམ།། བཟླས་བརྗོད་གྲངས་ཚང་ངས་བྱས་ནས།། སྣོད་དུ་རུང་ཞིང་དང་ལྡན་དང་།། གཟུགས་བརྙན་པོ་ཏི་ལ་སོགས་དང་།། སྡིག་པའི ་དབང་གིས་མཚན་ངན་མཐོང་།། སྣོད་ལྡན་རྣམས་ཀྱིས་མ་ཞུས་ཀྱང་།། རི་མོའི་དཀྱིལ་འཁོར་བྲི་བ་བརྩམ།། ཞེས་འབྱུང་བས་སོ།། དེས་དཀྱིལ་འཁོར་བྲི་བ་ཡང་བདག་ཉིད་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བྲི་བར་བྱས་ནས།། ་སློབ་མ་གཞུག་པ་ལ་སོགས་པ་བྱས་ནས་དབང་རྣམས་བསྐུར་བར་བྱའོ།། རྣ་བའི་རྒྱུད་ལུས་ཀྱང་། ཐིག་གདབ་པ་ཡི་ཆོ་ག་འདི།། བདག་ཉིད་ནམ་ཞིག་སྤྱོད་པ་ན།། རྣམ་པར་སྣང་མཛད་རབ་བསྒོམས་ཏེ།། རྡོ་རྣམས་པ་བསྒྱུ ་པའམ།། སློབ་མ་རྡོ་རྗེ་འོད་པོ་ཆེ།། རྡོ་རྗེ་མི་འཆི་བསྒོམ་པར་བྱ།། ཞེས་གསུང་སོ།། དཀྱུས་མི་བརྗོད་དེ། ལས་དང་པོ་པ་དེ་བསྟན་པར་གྱུར་པའི་མཚན་མ་ལྡན་གྲངསོ་མང་དུ་མཐོང་ནས་སེམས་བརྟན་པར་ཤེས་ནས། གཉིས་པར་འགྱུར ་བར་བྱ་བའི་ཕྱིར་སྦྱོར་བ་འདི་ལ་འབད་པར་བྱའོ།། དེའི་སྦྱོར་བ་ནི་འདི་ལྟ་སྟེ། སྒོ་དག་པར་བྱ་བ་ལ་སྩོགས་པ་ནས་རྗེསུ་ཆགས་པར་བྱ་བའི་བར་གྱིས་དང་པོའི་རྣལ་འབྱོར་རྟོགས་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེ་སུ་ཞུགས་པ ་སྔོན་དུ་བྱས་ནས་རིག་པའི་ཆོས་ཀྱི་དབྱིངས་ཀྱི་པདྨའི་ནང་དུ་སྟོང་པ་ཉིད་དམ་ས་བོན་དང་ལྷའི་ངོ་བོ་བསྒོམ་པར་བྱའོ།། དེ་ལ་མི་གཡོ་ཞིང་བརྟན་པར་གྱུར་པ་ལས། རིགས་ཀྱི་བདག་པོའི་གནང་བ་ཐོབ་པའི་དུསུ་རྣལ་འབྱོར་པ་གཉིས་པར་གྱུར ་པ་ཡིནོ།། དེ་སྐད་དུ་བླ་མའི་ཞལ་སྔ་ནས། པདྨ་ལ་གནས་བརྟན་བྱས་ཏེ། རིགས་བདག་གནང་བ་ཐོབ་ནསུ།། རང་གི་སྦྱོར་བས་འཕྲོ་བ་ཡིན་ཞེས་པའོ།། དེ་ལྟར་ལས་དང་པོ་པའི་ཆོ་ག་ཅུང་ཟད་བསྟན་པ་ཡིན་ནོ།། དེ་ནས་རྣལ་འབྱོར་པ་དེ ་ཡེ་ཤེས་འགའ་ཞིག་དབང་དུ་གྱུར་པ་ནི་སྣོད་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་ལྷ་གཉིས་འབེབས་པར་ནུས་པ་ཐོབ་པས་དེ་སྐད་བརྗོད་དོ།། བླ་མའི་ཞལ་ནས་ཀྱང་། ཡེ་ཤེས་ཤིན་ཏུ་འབེབས་ཐོབ་པས།། འབེབས་པའི་ཆོ་ག་གསུང། ་པའོ་ཞེས་སོ།། དེས་ཐུན་མཚམས་བཞིར་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་རྫོགས་པར་བྱས་ནས། དེའི་རྗེས་ལ་མཆོད་པ་ལ་སོགས ་པ་བརྩམས་ཏེ། ཐིག་ལེ་དང་ཕྲ་མོ་ནི་མི་བརྟན་པའི་ལྷའི་ང་རྒྱལ་དང་བྲལ་བས་ནན་ཏན་དུ་བྱ་བ་ནི་མ་ཡིན་ནོ།། དེ་གོང་ནས་གོང་དུ་ནུས་པ་མཐུ་ཅན་དུ་བྱ་ཞིང་གྲུབ་པའི་མཚན་མ་མཐོང་བར་བྱ་ཞིང་། བཟླས་བརྗོད་ཀྱི་ཆོ་ག་ལ་འབད ་པར་བྱའོ།། དེ་ནས་འཁོར་ལོ་བསྡུས་ནས་གོང་མ་བཞིན་དུ་སྡོམ་པ་བརྐྱང་བ་ལ་སོགས་པ་ཐམས་ཅད་བྱའོ།། དེ་སྐད་དུ་བླ་མ་ཆེན་པོའི་ཞལ་སྔ་ནས། བརྟུལ་ཞུགས་ཚུལ་ཁྲིམས་སྔགས་ལྡན་པས། མིག་དང་སྐུ་སོགས་བྱིན་བརླབས་ནས ་ཡེ་ཤེས་འགའ་ཞིག་དབང་གྱུར་པས།། མཚམས་བཞིར་འཁྲུལ་མེད་བཟླས་བརྗོད་བྱ།། ཞེས་གསུངས་སོ།། རྣལ་འབྱོར་པ་དེ་དེ་ལྟར་བསྙེན་པའི་ཆོ་ག་ལེ་གནས་ནས་གོང་དུ་སྨོས་པའི་སྣོད་དུ་རུང་ཞིང་། དད་པ་དང་ལྡན་པ་ལ་སོགས་པའི ་དོན་དུ་ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ལ་ཡེ་ཤེས་ཀྱི་ལྷོ་གཉིས་ཕབ་ལ། དེ་གཉིས་ཀྱིས་ཐིག་དང་རྡུལ་ཚོན་ལ་སོགས་པ་བྱའོ།། རྩ་བའི་རྒྱུད་ལས་ཀྱང་། བུ་མོ་ལོ་གྲངས་བཅུ་གཉིས་པ།། ལོ་གྲངས་བཅུ་གཉིས་ལོན་པའི་ཁྱེའུ། ་བཟུང་ནས་དབབ་པ་རབ་ཏུ་བརྟག། ཆོ་ག་ཐམས་ཅད་བྱས་ནས་ནི།། དེ་ནས་ལས་རྣམས་རབ་ཏུ་བསྒོམ།། རྣམ་པ་གཞན་དུ་བྱས་ནས་ནི།། ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར།། ཞེས་གསུང་སོ།། དེ་ནས་བདག་ཉིད་ཞུགས་པ ་ལ་སོགས་པའི་ཆོག་ནི་ལས་དང་པོ་པའི་རྣལ་འབྱོར་བཞིན་དུ་ཐམས་ཅད་བྱའོ།། རྩ་བའི་རྒྱུད་ལས་ཀྱང་། སྔ་མ་བཞིན་དུ་ཐམས་ཅད་འགྱུར་ཞེས་པ་དང་། ཐ་མའི་ཞལ་སྔ་ནས་ཀྱང་། སློབ་དཔོན་སློབ་མན་ཆག་ན།། སྔུན་དུ་གསས ་པ་ལ་གནས་པའོ།། ཞེས་གསུང་སོ།། དེ་བཞིན་དུ་རྣལ་འབྱོར་པ་དེས་དངོས་གྲུབ་བླ་མལ་པའི་གྲུབ་པའི་མཚན་མ་མཐོང་ཞིང་། ལྷའི་ལུང་ཐོབ་ནས། འཇབ་བཟླས་པ་སྔོན་དུ་འགྲོ་བའི་སྣོད་ལ་ཕབ་པའི་ལྷ་གཉིས་ཀྱིས་བྱིས་པའི ་མོའི་དཀྱིལ་འཁོར་དུ་ལྷས་དབང་བསྐུར་བའི་ཆོ་ག་ཡན་ཚོད་ཀྱིས་ཞུགས་ནས། ཇི་ལྟར་རྩ་བའི་རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ལ་གནས་ནས། ཟླ་བ་ཕྱེད་དང་ཞག་བདུན་གྱི་བར་དུ ་བཟླས་པས་ཇི་སྐད་གསུངས་པའི་ཐ་མལ་པའི་དངོས་གྲུབ་གང་ཡང་རུང་བ་འགྲུབ་པར་འགྱུརརོ།། དེ་སྐད་དུ་རྩ་བའི་རྒྱུད་ལས་ཀྱང་། དབེན་ཞིང་རབ་ཏུ་ཉམས་དགའ་བར།། སྦྱོར་བ་འདི་ནི་ཀུན་བརྩམས་ན།། རྡོ་རྗེ་སྐུ་དང་གསུང་དང་ཐུགས ་ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར།། ཞེས་གསུངས་སོ།། དཀྱུས་མ་བརྗོད་དེ་དེ་ལྟ་བུའི་རྣལ་འབྱོར་པ་དེ་གོང་དུ་གསུངས་པའི་ཆོ་ག་རྒྱུན་རིང་དུ་བརྩམས་ནས། རྣལ་འབྱོར་པ་གསུམ་པར་གྱུར་པ་ནི་ཟབ་མོ་དང་ཡང་དག་པར་གསལ ་བའི་དཀྱིལ་འཁོར་རྨི་ལམ་ལྟར་རང་འབའ་ཞིག་ཏུ་མ་ཟད་སྟེ། གཞན་ལ་ཡང་སྟོན་པར་ནུས་པ་ཐོབ་པས་དེ་ལ་དེ་སྐད་ཅེས་བྱའོ།། བླ་མའི་ཞལ་སྔ་ནས་ཀྱང་། དེ་བྱིན་བརླབས་ཀྱིས་དཀྱིལ་འཁོར་རྣམས།། བདག་གཞན་གྱིས་ནི་མཐོང ་བ་དེ་ས་གསལ་བ་རྨི་ལམ་བཞིན་དུ་འདོད།། ཅེས་སོ།། རྣལ་འབྱོར་པ་དེས་རྒྱུ་བ་དང་མི་རྒྱ་བའི་བདག་ཉིད་ཡི་གེ་གསུམ་གྱི་ཏིང་འཛིན་ཀུན་ཏུ་སྤྱོད་པ་ཅན་གྱི་སེམས་ཅན་གྱི་སེམས་ལས་ལྷན་ཅིག་དབྱེར་མེད་པ ་རྟོགས་པས། བཟླས་བརྗོད་ཀྱི་སྤྲོ་བསྡུ་ཁོ་ནའི་སྒོ་ནས་རྫོགས་པའི་ཏིངངེ་འཛིན་བསྒོམ་པོ་ནི་ཁ་ཅིག་ཉིན་མཚན་དུ་སྦྱོར་བ་ལ་བརྟེན་པ་ཡིནོ།། དེ་སྐད་དུ་གསུངས་པ། ཡེ་ཤེས་དབང་དུ་གྱུར་པ་ཡིས།། སྤྲོ་དང་བསྡུ་བ་བྱེད་པ་ནི།། ཉིན་མཚན ་སྦྱོར་བ་བརྟན་པར་བྱ་ཞེསོ།། དེ་ལྟར་བསྙེན་པའི་ཆོ་ག་ལ་གནས་ནས། དེས་འདི་ལྟ་སྟེ། སློབ་མ་སྣོད་དུ་རུང་བ་ཞིང་དད་པ་དང་ལྡན་པ། སྔོན་དུ་དཀྱིལ་འཁོར་མཐོང་ཞིང་དབང་ཐོབ་ནས་སྦྱོར་བའི་ཁྱད་བར་ཤེས་ཤིང་། དེ་ལ་གཞོལ ་བོ་རྣམས་ཀྱི་དོན་དུ་རྣལ་འབྱོར་རྣམ་པ་གསུམ་རྫོགས་པའི་ཏིང་འཛིན་གྱིས་བསྒོམ་སྟེ། དེར་བཅུག་ནས་ཁྱད་པར་ཅན་གྱི་སློབ་མ་དེ་ལ་བཀའ་སྩལ་པའི་དབང་གི་མཐར་ཐུག་པའི་བར་གྱི་དབང་བསྐུར་བར་བྱའོ།། རྩ་བའི་རྒྱུད་ལས ་ཀྱང་།། ན་མཁའི་དབྱིངས་ཀྱི་དབུས་བསམ་པ།། གྲུ་བཞི་པ་ལྷམ་པ་རབ་ཏུ་བཟང་།། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས།། བསམ་གཏན་རྡོ་རྗེ་བསྒོམ་པར་བྱ།། རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས།། འཁོར་ལོ་ཅན་ཀུན་ཞུགས ་པར་བྱ།། མཆོད་པའི་ཆོ་ག་དེ་ཉིད་ཀྱིས།། བློ་དང་ལྡན་པས་རབ་ཏུ་བྱ།། སློབ་དཔོན་སྙིང་གར་བསྒོམས་ན་ནི།། དབང་བསྐུར་བ་ནི་བརྩམ་པར་བྱ།། སངས་རྒྱས་ཀུན་གྱིས་ན་མཁའི་ཁམས།། ཡོངསུ་གང་བར་རྣམ་པར་བསམ།། དབང ་བསྐུར་བ་ནི་གནས་གསུམ་གྱིས།། ཐམས་ཅད་ཆོ་ག་བཞིན་དུ་དབབ།། དེ་ཡིས་བྱང་ཆུབ་ཐོབ་པ་ནི།། སེམས་ཅན་ཀུན་ལ་ཕན་འདོགས་པ།། སྐུ་དང་གསུང་ཐུགས་དངོས་གྲུབ་ནི།། ངོ་མཚར་ཆེན་པོ་ཐམས་ཅད་འགྲུབ།། བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བྱ་བ་བྱསམ་གཏན་གྱི་དཀྱིལ་འཁོར་རྫོགསོ་ཞེས་བྱ་བ་གསུང་སོ།། དེ་ནས་བླ་མའི་ཞལ་སྔ་ནས། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག། རྣམ་པ་ཀུན་ལ་རྫོགས་བྱས་ཏེ་ཞེས ་དེ་ནི་སློབ་མ་གཞུག་པ་དང་།། སྒྲུབ་པའི་དོན་དུ་དགོངས་པའོ།། དེ་ལས་གཞན་པའི་སློབ་མ་དེར་འཇུག་པར་མི་ནུས་པའི་མཚན་ཉིད་ཅན་གྱི་ཕྱིའི་བྱ་བ་ལ་མངོན་པར་ཞེན་ཅིང་བློ་དམན་པ་རྣམས་ལ་ནི། རྣལ་འབྱོར་པོ་དེས་ཡིས ་འགའ་ཞིག་ལ་དབང་ཐོབ་པའི་ཚུལ་ཏུ་ཡང་། རི་མོའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བར་བྱའོ་ཞེས་སློབ་དཔོན་ཆེན་པོའི་ཞལ་སྔ་ནས་གསུང་བར་མཛད་དོ།། དེ་བས་སློབ་དཔོན་ཌོ་མ་བྷི་བའི་ཞལ་སྔ་ནས་ཀྱང་། ཡེ་ཤེས ་དབང་དུ་གྱུར་པས་ནི།། སློབ་མ་སྣོད་རུང་དང་ལྡན་དང་།། དཀྱིལ་འཁོར་མཐོང་བ་དབང་བསྐུར་བྱ།། སྦྱོར་བ་ཤེས་ཤིང་དེ་དོན་བསྒོམ།། ཁྱད་པར་ཙཱན་ཤེས་དྲོན་གྱི་ཕྱིར།། རྫོགས་པའི་དཀྱིལ་འཁོར་བསམ་གཏན་གྱིས།། དབང་བསྐུར ་བ་ནི་བརྩམ་པར་བྱ།། གཉིས་པ་དེ་རུ་འཇུག་མི་ནུས།། མཐོང་བའི་ཆོས་ལ་མངོན་ཞེན་ནས།། བློ་གྲོས་དམན་ཞིང་སྦྱོར་སྤངས་པ།། དེ་ཡིས་དེ་ཡི་དོན་གྱི་ཕྱིར།། རྣལ་འབྱོར་འོག་མའི་ཆོ་ག་ལྟར།། རི་མོའི་དཀྱིལ་འཁོར་བྲིས་ནས་མ ་དབང་བསྐུར་བ་ནི་བརྩམ་པར་བྱ།། དེ་ལས་གཞན་པ་རྣལ་འབྱོར་པ་དེས་ཐ་མལ་པའི་དངོས་གྲུབ་ཀྱི་མཚན་མ་རྣམས་ཐོབ་ཅིང་ལྷའི་བཀའ་ཐོབ་ནས། བཟླས་པའི་ཆོ་ག་སྔོན་དུ་འགྲོ་བས་སྣོད་ལ་ཕབ་པའི ་ལྷས་བྲིས་པའི་རི་མོའི་དཀྱིལ་འཁོར་དུ་ཞུགས་ནས། ལམ་གྱི་སྦྱོར་བའི་མཚན་མ་གོང་མཐོང་བའི་བྱེ་བྲག་གིས་གནས་ཏེ་བསྒྲུབས་ན་ཇི་ལྟར་གསུངས་པའོ་ཡོན་ཏན་ཟླ་བ་ཕྱེད་ལ་སོགས་པས་འགྲུབ་པར་འགྱུར་རོ།། དེ་བས་ན་དེ ་སྒྲུབ་པའི་དཀྱིལ་འཁོར་ནི་རི་མོར་བྱའོ།། དེ་ཡང་གང་ལྟར་བྱ་ཞེ་ན། ལས་དང་པོ་ལྟར་བདག་ཉིད་ཀྱིས་བྱ་བ་མ་ཡིན་ཏེ་ཡེ་ཤེས་འགའ་ཙམ་པའི་ལྟར་སྣོད་ལ་ཕབ་པའི་ལྷས་བྱའོ།། དེ་བས་ན་རྩ་བའི་རྒྱུད་ལས་ཀྱང་། རྡོ་རྗེ་ཐིག་ནི་གང ་པ་དང་ཚོན་རྩི་དག་ནི་དགྱེས་པ་དག། སྔགས་ཀྱི་སེམས་པས་མི་བྱ་སྟེ།། བྱས་ན་བྱང་ཆུབ་རྙེད་པར་དཀའ།། དེ་བྱས་དམ་ཚིག་ཚུལ་ཤེས་པས།། སྔགས་ཀྱིས་ལྷ་རྣམས་གནས་ནས་སུ།། བྱིན་གྱིས་བརླབ་པ་ཡང་བྱས་ཏེ།། དཀྱིལ ་འཁོར་རྣམས་ནི་རྣམ་པར་བརྟག། རྒྱལ་ཆེནི་རྣམ་པར་སྣང་མཛད་ད་མོ།། ཡང་ནི་སྤྱན་ནི་དབབ་པར་བྱ།། སྒྲ་ཡི་ཁ་དོག་གོ་འཕང་མཆོག། རྡོ་རྗེ་སྒྲ་ཡི་ཡོན་ཏན་འབྱུང་།། རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ།། བདག་གི་རིག་པས་དབབ་པར་བྱ།། ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། གསང་བ་རབ་ཏུ་བརྟག་པ་ཡིན།། རྡོ་རྗེ་སེམས་དཔའ་རྒྱལ་ཆེན་དང་།། མཱ་མ་ཀཱི་ཡང་དབབ་པར་བྱ།། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། གསང་བ་རྨད་དུ་བྱུང་བའོ།། དེ་ལྟར་བྱས་ན་བྱིན་གྱིས ་བརློག། སེམས་ལ་དབང་བ་ཉིད་ཤེས་ཏེ།། གསང་བ་དག་ནི་མཆོག་རྩོལ་ལོ།། ཞེས་སོ།། དེ་ནས་ཐ་མལ་པའི་དངོས་གྲུབ་གྲུབ་པའི་རྣལ་འབྱོར་པ་དེས་གྲུབ་པའི་མངག་གཞུག་བསྐུལ་ནས་དེས་སངས་རྒྱས་ཐམས་ཅ ་ཞིང་དུ་ཁྲིད་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐོས་པར་བྱས་ནས། རྣལ་འབྱོར་པ་བཞི་པར་འགྱུར་བའི་མཚན་མ་རྣམས་འབྱུང་བར་འགྱུར་རོ།། དེ་བས་ན་རྩ་བའི་རྒྱུད་ལས་ཀྱང་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར། ཟབ་མོའི་ཆོས ་ཀྱང་ཐོས་པར་འགྱུར། སངས་རྒྱས་སུ་ཡང་ཐོབ་པར་འགྱུར། ཞེས་པོ་སྟེ། འདིར་སངས་རྒྱས་ས་ཡང་ཐོབ་པར་འགྱུར་ཞེས་པ་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ལ་དགོངས་པའོ།། དེ་ཡང་སངས་རྒྱས་ཐམས་ཅད་ཀྱིས་བྱིན ་གྱིས་བརླབས་པའི་གཉིད་ཅུང་ཟད་འོང་བར་འགྱུར་ཏེ། དེའི་དུས་སུ་མཚན་མ་ནཱི་འདི་དག་སྟེ། རྩ་བའི་རྒྱུད་ལས་ཀྱང་། དུསམ་གཏན་བཟླས་ལ་འབད་པ་ཡིས།། སྒྲུབ་པ་པོས་ནི་རྟག་ཏུ་མཐོང་།། དེ་ལ་འདི་ནི་རྨི་ལམ་དམ་ཚིག ་ཆེན་པོའི་ཚིག་གོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི།། རྣམ་པའི་དབྱེ་བ་གཉིས་སུ་སྣང་།། ཆོས་ཀྱི་ཡེ་ཤེས་མཆོག་ཐོབ་པས།། སངས་རྒྱས་མཐུ་དང་འདྲ་བར་མཐོང་།། སངས་རྒྱས་རྫོགས་ལོངས་སྤྲུལ་པའི་སྐུ།། དཔག་མེད་པ ་ནི་མྱུར་དུ་མཐོང་།། སེམས་དཔའ་ཆེན་པོ་ཁམས་གསུམ་པ།། མཆོད་པར་བྱས་པར་དེ་མཐོང་ངོ་།། ཡེ་ཤེས་ཆེན་པོ་འདི་འདྲའི་གཟུགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས།། རྟག་ཏུ ་མཚད་པ་བྱས་པར་མཐོང་།། རྡོ་རྗེ་སེམས་ད་རུ་གཟུགས་ཆེན་དང་།། གྲགས་ཆེན་པོ་མཆོག་དག་། ལམ་དག་ན་རང་གཟུགས་མཐོང་།། གླགས་རྒྱན་རྔརྟགས་བ་དང་།། བྱང་ཆུབ་སེམས ་དཔའ་འཁོར་ལོ་ཅན།། སངས་རྒྱས་ཆེན་པོས་ཕྱག་འཚལ་བའི།། རྨི་ལམ་འདི་འདྲ་མཐོང་བར་འགྱུར།། ལུས་ངག་སེམས་ཀྱི་མཐུ་ལུས་སྐྱེས།། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི།། ལྷ་ཡི་བུ་མོ་ཡིད་འོང་དང་།། ཁྱེ ་བུ་མོ་དག་མཐོང་ན།། དེས་ནི་དངོས་གྲུབ་ཐོབ་པ་རོ་འགྱུར།། ཕྱོགས་བཅུ་སངས་རྒྱས་མང་པོ་རྣམས།། ཞིང་ན་གནས་པ་ངེས་པར་མཐོང་།། ཐུགས་ནི་དགྱེས་པར་གྱུར་ནས་ཀྱང་།། ཆོས་མཛོད་ཡིད་དུ་འོང་བ་གསོལ།། ཆོས ་ཀྱི་འཁོར་ལོ་སྒྱུ་མའི་སྐུ།། སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ།། བསམ་གཏན་རྡོ་རྗེ་ལ་གནས་པའི།། དམ་ཚིག་སྦྱོར་བས་མཐོང་བར་འགྱུར།། སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚུལ།། ལྷ་ཡི་བུ་མོ་ལ་སོགས་བརྒྱན།། སངས ་རྒྱས་ཀུན་གྱིས་བྱིན་བརླབས་པས།། བསམ་གཏན་དམ་ཚིག་ཅན་གྱིས་མཐོང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། དེ་ནི་དབང་བསྐུར་མངོན་པར་མཐོང་།། རིག་འཛིན་རྒྱལ་པོ་ཆེན་པོ་ཡིས།། མཆོད་པ་བྱས ་པར་དེས་མཐོང་ངོ་།། རྡོ་རྗེ་ལས་བྱུང་སྣ་ཚོགས་པའི།། རྨི་ལམ་དྲི་མ་མེད་མཐོང་ན།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། སྐྱེས་པ་བླ་ན་མེད་པ་འགྲུབ།། གདུལ་བྱའི་སྦྱོར་ཐེ་ཚོམ་ལ་སོགས།། རྡོ་རྗེ་འཛིན་པས་མཐོང་ནས་ནི།། ་བློ་ལྡན་རྡོ་རྗེ་སེམས་དཔའ་ཡི་སྟེ།། སེམས་ཀྱི་གནས་ནི་འགྲུབ་པར་འགྱུར།། སྐྱེས་བྱ་བླ་གླུསངྱས་ཏེ། དེ་དག་ལུས་བདྨ། རྒྱུན་རྣམས་ཐམས་ཅད་ཡོངས་རྫོགས་པ།། ལཱ་མྦྷ་བྷྲ་མོ་ཡིད་འོང་དང་།། མྱུརུ་དང་བུ་དག ་མཐོང་ནཱ།། དེ་ཡིས་དས་གྲུབ་ཐོཟབ་པར་འགྱུར།། ཞེས་པ་དང་། སྣ་ཚོགས་ཀུན་དགའི་སྐྱེང་མས་ཆེ་ལྟ།། བྷཱུ་ཡ~ཾ་བུ་མོ་ལ་སོགས་པརྒྱ་ན།། ཅེས་བྱ་བ་དང་། ཐ་མལ་པའི་དངོས་གྲུབ་ཀྱི་མཚན་པའོ།། ཐ་མལ་པ་ཉིད་དངོས་གྱུར ་ཆེན་པོའི་མཚན་མའོ།། དེ་བས་ན་གྲུབ་པའི་མཚན་མ་ཐམས་ཅིང་ནི་བཞི་སྟེ། དབབ་པ་དང་། རྨི་ལམྱི་དང་། ལྷའི་ལུང་དང་། ཐ་མལ་པ་ཐམས་ཅད་ནི་མཚན་མའོ།། དེ་རྣམས་ནི་ཅི་རིགས་པར་ཐོབ་པའི་རྣལ་འབྱོར་པས ་ཅི་རིགས་པར་དངོས་གྲུབ་བསྒྲུབ་པར་བྱའོ།། བླ་མ་ཆེན་པོའི་ཞལ་སྟ་ནས་ཀྱང་།། གྲུབ་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས།། དེ་ཉིད་གསུམ་གྱི་ཆོ་གའི་གཞི་སྔགས་པས།། གོང་དུ་གསུངས་པའི་དཀྱིལ་འཁོར་ཆོ་ག་ཡིས། ་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་འགྲུགྱུབ།། ཅེས་གསུང་སོ།། དེ་ལྟར་མཚན་མ་མཐོང་ཞིང་ལྷའི་བཀའ་ཐོབ་པ་དེས་བཞི་པར་གྱུར་པར་བྱ་བའི་ཕྱིར་དགུག་པའི་ཆོ་ག་འམ། གནོད་གནས་པའི་ཚོ་གས་ཇི་ལྟར་གསུངས་པའི ་རིགས་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་བཀུག་སྟེ། སྔགས་ཀྱི་རྒྱུད་ལ་སོགས་པ་ལེགས་པར་བསླབས་ནས་ཇི་ལྟར་བླ་མའི་བཀའ་ལས་བྱུང་བའོ་མན་ངག་གི་བསྟན་པ་ལྟར་བྱས་ནས་དབང་པོར་བཞག་སྟེ་སྒྲུབ་པ་ཆེན་པོ་བརྩ ་པར་བྱའོ།། དེ་ཡང་སྣོད་ལ་ཕྱབ་པའི་ལྷ་གཉིས་ཀྱིས་བྲིས་པའི་རི་མོའི་དཀྱིལ་འཁོར་ལ་གནས་ནས་ཞི་བའི་སྦྱོར་བས་རྣལ་འབྱོར་གསུམ་རྫོགས་པའི་ཏིང་འཛིན་གྱིས་ཇི་སྲིད་བློ་རབ་དང་ཐ་མའི་བྱེ་བྲག་གིས།། ཟླ་བ ་དྲུག་གསུམ་གྱིས་བར་དུ་ཆོ་ག་དེས་བསྒྲུབ་པར་བྱའོ།། དེས་བྱིན་གྱིས་བརླབས་པར་མ་གྱུར་ཅིང་བྱང་ཆུབ་ཀྱང་མ་གྲུབ་ན། དེའི་ཚེ་ཞག་བདུན་ལ་སོགས་དབྱེ་བས་དྲག་ཤུལ་དུ་བསྒྲུབ་པར་བྱའོ།། དེ་ལས་གཞན་པ་དབང་དུ་བྱ་བ་དང་། བསྲུང་བའི ་སྦྱོར་བ་ཡང་བྱའོ།། ལེའུ་བཅོ་བརྒྱད་པ་ལས་ཀྱང་།། དབང་དུ་བྱ་དང་བསྲུང་བ་དང་།། དེ་ཡི་བྱ་བ་རབ་ཏུ་སྦྱར་ཞེས་གསུངས་པའི་ཕྱི་རོ།། དེ་ལ་དྲག་ཤུལ་གྱི་སྦྱོར་བ་ནི་འདི་ལྟ་སྟེ། ལེའུ་བཅུ་པ་ལས་ཀྱང་རང་སྔགས་སྐྱེས་བུ་བསྒོམས་ནས་ནི།། གནས་བཞི ་རྣམས་སུ་གཟུགས་ཀྱི་ཚུལ།། ཞག་གསུམ་ཚུལ་དུ་སྦྱོར་བ་ཡིས།། ཁ་དོག་གསུམ་དུ་རོབ་ཏུ་བསྒོམ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཚང་གིས་དེ་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་འདི་ནི་རྡོ་རྗེ་དམ་ཚིག་གིས་གསང་བའོ།། སྙིང་གའི་གནསུ་ཕྲ་མོ ་ཡི། དཀྱིལ་འཁོར་རྣམས་ནི་དགོད་པར་བྱ།། ཡི་གེ་མཆོག་ཏུ་གྱུར་པའི་ཚིག། དེ་ཡི་དབུསུ་བསམ་པར་བྱ།། རྡོ་རྗེ་ཆེན་པོའི་རྩེ་ལྔ་པ།། རྟག་ཏུ་སྦྱོར་བས་བསྒོམ་པར་བྱ།། རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས།། རྡོ་རྗེ་གསུམ་རྣམས་བསམ་པར་བྱ།། དེ་ཡི་སྙིང་ག ་གདབ་བྱ་སྟེ།། ལྷ་རྣམས་རབ་ཏུ་བསྐུལ་པོར་བྱ།། ཨོཾ་ཨ་ཕཊ་ཛ། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི།། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པའོ།། འཁོར་ལ་པདྨ་རིགས་ལ་སོགས།། རྡོ་རྗེ་སྐྱོ་བ་རྣམ་བསྒོམ་ཞིང་།། སྙིང་ག་རུ་ནི་བསྐུལ་བར་བཤད།། འདི་ན། ་རོལ་མོ་འབྱུང་བ་སྟེ།། རྡོ་རྗེ་ཡི་ནི་ཚུལ་མཆོག་འདི།། ཞག་བདུན་བར་དུ་བྱས་ནས་ནི།། ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་།། སྐུ་དང་གསུང་ཐུགས་འགྲུབ་པར་འགྱུར།། མཆོག་སྩོལ་བ་དག་རྣམ་པར་གཟིགས།། ཡིད་ནི་འཇིགས་ཤིང་སྐྲག་གྱུར ་ནས། ཡིད་ནི་མགུ་ཞིང་དགར་འགྱུར་བའི།། དངོས་གྲུབ་རྒྱ་ཆེན་འགྲུབ་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། སྔགས་ཀྱི་སྤྱོད་པའི་དོན་གྲུབ་པས།། རྨོངས་པས་འགལ་བར་བྱས་ནས་ནི།། དེ་ཡི་སྲོག་ནི་དེར་ཟད་འགྱུར།། ་ཞེས་པ་ལ་སོགས་པས་སྐུ་གསུང་ཐུགས་རླུང་གི་ཤིང་རྟ་ལ་ཞོན་པ་རྣམས་ཀྱིས་མི་གནས་པའི་མྱ་དོན་ལས་འདས་པའི་དབྱིངས་ན་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོའི་ཐུགས་ཀར་ལྕགས་ཀྱུས་བརྡེག་ཅིང་། ད་ནི་དཔལ་ལྡན་ཆེགེ ་མོ་ཞེས་བྱ་བ་ལ་སོགས་པས་བཀའ་བསྒོ་ཞིང་བསྐུལ་ནས་རང་དང་ལྷན་ཅིག་ཏུ་བསྒོམ་པ་དང་། ལེའུ་བཅུ་བཞི་པ་ལས། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ།། མཐེ་བོང་གཉིས་ནི་རབ་ཏུ་བསྡམ།། རྣམ་པར་སྣང་མཛད་ཚུལ་གནས་ཏེ།། ་ཞེས་པ་དོང་། ཡེ་ཤེས་པདྨ་ཁ་དབྱེ་བ།། རྡོ་རྗེ་སོར་མོ་ངེས་པར་བཞུག། འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ་ཞེས་པ་དང་། རྩེ་མོ་ལྔ་པ་བཅིངས་ནས་ནི།། འོད་འཕྲོ་མང་པོ་འཁྲུག་ཅིང་འབར།། རྡོ་རྗེ་སེམས་དཔའ་མཉམ་གཞག་ལ།། ཞེས། ་བྱ་བའི་རིམ་པས་རྣམ་པར་སྣང་མཛད་དང་སྤྱན་གཉིས་དཀྲིས་ལ་རྡོ་རྗེ་པདྨ་སྦྱར་ཏེ་གདབ་པ་དང་། སྣང་བ་མཐའ་ཡས་དང་ན་བཟའ་དཀར་མོ་དཀྲིས་ཏེ་པདྨ་ཁེ་ཕྱེ་བའི་ཚུལ་དུ་འོད་ཟེར་དང་ལྡན་པའི་རྡོ་རྗེ་བཞག་ནས་གདབ་པ་དང་། ་མི་བསྐྱོད་པ་དང་མཱ་མ་ཀཱི་དཀྲིས་ཏེ་རྩེ་མོ་ལྔ་པའི་གསང་བའི་རྡོ་རྗེ་ཆོས་འབྱུང་གི་ནང་དུ་ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པ་བསམས་ཏེ། གདབ་པ་སྟེ། དེ་ལྟར་རྡོ་རྗེ་དང་པདྨ་སྦྱར་ནས་ཐམས་ཅད་གནག་ཅིང ་ཁྲོས་པར་བསམས་ལ། རང་གི་རིག་མའི་ཆོས་འབྱུང་གི་ནང་དུ་ཆུད་པའི་གྲུ་གསུམ་མེའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པོར་སྣང་མཛད་ལ་སོགས་པ་དཀར་པོ་ལ་སོགས་པ་དམ་ཚིག་ལ་བསྙེངས་པར་བསམས་ལ། རང་གི་རིགས་དང་འབྲེལ་པའི ་ཕུར་བུས་གཤིན་རྗེ་གཤེད་པོ་ལ་སོགས་པ་རང་གི་གསང་བའི་རྡོ་རྗེ་ལས་ཕྱུང་སྟེ་གནས་རྣམསུ་བསྟན་ནས་དངོས་གྲུབ་ཆེན་པོ་དགུག་པ་ཞག་བདུན་ལ་སོགས་པའི་བར་དུ་བྱས་ནས་མཆོག་གི་ཡང་མཆོག་གི་བསྙེན་བསྒྲུབ་བཞི་ལ་གནས ་ནས་ཆོ་ག་འདི་ཐམས་ཅད་མ་ལུས་པར་བསམ་པར་བྱའོ།། དཔུང་པ་རབ་བརྐྱང་མགུལ་པ་ནས།། མི་གཡོ་ཞིང་ནི་བསྟན་པར་འཁྱུད།། བརླ་གཉིས་རབ་ཏུ་བློ་ལྡན་པས།། བུང་བའི་ཚུལ་དུ་རྩེ་བར་བྱ།། འགྱིང་བག་སྟབས་ཀྱིས་འཁྱུད་ནས་ནི།། གཡོན ་གྱི་སྤྱི་བོར་རབ་བརྟན་ནས།། གཡས་ཀྱིས་ཀོ་ཀོ་བཏེགས་ན་སུ།། མ་མཆུ་བཞིབ་ཅིང་སྦྱོར་བ་བརྩམ།། སེང་སྒྲའི་སྔགས་ནི་བརྗོད་ནས་ཀྱང་།། དཔུང་པའི་བར་དུ་རབ་བྱས་ལ།། ཁ་ཡིས་དེ་ལ་རྩེ་བར་བྱ།། རྣ་བ་དེ་བཞིན་མཆན་ཁུང་དང་།། མགྲིན་པའི་བློ། ་དང་སུམ་མདོ་རྣམས།། སེན་མོ་རེ་མོས་གདབ་བྱ་ཞིང་།། ཡང་དང་ཡང་དུ་བྱུག་པ་དང་།། གཡོན་གྱིས་པདྨ་མཉེ་བ་དང་།། ལག་པ་སྦྱོར་བའི་དཀྱིལ་འཁོར་ལ།། རྡོ་རྗེ་གཡོན་གྱི་སོར་མོ་གསུམ།། ཆོས་འབྱུང་ནང་དུ་བུད་ཅིང་།། ཧཱུཾ་ཡིག་ལས་བསྐྱེད་རྡོརྗེ ་ཡི།། འོད་ཟེར་སྣ་ལྔ་འཕྲོ་བཱ་ཡི།། བྱང་ཆུབ་སེམས་ཀྱི་ན་རི་ལ།། ལྕེ་དེ་ཡིས་ནི་བསྐྱོད་ནས་ཀྱང་།། སྔགས་འདི་ཆེད་དུ་བརྗོད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་གཱ་ན་བཛྲ་སྭ་བྷཱ་བཱ་ཨཱཏྨ་ཀོ&ཧཾ། དེ་ཡིས་བསྐུལ་བ་ཙམ་གྱིས་ནི།། སྙིང་འདར ་དྲན་པ་ཉམས་པར་འགྱུར།། སྤྱི་བོ་སྐྲ་གྲོལ་གོས་ཀྱང་འདོར།། འབྱུང་བའི་རྡུལ་ཆུས་ཀུན་ཏུ་ཁྱབ།། བརྟེན་པའི་ངང་ཚུལ་ཤོར་ནས་ནི།། རང་གི་བ་སྤུ་ཀུན་ཀྱང་གཡོ།། དམར་བའི་མིག་ནི་ཕྲ་བར་བལྟ།། བདག་ཉིད་མགུལ་ནས་ཡང་འཁྱུད ་ནས། དགའ་བའི་དབྱངས་ཀྱིས་གླུ་བླང་ཞིང་།། སིང་སྒྲའི་སྔགས་ནི་བརྗོད་པར་བྱ།། དེ་ལྟ་བུའི་ཚོགས་སྒྲུབ་པའི་གནས་སྐབསུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་སྦུབསུ་ཨཱ་ལི་དང་ཀཱ་ལི་དང་། མ་ད་ན་པྲ་ཏྲ་དང་། ཀུན་མ་ཀ་དང་། ཤང་ཤིང ་ཀ་དང་། ན་རཱི་གསུམ་སྟེ་ཀུན་ལས་བསྐུལ་ཞིང་བསྐྱོད་པས་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གཉིསུ་མེད་པ་རྣམས་བཞི་པའི་དུ་སུ་དྲི་མ་མེད་པའི་རྒྱུན་ལྟ་བུར་ཞུ་བར་གྱུར་པའི་དུསུ་བདག་དངོས་པོ་ཐམས་ཅད་ཀྱི་རང ་བཞིན་དུ་མཐོང་སྟེ་དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ཆོས་ཟབ་མོ་དང་ཡང་དག་པར་གསོལ་བ་གོང་དུ་སྨོས་པ་ལྟར་རྟོགས་པ་དེ་ལས་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ།། རྩ་བའི་རྒྱུད་ལས ་ཀྱང་། རྡོ་རྗེ་ཉི་མ་ནུབ་ནས་ཀྱང་།། བསྒྲུབ་པ་ཀུན་ཏུ་བརྩམ་པར་བྱ།། སྐྱ་རེང་ཤར་བའི་དུསུ་ནི།། སྐྱེས་བུ་དེ་ནི་འགྲུབ་པར་འགྱུར། ཞེས་གསུང་སོ།། དེ་ཉིད་ལས། ཆགས་པའི་ཡིད་ཀྱིས་འདོད་པ་ཡིས།། རྟག་ཏུ་འདོད་པའི་ཡོན་ཏན ་བསྟན་ཞེས་གསུང་སོ།། དེ་ནས་རྣལ་འབྱོར་པ་ཆེན་པོ་དེ་ཕྱིས་མཆོག་ཏུ་འགྱུར་ཞིང་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་བ་རྣམས་ཀྱི་དོན་དུ་གོང་མའི་འོད་གསལ་བའི་ངོ་བོ་ལས་བཞེངས་ཏེ། ་རྟག་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ནས་དེ་རྣམས་ཀྱི་དོན་མཛད་དོ།། བླ་མའི་ཞལ་སྔ་ནས་ཀྱང་།། ཡང་དག་ཡེ ་ཤེས་དབང་ཐོབ་པས།། གཟུགས་བརྙན་བདག་ཉིད་སྤྱི་གཟུགས་ཀྱིས།། དཀྱིལ་འཁོར་གསུམ་གྱི་མཐོའ་ཡས་ཁམས།། འགྲོ་བའི་ཕན་འདོགས་བྱེད་པའོ།། ཞེས་གསུངསོ།། དེ་བས་ན་གཞན་སྡུག་བསྔལ་གྱི་ལམ་གྱིས་བསྐལ ་པ་ཆེན་པོ་གསུམ་ན་བླ་ན་མེད་པའི་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ཀྱང་འདི་ལྟ་བུའི་དཔལ་དང་ལྡན་པའི་ཀུན་ནས་བཀྲ་ཤིས་པའི་ངོ་བོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་དུ་གྱུར་པ། ཚེ་འདི་ལ ་ཐོབ་པའི་ལམ་འདི་སྐྱེས་བུ་སུ་ཡིས་མི་བསྒོམ། བསྒོམ་པར་བྱ་བ་ཁོ་ན་ཡིནོ།། དེ་བས་ན་བདག་གི་བླ་མ་ཆེན་པོའི་ཞལ་སྔ་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་དང་།། གསང་སྔགས་ལ་མཆོག་ཏུ་གཞོལ་བའི་སེམས་ཅན་རྣམས་བཟུང ་བར་བྱ་བའི་དོན་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དང་། དེ་ལས་གཞན་པའི་རྒྱུད་རྣམས་དང་། བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཏུ་ཡང་དག་པར་བལྟས་ནས་རྣལ་འབྱོར་ཆེན་པོ་མངོན་དུ་བྱས་ཏེ་ཚིགས་སུ ་བཅད་པ་དང་། དེ་བརྐྱང་བ་ལ་སྩོགས་པའི་སྒོ་ནས་ཚིག་སྙན་ཅིང་ཡིད་དུ་འོང་བ་དང་སྒྲུབ་པའི་ཐབས་ཀྱི་རིམ་པ་སྒྲོན་མ་ལྟ་བུ་རྣམས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟོག་པར་བྱ་བའི་དོན་དུ་སྦས་པ་ལྟ་བུ་རྣམས་བྱུང་སྟེ ་རྣམ་བྱར་དགོད་པ་མཛད་དོ།། ཁོ་བོས་ཀྱང་བླ་མ་ཆེན་པོ་དེའི་མན་ངག་སྙན་ཁུང་ནས་བརྒྱད་པ་རྣམས་བློ་ལ་གནས་བཞིན་པར་བྱས་ནས། སྐྱེ་བོ་རྣམས་གཟུང་བར་བྱ་བའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱི་བཀོད་པའི་རིམ་པ་ཅུང་ཟད་བསྟན་པར ་བྱས་སོ། ལ་ལ་ནི་བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མན་ངག་སློབ་དཔོན་དག་གི་ཞལ་སྔ་ནས་མེ་ཐོབ་ཅིང་། གཞན་དག་ནི་རིགས་པ་མ་ཡིན་པའི་ཤགས་ཙམ་ལ་བརྟེན་ནས་བདག་ནི་རྣལ ་འབྱོར་པའི་མན་ངག་ཡང་དག་པར་ཐོབ་བོ་ཞེས་རློམ་སེམས་ཤིང་། གཞན་དག་ལ་ཡང་དེ་ལྟར་བསྐྱེད་པ་དེ་ནི་བསྐལ་པ་ཁྲག་ཁྲིག་གི་བར་དུ་ཡང་། བདག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མི་འགྱུར ་སློབ་དཔོན་ཆེན་པོ་ཤཱཀྱ་མི་ཏྲའི་ཞལ་སྟ་ནས་ཀྱང་། གང་ཞིག་བླ་མའི་ཞལ་ནས་བྱིན་གྱིས་བརླབས་པའི་མན་ངག་ནི། མ་ཐོབ་བཞིན་དུ་རིགས་མིན་ཆོས་ལ་བརྟན་གྱུར་ནས།། བདག་ནི་རྣལ་འབྱོར་ཆེན་པོ་ཡིན་ཞེས་གང་སྨྲ་བ།། བླུན་ཆེན ་སྐྱེ་བོ་དེ་ནི་རྒྱལ་བ་རྣམས་དང་ངས་མི་འདོད།། ཅེས་གསུང་སོ།། དེ་བས་ན་སྐྱེས་བུ་དམ་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་འདོད་ན། རང་གི་ལྷག་པའི་ལྷ་སློབ་དཔོན་ཆེན་པོ་ཐབས་ཐམས་ཅད་ཀྱིས་མཉེས་པར ་བྱས་ཏེ། དེའི་ཞལ་སྔ་ནས་བྱིན་གྱིས་བརླབས་པའི་རིམ་པའི་མན་ངག་ཐོབ་པར་བྱས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པས་གོང་དུ་སྨོས་པ་ལྟར་འཇུག་པར་བྱས་ནས་ཞུགས་པས་ཀྱང་ཚེ་འདི་ཉིད་ལ་དངོས ་གྲུབ་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུར་རོ།། དེ་སྐད་དུ་རྩ་བའི་རྒྱུད་ལས་ཀྱང་། འདིས་ནི་དེ་བཞིན་གཤེགས་པའི་སྐུ།། རྡོ་རྗེ་འཛིན་པའི་ཐུགས་དང་ནི།། ཆོས་འཛིན་མཆོག་གི་གསུངས་དག་ཀྱང་།། ཚེ་འདི་ཉིད་ལ་ཐོབ་པར ་འགྱུར་། སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ།། གང་གཞན་ཕ་མེར་བཤད་པ་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ།། བཟླས་པ་ཙམ་གྱིས་དེ་འགྲུབ་འགྱུར་ཞེས་གསུང་སོ།། དཔལ་ལྡན་ཡ་རིགས་ཞབས་ནི་བླ་ན་མེད་པ ་ཐུགས་རྗེ་ཆེན་པོ་ཡི།། དྲིན་གྱིས་སྣང་བས་ཁེབས་ཕྱིར་བདག་ནི་བླ་ན་ཡང་ཅུང་ཟད་ཙམ་དུ་ཕྱེ།། དེ་ཡི་དགེ་བ་ཟླ་བ་ལྟ་བུར་འདུག་པ་དེ་ཡིས་སྐྱེས་བུ་མ་ལུས་རྣམས།། འཇམ་རྒྱལ་ཐོབ་ནས་འདུད་ལས་རྒྱལ་འགྱུར་ཟབ་ཅིང ་རྒྱ་ཆེའི་དོན་རྟོགས་ཤོག། བདག་གི་དོན་འགྲུབ་པར་བྱེད་པ་ཞེས་བྱ་བ། རྣལ་འབྱོར་གྱི་བྱ་བའི་རིམ་པ། སློབ་དཔོན་ཆེན་པོ་པེ་ཏ་པཱ་དས་མཛད་པོ་རྫོགས་སོ།། །། རྒྱ་གར་གྱི ་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་