| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཡོ་ག་སཱཔྟ་ནཱ་མ་ཙཾ་ཏུ་ར་བྷི་ཥེ་ཀ་ར་ཎ། བོད་སྐད་དུ། སྦྱོར་བ་བདུན་པ་ཞེས་བྱ་བ་དབང་བཞིའི་རབ་ཏུ་བྱེད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལོ།། གང་ཞིག་དཔེ་མེད་ཚུལ་ལྡན་པ།། གཉིས ་མེད་བདེ་ཆེན་རང་བཞིན་མེད།། ཐུགས་རྗེས་རྒྱས་ཤིང་བར་ཆད་མེད།། འགོག་མེད་སངས་རྒྱས་དེ་ལ་འདུད།། རྒྱུ་དང་མི་རྒྱུ་ཀུན་ཁྱབ་པ།། གང་གི་སྙིང་གི་པད་དབུས་སུ།། མི་ཤིགས་ཐིག་ལེ་དབུས་གནས་པ།། གཞོམ་མེད་ཆོས་ལ ་ཕྱག་འཚལ་ལོ།། དེ་འདྲ་རབ་ཏུ་སྟོན་བྱེད་པ།། སེམས་ནི་དེ་ཉིད་ལ་བཞག་པ།། གཡང་སའི་ལམ་སྒྲོལ་དགེ་འདུན་ཆེ།། བླ་མ་དམ་པའི་ཞབས་ལ་འདུད།། ལམ་གྱི་རིམ་པ་སྔོན་འགྲོ་བ།། དཀྱིལ་འཁོར་དམ་ཚིག་དབང་སོགས་ཏེ།། བུམ་པ ་ལོ་སོགས་རིམ་པ་ཡིས།། དབང་གི་དབྱེ་བ་ཅུང་ཟད་བརྗོད།། དཀྱིལ་འཁོར་ལ་སོགས་ཆོ་ག་ཡིས།། ཐར་ཆེན་ཡང་དག་བསླུ་བ་སྟེ།། དེ་ཉིད་མེད་པས་མི་འགྲུབ་པས།། བཞི་པའི་དོན་ནི་ཡང་དག་བཤད།། ཐམས་ཅད་མཁྱེན་པས་ཇི་སྐད ་དུརྒྱུ་རྣལ་འབྱོར་ཆེན་པོའི་རྒྱུད་བསྟན་ལ།། དབང་ནི་རྣམ་པ་གསུམ་དྲག་ཏུ།། རྒྱུད་འདི་ལས་ནི་རབ་ཏུ་བཤད།། བུམ་པའི་དབང་ནི་དང་པོ་སྟེ།། གཉིས་པ་ལ་ནི་གསང་བའི་དབང་།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། དེ་ལྟར་དེ་བཞིན ་བཞི་པ་ཡང་།། བླ་མའི་བཀའ་ལས་ཤེས་པར་བྱ།། དབང་ནི་དང་པོ་དབྱེ་བ་ཡང་།། ཅུང་ཟད་ཀྱང་ནི་བཤད་བྱ་སྟེ།། རྒྱུ་ཡི་སློབ་དཔོན་ཆེན་པོ་ཡིས།། ད་ནི་ཡང་དག་བསྐུར་བར་འདོད།། ཡུལ་མཁར་ཁྱིམ་དང་གླང་པོ་སོགས།། རྗེས་མཐུན ་དེ་ལ་དབུལ་བར་བྱ།། ད་ཡཱ་ཐུན་མང་གཞན་པ་ཡི།། སྡོམ་པ་སྣད་དུ་རུང་ཕྱིར་སྦྱིན།། རི་མོ་དང་ནི་ལུས་ཀྱི་ནི།། དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ།། རིག་དང་འདི་རྒྱུ་སློབ་དཔོན་དབང་།། ཆོ་གའི་རིམ་པ་གཞན་དུ་བཤད ་དེ་ཡི་རང་གི་ངེ་བེ་ནི།། སྐུ་ཡི་རྡོ་རྗེའི་རང་བཞིན་ནོ།། སྲོག་གཅོད་ལ་སོགས་སྔ་ཕྱི་ཡི།། ངག་དྲང་ཉེས་པོར་མི་འགྱུརརོ།། ཐབས་ཀྱིས་ཁྱད་པར་འཕགས་པའི་ཕྱིར།། ས་བརྒྱད་པ་རུ་ཡང་དག་བཤད།། སྦྱོར་གསུམ་ཡན་ལག་བཅས་པ ་རུད། དེ་ལ་ཡང་དག་བསྟན་པར་བྱ།། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས།། སྣང་སྲིད་དབེན་པར་རྟོག་པའོ།། སྣོད་དུ་རུང་ཕྱིར་བུམ་པ་སྟེ།། བླུགས་གཽཏོར་དག་པར་བྱེད་པས་དབང་།། འདི་ནི་ཡང་དག་རྒྱུ་རིམ་པའི།། ལུང་གིས ་ངེས་པར་བཤད་པའོ།། དང་པོའི་དབྱེ་བ་བསྟན་ནས་ནི།། གཉིས་པ་ཡང་ནི་བཤད་བྱ་སྟེ།། རྒྱུ་དང་རྐྱེན་གྱི་སློབ་དཔོན་གྱིས།། དབང་བསྐུར་དེ་ནི་ཡང་དག་ཐོབ།། གསར་དང་དངུལ་ལ་སོགས་པ་ཡི།། རྗེས་མཐུན་དེ་ལ་དབུལ་བར་བྱ།། སྲོག ་གཅོད་ལ་སོགས་ཐུན་མོང་བའི།། སྡོམ་པ་སྣོད་དུ་རུང་ཕྱིར་སྦྱིན།། ལྷག་པ་བྱང་སེམས་ཞེས་བྱ་བའི།། དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ།། བློ་ཡི་བྱེ་བྲག་གིས་བསྐུར་བའི།། ཆོ་གའི་རིམ་པ་གཞན་དུ་བཤད།། དཱ་ཡི་རང་གི་ངོ་བོ་ནི།། གསུང ་གི་རྡོ་རྗེའི་རང་བཞིན་ནོ།། རྫུན་ལ་སོགས་པ་སྔ་ཕྱི་ཡི།། ངག་དང་ཉེས་པར་མི་འགྱུརརོ།། ཐབས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར།། དགུ་དང་བཅུ་ལ་ཡང་དག་གནས།། རྡོ་རྗེ་བཟླས་པའི་ངོ་བོ་ཡིས།། སྒྱུ་འདྲའི་ཏིང་འཛིན་བསྟན་པར་བྱ།། མིག ་སོགས་ནང་གི་ཆོས་རྣམས་ཀྱི།། སྣང་སྲིད་དབེན་པར་རྟོགས་པའོ།། བསྒྲགས་མིན་ཕྱིན་ན་གསང་བ་སྟེ།། ཐུགས་གཏོར་དག་པར་བྱེད་པས་དབང་།། འདི་ཡང་བརྒྱུད་པའི་རིམ་པ་ཡིས།། ལུང་གཱི་ཡང་དག་བཤད་པའོ།། གཉིས ་པའི་དབྱེ་བ་བསྟན་ནས།། གསུམ་པ་ཡང་ནི་བསྟན་པར་བྱ།། རྒྱུ་དང་རྒྱུན་དང་ལྡན་ཅིག་བྱེད།། སློབ་དཔོན་གསུམ་གྱིས་ཐོབ་པའོ།། པདྨ་རཱ་ག་པུར་ཤ་སོགས།། རྗེས་མཐུན་དེ་ལ་དབུལ་བར་བྱ།། དཀྱིལ་འཁོར་བྲི་བ་ལ་སོགས ་འགོག། སྡོམ་པ་མཆོག་ནི་སྦྱིན་པའོ།། བྷ་ག་རྣམ་དགྲ་ཞེས་བྱ་ཡི།། དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ།། ཤེས་རབ་དབང་དང་ཡེ་ཤེས་དབང་།། ཆོ་གའི་རིམ་པ་གཞན་དུ་བཤད།། དེ་ཡི་རང་གི་ངོ་བོ་ནི།། ཐུགས་ཀྱི་རྡོ་རྗེའི་རང་བཞིནོ།། ་བརླབ་སེམས་ལ་སོགས་སྔ་ཕྱི་ཡི།། དག་དང་ཉེ་བར་མི་འགྱུར་རོ།། ཐབས་ཀྱི་ཁྱད་པར་ཕྱེ་བའི་ཕྱིར།། རྡོ་རྗེ་ལྟ་བུར་ཡང་དག་གནས།། མཆོག་གི་དངོས་གྲུབ་གྲུབ་པའི་ཕྱིར།། བརྟུལ་ཞུགས་ཆོ་ག་དེ་ལ་བསྟན།། གཟུང་དང ་འཛིན་པའི་ངོ་བོ་ཡིས།། ཆོས་ཀུན་དབྱེན་པར་རྟོགས་པའོ།། ཤེས་རབ་ལས་ཀྱིས་ཡེ་ཤེས་ཏེ།། མ་རྟོགས་རྟོགས་ཕྱིར་དབང་ཡིན་ནོ།། འདི་ཡང་བརྒྱུད་པོའི་རིམ་པ་ཡི།། ལུས་ཀྱིས་ཡང་དག་བཤད་པའོ།། ད་ནི་ཡང་དག ་བཤད་བྱ་བ།། བཞི་པ་མངོན་པར་བྱང་ཆུབ་པ།། བླ་མའི་ཞལ་ནས་ངེས་ཐོབ་པ།། སྦྱོར་བ་བདུན་གྱི་དེ་ཉིད་བཤད།། རང་བཞིན་གནས་ཕྱིར་སློབ་དཔོན་མེད།། རིན་ཐང་མེད་ཕྱིར་ཡོན་མེད་དེ།། སྡོམ་པ་པས་ནི་སྡོམ་པ་མེད།། ་དེ་ཉིད་དཀྱིལ་འཁོར་དཀྱིལ་འཁོར་མེད།། སྟོབས་ཀྱིས་ཐོབ་ཕྱིར་དབང་མེད་དེ།། སྨྲ་བས་རང་གང་བ་མེང་།། ཆོས་ཀུན་གཉེན་པོ་གཉེན་པ་མེད།། རྡོ་རྗེ་འཛིན་གནས་ས་མེད་དེ།། རང་བཞིན་མེད ་ཆོ་ག་དང་།། ལྟ་བ་ངེས་ཚིག་མེད་པ་རུ།། བླ་མ་ཡིས་ནི་ཡང་དག་བཤད།། ཤེས་རབ་ལས་སྐྱེས་ཡེ་ཤེས་ནི།། བཞི་པ་ཡིན་པར་ཤེས་པར་བྱ།། མཁའ་གཉིས་རབ་ཏུ་སྦྱོར་བ་ཡིས།། མན་ངག་ཏུ་ནི་དེ་ཉིད་བརྟག། ལེགས་པར་གོམས། ་པའི་ཕྱག་རྒྱ་ལས།། འབད་པའི་བྱ་བས་རྟོགས་པ་ན།། འདོད་ཆགས་ཆགས་བྲལ་བར་མ་སྟེ།། སྦྱོར་བ་བདུན་གྱི་མཚན་ཉིད་དོ།། ན་མཁའི་ཁམས་ནི་རྡོ་རྗེ་སྦྱོར།། ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་།། གང་གང་ཡང་དག་དགའ་བྱེད ་ཆགས།། དགའ་གཉིས་པག་ཏུ་དབེན་ཉིད་མཐོང་།། པདྨའི་དཀྱིལ་དུ་རྡོ་རྗེ་ནོར།། པད་སྙིང་ལ་ནི་འབྱོར་པ་སྟེ།། རྡོ་རྗེའི་སྐྱིལ་མོ་ཀྲུང་ནང་སེམས།། ནོར་བུ་བར་དུ་མཐོང་བྱས་པས།། གང་དེ་ཉིད་ནི་ཡི་ཤེས་ཏེ།། འདི་ཉིད་རྫོགས་པའི་རིམ ་པ་རུ་ས་བླ་མའི་ཞལ་སྔ་ནས་ཀྱིས་བཤད།། དེ་ལ་སྦྱོར་བ་བདུན་གྱི་ནི།། རིམ་པ་བཞི་པ་ཤེས་པར་བྱ།། ཅི་ལྟ་ཞེ་ན། ལེགས་པར་བསྒོམས་དང་ལྷན་ཅིག་ཏུ།། ཇི་སྐད་བཤད་པའི་ཆོ་ག་ཡིས།། ནང་ནས་འཁོར་ལོ་གསལ ་བྱཱབྱ་སྐྱེད།། སོར་མོ་ཅུང་ཟད་གོ་བྱས་ཏེ།། སྙིང་འདར་དྲན་པོ་ཉམས་པ་དང་།། སྤྱི་བོར་སྐྲ་གྲོལ་གོས་ཀྱང་འདོར།། རྡུལ་ཆུ་ཐིགས་པས་ལུས་ཀུན་ཁྱབ།། བརྟན་པའི་ངང་ཚུལ་ཤོར་ནས་ནི།། རང་གི་བ་སྤུ་ཀུན་ཀྱང་གཡོ།། མིག་དམར། ་ཕྲ་བས་རབ་བལྟས་པའི།། དགའ་བའི་ཡེ་ཤེས་ཡང་དག་འབྱུང་།། རྟག་པའི་མདོག་གིས་ཡང་དག་བརྒྱན།། དེ་ནི་དཔེ་མེད་བདེ་རྫོགས་སོ།། ནམ་མཁའ་ལྟ་བུའི་སྐུ་ལ་ནི།། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ།། འཇའ ་ཚོན་ལྟ་བུར་རབ་གསལ་བ།། གསལ་བ་ཉིད་ན་མ་སྐྱེས་པའི།། སྐུ་ཆེན་དང་དུ་བླངས་གྱུར་ན།། ཆོས་ཀྱི་སྐུ་དང་སྤྲུལ་སྐུ་ཡང་།། སྟོབས་ཀྱིས་འབྱུང་བར་འགྱུར་བའོ།། རྡོ་རྗེ་འཛིན་པ་ཆེན་པོ་ཡི།། སྐུ་ཚོ་བལྟས་བྱས་མི་ངོམས་པའི ་ཞལ་གསུམ་ཕྱག་དྲུག་ལྟར་སྣང་བ།། མཆོག་ཀུན་ལྡན་པས་རིག་མས་འཁྱུད།། ཤེས་རབ་ཡེ་ཤེས་དབང་དུས་སུ།། མཚན་ཉིད་དེ་ཡི་ཚུལ་དུ་གནས།། ཡེ་ཤེས་དབང་དུ་གྱུར་པ་ཡིས།། བརྟུལ་ཞུགས་ལ་སོགས་རིམ་པ་ཡིས ་གནས་ནས་དེ་ཡི་དོན་སྒྲུབ་ཚེ།། དེ་ཡི་དུསུ་དེ་འཐོབ་པའོ།། དཔེ་མེད་བདེ་རྫོགས་ཀྱི་ལེའུ་སྟེ་དང་པོའོ།། ། དཱ་ནི་རབ་ཏུ་བཤད་བྱ་བ།། དཔེ་མེད་བདེ་རྫོགས་སྐུ་དེ་ཡང་།། ཕ་རོལ་ཕྱིན་པའི་རྟོགས་སྐུ་ལས།། ་ཁྱད་པར་མཐོང་བར་བྱ་བའི་ཕྱིར།། རང་འོད་རིག་མ་དང་ལྡན་པས།། སྦྱོར་བ་གཉིས་པ་བཤད་པར་བྱ།། གཉིས་མེད་དང་བྲལ་སྐུ་ད་ནི།། ལོངས་སྤྱོད་རྫོགས་པ་ཙམ་ཡིན་ལ།། དེ་དང་མཉམ་པ་དག་པའི་ཕྱིར།། རང་གི་རིག་མེས་འཁྱུད ་པཔའོ།། དེ་ལ་གཉིས་ཀྱི་སྤྲོས་མེད་པས།། དངོས་པོ་ཀུན་ལ་མི་ཟིན་པའི།། རྒྱུ་ནི་དེ་ལ་ཡོད་པའོ།། དེ་འདྲ་མ་ཡིན་འདི་ལ་ནི།། གཉིས་མེད་པ་དང་ལྡན་པའོ།། འདོད་ཆགས་ཆེན་པོའི་བདེ་བ་ཡིས།། འདོད་པའི་འབྲས་ཆེན་རབ་སྦྱིན་པས།། དེ ་པས་རྒྱུད་ཆེན་འདི་ལས་ནི།། སྦྱོར་བ་འདི་ནི་བཤད་པ་ཡིས།། ཡེ་ཤེས་དང་ནི་ཆོས་ཉིད་དང་།། དོན་དམ་དང་ནི་ཀུན་རྫོབ་དང་།། ཐབས་ཆེན་དང་ནི་ཤེས་རབ་སྟེ།། བདེ་བ་དང་ནི་བྱང་སེམས་སོགས།། དེ ་ལྟར་གཉིས་ཀྱི་རྣམ་པ་ཀུན།། དབྱེར་མེད་མཚོན་ཕྱིར་གཉིས་མེད་དེ།། སྒྱུ་མའི་སྐྱེས་བུ་བུད་མེད་ལས།། ཤེས་རབ་ཡེ་ཤེས་དབང་དུས་སུ།། དགའ་བའི་ཡེ་ཤེས་དུས་སུ་ནི།། ཁྱད་པར་གཉིས་མེད་རང་འབྱུང་བ།། གཉིསུ་མེད་པར་དེ་ལ ་བཤ་།། རྣལ་འབྱོར་གསུམ་པས་བརྟུལ་ཞུགས་ཀྱི།། སྤྱོད་པའི་ཚེ་ནི་དེ་བཞིན་དུ།། གཉིས་མེད་འགྱུར་བར་འགྱུར་བ་རུ།། ངེས་པ་ཉིད་དུ་བཤད་པ་ཡིན།། གཉིས་སུ་མེད་པའི་སྦྱོར་བ་སྟེ་གཉིས་པའོ།། ། ་ད་ནི་རབ་ཏུ་བཤད་བྱ་བྱ།། དགའ་བ་བྱར་མའི་ཡེ་ཤེས་མཆོག། ཆོས་སྐུར་ཡང་དག་ངེས་པ་ཡི།། ལུས་སེམས་གཉིས་མེད་བྱེད་བཤད་པ།། བདེ་བ་དེ་ནི་མ་ལུས་ཀྱི།། སེམས་ཅན་ཀུན་ལ་གནས་གྱུར་ཀྱང་།། དེ་ལས་འདི་ནི་ཁྱད ་མཐོང་ཕྱིར།། ཆེན་པོ་རུ་ནི་རབ་ཏུ་འདོད།། རྒྱས་པ་དང་ནི་སིམ་པ་དང་།། ཉོན་མོངས་མེད་དང་བྱར་ཆད་མེད།། ཁྱབ་ཅིང་འགོགྲྀ་པ་ཡོད་མེད་པར།། ཇི་སྲིད་འཁོར་བ་གནས་ཀྱི་བྱར།། རྒྱུན་མི་འཆད་པའི་ཚུལ་གྱིས་སུ།། དེ་ཉིད་དུ་ནི ་རབ་ཏུ་འཇུག། དེ་འདྲའི་བདེ་ཆེན་ཁྱད་པར་ནི།། ཤེས་རབ་ཡེ་ཤེས་ལ་ཡང་མེད།། ལེགས་གོམས་ཕྱག་རྒྱ་རྟོགས་པ་དང་།། མི་རྟག་ཞིང་ནི་ཉོན་མོངས་དང་།། རྡོ་རྗེ་པདྨ་བསྐྱོང་དུ་སུ།། རྡུལ་ནི་ཚ་བ་དྲག་པ་དང་།། ཀུན་ལ་མ་ཁྱབ་ཕྱིར ་དང་ནི། ལུས་ཀུན་ལ་ནི་མ་རྒྱས་དང་།། ནོར་བུ་ཙམ་ལ་གནས་པ་དང་།། ཡུད་ཙམ་གྱིས་ནི་འགོག་པ་སྟེ།། དེ་ཕྱིར་ཆེན་པོ་ཞེས་མི་བྱ།། འོན་ཀྱང་ཤེས་རབ་ཡེ་ཤེས་ལ།། བདེ་ཆེན་མཚན་ཉིད་གཟུགས་གནས།། དེ་བས་ལེགས་གོམས ་ཕྱག་རྒྱ་ལས།། ཨུ་དུམ་བ་རའི་མེ་ཏོག་ལྟར།། རླུང་དང་རང་གི་བྱ་བ་ཡིས།། སྐྱེས་བུ་གང་ལ་ཐུང་གཅིག་ཏུ།། བདེ་བ་དེ་ཉིད་རྡོ་རྗེ་རུ།། འདུག་བྱས་འདཱུར་བའི་དུས་སུ་ནི།། སྐྱེས་བུ་དེ་ཡིས་རབ་ཏུ་བརྟག། མ~ཾ་གནས་ཀྱང་ནི་མི་བསྐུ་རི་ཕྱིར།། 8 ་བ་ཆེན་པོ་ཞེས་སུ་བཤད།། འདི་ནི་དངོས་པོ་ཐམས་ཅད་ཀྱིས།། མཐའ་ཡི་དེ་བཞིན་ཉིད་ཡིན་པར།། བླ་མ་མཆོག་རྣམས་ཀུན་གྱིས་བཤོད།། སྦྱོར་བ་གཞན་ཀུན་སྦྱོར་བ་འདིའི།། ཡན་ལག་ཏུ་ནི་ཤེས་པར་བྱ།། རྣལ་འབྱོར་ཡེ་ཤེས ་དབང་གྱུར་པས།། བརྟུལ་ཞུགས་ལ་སོགས་རིག་མ་ཡིས།། གནས་ནས་དེ་ཡིས་དོན་སྒྲུབ་ཆེ།། དེ་ཡི་དུས་སུ་དེ་ཐོབ་པའོ།། བདེ་བ་ཆེན་པོའི་སྦྱོར་བ་སྟེ་གསུམ་པའོ།། །། ད་ནི་རབ་ཏུ་བཤད་བྱེ་བ།། དངོས ་པོ་ཀུན་ལ་རྣལ་འབྱོར་གྱིས།། ཕྱིན་ཅི་ལོག་རབ་ཏུ་བཟློག་པའི་ཕྱིར།། སྦྱོར་བ་བཞི་པ་བཤད་པར་བྱ།། རང་བཞིན་མེད་ཕྱིར་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན་དང་།། བྲལ་ཕྱིར་སྟོང་པ་ཉིད་དུ་གསུངས།། དངོས་པོ་ཀུན་ལ་མུ་སྟེགས ་དང་ད་ཉན་ཐོས་གཉིས་དང་རྣམ་ཤེས་སྨྲ།། དབུ་མ་པ་ཡི་གཞུང་གོས་སུ།། ཐ་དད་སོ་སོར་རྟོག་པ་ཡང་།། འདི་ཉིད་ལ་ནི་ཡོངས་འཁྲུལ་སྟེ།། སོ་སོར་ཀུན་ཏུ་རྟོག་པའོ།། དེ་དག་ཀུན་ཀྱང་དོན་དམ་པ།། རྟོགས་པ་མིན་པས་བླ་དང་བཅས།། དེ ་བས་དེ་ཡི་རང་བཞིན་ཀུན།། མེད་པས་འདི་ཀུན་སྒྱུ་མ་དང་།། སྨིག་རྒྱུ་སོགས་པའི་དཀྱིལ་འཁོར་གྱི།། འཁོར་ལོ་རུ་ནཱི་ཡང་དག་བཤད།། དེ་བས་དེ་ལ་བདག་པོ་དང་།། གཟུང་བ་དང་ནི་འཛིན་པའི་ཆོས།། དངོས ་པོའི་ངོ་བོར་འཛིན་པ་དང་།། འཁོར་བ་དང་ནི་མྱ་ངན་འདས།། གཉིས་སུ་འཛིན་པ་ཡོད་པ་མེད།། འདི་ཀུན་མྱ་ངན་འདས་པ་ཡི།། འཁོར་ལོ་འདི་ནི་ངེས་པ་ཡིན།། དེ་ལ་རང་བཞིན་མེད་པ་དང་།། བསྲེས་པའི་དོན་ནི་མཆོག་ཏུ་གསུངས།། ་དངོས་པོ་ཀུན་གྱི་ནང་ནས་ཀྱང་།། རང་བཞིན་མེད་པ་གཙོ་བར་བཤད།། ཅི་ཕྱིར་རྒྱལ་བའི་སྲས་རྣམས་ཀྱིས།། འདི་བསྒོམས་པས་ནི་སངས་རྒྱས་ཀྱི།། ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ།། ཁ་ཅིག་གིས་ནི་གཞུང་དག་གི། ཆད ་པའི་སྟོང་པ་སྟོང་པ་མིན།། རང་བཞིན་མེད་པ་མ་ཡིན་ནོ།། དེ་ཡི་རང་བཞིན་དེ་ཡིན་ནོ།། དེ་ནི་ལུང་སྐལ་ཅན་ཡིན་པས།། དེ་ལྟར་གང་བསྒོམས་རྣལ་འབྱོར་པས།། གཟུང་སྒྲུབ་མ་ལེགས་སྦྲུལ་སོགས་བཞིན།། དེ་བས་རང་བཞིན་མེད་པ ་འདི། བདེ་བ་ཆེན་པོའི་སྐད་ཅིག་ལ།། དངོས་པོ་ཐམས་ཅད་དང་བྲལ་བ།། གང་མིན་གསལ་བའི་གསལ་བ་ནི།། རང་བཞིན་མེད་པར་བཤད་པ་སྟེ།། རང་བཞིན་མེད་དང་དེ་བཞིན་ཉིད།། ཆོས་ཉིད་དང་ནི་ཆོས་མཉམ་པ།། དོན་དམ་ལ ་སོགས་རྣམ་གྲངས་ཀྱང་།། རང་བཞིན་མེད་པ་འདི་ཉིད་ལས།། དོར་ནི་གཞན་དག་མ་གསུངས་སོ།། དངོས་པོ་ཀུན་ནི་གཞིག་པཾ་དང་།། གཞོམ་པ་ཡིས་ནི་སྟོང་པ་མིན།། དེ་འདྲའི་སྟོང་པ་ལ་སེམས་ཀྱིས།། དུས་གསུམ་དུ་ནི་གཏང་བ ་ཡི།། སྟོབས་ཀྱིས་རང་བཞིན་མྱེད་པར་འགྱུར།། མེད་པ་ཉིད་ནི་རྒྱུ་སོགས་ཀྱིས།། དཀྱིལ་འཁོར་ཡང་དག་འགོག་མི་འགྱུར།། མི་འགོག་དུས་ན་རང་བཞིན་མེད།། རྣལ་འབྱོར་གསུམ་པས་བརྟུལ་ཞུགས་ཀྱིས།། སྤྱོད་པ་དེ་དོན ་སྒྲུབ་པ་ན།། དེ་ཡི་དུས་སུ་དེ་ཐོབ་པའོ།། རང་བཞིན་མེད་པའི་སྦྱོར་བ་སྟེ་བཞི་པའོ།། །། ད་ནི་རབ་ཏུ་བཤད་བྱ་བ།། རང་བཞིན་མེད་པའི་སྦྱོར་བ་ཡིས།། བཀྲ་ཤིས་མེད་པ་དགག་དོན་དུ།། སྦྱོར་བ་ལྔ་པ་བཤད ་པ་ར་བྱ།། ཐུགས་རྗེས་རྒྱས་པ་འདི་མེད་པར།། རྣམ་པ་ཀུན་གྱི་སེམས་ཅན་དོན།། བྱེད་པར་ནུས་པ་མ་ཡིན་ཏེ།། དེ་བས་ཐམས་ཅད་མཁྱེན་པ་རྣམས།། ཐུགས་རྗེས་གང་བས་རྒྱས་པ་སྟེ།། ཁམས་གསུམ་གྱི་ནི་སེམས་པར་གྷ་ན ་སེམས་ཅན་རྣམས།། སྡུག་བསྔལ་རྒྱུ་དང་བཅས་པ་ལས།། གྲོལ་བར་འདོད་པ་ཐུགས་རྗེའོ།། ཐུགས་རྗེ་དེ་ཡང་རྣམ་གསུམ་སྟེ།། སེམས་ཅན་མ་ལུས་ཐམས་ཅད་ཀུན།། སྡུག་བསྔལ་དེ་རྒྱུ་ལྔས་འགོག་པར།། རྩེ་གཅིག་དམིགས ་པ་གཏོད་པ་ནི།། ལས་དང་པོ་ཡིས་ཤེས་པར་བྱ།། ཁམས་གསུམ་འདི་ནི་ཆོས་དབྱིངས་ཙམ།། དེ་ལ་སེམས་ཅན་མིང་ཡང་མེད།། དོན་དམ་པར་ཡང་མིང་ཡང་མེད།། དོན་དམ་པར་ཡང་མི་དམིགས་པ།། ས་གནས་བྱང་ཆུབ ་སེམས་དཔའོ།། དམིགས་པ་ཐམས་ཅད་དང་བྲལ་བ།། ཇི་ལྟར་ན་མཁའ་ཁམསུ་ཡང་།། སྤྲིན་བྱུང་ལྟ་བུར་སྣང་བ་ནི།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི།། ཐུགས་རྗེ་ཆེན་པོ་ཡིན་པར་གསུངས།། དེ་འདྲའི་སྙིང་རྗེ་རྗེ་བཙུན་ཆེ ་རྡོ་རྗེ་འཛིན་པ་རྒྱས་པས་ན།། ཐུགས་རྗེས་རྒྱས་པ་ཞེས་བཤད་དོ།། འཁོར་བ་ཇི་སྲིད་ཡོད་ཀྱི་བར།། དཀྱིལ་འཁོར་འཁོར་ལོ་རིམ་པ་དང་།། ཤཱཀྱ་ཐུབ་པ་ལ་སོགས་པའི།། གཟུགས་ཀྱིས་གདུལ་བྱའི་རྒྱུད་ལ་ནི།། ་ལྟར་འདུལ་བ་དེར་སྣང་སྟེ།། ཀུན་དོན་བྱེད་པར་ཤེས་པར་བྱ།། སྤྲུལ་སྐུ་འདི་ནི་དང་པོ་རུ།། དགའ་བྲལ་ཤེས་པའི་དུས་སུ་ནི།། ཐིག་ལེ་འགོག་པར་འགྱུར་པ་སྟེ།། ན་མཁའི་ཁམས་ཀུན་གང་འགྱུར་བའི།། གཟུགས་ཀྱིས་རབ་ཏུ་གནས་པའོ།། ་ཇི་ལྟར་ཡིད་བཞིན་ནོར་བུ་ནི།། མི་རྟོག་བཞིན་དུ་སྐལ་ལྡན་ལ།། དོནི་རྣམས་བྱེད་དེ་དེ་བཞིན་དུ།། བདེ་ཆེན་རང་བཞིན་མེད་པ་ལས།། དམིགས་པ་མེད་ཀྱང་དོན་འབྱུང་བའོ།། ཡེ་ཤེས་དབང་དུ་གྱུར་པ་ཡིས།། བརྟུལ་ཞུགས་ལ ་སོགས་རིམ་པ་ཡིས།། གྲང་ཚེ་དེ་དོན་བསྒྲུབ་པ་ན།། དེ་ཡི་དུས་སུ་དེ་ཐོབ་པའོ།། ཐུགས་རྗེས་རྒྱས་པའི་སྦྱོར་བ་སྟེ་ལྔ་པའོ།། ། ད་ནི་རབ་ཏུ་བཤད་བྱ་བ།། དཔེ་མེད་བདེ་རྫོགས་ཆོས་སྐུ་དང་།། ཐུགས་རྗེ་སྐུ་ཡི་ངོ་བོ་སྟེ།། རེས ་འགའ་བ་ཉིད་འགག་པའི་ཕྱིར།། སྦྱོར་བ་དྲུག་པ་བཤད་པར་བྱ།། དཔེ་མེད་པདེ་རྫོགས་སྐུ་ཚོན་ཡང་།། མི་གནས་མྱ་ངན་འདའ་ཚུལ་གྱིས།། རྒྱུན་མི་འཆད་པའི་ཚུལ་གྱིས་ནི།། རྒྱུད་དག་རྣམས་ལ་རྟག་ཏུ་སྣང་།། དེ་བཞིན་བདེ་ཆེན ་ཆོསུ་ཡང་།། ཁྱབ་དང་རྒྱས་པའི་ཚུལ་གྱིས་སུ།། ན་མཁའི་ཇི་སྲིད་གནས་ཀྱི་བར།། རྒྱུན་མི་འཆད་པའི་ཚུལ་གྱིས་འཇུག། ཐུགས་རྗེའི་རང་བཞིན་སྐུ་དེ་ཡང་།། གདུལ་བྱ་ཇི་ལྟར་མོས་པ་ལྟར།། སྲིད་པ་སྲིད་དུ་གནས་ནས་ནི།། བར ་ཆད་མེད་པར་རྒྱུན་དུ་འཇུག། དེ་འདྲའི་རྒྱུན་མི་འཆད་པའི་སྐུ།། མི་གནས་མྱ་ངན་འདས་པ་སྟེ།། བསྒྲུབ་པར་བྱ་བའི་མཚན་ཉིད་དོ།། ཤེས་རབ་ཡེ་ཤེས་དབང་དུས་སུ།། དགའ་བ་གསུམ་གྱི་གནས་སྐབསུ།། སྐད་ཅིག་གཉིས ་སོགས་ཆུ་ཚོད་དང་།། ཉིན་གཅིག་ཟླ་བ་ལ་ལ་སོགས།། གནས་པ་རྒྱུན་མི་འཚོད་ཅེས་བྱ།། ཕྱིས་ཀྱི་འབྲས་བུ་མི་བསླུ་ཕྱིར།། དེ་ལ་ཡང་ནི་དེ་སྐད་དུ།། བླ་མའི་ཞལ་ལས་བཤད་པ་ཡིན།། ཡེ་ཤེས་དབང་དུ་གྱུར་པ་ཡིས།། བརྟུལ ་ཞུགས་ཆོ་ག་དེ་སྒྲུབ་ཚེ།། དེ་ཡི་དུས་སུ་དེ་ཐོབ་ནས།། དེ་ནས་འཁོར་བའི་མཐའ་ཡི་བ.རོ།། རྒྱུན་གྱིས་རྟོག་ཏུ་གནས་པའོ།། རྒྱུན་མི་འཆད་པའི་སྦྱོར་བ་སྟེ་དྲུག་པའོ།། །། ད་ནི་རབ་ཏུ་བཤད་བྱ་བ།། དཔེ་མེད་བདེ ་རྫོགས་སྐུ་ཆེན་དང་།། བྲལ་བ་དགག་པར་བྱ་བའི་ཕྱིར།། སྦྱོར་བ་བདུན་པ་བཤད་པར་བྱ།། གོང་དུ་ཡང་དག་གསུང་བ་ཡི།། དགའ་བའི་ཡེ་ཤེས་དུས་བྱུང་བའི།། དཔེ་མེད་བདེ་ཚོགས་རིགས་ལྡན་སྐུ།། ལན་ཅིག་བྱུང་ནས་མེད་པ་ནི།། ། ་འགོག་པ་ཞེས་ནི་རབ་ཏུ་བྱ།། འགོག་པ་དོ་ལས་བྱུང་བ་ནོ།། ཕྱིས་ཀྱི་འབྲས་བུ་མཆོག་གྱུར་པ།། འགོག་པ་མེད་པར་ཤེས་པར་བྱ།། སྙིང་རྗེ་ཆེ་བའི་དབང་གིས་ནི།། འཁོར་བ་ཇི་སྲིད་བར་དུ་ནི།། དབང་ཕྱུག་བརྒྱད་ཀྱི་བཅོམ་ལྡན་འདས ་མི་གཡོ་གཞུག་ཕྱིར་འགོག་མེད་དང་།། གནས་ལ་ཡང་ནི་དེ་བཞིན་དུ།། མཁས་པ་རྣམས་ཀྱིས་ཤེས་པར་བྱ།། སྐལ་ལྡན་རྣམས་ཀྱི་སྔོན་དུ་ཡང་།། ཤེས་རབ་ཡེ་ཤེས་དབང་དུས་སུ།། བླ་མའི་ཞལ་ལས་ངེས་ཐོབ་པ།། དགེའ་དང ་དགའ་བོ་བར་མ་དང་།། དགའ་བྲལ་དགའ་བ་འགོག་པ་ལས།། དེ་འདྲའི་སེམས་རྒྱུན་མྱོང་བ་སྟེ།། འགོག་པ་མེད་པ་ཞེས་བཤད་དོ།། ཡེ་ཤེས་དབང་དུ་གྱུར་པ་ཡིས།། བརྟུལ་ཞུགས་ལ་སོགས་སྤྱོད་པ་ལ།། གནས ་ནས་དེ་ཡི་དོན་བསྒྲུབ་ཚེ།། དེ་ཡི་དུསུ་དེ་ཐོབ་པའོ།། བྱ་བ་བྱས་པའི་དབང་ཕྱུག་ཆེ།། མཐའ་ཡི་ཕ་རོལ་ཕྱིན་པའི་མཆོག། མི་གནས་མྱ་ངན་འདས་པ་སྟེ།། རྡོ་རྗེ་འཛིན་པ་ཆེན་པོའོ།། འགོག་པ་མེད་པའི་སྦྱོར་བ་སྟེ་བདུན་པའོ།། ་དེ་ལྟར་སྦྱོར་བདུན་ལྡན་པ་ཡི།། བཞི་པ་མངོན་པར་བྱང་ཆུབ་པ།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། ཐམས་ཅད་མཁྱེན་པར་འགྱུར་བའོ།། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་གནས།། ཆོས་རྣམས་ཀུན་གྱི་ཆོས་ཉིད ་ནི།། སངས་རྒྱས་ཀུན་གྱི་ཐབས་བྱའོ།། དེ་ནི་འཁོར་བ་ཇི་སྲིད་ཀྱིས།། བར་དུ་གནས་པས་རྟག་པའོ།། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི།། ངོ་བོར་གྱུར་པས་གཅིག་པའོ།། དེ་ལ་སྒྲིབ་པ་བཞི་ཡི་ནི།། ཚ་བ་མེད་པས་བསིལ་བའོ།། འཁོར་དང་མྱ ་ངན་འདས་པ་ནི།། གཅིག་ཏུ་གྱུར་པས་བདེ་བའོ།། གཟུགས་ལ་སོགས་པ་རྟོག་པ་ཡིས།། མ་གོས་ཕྱིར་ནི་མི་གདུང་བའོ།། ཕྱིན་ལོག་འཁྲུལ་རྟོག་དང་བྲལ་བྱས།། དག་ཅིང་དྲི་མ་མེད་པའོ།། ཟབ་གསལ་བྱང་ཆུབ་ལས་མི་ལྡོག། གཞན་དོན་མཛད ་པས་དགའ་བའོ།། ཆོས་ཉིད་དང་ནི་སེམས་ཅན་ལ།། སེམས་མཉམ་བཞག་པས་ཡིད་དང་བ།། འདི་ནི་བདེ་བ་ཆེན་པོ་ཡི།། རོ་མྱང་བ་ཡི་མཚན་ཉིད་བརྒྱད།། རྫོགས་པའི་རིམ་པའི་རྣལ་འབྱོར་པ།། བཞི་པའི་དོན་ནི་བླ་མེད་པའོ།། དངོས་པོ་ཀུན་ལ ་ཚེཆེར་གནས་དང་།། གང་མི་གསལ་བའི་དངོས་པོ་རུ།། དེ་ཉིད་བླ་མ་དམ་པ་ཡི།། ཞལ་ནས་ངེས་པར་ཐོབ་པ་ལ།། སོམ་ཉི་ཡིད་གཉིས་མི་བྱའོ།། དེ་ཡི་ངོ་བོ་བཤད་ནས་ནི།། རྣམ་གྲངས་དག་དང་བཤད་པ་བྱ།། འདོད་ཆགས་དང་ནི་བྱར ་མ་དང་།། ཆགས་བྲལ་དུ་ནི་ཤེས་པར་བྱ།། དགའ་དང་དགའ་བ་བར་ཨ་དང་།། དགའ་བྲལ་གྱི་ནི་དགའ་བའོ།། བདེ་རྟོགས་སྐུ་དང་ཆོས་སྐུ་དང་།། སྤྲུལ་སྐུ་རུ་ནི་ཤེས་པར་བྱ།། སྐུ་དང་གསུང་དང་ཐུགས་དང་ནཽ།། སྟོང་དང་མཚན་མེད་སྨོན་པ ་མེད།། གསང་དང་གསང་ཆེན་ཤིན་ཏུ་གསང་།། རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་།། རྣལ་འབྱོར་ཆེན་པོ་ཞེས་བྱའོ།། བདག་དང་གཞན་དང་ལྷན་ཅིག་བྱེད།། དཔལ་གསུམ་དུ་ནི་ཤེས་པར་བྱ།། དང་པོ་རྣལ་འབྱོར་ལས་རྒྱལ་མཆོག། ་དཀྱིལ་འཁོར་རྒྱལ་མཆོག་ཤེས་པར་བྱ།། ཐིག་ལེ་ཕྲ་མོ་གསང་སྔགས་བཟླས།། རྣམ་པ་གསུམ་དུ་ཤེས་པར་བྱ།། དམ་ཚིག་གསུམ་དུ་ཤེས་པར་བྱ།། དམ་ཚིག་གསུམ་དང་ཏིང་འཛིན་ད་།། ཡེ་ཤེས་སེམས་དཔའ་ཤེས་པར་བྱ། ་ལུས་དང་བྷ་ག་བྱང་སེམས་ཀྱི།། དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ།། བུམ་པ་དང་ནི་གསང་བ་དང་།། ཤེས་རབ་ཡེ་ཤེས་ཤེས་པར་བྱ།། དེ་ལ་སོགས་པའི་དམ་ཚིག་གི། བཞི་པ་ཡི་ནི་ཚིག་གི་ནི།། དེ་འདྲའི་རང་བཞིན་མི་ཤེས ་ལ། དེ་ཉིད་སྔགས་ཀྱི་སྐུ་རུ་བཤད།། དཔེ་མེད་པདེ་རྫོགས་ཡེ་ཤེས་སྐུ།། ཧཱུཾ་སོགས་བསྐྱེད་པའི་ལྷ་ཡི་གཟུགས།། བཞིས་བསྒྲུབ་སྐུ་རུ་རབ་ཏུ་གནས།། གོང་གི་བཞི་ལ་གནས་བྱེད་ཕྱིར།། བར་ཆད་མེད་ཅིང་འགོག་པ་མེད།། དེ་ལྟར ་དཔལ་ལྡན་གསང་འདུས་སུ།། རྟོག་པ་ཡི་ནི་རྣལ་འབྱོར་པས།། བསྐྱེད་པའི་རིམ་པ་ལ་བརྟེན་ཏེ།། བཞི་པའི་དོན་ལ་སྤྱོད་པར་འགྱུར།། དེ་འདྲའི་དོན་རྣམས་མི་ཤེས་པས།། ཕྱི་རོལ་དོན་ལ་མངོན ་ཞེན་ཏེ། རིན་ཆེན་སེམས་ནི་དྲི་ཅན་བྱས།། དེས་ན་དགེ་དང་མི་དགེ་བའི།། ལས་བྱས་པས་ནི་མཐོ་རིས་དང་།། དམྱལ་ལ་སོགས་པར་འཚེད་འགྱུར་བ།། ཆོས་འདི་རང་བཞིན་གྱིས་དག་པ།། རྣམ་རྟོག་དྲ་བས་བླུན་བྱས་ལ།། དགེ ་སྡིག་ཕུང་པོ་གཉིསུ་བརྟགས།། དེ་སྤངས་ནས་ནི་སྐྱེ་མེད་པའི།། རང་བཞིན་དོན་ནི་རྟོགས་པར་བྱ།། ཡང་དག་དོན་དུ་དགེ་སྤངས་ན།། དགེ་བ་སྨིན་པས་སྨོས་ཅི་དགོས།། དཔེར་ན་མི་གང་ཆུ་ཀླུང་གི། ཕ་རོལ་ཏུ་ནི་འགྲོ་བ་དག། རྩ་ཤིང་ལ ་སོགས་བསྡུས་བྱས་པས།། ཆུ་ལ་རྒལ་བའི་གཟིངས་བྱས་ཏེ།། དེ་ལ་འཇུས་ཏེ་རབ་བརྒལ་ནས།། བོར་ཏེ་བདེ་བར་འགྲོ་བ་ལྟར།། དེ་བཞིན་བཞི་པོའི་ངོ་བོ་ཡི།། དོན་རྟོགས་པས་ན་འབད་རྩིལ་གྱི།། བྱ་བ་དེ་ལ་ཅི་ཞིག་བྱ།། དེ་ཕྱིར་བླ་མ་དམ ་པ་ཡི།། མཉེས་བྱས་དབང་གི་དོན་མཆོག་གི། བདུད་རྩི་མཆོག་འདི་གང་ཟག་གང་།། བདག་གཞན་དོན་དུ་འཐུང་བྱེད་པ།། གང་དེ་རྒྱལ་བའི་སྲས་ཞེས་བྱ།། དེ་ཕྱིན་ཆད་ནི་གང་ཅུང་ཟད།། འདོད་ཆགས་ལ་སོགས་དངོས་པོ་རྣམས།། ། ་བདུད་རྩིར་ཟིན་ཕྱིར་དེ་ལ་དབུལ།། སྐྱོན་གྱིས་གོས་པར་མི་འགྱུར་རོ།། སྒོམ་པར་ལྡན་པ་སྨོས་ཅི་དགོས།། དོ་ནི་མ་འོངས་རྫོགས་སངས་རྒྱས།། དེ་ནི་ཡང་དག་རྐང་གཉིས་མཆོག། དེ་ནི་འཁོར་བའི་ཕ་རོལ་སོན།། དེ་ནི་བྱིན་ལོག་ཁུར་ཆེན ་པོར། དེ་ནི་བྱ་བ་ཐམས་ཅད་བྱས།། དེ་ནི་ཀུན་གཟིགས་རྣམས་ཀྱིས་བཞག། ད་ནི་གང་དུ་གནས་གྱུར་ཀྱང་།། སངས་རྒྱས་ཀྱི་གདུང་མ་ཆད་པས།། བསྟུན་པ་རིན་ཆེན་གནས་པ་ཡི།། གཙོ་བོ་རུ་ནི་དེ་གནསོ།། དེ་ནི་གང་དུ་འདུག་ཀྱང་རུང་།། ་དེ་དང་དེ་རུ་འཇིག་རྟེན་མགོན།། བཞུགས་དང་བཞུད་པར་ཤེས་པར་བྱ།། རྣལ་འབྱོར་དེ་ལ་ཐམས་ཅད་ཀྱིས།། དངོས་པོ་ཀུན་གྱི་ཕྱག་བྱར་འོས།། སྲིད་གསུམ་བདག་པོ་ཀུན་གྱིས་ཀྱང་།། དཀྱིལ་འཁོར་མཆོད་པར་འོས་པ་ཡིན།། དེ ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། ཉིན་རེ་ལན་གསུམ་བྱོན་ནས་ནི།། ཕྱག་བྱས་ཅིང་ནི་བསྔགས་བརྗོད་ན།། གཞན་མ་རྣམས་ནི་སྨོས་ཅི་དགོས།། དེ་བས་ཀུན་ནས་འབད་པ་ཡིས།། བླ་མ་ཡང་དག་མཉེས་བྱས་ཏེ།། བཞི་པའི་དོན་མཆོག ་བླང་བྱས་ནས།། དགོན་པ་འམ་ཡང་ན་གྲོང་གི་མཐར།། གང་རུང་ཅི་རུང་དེ་ལྟ་བུ་རོ།། གནས་ནས་བླ་མའི་ཞལ་སྟེ་ཡི།། བསྐྱེད་པའི་རིམ་པ་བསྙེན་བྱ་སྟེ།། རྫོགས་པའི་རིམ་པ་རྟོགས་པར་བྱ།། དངོས་པོ་ཐམས་ཅོད་དངོས་མེད་པས།། རྒྱུ་སོགས ་དོན་ནི་རྟོགས་པ་དང་།། རྡོ་རྗེ་པདྨ་སྤྱད་པ་དང་།། བདུད་རྩི་ལྔས་ནི་རང་དགར་བྱེད།། འདོད་པའི་ཡོན་ཏན་ལྔ་ལ་ནི།། རྣལ་འབྱོར་ཅི་དགར་སྤྱོད་བྱེད་ཅིང་།། གསང་བར་བྱ་བའི་ཆོས་གསང་བས།། གསང་ཞིང་སྦས་ཏེ་སྤྱད་པར་བྱ།། ལོངས་སྤྱོད ་ཆེན་པོ་དཀའ་ཐུབ་དང་།། བསམ་གཏན་སྨོན་པའི་ཚུལ་གྱི་སུ།། དེ་འདྲའི་ངོ་བོ་མ་ཤེས་པས།། ལག་པ་དང་ནི་རྐང་པ་དང་།། མིག་སོགས་སྦྱིན་པ་བཏང་བས་ཀྱང་།། བསྐལ་པ་ཆེན་པོ་བརྒྱ་རུ་ཡང་།། བདུད་རྩིའི་རོ་ཐོབ་མི་འགྱུར་རོ།། ་དེ་བས་དངོས་པོ་འདི་གཅིག་གིས།། དམ་པ་རྟོག་པ་ཐམས་ཅད་སྤངས།། ཟབ་ཅིང་ལེགས་པར་གསལ་བའི་སྐུ།། ཀུན་ནས་འོད་ཟེར་འཕྲོ་ལྡན་པ།། ཀུན་ཏུ་བཟང་པོར་རང་གི་ཡིད།། རྣལ་འབྱོར་གང་། ་གཱི་སྒོ་མི་བྱེད།། དེ་བསྒོམས་པསྟི་ཚེ་འདི་ལ།། ཟླ་བ་དྲུག་གིས་དངོས་གྲུབ་མཆོག། ཐེ་ཚོམ་མེད་པར་འགྲུབ་པ་སྟེ།། སུ་ཡཱིས?་དངོས་པོ་དེ་བཟློག་འགྱུར།། འཁོར་ལོ་གཅིག་པའི་ཤིང་རྟ་ལ།། རྟ་བདུན་སྦྲུལ་གྱི་ཐགོ་པས ་སྤྲེལ།། ནཽ་ཁ་ཁྱོད་རོ་སྨད་མེད་པ་ཡིས།། མཁའ་ལ་ཁྲིད་ནས་མཐའ་རུ་ཕྱིན།། རང་དང་གཞན་དོན་བྱེད་པ་ལྟར།། དངོས་པོ་ཡིས་ནི་ཆོས་ཀུན་དང་།། མཛེས་གྱུར་མིན་ལྟར་སྣང་གྱུར་ཡང་།། རང་དང་གཞན་གྱི་དངོས་གྲུབ ་པས་ན་སྐྱེས་བུས་འདི་ནི་བླང་བར་འོས།། དལ་འབྱོར་འདི་ནི་གཡོ་བས་ནི།། དྲག་པོའི་རླུང་གིས་མར་མོ་ལྟར།། སྐད་ཅིག་དུ་ནི་མི་སྣང་འགྱུར།། དྲི་བས་དེ་ཉིད་བསམ་པར་འོས།། དེ་འདྲིའི་རང་བཞིན་ངོ་བོ་ལ།། སྒོམ་པས་རྟག་ཏུ་མཉམ ་ཞོག་ལོ།། ཁྱབ་བདག་རིམ་བཞིན་རྟོགས་གྱུར་ཅིག། བདག་ནི་རྟག་ཏུ་གསོལ་བ་འདེབས།། དཔལ་ལྡན་འདུས་པའི་རྒྱ་མཚོ་ལས།། བླ་མའི་ཞལ་སྔ་བསྒྲུབས་པས་ན།། སྦྱོར་བ་བདུན་གྱི་བདུད་རྩི་མཆོག། སྨན་པའི་ཞབས ་ཀྱིས་ཐོབ་པའོ།། དེ་འདྲའི་བདུད་རྩི་དེ་ལ་ནི།། འཐུང་བྱེད་དེ་ནི་ལོག་པ་ཡི།། རྟོག་པ་ཡིས་ནི་རབ་འཆི་བའི།། ནད་ནི་ཀུན་ནས་མེད་གྱུར་ཅིག། དེ་མེད་པས་ནི་སེམས་ཅན་ཀུན།། ཡང་དག་ཕུང་པོ་རྒྱས་འགྱུར་ཏེ།། སྦྱོར་བ་བདུན་གྱི ་རང་བཞིན་མཆོག། འབྲས་བུ་དེ་ཉིད་རྟོགས་པར་ཤོག།། སྦྱོར་བ་བདུན་པ་ཞེས་བྱ་བ། དབང་བཞིའི་རབ་ཏུ་བྱེད་པ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མོཆེན་གྱིས་བསྒྱུར་བའོ།། ། ་