CLOSE WINDOW

GT734: dpal kun tu bzang po'i sgrub thabs kyi 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ས་མནྟ་བྷ་དྲཱ་སཱ་དྷཱ་ན་བྲྀདྡྷི། བོད་སྐད་དུ། དཔལ་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལོ།། སློབ་དཔོན་རྗེ་བཙུན་སངས་རྒྱས་ཡེ་ཤེས ་ཀྱིས་དམ་པ་རྣམས་ཀྱི་སྤྱོད་པ་རྗེསུ་བསྒྲུབ་པའི་ཕྱིར་དང་པོར་བཅོམ་ལྡན་འདས་འཛུམ་པའི་རྡོ་རྗེ་ལ་ཕྱག་འཚལ་བ་བརྩམས་པར་བྱེད་པ་ཡིན་ལ། དེའི་དགོས་པ་ཡང་འདི་ཡིན་ཏེ། བསོད་ནམས་མངོན་པར་འཕེལ་བ་དང་། བགྲེགས་ཉེ་བར ་ཞི་བ་དང་། འཆང་བྱ་པོ་དང་། ཉན་པ་པོ་དག་གི་བཤད་པ་དང་། ཐོས་པ་ཕུན་སུམ་ཚོགས་པར་འགྱུར་པའོ།། ཕྱག་འཚལ་བ་དེ་ཡང་ཡོན་ཏན་དམ་པ་གསལ་བར་བརྗོད་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱ་བའི་ཚུལ་ཡིན ་པར་བལྟ་བར་བྱའོ།། དེ་ལ་ཡང་དག་པའི་ཡོན་ཏན་བརྗོད་པ་མི་བདག་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་བདག་གི་དོན་ཕུན་སུམ་ཚོགས་པ་ཉིད་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་། གཞན་གྱི་དོན་ཕུན་སུམ་ཚོགས ་པ་ཉིད་ཡིན་པར་བལྟ་བར་བྱའོ།། དེ་ལ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། འདིར་ཡང་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཀྱི་ཁྱད་པར་གྱི་སྒོ་ནས་བཅོམ་ལྡན་འདྲ ་ཁྱད་པར་དུ་གྱུར་པར་བལྟ་བར་བྱའོ།། དེ་ཡང་སྤྱིའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་འཇམ་དཔལ་གང་ཡིན་པ་དེ་ནི་དཔལ་ལ་སོགས་པ་དང་ལྡན་པའི་གཟི་རྫི་དེ་རྣམས་ཀྱིས་འབར་ཞིང་མཛེས་ལ་བརྒྱན་པར་གྱུར་པའི་འཇམ ་དཔལ་དེ་ལ་མཆོད་པར་བྱ་བའི་ཕྱིར་དེ་ལ་མངོན་པར་ཕྱག་འཚལ་ནས་དཔའ་གསང་བ་འདུས་པའི་མན་ངག་གིས་བཅོམ་ལྡན་འདས་འཇམ་དཔལ་བསྒོམ་པའི་ཆོ་ག་དང་པོའི་སྦྱོར་བ་ལ་སོགས་པའི་ཆོ་གླུ་བཤད། ་པར་བྱ་ཞེས། བཅོམ་ལྡན་འདས་སློབ་དཔོན་གྱིས་གསུངས་པ་ཡིན་ནོ།། ཡན་ལག་གྱི་དོན་ཡང་བརྗོད་པར་བྱ་སྟེ། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་གང་ལ་ཡོད་པའི་གཟི་བརྗིད་དང་ལྡན་པ་དེ་ནི་དཔ ་ལྡན་ནོ།། འདིས་ནི་བདག་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་གསུངས་པ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་ཐམས་ཅད་མཁྱེན་པའི་ཡིས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། འདི་དག་གིས་ནི་ཚངས་པ་ལ་སོགས ་པ་ཡང་དགར་བ་ཡིན་ཏེ། བྷུལྱཱ་ཏྭེ་ནི་འབྱིག་རྦྷེནྡྷ་བྷ་བ་ལ་བྱིན་དུ་གཉེར་བ་ལ་མངོན་པར་ཞེན་པ་དག་འདི་དག་ཡིན་པར་འཛིན་པར་བྱེང་བས་དེའི་ཕྱིར་དཔལ་ལྗིནཱ་ཞེས་བྱ་བ་ལྱ་སོགས་པ་ཡིན་ཏཱི། འདིའི་དཔལ་གྱི་སྨན ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱོན་པའི་དོན་ཡིན་པའི་ཕྱིར་རོ།། མི་ཤེས་ཀུན་སྲུངས་ཞེས་བྱ་བ་ལ་མ་ཤེས་པ་ཀུན་ནི་མ་རིག་པ་མ་ལུས་པ་སྷོ། དེ་སྤངས་པ་ནི་བསལ་བའོ།། དེ་ཡང་གཱཟི་བརྗིད་གང་གིས་མི་ཤེས ་པ་ཐམས་ཅད་སྤངས་པ་དེ་ཉིད་ཀྱིས་ན་དྲི་མ་མེད་པའོ།། མི་ཤེས་པ་ཀུན་སྤངས་པ་ཡོང་ཡིན་ལ། དྲི་མ་མེད་པ་ཉིད་ཀྱང་ཡིན་པས་ན་མི་ཤེས་ཀུན་སྤངས་དྲི་མིང་གཟི་བརྗིད་ལྡན་ཞེས་བྱ་སྟེ། འདིས་ནི་བདག་གི་དོན་ཕུན་སུམ ་ཚོགས་པ་བཤད་པ་ཡིན་ཏེ། གཟི་བརྗིད་དྲི་མ་མེད་པས་དྲི་མེད་པ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་ཉེ་བར་མངོན་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ན་འདི་དག་གིས་ནི་ཉན་ཐོས་དང་རང་སྤངས་རྒྱས་དག་ལུས་ཀྱང་དག ་བ་ཡིན་ཏེ། དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཅིང་ཞེས་བྱ་བ་ལ། དཔག་ཏུ་མེད་པ་ཡང་ཡིན་ལ་རིགས་ཀྱང་ཡིན་པསྡུ་དཔག་མོང་རིགས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་ཡིན་པར་བྱ། ་བར་བྱ་ལ། དེ་རྣམས་ཀྱི་སྤྲུལ་པ་ནི་སྤྲུལ་པར་བྱས་པའོ།། དེདྲི་ཉིད་ཀྱིས་རྒྱན་གང་ལ་ཡོད་པ་དེ་ནི་དཔག་མེད་རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཅིང་ཞེས་བྱ་བའོ།། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ་ཡཱི ་གཞན་གྱི་དོན་གྱི་ཕྱིརྱ་སྐྱིལ་པ་རྣམས་རྣམ་པར་འབྱེད་པ་རོ།། འོད་དྲུག་གིས་ནི་རྣལ་འབྱོར་གོང་མའི་བློ་རྣམ་པ་བསལ་ནས་རྣལ་འབྱོར་བླ་ན་མེད་པའི་དྲི་ལ་བཞག་པར་བྱ་བའི་ཕྱིར་ཤེས་རབ་ཡན་ལག་འདུས་པ་ཞེས ་བྱཱབྱུ་བ་སྨོས་ཏེ། ཤེས་རབ་ནི་རང་གི་ངོ་བོར་སྣད་པའི་རིག་པ་སྟེ། གཉིསུ་མེད་པའི་ཡེ། ས་ཀྱི་རང་བཞིན་ཡིན་པར་བལྟ་བར་བྱ་ལ། དེའི་ཡན་ལག་ནི་ཤེས་རབ་ཡན་ལག་གོ།། དེར་འདུས་པ་ནི་ཤེས་རབ་ཡན་ལག་འདུས་པ ་སྟེ། ངེས་འབར་ཞིང་རྣམ་པར་མཛེས་པས་ནི་ཤེས་རབ་ཡན་ལག་འདུས་པས་འབར་ཞིང་རྣམ་པར་རྣམ་པར་མཛེས་པ་ཞེས་བྱའོ།། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་གསུངས་པ་ཡིན་ཏེ། ཤེས་རབ་རྣམ་པར་དག་པར ་ལྡན་པ་རྣམས་ཀྱི་གཟི་བརྗིད་ནི་གཞན་གྱི་དོན་གྱི་རྒྱར་གྱུར་པའི་ཕྱིར་རོ།། འཇམ་པ་ལ་ནི་མཉེན་པ་སྟེ། ཐམས་ཅད་ཀྱིས་ཉེ་བར་ལོང་སྤྱོད་པ་ཡིན་པའི་ཕྱིར་རོ།། དཔལ་ནི་བསོད་ནམས་དང་ཡེ་ཤེས ་མཚན་ཉིད་ཅན་ཏེ། དེ་གང་ལ་ཡོད་པ་དེ་ལ་ཕྱག་འཚལོ་ཞེས་བྱ་བ་སྟེ། བཤང་མ་ཐག་པའི་གཟི་བརྗིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་འཇམ་དཔལ་དེ་ལ་མངོན་པར་ཕྱག་འཚལ་བ་སྟེ། ལུས་དང་ངག་དང་ཡིད ་ཀྱིས་ཕྱག་འཚལ་ནས་ཆོ་ག་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། འདིས་ནི་ལུས་དང་ངག་དང་ཡིད་དང་ལྡན་པའི་ཕྱག་བྱ་བ་གསུངས་པ་ཡིནོ།། དཔལ་ལྡན་འདས་པའི་གཞུང་ལུགས་ཞེས་བྱ་བ་ནི་གཞུང་གཞན་དག ་དགར་བའོ།། དེ་ལ་འདུས་པ་ཞེས་བྱ་བའི་སྒྲས་ནི་སངས་རྒྱས་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་པར་བཤད་ལ། དེ་སྟོན་པར་གྱུར་པ་ཡིན་པས་ན་ཉེ་བར་གདགས་པས་གཞུང་ལ་ཡང་དེ་སྐད ་ཅེས་བྱ་སྟེ། ཐ་མྦི་དད་པར་བཤད་པའི་ཚུལ་ཡིན་པའི་ཕྱིར་རོ།། བཤེས་གཉེན་ནི་དམ་པ་ཡིས་ནི་བསྐུལ་ཕྱིར་ཞེས་བྱ་བ་ལ། བཤེས་གཉེན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ལ་བསྐུལ་བ་ནི་གསོལ ་བ་བཏོབ་པས་དེའི་བཀའ་ཐོབ་པ་སྟེ། བསྐུལ་བ་འདི་ནི་ཉེ་བར་གདགས་པས་བཀའ་ཐོབ་པ་ལ་དེ་སྐད་བཤད་ངོ་།། བཀའ་ཐོབ་པ་དེས་ན་སྤོ་བར་བྱས་པའི་ཉེ་བར་གདགས་པའི་དགོས་པ་བདག་ཉིད་རིང་དགའ་ཡོངས ་སྤུངས་པའི་དོན་ཏོ།། ཡང་ན་དཔལ་ལྡན་འདུས་པའི་གཞུང་ལུགས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པའི་མན་ངག་གིས་སོ།། བཤེས་གཉེན་ནི་དམ་པ་ཡིས་ནི་སྐུལ་ཕྱིར་སྨྱོ་བྱ་སྟེ་ཞེས་བྱ་བ་ལ། བཤེས་གཉེན་དམ་པ་ནི ་དགེ་བའི་བཤེས་གཉེན་ཏེ། སློབ་དཔོན་རྣམས་དང་དེ་བཞིན་གཤེགས་པ་རྣམསོ།། དེ་རྣམས་ལ་བསྐལ་བ་ནི་བསྙེན་བཀུར་བྱས་པ་སྟེ། དེས་སྤྲོ་བར་བྱ་བ་གང་ཡིན་པ་དེ་ནི་བདག་ཡིན་ནོ།། དེ་བས་ན་བཤེས་གཉེན་དམ ་པས་བསྐུལ་བའི་ཕྱིར་སྤྲོ་བར་བྱས་ཏེ་ཆོ་ག་བཤྭད་པར་བྱའོ་ཞེས་ཚིགསུ་བཅད་པ་གསུངས་པ་འདིས་ནི་གཞུང་རྩོམ་པའི་རྒྱུ་གསུངས་པ་ཡིནོ།། ད་ནི་བསྟན་བཅོས་དག་ནི་ཐམས་ཅད་དང་།། ལས་རྣམས་ཅི་ཡང་རུང་བ་ལ།། ་ཇི་སྲིད་དགོས་པ་མ་སྨྲས་པ།། དེ་སྲིད་སུ་ཡང་འཛིན་མི་འགྱུར་ཞེས་བྱ་བའི་ཚུལ་གྱིས་ནི། བསྟན་བཅོས་ཀྱི་དང་པོར་ཉན་པའི་སྐྱེ་བོ་རྣམས་ཀྱི་འཇུག་པའི་ཡན་ལག་ཏུ་གྱུར་པའི་བརྗོད་པ་དང་། དགོས་པ་ལ་སོགས་པ་དག ་བརྗོད་དགོས་པས་འགྲོ་བ་མ་ལུས་དོན་ཕུན་སུམ་ཚོགས་པའི་ཞེས་བྱ་བ་ལ་སོགས་པའི་གསུངས་པས་ནི་བརྗོད་པར་བྱ་བ་དང་། དགོས་པཱ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ཡང་འགྲོ་བ་རྣམས་ཀྱི་དོན་ཡིན ་པས་ན་འགྲོ་བའི་དོན་ཏེ། མངོན་པར་མཐོང་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ།། དེའི་ཕུན་སུམ་ཚོགས་པ་ནི་འགྲོ་བ་མ་ལུས་དོན་ནི་ཕུན་སུམ་ཚོགས་པ་སྟེ་འགྲོ་བ་མ་ལུས་པ་སངས་རྒྱས་ཉིད་ཀྱི་མཐར ་ཐུག་པར་གང་ཡིན་པ་འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པའོ།། དེའི་རྒྱུར་གྱུར་པ་ནཱི་བྱེད་པའི་རྒྱུར་གྱུར་པའི་ཆོ་ག་ཡིན་པ་སྟེང་བ་ཤཱ། འདིས་ནི་ཆོ་གའི་བརྗོད་པརདུ་བྱ་བ་དང་། དགོས་པ ་གསུངས་པ་ཡིན་ནོ།། ཆོ་ག་ཞེས་བྱ་བའི་སྒྲ་ནི་བརྗོད་པར་བྱ་བ་ཡང་གསུངས་པ་ཡིན་ནོ།། འབྲེལ་པ་སྟོན་པར་བྱེད་པའི་སྒྲ་ནི་མངོན་སུམ་དུ་མེད་མོད་ཀྱི། དེ་ནི་ཤུགས་ཀྱིས་གསུངས་པར་བལྟ་བར་བྱ་སྟེ། དེ་ཡང་འདིར་ཆོ་ག་ནཱི ་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་གཞུང་ནི། བརྗོད་པ་ཡིན་ཏེ། དེ་དག་ཀྱང་བརྗོད་པ་དང་། བརྗོད་པར་བྱ་བ་གཉིས་ཐལས་དང་། ཨཱི་ལུས་བྱུང་བའི་མཚན་ཉིད་དུ་འབྲེལ་པ་ཡིན་པར་འདོད་དོ།། འོ་ན་བཅོམ་ལྡན་འདས་ཀྱིས ་གསུངས་པའི་གསུངས་རབ་ཀྱི་རིམ་པོ་ཉིད་ཀྱིས་སིམ། སློབ་དཔོན་གཞན་དགཱ་གོ་མན་ངག་གིས་ཀྱང་འཇམ་པའི་རྡོ་རྗེ་བསྒོམ་པའི་ཆོ་ག་ཤེས་པར་གྱུར་ན། གང་གི་ཕྱིར་གཞང་འོདས་ཆོ་ག་བཤད་པ་ལ་ཅི་ཞིག་བྱ་ཞེན ་དུ་ནི་སྒྲུབ་པའི་ཐབས་འདིའི་དགོས་པ་བསྟན་པའི་ཕྱིར། དེལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དལ་བའི་འབྱོར་པ་དལ་འབྱོར་ཏེ། དམྱལ་བ་ལ་སོགས་པ་མི་ཁོམ་པ་བརྒྱད་ལ ་ངེས་པར་གྲོལ་བའོ།། དེ་ཡང་མི་ཁོམ་པ་བརྒྱད་ནི། ལོག་པར་ལྟ་བ་དང་། དམྱལ་བ་དང་ཡི་དགས་དང་། དུད་འགྲོར་སྐྱེ་བ་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། ཡུལ་མཐའ་ཁོབ་ཀྱི་སྐྱེ་བོར་སྐྱེས་པ་དང་། དབང་པོ་བླ་ན ་ཞིང་ལྐུགས་པར་གྱུར་པ་དང་། ལྷ་ཚེ་རིང་པོར་སྐྱེས་པ་ཞེས་བྱ་བ་མི་ཁྲོམ་པ་བརྒྱད་པོ་སྟེ་དེ་དག་མེད་པའོ།། དེ་ཉིད་ནི་འདིར་མཱི་རྟག་པར་གྱུར་པས་ན་ཤིན་ཏུ་གཡོ་བ་སྟེ། མི་རྟག་པ་ཉིད་ཀྱིས་ན། བདག་ཅག་རྣམས་ནི་མི ་བརྟན་པར་གནས་པའི་ངོ་བོ་ཉིད་དོ་ཞེས་གཞུང་དུ་བྱས་བྱ་ཡིནོ།། འཇིག་རྟེན་སྐྱེ་བོ་དམ་པ་ཕྲང་རྙེད་དཀའ་ཞེས་བྱ་བ་ལ། འཇིག་རྟེན་ན་སྐྱེ་བོ་དམ་པ་ནི། དགེ་བའི་བཤེས་གཉེན་དང་། དཔལ་གསང་བ་འདུས་པ་ཡང་དག་པར ་ཉེ་བར་སྟོན་པར་བྱེད་པ་རྣམས་ཏེ། དེ་དང་ཕྲེད་པོ་ནི་སྐྱེ་བོ་དམ་པ་དང་ཕྲད་པ་སྟེ། དེ་ཡང་འཇིག་རྟེན་ན་ཤིན་ཏུ་རྙེད་བཀའ་བ་སྟེ་ཤིན་ཏུ་ཡང་དཀའ་བས་རྙེད་པ་ཡིན་ནོ་ཞེས་བྱ་བུའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས། ་ཀྱིས་འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། འབྱུང་འགྱུར་ཡང་ན་མི་འབྱུང་སྟེ།། ཨུ་དུ་ཝ་རཱའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེས་འགའ་འབྱུང་། གསང་སྔགས་སྤྱོད་པའི་ཚུལ་འདི་ནི།། གང་གིས་འགྲོ་དོན་མཉམ་མདེ་པ།། མྱ ་ངན་མི་འདའ་བྱེད་པར་ནུས།། དྲི་བས་ཀྱང་ནི་རྙེད་པར་དཀའ་ཞེས་གསུངས་ཏེ། སྔགས་ཀྱི་ཚུལ་འབྱུང་བྱ་རྙེད་པཱར་དཀའ་བས་ན། དེ་སྟོན་པར་བྱེད་པའི་བླ་མ་རྣམས་ཀྱང་རྙེད་པར་དཀའ་བར་སྟོན་ཏེ། དེ་བས་ཤེས་རབ་ཐབས ་ལ་གཞོལ་བ་ཡི།། ཡིད་ལ་བྱེད་པའི་མཆོག་དེ་བསྒྲུབ་པར་བྱ་ཞེས་བྱ་བ་ལ། གང་གི་ཕྱིར་ངལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང་། འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ་ཞེས་བྱ་བ་ཡིན་པས་དེ་བས་མདོར་ན་ཤེས་རབ ་དང་ཐབས་ལ་གཞོལ་བར་བྱེད་པའི་མཆོག་འདི་ནི་བསྒྲུབ་པར་བྱ་བར་སྦྱར་རོ།། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་དོ།། ཐབས་ནི་ཐུགས་རྗེ་ཆེན་པོའི་མཚན་ཉིད་དོ།། དེ་དག ་གཞོལ་བ་ནི་དེར་ལྷག་པར་གཞོལ་བ་སྟེ། ཤེས་རློབ་དང་ཐབས་སོན་པ་ཞེས་བྱ་བའི་དོན་ཏོ། འདི་ལྟ་བུའི་ཡིད་ལ་བྱེད་ཅིང་སེམས་པའི་མཆོག་དེ་ལེགས་པར་བསྒྲུབ་པར་བྱའོ།། དེ་ཡང་མདོར་ན་ཤེས་རབ་དང་ཐབས ་ལུ་རབ་ཏུ་གཞོལ་བའི་སེམས་ཀྱི་བྱ་བ་ནི་སྒྲུབ་པའི་ཐབས་འདིའི་དགོས་པ་ཡིནོ།། དེ་ལ་སྔགས་པ་སྙིང་རྗེའི་སྟོབསྔོ་ཀྱིས་ནི་ཞེས་བྱ་བ་ན། བློ་དང་ལྡན་པར་རབ་བསྔགས་ནི་ཉེས་པར་བྱ་ཞེས་བྱ་བའི་བར་གྱིས་སྒྲུབ་པ ་པོའི་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་ཁ་བསྐང་བའོ།། སྔགས་པ་ཞེས་བྱཾ་བྷ་ནི་ཆོས་ཐམས་ཅོད་ཡིད་ལ་བྱེད་པས་ངན་འགྲོ་བ་ཐམས་ཅད་ལཱསྱཱ་སྨྲྀ་བྱཱ་བས་ནརྀ་སྔགས་ཏེ། དེ་གྲྀང་ལ ་ཡོད་པ་དེ་ནི་སྔགས་པའོ།། སྙིང་རྗེའི་སྟོབས་ཀྱིས་ནི། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང་ཞེས་བྱ་བ་ལ་སྙིང་རྗེའི་འགྲོ་བ་མ་ལུས་པ་སྡུགོ་བསྔལ་དང་བྲལ་བར་འདོད་པའོ།། དེའི་སྟོབས་ནི་དེའི་ནུས་པ་སྟེ། དེས ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འགྱུར་པའོ།། གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཅེས་བྱ་བ་ལ། གཏོང་བ་ལ་སོགས་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས། ་པའོ།། དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་རྒྱུར་གྱུར་པ་ཡིན་པས་ན་ཡོན་ཏན་ཏེ། སློབ་ཅིང་གོམས་པར་བྱ་བ་ཡིན་པས་ན་གཏོང་བ་ལ་སོགས་པ་ནི་ཡོན་ཏན་ཡིན་ལ། དེ་ཉིད་ཀྱི་རྒྱན་གང་ལ་ཡོད་པ་དེ་ནི་གཏོང་བ་ལ་སོགས་ཡོན ་ཏན་རྣམས་ཀྱིས་བརྒྱན་ཞེས་བྱའོ།། ཟབ་མོའི་ཚུལ་དག་ལ་ནི་ལྷག་པར་མོས་ཞེས་བྱ་བ་ལ། ཟབ་མཽའི་ཚུལ་ནི་སྔགས་ཀྱི་ཚུལ་ཏེ་དེ་ལ་ལྷག་པར་མོས་པ་ནི་དེ་ལ་མངོན་པར་དད་པའོ།། དཔལ་ལྡན་འདུས་པའི་ཞེས་བྱ་བ ་ལ་སོགས་པ་ལ་བླ་ན་མེད་པ་སྒྲུབ་པས་ནི། བླ་ན་མེད་པའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཉིད་ཀྱིས་དབང་བསྐུར་བས་འོས་པ་ཡིན་བྱས་ན་དབང་བསྐུར་བ་ཕུན་སུམ་ཚོགས་པ་གསུངེས་པ་ཡིན་ཏོ།། ་དབང་བསྐུར་བ་གསུམ་པོ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོ་གས་ཐོབས་ཅིང་རྗེ་སུ་གནང་བའོ།། ཡང་ན་དཔལ་ལྡན་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས།། རང་གི་དབང་བསྐུར་ཕུན་སུམ་ཚོགས་ལྡན་པ་ཞེས་བྱ ་བཱ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་དཀྱིལ་འཁོར་གྱི་ཆོ་ག་གུང་ཡིན་པ་དེས་ལེགས་པར་དབང་བསྐུར་བ་སྟེ། དེའི་ཕུན་སུམ་ཚོགས་པ་ནི་རང་གི་དབང་བསྐུར་བ་ཕུན་སུམ་ཚོགས་པའོ།། དེ་དང་ལྡན་པ ་ནི་ཉེ་བར་ལྡན་པའོ།། ཆོ་གེ་བཞིན་དུ་རྗེས་གནང་ཐོབ་པའི་ཞེས་བྱ་བ་ལ་ཆོ་ག་ནི་ཆོ་གའི་རིམ་པ་སྟེ། གང་གིས་ཆོ་ག་བཞིན་དུ་རྗེ་སུ་གནང་བ་ཐོབ་པར་འགྱུར་བ་དེ་ནི་ཆོ་ག་བཞིན་དུ་རྗེས་གནང་བ་ཐོབ་པ་སྟེ། ཆུ་དང་ཅོད་བེན ་རིམ་གྱིས་རྗེ་སུ་གནང་བའི་བར་དུ་ཐོབ་པའོ།། བློ་དང་ལྡན་པས་རང་སྔགས་མཉེས་པར་བྱ་ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་བློ་གྲོས་དང་ལྡན་པ་སྟེ། སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་ཡོངསུ་ཤེས་པས་ན ་མཁས་པའོ།། དེ་ཡང་རང་གི་ས་གསང་སྔགས་བྷྲ་མའི་མན་ངག་གི་རིམ་པས་ཇི་ལྟ་བ་བཞིན་དུ་བསྒོམ་པོ་ཞེས་པའོ།། རང་སྔགས་ནི་རང་གིས་མཉེས་པར་བྱ་བའི་ལྷོའི་གསང་སྔགསོ།། དེའི་མཉེས་པར་བྱ་བ་ནི་བསྒོ ་པ་ལ་སོགས་པ་སྟེ། དེ་དག་གིས་ནི་སྒྲུབ་པ་པོའི་ཕུན་སུམ་ཚོགས་པ་བཤད་པར་མཛད་པ་ཡིན་ནོ།། ད་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ལ་ལར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ་ལར ་ཞེས་བྱ་བ་ནི་མྲྀང་མ་བསྟན་པར་འོག་ནས་བཤད་པའི་ཡོན་ཏན་དང་ལྡན་པའི་རི་བོར་བཅོམ་ལྡན་འདས་འཇམ་པའི་དབྱངས་ཞེས་བྱ་བ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་།། ་ཤིང་མཆོག་མཛེས་པས་རྣམ་བརྒྱན་པའི་ཞེས་བྱ་བ་ལ། དྲི་མ་མེད་པའི་ཡང་ཡིན་ལ། ཆུ་ཡང་ཡིན་པས་ན་དྲི་མེད་ཆུ་སྟེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་དྲི་མ་མེད་པའི་ཆུ་ཕུན་སུམ་པའོ།། ཤིང་རྣམས་ཀྱི་མཆོག ་ནི་ཤིང་མཆོག་སྟེ། པ་ན་ས་དང་ཨ་མྲ་ལ་སོགས་པའོ།། དེ་རྣམས་ཀྱིས་མཛེས་པ་ནི། ཕྲེང་གིས་རྣམ་པར་བརྒྱན་པ་སྟེ་དེ་བས་ན་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། ཤིང་མཆོག་མཛེས་པས་རྣམ་པར་བརྒྱན་པའོ་ཞེས ་བ.ལོ་རི་བོའི་ཕྱོགས་གཅིག་ཏུ་ཞེས་བྱ་བ་ལ་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་། ཤིང་གི་མཆོག་རྣམས་ཀྱིས་མཛེས་པར་བྱས་པ་དག་གིས་རྣམ་པར་བརྒྱན་ཅིང་ཡིད་དུ་འོང་བར་བྱས་པའི་རི་བོའི་ཕྱོགས་གཅི ་ཏུ་བཅོམ་ལྡན་འདས་འཛུམ་པའི་དབྱིངས་ཏེ། འཇམ་ཞིང་མཉན་པའི་དབྱངས་དང་ལྡན་པ་ཞེས་བྱ་བར་གྲགས་པ་གང་ཡིན་པ་དེ་བསྒྲིབ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་འོག་ནས་བཤད་པའི་རིམ་པས་རབ་ཏུ། ་བསྒྲུབ་པར་བྱ་ཞིང་བསྒོམ་པའི་རང་བཞིན་གྱིས་ཤེས་རབ་ཀྱིས་མངོན་སུམ་དུ་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་གནས་ཕུན་སུམ་ཚོགས་པ་བཤད་ནས། དེ་ནི་ཆོ་ག་གང་གིས་བཅོམ་ལྡན་འདས་མངོན་སུམ་དུ་བྱ་བའི ་ཆོ་ག་དེ་བསྟན་པར་བྱ་བའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་མཚན་མོའི་བརྒྱད་མཐུན་ཕྱེད་དུ་ཇི་ལྟ་བར་གྱུར་པ་འམ། ཡང་ན་དང་པོར་སྟེ་བསམ་གཏན་གྱི་ཐོག་མར་སྙིང་གར ་ཟླ་བའི་དབུས་སུ་མོ་རྣམ་པར་བཀོད་ཅིང་མཾ་བསམས་ལ། གདོང་ལ་སོགས་པ་དག་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ནང་པར་ཞེས་བྱ་བ་ནཱི་ནང་པར་གྱི་ཐུན་མཚམསོ།། ནང་པར་ཞེས་བྱ་བའི་ཉེ་བར་མཚོན་པས་ཉི་མ་ཕྱེད། ་ལ་སོགས་པའི་ཐུན་མཚམས་རྣམས་ཡང་དེ་བཞིན་དུ་བྱའོ།། ཁྱད་པར་ཇི་ལྟ་བུའི་མཱཾ་རྣམ་པར་དགོད་ཅེ་ན། ཇི་མེད་འོད་ཟེར་རབ་ཏུ་འཕྲོ་བའི་ཞེས་བྱ་བར་གསུངས་ཏེ། གང་ལས་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་དེ་ནི་ཇི ་མ་མེད་པའི་འོད་ཟེར་རབ་ཏུ་འཕྲོ་བའི་མཱཾ་མོ།། དེ་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཅེས་མིང་དུ་གླགས་པ་གང་ཡིན་པ་དེའི་མཱཾ་དེ་ལྔ་ནི་དེ་ཉིད་ཅེས་པའོ།། ཇི་ལྟ་བུར་གྱུར་པས་གདོང་ལ་སོགས་པ་ཡང་དག་པར་བྱ ་ཞེས་ན་བནྡེར་ལྡན་པས་ཞེས་བྱ་བ་གསུངས་ཏེ། གང་ཡང་སྔར་སྙིང་རྗེའི་སྟོབོས་ཀྱིས་ནི་ཞེས་གསུངས་མོད་ཀྱི་འོན་ཀྱང་ཡང་གསུངས་པོ་ནི་འདི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཏེ། འགྲོ་བ་མ་ལུས་པ་གདོན་པའི་སེམསུ་བྱ ་ཞེས་བྱ་བའི་དོན་ཏོ།། སྙིང་བརྩེ་བ་དང་ལྡན་པ་ནི་སྡུག་བསྔལ་གཞོམ་པའི་ཕྱིར་ཐབས་རྣམས་ལ་མངོན་པར་སྦྱོར་ཏེ། ལྐོག་ཏུ་གྱུར་པའི་ཐབས་ལས་བྱུང་བ་དེའི་རྒྱུས་དྲི་བཤད་པ་ནི། དཀའ་བ་ཡིན་ཞེས་བྱ་བའི་ཚུལོ།། སྒྲོ་ལ ་སོགས་པ་ཡང་དགུ་པར་བྱ་ཞེས་བྱ་བ་ལ། སྒོ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། སྟོང་པ་ཉིད་དང་མཚན་མི་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་ཅན་ནོ།། དེ་ལ་སོགས་པ་ནི་དྲན་པ་ཉེ་བར་བཞག་པ་ལ་སྩོགས་པ་གང ་བྱ་དེ་དག་ནི་སྒོ་ལ་སོགས་པོ་ཡིན་ལ། དེ་ཉིད་ཡང་དགུ་པར་དག་པ་ནི་སྒོ་ལ་སོགས་པ་ཡང་དག་པ་སྟེ། དང་པོའི་སྦྱོར་བ་ལ་སོགས་པའི་དངོས་པོར་གྱུར་པར་བྱས་ནས་དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཙན་དན་བཟང། ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཙན་ངན་བཟང་པོ་ལ་སོགས་པས་བྱུགས་པའི་བསམ་གཏན་གྱི་གནས་ནང་ཚངས་ཅན་ལ་སོགས་པའི་སྟན་ལ་འདུག་སྟེ། སངས་རྒྱས་རྣམས་དམིགས་ནས་མཆོད་པ་སྔོན་དུ་འགྲོ་བའི་སྡིག ་པ་བཤགས་པ་ལ་སོགས་པ་བྱའོ་ཞེས་བྱ་བར་སྦྱར་རོ།། ཙན་དན་བཟང་པོ་ལ་སོགས་ཀྱིས་བྱུགས་ཤིང་ཞེས་བྱ་བ་ནི་ཙན་དན་བཟང་པོ་ལ་སོགས་པས་བསྒོས་པའོ།། དྲི་ཞིམ་མེ་ཏོག་གཅལ་བཀྲམ་མཆོག་གི་ཆའི་ཞེས་བྱ་བཱ་ནཱི། ་ཤིན་ཏུ་དྲི་ཞིམ་པའི་མྱེ་ཏོག་རྣམས་གཅལ་དུ་བསྒོམ་པའི་བསམ་གཏན་གྱི་གནས་གང་ཡིན་པ་དེ་ནི་དྲི་ཞིམོ་མེ་ཏོག་གརྒྱལ་བཀྲམ་པ་སྟེ། དེ་དེས་མཆོག་ཅེས་བྱ་བ་དམ་པར་འགྱུར་བའི་ཕྱོགས་གང་ཡིན་པ་དེ་ནི་མཆོག་གི ་ཆ་སྟེ། དྲི་ཞིམ་པའི་མེ་ཏོག་གི་གཅལ་བཀྲམ་པ་ཡིན་ལ། མཆོག་གི་ཚྭ་ཡང་ཡིན་པས་ན་དྲི་ཞིམ་མེ་ཏོག་བཅལ་བཀྲམ་མཆོག་གི་ཆ་སྟེ། བསམ་གཏན་གྱི་གནས་དེར་བདེ་བའི་སྟན་ལ་འདུག་ནས་དུས་གསུམ་དུ་བཞུགས་པའི ་སངས་རྒྱས་རྣམས་དམིགས་པར་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པ་སྟེ། དེ་རྣམས་དམིགས་ཤིང་འདི་ལ་བྱས་ནས་སོ།། སྣ་ཚོགས་མཆོད་པའི་སྤྲིན་རྣམས་ནི། དང་པོར་སྤྲོས ་སོགས་ཞེས་བྱ་བ་ལ་སྣ་ཚོགས་མཆོད་པ་ནི་ཡི་གེ་མཱཾ་གེ་འོད་ཟེར་ལས་སྤྲུལ་པའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམསོ།། དེ་རྣམས་ཀྱི་སྤྲིནྡ་ནི་ཚོགས་ཏེ། དེ་རྣམས་དང་པོར་སྤྲོ་བའོ།། དེ་ལ་སོགས་པ་ནི་གང་བསྟོད་པ་ལ ་སོགས་པ་སྟེ། དེ་ལྟ་བུའི་སྣ་ཚོགས་པའི་སྤྲིན་རྣམས་དང་པོར་སྤྲོས་ཏེ། དེ་ཉིད་དང་པོར་བྱས་པའི་སྡིག་པ་བཤགས་པ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བློ་ལྡན་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སྟེ། ་བཤགས་པར་བྱ་བ་དང་བཤགས་པ་པོ་དང་གཤེགས་པ་མི་དམིགས་པའི་དོན་ཏེ། དེ་དག་ཀྱང་འོག་ནས་བཤད་པའི་རིམ་པས་བྱ་ཞིང་ཉམསུ་བླང་བའོ།། དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ ་ནི་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་རོ།། སྡིག་པ་དྲུགཱ་ནི་བཤགས་པ་ལ་སོགས་བྱ་ཞེས་བྱ་བ་ནི་སྡིག་པ་རྣམས་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ།། ད་ནི་ཇི་ལྟར་སྡིག་པ་བཤུགས་པ་ལ་སོགས་པ་དྷཱ་དྱཱའི་ཕྱིར་རོ།། ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པའོ་ཆུ་ཀླུང་ནི་སྲིད་པའི་རྒྱུན་ཏེ། དེར་མ་ལུས་པའི་ཀུན་ཏུ་རྟོགས་པ་དག་གིས་ཀུན་ཏུ་བསགས་པའི་རྙོག་པ་གང་ཡིན་པ་དེ་རྣམས་ཆོ་ག་བཞིན་དུ་བཤགས་པར་བགྱིའོ་ཞེས་བྱ ་པབར་སྦྱརོ།། མ་ལུས་པ་ཡང་ཡིན་ལ་ཀུན་ཏུ་རྟོག་པ་ཡང་ཡིན་པས་ན་མ་ལུས་ཀུན་ཏོག་སྟེ། བདག་དང་བདག་གི་ལ་སོགས་པའི་ཀུན་ཏུ་རྟོག་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུར་གྱུར་པའོ།། དེས་ན་དེ་དག ་གིས་བསགས་ཤཱི་ཉེ་བར་བསྡུས་བུས་ན་མ་ལུས་ཀུན་རྟོག་གིས་བསྩགས་ཞེས་བྱའོ།། གུང་དུ་ཥྤེ་ན། ཐོག་མེད་སྲིད་པའི་ཆུ་ཀླུང་དུ་ཞེས་བྱ་བ་སྨོས་ཏེ། སྲིད་པའི་ཆུ་ཀླུང་གང་ཡིན་པ་འདི་ལ་ཐོག་མི་ཡོད་པ་མ་ཡིན་པས་ན་ཐོག ་མེད་དེ། དེ་སྐ་དུ་བཅོམ་ལྡན་འདིས་ཀྱིས་དགེ་སློང་དག་འཁོར་བ་ལ་ནི་ཐོག་མ་མེང་ངོ་།། དེའི་སྔོན་གྱི་མཐའ་མི་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ།། ཐུགས་རྗེ་ཆེར་ལྡན་སྤྱན་སྔར་དེ་དག་ནི།། ཆོ་ག་བཞིན་དུ་ཐམས་ཅད་བཤགས ་པར་བགྱི་ཞེས་བྱ་གཱ་ལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྦྱར་ཏེ། མདུན་དུ་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྙོག་པ་དེ་དག་ནི་ཆོ་ག་བཞིན་དུ་ཞེས་བྱ་བ་བཤགས་པར་བྱ་བ་དང་བཤགས་པ་པོ་དང་། ་བཤགས་པ་མི་དམིགས་པའི་ཚུལ་གྱིས་ཐམས་ཅད་དེ་མ་ལུས་པ་བཤགས་པར་བགྱིའོ་ཞེས་པའོ།། སོགས་པའི་སྒྲས་བསྟན་པའི་བསོད་ནམས་ལ་རྗེསུ་ཡི་རང་བ་ལ་སོགས་པ་བརྗོད་པར་བྱ་བའི་ཕྱིར།། རྫོགས་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ།། དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་།། བྱང་ཆུབ་ཏུ་ནི་ཡོང་སུ་བསྔོ་བར་བགྱིའོ་ཞེས་བྱ་བ་གསུངས་ཏེ། དེ་ལ་རྫོགས་པའི་སངས་རྒྱས་ནི་དཀྱིལ ་འཁོར་གྱིས་བདག་པོའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་དཀྱིལ་འཁོར་བའི་ལྷ་རྣམསོ།། འཕགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སངས་རྒྱས་པ་རྣམ་སོ།། གཞན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམ་སོ།། ཡང་ན་རྫོགས ་པའི་སངས་རྒྱས་ནི་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དོ།། བྱང་ཆུབ་སེམས་དཔའ་ནི་ས་བཅུ་ལ་རབ་ཏུ་བཞུགས་པ་རྣམས་སོ།། འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམསོ།། གཞོན་ནི་སངས་རྒྱས་དང་ཆོས་དང ་དགེ་འདུན་ལ་མངོན་པར་དད་པའི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱིས་དགེ་བ་གང་ཞིག་མཛད་པ་དེ་དག་མ་ལུས་པ་ཀུན་ལ་ཡང་དག་པར་སངས་རྒྱས་ཀྱིས་རྗེ་སུ་གནང་བའི་རྗེསུ་གནང་བའི་རྗེ་སུ་ཡི་རང་བར་བགྱིའོ་ཞེས་མོས ་པའོ།། བྱང་ཆུབ་ཏུ་ནི་ཡོངས་བསྔོ་བར་བགྱི་ཞེས་བྱ་བ་ལ་འདིར་ཡང་ཡང་དག་པའི་སྒྲ་དང་སྦྱར་བར་བྱ་སྟེ། ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་ཡོངསུ་བསྔོ་བས་སངས་རྒྱས་རྣམས་ཀྱིས་རྗེསུ་གནང་བྱས ་ཡོངསུ་བསྔོ་བར་བགྱིའོ་ཞེས་བྱ་བའི་དོན་ཏོ།། ད་ནི་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་བསྟན་པར་བྱ་བའི་ཕྱིར་ཡིད་ཀྱི་རོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པར་གཤེགས་པ་རྣམས་ལ་སྐྱབསུ་མཆིའོ་ཞེས ་བྱ་བར་སྦྱར་རོ།། ཇི་ལྟ་བུའི་བདེ་བཱར་གཤེགས་པ་རྣམས་ཞེ་ནུ། ཡིད་ཀྱི་རོལ་བྱ་ཞེས་བྱེ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱང་ཡིན་ལ་རོལ་པ་ཡང་ཡིན་པས་ནི་ཡིད་ཀྱི་རོལ་པ་སྟེ། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི ་ཕྱིར་བྱང་ཆུབ་ཀྱི་སེམས་ལི་ན་ཡིད་ཀྱི་སེམས་ལ་ནི་ཡིད་ཀྱི་རོལ་པ་ཞེས་བྱའོ།། ཡིད་ཀྱི་རོལ་པ་དེ་ཉིད་ནི་དྲི་མིང་ཟླ་བ་སྟེ། དྲི་མ་མེད་པའི་ཟླ་བ་དང་ཆོས་མཐུན་པས་ན་དྲི་མེད་ཟླ་བྲྀ་སྟེ། ཇི་ལྟར་དྲི་མ་མེད་པའི་ཟླ་བ་ནི་འགྲོ ་མོ་ལུས་པ་ཚིམ་པར་བྱེད་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་བྱུང་དེ་དང་འདྲ་བོའི་ཕྱིར་ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲ་ཞེས་པ་ལ། ངེས་བསྒྲུབས་པ་ནི་བསྐྱེད་པ་ཡིན་པས་ན། ཡིད་ཀྱི་རོལ་པ་དྲི་མེད་དྷཱ་འདྲ་བསྒྲུབས་ཞེས་བྱའོ།། སྤྱི ་རྗེདམ་པ་ནི་ཐུགས་རྗེ་ཚོན་པོ་སྟེ། དེ་མཐོའ་ཡོས་ཤིང་ཚད་མེད་པའོ།། དེ་ཉིད་ནི་ཐབ་སུ་གྱུར་པ་ཡང་ཡིན་པས་ན་སྙིང་རྗེ་དམ་པའི་ཐབས་དང་ལྡན་པས་བདག་དང་གཞན་གྱི་དོན་དུ་གྱུར་པའི་ཕྱིར་ཏེ། ཡིད་ཀྱི་རོལ་པ་རྔོ་མེད་། ་འདྲས་བསྒྲུབས་པ་ཡང་ཡིན་ལ། སྙིང་རྗེ་དམ་པ་མཐའ་ཡས་པའི་ཐབས་ཀྱང་ཡིན་པས་ན། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲ་བསྒྲུབས།། སྙིང་རྗེ་དམ་པ་མཐའ་ཡས་པའི་ཞེས་བྱ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ།། རཱང ་གི་ཡིད་ལ་གནས་པར་གྱུར་པ་ཡིནི་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཡིད་ལ་གནས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་རང་གི་ཡོད་ལ་གནས་པའོ།། ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པའི་ཡིད་ལ་གནས་པ་སྟེ། རང་གི་སེམས་ལས་གཞོན་ཡོད་པ་མ་ཡི ་པས་རླུང་གི་ཡིད་སེམས་སོ་སོར་སྣང་བ་ཞེས་བྱ་བའི་དོན་ཏོ།། རྟག་ཏུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་དུ་སྐྱེ། ཉན་ཐོས་ཀྱི་ཐེག་པ་ལྟར་ཇི་སྲིད་འཚོའི་བར་དུ་ནི་མ་ཡིན་པའོ།། རྟོག་པ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ ་ལ། འདིར་ཡང་དམ་པའི་ཆོས་ལ་སྐྱིབསུ་མཚོའོ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ནཱ། རྟོག་པ་མ་ལུས་པས་ངོས་གྲོལ་ཞིང་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དང་བདག་དང་བདག་གི་ལ་སོགས་པ་ཡང་དག ་པ་མཱ་ཡིན་པས་བསྐྱེད་པའི་རང་བཞིན་ཅན་གྱི་མཚན་ཉིད་དང་ལྡན་པའི་ཀུན་ཏུ་རྟག་པ་གང་ཡིན་པ་འདི་ལ་མེད་ཅིང་ངེས་པར་གྲོལ་ལ་རྣམ་པོ་སྤངས་པས་ན། རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་ཞེས་བྱ་སྟེ། གཉིསུ་མེད ་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དེ་གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཡང་ཡིན་ལ་དམ་པ་གང་ཡིན་པས་སེམས ་དཔའ་ཡང་ཡིན་ལ་དམ་པ་གང་ཡིན་པས་སེམས་དཔའ་དམ་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་སོ།། དེ་རྣམས་ཀྱི་ཡང་དག་པའི་ཕུན་སུམ་ཚོགས་པ་མ་ལུས་པ་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཕུན་སུམ ་ཚོགས་པའི་གཞི་ཡིན་པས་ན། སེམས་དཔའ་དམ་པ་ཀུན་གྱི་ཕུན་སུམ་ཚོགས་པའི་གཞི་ཞེས་བྱའོ།། སེམས་དཔའ་དམ་པ་ཀུན་གྱི་ཕུན་སུམ་ཚོགས་པའི་གཞི་གང་ཡིན་པ་དེ་ནི་དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད་ཅེས་ཀྱང་བྱ་སྟེ། དངོས ་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་པོ་ཐམས་ཅད་དེ། དེ་རྣམས་ལ་རོ་གཅིག་པའི་ངོ་བོ་ཉིད་ནི་རྣམ་པ་གཅིག་པའི་རང་བཞིན་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་དགོངས་པ་ངེས་པར་འགྲོལ ་པ་ལས་ཀྱང་། དོན་དམ་པ་དེ་ནི་ཐ་དད་མ་ཡིན་ཏེ། ཀུན་ཏུ་རོ་གཙུག་མཚན་ཉིད་སངས་རྒྱས་གསུངས།། དེ་ལ་གང་དག་ཐ་དང་ཀུན་རྟོག་པ།། དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ།། འཆིང་བ་རྣམས་ལུས ་ཞེས་བྱ་བ་ལ་སོགས་པ་ལ། བརྟུལ་ཞུགས་ཅན་གྷྲྀ་དབང་པོའི་ཚོགས་ལ་སྐྱབསུ་མཆིའོ་ཞེས་བྱ་བར་སྦྱ་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། འཆིང་བ་རྣམས་ལས་ཡང་དག་གྲོལ་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད ་ཆབས་ལ་སོགས་པའི་མཚན་ཉིད་ཅན་གང་གིས་འདི་ལ་འཆིང་བར་གྱུར་པ་རྣམས་ལས་ཡང་དག་ཅིང་ཕྱིན་ཅི་མ་ལོགས་པའི་རྣམ་པ་གྲོལ་ཅིང་ཐར་པར་གྱུར་པ་དེ་ནི་འཆིང་བ་རྣམས་ལས་ཡང་དག་གྲོལ་འགྱུར་ཞིང་ཞེས་བྱའོ།། ཡང ་ཁྱད་པར་ཇི་ལྟ་བུ་ཞིག་ཅེས་ན། སྙིང་རྗེ་མཆོག་གིས་བསྣུན་པའི་དཔལ་དང་ལྡན་ཞེས་བྱ་བ་གསུངས་ཏེ། སྙིང་རྗེ་མཆོག་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལ་དམིགས་པས་བསྐྲུན་པའི་དཔལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི ་སེམས་དཔའ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པ་ཞེས་བྱ་བ་གསུངས་ཏེ། རབ་ཏུ་དགའ་བ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་སྟེ། དེ་ཉིད་ལ ་སོགས་པ་ནི་དྲི་མ་མེད་པ་ལ་སོགས་པ་གང་ཡིན་པ་དེ་ནི་རབ་ཏུ་དགའ་སོགས་སོ།། དེ་རྣམས་ལ་རབ་ཏུ་ཞུགས་པས་ནུ། རབ་ཏུ་དགའོ་སོགས་ལ་རབ་ཞུགས་པ་ཞེས་བྱའོ།། དེརྟུལ་ཞུགས་ཞེས་བྱ་བ་ནི་ཐེག་པ་དམན་པཱ་ལ ་ཞུགས་པ་རྣམས་ཏེ། དེ་རྣམས་ཀྱི་རླུང་ན་འདི་ནི་ཕུལ་དུ་བྱུང་བ་ཡིན་པས་ན་བརྟུལ་ཞུགས་དབང་པོའོ།། དེ་རྣམས་ཀྱི་ཚོགས་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཉིད་བཟུང་སྟེ། བླ་ནི་མེད་པའི་རྣལ་འབྱོར་པ་རྣམས་ལ་ནི ་གཞན་དག་སྤྱོད་པའི་རྒྱུ་མེད་པའི་ཕྱིར་རོ།། ད་ནི་སྨྱོན་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར་བསམ་དྲང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བྱང་ཆུབ་ཏུ་བསྐྱེད་པར་བགྱིའོ་ཞེས་བྱ་བར་སྦྱར་རོ།། ཁྱད་པར ་ཅི་ལྟ་བུ་ཞིག་ཙོས་ནི་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱོན་ཅེས་བྱ་བ་གསུངས་ཏེ། སྒྲི་བོ་པ་ཡང་ཡིན་ལ་ཀུན་པས་ན། སྒྲིབ་པ་ཀུན་སྟེ། ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྒྲིབ་པོ་ཟང་པོ་དེ་རྣམས་ཀྱི་བག་ཆགས་ནི་སྒྲི་བོ་པ་ཀུན ་ཊཱིབག་ཤཱ་མྦྷ་འདི་འངྒེ་པདྷ་པ་རྱཱ་པ་སྐྱེ་བ་རྙེད་པ་གས་འོ། སྦྱིན་ང་རྣས་ཀྲུ་བསྤྱོད་ས་དེ། བྱ་ཀྱེ+ེ་གཱ་ཧྲཱ་། དེ་སྐྱེད་པ་ནས་བྱ་བ་སྦྱརོ།། གཞན་ད་བྱུ་པར་ཇི་རྒྱུ་ག་པ་ལྡན་པའི། ་བྱ་བ་གསུ་ཏེ། ལྷག་པར་མོ་པ་ནི་ཐད་མཁྱེན་པའི་ཡིས་མངོན་པར་འདོད་པ་ལ་ལྷག་པར་སྔོ་བའོ།། དེ་ཉིད་ཀྱི་བརྒྱན་པའི་སེཾས་གང་ཡིན་པ་དེ་ནི་ལྷག་པར་མོས་པྲ་ནཱི་བརྒྱནཱ་པའོ།། དི་རིགོས་པ་ནི་གཡེང་བའི་སེཾས་ཀྱིས། གཞན་གྱི་དོ་བྱང་ཆུབ་ཏུ་སེས་བསྐྱེད་པ་མ་ཡིན་གྱི་གཞན་དུ་ན་ཡིས་མངོན་པར་འདོད་པའོ།། དེ་ཇི ་ལྟར་བསྐྱེད་པར་བྱ་ཞེ་ན། བསམ་དང་རྣམ་པར་སྨིན་པ་དག་གྱུར་པས་ཞེས་བྱ་བོ་གསུངས་ཏེ། དེ་ལ་བསམ་པ་དག་པ་ནི་འགྲོ་བ་མ་ལུས་པ་གདོན་པའི་སེམས་སོ།། རྣམ་པར་སྨིན་པ་དག་པ་སེམས་དེ་ཉིད་ལས་ཕྱིས་ཀྱང་ཕྱིར། ་མི་ལྡོག་ཅིང་། དེ་ཉིད་ཀྱིས་འགྲོ་བའི་དོན་གྱི་བྱ་བ་བྱེད་པའི་སྨོན་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ད་ནི་ལམ་གང་གིས་སྨོན་ལམ་འགྲུབ་པར་འགྱུར་བའི་ལམ་དེ་ལ་གནས ་པཱར་བྱེ་བའི་ཕྱིར། བདེར་གཤེགས་སྲས་བཅ་པཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བར་གཤེགས་པོ་སྲས་དང་བཅས་པའི་ལམ་གཅིག་པུ་ལ་གནས་པར་བགྱིའོ་ཞེས་བྱ་བར་སྦྱར་རོ།། དེ་ལ་བདེ་བར་གཤེགས་པ ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམསོ།། དེའི་སྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སྲས་དང་བཅས་པར་བཞུགས་པས་ན་སྲས་བཅས་སོ།། དེ་རྣམས་ཀྱི་ལམ་གཅིག་པུ་ནི་བདེ་བར་གཤེགས་པ་སྲས་དང་བཅས་པའི ་ལམ་གཉིས་པ་མེད་པ་གང་ཡིན་པ་དེ་ལ་གནས་པར་བྱའོ་ཞེས་པའོ།། དེ་ཡང་ཇི་ལྟ་བུ་ཞེ་ན། སྦྱིརན་སོགས་རྣམ་བཅུ་དཀར་པོའི་ཡོར་ཏུན་ཚུལ་ཞེས་བྱ་བ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ ་སྙམ་པ་བཅུ་ནི་སྦྱིན་སོགས་རྣམས་བཅུའོ།། དེ་ཉིད་ནི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་བྱས་ན་དཀར་པོའི་ཡོན་ཏན་ནོ།། དེ་ཉིད་ནི་ཚུལ་ཏེ་རང་བཞིན་གང་ལ་ཡོད་པ་དེ་ནི་སྦྱིན་སོགས་རྣམ་བཅུ་དཀར་པོའི ་ཡོན་ཏན་ཚུལ་ཞེས་བྱའོ།། ལམ་དེ་ལེ་ཇི་ལྟར་གནས་པར་བྱ་ཞེས་ན། རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདག་ཉིད་ནི་རྫོགས་སངས་རྒྱས ་བདག་སྟེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིནོ།། དེ་ཉིད་ནི་མ་ལུས་པ་སྟེ། ལྷག་མ་ལུས་པ་མེད་པའི་ངོ་བོ་ཉིད་ཀྱི་ལམ་གང་ཡིན་པ་དེ་ནི་རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའོ།། དེའི་བློ་ནི ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུས་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ད་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི་ཕྱིར་སྙིང་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེས་འཇིག་རྟེན་མ་ལུས་པ་ལ་དམིགས་ནས ་བྱང་ཆུབ་སེམས་མཉམ་པ་ཉིད་རྣམ་པར་བསྒོམས་ན་སྔགས་པས་སྔགས་ལ་ལྷག་པར་དབང་དུ་བྱེད་པར་འགྱུརརོ་ཞེས་བྱ་བོར་སྦྱར་རོ།། སངས་རྒྱས་ཉིད་བསྒྲུབ་པ་ལ་ནི་སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པ་དང་ཡང་དེ་རྒྱུ་ཉིད་དུ་བསྟན་པར ་བྱ་བའི་ཕྱིར། སྙིང་རྗེས་ཞེས་བྱ་བ་གསུང་སོ།། འཇིག་རྟེན་འདི་ནི་ཞེས་བྱ་བ་ནི་རང་གི་སེམས་སྦྱང་བ་ཙམྦ་དུ་ཟད་པའི་ཕྱིར་རང་རིག་པའི་མངོན་སུམ་དུ་གྱུར་པ་སྟེ། ཡང་དག་འཇིག་རྟེར་ཞེས་པརྟགས་པ་ལ་ནི་རང ་གྱིས་འོད་གསལ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་རང་གི་སེམས་དེ་ཉིད་དེ་ལྟར་སྣང་བ་ལས་ལོགས་ཤིག་ན་མོང་མོད་ཀྱི། དེ་ལྟར་ན་ཡང་བདག་དང་བདག་གི་ལ་སོགས་པའི་ལྟ་བའི་དྲ་བ་དྲུག་ཅུ་རྩ་བཞིས་བཅིངས་པས། ཉ་དང་བྱ ་ལ་སོགས་པ་བཞིན་དུ་འགྲོ་བ་རྣམས་ནི་རང་དབང་མེད་པའི་ཚུལ་ཅན་ཡིན་ཏེ། དེ་བས་ན་དེ་རྣམས་ལ་སྙིང་རྗེ་འཇུག་པར་འགྱུར་རོ།། ཡང་སྙིང་རྗེ་སྟེ་ཐུགས་རྗེ་ཆེན་པོ་ཁམས་གསུམ་པར་གཏོགས་པའི་འཇིག་རྟེན་འདི་དག་མ་ལུས་པ ་ནི་ལྦུ་བའི་དྲ་བས་བཅིངས་ལ་ཞེས་བྱ་སྟེ། ལྟ་བ་ཉིད་ནི་དྲ་བ་ཡིན་པསྱ་ན་ལྟ་བའི་དྲ་བ་སྟེ། བདག་དང་བདག་གི་ལ་སོགས་པའི་རྣམ་པར་རྟོག་པའི་བྷྱོའོ།། ངེས་བཅིངས་པ་ནི་བསྡམས་པའོ།། ཡང་དག་བྱང་ཆུབ་སེམས་ནི་མཉམ་མེ ་པ་ཞེས་བྱ་བ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། འོག་ནས་བཤད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་ཡང་དག་བྱང་ཆུབ་ཀྱི་སེམས་ཏེ། དོ་ནི་ཉན་ཐོས་དང་རང་སངས་རྒྱས ་ཐམས་ཅད་དང་ཐུན་མོངས་མ་ཡིན་པའི་ཕྱིར་མཉམ་པ་མེད་པའོ།། སྔགས་པས་ཆོ་ག་འདིས་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི། འོག་ནས་བཤང་བའི་རིམ་པའི་ཆོ་ག་གང་ཡིན་པས་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམ་པར་བྱ ་བའོ།། ཆོ་ག་དེ་ཉིད་བསྣུན་པར་བྱ་བའི་ཕྱིར་ངོ་བོ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་མ་ལུས་པ་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ་སྟོང་པ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། སྟོང་པ་ཉིད་ཞེས་བྱ ་བ་ལ་སོགས་པ་ལ་ཅིའི་ཕྱིར་སྟོང་པ་ཞེས་བྱ་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། བྱིས་པ་རྣམས་ཀྱིས་བརྟགས་པའི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས ་སྟོང་པ་ནི་མ་ཡིན་ཏེ། གཞོན་དུ་ན་དངོས་པོ་ཞེས་བྱ་བ་དང་འགལ་བའི་ཕྱིར་རོ།། དེ་ལྟ་ནི་ཡང་དོན་འདིར་བྱ་བ་ལ་དངོས་པོ་ཞེས་བྱའོ་ཞེ་ན། གང་ཞིག་རྣམ་པ་ཐམས་ཅ་དུ་མེད་པ་དེ་ལ་ནི་དོན་གྱི་བྱ་བ་འགའ་ཡང་མེད་པའི་ཕྱིརརོ།། དེ་བཞིན ་དང་བྲལ་བས་ཞེ་བྱ་བ་ནི་བཞིན་གྱིས་ཡོངསུ་བརྟགས་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་དང་བྲལ་བ་ཡིན་གྱི་རང་གི་མཚན་ཉིད་དང་བྲལ་བ་ནི་མ་ཡིན་ནོ།། ཡང་ན་རང་རིག་པའི་མངོན་སུམ་གྱི་ཚད་མ་འགའ་ཞིག་ཡིན། ་གྱི། དྷུ་རྒྱུར་མེད་པར་གྱུར་པ་ནི་མི་བཟུང་སྟེ། ཡོད་པ་མ་ཡིན་པ་དག་ཀྱང་རྒྱུ་དང་འབྲལ་བའི་ཕྱིར་རོ།། ཡང་ན་རྒྱུ་དང་བྲལ་བས་དེ་བཞིན་དུ་མཚན་མ་མེད་པ་ཡིན་ཏེ། རྒྱུ་ནི་གཞན་གྱིས་ཡོངསུ་བརྟགས་པ་སྟེ། དེའི་རྒྱུ་དང ་དབང་ཕྱུག་ལ་སོགས་པ་དང་བྲལ་ཞིང་མེད་པས་དངོས་པོ་རྣམས་མཚན་མ་མེད་པ་སྟེ་མཚན་མ་ཡོད་པ་མ་ཡིན་པའོ།། རྟོག་པ་དང་བྲལ་བའི་ཕྱིར་སྨོན་པ་ལས་ངེས་པར་གྲོལ་བའོ་ཞེས་བྱ་བར་སྦྱར་ཏེ། རྟོག་པ་ནི་བརྟགས་པ་སྟེ། ་འདི་ནི་ལྷའི་འགྲོ་བ་འམ། ཀླུའི་འགྲོ་བ་འམ། འདིར་ནི་སྡུག་བསྔལ་བ་དང་། བདེ་བ་རྗེསུ་མྱོང་བར་འགྱུར་ཞེས་བྱ་བའི་རྣམ་པ་དེ་ལྟ་བུའི་རྟོག་པ་རྣམས་དང་བྲལ་ཞིང་མེད་པས་སྨོན་པ་ལས་ངེས་པར་གྲོལ་བྱ་སྟེ། ་འགྲོ་བ་དེ་དང་དེར་གཟུགས་དང་ལོང་སྤྱོང་དང་ང་བདེ་ཕྱུག་ལ་སོགས་པ་འདོད་པའི་རྣམ་པ་ནི་སྨོན་པ་ཡིན་ལ། དེ་ལས་ངེས་པར་གྲོལ་བ་ནི་བྲལ་བ་སྟེ། བརྟན་པའི་དངོས་པོ་ལ་བརྟགས་པར་བྱ་བ་ཡིན་ན་བ་ངན་པའི་དངོས་པོ་དེའི ་རྟོག་པ་དང་བྲལ་བས་སྟོང་པ་ཉིད་དུ་བལྟ་བར་བྱའོ།། ཡང་ན་རྟོག་པ་རྣམས་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྨོན་པ་པོ་དང་སྨོན་ལམ་དང་། སྨོན་པར་བྱ་བ་འདི་ལྟ་བུ་ཞེས་བྱ་བའི་རྟོག་པ་དང་བྲལ་བས་རྟོག་པ་མེད་པ་སྟེ། སྨོན་པ ་ཞེས་བྱ་བ་ནི་རྫས་ཀྱི་བྱེ་བྲག་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་སྟོང་པ་ཉིད་ཁོ་ནའི་ནང་དུ་འདུས་པ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་བསྟན་པར་བྷ་བའི་ཕྱིར་སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ནེ་བཛྲམ ་བྷཱ་བཱ་ཨཱཏྨ་ཀོ་ཧཾ། ཞེས་གསུངས་པ་ཡིན་ཏེ། ཨོཾ་ཞེས?་བྱ་བ་ནི་ཐོག་མར་གྱུར་པ་དང་། མི་འཇིགས་པ་དང་། དཔལ་དང་ལྡན་པ་ནི་ཡི་གེ་ཨཽ་སྟེ། ཨོཾ་ཞེས་བྱ་བ་ཁཾས་ལེན་པ་སྟེ། སྟོང་པ་ཉིད་དོའོ།། དེ་ཉིད་ནི་མི་ཕྱེད་པས་ན ་རྡོ་རྗེའོ།། དེ་ཉིད་ནི་རང་བཞིན་ཏེ། དེའི་ངོ་བོ་ཉིད་ནི་བདག་ཡིན་གྱི། སྟོང་པ་ཉིད་ནི་གཞན་མ་ཡིན་ལ་སྟོང་པ་ཉིད་ལས་ཀྱང་བདག་གཞན་མ་ཡིནོ་ཞེས་བྱ་བའོ།། དེ་འོག་ཅེས་བྱ་བ་ལ་སོ་པས་པ་ལ། དེའི་འོག་ཏུ་ཞེས་བྱ་བ་བྱང་ཆུབ་ཀྱི ་སེམས་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ། ཆོས་འབྱུང་བ་ཞེས་བྱ་བའི་ཕྱག་རྒྱ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། གང་དུ་བསྒོམ་པར་བྱ་ཞེ་ན། འདི་རྗེས་བཙུན་གྱིས་བཅུ་གཅིག་པ་ལས་བཤད་པས་ཧཱུཾ་གིས་རྡོ་རྗེར་བྱས ་བ་ཞེས་བྱ་བ་གསུངས་ཏེ། ཉི་མའི་དཀྱིལ་འཁོར་ལ་གནས་པོའི་ཡི་གེ་ཧཱུ~ཾ་ཡོངསུ་གྱུར་པ་ལས་རྡོ་རྗེ་ཕྲོ་རབ་ཀྱི་རང་བཞིན་གྱི་བདག་ཉིད་ཅན་ནམ།། སྣ་ཚོགས་རྡོ་རྗེའི་རང་བཞིན་ཉིད་དོ།། ཀུན་ཏུ་བཟང་ལས་བྱུང་བར་ཞེས་བྱ་བ་ནི་བསྲུང ་བའི་འཁོར་ལོ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངསུ་གྱུར་པའི་ཞེས་བྱ་བས་ནི་བསྲུངས་པའི་འཁོར་ལོ་ཉེ་བར་སྟོན་ཏེ་བདུད་དང་བགེགས་ལ་སོགས་པ་བཟློག་པའི་ཕྱིར།། དེ་ནས་ཉི་མ་དཀྱིལ་འཁོར་ལ་གནས་པའི་ཡི་གི ་ཧཱུཾ་ལས་རྡོ་རྗེའི་རང་བཞིན་ཅན་གྱིས་གཞི་བསམ་པར་བྱ་སྟེ། ཕྲ་རབ་རྀ་རེའི་མཐར་སྣ་ཚོགས་རྡོ་རྗེའི་གཟུགསུ་བསྒོམ་པར་བྱ་ལ། དེའི་ངོས་ཀྱི་འོད་ཟེར་རྣམས་ལྕེས་ངོས་བཞིར་རྡོ་རྗེ་ར་བ་དང་སྟེང་གི་འོད་ཟེར་རྣམས་ལས་རྡོ་རྗེ་བཱ་ར ་བྲིསམ་པར་བྱའོ།། དེ་ལྟ་ན་ཡང་གལ་ཏེ་ཕྲ་རབ་རེ་རོའི་མཐར་སྣ་ཚོགས་རྡོ་རྗེའི་གཟུགསུ་བསྒོམ་པར་བྱ་བ། དེའི་ངོས་ཀྱི་འོད་ཟེར་རྣམས་ལས་ངོས་བཞིར་རྡོ་རྗེ་རཱུ་པ་དྲང་སྟེང་གི་འོད་ཟེར་རྣམས་ལས་རྡོ་རྗེ་བྷཱ་རེ་བསམ་པར་བྱའོ།། ་དེ་ལྟ་ན་ཡང་གལ་ཏེ་རང་གི་རྣམ་པར་རྟོག་པའི་སྟོབས་ཀྱིས་བགེགས་ཀྱི་དགོས་པ་འབྱུང་བར་འགྱུར་ན། དེའི་ཚེ་རྡོ་རྗེ་བླ་རེའི་ཕྱི་རོལ་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་མཚམས་བཞིར་རྡོ་རྗེ་རྩེ་གསུམ་པ ་མཚན་པ་ཁ་དོག་སེར་པོ་བསམ་པར་བྱའོ།། དེའི་ཕྱི་རོལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྕ་དུ་བ་དཱན་གྱིས་མཚན་པ་སྔོན་པོ་བསམ་པར་བྱའོ།། དེའི་ཕྱི་རོལ་དུ་རཾ་ལས་བྱུང་བ་མེའི་དཀྱིལ་འཁོར་གྲུ་གསུ ་པ་འབར་བ་འཕྲོ་བར་སྣང་བ་བསམ་པར་བྱ་སྟེ། འདི་ནི་སྤྱིའི་བསྲུང་བའི་འཁོར་ལོའོ།། ཧཱུཾ་གིས་རྡོ་རྗེར་བྱས་པའི་སར་ཞེས་བྱ་བ་ནི་བགེགས་མ་ལུས་པ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཡི་གེ་ཧཱུ~ཾ་ལས་ས་གཞི་རྡོ་རྗེར་བྱས་པའོ།། ཁྱད་པར ་ཇི་ལྟ་བུ་ཞིག་ཅེ་ན། ཀུན་ཏུ་བཟང་ལས་བྱུང་བར་ཞེས་བྱ་བར་གསུངས་ཏེ། ཀུན་ཏུ་བཟང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། འོག་ནས་བཤད་པའི་སྐུ་མདོག་དང་། ཕྱག་མཚན་དང་དབྱིབས་ཇི་ལྟ་བ་བཞིན་དུ་ལྟ་བར་བྱ། ་ལ། ཀུན་ཏུ་བཟང་པོ་དེ་ལས་བྱུང་བ་ནི་སྐྱེས་པ་གང་ཡིན་པ་དེ་ལ་ཀུན་ཏུ་བཟུང་ལས་བྱུང་བྱ་ཞེས་བྱའོ།། ཇི་ལྟ་བུའི་གཟུགས་ཅན་ཞེ་ན། སྟོན་པ་ཀུའི་ཟླ་བ་ལྟ་བུར་རབ་དཀུར་བ་ཞེས་བྱ་བ་གསུངསཽ་ཏེ། ཇི་ལྟར་སྟོན་ཀའི་ཟླ་བ་ནི་རྡུལ ་དང་ཁུག་སྨྲའི་ཐམས་ཅད་དང་བྲལ་བས་ཤྲཱིམ་ཏུ་མཛེས་ཏེ། དེ་བཞིན་དུ་ཁ་དོག་དཀར་པོའོ།། གཞོན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། མཐའ་ཡིས་ཕྱོགས་ན་གནས་པའི་སྣ་ཚོགས་འོད་ཅེས་བྱ་བ་གསུངས་ཏེ། མཐའ་ཡས་པ་ཡང་ཡོ ་ལ། ཕྱོབས་ཀྱང་ཡིན་པས་མ་མཐའ་ཡས་ཕྱོགས་ཏེ། དེ་ན་གནས་པའི་ངང་ཚུལ་གང་ཡིན་པ་དེ་ནི་མཐའ་ཡས་ཕྱོགས་ན་གནས་པ་ཞེས་བྱ་བའོ།། སྣ་ཚོགས་མི་ཁ་དོག་དུ་མིའོ།། འོད་ནི་འོད་ཟེར་གང་ཡིན་པ་དེ།། དེ་དང་ལྡན་པའི་ཆོས་འབྱུང ་བའི་ཕྱག་རྒྱ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གྲུ་གསུམ་གྱེན་དུ་གནས་པ་ཞེས་བྱ་བ་ནི་གྱེན་ཀར་གནས་ཤིང་སྐྱེ་གནས་ཀྱི་གཟུགས་ཅན་ནོ།། གཞན་ཡང་ཁྱད་པཱར་ཛཱི་ལྟ་བུ་ཞེས་ན་ནང་གི་ནི་ན་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན་ཅེས་བྱ་བ་གསུ ་ཏཱི། ནང་ཞེས་བྱ་བ་ནང་ནམ་མཁའི་རང་གི་ངོ་བོ་ཞེས་བྱ་བ་ཁོང་སྟོང་སྟེ། དེ་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ནི་རྡོ་རྗེ་སྟེ་ངེ་འཛིན་པས་ན་ནང་གི་ནི་ན་མཁའི་རང་གི་ངོ་བོ་རྡོ་རྗེ་འཛིན་ཅེས་བྱའོ།། དབུས་གནས་པ་པདྨ་དེ་ནི་སྣ་ཚོགས་རྡོ་རྗེ་མཛེས ་ཞེས་བྱ་བ་སྟེ། དབུས་ན་གནས་པ་ཡང་དེ་ཉིད་ཡིན་ལ་པདྨ་ཡང་དེ་ཉིད་ཡིན་པས་དབུས་གནས་པདྨ་སྟེ། ཆོས་འབྱུང་བའི་ཕྱག་རྒྱའི་དབུས་ན་གནས་པ་སྣ་ཚོགས་པ་འདབ་མ་ཅན་གྱི་པདྨའོ།། དེར་སྣ་ཚོགས་རྡོ་རྗེས་མཛེས་པ་ནི་ངེས་བརྒྱན ་ཅིང་མཛེས་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བྲུཾ་གི་ཞེས་བྱ་བ་ལ་ཆོས་འབྱུང་བའི་ཕྱག་རྒྱ་དེས་རིན་པོ་ཚིམ་ལུས་པས་རྣམ་པར་སྤྲས་པའི་གཞིལ་ཡས་ཁང་བརྩེགས་མ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། བྲུཾ་གི་འཁོར་ལོ་ལྔ ་བྱུང་རིག་བཅས་པའི་རྣམ་པར་སྣང་མཛད་ཡན་ལག་ལས་ནི་ཡང་དག་འབྱུང་ཞེས་བྱ་བ་གསུངས་ཏེ། ཡི་གེ་བྲུཾ་ལས་ལ་དོར་ལོར་གྱུར་པ་ནི་བྲུཾ་གི་འཁོར་ལྷོའོ།། དེ་ལ་བྱུང་བར་གྱུར་པ་གང་ཡིན་པ་དེ་ནཾ་བྲུཾ་གི་འཁོར་ལོ་ལས་བྱུང ་བོའོ།། རིག་པ་དང་བཅས་པ་ནི་རིང་གི་ཤེས་རབ་སོ་སོར་སྣང་བའི་ཡུམ་དཔེ་བཅས་པར་བཞུགས་པ་ནི་རིག་བཅས་ཞེས་བྱའོ།། རིག་པ་དང་བཅས་པ་ཡང་ཡིན་ལ་རྣམ་པར་སྣང་མཛད་ཀྱང་ཡིན་པས་རིག་པ་དང་བཅས་པའི་རྣར ་སྣང་མཛད་ཅེས་བྱའོ།། བྷྲཱུཾ་གི་འཁོར་ལོ་ལས་བྱུང་བ་ཡང་ཡིན་ལ། རིག་པ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱང་ཡིན་པས་ན། བྷུ་བི་འཁོར་ལོ་ལས་བྱུང་རིག་བཅས་པའི།། རྣམ་པར་སྣང་མཛད་ཅེས་བྱ་སྟེ། དེའི་ཡན ་ལག་ལས་བྱུང་བ་ནི་དེ་དག་གིས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ་གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི།། ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་ཏུ་ཁྱབ་ཅེས་བྱ་བ་གསུངས་ཏེ། ཐུབ་པའི་དབང ་པོ་ཡང་ཡིན་ལ་འོད་ཀྱང་ཡིན་པས་ཐུབ་དབང་འོང་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཚོགསོ།། དེའི་སྣ་ཚོགས་པའི་འོད་ཟེར་ནི་འོད་ཟེར་དུ་མ་སྟེ། དེས་ཕྱོགས་ཀྱི་ཚོགས་མ་ལུས་པ་ཀུན་ཏུ་ཁྱབ་པའི་གཞལ་ཡས་ཁང་བརྩེགས་མ ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། མི་མཉམ་མེད་ཕྱིར་ཟུར་བཞིར་མཉམ་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་སངས་རྒྱས་པ་དང་སངས་མ་རྒྱས་པ་དག་ཀུམ་ཏུ་མཉམ་པའོ།། དྲན་དང་དབང་པོ་བཞི་ཡིན་སྒྲོ་རྣམས་ཡིན་ཞེས་བྱ་བ་ལ་དྲན ་པ་རྣམས་དང་། དབང་བློ་རྣམས་ནི་དྲན་དང་དབང་པོ་སྟེ། ངོ་ལ་དྲན་པ་ན་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ།། དབང་པོ་ནི་དང་པའི་དབང་པོ་ལ་སོགས་པ་སྟེ། བཞི་པོ་དེ་རྣམས་ནི་སྒོ་རྣམས་ཡཱནྟི།། མཆོག་ནི་དྲམ་པའོ།། བསམ ་གཏན་བཞི་པོ་དག་གིས་རྟ་བབས་དང་ཞེས་བྱ་བ་ལ་བསམ་གཏན་ནི་བསམ་གཏན་དང་པོ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ། དེ་ཉིད་ནི་ན་བབས་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱའོ།། ཏིང་འཇིམ་ཁ་ཁྱེར་གྱིས་ནི་ཀུམ་ན།། ་བསྐོར་ཞེས་བྱ་བ་ལ། ཏིང་འཛིན་ནི་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སྟེགས་པའོ།། དེ་ཉིད་ནི་ཥྱཱམྦྷ་ཡིན་བ་སཱུ་ཏཱི་འཛིན་ཁྭ་ཁྱེར་ཏེ། དེ་རྣམས་ཀྱིས་ཀུན་ནས་ཡོངསུ་བསྐོར་བའོ།། ཁ་ཁྱེར་དེར་ལེགས་བརྟེན་པའི་མཆོད་པ་ནི།། དམ ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན་ཞེས་བྱ་བ་ལ། སྔར་བཤུད་པའི་ཁ་ཁྱེར་དེར་རམ། དཀྱིལ་འཁོར་གྱི་ཁོར་ལོ་འ་ཁྱེར་དེ་ར་ཏེ། ཁུ་ཁྱེར་དེར་ཡང་དགྲ་བར་རྟེན་པ་ནི་ཁ་ཁྱེར་དེ་ལ་གནས་པའོ།། མཆོད་པ་དམ་པ་ལ་ནི་མིག་ཡོར ་ཙམ་གྱི་བར་དང་གླུ་ལ་སོགས་པའི་མཆོད་པ་རྣམས་ཏེ། དེ་འཛིན་པ་ནི་དེ་དག་ཐོགས་པས་ན་མཆོད་པ་དམ་པ་འཛིན་པའོ།། མཆོད་པ་ཐོགས་པ་ཡང་ཡིན་ལ། ཚིག་དང་དོན་སྤོབས་པ་དང་། ངེས་པའི་ཚིག་གིས་བཟུངས་ཀྱང་ཡིན ་བསྟན་མཆོད་པ་འི་ནི། དམ་པ་འཛིན་པ་གཟུངས་ཀྱི་ཚོགས་རྣམས་ཡིན་ཞེས་བྱ་སྟེ། དེ་རྣམས་གཞལ་ཡས་ཁང་གང་དུ་ཚོགས་པ་དེ་ལ་དེ་སྐད་ཅེས་བྱའོ།། སྣ་ཚོགས་རྒྱན་རྣམས་ཀུན་གྱིས་རྣམ་སྨྲས་པ་ཞེས་བྱ་བ་ལ། སྣ་ཚོགས ་པའི་རྒྱན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སྣ་ཚོགས་རྒྱན་རྣམས་ཀུནྡ་ཏེ་གདུ་བུ་དདྭ་དཔུང་རྒྱུན་ལ་སོགས་ཐམས་ཅད་དོ།། དེས་རྣམ་པར་སྨྲས་པ་ནི་མཛེས་པར་བྱས་པའོ།། འདིར་རྣམ་པར་དག་པ་བསྟན་པའི་ཕྱིར་གང་ཕྱིར་འགྲོ ་བའི་བསམ་ཀུན་རྫོགས་མཛད་པའོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འགྲོ་བའི་བསམ་པ་ཀུན་ཏེ། འདོད་པ་རྣམ་པ་སྣ་ཚོགས་པའི་བདེ་བའི་ཡོ་བྱད་མངོན་པར་འདོད་པ་དེ་རྫོགས་པར་མཛད་པས་ན་བསམ་པ་ཀུན་རྫོགས ་མཛད་པ་སྟེ། རྒྱུ་ངས་ན་སྣ་ཚོགས་པའི་རྒྱན་རྣམས་ཀུན་གྱིས་རྣམ་པར་སྨྲས་པ་ཡིནོ་ཞེས་བྱ་བར་སྦྱར་རོ།། གཞན་ཡང་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་རླུང་གིས་བསྐྱོད་པའི་བ་ངན་ཕྲེང་བ་དང་། དྲིལ་བུ་སྒྲ་སྒྲོགས ་ཕྱོགས་སྒོ་ཀུན་ཁྱབ་པ་ཞེས་བྱ་བ་གསུངས་ཏེ། རླུང་གིས་བསྐྱོད་པ་ནི་རླུང་གིས་ཉེ་བར་བསྐྱོད་ཅིང་བཏེག་པའོ།། བ་དན་གྱི་ཕྲེང་བ་ནི་བ་དན་ཕྲེང་དུ་གནས་པ་སྟེ། རླུང་གིས་བསྐྱེད་པ་ཡང་ཡིན་ལ། བ་དན་གྱི་ཕྲེང་བ་ཡང་ཡིན་པས་ནུ། རླུང་གིས ་སྤྱོད་པའི་བ་དན་གྱི་ཕྲེང་བའོ།། དེ་ལ་བཏགས་པ་ཛཱི་ལ་བུ་དེའི་སྒྲོ་ནི་དྲིལ་བུའི་སྒྲ་སྟེ། དེ་སྒྲ་སྒྲོགས་པའི་སྒྲ་དང་ལྡན་པ་ཕྱོགས་ཀྱི་སྒོ་ཀུན་ན་ཡོད་པར་ཁྱབ་པའི་གཞལ་ཡོས་ཁང་བརྩེགས་མ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི ་རྣམ་པར་དག་པ་བསྟན་པའི་ཕྱིར། གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་དགུ། གདུལ་བྱ་ཐམས་ཅད་ལ་ནི་བསྐྱོད་པའོ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རམ་པའི་ཆོས་གསུང་རབ་ཡན་ལག་དགུ་པོ་དེ་གདུལ་བྱ་སྐྱེ་འགྲོ་བའི ་དོན་གྱི་བྱ་བ་གདུལ་བར་གྱུར་པ་རྣམས་ལ་དེ་བསྐྱོད་ཅིང་འགྲོ་བ་རྣམས་ལ་རྒྱ་ཆེར་བསྟན་པས་ཀུན་ཏུ་སོན་ལ། དེའི་ངོ་བོ་ཉིད་དུ་བྱས་པའི་རྒྱུ་དུས་ན་རླུང་གིས་བསྐྱོད་པའི་བ་དན་གྱི་ཕྲེང་བུ་དང་། དྲིལ་བུའི་སྐུ་སྒྲོགས་པས་ཕྱོགས་ཀུན ་ཁྱབ་པ་ཡིན་ནོ།། མེ་ལོངས་དྲ་བ་དྲ་ཕྱེད་མེ་ཏོག་གི་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱ་ན་མཉམ་པ་མེད་ཅེས་བྱ་བ་ལ། མེ་ལོང་དང་དྲ་བ་དང་དྲ་བ་ཕྱོད་པ་དང་། མེ་ཏོག་དང་མེ་ཏོག་གི་ཕྲེསམ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་པས་ན། མེ་ལོང་དྲ ་བདྲ་བྱེད་མྨེ་ཏོག་གི་ཕྲེང་བ་སྣ་ཚུགས་ཀྱིས་བརྒྱ་ནུ་ཞེས་བྱ་སྟེ། དེ་རྣམས་ཀྱི་མཉམ་པ་མེད་པ་ནི་ཟླ་མེད་པ་སྟེ། མཚུངས་པའི་གཟུགས་བརྙན་དུ་གྱུར་པ་མེད་པའི་ཕྱིརརོ།། དེའི་ཕྱིར་དེ་འདི་ལྟ་བུར་གྱུར་པ་ཡིན་ཞེ་ན། ཡེ་ཤེས་མེ་ལོང་དྲི་མེད ་བྱང་ཆུབ་ཀྱི།། ཡ་ན་ལག་དྲྀ་ནི་མེ་ཏོག་ཕུན་སུམ་ཚོགས་ཞེས་བྱ་བ་གསུངས་ཏེ། མེ་ལྕོད་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཉིད་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ན་མེ་ལྕོང་སྟེ། དེ་ནི་གཟུགས་བརྙན་གྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་སྟོན ་པའི་ཕྱིརོ།། རྟག་ཏུ་དྷཱི་མ་མེད་པ་ཡང་ཡིན་ལ། བྱང་ཆུབ་ཀྱི་ཡནཽ་ལག་ཀྱང་ཡིན་པས། དྲི་མེད་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་སྟེ། དེ་ཉིད་དྲི་དང་ལྡན་པའི་མེ་ཏོག་རྣམསོ།། དེ་ལྟར་ན་ཡེ་ཤེས་ཀྱི་མེ་ལོང་དང་། རྟག་ཏུ་དྲི་མ་མེད་པའི་བྱེང ་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ནི། ཡེ་ཤེས་མེ་ལོང་དྲི་མེད་བྱང་ཆུབ་ཀྱི། ཡན་ལབ་དྲི་ནི་མེ་ཏོག་ཕུན་སུམ་ཚོགས་ཞེས་བྱ་སྟེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་དེ་རྣམས་ཀྱི་རྒྱུར་གྱུར་པ་སྟེ། རྨྱ་དེས་ན་དྲ་བ་ལ་སོགས་པའི་ཁྱད་པ ་རྣམས་ཀྱི་ཁྱད་པར་དུ་འཕགས་པར་བལྟ་བར་བྱའོ།། ཀ་བ་བཟོང་པོ་བརྒྱད་ཀྱིས་ཉེར་མཛེས་པ་ཞེས་བྱ་བ་ལ། ཀ་བ་བརྒྱད་ནི་འཁོར་ལོ་ལ་སོགས་པའི་བཀའ་བ་སྟེ། དེ་རྣམས་ཀྱིས་མཛེས་པ་ནི་བརྒྱན་པའོ།། བཟང་པོ་ནི་གྲགས་པ་ཐོབ་པ ་གང་གི་བྱོ་ཞེ་ན། རྣམ་ཐར་བརྒྱད་པོ་རྣམ་པར་དག་པ་ཡིན་ཞེས་བྱ་བ་གསུངས་ཏེ། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ་ཞེས་བྱ་བ་མས། འགོག་པའི་སྙོམས་པར་འཇུག ་བར་དུའོ།། དེ་ཉིད་རྣམ་པར་དག་པས་དེ་འདྲ་བ་ཡིན་པར་བལྟ་བར་བྱའོ།། རྡོ་རྗེའི་ཐིགྲ་དང་ཡང་དག་ལྡན་པ་ནི་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བས་བསྐོར་བའོ།། གང་གི་ཕྱིར་ཞེ་ན། རྡོ་རྗེ་ཐེག་ཆོས་འཁོར་ལོ་བསྐོར་བའོ་ཞེས ་བྱ་བ་གསུངས་ཏེ། རྡོ་རྗེ་ཐུབ་པ་ནི་གསང་སྔགས་ཀྱི་ཐེག་པ་སྟེ། དེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིརརོ།། གཟུགས་སོགས་ཡུལ་རྣམས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པའོ།། དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཟུང་བ་དང ་འཛིན་པ་དང་བྲལ་བའོ།། དེས་ན་བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྷ་ཞེས་བྱ་བ་ལ་བླ་ན་མེད་པ་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་ངང་ཚུལ་ཅན་ནོ།། མཐའ་ཡས་པ་ནི་ཚོད་མེད་པ་སྟེ་དེ་ལྟ་བུའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གཞལ ་ཡས་ཁང་བརྩེགས་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མཆོད་པ་ལྔ་ནི་མེ་ཏོག་དང་བདུག་སྤོས་དང་། མར་མེ་དང་བྱུག་པ་དང་ལྷ་བཤོས་ཀྱི་ཚུལ་ཏེ། དེ་རྣམས་ཀྱིས་བརྒྱན་པ་ཡང་ཡིནོ།། དེའི་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས ་རྣམ་པར་དག་པའི་རྒྱུ་མཐུན་ཡིན་ཞེས་བྱ་བ་སྟེ། མཆོད་པ་རྣམ་པ་ལྔས་བརྒྱན་པའི་རྣམ་པར་དག་པ་ནི་དམ་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྣམ་པར་དག་པ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་ཅན་ཏེ། དམ་པའི་ཆོས་ནི་སྟོབས ་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པའོ།། དེ་རྣམས་ཀྱི་དབྱིངས་ནི་རིགས་ཡིན་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་སེམསོ།། དེའི་རྒྱུ་མཐུན་པ་ནི་འབྲས་བུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། སྣ་ཚོགས་ཞེས་བྱ་བ་ལ ་སོགས་པ་ལ། སྣ་ཚོགས་པ་ཡང་ཡིན་ལ། པདྨའི་འདབ་མ་ཡང་ཡིན་པས་ན་སྣ་ཚོགས་པདྨའི་འདབ་མ་སྟེ། དེ་རྣམས་ལ་ཉི་མ་དང་ཟླ་བ་ཅི་རིགས་པར་ལེགས་པར་གནས་པ་ནི། སྣ་ཚོགས་པདྨའི་འདབ་མར་ལེགས་གནས་པར། ཉི་ཟླ་ས ་བྱ་བ་སྟེ། དེ་རྣམས་ཀྱི་མགོན་དང་བཅས་པ་ནི་གང་དུ་ལྷ་རྣམས་ཀྱི་བཞུགས་གནས་དང་བཅས་པའི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབུས་དང་ཤར་གྱི་གནས་སུ་ནི་སྣ་ཚོགས་པདྨའི་འདབ་མ་ལ ་ཟླ་བའི་གདན་ལ་གནས་པའི་མགོན་དང་བཅས་པ་ར་བཱལྟ་བུར་བྱའོ།། ལྷོ་ལ་སོགས་པའི་གནས་གསུམ་དུ་ནི་སྣ་ཚོགས་པདྨའི་འདབ་མ་ལ་ཉི་མའི་གདན་ལ་གནས་པའི་མགོནཱ་དང་བཅས་པར་བལྟ་བར་བྱའོ།། སྤྱན་ལ་སོགས ་པ་དང་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གན་སུ་ནི་སྣ་ཚོགས་པདྨའི་འདབ་མ་ལཱ། ཟླ་བ་ལེགས་པར་གནས་པའི་མགོན་དང་བཅས་པར་བལྟ་བར་བྱའོ།། ཁོ་བོ་རྣམས་ཀྱི་ནི་སྐུ་ཚོགས་པདྨའི་འདབ་མ་ལ་ཉི་མོའི་མགོན་དང ་བཅས་པར་བལྟ་བར་བྱའོ།། རིན་ཆེན་མ་ལུས་པ་ཡིས་རྣམ་པར་སྤྲས་པ་ཞེས་བྱ་བ་ལ་རིན་ཆེན་མ་ལུས་པ་ནི་ཨིནྡྲ་ནཱི་ལ་ལ་སོགས་པ་སྟེ་རིམ་པོ་ཆེ་དེ་དག་གིས་རྣམ་པར་སྤྲས་པ་ནི་དེ་ལས་བསྒྲུབས་པ་ཡིན་ཏེ། དེ་ལྟ་བུའི་ཆོས ་འབྱུང་བ་གང་ཡིན་པ་དེ་ནི་ཆོས་འབྱུང་བའི་ཕྱག་རྒྱ་དེར་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། བཅུ་དྲུག་ཆ་དང་ཞེས་བྱ་བ་ལ་སོགས་པ་ལ། དབུས་མའི་གདན་གྱི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་རྒྱས་པ་བསམ་པར་བྱའོ། ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་གསུངས་ཏེ། བཅུ་དྲུག་ཆ་ནི་ཨ་ལ་སོགས་པའོ།། ཚོགས་ནི་ཀཱ་ལ་སོགས་པ་སྟེ། བཅུ་དྲུག་ཆ་དང་ཚོགས་ནི་བཅུ ་དྲུག་ཆ་དང་ཚོགས་ཏེ། དེ་རྣམས་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་ང་ནི་བཅུ་དྲུག་ཆུ་དང་ཚོགས་ལས་བྱུང་བའི་ཞེས་བྱའོ།། འོད་ཟེར་དཔག་ཏུ་མེད་པའི་ཚོགས་ལྡན་པ་ཞེས་བྱ་བ་ལ། འོད་ཟེར་ནི་འོད་ཀྱི་ཟེར་དུ་འཕྲེས་པའི་ཚོག་སོ།། དཔག ་ཏུ་མེད་པ་ནི་ཚད་མེད་པ་སྟེ། འོད་ཀྱི་ཚོགས་དཔོག་ཏུ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཇི་ལྟར་བསམ་ཞེ་ན། ཆོ་ག་བཞིན་དུ་ཞེས་བྱ་བ་གསུངས་ཏེ། སྐྱེས་བུ་ཆེན་པོའི་མཚར་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་དང་། དཔེ་བྱད་བཟང་པོ ་བརྒྱད་ཅུ་རྣམ་པར་དག་པའོ་ཞེས་བྱ་བའི་དོན་ཏོ།། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པ་འདིར་རྡོ་རྗེ་བཟང་པོ་བསམས་ལ། དེའི་ང་རྒྱལ་དང་ལྡན་པར་གྱུར་པར་བྱའོ་ཞེས་བྱ་བར་སྦྱ་རོ།། ཁྱད་པར ་ཇི་ལྟ་བུ་ཞིག་ཅེ་ན། དཔལ་མཆོག་དང་པོའི་ངོ་བོའོ།། སྙིང་པོ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་མཆོག་དང་པོ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ།། དེའི་སྙིང་པོ་ནི་ཡི་གེ་ཧཱུཾ་སྟེ། དེ་ལས་ཡང་དག ་པར་བྱུང་བས་ན། དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བའི་ཞེས་བྱའོ།། ནོར་བུ་དམར་འདྲལ་ཞེས་བྱ་བ་ནི་རིན་པོ་ཆེ་དམར་པོ་སྟེ། དེ་ཉིད་དང་འདྲ་ཞིང་གཟུགས་བརྙན་དུ་གྱུར་པ་གང་ཡིན་པ་དེར་གྱུར་པ་ནི་མང་བུ་དམར་འཇ ་ཞེས་བྱ་སྟེ། པདྨ་རཱ་ག་འདྲ་བ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། དཔག་མེད་ཐུབ་པའི་འོད་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔག་ཏུ་མེད་པ་ཡང་ཡིན་ལ། ཐུབ་པའི་དབང་པོ་ཡང་ཡིན་ལྀ་བ~ཾསཽ་ད~ཾ་བ~ཾ་གཽ། ་མེད་ཐུབ་པའོ།། དཔག་ཏུ་མེད་པའི་ཐུབ་པ་དེ་རྣམས་ཀྱི་འོད་ཀྱི་ཚོགས་རྣམ་པར་འཕྲོ་བོས་ན་དཔག་མེད་ཐུབ་པའི་འོད་ཚོགས་རྣམས་འཕྲོ་བ་ཞེས་བྱ་སྟེ། དེ་རྣམས་ཀྱི་ཕྱོགས་ཀྱི་སྒོ་མཐའ་ཡས་པ་ཁྱབ་པར་གྱུར་པ་གང་ཡིན་པ་དེ་ལ་དེ ་སྐད་ཅེས་བྱ་སྟེ། ཕྱོགས་ཀྱི་སྒོ་ཀུན་ནས་ཐམས་ཅད་དུ་འདི་འདྲ་བར་གྱུར་པའི་རྡོ་རྗེ་བཟང་པོ་བསམས་པའོ།། དང་པོའི་སྙིང་པོ་མགོན་བཅས་བསྒོམས་ནས་ནརྀ་ཞེས་བྱ་བ་ནི་དང་པོའི་སྙིང་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་ཧཱུཾ་གི ་དོན་དང་བཅོས་པའོ།། དཱ་རྒྱལ་དོན་ལྡན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དེའི་ང་རྒྱུ་ལྔ་ནི་ང་རྒྱལ་དེ་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མཐའ་ཡས་པའི་སྤྲུལ་པ་རྣམས ་ཀྱིས་འགྲོ་བ་མཆོག་གི་དོན་རྣམས་བྱས་ནས་རྒྱལ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་སྐུ་རུ་བསམ་པར་བྱའོ་ཞེས་བྱ་བར་སྦྱ་རོ།། དེ་ལ་མཐའ་ཡས་པ་ཡང་ཡིན་ལ་སྤྲུལ་པ་ཡང་ཡིན་པས་ན་མཐའ་ཡས་སྤྲུལ་པ་སྟེ། རྡོ་རྗེ་འཛིན་པ་དེ་ལྟ་བུ ་དེ་རྣམས་ཀྱིས་འགྲོ་བ་མཆོག་གི་དོན་རྣམས་བྱས་ཤིང་བསྒྲུབས་པར་གྱུར་པ་སྟེ། གང་གིས་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་དུ་འདི་དག་གྱུར་པ་ནི་འགྲོ་བ་མཆོག་གི་དོན་རྣམས་བྱས་གྱུར་ཅིང་ཞེས་བྱ་བ་སྟེ། ་རྣལ་འབྱོར་པའོ།། རྒྱལ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་སྐུ་ཇི་ལྟར་བསམ་པར་བྱ་ཞེ་ན། ཐུབ་མཆོག་ཕྱཝ་རབ་ལས་བསྒྲུབས་མཚུངས་མེད་པ་ཞེས་བྱ་བ་གསུངས་ཏེ། ཐུབ་པ་མཆོག་ཉིད་ཀྱི་ཕྲ་རབ་ནི་ཐུབ་མཆོག་ཕྲ་རབ ་སྟེ། དེ་ལས་བསྒྲུབས་པ་ནི་བསྐྱེད་པའོ།། དེ་ཡང་སོ་སོར་སྐྱེ་བོ་རྣམས་ཀྱི་ལུས་མི་འབྱུང་བ་ཆེན་པོ་བཞིའི་ཕྲ་རབ་ལས་ཡོངསུ་བསྒྲུབ་པ་ཡིན་པར་གྲགས་ལ། བཅོམ་ལྡན་འདས་ཀྱི་སྐུ་ནི་ཐུབ་པ་མཆོག་གི་རང་བཞིན་གྱི་པྲ་རབ་ལས ་རྣམ་པར་བསྒྲུབས་པ་ཡིན་པས་ན་འདི་ནི་ཐུབ་མཆོག་ཕྲ་རབ་ལས་བསྒྲུབས་པའོ།། མཚུངས་པ་མེད་པ་ནི་མཉམ་པ་མེད་པའོ།། གཞན་ཡང་དེའི་ཁྱད་པར་བསྟན་པའི་ཕྱིར། ཟླ་བ་རྒྱས་འདྲར་དཀར་བའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཟླ་བ་བྱུང་བ་བཞིན་དུ་དཀར་བའི་འོད་ཀྱི་མདངས་ལྡན་པ་གང་ཡིན་པ་དེ་ནི་ཟླ་བ་རྒྱས་འདྲར་དཀར་བའི་མངངས་ལྡན་ཞིང་ཞེས་བྱ་བའོ།། གང་གིས་གཡས་པ་དང་གཡོན་པའི་ཞལ་སྔོ་བ་དང་དམར་བ་མངའ་བ་དེ ་ནི་ཁ་ཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར་ཞེས་བྱ་སྟེ། ཞལ་དབུས་མ་ཟླ་བ་རྒྱས་པ་དང་འདྲ་བར་དཀར་བའི་མདངས་ལྡན་པ་ཡིན་ལ་གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དམར་བུ་ཡིན་པས་དེ་སྐད་ཅེས་བྱའོ་ཞེས ་མཚམས་སྦྱར་བར་བྱའོ།། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། སྣ་ཚོགས་པའི་རྒྱན་ཏེ་གདུ་ལ་སོགས་པའི་རྒྱན་རྣམས་ཕྱག་གཉིས་པོ་གང་ལ་འབར་བར་གྱུར་པ་དེ་ནི་རྒྱར་སྣ་ཚོགས་རྒྱར་རྣམས་འབར་བའི་ཕྱ ་གཉིས་ཀྱི་ཞེས་བྱ་སྟེ། སྣ་ཚོགས་པའི་རྒྱན་རྣམས་འབར་བ་ཡང་ཡིན་ལ་ཕྱག་གཉིས་ཀྱང་ཡིན་པས་སྣ་ཚོགས་རྒྱན་རྣམས་འབར་བའི་ཕྱག་གཉིས་ཀྱིས་ཞེས་བྱ་སྟེ། དེས་རིག་པ་དམ་པ་འཁྱུད་པར་མཛད་པ་གང་ཡིན་པ ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷག་མའི་ཕྱག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་ལྷག་མའི་ཕྱག་སྟེ། དེ་དག་གི་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་། རལ་གྲི་དང་རིན་པོ་ཆེ་དང ་པདྨ་དག་བསྣམས་པར་མཛད་པ་དག་གང་ཡིན་པ་དྭེ་ནཱ་ལྕུག་མའི་ཕྱག་གིས་རྡོ་རྗེ་རལ་གྲི་དང་པདྨ་རིན་ཆེན་བསྣམས་ཞེས་བྱའོ།། ཟུང་གཉིས་མཛེས་ཞེས་བྱ་བ་ནི་ཕྱག་ལྷག་མ་ཟུང་གཉིས་པོ་དག་ན་རྡོ་རྗེ་དང་རལ་གྲི་དང ་པདྨ་དང་ནོར་བུ་བསྣམས་པས་མཛེས་པ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་དེ་དག་གི་ཁྱད་པར་བསྟན་པའི་ཕྱིར། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་ཁོངས་ནི་ཁམས་གསུམ་གྱི་ན་མཁས ་སྟེ། དེ་རྣམ་པར་བརྒྱན་པས་ན་ཁམས་གསུམ་ཁོངས་ནི་རྣམ་པར་བརྒྱན་པའི་ཞེས་བྱའོ།། ཐུབ་པའི་འོད་ཚོགས་མི་ཐུབ་པའི་འོད་ཟེར་ཏེ་དེ་རྣམས་ཀྱི་ཚོགསོ།། དུ་མ་ནི་རྣམ་པ་སྣ་ཚོགས་པ་སྟེ། དེ་རྣམ་པར་འགྱེད་པས་ན ་ཐུབ་པའི་འོད་ཚོགས་དུ་མ་རྣམ་པར་འགྱེད་ཅེས་བྱའོ།། རྣམ་པར་ཐར་པའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དོ།། དེ་ཉིད་ནི་རྣམ་པར ་དག་པ་ཡིན་ལ། དེས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཏེ། ཤེས་རབ་དང་ཐབས་གཉིས་མེད་པའི་མཚན་ཉིད་ཅན་ད་བདག་ཏུ་བསམ་མ་ཞེས་བྱ་བར་སྦྱརོ།། སྙིང་རྟ་མཆོག་རུ་ཐུགས་རྗེ་ཆེན་པོ ་མཚན་ཉིད་ཅན་གང་ཡིན་པ་དེ་ལ་སྙིང་རྗེ་མཆོག་ཞེས་བཤད་དོ།། དེ་ནི་མ་ལུས་པའི་འགྲོ་བ་འདི་དག་ནི་གཅིག་ཏུ་དེ་ཁོ་ན་ཉིད་གཉི་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་ནོ་ཞེས་བྱ་བས་ནི་མཱ་ལུས་འགྲོ་བའི་དེ་ཉིད་གཙོག་ཕྱཝ ་ཉིད་ཅེས་བྱ་སྟེ། དེ་ནི་རྒྱལ་བ་རྣན་ཀྱི་སྐྱེད་པ་པོ་ཡིན་པས། རྒྱལ་བ་སྐྱེད་བྱེད་དེ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྟེ། བཅོམ་ལྡན་འདས་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་སྐུ ་ནི་རང་གི་ངོ་བོ་ཉིད་དེ། དེ་བསམ་པར་བྱའོ་ཞེས་བྱ་བར་སྦྱོ་རོ།། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཏུ་རྗེས་ཆགས་ཞེས་བྱ་བ་ནི། མཆོག་ཏུ་དགའ་བའི་བདེ་བ་སྟེ། དེའི་ཕུན་སུམ་ཚོགས་པ་ཡིན་ལ། དེས་གདུལ་བྱ། ་འཇིག་རྟེན་ཐམས་ཅད་དེ། ཁམས་གསུམ་པར་རྟོགས་པ་རྣམས་དམིགས་ལོ། རྒྱལ་བའི་ཚོགས་རྣམས་མ་ལུས་པ་གཞུག་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དགའ་བའི་སྒྱུ་མའི་སྒྲ་ཡིས་ཞེས་བྱ་བ་ལ་དགའ་བ་ནི་རོབ་ཏུ ་དགའ་བ་སྟེ། རྡོ་རྗེ་པདྨ་སྒྲ་ལྟ་བུར་སོ་སོར་སྣང་བ་ཙམ་གྱི་སྒྲ་ནི་དགའ་བའི་བའི་སྒྱུ་མའི་སྒྲ་སྟེ། དེས་ནང་གི་ལུས་ཀྱི་དབུས་སུ་རྒྱལ་གའི་ཚོགས་རྣམས་ཞེས་བྱ་བ་རྒྱལ་བའི་ཕུང་པོ་རྣམས་མ་ལུས་པ་སྟེ། ལྷག་མ་མེད་པར་གཞུ ་བྱར་བྱའོ།། དེ་ནི་སྤྱན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བའི་ཚོགས་དེ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཕྱུང་ནས། རིག་མ་དེ་དག་ཐམས་ཅད་རང་གི་རིག་མའི་ནང་དུ་ཆུད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ལ་སྤྱན་ལ ་སོགསོ་བའི་ལྷ་མོ་དང་གཟུགས་རྡོ་རྗེ་ལ་སོགས་པ་མ་ལུས་ཡུལ་ཡིན་ན་སྤྱན་ལ་སོགས་པའི་ལྷ་མོ་དང་གཟུགས་ལ་སོགས་པ་མ་ལུས་ཡུལ་གྱི་ཞེས་བྱ་སྟེ། དེ་རྣམས་ཀྱི་རང་བཞིན་གྱིས་ཕྱུང་ཞིང་བཏོན་ནས་རིག་མ་ཐམས་ཅད ་དེ། སྤྱན་ལ་སོགས་པ་དང་། གཟུགས་ལ་སོགས་པའི་ལྷ་མོ་དགུ་པོ་རང་གི་རིག་མ་ཞེས་བྱ་བ་དང་གི་སོ་སོར་སྐུང་བའི་རིག་མ་དེའི་ནང་དུ་ཆུད་པར་བྱའོ།། དེའི་པདྨའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་པདྨ་ནི་དེ་ཉིད་ཀྱི་པདྨའོ།། ་དེའི་སྟི་བ་ནི་དབུས་ཀྱི་ལྟེ་བ་སྟེ།། དེའི་ནང་དུ་ཞེས་བྱ་བ་དབུས་སུ་དཀྱིལ་འཁོར་བསམས་ནས་འགྲོ་བའི་ཚོགས་དེར་གཞུག་པར་བྱའོ་ཞེས་བྱ་བྱར་སྦྱར་རོ།། དཀྱིལ་འཁོར་ཁྱད་པར་ཅན་ཇི་ལྟ་བུ་ཞེ་ནྱ། དྷི་མེད་ཟླ་ཟེར་ལྷས་བྱུ་བ་ཞེས ་བྱ་བ་གསུངས་ཏེ་དྲི་མ་མེད་པའི་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ནི་འོད་ཟེར་དང་ཆོས་མཐུན་པས་འོད་ཟེར་རོ།། དེ་ལས་བྱུང་བ་ནི་སྐྱེས་པའོ།། བསམ་པ་ནི་བསྒོམ་པ་སྟེ། དཀྱིལ་འཁོར་དེར་བྷྱོ་ཡིས་འགྲོ་བའི་ཚོགས་རྣམས ་ཏེ། སེམས་ཅན་ཐམས་ཅད་རབ་ཏུ་གཞུག་པར་བྱའོ།། གསང་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བ་ཞུ་བའི་གཟུགསུ་གྱུར་པ་ནི། གང་དེ་ལྟར་གྱུར་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྒྱལ་བའི་ཚོགས་ཟླ་བ་ཞུ་བའི་གཟུགསུ ་གྱུར་པ་དེས་འགྲོ་བའི་ཚོགས་དེ་རྣམས་དབང་བསྐུར་བར་བྱའོ།། ཞེས་བྱ་བར་སྦྱར་བར་བྱའོ།། གསང་བ་ཡང་ཡིན་ལ་རྡོ་རྗེ་དམ་པ་ཡང་ཡིན་པས་གསང་བའི་རྡོ་རྗེ། དེའི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པ ་རྒྱལ་བའི་ཚོགས་རྣམས་གཞུག་པར་བྱ་སྟེ། རང་གི་ལུས་ལ་བཅུག་ནས་ཟླ་བ་ཞུ་བོའི་གཟུགས་སུ་གྱུར་པ་དང་ཞེས་བྱ་བ་བྱང་ཆུབ་ཀྱི་སེམསུ་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྒྱལ་བའི་ཚོགས་ཀྱིས་དབང་བསྐུར་ཞིང་དེ་རྣམས ་བྱོས་རྗེསུ་གཞུག་པར་བྱའོ།། དེ་ནི་དབདོ་བསྐུར་བ་རྣམས་ཀྱི་མིག་ལ་སོགས་པ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། སའི་སྙིང་པོ་ཞེས་བྱ་བ་ལ་སོགས་གསུངས་ཏེ། མིག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་སའི་སྙིང ་ལ་སོགས་པ་ས་བོན་རྣམས་ལས་བྱུང་ཞིང་པོ་ཏོན་ནས། བྱིན་གྱིས་བརླབ་པའི་བར་བྱའོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱང་དབྱུང་བར་བྱ་བའོ་ཞེ་བྱ་བར་སྦྱར་བ་དང་། དེ་བཞིན་དུ་སྤྱན་ལ་སོ། ་པར་གྲགས་པ་རྣམས་ཀྱང་ས་བོན་རྣམས་ལས་འབྱུང་བར་བྱའོ་ཞེས་བྱ་བར་སྦྱར་བ་དང་། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་རཱཏྣ་གྲཱྀ་ས་བོན་རྣམས་རིང་གི་ས་བྷྱོན་རྣམས་ལས་འབྱུང་ཞིང ་གདོན་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། གཟུགས་དང་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་ནི་གཟུགས་ཀྱི་ཕུང་པོའོ།། ཚོར་བ་ནི་ཚོར་བའི་ཕུང་པོའོ།། འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོའོ།། འདུ་བྱེད་ན་། ་བྱེད་ཀྱི་ཕུང་དེའོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེ་དྲག་ཏུ་ནི་བཤད་པ་ནི། དེ་དག་གི་ངོ་བོ་ཉིད་གསུངས་པ་སྟེ། དེ་ཡང་ལུས་ལས་ཕུང་པོ་ལྔ་ནི་མདོར་བསྡུས་ན། སངས་རྒྱས་ལྔར་ནི་རབ་ཏུ་བཤད་ཅེས་གསུངས ་པའི་ཕྱིར་རོ།། དེ་རྗེས་བྱ་བ་ནི་དབང་བསྐུར་བའི་རྗེས་ཐོགས་ལའོ།། ས་བོན་གྱིས་ནི་དབྱུང་བར་བྱ་ཞེས་བྱ་བ་ནི་འོག་ནས་བཤད་པའི་ས་བོན་རྣམས་ཀྱིས་དབྱུང་བར་བྱའོ།། དེ་རྣམས་ཀྱི་ས་བྱོན་རྣམས་གང་ཡིན་ཞེ་ན། ཀྵི་ཞེས་བྱ་བ་ལ་སོཊ། ་པ་གསུངས་ཏེ། འདི་དག་ནི་བ་ཤུད་མི་ཐག་པའི་ལྷ་རྣམས་དང་རཱིམཱ་བཞིན་དུ་སྦྱར་བར་བུལྟ་བར་བྱའོ།། མིག་ལ་སོགས་པ་ཞེས་པ་ནི་མིག་ལེ་སྩོགས་པའི་ངོ་བོ་ཉིད་ནི་སྣའི་སྙིང་པོ་ལ་སོགས་པ་ཉིད་དོ།། གཟུགས་ལ་སོགས་པ་ཡུལ ་རྒྱུ་ངོ་བོ་ཉིད་ནི་གཟུགས་རྡོ་རྗེ་ལ་སོགས་པའོ།། འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ནི་སྤྱན་ལ་སོགས་པར་བཤད་པ་ཉིད་དོ།། རྟག་པ་ལ་སོགས་པའིའོ་ཞེས་བྱ་བ་ལ་རྟག་པ་ནི་བཅོམ་ལྡན་འདས་རྣམ་པར་སྨྲང་མཛད་དེ། དེ་ལ་སོགས་པ་གང ་ཡིན་པ་དེ་ནི་རྟག་པ་པ་ལ་སོགས་པའི་ཞེས་པའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་འོད་ལྡན་ཧོ་དང་སྤེལ་བ་ཞེས་བྱ་བ་ནི། འོད་དང་ལྡན་པ་ཡང་ཡིན་ལ། ཧོ་ཡང་ཡིན་པས་ན་འོད་ལྡན་ཏོ་སྟེ། དེ་དག་དང་སྤེལ་བ་ནི་དབུས་སུ་ཆུད་པར་བྱས ་པ་དེ་ལ་འོད་ལྡན་ཧོ་དང་སྤེལ་བ་ཞེས་བྱའོ།། ཆོ་ག་བཞིན་ཞེས་བྱ་བ་ནི་གཉིས་པོ་དག་གིས་སོ།། པདྨའི་ནང་ན་གནས་པ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་ལྷ་མོའི་པདྨའི་ནང་དུ་བཞུགས་པའོ།། མཉམ་པ་མེད་པ་ཤེས་རབ་ཆགས་པས་སུ ་བར་བྱས་པར་ཞེས་བྱ་བ་ལ་ཤེས་རབ་ནི་རྡོ་རྗེ་སེམས་དཔའི་ལྷ་མོ་སྟེ། དེའི་ཆགས་པ་ནི་ཤེས་རབ་ཆགས་པའོ།། དེ་ཡང་ཕྱིན་ཅི་མ་ལོག་པའི་བློས་རྟོགས་ཤིང་ཆུད་པའི་ཚུ་ལོ།། མདུལ་ནས་སྐྱེ་བའི་རིམ་པ་ལ་བལྟོ ་ནས་འདི་སྐད་དུ་བཤད་པ་ཡིན་ཏེ། མཉམ་པ་མེད་པ་ཡང་ཡིན་ལ། ཤེས་རབ་ཀྱང་ཡིན་པས་མཉམ་མེད་ཤེས་རབ་ཆགས་པ་སྟེ། དེས་ཞུ་བར་བྱས་པའི་ཡི་གེའི་བདག་ཉིད་ཅན་གྱི་སེམས་སུ་རྣལ་འབྱོར་པ་བདོག་ཉིད་བསམས་ཏེ། ་ཞུ་བར་གྱུར་པའི་སེམས་དེའི་འོད་ཀྱི་མཐུ་སྟེ། ནུས་པས་གཉི་ག་ཡང་སྟེ། རྡོ་རྗེ་སེམས་དཔའ་དང་དེའི་སོ་སོར་སྣང་བའི་རིག་པ་དུག་ཟླ་བོའི་རྣམ་པར་ཞུ་བར་བྱས་པར་མཐོང་བ་དང་། འོག་ནས་བཤད་པའི་མཱ་མུ་ཀཱི་ལ་སོགས་བྷ། ་གླུའི་སྒྲས་བསྐུལྟ་བྷ་བྱའོ། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒོ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་ཐུགས་ཞེས་བོས་པ་སྟེ། ཀྱེ ་རྗེའི་ཐུགས་མོ་ཕྱེད་པའི་ཐུགས་དང་ལྡན་པ་ཁྱོད་བདག་ལ་དགེས་པར་མཛད་དུ་གསོལ་ཞེས་བྱ་བར་སྦྱར་རོ།། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི། གཙོ་བོར་གྱུར་པས་སྐྱབ་དུ་གསོལ་ཅེས་པའོ ་གང་ག་ཞེ་ན། དགའ་བའི་ཡིད་འོང་དོན་ཆེན་འདོད་པས་ཞེས་བྱ་བ་གསུངས་ཏེ། དགའ་བ་ནི་མཆོག་ཏུ་དགའ་བ་སྟེ་དགའ་བའོ།། ཡིད་འོང་ནི་ཡིད་ཚིམ་པར་བྱེད་པའོ།། དོན་ཆེན་ནི་བླ་ན་མེད་པ་ཆེན་པོ་ཡང་བར་རྫོགས ་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་དོན་གང་ཡིན་པ་དེ་ནི་དོན་ཆེན་ནོ།། འདོད་པ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་སྟེ། དེ་རྣམས་ཀྱིས་བདག་ལ་སྒྲུབ་དུ་གསོལ་ཞེས་བྱ་བ་ནི་བདག་ལ་དགྱེས་པར་མཛད་དུ་གསོལ ་ཞེས་བྱ་བའོ།། མགོན་པོ་གྲལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན་ཞེས་བྱ་བ་ནི། གལ་ཏེ་བདག་གསོན་པར་བཞེད་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྒོ་ཉིད་དུ་འབྱུང་བ་ཆེན་པོ་རྣམ་པར་དག་པའི་གཟུགསུ་མཛད་ནཱས། ་མཱ་མ་ཀཱི་ལ་སྩོགས་པའི་ལྷ་མོ་རྣམས་མི་སྲིད་པར་གྱུར་པས་སོ།། སེམས་ཅན་ཡབ་ཆེན་མཉེན་མཆོག་ཅེས་བྱ་བ་ནི། ཀྱེ་སེམས་ཅན་རྣམས་བསྐྱེད་པར་མཛད་པ་ཆེན་པོ་གཉེན་གྱི་མཆོག་ཅེས་བོད་པའོ།། ད་ནི་རང་གི་རིག ་ཀྱི་བདག་པོའི་སྒོ་ནས་སྤྱན་ལ་སོགས་པའི་ལྷ་མོ།། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སྩོགས་པས་བསྐུལ་བར་བྱེད་དོ། བཅོམ་ལྡན་འདས་སྐུ་རྡོ་རྗེའི་སྒོ་ནས་མེ་ལོངས་ལྔ་བུའི་ཡེ་ཤེས་ཀྱི་ངོ་ཉིད་དུ་གྱུར་པས་རྡོ་རྗེ་སྐུ་ཁྱོད་ཅེས ་བོས་པ་སྟེ། རྡོ་རྗེ་སྐུ་ཁྱོད་བདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་བྱ་བར་སྦྱར་རོ།། བཀའི་འཁོར་ལོ་ཞེས་བྱ་བ་ནི་བཀའ་ཉིད་ཀྱོ་འཁོར་ལཱྀ་གང་ལ་མངའ་བ་དེ་ནི་བཀའི་འཁོར་ལོ་སྟེ། བཀའི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི ་བར་དུའོ།། སེམས་ཅན་ཀུན་ལ་ཕན་པར་མཛད་པ་ནི་ཚིམ་པར་མཛད་པའོ།། སངས་རྒྱས་ཀྱི་དོན་དང་བྱང་ཆུབ་དང་། དོན་དམ་ནི་ཡེ་ཤེས་ཀྱི་མཚན་ཉིད་དེ། སངས་རྒྱས་པའི་དོན་དུ་བྱང་ཆུབ་དོན་དམ་ཕན་པོར་རྗེསུ་གཟིགས ་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ཕན་པར་གཟིགས་ཞེས་བྱའོ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་བསོན་པར་མཆིས་བཞེད་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བལྟ་བར ་བྱའོ།། འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བ་ཡིན་ལ། འདོད་ཆགས་དོ་མ་ཚིག་ནི་འདོད་ཆགས་ཉིད་དམ་མེ་ཏུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྤྱད་ཅེས་བྱའོ།། བདག་ཅེས་བྱ་བ་ནི་བདག་འདི་འདྲ་བ་ལའོ།། དགྱེས་པར་མཛུད་དུ ་གསོལ་ཞེས་བྱ་བ་ནི་མཆོག་ཏུ་དགྱེས་པར་མཛད་དུ་གསོལ་ཞེས་པའོ།། ད་ནི་ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་བྱ་བ་ལ་སོགས་པ། ན་བཟའ་དཀར་མོ་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་ཡང་དག་པར་སྐུལ་བར་བྱེད་དོ།། ཁྱོད་ནི་རྡོ་རྗེ ་གསུང་སྟེ་ཞེས་བྱ་བ་ནི། གསུང་རྡོ་རྗེའི་སྒོ་ནས་བཅོམ་ལྡན་འདས་སོ་སོར་བརྟགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་རྡོ་རྗེ་གསུངས་ཁྱོད་བོད་པ་སྟེ། ཀྱེ་རྡོ་རྗེའི་གསུངས་ཁྱོད་བདག་ལ་དགྱེས་པར་མཛད་དུ་གསྩོལ་ཞེས་བྱ ་སྦྱར་རོ།། སེམས་ཅན་ཐམས་ཅད་ལ་ཕན་ཞིང་ཐུགས་བརྩེ་བའི་ངང་ཚུལ་གང་ཡིན་པ་དེ་ནི་ཀུན་ལ་ཕན་ཞིང་ཐུགས་བརྩེ་བའོ།། འཇིག་རྟེན་དག་གི་དོན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ།། དགོས་པ་ནི་འཇོ ་རྟེན་པའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་ཏེ། དེ་མཛོད་པ་ལ་རྟག་ཏུ་ཡང་དག་པར་བརྩོན་པར་མཛད་པས་ན། འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན་ཞེས་བྱའོ།། མགོན་པོ་གལ་ཏེ་དེ་རིང ་བདག་ནི་གསོན་པར་མཆིས་བཞེད་ན་བྱ་བ་ནི་སྔར་བཤད་ཟིན་ཏོ།། དགའ་བ་ནི་མཆོག་ཏུ་དགའ་བའི་སེམསོ།། དེ་ནི་སྤྱོད་པ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་གང་ཡིན་པ་དེ་ནི་དགའ་བའི་སྤྱོད་པ་ཞེས་བྱའོ།། ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི ་ཀུན་ནས་བཟང་ཞིང་དགེ་བ་མདྲའ་བས་ན་ཀུན་ཏུ་བཟང་པོའོ།། ད་ནི་ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་བྱ་བ་ལ་སོགས་པས་སྒྲོལ་མ་རང་གི་རིགས་ཀྱི་སྒོ་ནས་སྐུལ་བར་བྱེད་དེ། རྡོ་རྗེ་འདོད་པ་ཞེས་བྱ་བ་ནི་ཀུན་ནས་བཟང་ཞིང་རྡོ་རྗེར་གྱུར། ་ཅིང་གཉི་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་འདོད་པའི་ཡོན་ཏན་ལྔ་པོ་གང་ཡིན་པ་དེ་ནི་རྡོ་རྗེའི་འདོད་པ་སྟེ། དེ་ལ་འདི་ལྟར་བོད་པ་ནི་ཀྱེ་རྡོ་རྗེ་འདོད་པ་ཁྱོད་བདག་ལ་དགྱེས་པར་མཛོད་ཅེས་བྱ་བར་སྦྱར་རོ།། དམ་ཚིག ་ནི་བཅོམ་ལྡན་འདས་རློན་ཡོད་པར་གྲུབ་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། དེ་ཉིད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ།། ཕན་དོན་ཆེ་ཞེས་བྱ་བ་ནི། ཕན་པ་རྒྱུ་ཆེ་བས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་དོན་གང་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ཏེ། དྲི་ལ་ཐིག་ལེར་གྱུར ་པས་ན་མཆོག་གོ།། མཉམ་པ་ནི་ཆོས་ཐམས་ཅད་བདག་མེད་པས་སྟོང་པ་ཉིད་ཀྱི་རྗེསུ་ཐུགས་བརྩེ་བ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཐུགས་བརྩེའོ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། ཞེས ་བྱ་བ་ནི་སྔར་བཤད་པར་ཟད་དོ།། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་ཅེས་བྱ་བ་ནི། ཡོན་ཏན་མང་པོའི་ངོ་བོ་ཉིད་ཀྱི་འབྱུང་གནསུ་གྱུར་པའོ།། ཀླུའི་ངོ་རུ་བྱས་པས་ན་ཞེས་བྱ་བ་ནི་བཤྭད་མ་ཐག་པའི་ཀླུཿ། ་ངོར་བྱས་པའོ།། ཆོས་ཀུན་སྒྱུ་མ་ལྟ་བུར་ཡང་དག་རིག་ཅེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདུས་པ་སྒྱུ་མ་དང་མཚུངས་པར་བསྒྲངས་པ་སྟེ། གང་འདི་མྱ་ངན་འདས་པ་སྟེ། ཡང་རྣམ་པར་དུཔྱད་ནི་དངོས་པོ་མེད་པ་ཡུན་ལ། འཁོར།། ་བ་ཡང་དེ་དང་མཚུངས་པའི་ཕྱིར། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་སྦྱོར་བའི་དོན་ཏོ།། སྣང་བའི་འོད་ཟེར་གྱི་ནི་དཀྱིལ་འཁོར་ཅན།། རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར་ཅེས་བྱ་བ་ལ། སྣང་བའི་འོད་ཟེར་ཞེས། ་བྱ་བ་ནི་སྣང་བ་དང་ལྡན་པའི་འོད་ཟེར་འོད་ཟེར་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཚོགས་ཏེ། དེ་ག་ལ་ཡོད་པའི་རང་གི་སྔགས་གྱུར་པཱ་དཾ་ནི། སྣང་བའི་འོད་ཟེར་གྱིས་བརྒྱན་པའི་རང་གི་སྔགས་ཀྱི་ལུས་སུ་གྱུར་པ ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རང་ཉིད་གྱུར་ཅེས་བྱ་བ་ནི། དེ་ལྟ་བུར་རྣལ་འབྱོར་པ་བདག་ཉིད་གྱུར་པ་སྟེ། ཞུ་བ་ལས་ཡོངསུ་གྱུར་པའི་ཡི་གེ་མ་ལས་གྱུར་པའི་རལ་གྲིའི་ཆང་གཟུངས་ལ་གནས་པའི་ཟླ་བའི་དཀྱིལ་འཁོར ་ལ་འདུག་པའི་མཾ་དུ་གནས་པོའི་གཟུགསུ་རང་ཉིད་གྱུར་ཅེས་བྱ་བའི་དོན་ཏོ།། དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྔགས་ཀྱི་ལུས་མི་གི་བདག་ཉིད་ཅན་གང་ཡིན་པ་དེར་རང་གི་ལྷའི་རྣམ་པར་སྤྲུལ་པའི་ཐུབ ་པའི་དབང་པོ་ཞུགས་པ་དང་། དཔལ་འཇམ་པའི་རྡོ་རྗེར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ།། འདིར་མན་ངགུ་གཱི་ཡི་གེ་མཾ་གི་འོད་ཟེར་ལས་བྱུང་བའི་འཇམ་པའི་རྡོ་རྗེ་ལྟ་བུར་མཾ་གི་ནང་དུ་བཅུག་ལ། དེ་ཡོངསུ་གྱུར་པ་ལས་འཇམ་པའི ་རྡོ་རྗེའི་གཟུགསུ་བདག་ཉིད་བསྒོམ་པ་བྱཱ་བཱ་ཡིན་ནོ།། དཔལ་ལྡན་ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ།། འཇམ་པའི་རྡོ་རྗེ་ཞེས་བྱ་བ་འགྱུར་ཞེས་བྱ་བ་ནི། འོག་ནས་བཤད་པའི་ཚུལ་ཅན་གྱི་འཛ ་པའི་རྡོ་རྗེར་གྱུར་པའོ།། གུར་གུམ་བཟང་པོའི་མདོག་ཅན་ཞེས་བྱ་བ་ནི། གུར་གུམ་བཟང་པོའི་ལྟ་བུར་དམར་བའི་མདོག་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཱཡས་དང་གཡོན་པའི་ཞལ་ནི་སྔོ་དང་དཀར་པོའི་མདོག་ཅེས ་བྱ་བ་ལ་གཡོས་པའི་ཞལ་དང་གཡོན་པའི་ཞལ་ནི་གཡས་དང་གཡོན་པའི་ཞལ་ཏེ་དེ་ནི་སྔོ་དྲང་དཀར་བའི་མདོག་ཅན་དུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྣ་ཚོགས་རྒྱན་ཅེས་བྱ་བ་ནཱི་གདུ་བུ་དང་དཔུང ་རྒྱན་ལ་སོགས་པ་སྟེ། དེ་དག་གིས་བརྒྱན་པས་ན། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་པའི་ཞེས་བྱའོ།། ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་ཞེས་བྱ་བ་ནི། རང་རིག་པའི་ཤེས་རབ་དང་མྱི་འབྲེལ་བའི་དང ་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ་ཡང་ཡིན་ལ། ཕྱག་གཉིས་ཀྱིས་ཤེས་རབ་དམ་པ་འཁྱུད་པ་ཡིན་ནོ་ཞེས་མཚམས་སྦྱར་བར་བྱའོ།། མདངས་ལྡན་ཞེ ་བྱཱ་བཱནྡྷེ། རལ་གྲི་དང་མྱུ་མདངས་དང་ལྡན་པ་བསྣམས་པའོ།། གཞལ་ཡཱ་ཏྨ་ཨཱུཏྤལ་སྟོན་པ་དང་། གན་གུང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། མཐའ་ཡས་པ་ནི་ཆད་མེད་བྱའོ།། འོད་ནི་འ་། ་མཱ་ལུས་རིགས་རྣམས་འཕྲོ་བཱས་རྣམས་བརྒྱན་ཅིང་ཅེས་བྱ་བ་ལ། མ་ལུས་པའི་རིགས་རྣཾས་རྣམ་པར་འཕྲོ་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་རྣམ་པར་འཕྲོ་བ་སྟེ། དེས་ན་མཁ ་ཁམས་མ་ལུས་པའི་དཀྱིལ་འཁོར་བརྒྱན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྐྱོབ་པ་ཞེས་བྱ་བ་ནཱི་སྐྱོབ་པར་མཛད་པ་སྟེ། ལྟ་བ་བཟང་པོའི་ལམ་སྟོན་པ་སྟེ། འདི་ལ་མངའ་བས་ན་སྐྱོབ་པའོ།། དངོས་རྣམས་ཞེས་བྱ ་བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་ནི་དངོས་པོ་འམ་ངོ་བོ་ཉིད་མྱེད་པ་སྟེ། གཟུང་བ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་རྣམས་དང་། འཛིན་པ་ཞེས་བྱ་བ་རྣམ་པར་ཤེས་པ་ནང་ན་ཡོངསུ་གསལ་བའི་རང་བཞིན་ཅན་སྷོ།། ་དེ་དག་དང་བྲལ་བ་ནི་མེད་པའོ།། དེ་ལྟར་ན་དངོས་པོ་མ་ལུས་པ་དངོས་པོ་མེད་ཅིང་དེ་ཉིད་མེད་པར་ཤེས་ནས་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་བྱུང་ལ་མངོན་པར་ཞེ་ན་པ་ན ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ།། དེ་ལ་མངོན་པར་ཞེན་པ་ནི། ཀུན་ཏུ་ཆགས་པ་སྟེ་དེ་མེད་པ་ནི་བྲལ་བའོ།། དེའི་དོན་དུ་བྱིན་གྱིས་བརླབ་པ་ནི་འོག་ནས ་བཤད་པའི་ཨོཾ་ཞེས་བྱ་བ་ལ་སོགས་པའོ།། འདི་དག་ནི་བསྙེན་པ་ཞེས་བྱ་བའི་ཡན་ལག་སྟེ། འདིའི་འབྲས་བུ་ནི་རྒྱུ་མཐུན་པ་ཆུང་ངུ་ཞེས་བྱའོ།། དེ་འོག་ཅེས་བྱ་བ་ལ་སོག་པ་ལ། དེའི་འོག་ཏུ་སྟེ་སྔགས་ཀྱིས་བྱིན་གྱིས་བརླབས ་པའི་རྗེས་ཐོགས་ལའོ།། མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པས་བཀད་ནས་ཐུགས་རྡོ་རྗེ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། སའི་སྙིང་པོ་ལ་སོགས་པ་ཁྱད་པར་ཇི་ལྟ་བུ་ཞིག་གིས་ཞེས་ན། རང་སྙིང ་སྣ་བོན་འོད་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། རང་ཞེས་བྱ་བ་བདག་ཉིད་ཀྱི་སྟེ། སྙིང་པོ་སྦྱར་བཀླད་པའི་ཀྵིཾ་ཞེས་བྱ་བ་ལ་སོགས་པའི་གཟུགས་ཅན་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྵི་ལ་སོགས་པའི་ས་བློན་རྣམ ་ཀྱི་གཟུགས་ཅན་སའི་སྙིང་པོ་ལ་སོགས་པས་ཞེས་བྱ་བའི་དོན་ཏོ།། ཇི་བཞིན་བཀང་ནས་ཞེས་བྱ་བ་ནི། བདག་ཉིད་ཀྱི་ས་བོན་གང་དང་གང་ཡིན་པ་དེ་དང་དེ་དེ་བཞིན་དུ་ཡང་དག་པཪྵ་དགང་ངོ་ཞེས་བྱ་བའི་དོན་ཏོ།། འདིས་ནི ་ཉེ་བར་བསྒྲུབ་པའི་ཡན་ལག་བཤད་པ་ཡིན་ཏེ། དེའི་འབྲས་བུ་ན་སྦྱིན་པ་ཆུང་ངུ་ཞེས་བྱའོ།། དྲི་མེངངྒ་རང་སྙིང་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་མེད་པ་ཡང་ཡིན་ལ། རང་གི་སྙིང་གའི་ཟླ་བ་ཡང་ཡིན་པས་དྲི་མེད་རང ་སྙིང་ཟླ་སྟེ། དེར་རྡོ་རྗེའི་ལྟེ་བའི་དབུས་ན་ནས་པའི་ཧཱུཾ་ལས་རང་གི་མཚན་མ་ལས་བྱུང་བའི་ཐུགས་རྡོ་རྗེ་བསམ་པར་བྱའོ་ཞེས་བྱ་བར་སྦྱ་རོ།། ཁ་དང་མགོ་བོ་གཉིས་ནི་ཁ་དང་མགོ་བོ་སྟེ། དེ་གཉིས་ལ་རིམ་པ་ཇི་ལྟ་བ་བཞིན་དུ ་པདྨ་དང་འཁོར་ལོ་བསམས་ལ། དེ་དག་གི་ལྟེ་བའི་དབུས་ཀྱི་ཆ་དེར་རིམ་པ་ཇི་ལྟ་བ་བཞིན་དུ་ཨཱ་དང་ཨོཾ་གཉིས་ལས་གསུང་གི་རྡོ་རྗེ་དང་། སྐུའི་རྡོ་རྗེ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དེའི་སྙིང་པོའི་འོད ་ཟེར་ཞེས་བྱ་བ་ལ་སྩོགས་པ་ལ། འདིར་མན་ངག་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་པདྨ་དང་འཁོར་ལོ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་དང་ཨཱཿདང་ཨོཾ་བསམ་པར་བྱལྟ་བར་བྱའོ།། དེ ་སྙིང་པོའི་འོད་ཟེར་ཚོགས་རྣམས་ཀྱིས་ཞེས་བྱ་བ་ལ་ཐུགས་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱི་སྙིང་པོ་གང་དགྲ་ཡོད་པ་དེ་ནི་དེའི་སྙིང་པོ་སྟེ། དེའི་སྙིང་གར་གནས་པའི་ཟླ་བ་ལ་འདུག་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ལ ་རིམ་པར་ལྟ་བ་བཞིན་དུ། ཡི་གེ་ཧཱུཾ་ལཱ་སོགས་པ་གནས་པར་བལྟ་བར་བྱ་སྟེ། དེ་རྣམས་ཀྱི་འོད་ཟེར་ནི་དེའི་སྙིང་པོའི་འོད་ཟེརོ།། དེའི་ཚོགས་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་སྟེ། རྒྱལ་བའི་དབང་པོ་རྣམས་དེའི་འོད་ཟེར་ལྔས ་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པའི་མཆོད་པའི་ལྷ་མོའི་སྒོ་ནས་ཕྱོགས་བཅུ་ན་བཞུགས་པའི་ཐུགས་རྡོ་རྗེ་ལ་སོགས་པ་ཡང་དག་པར་མཆོད་ནས། དེའི་འོག་ཏུ་ཕྱི་དང་ནང་ན་གནས་པོ་བྱིན་གྱིས་བརླབ་པར་བྱའོ།། ཁྱད་པར་ཇི་ལྟ ་བྲིས་ཡང་དག་པར་མཆོད་པར་བྱ་ཞེ་ན། ཤེས་རབ་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱིས་ཞེས་བྱ་བ་ལ་ཤེས་རབ་དམ་པ་ནི་རང་གི་སོ་སོར་སྣང་བའི་ཤེས་རབ་བོ།། ་འདུས་པ་ནི་ཡང་དག་པར་སྦྱོར་བ་སྟེ། དེས་སྣང་བའི་ངང་ཚུལ་གང་ལ་ཡོད་པ་ནི་ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཏེ། དེ་རྣམས་ཀྱིས་ཀུན་ནས་ཞེས་བྱ་བ་དངོས་པོ་ཐམས་ཅད་ཀྱིས་རྒྱལ་བའི་དབང་པོ་ཞེས་བྱ་བ་ཐུགས་རྗེ་ལ་སོགས་པ ་ཡང་དག་པར་མཆོད་ནས། འོག་ནས་བཤད་པའི་རིམ་པས་ཐུགས་རྡོ་ལ་སོགས་པ་བྱིན་གྱིས་བརླབས་པར་བྱའོ།། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། དེ་བདག་ལ་བྱིན་གྱིས་བརླབས་ནས་སུ། ་རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་བྱ་བར་སྦྱར་ཏེ། རྡོ་རྗེ་ཐུགས་ཀྱིས་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་སྟེ། དེ་ཡང་ཐུགས་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས་ཞེས་བྱ་བ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་གསུམ་སྟེ། དེ་ནི་མི་ཕྱེད་པ་ཡིན ་ལ་དེ་བསྒོམ་པ་ནི་རྡོ་རྗེ་མཱི་ཕྱེད་གསུམ་བསྒོམས་པ་སྟེ། དེའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ཞེས་བྱ་བ་ནི་ཐུག་པོ་རྡོ་རྗེའི་གཟུགས་ཅན་ཏེ། དེ་རྣམས་ཀྱང་བདོག་ལ་བྱིན་གྱིས་བརླབ་པའི ་གནསུ་མཛད་དེ་བདག་བྱིན་གྱིས་རློབས་ཤིག་ཅེས་བྱ་བའི་བར་དུའོ།། བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཞེས་བྱ་བ་ལ་སྡོག་པ་གསུངས་པའོ།། འདི་དག་གིས་ནི་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ཏེ། ད་ནི ་གསུང་རྡོ་རྗེར་བྱིན་གྱིས་བརླབ་པའི་ཕྱིར་ཆོས་ཀྱི་ཞེས་བྱ་བ་ལ་སོཌ་པ་གསུང་ཏེ་ཆོས་དེ་གསུངས་གཽ་རྡོ་རྗེ་ཅན་གྱིས་བདག་བྱིན་གྱིས་བརླབ་པའི་གནས་སུ་མཛདུ་གསོལ་ཞེས་བྱ་བར་སྦྱ་རོ།། གསུང་ལམ་ཞེས་བྱ་བ་ལ། གསུང་ཉིད་ཀྱི ་ལམ་ཡིན་པས་ན་གསུང་ལམ་སྟེ། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་བཞུད་པར་མཛད་ཅིང་རྟག་ཏུ་བདག་མེད་པར་སྟོན་པའི་གསུང་ངོ་།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས ་ཞེས་བྱ་བ་ནི་གསུང་རྡོ་རྗེའི་གཟུགས་ཅ་ནོ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས་ཞེས་བྱེ་བ་ནི་བཤྭད་ཟིན་ཏོ།། གསུང་རྡོ་རྗེ་བྱིན་གྱིས་བརླབ་བྱའི་སྔགས་གསུངས་པ་ནི། ཨོཾ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེའི་སྐུས་བདག་བྱིན་གྱིས་བརླབ ་པའི་གནས་མཛོད་ཅིག་ཅེས་བྱ་བར་སྦྱར་ཏེ་ལྷག་མ་ནི་སྔར་བཤད་པས་གོ་བར་མཛད་དོ།། སྐུ་རྡོ་རྗེར་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཞེས་བྱ་བ་ལ་སོགས་པའོ།། འདི་དག་ནི་བསྒྲུབ་པ་ཞེས་བྱ་བའི་ཡན་ལག་སྟེ། དེའི་འབྲས ་སྐྱེས་བུ་བྱེད་པ་ཆུང་ངུ་ཞེས་བྱའོ།། ནམ་མཁའ་ཞེས་པ་ལ་སོགས་པ་ལ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་པོ་ནི་ན་མཁའ་ལྟ་བུའི་ངོ་བོ་ཉིད་དེ། དངོས་པོ་མེད་པ་མཚན་ཉིད་བྲལ་བར་དམིགས་པར་བྱ་སྟེ། དེ་ལྟར ་དམིགས་ཤིང་མཐོང་བ་དང་། ཐུབ་པའི་མཆོག་གིས་འོད་ཟེར་ལས་བྱུང་བ་རིག་པའི་ཚོགས་ཕྱག་ན་བུམ་པ་ཐོགས་ཏེ། ཡེ་ཤེས་ཀྱི་ཆུས་དབང་བསྐུར་བ་དང་། རང་གི་རིགས་ཀྱི་བདག་པོར་སྣང་བའི་ཅོད་པན་དུ་འགྱུརརོ་ཞེས་བྱ ་བར་སྦྱར་རོ།། མཚན་ཉིད་དག་དང་བྲལ་བར་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་མཚན་ཉིད་དང་བྲལ་བའོ།། དེ་ཉིད་ཀྱིས་ན་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དོ།། ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཆོ་གིས་ཞེས་བྱ ་བྱ་ལ། ཕྱོགས་ཀྱི་ཚོགས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན། ཕྱོགས་ཀྱི་ཚོགས་ཀུན་ཏེ། དེར་བཞུགས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་བསྐུལ་ཅེས་བྱ་བ་ལ། སྙིང་པོའི། ་འོད་ཟེར་ཏེ་ཡེ་ཤེས་སེམས་དཔའི་སྙིང་པོའི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་བའོ།། འདིར་མན་ངག་ནི་ཐུགས་རྡོ་རྗེ་དང་གསུང་རྡོ་རྗེ་གཉིས་ཀྱི་བར་ན། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཡེ་ཤེས་སེམས་དཔའ་དམ ་ཚིག་སེམས་དཔའི་གཟུགས་ཅན་ཟླ་བ་ལ་གནས་པའི་རལ་གྲིའི་ཆང་གཟུངས་ཀྱི་དབུས་ན་གནས་པའི་ཟླ་བ་ལ་བཞུགས་པ། ཐུགས་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་དུས་སུ་འདི་འདི་ལྟར་བལྟ་བར་བྱའོ།། ཐུབ་པའི་ཚོགས་འོད ་ཟེར་གྱིས་བསྐུལ་བ་དང་། ཐུབ་པའི་མཆོག་རྣམས་ཀྱི་འོད་ཟེར་དེ་རྣམས་ལས་ཀྱང་བྱུང་བའི་རིག་པའི་ཚོགས་རྣམས་ནི་ཐུབ་པའི་མཆོག་གི་འོད་ཟེར་ལས་བྱུང་བའི་རིག་པ་སྟེ། དེའི་ཚོགས་ནི་ཕུང་པོ་ཡིན་ལ། དེའི་ཕྱག་ན་ཐུ ་པ་བསྣམས་པའི་བམ་པ་དེ་རྣམས་ལས་ཡེ་ཤེས་ཀྱི་ཆུར་གྱུར་པས་དབང་བསྐུར་པོ་དང་། འཇམ་པའི་རྡོ་རྗེའི་རྣལ་འབྱོར་པ་བདག་ཉིད་ཀྱི་རང་གི་རིགས་ཀྱི་གཙོ་བོར་སྣང་བའི་ཅོད་པན་དུ་འགྱུར་བ་སྟེ། རང་གི་རིགས་ཀྱི ་བདག་པོ་ནི་མི་བསྐྱོད་པ་ཡིན་ལ། དེས་བརྒྱན་པའི་ཅོད་པན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་དབང་བསྐུར་བའི་འོག་ཏུ་འཇམ་པའི་རྡོ་རྗེའི་ཅོད་པན་ལ་མི་བསྐྱོད་པ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་དག་ནི ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། འདིའི་འབྲས་བུ་ནི་དབང་གི་འབྲས་བུ་ཆུང་ངུ་ཞེས་བྱའོ།། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལྔ་སྔ་མ་བཞིན་དུ་བསྙེན་པ་ལ་སོགས་པའི་རིམ་གྱིས་རང་གི་ལྷ་དང་འདྲ་བའི་རིག་པ ་སོ་སོར་རང་སྣང་བའི་མཚོན་ཉིད་ཅན་བསམ་ཞིང་བལྟས་ལ་རིགས་ལྔ་ཀུན་ཏུ་བཀོད་དེ། དེ་བཞིན་གཤེགས་པ་རྣམས་རྗེསུ་མཉེས་པར་བྱ་བའི་ཕྱིར། དེ་དང་ཡང་དག་པའི་དགའ་བ་བརྩམས་པར་བྱའོ་ཞེས་བྱ་བར་སྦྱ་རོ།། རང་གི་སྙིང ་པོ་ནི་འཇམ་པའི་རྡོ་རྗེའི་ས་བོན་ཏེ། དེས་སྤྲུལ་པ་ནི་བསྐྱེད་པའོ།། དེ་ལྟར་ན་འདིས་ནི་འདིའི་བསྙེན་པ་སྟོན་ཏོ།། མིག་ལ་སོགས་པ་དག་ཅིང་ཞེས་བྱ་བ་ནི། སྔར་བཤད་པའི་སའི་སྙིང་པོ་ལ་སོགས་པའི་ས་བོན་རྣམས་ཀྱིས ་མིག་ལ་སོགས་པ་ཀུན་ཏུ་དགང་བ་གང་ཡིནྡ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཉེ་བར་སྒྲུབ་པ་སྟོན་ཏོ།། ཡི་གེ་གསུམ་ནི་ཨཱ~ཾ་ཨཱཿཧཱུཾ་ཞེས་བྱ་བ་སྟེ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྒོ་ནས་བསྒོམ ་པུ་དེས་ལུས་འོད་དང་ལྡན་པར་གྱུར་པ་དེ་ནི་ཡཱི་གྲེ་གསུམ་རྣམ་པར་བཀོད་པས་ལུས་ནི་འོད་དང་ལྡན་ཞེས་བྱ་སྟེ། འདིས་ནི་འདིའི་སྒྲུབ་པ་སྟོན་ཏཽ།། སྒྲུབ་པ་ཆེན་པོ་མུ་གསུངསུ་ཟིན་ཀྱདྷེ་བསྙེན་པ་ལ་སོགས་བྱའི་ཉེ་བར ་མཚོན་པ་ལས་དེ་བྱེ་བར་ཤེས་པར་བྱའོ།། འདིའི་བསྙེན་པ་ལ་སོགས་པ་ནི་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བར་མ་ཡིན་ནོ།། དེ་ཉིད་ཤེས་པས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཤེས་པས་མགོ་དང་སྙིང་ག ་དང་ལྟེ་བ་དང་། གསང་བྱ་དང་དེ་བཞིན་དུ་བརླ་གཉིས་ལ་སོགས་པར་ཡི་གེ་ལྔ་པོས་བྱིན་གྱིས་བརླབས་པཱའི་ཡན་ལག་ཅན་དུ་ཡང་དག་པར་བསྡམས་ཏེ། དམའ་བ་ཀུན་ཏུ་བརྩམས་པར་བྱའོ་ཞེས་སྦྱར་བར་བྱའོ།། ལྔ་པོ་གང་དག་གིས ་ཞེས་ན། དེ་ནི་སྐུ་ཐུགས་རྡོ་རྗེ་བཟང་རིགས། སོགས་ཞེས་བྱ་བ་གསུངས་ཏེ། སྐུ་རྡོ་རྗེའི་རིགས་ནི་དེ་བཞིན་གཤེགས་པའི་རིགསོ།། ཐུགས་རྡོ་རྗེའི་རིགས་ནི་རྡོ་རྗེའི་རོག་སོ།། སོགས་པའི་སྒྲས་ནི་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་། ་ལས་ཀྱི་རིགས་བསྡུའོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཨོཾ་ཧཱུཾ་སྭཱ་ཨཱཏྨཧཱུཾ་ཞེས་གྲགས་པ་རྣམས་འོད་ཀྱི་ཕྲེང་བ་དམ་པས་འགྲོ་གསུམ་ཁྱབ་ཅེས་སྦྱར་ཏེ། ཡི་གེ་ལྔ་འཇིག་རྟེན་གསུམ་ཁྱབ་པའི་འོད་ཀྱི་ཚོགས་དང་བཅས་པ་གང་ཡིན་པ་ཏྲེ ་པ་དེ་སྐད་ཅེས་བྱའོ།། ཨ་ཡཾག་སྣ་ཚོགས་པདྨའི་ལྟེ་བ་བྱསི། ཧཱུ~ཾ་གིས་འདང་མ་བརྒྱུད་པོ་རྣམ་པར་སྤྲུལ་ཅེས་བྱ་བབཱ་ལ། ཡི་གེ་ཨས་སྣ་ཚོགས་ཤིང་མཛེས་པའི་ལྟེ་བ་བྱས་པོའི་པདྨ་གང་ཡིན་པ་ད་ནི། ཨ་ཡིས་སྣ་ཚོགས་པདྨའི ་བ་བྱས་ཞེས་བྱ་བ་ལ། ཡོ་གེ་ཧཱུ~ཾ་གིས་འདབ་མི་བརྒྱད་པ་རྣམ་པར་སྤྲུལ་ཅིང་བསྐྱེད་པ་གང་ཡིན་པ་དེ་ནི། ཧཱུ~ཾ་གིས་འདབ་མ་བརྒྱད་པ་རྣམ་པར་སྤྲུལ་ཅེས་བྱའོ།། ཇི་ལྟ་བུའི་དགའ་བ་བརྩམ་པར་བྱ་ཞེ་ན། ཤཾསྟྲ་རཱབ་དཱམ་པཱིའི ་དྷྱ་མཆུང་ངོ་བོ་ཉིད།། ཐབས་དང་བཅས་པར་གྱུར་པོའི་རང་གི་ལུས་ཞེས་བྱ་བ་གསུང་སོ།། ཞེས་ང་མི་པོ་མི་བདས་མང་པའི་ཡེ་ཤེས་ཏེ། ཡལ་ཏུ་གྱུང་པོའི་རྡོ་རྗེས་མས་དཔའི་ཤེས་བ་གི།། པོ་སྒྱུ་མཿ་ཚ་འི་ཉིད་མ# ་པའི་རྡོ་རྗེའི་བདག་ཉིད་དེ། དེས་ཐབས་དང་བཅས་ཤིང་ལྡན་པར་བྱུང་བའི་རང་གི་ལས་ཅན་གྱི་བསྔགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡིས་བདེ་གཤེགས་རྗེས་མཉེས་བྱ་ཞེས་ཞེས་བྱ་བ་ནི། དེ་ལྟར་ཤེས ་བཞིན་དུ་དེ་དང་བསྔགས་པས་ལྷན་ཅིག་དགའ་བ་བརྩམ་པར་བྱའོ།། རྗེ་སུ་མཉེས་པར་བྱ་བའི་གསུང་སྔགས་གསུང་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། འདི་དག་ནི་དང་པོའི་སྦྱོར་བ་ཞེས་བྱ་བའི་ཏིང་འཛིན་ཏོ།། ཐུགས ་ཀའི་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་སེམས་དཔའ་ཐུགསྲྀ་ཀའི་ཟླ་བ་ལ་གནས་པའི་རལ་གྲོའི་ཆུང་གཟུངས་ལ་འདུག་པའི་ཟླ་བ་ལ་བརྟེན་པའི་རུང་གི་སྔགས་ནི་ཐུགས་ཀའི་ཟླ་བའི་སྔགས་ཏེ། དེའི་འོད་ཅེས་བྱ་བ་ནི་འོད་ཟེར་ཏེ། ་དེ་རྣམས་ཀྱིས་མ་ལུས་པའི་སངས་རྒྱས་ཀྱི་ཚོགས་རྣམས་རང་གི་ལུས་ལ་བཅུག་ནས་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསམ་པ་ནི་ཧཱུཾ་གཱི་རྡོ་རྗེ་སྟེ། དེ་ལས་བྱུང་བ་ནི་འཐོན་པའོ།། དེ་ཡང་ཇི་མ་མེད་པ་ཡིན་པས། ཧཱུཾ་གི་རྡོ་རྗེ་ལས་སྐྱོང་དྲི་མེད་པ་ཞེས ་བྱའོ།། ཡིད་ཚུལ་དམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ།། ཆུ་སྐྱེས་ལ་གནས་པ་ཞེས་བྱ་བཱ་ནེ། ལྷ་མོའི་པདྨའི་ནིང་ན་གནས་པ་སྟེ། དེ་རང་གི་སྙིང་པོ་ལུས་བྱུང་བའི་དཀྱིལ་འཁོར་པ་མ་ལུམྦྷ་པཱུའི་གཟུགས་བསམ་ལ ་ཚིག་འདིས་དབྱུང་བར་བྱའོ་ཞེབ་སྦྱར་རོ།། མ་ལུས་པ་ཡང་ཡོན་ལ་མི་ཐོ་སྟོང་པ་ལ་སོགས་པའི་རང་གི་ངོཙོལ་འཁོར་བ་ཡང་ཡིན་པས་མ་ལུས་པའི་དཀྱིལ་འཁོར་ལོ་སྟེ། དེ་རྣམས་ཀྱི་གཟུག་སུའི་ཛི་ན་སྟོང་པོ་ལས་བྱུང་བ་སྟེ། ་གི་ས་བོན་ལས་སྐྱེས་པར་བསམ་མོ།། ཆོ་ག་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཆོ་གས་སེམས་བརྟན་པ་སྟེ། མཉམ་པར་བཞུག་པའི་སེམས་དང་པདྨའི་ནང་ནས་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་ཞེས་བྱ་བ་འཇིག་རྟེན་ལ་ཕན་པ ་དོན་དུ་ཡང་དག་པར་དབྱུང་བར་བྱ་ཞིང་གདོན་པར་བྱའོ།། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལ་ཐུགས་རྡོ་ཞེས་བྱ་བ་ནི་མི་བསྐྱོད་པ་བདག་ཉིད་འཇམ་པའི་རྡོ་རྗེའི་གཟུགས་ལ་བཞུགས་པར་བྱའོ་ཞེས་སྦྱོར་རོ།། སྐྱེ་བོ་དམྱ་པའི་དོམ། ་མཛད་ཅེས་བྱ་བ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཐོབ་པར་འདོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ནོར་བུ་སྔོན་པོའི་འོད་འདྲ་ཡང་དག་འབར་ཞེས་བྱ་བ་ལ། ནོར་བུ་ཡང་ཡིན་ལོལ་སྔོན་པོ་ཡང ་ཡིན་པས་ནོར་བུ་སྟོན་པོ་སྟེ། དེའི་འོད་དང་རང་གི་གཟུགས་འདྲེ་བར་ཡང་དག་པར་འབར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཡོས་དང་གཡོན་པའི་ཞལ་ནི་དཀར་དང་དམར་ཞེས་བྱ་བ་ནི་ཞལ་གཡས་དཀར་ཞིང་གཡོན ་དམར་བའོ།། དམ་པཾ་དང་པོ་ལྟ་བུའི་ཕྱག་དང་ལྡན་ཞེས་བྱ་བ་ནི། དམ་པ་དང་པོ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་དང་འདྲ་བར་ཕྱག་ན་རྡོ་རྗེ་དང་རལ་གྲི་དང་པདྨ་དང་ནོར་བུ་བསྣམས་པ་དང་ལྡན་པའོ།། ཁྭ་དོག་དཔག་ཏུ ་ཏུ་མེད་པའི་འོད་ཚོགས་མངའ་ཞེས་བྱ་བ་ནི་ཁ་དོག་དཔག་ཏུ་མེད་པ་སྟེ་མདོག་དུ་མའི་འོད་ཀྱི་ཚིགས་ཀྱི་ཕུང་པོ་གང་ལ་མངའ་བའི་ཐུགས་རྡོ་རྗེ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། དེ་བློ་དང་ལྡན་པ་སྟེ་ཤེས་རབ་དང་ལྡན་ཞིང་གཞུག་པ་པོའི་འཛིན་པ་སྤངས ་པས་ལེགས་པར་བསླུས་ཤིང་བཀུག་ནས་བདག་ཉིད་ལ་དངོས་པོ་ཐམས་ཅད་ཀྱིས་བཞུག་པར་བྱ་ཞིང་བསྟིམ་པར་བྱའོ།། སྐུ་རྡོ་རྗེ་བསྐུལ་ལ་ཤར་ཕྱོགས་ཀྱི་པདྨ་དང་ཟླ་བའི་དབུས་སུ་བསམ་པར་བྱའོ་ཞེས་བྱ་བར ་སྦྱར་རོ།། རྡོ་རྗེ་འཛིན་འདྲ་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལྟ་བུ་སྟེ། དེ་དང་འདྲ་བའི་སྐུ་མདོག་དང་ཞལ་གང་ལ་མངའ་བ་ནི་རྡོ་རྗེ་འཛིན་འདྲའི་སྐུ་མདོག་ཞལ་གྱིས་མཛེས་ཞེས་བྱའོ།། དེ་ནི་འཁོར་ལོ་ལ་སོགས་ཕྱག་མཚན་བསྣམས་ཞེས་བྱ་བ ་ནི་འཁོར་ལོ་དང་རལ་གྲི་དང་པདྨ་དང་ནོར་བུ་བསྣམས་པའོ།། དེ་བཞིན་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཇི་ལྟར་བསྐུལ་བ་དེ་བཞིན་དུ་ཡང་དག་པར་བསྐུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རིན་ཆེན་འབྱུང་ལྡན་བསྐུལ་ལ་འཇམ་པའི་རྡོ་རྗེའི་ག ་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཞལ་གཞོན་ནུ་འདྲ་ཞེས་བྱ་བྱཱ་ལ། གཞོན་ནུ་ནི་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དེ་དང་འདྲ་བའི་མདངས་ཀྱི་རང་བཞིན་གང་ལ་ཡོད་པ་དེ་ལ་ནི་དེ་སྐད་ཅེས་བྱ་སྟེ། ཞལ་དབུས་མ་སེར་པོ་ལ ་གཡས་སྔོ་བ་གཡོན་དཀར་བའོ།། གཞན་ཡང་གཞོན་ནུ་དང་འདྲ་བ་ནི་བཙོ་མའི་གསེར་གྱི་མདངས་དང་འདྲ་བ་ལ་ཞེས་བྱ་བ་སྟེ་གསེར་ཞུན་མའི་མདྲངས་འདྲ་ཞིང་དེ་དང་མཚུངས་པའོ།། ཕྱག་དྲུག་མར་གང་རིན་ཆེན་ལ་སོགས་བསྣམས ་ཞེས་བྱ་བ་མེར་གང་རིན་ཚན་ནི་ནོར་བུ་ཁོ་དོག་ལྗང་གུ་སྟེ། དེ་ལ་སོགས་པ་ནི་རལ་གྲི་དང་པདྨ་དང་འཁོར་ལོ་དང་། འཁྱུད་པ་མཛད་པ་གང་ཡིན་པ་དེ་ནི་མར་གང་རིན་ཆེན་ལ་སོགས་བསྣམས་པ་སྟེ། དེ་ལྟ་བུས་མཛད་པའི་ཕྱག་དྲུག་གང་ལ ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། འོད་དཔག་ཏུ་མེད་པ་བསྐུལ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་རྒྱབ་ཏུ་བསམ་པར་བྱའོ་ཞེས་པར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེས་ན། པདྨ་ནི་རཱ་ག་ལྟར་དམར་ཞེས་པ་གསུངས་ཏེ། ཆུ་སྐྱེས་ལྷ ་དམར་ནི་པདྨ་རཱ་གའི་ནོར་བུ་སྟེ། དེ་དང་འདྲ་བུ་དམར་བའི་མེ་དོག་ཅན་ཏེ། པདྨེ་རཱ་གཱ་ལྟར་དམར་བའོ།། ཞལ་གཉིས་དང་འདྲ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཞལ་གཡས་པ་དང་གཡོན་པ་དེ་གཞོན་ནུའི་ཞལ་དང་འདྲ་བར་སྔོ་བོ་དང ་དཀར་བར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འོད་ཟེར་འབར་ཞིང་ཞེས་བྱ་བ་ནོ་གཅིག་ཏུ་འབར་བའི་མདངས་དང་ལྡན་པའི་འོད་ཟེར་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཕྱག་ན་པདྨ་ལ་སོགས་མཚན་མ་བསྣམས་པ་ཞེས་བྱ་བ ་ནི། པདྨ་དམར་པོ་དང་དེ་ལ་སོགས་པ་སྟེ། རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེ་བསྣམས་པའི་ཕྱག་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། དོན་ཡོད་པར་གྲག་པ་བསྐུལ་ལ་བྱང་དུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། རིན་ཆེན ་མར་གིང་ལྟ་བུའི་མདོག་ལྡན་ཞིང་ཞེས་བྱ་བ་ནི་ནོར་བུ་ལྗང་གུ་དང་མདོག་འདྲ་བའོ།། སྔ་མ་ལྟ་བུའི་ཞལ་སོགས་ཕུན་ཚོགས་མངའ་ཞེས་བྱ་བ་ནི་གཡས་དང་གཡོན་སྔོ་བ་དང་དཀར་བ་དང་རྒྱན་ལ་སྩོགོས་པ་གཞན་དག་སྔ་མ ་བཞིན་དུ་བལྟ་བར་བྱ་སྟེ། དེ་ལྟ་བུའི་ཞལ་ལ་སོགས་པ་ཕུན་སུམ་ཚོགས་པ་མངའ་ཞིང་ལྡན་པ་སྟེ། སྔར་བཤད་པའི་དེ་བཞིན་གཤེགས་པ་དང་འདྲ་བའོ།། རལ་གྲི་ལེ་སོགས་ཞེས་བྱ་བ་ནི། འཁོར་ལོ་དང་རལ་གྲི་དང་པདྨ་དང ་རིན་པོ་ཆེ་རྣམས་དང་ལྡན་པའོ།། དེ་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། རལ་པ་ཅོད་པན་མཛེས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རལ་པ་དང་ཅོད་པན་ནི་རལ་པ་དང་ཅོད་པན་ནོ།། མཛེས་པ་ནི ་མདངས་དང་ལྡན་པ་སྟེ། གང་གི་རལ་པ་དང་ཅིང་པན་མཛེས་པ་དེ་ནཱི་རལ་པ་ཙུད་པན་མཛེས་དང་ཞེས་བྱའོ།། སྣ་ཚོགས་པ་ཡང་ཡིན་ལ་རིན་པོ་ཆེའི་མཆོག་ཀྱང་ཡིན་པས་སྣ་ཚོགས་པའི་རིན་ཆེན་མཆོག་སྟེ། དེ་རྣམས་ཀྱི ་འོད་ཟེར་དེས་འབར་བའི་རྒྱན་དང་བཅས་པ་གང་ཡིན་པ་དེ་ནི་སྣ་ཚོགས་པའི་རིན་ཆེན་མཆོག་གི་འོད་ཟེར་འབར་བས་བརྒྱན་ཅེས་བྱའོ།། རིག་པའི་མགོན་དང་རབ་ཏུ་བཅས་པའི་སྐུ་ཞེས་བྱ་བ་ལ་རིག་པའི་མགོན་དང་བཅས་པའི ་རྩཝ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད་ཀྱང་ཚུལ་འདི་ལྟར་བསམ་པའོ།། སྔར་སྐུ་རྡོ་རྗེ་ཉིད་ཀྱི་གདན་གྱི་མཆོག་ཟླ་བའི་དཀྱིལ་འཁོར་གྱི་མཚན་ཉིད་ཅན་ཡིན་པར་ནི་གསུངས་ཀྱི་གཞན་དག་གི་མྱ་བཤད་པས ་དེ་བཤད་པའི་ཕྱིར་ཐམས་ཅད་ཉི་མའི་དཀྱིལ་འཁོར་དག་ལ་བསམ་ཞེས་བྱ་བ་གསུངས་ཏེ། འོག་མེ་གསུམ་ཆུར་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསྡམ་པར་བྱའོ་ཞེས་སྦྱར་རོ།། མ~ཾ་ཧ་ར་ཏཱི་ཞེས་བྱས་ལྷ་མོ་སངས་རྒྱས ་སྤྱན་བསྐུལ་ལ། མེའི་ཕྱོགས་བསམ་ཞིང་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཟླ་བའི་དཀྱིལ་འཁོར་ལ་རྫོགས་པར་གནས་པ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་བཞུགས་པའོ།། མཆོག་ཏུ་སྒེག་ཅིང་སྐུལརྡོ ་འདྲ་ཞེས་བྱ་བ་ལ། མཆོག་ཏུ་ཕུལ་དུ་བྱུང་བའི་སྒེག་ཅིང་མཛེས་ལ་སྐུ་རྡོ་རྗེ་འདྲ་བ་སྟེ། རྣམ་པར་སྣང་མཛད་དང་ཚུལ་མཐུན་པ་གང་ཡིན་པ་དེ་ལ་དེ་སྐད་བྱའོ།། དྭེ་ཥ་ར་ཏི་ཞེས་བྱ་བས་ལྷ་མོ་མཱ་མ་ཀཱི་བསྐུལ་ལ། བདེན་བྲལ་གྱི་མ ་སུ་བསམ་པར་བྱའོ་ཞེས་པར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། དགའ་ཆེན་མཆོག་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དགའ་ཆེན་ནི་མཆོག་ཏུ་དགའ་བའི་བདེ་བ་སྟེ། དེ་ལ་མཆོག་ཏུ་འདོད་ཅིང་མངོན་པར་སྦྱོར ་བས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཞལ་མཛེས་ཕྱག་རྣམས་ཐུགས་ཀྱིས་གཙོ་བོ་འདྲ་ཞེས་བྱ་བ་ནི་ཐུགས་ཀྱི་གཙོ་བོ་ནི་མི་བསྐྱོད་པ་ཡིན་ལ། དེ་དང་འདྲ་བའི་ཞལ་དང་ཕྱག་མཛེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་\ུ0f7f། ་རཱ་ག་ར་ཏི་ཞེས་བྱ་བས་གོས་དཀར་མོ་བསྐུལ་ལ། རླུང་གི་ཕྱོགས་སུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཡོན་ཏནྡ་རིན་ཆེན་མཐའ་ཡས་ཞེས་བྱ་བ་ནཾ། གང་གི་ཡོན་ཏན་མཐའ་ཡས་པ་ཉིད་རིན་པོ་ཆེ་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེས་ན། དྲི་མེད་སྐུ་ནོ་གསུངས་གི་དབང་ཕྱུག་འདྲ་ཞེས་བྱ་བོ་གསུངས་ཏེ། གསུང་གི་དབང་ཕྱུག་ནི་འོད་པག་ཏུ་མེད་པ་སྟེ། དེ་དང་འདྲ་བར་རིག་མ་མེད་པའི་སྐུ་གང་ལ་མངའ་བ་དེ་ལྟ་དེ་སྐད ་ཅེས་བྱ་སྟེ། སྐུ་མདོག་ལ་སོགས་པ་ཐམས་ཅད་དེ་དང་འདྲ་ཞེས་པའི་དོན་ཏོ།། བཛྲ་ར་ཏི་ཞེས་བྱ་བས་སྒྲོལ་མ་བསྐུལ་ལ་དབང་ལྡན་གྱི་ཕྱོགསུ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དྲི་མེད་ཅེས་བྱ་བ་ལ་སོགས་པ་ལ་དྲི་མ་མཾ ་པ་ཡང་ཡིན་ལ། རིན་པོ་ཆེ་ཡང་ཡིན་པས་ན་དྲི་མེད་རིན་ཆེན་ཏེ། དེ་རྣམས་ཀྱི་འོད་ནི་དྲི་མེད་རིན་ཆེན་འོད་ཅེས་བྱའོ།། དེའི་ཕྲེང་བ་ནི་ཕྲེང་དུ་གནས་པ་སྟེ། དེས་ཕྱོགས་ཀྱི་ཚོགས་ཞེས་བྱ་བ་ཕྱོགས་ཐམས་ཅད་ཁེབས ་ཤིང་གཡོས་པར་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རིན་ཆེན་དབང་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་དང་གཟུགས་དང་སྐུ་མདོག་འདྲ་བའི་ཕྱིར་རིན་ཆེན་དབང་འདྲ་ཞེས་བྱའོ།། འདི་རྣམས་ཀྱི་ཕྱག་མཚན་བསྟན་པའི ་ཕྱིར་ལྷ་མོ་འདི་རྣམས་ངེས་པའི་མཚན་མ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་ལ་སོགས་པ་ལྷ་མོ་འདི་རྣམས་ཀྱི་ཕྱག་མཚན་ནི་འཁོར་ལོ་བཟང་པོ་དང་། ཨུཏྤ་ལ་དམར་པོ་དང་པདྨ་དང་ཨུཏྤ་ལ་སེར་པོ་དག་རིམ་པ་ཇི་ལྟར། ་པ་བཞིན་དུ་ངེས་པར་སྦྱརོ།། ལྷག་མ་རྣམས་ནི་བདག་པོ་ཇི་བཞིན་འདྲེད་ཅེས་བྱ་བ་ལ་འདིར་མན་ངག་གི་དོན་ནི་སྤྱན་གྱི་ཕྱག་མཚན་ལྷག་མ་ནེ་རལ་གྲི་དང་པདྨ་དང་རིན་པོ་ཆེའོ།། མཱ་མ་ཀྵི་ཡང་དྲི་དང་འདྲའོ།། གོས་དཀར་མོའི་རལ ་གྲི་དང་འཁོར་ལོ་དང་རིན་པོ་ཆེའོ།། སྒྲོལ་མའི་རལ་གྲི་དང་པདྨ་དང་ནི་རིན་པོ་ཆེའོ།། དེ་ཉིད་གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་དབྱུང་བར་བལྟ་བར ་བྱའོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྐུ་ལ་སོགས་འདྲ་བར་ཞེས་བྱ་བ་གསུངས་ཏེ། སྐུ་ནི་སྐུ་རྡོ་རྗེའོ།། སོགས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་འདྲ་ཞིང་མཚུངས་པའོ།། དེ་ཡང་གཟུགས་རྡོ་རྗེ་ནི་སྐུ་ལྟ་བུ་ལ་ཕྱག་མཚན ་གྱི་གཙོ་བོ་ནི་མེ་ལོང་། ལྷག་མཱ་རལ་གྲི་དང་པདྨ་དང་རིན་པོ་ཆེ་བསྣམས་པའོ།། སྒྲ་རྡོ་རྗེ་ནི་ཐུགས་རྡོ་རྗེ་དང་འདྲ་བ་ལཱ། འདིའི་ཕྱག་མཚན་གཙོ་བོ་ནི་པི་ཝསྟེ། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའིའོ།། དྲི་རྡོ་རྗེ་ནི་རིན་ཆེན་འབྱུང ་ལྡན་ལྟ་བུ་ལ་ཕྱག་མཚན་གྱི་གཙོ་བོ་ནི་དྲིས་བཀང་བའི་དུང་པོར། ལྷག་མ་ན་རལ་གྲི་དང་པདྨ་དང་འཁོར་ལོའོ།། རོ་རྡོ་རྗེ་ནི་གསུང་རྡོ་རྗེ་ལྟ་བུ་ལ་འདིའི་ཕྱག་མཚན་གྱི་གཙོ་བོ་ནི་པདྨའི་སྣོད་རོ་ཞིམ་པོའི་ཁ་ཟས་ཀྱིས་བཀང་ལ ་ལྷག་མ་ནི་རལ་གྲི་དང་འཁོར་ལོ་དང་རིན་པོ་ཆེའི།། རེག་རྡོ་རྗེ་ནི་དོན་ཡོད་པར་གྲུབ་པ་ལྟ་བུ་ལི་འདིའི་ཕྱག་མཚན་གཙོ་བོ་ནི་ལྷའི་གོས་སོ།། ལྷག་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའི།། ཆོས་ཀྱི་དབྱིངས་རྡོ་རྗེ་ནི་རྡོ་རྗེ་སེམས ་དཔའ་ལྕ་བུ་ལ། འདིའི་ཕྱག་མཚན་གྱི་གཙོ་བོ་ནཱི་ཆོས་འབྱུང་བའི་ཕྱག་རྒྱ། ལྷགྲོ་མ་ནི་རལ་གྲི་དང་པདྨ་དང་རིན་པོ་ཆེའོ།། དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་རྡོ་རྗེ་ལ་སོགས་པོ་དེ་དག་ནཱཾ་དཀྱིལ ་འཁོར་གྱི་མེ་ལོང་ལ་སོགས་པའི་མཚམས་བཞི་དང་རྩ་བོའི་སྒོ་སྟྭ~ཾ། ཀོར་སྒྲོའི་ངོས་གཉིས་སུ་བསམི་པར་བྱའོ།། ཡ་མཱནྟ་ཀྲིཏ་ཅེས་བྱ་བས། གཤིན་རྗེ་གཤེད་ཅེས་བྱ་བ་ནི་ཉི་མའི་བུ་མཐར་བྱེད་པ་སྟེ། གཤིན་རྗེའི་དགྲ ་དེ་བསྐུལ་ལ་ཉི་མ་གདན་ལ་ཤར་གྱི་སྒོར་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བ་ཞིག་ཞེས་ན། མཐའ་ཡས་འཇིགས་འོད་ཕྱོགས་ཀུན་ཁྱབ་དང་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐའ་ཤིང་ཚད ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་བླ་མེད་འོད་ཅེས་བྱ་བ་ནི་འགྲོ་བ་མ་ལུས་པའི་མི་ཤེས་པ་སེལ་བར་བྱེད་པའི་འོད་བླ་ན་མེད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། དྲག་ཅིང་ཅེས་བྱ་བ་ནི་ཀུན་གྱི་མངོན་སུམ་དུ་རབ་ཏུ་གཏུམ་པར་སྣང་བའོ།། ཕྱག་སོགས་སྐུའི་རྡེ ་འདྲ་ཞེས་པ་ལ། སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དེ་ལ་ཞལ་དང་ཕྱག་དང་སྐུ་མདོག་ལ་སོགས་པ་དེ་དང་འདྲ་བའོ།། གཞན་གྱིས་མི་ཐུབ་ཅེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་བདུད་གཞན་རྣམས་ཀྱིས་མི་ཐུབ་པའོ།། པདྨནྟུ ་ཀྲྀཏྟ་ཅེས་བྱ་བྱས་ཁྲོ་བོ་རྟ་མགྲིན་བསྐུལ་ལ། ནུབ་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཕྱོགས་རྣམས་ཀྱི་འཁོར་ལོ་འོད་ཀྱིས་མངོན་པར་ཁེབས་བྱེད་པ་ཞེས་བྱ་བ་ལ། ཕྱོགས་ཀྱི་འཁོར ་ལོ་ཞེས་པ་ཕྱོགས་ཀྱི་ཚོགས་ཐམས་ཅད་འོད་ཟེར་རྣམས་ཀྱིས་ཁྱབ་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འོད་མདུངས་འཇིགས་དུས་མེ་འདྲ་འཇིགས་པར་ལྡན་ཞེས་བྱ་བ་ལ་འོད་ཟེར་གྱི་ཚོགས་འཇིག་པའི ་དུས་ཀྱི་མེ་དང་འདྲ་བར་ཤིན་ཏུ་འཇིགས་སྐྲག་པར་བྱེད་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཕྱག་ལ་སོགས་པ་གསུང་གི་རྡོ་རྗེ་འདྲ་ཞེས་བྱ་བ་ནི་ཕྱག་དང་ཞལ་དང་སྐུ་མདོག་འོད་དཔག་ཏུ་མེད་པ་དང་འདྲ་ཞེས་བྱ་བའི ་དོན་ཏོ།། གདུག་པ་དུ་མ་རྣམས་གནོན་འཇིགས་པའོ་ཞལ་ཞེས་བྱ་བ་ལ། གང་གིས་གདུག་པ་དུ་མ་རྣམ་པར་གནོན་པར་མཛད་ཅིང་ཤིན་ཏུ་ཞལ་འཇིག་སུ་རུང་བ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཐུབ་དབང་ཧ ་ཞེས་ནི་བཞད་པ་ཡི།། རི་བོར་བཅས་པ་བསྒྱེལ་བས་སྐྲག་མཛད་པ་ཞེས་བྱ་བ་ལ་ཧཱ་ཧ་ཞེས་བཞུད་པ་སྟེ། གསང་མཐོ་ཞིང་རྒོད་ཅིང་གང་གིས་རི་བོ་རྣམས་བསྒྱེལ་བར་མཛད་པ་གང་ཡིན་པ་དེ ་ལ་དེ་སྐད་ཅེས་བྱའོ།། བིགྷྣཱནྟ་ཀྲྀཏ་ཅེས་བྱ་བས་ཁྲོ་བོ་བདུད་རྩི་འཁྱིལ་པ་བསྐུལ་ལ་བྱང་ཕྱོགས་ཀྱི་སྒོར་ཉི་མའི་དཀྱིལ་འཁོར་ལ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དཔའ་བོ་ཞེས་བྱ་བ་ནི་བགེགས་མ་ལུས་པ་རྣམ ་པར་འཇིགས་པར་མཛད་པའོ།། ཁྱད་པར་ཇི་ལྟ་བུ་ཞིག་ན། དུས་མཐའ་མོ་ལྟར་དྲག་པ་ཞེས་བྱ་བ་གསུངས་ཏེ་ཟད་པའི་དུས་ཀྱི་མེ་སྡེ་བྱིན་ཟའ་ཤིན་ཏུ་དྲག་པོ་ཡིན་པ་དང་འདྲ་བར་རབ་ཏུ་བཏུམ་ཞིང་དྲག་པའོ།། ་འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའོ།། ཞལ་སོགས་མི་བསྐྱོད་དང་མཚུངས་པ་ཞེས་བྱ་བ་ནི། ཞལ་དང་ཕྱག་དང་སྐུ་མདོག་མི་བསྐྱོད་པ་དང་འདྲ་བའོ།། དབང་བསྐུར་བའི ་དུས་སུ་འདི་དག་གི་ཅོད་པན་ལ་བདག་པོ་བསམ་པར་བྱའོ་ཞེས་བྱ་བ་དྲི་བསྟན་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཤིན་རྗེ་གཤེང་ལ་སོགས་པ་ཡང་ཟློས་པ་དགག ་པར་བྱ་བའི་ཕྱིར་རིམ་བཞིན་ནོ་ཞེས་བྱ་བ་སྟེ། གཤིན་རྗེ་གཤེད་ལ་སོགས་པའི་ཅོད་པན་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་པ་དང་འོད་དཔག་མེད་དང་། མི་བསྐྱོད་པ་རིམ་བཞིན་དུ་བསམ་པར་བྱའོ།། འདི ་རྣམས་ཀྱི་ཕྱག་མཚན་བསྟན་པར་ཟླ་བའི་བྱུང་ཐོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོ་བ་དང་དབྱུག་པ་དང་། པདྨ་དང་རྡོ་རྗེ་ནི་རྣོ་བ་དབྱུག་པ་དེ་བཞིན་བྱངྒ་དང་། རྡོ་རྗེ་སྐྱེས་བྷཱ་སྟེ། དེ་ལ་སོགས་པ་ནཱ་རལ་གྲི་ལ་སོགས ་པ་བསྣམས་པས་དེ་སྐད་ཅེས་བྱ་སྟེ། འདིའི་ཕྱག་ནི་ཀུནྡ་ལ་བསམ་ཞེས་བྱ་བ་ནི་སྔར་བཤད་མ་ཐག་པ་དེ་རྣམས་ཕྱག་ཀུན་ན་བསྣམས་པར་བསྒོམ་པར་བྱའོ།། དེ་ལྟར་ཡོངསུ་རྫོགས་པའི་དཀྱིལ་འཁོར་ལ་ཞེས་བྱ་བ་ལ ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་གྱིས་སོ།། ཡོངསུ་རྫོགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱིས་ཡོངསུ་རྫོགས་ཤིང་གྲུབ་པའི་དཀྱིལ་འཁོར་ལ་དངོས་པོ་ཐམས་ཅད་ཀྱིས་བལྟས་ཤྲིང ་བསམས་ནས་སྙིང་པོའི་སྔགས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྙིང་པོ་སྟེ། དེའི་འོད་ཟེར་ཉིད་ལྕགས་ཀྱུ་ཡིན་ལ། དེས་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་དྲངས་ཤིང་བཀུག་ནས་དཱམ་ཚིག་གི་དཀྱིལ་འཁོར ་གྱི་མདུན་ན་བཞུགས་པར་བདེ་བར་གཤེགས་པ་རྣམས་བསྒོམ་པར་བྱའོ།། འདིས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བཤད་པ་ཡིན།། ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མེད་པའི།། ཏིང་འཛིན་ལས་བྱུང་དམ ་དམ་པའི་བདེས་གང་བར།། འཁོར་ལོ་བསམ་མོ་ཞེས་བྱ་བར་སྦྱར་ཏེ། ཤེས་རབ་ནི་བུད་མེད་ཀྱི་ཚུལ་ལོ།། ཐབས་ནི་སྐྱེས་པ་ལྟ་བུ་སྟེ། ཤེས་རབ་དང་ཐབས་དག་ནི་ཤེས་རབ་དང་ཐབ་སོ།། ཤེས་རབ་ཐབས་ཀྱིས་རང ་བཞིན་ན་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་དོ།། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཡང་ཡིན་ལ་དྲི་མ་མེད་པའི་ཏིང་འཛིན་ཡང་ཡིན་པས་ན་ཤེས་རབ་ཐབས་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་འཛིན་ཏོ།། ་དེ་ལས་བྱུང་བའི་དམ་པའི་བདེ་བ་ཡང་དེ་ཉིད་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེས་ཀུན་ཏུ་གང་བར་འཁོར་ལོ་བསམ་པར་བྱའོ།། གཤིན་རྗེ་མཐར་བྱེད་ནི་གཤིན་རྗེ་གཤེད་དོ།། དེ་ཉིད་དང་པོར་བྱས་པ་གཞན་གྱིས་མྱི་ཐུབ ་པ་ལ་སོགས་པ་གང་ཡིན་པ་དེ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་ཞེས་བྱ་བ་སྟེ། དེ་རྣམས་ཀྱིས་བསྲུང་བར་བྱས་པ་ནི་བསྲུང་བའི་སྦྱོར་བ་བྱ་བྱའོ།། རང་གི་སྙིང་པོས་ཞེས་བྱ་བ་ལ་སོགས་པ་ལ་རང་གི་སྙིང་པོས་མངོན ་བཟླས་ཞེས་བྱ་བ་ནི་རང་གི་ས་བོན་གྱིས་མངོན་པར་བཟླས་པའོ།། ཙན་དོན་བཟང་སྟེགས་མེ་ཏོག་གིས་མཛེས་དབུལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལ་མཆོ་དཱ་ཡཽནྡྲ་དེ་ལྟ་བུ་དབུལ་ལོ།། དེའི་འོག་ཏུ་དཀྱིལ་ལ ་དེ་དང་དམ་ཚིག་གིས་དཀྱིལ་འཁོར་གཉིས་གཅིག་ཏུ་བྱས་ལ་རང་དང་འདྲ་བར་མིག་ལ་སོགས་པ་ཀུན་ཏུ་དགང་ཞིང་། ཐུགས་དང་གསུང་དང་སྐུ་བདག་ཉིད་དང་འདྲ་བར་བྱིན་གྱིས་བརླབ་ཅིང་རང་ལ་བྱས་པ་ལྟ་བུར་དབང ་བསྐུར་བར་བསམས་ལ་འབད་པས་མངོན་པར་མཆོད་པར་བྱའོ་ཞེ་བྱེ་བར་སྦྱ་རོ།། རང་ལ་བྱས་པ་ལྟ་བུའི་དབང་བསྐུར་ཞིང་ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད་ཕྱོགས་ཀུན་ནི་བཞུགས་པའི་ཐུབ་པའི་ཚོགས།། སྙིང་པོའི་འོད ་ཟེར་རྣམས་ཀྱིས་ཡང་དག་བསྐུལ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བ་བཞིན་དུ་དབང་བསྐུར་བར་བསྡུའོ་ཞེས་བྱ་བའི་དོན་ཏོ།། འདིར་མན་དྲག་མབང་བསྐུར་བའི་རྗེས་ཟགས་ལ་རྣམ་པར་སླང་མཛད་ལ་སོགས་པ་། ་བཞིན་གཤེགས་པ་རྣམས་ཀྱོ་དབུ་རྒྱན་ལ་ནི་མི་བསྐྱོད་པའོ།། སྤྱན་གྱི་དབུ་རྒྱུན་ལ་ནི་རྣམ་པར་སྣང་མཛད་དོ།། མཱ་མ་ཀཱི་དབུ་རྒྱནྡ་ལ་ནི་མི་བསྐྱོད་པའོ།། གོས་དཀར་མོལཱི་དབུ་རྒྱན་ལ་ནི་འོད་དཔག་ཏུ་མེད་པའོ།། ་སྒྲོལ་མའི་དབུ་རྒྱན་ལ་ནི་དོན་ཡོན་གྲུབ་པའོ།། གཟུགས་རྡོ་རྗེའི་དབུ་རྒྱན་ལ་ནི་རྣམ་པར་སྣང་མཛད་ངོ་།། སྒྲ་རྡོ་རྗེའི་དབུ་རྒྱན་ལ་ནི་མྲི་བསྐྱོད་པའོ།། དྲི་རྡོ་རྗེའི་དབུ་རྒྱན་ལ་ནི་རིན་ཆེར་འབྱུང་ལྡན་ནོ།། རོ་རྡོ་རྗེའི་དབུ་རྒྱན ་ལ་ནི་འོད་དཔག་ཏུ་མེད་པའོ།། རེག་རྡོ་རྗེའི་དབུ་རྒྱན་ལ་ནི་དོན་ཡོད་པར་གྲུབ་པའོ།། ཆོས་ཀྱི་དབྱིངས་རྡོ་རྗེའི་དབུ་རྒྱན་ལོ་ནི་མི་བསྐྱོད་པོའོ།། གཤིན་རྫོ་གཤེང་ལ་སོགས་པ་ལ་ནི་སྔར་བཤང་པའི་བདག་པོ་རྣམསོ།། ་འདིར་ཡང་བསྙེན་པ་ལ་སོགས་པ་བརྗོད་པར་བྱོ་དགོས་ཏེ། དཀྱིལ་འཁོར་ཡོངསུ་རྫོགས་པ་ནོ་བསྙེན་པའོ།། མག་ལ་སོགས་པོ་བྱིན་གྱིས་བརླབས་པ་ནི་ཉེ་བར་སྒྲུབ་བྱའོ།། སྐུ་གསུང་ཐུགས་བྱིན་གྱིས་བརླབ ་པ་ནི་སྒྲུབ་པའོ།། དབང་བསྐུར་བ་ནི་སྒྲུབ་པ་ཆེན་པོའོ།། དེ་རྣཾས་ཀྱི་འབྲས་བུ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་། དབང་གི་འབྲས་བུ་ཆེན་པོ་ཡིན་པར་ཤེས་པར་བྱའོ།། ཆོ་ག་ཡིན་ཞེས ་བྱ་བ་འོག་ནས་བཤད་པའི་རིམ་པ་སྟེ། དེས་མངོན་པར་མཆོད་པར་བྱ་ཞིང་རྗེད་པར་བྱའོ།། ད་ནི་པད་ནང་ཞེས་བྱ་བ་ལ་སོགས་པས་ཆོ་ག་དེ་ཉིད་སྟོན་པ་སྟེ། རང་གི་ས་བོན་འོད་རྣམས་ཀྱིས་ཞེས་བྱ་བ་ནི་ཡེ ་ཤེས་སེམས་དཔའི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་གཟུགས་ལ་སོགས་པས་ཐམས་ཅད་དྲངས་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་བྱུང་བ་དང་། ཡང་དག་པའི་བྱང་ཆུབ་ཀྱི་ངོ་བོས་འོད་ཟེར་གྱི་དཀྱིལ ་འཁོར་རང་གི་སོ་སོར་སྣང་བའི་པདྨའི་ནང་དུ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཡང་དག་བྱང་ཆུབ་ཡིད་ཀྱིས་ཞེས་བྱ་བ་ལ། བྱང་ཆུབ་ཡིད་ཅེས་བྱ་བ་བྱང་ཆུབ་སེམས་ཀྱི་འོད་ཀྱི་དཀྱིལ་འཁོར་ཞེས་པ་འོད་ཟེར་གྱི་ཚོགས ་གང་དག་ཡིན་པ་དེ་ནི། ཡང་དྲག་བྱང་ཆུབ་ཡིད་ཀྱི་ངོ་བོ་ཡིས།། འོད་ཀྱི་དཀྱིལ་འཁོར་དག་ཏུ་ཞེས་བྱ་བ་སྟེ། དེའི་ངོ་བོར་གཟུགས་ལ་སོགས་པ་པདྨའི་ནང་དུ་བསྒོམ་པར་བྱའོ།། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ་ཤེས ་རབ་ནི་རང་གི་སོ་སོར་སྣང་བའི་རིག་པ་སྟེ། དེའི་བ་སྤུའི་བུ་ག་རེ་རེ་ནི་ཤེས་རབ་བ་སྤུ་རེ་རེ་སྟེ། དེ་རྣམས་ལས་བྱུང་བ་གང་ཡིན་པ་དེ་ཤེས་རབ་པ་སྤུ་ཌི་རེ་ལས་བྱུང་པའིའོ།། འོད་ཟེར་ཡང་ཡིན་ལ་རྣམ་པ་སྣ་ཚོགས་པ་ཡང ་ཡིན་པས་ན་འོད་ཟེར་རྣམ་པ་སྣ་ཚོགས་པའོ།། དེ་རྣམས་ཀྱི་རྒྱ་ཆེ་བ་ནི་ཀུན་ཏུ་ཁྱབ་པའོ།། ཚོགས་ནི་བཀོད་པ་རྣམས་ཏེ། དེས་ན་འོད་ཟེར་རྣམས་པི་སྣ་ཚོགས་རྒྱ་ཆེན་ཚོགས་ཞེས་བྱའོ།། དེ་ལྟ་ཤེས་རབ་ཀྱི་བི་སྥུ་རེ་རཾ་ལས་བྱུང ་ཐར་ཡང་ཡོན་ལོ་འོད་ཟེར་རྣམ་པ་སྣ་ཚོགས་པ་རྒྱ་ཆེན་པའི་ཆགས་ཀྱང་ཡིན་པས་ན་ཤེས་རབ་བཱ་སྥ་རེ་རོ་ལྔས་བྱུང་བའོ།། འོད་ཟེར་རྣམ་པ་སྣ་ཚོགས་རྒྱ་ཆེན་ཚོགས་ཞེས་བྱ་བ་སྟེ། ང་རབ་ཏུ་སྨྲ་བར་བྱའོ་ཞེས་བྱ་བར་སྦྱར་།། རྒྱན ་པར་ཇི་ལྟ་བུ་ཞེ་ན། མ་ལུས་ནུ་མཁའི་གཏོས་ནི་ཀུན་ཏུ་ཁྱབ་ཅེས་བྱ་སྟེ། གང་གིས་མ་ལུས་པའི་ནམ་མཁའི་གཉིས་ཏེ། ངེས་པར་ཁྱབ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། ཀུན་ཏུ་ཞེས་བྱ་བ་ནི་ཐམས་ཅད་དུའོ།། དེ་ལས་ཞེས་བྱ ་བ་ནི་འོག་ནུས་བཤད་པའི་རིམ་པས་སོ།། བློ་དང་ལྡན་པས་རབ་ཏུ་སྤྲོ་ཞེས་བྱ་བ་ནི་ཡིད་ཀྱིས་འདོན་ཅིང་སྤྲོ་བར་བྱ་བའོ།། འོད་ཀྱི་སྒོ་ལས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རྒྱལ ་པའི་དབང་པོ་རྣཾས་ལེགས་པར་མཆོད་པར་བྱའོ་ཞེས་བྱ་བར་སྦྱའོ།། ཇི་ལྟ་བུས་ཤེས་ན། འོད་ཀྱི་སྒོ་ལས་ངེས་པར་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་བ་སྤུ་རེ་རེ་ལས་བྱུང་བའི་འོད་ཟེར་གྱི་སྒོ་རྣམས ་ངེས་པར་བྱུང་བ་ཡིན་པས་ན་འོད་ཀྱི་སྒོ་ལས་ངེས་པར་བྱུང་བའོ།། དྲི་མ་མེད་པ་ཡང་ཡོན་ལ་རྒྱན་ཀུན་ཡང་ཡིན་པས་ན་དྲི་མེད་རྒྱན་ཀུན་ཏེ། དེས་ཡན་ལག་ལེགས་པར་བརྒྱན་པར་གྱུར་པ་གང་ཡིན་པ་དེ་ནི་ཡན་ལ ་དྲི་མེད་རྒྱན་ཀུན་གྱིས་ལེགས་བརྒྱན་ཞེས་བྱ་སྟེ་དེ་རྣམས་ཀྱིས་སོ།། ཡང་དེ་རྣམས་ཀྱིས་སོ།། ཡང་དེ་རྣམས་ཀྱིས་ཁྱད་པར་བསྟན་པའི་ཕྱིར་མེ་ལོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལོང་དང་པི་ཝཾ་དང་། དྲི་དུང་ཆོས ་xxx། xxx ་ལག་པ་འོད་ཅན་དམ་པ་རྣམས་གད་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་རྣམས་ཀྱིས་སོ།། ཡང་འདི་རྣམས་ཀྱི་ཁྱད་པར་བསྣུན་པའི་ཕྱིར་འོད་ཀྱི་སྲུང་བས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། འོད་ཀྱང་ཡོན་ལ་སྣང ་བ་ཡང་ཡིན་པས་ན་འོད་ཀྱི་སྣང་བ་སྟེ། དེས་སྤྲུལ་པ་ནི་སྣ་ཚོགས་པའི་མཆོད་པ་སྟེ་གཟུགས་ཀྱུ་སོགས་བྱེའི་མཆོད་པའོ།། སྦྱིན་གྱི་དྲ་བུ་ནི་མཆོད་པ་དེ་རྣམུས་ཀྱི་སྐྱོན་གྷི་དྷུ་བ་སྟེ། དེས་ཁྱབ་པས་ན་འདི་སྐད་ཅེས ་བྱ་སྟེ། དེ་རྣམས་ཀྱིས་སོ།། གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ནི། དངོས་རྣམས་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་རྣམས་སྒྱུ་མ་ཞེས་བྱ་བ་ལ་མིག་ཡོར་ཙམ་དུ་སོ་སོར་སྣང་བ་ཙམ་དུ་ཟད་པས་ན་སྒྱུ་མ་དང་མཆོ ་པ་གང་ཡིན་པ་དེ་ནི་དངོས་རྣམས་སྒྱུ་མ་སྟེ། དེ་ལ་སོགས་པ་ནི་དངོས་པོ་རྨི་ལམ་ལྟ་བུ་ལ་སོགས་པར་དེ་རྣམས་གྱུར་པ་ཡིན་ནོ།། དེ་རྣམས་སོ་སོ་ཡང་དག་པར་རིག་པ་ནི་ཤེས་རབ་ཀྱི་སྣང་བའི་ལྟེ་བ་དང་ལྡན་པས་འགྲོ ་བ་དགའ་བར་བྱ་བའི་ཕྱིར་གར་དང་གླུ་ལ་སོགས་པ་ཡོངསུ་ཤེས་པའོ།། དེ་ལྟར་ན་དངོས་པོ་རྣམས་སྒྱུ་མ་ལ་སོགས་པ་དང་སོ་སོར་ཡང་དག་པར་རིག་པ་ལ་མཁས་ཤིང་བྱང་ལ་དེ་ཉིད་ཤེས་པ་ཞེས་བྱ་བའི་བར་དུ་སྐྱེ། ་དེ་ཡིས་སོ།། གཞན་ཡང་ཇི་ལྟ་བུ་ཞེ་ན། རྟོག་པ་མྱ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་ལས་ངེས་གྲོལ་ཞིང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་རྟོག་པ་མ་ལུས་ཐམས་ཅད་ལས་ངེས་པར། ་གྲོལ་ཞིང་སྦྱངས་པ་དེ་ལ་དེ་སྐད་ཅེས་བྱའོ།། མཆོག་ཏུ་བདེ་བ་ནི་མཆོག་ཏུ་དགའ་བའི་བདེ་བའོ།། དེ་བསྐྱེད་པའི་རྒྱུར་བ་ནི་དྭེ་སྐྱེ་བའི་མནྡན་མར་གྱུར་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་གཟུགས་ལ་སོགས་པའི ་ལྷ་མོ་རྣམསོ།། དེ་བཞིན་ཕྱིའི་ངོ་ཚོགས་ཐམས་ཅད་ཀྱང་།། རྒྱལ་བའི་དབང་པོ་རྣམས་ནི་ལེགས་མཆོད་ཅིང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའོ།། ཐ་དད་རྣམ་པར་རྟོག་ལས་རྣམ་པར་གྲོལ་ཞེས་བྱ་བ་ནི་མཆོད་པ ་བྱ་བ་དང་། མཆོད་པ་དང་མཆོད་པ་པོའི་རྣམ་པར་རྟོག་པ་དང་བྲལ་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པ་བྱིན་གྱིས་རློབ་པའི་སྔགས་བཤད་པ་ཡིན་ནོ།། དྲ་ནི་སྒྲའི་ཞེས་བྱ་བ་ལ་སོགས་པས་བསྟོད་པ་སྟོན་ཏེ། དེའི་རྗེས ་ལ་ཞེས་བྱ་བ་ལ་མཆོད་པའི་རྗེས་ལ་རང་གི་ཡིད་ལྷག་པའི་ལྷ་རུ་གནས་པ་ལ་ཆོས་རྣམས་བསྟོད་པའི་སྒྲ་ནི་བྱེད་པར་བྱསམ་མོ་ཞེས་བྱ་བར་སྦྱར་རོ།། དེ་ལ་སྒྲའི་ཡུལ་རྣམས་མ་ལུས་པ་ཐམས་ཅད་ལ་བསྟོད་པའི་མཚན ་ཉིད་ཅན་གྱི་སྒྲའི་ཚིག་ཏུ་ངེས་པར་བརྟགས་ཤིང་བསྒོམས་པ་ང་ཡིད་ལྷག་པའི་ལྷ་རུ་གནས་པ་ཞེས་བྱ་བོ་འང་ཕྱི་རོལ་གྱི་ལྷའི་གཟུགས་མེད་ཀྱི་རང་གི་ཡང་ཉིད་ལྷག་པའི་ལྷ་ཡིན་ཏེ། གཙོ་བོའི་ལྷ་རང་གི་ཡིད་ཉིད ་ལ། དེ་ལ་ཆོས་རྣམས་བསྟོད་པ་དེའི་སྒྲ་སྒྲོག་པར་གྱུར་པའོ་ཞེས། འོག་ནས་བཤད་པའི་རིམ་གྱིས་བསྒོམ་པར་བྱའོ།། ཆོས་ཐམས་ཅད་བསྟོད་པ་བྱེད་པའི་སྒྲ་གང་གྲིས་བསྟོད་པ་བྱེད་པ་དེ་བསྟན་པར་བྱ་བའི་ཕྱིར། མི་བསྐྱོད ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་དང་ཉོན་མོངས་པ་ལ་སོགས་པ་རྣམས་ཀྱིས་དཀྲུག་པར་མི་ནུས་པས་ན་མི་བསྐྱོད་པའོ།། དེ་ཉིད་ནི་མི་ཕྱེད་པ་ཡིན་པས་ན་རྡོ་རྗེའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་ཡེ་ཤེས ་ཆེན་པོ་མདོའ་བས་ན་ཡེ་ཤེས་ཆེའོ།། དེ་ལ་བོད་པ་ནི་རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་སྟེ། མི་ཕྱེད་པའི་རིགས་མངའ་བའོ།། མཁའ་ཆེན་པོ་ཞེས་བྱ་བ་ནི་མཁྱེན་པ་ཆེན་པོ་དང་ལྡན་པའོ།། སྐུ་དང་གསུང་དང་ཐུགས་ཏེ་རྡོ་རྗེ་གསུམ་ཡང་ཡིན་ལ ་མཆོག་ཀྱང་ཡིན་པས་ན་རྡོ་རྗེ་གསུམ་མཆོག་གོ།། དཀྱིལ་འཁོར་གསུམ་གྱི་དཀྱིལ་འཁོར་གསུམ་གཅིག་ཏུ་བསྡུས་པ་ལ་དཀྱིལ་འཁོར་གསུམ་ཞེས་བྱ་སྟེ། དེ་ཁོ་ན་ཉིད་དོ།། དེ་ཉིད་གཅིག་ཏུ་བསྡུས་པའི་སྐུ་དང་གསུང་དང་ཐུག ་རྡོ་རྗེའི་ཆོས་སྟོན་པར་མཛད་པས་ན། རྡོ་རྗེ་དབྱིངས་ལ་ཕྱུག་འཚལོ་ཞེས་བྱའོ།། རྣམ་པཱུར་སྣང་མཛད་ཅེས་བྱ་བྱ་ལ་སོགས་པ་རྣམས་སྣ་ཚོགས་པའི་ཚུལ་གྱིས་གསལ་ཞིང་གནང་བྱར་མཛད་པས་ནཱ་རྣམ་པར་སྣང་མཛད་དོ།། དེ ་ཉིད་ནི་བདག་པ་ཆེ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། རྡོ་རྗེ་ཞི་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཞི་བའི་ལས་ལ་མདའ་མཉེས་པའོ།། དགའ་བ་ཆེན་པོ་ཞེས་བྱ་བ་ནི། དགའ་བ་ཆེན་པོ ་ཞེས་བྱ་བ་མཆོག་ཏུ་དགའ་བའི་བདེ་བའི་ངོ་བོ་ཆེན་པོ་མངའ་བས་ན་དགའ་བ་ཆེན་པོ་སྟེ་དེ་ལ་བོད་པའོ།། རང་བཞིན་གྱིས་ནི་འོད་གསྔལ་མཆོག་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཆོག་གཙོ་བོར་གྱུར་པ་སྟེ། རང་བཞིན་གྱིས ་འོད་གསལ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་ནོ་ཞེས་མཚམས་སྦྱོར་བ་སྟེ་དེ་ལ་བོད་པའོ།། སྟོན་པ་རྡོ་རྗེ་ཕྱག་འཚ་ལོ་ཞེས་བྱ་བ་ནི་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཆོས་རྣམས་སྟོན་པར་མཛད་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ་ཞེས་བོད་པའོ།། ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའོ།། དེ་ཉིད་ནི་འགྲོ་བ་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་ན་རྒྱལ་པོ་སྟེ་དེ་ལ་བོད་པའོ།། ཤིན་ཏུ་ཟབ་པ་ཡིན་པས་ན་རབ་ཏུ་ཟབ་པའོ།། རྡོ་རྗེ་ན་མཁ ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་དེས་ན་མཁའ་བཞིན་དུ་དྲི་མ་མེད་པའོ།། རང་གི་ངོ་བོ་ཉིད་ཀྱིས་རང་བཞིན་གྱི་སྣ་དགུ་པ་ཡིན་པས་ན་རང་བཞིན་དག་པའོ།། ཉོན་མོང་པ་དང་ལས་དང་ཤིས་བྱའི་སྒྲིབ་པའི་བག་ཆགས་ཀྱི་གོས་པ་དང་བྲལ ་བ་གང་ཡིན་པ་དེ་ནི་གོས་པ་མེད་ཅེས་བྱའོ།། རྡོ་རྗེའི་སྐུ་ལ་ཕྱག་འཚལོ་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ།། རྡོ་རྗེ་མི་འཆི་ནི་རྡོ་རྗེ་ཚེ་དཔག་ཏུ་མེད་པའོ།། དེ་ཉིད་ནི་ཁམས་གསུམ་གྱི་བདག་པོའི་འབྱོ་པ་མངའ་བས་ན་རྒྱལ་པོ་ཆེའོ།། ་གཟུང་བ་དང་འཛིན་པའི་རྟོག་པ་མ་ལུས་པ་དང་བྲལ་བས་ནི་མི་རྟོག་པའོ།། ན་མཁའ་རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་འཛིན་པར་མཛད་པས་ནན་མཁའ་རྡོ་རྗེ་འཛིན་ནོ།། འདོད་ཆགས་ཕ་རོལ་ཕྱིན་པ་ནི་འདོད ་ཆགས་རྣམ་པར་དག་པ་སྟེ་དེ་མཉེས་པའོ།། རྡོ་རྗེའི་གསུང་ལ་ཕྱག་འཚལོ་ཞེས་བྱ་བླ་ནི་ཆོས་སྟོན་པར་མཛད་པས་སོ།། དོན་ཡོད་པ་ནི་འབྲས་བུ་དང་བཅས་པའོ།། དེ་ཉིད་ནི་མི་བྱེད་པསཱ་ན་རྡོ་རྗེ་སྟེ་དེ་ལ་བོད ་པའོ།། ཡང་དག་ཅིང་ཕྱིན་ཅི་མ་ལོག་པའི་རྣམ་པས་སངས་རྒྱས་པས་ནི་རྫོགས་སངས་རྒྱསོ།། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་བསམ་པ་ཐམས་ཅད་རྫོགས་མཛད་པའོ།། དག་པ་ནི་རང་བཞིན་གྱིས་འོད་གསལ་བའི ་ངོ་བོ་སྟེ་དེ་ཉིད་ལས་ཡང་དག་པར་བྱུང་བས་ནཱ་རང་བཞིན་དྲག་པ་ཉིད་ལས་བྱུང་བའོ།། རྡོ་རྗེ་སེམས་དཔའ་ཕྱག་འཚལོ་ཞེས་བྱ་བ་ནི་གཉིས་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ།། འབར་བའི་ཞེས་བྱ་བ་ལ་སོགས ་པ་ལ་འབར་བ་ནི་འོད་དང་ལྡན་པཱ་སྟེ་དེ་ལྟ་བུའི་ཨོཾ་གྱིས་བྱིན་གྱིས་བརླབས་པའི་རླུང་མེའི་དཀྱིལ་འཁོར་ལ་གནས་པའི་བདུད་རྩི་ལྔའོ།། དེ་ལ་དོན་ནི་འདི་ཡིན་ཏེ། རླུང་དང་མེའི་དཀྱིལ་འཁོར་ལ་པདྨའི་སྣོང་གནས་ཤིང ་དེར་བདུད་རྩི་ལྔ་གཞུག་ལ་ཨོཾ་གྱིས་བྱིན་གྱིས་བརླབས་ཏེ། རབ་ཏུ་སྦར་ཞིང་ཀུན་ཏུ་འབར་བར་བྱས་ལ་དེ་ནས་ཡཱི་གེ་གསུམ་མངོན་པར་བཟླས་ཏེ་ཐུབ་པའི་དབང་པོ་ནང་དུ་ཆུད་པར་བསམ་པར་བྱེ་བ་དང་། ཡེ་ཤེས་ཉིད ་དུ་བདུད་རྩི་སྟེ་ཁམས་གསུམ་པའི་འཚོ་བ་ཉེ་བབེན་པའི་ཕྱིར་རོ།། དེ་ལྟར་དེའི་ངོ་བོ་ཉིད་དུ་བསམས་ནས་རང་གི་ལྕེ་ལ་ཡི་གེ་ཧཱུཾ་ལ་རྡོ་རྗེ་ཆེ་ལྔ་པའི་བདག་ཉིད་ཅན་གྱིས་ལྷོ་བ་སེམས་ལ། བདུད་རྩི་ལྔ་དེའི་སྙིང་གའི ་བའི་དབུས་ན་མ་ལུས་པའི་རྒྱལ་བའི་འཁོར་ལོ་ལྟ་བུ་ངེས་ཚིམ་པར་བྱ་ཞིང་བལྟ་བར་བྱའོ།། འདི་དག་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་འཛིན་ཏོ།། སྙིང་པོའི་ཞེས་བྱ་བ་ལ་སོགས་པ་ལ་སྙིང་པོའི་འོད་ཟེར་དཔག ་ཅ་མེད་པས་སྤྲུལ་པའི་ཐུབ་པ་རྣམས་ཀྱིས་མི་ཤེས་པ་ཀུན་ཏུ་ངེས་པར་བསལ་ནས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ཏེ་རང་གི་སྔགས་ཀྱི་ནང་དུ་ཆུད་པར་བྱས་ལ། གཟུགས་ལ་སོགས་པའི་རྣམ་པ་མི་རྟོག་པ་ཞེས ་བྷུ་བ་ལ་སོགས་པས་བརྟགས་ནས་རང་གི་སྙིང་གར་དྲི་མ་མེད་པའི་ཟླ་བ་ལ་གནས་པའི་མཚན་མ་ལ་གནས་པའི་གསང་སྔགས་དམ་པའི་གཟུགསུ་རང་གི་ཡིད་འོང་དང་ལྡན་པར་ཡོངསུ་བསྒོམ་པར་བྱའོ་ཞེས་སྦྱར་བར་བྱའོ།། ་སྙིང་པོའི་འོད་ཟེར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་སྙིང་པོའི་འོདྨོ་ཟེར་རྣམས་ཏེ། དེ་དཔག་ཏུ་མེད་པས་སྤྲུལ་པ་ཡང་ཡིན་ལ་ཐུབ་པའི་དབང་པོ་ཡང་ཡིན་པས་ན་སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པའི་ཐུབ་པས་ཞེས ་བྷཱུ་བྷ་དེ་ལྟར་མཚམས་སྦྱར་ཏེ། བྱེད་བྱ་པོར་གྱུར་པ་དེ་རྣམས་ཀྱིས་མི་ཤེས་ཀུན་ཏུ་ངེས་བསལ་ནས་ཞེས་བྱ་བ་ལ། མི་ཤེས་པ་སྟེ་མ་རིགས་པ་ཀུན་ཏུ་དངོས་པོས་ཐམས་ཅད་ཀྱི་ངེས་པར་བསལ་ཞིང་སྤངས་པ་གང་ཡིན་པ་དེ ་ལོ་སྐད་ཅེས་བྱའོ།། དེ་ལྕི་བུས་འགྲོ་བ་མ་ལུས་པ་རྫོགས་པ་འི་སངས་རྒྱས་སུ་བྱིས་ནས། རང་གི་གསང་སྔོགས་རང་དུ་ཆུང་པར་བྱ་ཞེས་པ་སྟེ། མི་ཤེས་སེམས་དཔའི་ཐུགས་ཀའི་སྡོང་པོའི་མང་རུའོ།། གཟུགས་ལ་སོགས་བཞེས ་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ།། གང་གི་ཕྱིར་རྣམ་པའི་ངོ་བོ་ཉིད་དེ་ཀུན་བརྟགས་པ་དང་གཞན་གྱི་དབང་གིས་མཚན་ཉིད་དང་བྲལ་ཞིང་སྤངས་པ་ཡིན་བཱི་མངོན་སུམ་གྱི་མཚན་ཉིད་ཅན་གྱིས་མཐོང་ཞིང ་སྣང་བ་ཡིན་པའི་རྒྱུར་དེས་ན་འཛིན་པ་པོ་ནི་མངོན་སུམ་ལ་སོགས་པའི་རྣམ་པར་ཤེས་པར་ཡོད་པ་མ་ཡིན་ལ། གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་གཟུང་བ་རྣམས་ཀྱང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། གཞན་པ་རྗེསུ་དཔག་པའི ་མཚན་ཉིད་ཅན་གྱི་ཚད་མས་ཀྱང་གཟུགས་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་ཏེ། འབྲེལ་པ་ཞེས་བྱ་བ་པའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་ཀྱང་མཐོང་བ་མེད་པས་ཤེས་པ་མ་ཡིན་ཏེ། རྗེས་དཔག་པ་མི ་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ།། དེ་ཡང་ཕྱོགས་ཀྱི་ཆོས་བཟུང་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་འབྲེལ་པ་དྲན་པ་ན། ཕྱིས་རྗེསུ་དཔག་པ་འཇུག་པ་ན་རྗེ་སུ་དཔག་པ་ཅེས་བྱའོ་ཞེས་བྱ་བའི་ཚུལ་གྱིསོ།། ། ་བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་དེ་ཡོང་སུ་འཛིན་པར་བྱེད་པའི་བྱ་བ་ནི་འགའ་ཡང་ཡོད་པར་མ་མཐོང་ལ་རྒྱུ་དེས་ཅིག་ཅར་དེ་དུས་མཚུངས་པར་ཤེས་ཤིང་ཉེ་བར་དམིགས་པ་ཡིན་པའི་ཕྱིར ་གཟུགས་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་འདི་དག་ཡོངསུ་འཛིན་པ་པོར་ཡོད་པ་མ་ཡིན་ཞིང་འཛིན་པར་བྱེད་པར་མི་འགྱུར་རོ།། ་ཡང་ན་སེམས་ནི་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་རྣམ་པ་ཅན་གྱི་གཟུང་བའི་མཚན་ཉིད་དང་བྲལ་ཞིང་མེད་པ་མངོན་སུམ་སྟེ་རང་རིག་པའི་མངོན་སུམ་གྱིས་མཐོང་ཞིང་ཤེས་པ་དེ་ན ་འཛིན་པ་པོ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བ་ཡིན་པ་དེས་ན་དེ་ནི་འཛིན་པ་མ་ཡིན་ཏེ། གཟུང་བར་བྱ་བ་མེད་པས་འཛིན་པ་པོ་ཡང་མེད་དོ།། གང་གི་ཕྱིར་སེམས་གཟུགས་ལ་སོགས ་བདུས་པ་ཡིན་པ་སན་འི་ན་པ་པ་མི་ལྟེ། རྒྱུས་ཀྱང་ས་སུ་སྦྱིན་པ་པོ་སྲང་།། གི་སེམཕྲག་གྲུ་ལ་སྔོ་ལ་ཧཱུ~ཾ་པ་དགྲ་ལ་བ་ན་རླུ་ག་ཀྱི་ཡང་འོད་པ་འི་ཏེ། གག་ལ་མོ། གསུསམ་སྨི་པ་པྱོ། ཀྱང་ཞེས་སྨོས་པ་ནི་འཛིན་པ་པོའི་ཤེས་པ་ལ་མུ་རྦ་མ་དོན་སྟོན་ཏོ།། དེ་བས་ནཱ་སེམས་ནི་གཟུང ་བ་དང་འཛིན་པ་ལས་ངེས་པར་གྲོལ་པོ་ཡིན་ནོ།། འབྲེལ་པ་གཞོན་གྱིས་ཀྱང་ནི་མཐོང་བ་མྱེད་ཅེས་བྱ་བ་ནི་དེའི་བདག་ཉིད་ལ་སོགས་པའི་འབྲེལ་པས་ཀྱང་མཐོང་ཞིང་ཉེ་བར་དམིགས་པ་མེད་དོ།། དེ་ཡང་རེ་ཞིག་ཤེས་པ་དང ་ཤེས་བྱ་གཉིས་ནི་དེའི་བདག་ཉིད་ཅན་གྱིས་མཚན་ཉིད་དུ་ཤེས་པར་བྱར་མི་རུང་སྟེ་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་ཤེས་པ་ལས་ལོགས་ཤིག་ན་ཡང་ཤེས་བྱ་ཡོད་པར་ཁས་ལེན་པའི་ཕྱིར་རོ།། དེ་ལས ་བྱུང་བའི་མཚན་ཉིད་ཅན་དུ་འབྲེལ་པ་ཡང་མ་ཡིན་ཏེ་ཞེས་པ་ནི་ཤེས་བྱ་མེད་པར་ཡང་རྨི་ལམ་ལ་སོགས་པ་ཤེས་པ་གསལ་པོ་འབྱུང་བའི་ཕྱིརརོ།། ཡུལ་ལ་སོགས་པ་ངེས་པ་ལས་རྣམ་པར་ཤེས་པ་སྐྱེ་བ ་ཡིན་མོད་ཀྱི་དེ་ཡང་དེ་མ་ཐག་པའི་རྐྱེན་གྱི་དབང་ཉིད་ལས་ཡིན་གྱི་ཕྱིའི་ཤེས་བྱའི་བདག་ཉིད་ལས་ནི་མ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ།། ཡང་ན་ཡུལ་ལ་སོགས་པའི་ངོས་པ་ནི་རྨི་ལམ་ལ་སོགས ་པ་དང་འདྲ་བར་གྲུབ་པ་ཡིན་ནོ།། བདེ་སོགས་དེ་ནི་ཡོངསུ་འཛིན་པས་ན། བྱ་བ་འགའ་ཡང་ཡོད་པར་མ་མཐོང་སྟེ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་ཤེས་པའི་བྱ་བ་གཟུང་བ་སོ་སོར་རྟོགས་པར་མཚན་ཉིད་ཅན་གང་ཡིན། ་པ་དེ་ནི་ཡོང་སུ་འཛིན་པ་ན་ཞེས་པ་གཟུགས་ལ་སོགས་པ་ཡོངསུ་འཛིན་པར་བྱེད་པའི་ཚེ་ན་བྱ་བ་འགའ་ཡང་ཡོད་པར་མི་མཐོང་སྟེ་མི་ཤེསོ།། ཅིག་ཅར་ཤེས་པའི་ཕྱིར་ནི་གཟུགས་སོགས་བཞིན།། འདི་དག་འཛིན་པ་པོར་ནི ་ཡོད་མ་ཡིན་ཞེས་བྱ་བ་ནི་ཅིག་ཅར་དུས་མཚུངས་པར་ཤེས་ཤིང་ཉེ་བར་དམིགས་པར་གྱུར་པར་ཇི་ལྟར་གཟུགས་ལ་སོགས་པ་གཞན་གྱི་འཛིན་པ་པོར་མི་འགྱུར་ཞིང་འཛིན་པར་བྱེད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཕན ་གདགས་པར་བྱ་བ་དང་། ཕན་འདོགས་པ་མེད་པར་བྱེད་པ་དེ་བཞིན་དུ་བདེ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པ་དང་དུས་གཅིག་ཏུ་ཤེས་ཤིང་རྟོགས་པ་ན་གཟུགས་ལ་སོགས་དང་འདྲ་བར ་འཛིན་པ་པོ་འགྱུར་བ་མ་ཡིན་ཞིང་འཛིན་པ་པོར་མེད་དེ། དུས་མཚུངས་པར་ཉེ་བར་དམིགས་པ་དག་ནི་རྭ་གཡས་པ་དང་གཡོན་པ་འདྲ་བར་གཅིག་ལ་གཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད ་ཡོད་པ་མ་ཡིན་ནོ།། གཟུང་བ་དག་ཀྱང་ཅི་ཡང་ཡོད་མིན་ཏེ་ཞེས་ཇི་སྐད་བཤད་པའི་གཟུང་བ་མྱེད་པ་དེ་ད་ལྟར་སྤྲོས་ནས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཡིན་ལ། ད་ནི་སྤྱོད་པ་ལ་སོགས་པ་ཚར་བཅད་པར་བྱ་བའི་ཕྱིར་དཀར ་པོ་ལ་སོགས་པ་གང་ཞིག་མཐོང་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་དཀར་པོ་ལ་སོགས་པ་མཐོང་བ་སྟེ། སྔོན་གྱི་དུས་སུ་མཐོང་བ་གང་ཡིན་པ་དེ་ཉིད་དུས་གཞན་དག་ཏུ་མཐོང་མི་འགྱུར་ཞེས་བྱ་བ་སྔར་ཉེ་བར ་དམིགས་པའི་དཀར་པོ་ལ་སོགས་པ་དེ་ཉིད་དུས་ཕྱིས་མི་མཐོང་ཞིང་ཤེས་པ་མ་ཡིན་ནོ།། ཅིའི་ཕྱིར་མ་མཐོང་ཞེས་ན། འདི་གཉིས་རྟག་ཏུ་གཅིག་ལ་གཅིག་འགལ་བ་ཡིན་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔར་ཉེ་བར་དམིགས་པ ་དང་ཕྱིས་ཉེ་བར་དམིགས་པ་གཉིས་ཕན་ཚུན་འགྲེལ་བ་ཡིན་པའི་ཕྱིར་སྔར་གྱི་དངོས་པོ་དུས་ཕྱིས་ཡོད་པ་མ་ཡིན་ཏེ། སྔོན་གྱི་ཤེས་དང་ཤེས་བྱ་ཡིས།། རང་བཞིན་གྱིས་ནི་རྗེས་འཇུག་ན། སྔ་མེའི་ཤེས་པ་ཕྱི་མར ་འགྱུར།། དེ་བཞིན་ཕྱི་མ་སྔ་མར་འགྱུར་ཞེས་བྱ་བའི་ཚུལ་གྱིས་སོ།། བཽདྨ་བྱ་ལ་སོགས་བདག་དང་མཚུངས་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གཉིས་དང་འདྲ་བར་གཅིག་ལ་གཅིག་ཕན་ཚུན་འགལ་བ་ཡིན་ནོ།། རྟོག་ཏུ ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འགོལ་བ་ཡིན་གྱི་ལན་འགའ་ནི་མ་ཡི་ནོ་ཞེས་བྱ་བ་ཤེསོ།། དེ་བས་ན་དངོས་པོ་རྣམས་ཀྱི་སྔོན་དང་ཕྱི་མའི་རང་བཞིན་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་གནསོ།། འདིས་ནི་རྒྱུན་ཏུ་གཏོགས ་པའི་གཅིག་པ་ཉིད་ངེས་པར་གསལ་བ་ཡིན་ནོ།། ད་ནི་རིགས་པ་གཏོགས་པའི་གཅིག་པ་ཉིད་དགག་པའི་ཕྱིར་བཤད་པ། འདིར་རིགས་པ་ཅན་ལ་སོགས་པ་དག་ནི་ཆ་ཤས་ཅན་གྱི་རང་བཞིན་གཅིག་པུ ་འདི་ཉིད་རྡུལྔ་ཕྲ་རབ་དང་གཉིས་ལ་སོགས་པའི་རིམ་གྱིས་ཕྲ་རབ་རྣམས་ཀྱིས་བརྩམས་པའི་འབྲས་བུའི་རྫས་གང་ཡིན་པ་དེ་ནི་སྐད་ཅིག་མ་མ་ཡིན་པ་ལས་འདའ་བར་མི་བྱེད་དོ་ཞེས་ཟེར་རོ།། དེ་རྣམས་ཀྱི་ཕྱོགས ་འདི་ཡང་སྡིག་པ་ཅན་ལས་ཀྱང་སྡིག་པ་ཅན་གང་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཐོག་མཐའ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཟུགས་ལ་སོགས་པ་གང་ཡིན་པ་འདི་དག་ནི་རང་བཞིན་གྱིས་གཅིག ་པ་ཉིད་མ་ཡི་མོ།། ཅིའི་ཕྱིར་ཞེ་ན། ཐིག་མཐའ་ལྔ་སོགས་བྱེ་བྲག་སྣང་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མའི་སྒྲས་ནི་ཀཾ་བ་ལ་སོགས་པའི་སྟེང་གི་ཆ་བཟུང་ངོ་།། མཐའ་ཡས་པའི་སྒྲས་ནི་འོག་གི་ཆ ་བཟུང་ངོ་།། ཡང་སོགས་པའི་སྒྲས་ནི་དབུས་མའི་ཆ་བཟུང་ངོ་།། བྱེ་བྲག་ཅེས་བྱ་བ་ནི་ཆ་ཤས་ཉིད་དུའོ།། འདི་སྐད་སྟོན་པ་ཡིན་ཏེ། ཀ་བ་ལ་སོགས་པ་གཅིག་པུ་ཉིད་ལ་ཐོག་མ་དང་དབུས་དང་མཐའ་མའི་ཆའི ་བྱེ་བྲག་གིས་རང་བཞིན་ཐ་དད་པར་ཉེ་བར་དམིགས་པ་ཡོང་པོ་ལ་གཅིག་པ་ཉིད་དུ་ཁས་བླངས་ནས་ཁྱེད་ཅག་ལྟར་རང་ཉིད་བསླུ་བར་ཇི་ལྟར་བྱེད། འདིར་ཡང་ཚད་མ་གཞན་དག་ནི་མེད་མོད་ཀྱི། འོན་ཀྱང ་མངོན་སུམ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨང་བས་ན་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ཉིད་ཀྱིས་དེ་ལྟར་ཉེ་བར་དམིགས་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། འདིར་བཤད་པ་དཀར་པོ་ལ་སོགས་རྣམ་པ་ནི་གཅིག ་བུ་ལ་ཡང་ཤེས་པ་དག། ཐོག་མ་དབུས་མཐའི་དབྱེ་བ་ཡིས།། སྣ་ཚོགས་ཁོ་ནར་ཉེ་བར་དམིགས་ཞེས་བྱ་བ་ཡིནོ།། ཡང་ན་ཐོག་མཐའ་ལ་སོགས་བྱེ་བྲག་སྣང་བས་ན། གཟུགས་ལ་སོགས་པ་འདི་དག་གཅིག་མ་ཡིན་ཞེས ་བྱ་བ་ནི་རགས་པར་གཏོགས་པའི་གཟུགས་ལ་སོགས་པ་ནི་རང་བཞིན་གཅིག་པ་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན།། ཐོག་མཐའ་ལ་སོགས་བྱེ་བྲག་སྣང་པོས་ན་ཞེས་བྱ་བ་སྨོས་ཏེ། ཐོག་མ་དང་ཐ་མ་དང་དབུས་དང་ཤར་ལ་སོ། ་པའི་དབྱེ་བ་རྣམསུ་ཤེས་པས་གཅིག་པ་ཉིད་ཅེས་བྱ་བ་ནི། དབྱེ་བ་མེད་པ་ལ་བྱ་ན་ཐོག་མ་དང་ཐ་མ་ལ་སོགས་པའི་དབྱེ་བ་ཡོད་པས་འདི་ནི་གཅིག་པ་ཉིད་མ་ཡིན་ཏེ། གཅིག་ཉིད་དང་དུ་མ་ཉིད་ནི་ཕན་ཚུན་འགྲལ ་བ་ཡིན་པས་ཅིག་པ་ཉིད་དུ་བསྡུ་བར་ཇི་ལྟར་རུང་དེ་བས་ན་གཟུགས་ལ་སོགས་པ་ཆ་ཤས་ཅན་གཅིག་པ་ཉིད་དུ་མི་འགྲུབ་བོ།། ཆ་ཤས་ཅན་གཅིག་ཏུ་མ་གྱུར་ན་ད་ལྟར་ན་ནི་རྡུལ་ཕྲ་རབ་འདུས་པ་ཉིད་ཡིན་པའི་ཕྱིར་ར ་བཞིན་དུ་མ་ཞིག་ཡིན་ནོ་ཞེས་གང་ཞིག་སེམས་དཔའ་དེའི་ཕྱིར་ང་ནི་དུ་མ་ཉིད་ཀྱང་དགག་པར་བྱ་བའི་ཕྱིར། དུ་མའི་གཟུགསུ་མིན་པའང་དེ་དང་འཕྲ་ཞེས་བྱ་བ་སྨོས་སོ།། དེ་ཅིའི་ཕྱིར་ཞེ་ན། ཕྲ་རབ་རྣམས་ཀྱང་མཐོང་བ ་མ་ཡིན་པས་བྱ་བ་སྨོས་ཏེ། རྡུལ་ཕྲ་རབ་རེ་རེའི་ངོ་བོར་ཡང་མཐོང་བ་མ་ཡིན་ཞིང་ཤེས་པ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་རང་གི་ངོ་བོར་སྣང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་ཆ་ཤས་མེད་པ་དག་ནི་དེ ་ལྟར་མི་སྣང་བའི་ཕྱིར་དུ་མའི་གཟུགས་སུ་མིན་པ་ཞེས་བྱ་བ་འདིས་བཀག་པ་ཡིན་ནོ།། དེ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་ཆ་ཤེས་ཅན་གྱི་ངོ་བོ་ལ་ཐོག་མ་དང་དབུས་དང་ཐ་མ་ལ་སོགས་པའི་དབྱེ་བ་ཉེ་བར་དམིགས་པས ་གཅིག་ཏུ་མི་འགྲུབ་པ་དེ་བཞིན་དུ་རྡུལ་ཕྲ་རབ་དུ་མའི་ངོ་བོ་ཡང་། དྲུག་གིས་ཅིག་ཅར་སྦྱར་བས་ན་ཞེས་བྱ་བ་ལ་སོགས་པ་ཕྱོགས་ཀྱི་དབྱེ་བས་མེད་པར་སུན་ཕྱུང་བས་འགྲུབ་པ་མ་ཡིན་ནོ།། ཡང་ན་མིན་པའང་དེ ་དང་འདྲ་ཞེས་བྱ་བ་ཇི་ལྟར་གཟུགས་ལ་སོགས་པའི་རང་བཞིན་གཅིག་པ་མེད་པ་ལྟར་དུ་མའི་རང་བཞིན་ཡང་དེ་བཞིན་ནོ་ཞེས་སྟོན་ཏོ།། དེ་ལྟར་རགས་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་ཕྱུང་ནས་ཕྲ་རབ་གཏོ།། ་པའི་གཅིག་པ་ཉིད་དང་དུ་མ་ཉིད་སུན་དབྱུང་བར་བྱ་བའི་ཕྱིར་རྡུལ་ཕྲན་ཆ་ཤས་མེད་པ་ཉིད་ཀྱང་ནི། ཕྲ་རབ་དུ་མ་འདས་པ་ཡོད་མིན་པས།། ས་ཡི་དཀྱིལ་འཁོར་ལ་སོགས་པ་ཡི་གཟུགས།། བསགས་པ་འགའ ་ཡང་འདིར་ནི་མེད་པར་འགྱུར་ཞེས་བྱ་བ་སྨོས་པོ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ནི་ཆ་ཤེས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཡན་ལག་ཅན་ཉིད་མ་ཡིན་པས་གཞན་དག་རང་ཉིད་དུ་མ་ཉིད་དུ་མི་འདོད་དེ། ཆ་ཤས་ནི་དུ ་མའི་རང་བཞིན་ཡིན་པའི་ཕྱིར་དེ་བཀྲག་ནས་རྡུལ་ཕྲ་རབ་ཙམ་དུ་ཡོད་པར་ཁས་ལེན་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཆུ་ཤས་མེད་ན་ནི་རྡུལ་ཕྲ་རབ་དུ་མ་འདུས་པས་ཡོངས་སུ་བསྐོར་བ་ཡོད་པ་མ་ཡིན་པས་སའི་དཀྱིལ་འཁོར་ལ། ་སོགས་པའི་གཟུགས་བསགས་པའི་རབ་ཏུ་དབྱེ་བ་མེད་པར་འགྱུར་རོ།། དེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་འདི་དག་གི་གཞུང་ལུགས་ནི་རྡུལ་ཕྲ་རབ་རྣམས་ཕན་ཚུན་ཕྲད་པ་ལས་རྡུལ་ཕྲ་རབ་གཉིས་ལ་སོགས་པའི་རིན ་གྱིས་མ་ཤས་ཅན་དུ་མཱ་ལ་སོགས་པ་བསྐྱེད་པའི་སྒོ་ནས་ཆ་ཤས་ཀྱི་རྫས་གཙོ་བོ་བསྐྱེད་པར་བྱེད་པར་འདོད་དོ།། དེ་ཡང་འདྲི་ལྟར་དཔྱད་པར་བྱ་སྟེ། དབུས་ཀྱི་རྡུལ་ཕྲ་རབ་གང་ཡིན་པ་དེ་ལ་རྡུལ་ཕྲ་རབ་གཞན་དག་འབྱར་བར ་བྱེད་པ་ན། ཅི་བདག་ཉིད་ཐམས་ཅད་ཀྱིས་འབྱར་བར་བྱེད་དམ། འོན་ཏེ་ཆ་ཤས་ཀྱིས་འབྱོར་པར་བྱེད་དེ་ལ་རེ་ཞིག་ཆ་ཤས་ཀྱིས་འབྱར་བར་ནི་མེད་དེ། རྡུལ་ཕྲ་རབཱི་དེ་ཆ་ཤཱས་མེད་པ་ཉི་དུ་ཁས་བླངས་པའི་ཕྱིར་རོ།། བདག་ཉིད ་ཐམས་ཅད་ཀྱིས་ཕྲད་ན་ནི་འགྲོ་བ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་གྱི་སའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་གྱི་བསགས་པར་མི་འགྱུར་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་ཐམས་ཅད་རྡུལོ་ཕྲ་རབ་གཅིག ་གི་ནང་དུ་ཞུགས་པས་སའི་དཀྱིལ་འཁོར་ལ་སོགས་པའི་བསགས་པའི་མཚན་ཉིད་ཅན་མེད་པ་ཉིད་དུ་ཐལ་བར་འགྱུརརོ།། དེའི་ཕྱིར་རྡུལ་ཕྲ་རབ་ཡོད་པའི་ཕྱོགས་ཀྱང་ཁས་བླང་བར་མི་བྱའོ།། དེ་ཉིད་ཀྱི་ཕྱིར་དྲུག་གི་ཅིག་ཅར་སྦྱར ་བས་ན།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ན་གོ་གཙུག་ན།། གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར་ཞེས་བཤད་པ་ཡིན་མོ།། དེ་ལྟར་ཕྱིའི་ངན་གཅོག་དང་དུ་མ་དང་བྲལ་བ་ཉིད་དུ་སུན་ཕྱུང་བ་ཇི་ལྟར་བྱ ་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། གང་གི་ཕྱིར་རྣམ་པར་ཤེས་པ་ལ་ཡང་ཕྱོགས་ཀྱི་ཆ་ཤས་ཀྱི་དབྱེ་བ་ཡོད་དོ།། དེ་བས་ན་སྔོན་པོ་ལ་སོགས་པ་སུན་བྱུང་བ་གང་ཡིན་པ་དེ་དག་ཉིད་བློ ་ལ་ཡང་ཁྱད་པར་མེད་པ་ཉིད་དེ། གཟུགས་ཅན་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མ་དང་བྲལ་བ་ཡིན་པ་དེ་ཤེས་པ་ལ་ཡང་མཉམོ།། དེ་ཡང་ཁོང་དུ་མ་ཆུད་པ་ལས་ལྡོག་པར་རྟགས་པའི་ངོ་བོར་རྣམ་པ ་འཇོག་པ་ན་ཕྱོགས་ཀྱི་ཆ་དང་ལྡན་པ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཏེ། གཟུགས་ཞེས་བྱ་བར་ཡོད་པ་མ་ཡིན་ནོ།། ཞེས་ཇི་སྐད་བཤད་པ་ཡིན་ཏེ། བཟུགས་ནི་ཆུ་དང་ཞེང་དང་ཕྱོགས་དང་ལྡན་པ་ཡིན་ལ་འདི་ནི་རྣམ་པར ་ཤེས་པ་ལ་ཡང་ཁྱད་པར་མེད་པར་ཡོད་ན་ཀུན་རྫོབ་ཏུ་ཡོད་པར་ཐལ་བར་ཇི་ལྟར་མཉམ་པར་འགྱུར་བ་མ་ཡིན། དེ་བས་ན་དེ་ཡང་དངོས་པོ་མེད་པ་ཉིད་དུ་གྱུར་པ་མ་ཡི་མོ།། དེ་ཡང་དངོས་པོ་མེད་ལ་རྣམ་ཤེས་མེད།། ། ་གཞི་མེད་ཀུན་གཞི་འོང་ཡོང་མ་ཡིན།། འདི་དག་ཏོག་གེ་ངན་པ་ནི།། རོར་གྱུར་པ་ཡིས་རྣམ་པར་བརྟགས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པས་ལས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་བས་དངོས་པོ ་ཐམས་ཅད་ནི་རང་བཞིན་མེད་པ་ཡིན་ནོ་ཞེས་བསྟན་ཏོ།། ཡང་འདིར། བདག་དང་གཞན་སྨྲས་དངོས་འདི་དག། ཡང་དག་དུ་ན་གཅིག་པ་དང་།། དུ་མའི་རང་བཞིན་བྲལ་བའི་ཕྱིར།། རང་བཞིན་མེད་དེ་གཟུགས་བརྙན་བཞིན་ཞེས་བྱ་བ ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ།། དེ་ལྟར་དངོས་པོ་ཐམས་ཅད་དངོས་པོ་མེད་པར་བསྟན་ནས་ང་ནི་གྲུབ་པའི་དོན་ཉིད་ཀྱི་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤང་མ་ཐག་པོའི ་རིགས་པའི་ཚུལ་དེས་ན་འཛིན་པ་ལ་སོགས་པ་དང་བྲལ་བ་ཡིན་པས་རྒྱུ་བ་དེ་འགྲོ་བ་རྣམས་དང་། མི་རྒྱུ་བ་དེ་སེམས་མེད་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་པོ་རྣམས་ནི་རང་རྒྱུད་ཀྱང་ཡིན་ལ་གཟུགས་ལ་སོགས ་པབཔར་བརྟགས་པ་ཡིན་ཞིང་རང་རྒྱུད་ཀྱི་རྣམ་པ་ཅན་གྱི་ངོ་བོ་ཉིད་གང་ལ་ཡོད་པའི་དངོས་པོ་དེ་ནི་རང་རྒྱུད་གཟུགས་སོགས་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་རྒྱུ་ཉིད་ཀྱང་གཟུགས་ལ་སོགས་པར་བརྟགས་པ་ནི། ་ཕྱི་རོལ་གྱི་དོན་མེད་དུ་ཟིན་ཀྱང་རིང་གི་བག་ཆགས་ཙམ་ལས་བྱུང་བའི་ཕྱིརརོ།། ཡང་ན་གཟུང་བ་དང་འཛིན་པ་གཉིས་ཕན་ཚུན་ཕན་འདོགས་པར་མི་བྱེད་པ་དེ་ནི་རང་རྒྱུད་ཅེས་བྱའོ།། དེ་ལྟར་ནི་གཟུགས་ལ་སོགས་པའི་རྣམ་པར ་བཞག་པ་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བ་སྨོས་ཏེ། བརྟགས་པ་ཉིད་ཀྱི་ངོ་བོ་ཉིད་དེ་རང་བཞིན་འདི་ལ་ཡོད་པས་ན་བརྟགས་པའི་ངོ་བོ་ཉིད་དེ་གཟུགས་ལ་སོགས་པ་འདི་ཐམས་ཅད་ནི ་བརྟགས་པའི་རང་བཞིན་ཅན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པས་དོན་དམ་གང་ཞིག་གང་ལས་ཐ་དད་པར་རྣམ་པར་འཇོམ་པར་མི་ནུསོ།། དེ་ཡང་ཁམས་གསུམ་པོ་འདི་དག་མ་ལུས་པ་ཐམས་ཅས་སྒྱུ་མ ་ལྟ་བུ་ཡིནོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུ་དང་། ཡང་རྟོག་པ་དག་པར་བྱ་བའི་ཕྱིར་འབྱུད་པར་བྱའོ་ཞེས་གསུངས་པ་དང་། དཔལ་བདེ་མཆོག་གི་རྒྱུ་ཕྱི་མ་ལས་ཀྱང་། རྟོག་པ་རྣམས་ནི་ཡོངས་དག་ཕྱིར། ་དེས་ན་རྟོག་པར་ཡང་དག་བཤད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལྟ་མོད་ཀྱི་ཕྱི་རོལ་གྱི་དོན་ལ་མངོམ་པར་ཆགས་པའི་རྟོག་པའི་འཁྲུལ་པ་ཉིད་ཀྱིས་འཁོར་བ་དང་རྗེསུ་མཐུན་པ་ཡིན་པའི་ཕྱིར ་ཐ་མལ་པ་ཞེས་བྱ་བར་བཤད་ལ། དེ་ནི་ཐར་པ་འདོད་པ་རྣམས་ཀྱིས་ཕྱི་རོལ་དུ་མངོན་པར་ཞེན་པ་ཉིད་ལ་ངེས་པར་བཟློག་སྟེ། རང་རང་གི་ངོ་བོ་ཉིད་ལ་ངེས་པར་བཞག་པ་ཡང་ཡིན་ལ། རང་གི་ངོ་བོ་ཙམ་ལ་བཞག་པོའི ་རྣམ་པར་རྟོག་པ་ནི་འབྲས་བུ་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པས་དག་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་ཏེ། རང་གི་ངོ་བོ་ཙམ་ལ་གནས།། བློ་ཡི་དགའ་སྟོན་ཆེན་པོ་ཡིན་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུ་དང་། ་འདི་དག་ཐམས་ཅད་ནི་རྣམ་པར་རྟོག་པ་ཙམ་ལ་རགས་ལས་ཤིང་དེའི་རང་བཞིན་ཡིན་པས་སྡུག་བསྔལ་བར་མཚན་ཉིད་གཅིག་པ་དང་། སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་ནི་སྲིད་པའི་ཉེ་བར་འཆིང་བ ་ཡིན་ལ། དེ་རྣམ་པར་ལོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པ་ཇི་ལྟར་བཤད་པ་དེར་ཡང་ཁ་ཕྱི་རོལ་དུ་བལྟས་པའི་རྣམ་པར་རྟོག་པ་ལས་ངེས་པར་བཟློག་པར་བྱ་བ་ལ་འབད་པར་བྱའོ་ཞེས་ངེས ་བར་སྟོན་པ་ཡིན་ཏེ། རྣམ་པར་རྟོག་པ་ལ་ནི་ཕྱི་རོལ་དུ་མངོན་པར་ཞེན་པ་ལས་མ་གཏོགས་པའི་ཉེས་པ་དང་བཅས་པ་གཞན་ནི་མ་ཡིན་པས་དེ་ལས་རྣམ་པར་བཟློག་པ་ནི་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། ་རྣམ་པར་རྟོག་པ་ཁྱད་པར་ཅན་ཡིན་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་འཁོར་བ་དང་མྱ་ངན་ལས་འདས་པར་རྣཾཡལ་བཞག་པ་འདི་དག་ཐམས་ཅད་བརྟགས་པ་ཙམ་གྱི་ངོ་བོ་ཉིད་ཡིན་པ་ངེས་ན་མེད་པར་སྒྲུབ་པའི་གཏན་ཚིགས་ཀྱི་དཔེར ་སྦྱར་བར་བྱ་སྟེ། དོ་ན་དེ་ལྟ་བུའི་དངོས་པོ་འདི་ནི་དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་ཤིང་འདྲ་བ་སྟེ། ཇི་ལྟར་ན་ཆུ་བོ་དང་རཱི་ཉེ་བར་གྱུར་པ་ལས་ཕྱིའི་དྲི་ཟའི་གྲོང་ཁྱེར་མེད་དུ་ཟིན་ཀྱང་། ཁང་པ་དཀར་པོ་དང་། རྟ་དང་གླང་པོ ་ཚེ་དང་། མི་ལ་སོགས་པ་འདྲ་བར་སྐྱེས་བུ་ལ་སོ་གེ་སོར་སྣང་བར་སྐྱེའོ།། དེ་བཞིན་དུ་འཛིན་པ་པོ་ལ་སོགས་པའི་ངོ་བོར་མང་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བ་འཛིན་པ་པོ་ལ་སོགས ་པའི་རྣམ་པར་སྣང་བ་སྐྱེ་བར་འགྱུར་རོ།། ཡང་ན་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བ་ལ་ལོག་པའི་ངོ་བོ་ཉིད་ཡིན་པར་འཇིག་རྟེན་དུ་གྲགས་པས་དཔེ་དེ་ཉིད་དུ་ཉེ་བར་སྦྱར་བ་ཡིན་ཏེ། དཔེར་ན་དྲི་ཟའི་གྲོང་ཁྱེར་ནི་མེད་ཀྱང ་སྣང་བ་ཡིན་པ་དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་བར་མཚུངས་པར་ལྟ་བ་ཡིན་ནོ་ཞེས་དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་དཔེས་བསྟན་ཏོ།། དེས་ཁྱད་པར་བསྟན་པའི་ཕྱིར་རྒྱུ་དང་མི ་རྒྱུའི་དངོས་པོ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱུ་བུ་ནི་མ་ལ་སོགས་པའོ།། མི་རྒྱུ་བ་ནཱི་རི་ལ་སོགས་པ་སྟེ་རྒྱུ་དང་མི་རྒྱུ་བ་དང་བཅས་པ་གནས་པའི་དངོས་པོའི་ཚོགས་ནི་རྒྱུ་དང་མི་རྒྱུ་བའི་དངོས་པོ་མ་ལུས་པ་ཞེས ་བྱའོ།། དེ་བས་ན་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོསོ་པོ་འདི་རྣམས་ནི་ངེས་པར་བརྟགས་ན་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་ཁྱད་པར་གནས་སོ།། ཇི་སྐད་དུ་ཕྱིང་ནང་དུ་སྣང་བ་སྣ་ཚོགས་འདི།། ཡང་དག་ཉིད་དུ་ཅི་ཡང ་ངེས་པ་མེད་ཅེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ།། དེ་ཡང་མ་བརྟགས་ན་ཉམས་དགའ་བ་ཉིད་དུ་འདོད་པ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་ཏེ། མ་བརྟགས་ན་ནི་ཉམས་དགའ་བའི་སྐྱེ་འགག་པའི་ཆོས་ཅན་རྣམས།། ་དོན་གྱི་བྱ་བ་བྱེད་ནུས་པའི།། རང་བཞིན་ཀུན་རྫོབ་ཡིན་པར་བཤད་ཅེས་བྱ་བ་ལ་སོགས་པ་སྨོས་པོ་ཡིན་ནོ།། དེ་བས་ནཱ་སྔར་བཤད་པའི་ལྷའི་སྐུ་ལ་སོགས་པ་རང་གི་སྔགས་སུ་བཞུགས་པ་ལ་འགལ་བ་མེད་དོ།། ཞེས ་ཉེ་བར་བསྡུ་བའི།། དེ་ཡང་གཟུང་བ་ལ་སོགས་པ་མེད་པར་བསྟན་པས་རང་གི་སེམས་ཉིད་ལ་རང་གི་སེམས་གཞུག་པ་ཡིན་ཏེ། མེ་ནི་མེ་ལ་གཞུག་པ་དང་འདྲ་ཞེས་བྱ་བ་ལ་སོགས་པ་ལྟེ་བུར་བལྟ་བར་བྱའོ།། གལ་ཏེ ་སྐད་བཤད་པའི་ཚུལ་གྱིས་འཛིན་པ་པོ་ལ་སོགས་པ་མེད་པས་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་ན་དེ་ལྟ་ན་ནི་འཁོར་བ་འདི་ཡོད་པ་ཇི་ལྟར་འཐད་དེ་ལས་ཐར་པ་ནི་ཇི་ལྟར་འཐད་པར་འགྱུར་ཞེ་ན། དེའི་ཕྱིར་བདག་དང ་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བདག་གི་པཱ་དེ་གཉིས་ཀྱི་རྣམ་པར་རྟོག་པ་ནི་བདག་དང་བདག་གི་རྣམ་རྟོག་ཅེས་བྱ་སྟེ། བདག་ལ་སོགས་པ་མེད་པར་དེ་ལ་མངོན་པར་ཞེན་ཅེས་བྱ་བའི་དོན་ཏོ།། དེའི་རྒྱུན་ནི་རྒྱུན ་གྱིས་འཇུག་པའོ་དེའི་ངོ་བོ་དག་གིས་ཞེས་བྱ་བ་དེ་རུང་བཞིན་གྱིས་ནི་འཁོར་བ་ཡིན་ཏེ། དེར་ནི་ཞེས་པ་འདི་ལྟར་གནས་པ་ན་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཡིན་ཡང་དངོས་པོ་རྣམས་ལ་ལོག་པར་རྟོག་པའི་དབང་གིས་འཁོར་བ ་ན་འཁོར་བ་སྟེ། འདི་དང་གཞན་དུ་བདེ་བ་འགྲོ་ལ་སོགས་པ་སྐྱེ་བའི་འཁོར་བ་མེད་བཞིན་དུ་ཡང་བྱིས་པ་རྣམས་ལ་དེ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། དག་པའང་བདག་དང་བདག་གིར་རྟོགས་པའི་རྣམ་པར་རྟོག ་པའི་རྒྱུན་དེའི་ཕྱིན་ཅི་ལོག་མེད་པ་དེའི་རང་གི་ངོ་བོ་ཉིད་ཙམ་ངོས་རྣམ་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་གིང་གི་ཚེ་དེ་ཁོ་ན་ཉིད་དུ་གཟུང་བ་ལ་སོགས་པ་ལས་རྣམ་པར་དབེན་པའི་སེམས་ལ་བདག་ལ་སོགས ་པར་སྒྲོ་བཏགས་པ་དེའི་ཚེ་འཁོར་བ་ཡིན་ལ། གང་གི་ཚེ་ཡང་བདག་ལ་སོགས་པར་སྒྲོ་བཏགས་པ་དང་བྲལ་བའི་རང་གི་ངོ་བོའི་དེ་ཉིད་མཐར་ཐུག་པ་དེའི་ཚེ་ནི་སེམས་ཀྱི་རྒྱལ་པོ་དེ་རྣམ་པར་དག་པ་ཡིན་ཏེ་བདག་དང་བདག་གིར ་ལོག་པར་རྟོག་པ་ལས་ལྡོག་པ་ཉིད་ནི་དག་པ་སྟེ་ཐར་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་འདིར་ཇི་ལྟར་སྤང་བའི་དངོས་པོ་རྣམས་ལ་ཞི་བ་དང་ནི་སྲིད་པའི་ངོ་བོ་ཉིད་དག་པའི་ཆོས་ཉིད ་ཀྱིས་ཞེས་པ་སྟོང་པ་ཉིད་དུ་ནི་གང་གིས་འཁོར་བ་རྣམ་པར་སྤངས་ནས་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པའི་དབྱེ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ་གཉིས་ཀ་ཡང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་སློབ་དཔོན ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡང་དག་མ་མཐོང་འཇིག་རྟེན་དང་།། མྱ་ངན་འདས་པར་རློམ་པ་སྟེ། ཡང་དག་མ་མཐོང་འཇིག་རྟེན་དང་།། མྱ་ངན་འདས་པར་རློམ་སེམས་མེད།། སྲིད་པ་དང་ནི་མྱ་ངན་འདས། འདི་གཉིས་ཡོད། ་པཔ་མ་ཡིན་ཏེ།། སྲོད་པ་ཡོང་སུ་ཤེས་པ་ནི།། མྱ་ངན་འདས་ཞེས་བརྗོད་པ་ཡིན་ཞེས་བཤད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་གང་ཡིན་པ་དང་། ཐམས་ཅད་མཁྱེན་པའི་དེ་བཞིན ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་དུ་གཅིག་པུའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་སྟེ། དེ་བས་ན་ཀུན་རྫོབ་དུ་ཕན་ཚུན་དབྱེ་བྱ་ཡོད་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། ཅིའི་ཕྱིར་ཆོས ་ཉིད་ཀྱིས་དབྱེ་བ་མེད་པ་ཡིན་ཞེ་ན། གང་གི་ཕྱིར་གཟུང་བ་ལ་སོགས་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གང་གི་ཕྱིར་གཟུང་བ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་ཞིང་མེད་པ་ཡིན་པར་ཐམས་ཅད་དུ་སྟེ། ཞི་བ་དང་སྲིད ་པ་ཀུན་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་གྲུབ་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལཱང་ཀར་གཤེགས་པ་ལས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། འཇིག་རྟེན་དུ་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད ་དང་། ཆོས་ཀྱི་དབྱིངས་དང་། ཆོས་མི་འགྱུར་པ་ཉིད་ནི་ཡེ་ནས་གནས་པ་ཉིད་དོ།། ཞེས་བྱ་བ་ཇི་སྐད་གསུངས་པ་ལྟ་བུའོ།། དེ་རུང་སྣང་བའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་དེ་རུ་སོ་སོར་སྣང་བ་དེའི་རང་བཞིན ་ཡང་ཡིན་ཞིང་ཀུན་ཏུ་རྟོག་པ་ཡང་ཡིན་པས་དེ་རུ་སྣང་བའི་རང་བཞིན་ཀུན་ཏུ་རྟོག་སྟེ། དེ་ལས་གཞན་པ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཅི་ཡང་ཡོད་པ་མ་ཡིན་ཏེ། ལོག་པའི་རྣམ་པར་རྟོག་པ་དེ་ཉིད་གཅིག་པུར་ཟད་ཀྱི་དེ་ལས ་གཞན་པའི་རྒྱུ་བ་དང་མི་རྒྱུ་བའི་ཕྱིའི་དངོས་པོ་མཐའ་ཡས་པ་ཅི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངསོ།། དེ་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ་ལ་གཉིས་པོ་ཡོད ་མཱ་ཡིན།། སྟེང་པ་ཉིད་ནཱི་དཾ་ལཱ་ཡོད།། དེ་ལ་ཡང་ནི་དེ་ཡོད་དོ།། ཞེས་བཤད་པ་ཡིན་པོས། སེམས་ལ་གཞན་པའི་ང་རྒྱལ་གྱི་ཡུལ་བདག་ལ་སོགས་པ་འགཱའ་ཡང་ཡོད་པར་གྱུར་པ་མ་ཡིན་ནོ།། གཏཱན་ཚིགས་དེ་ཡི་ཕྱིར་སེམ ་ཏིང་ང་རྒྱལ་གྱི་ཡུལ་ཡིན་གྱི། བདག་ལ་སོགས་པ་ཅི་ཡང་ཡོད་པ་མ་ཡིན་ནོ།། དེ་ནི་ཞི་བ་དང་སྲིད་པ་གཉིས་ཀྱི་རང་བཞིན་བྱེ་བྲག་མེད་པ་ཉེ་བར་བསྡུ་བའི་ཕྱིར། རང་བཞིན་ག་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱིས ་རྣམས་ཀྱིས་སོ་སོར་ཤེས་པར་གྱུར་པའི་ཀུན་རྫོབ་ཀྱི་རང་བཞིན་གང་ཞིག་ཡིན་པའི་ཀུན་རྫོབ་ཏུ་བྱིས་པས་ཤེས་པ་དེའི་རང་གི་ངོ་བོ་དོན་དམ་པའི་རང་བཞིན་འཕགས་པས་མཁྱེན་པ་དེ་ཉིད་ནི་རང་ཉིད་ཀྱི ་བོ་ཡིན་ཏེ། གང་གི་ཕྱིར་ཀུན་རྫོབ་ཀྱི་རང་བཞིན་རིག་པ་དང་ལུང་གི་དབྱེ་བས་རྣམ་པར་དཔྱད་ནུ། ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་རོ།། དེ་བཱསྱ་ནུ་ཞེས་པ་དེའི་ཕྱིར་དེ་དག་ཐམས་ཅད་བྱེ་བྲག་མེད་པའི་བློས་དངོས་པོ་ཐམས་ཅད་དབྱེ་བ་མེད ་པ་ཉིད་ཡིན་ཏེ། ཞི་བོ་དང་སྲེད་པའི་རང་བཞིན་ཅན་གྱི་དངོས་པོ་ཐམས་ཅད་ནི་དབྱེ་བ་མེད་ཙོང་སྟོང་པ་ཉིད་དེ། དེའི་བློ་ནི་རྟོགས་པ་སྟེ། དེའི་བློ་ནི་རྟོགས་པ་སྟེ། དེའི་རྒྱུར་གྱུར་པས་དབྱེ་བ་མེད་ཅིང་ཐ་དད་དུ་བྱ་བ་མེད་པས་ཞི་བ་དང ་སྲིད་པའི་རང་བཞིན་ཅན་གྱི་དངོས་པོ་ཐམས་ཅད་དབྱེ་བ་མེད་ཅིང་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ།། དེ་ཡང་འདིར། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ་དངོས་ཀུན་དངོས་པོ་གཅིག་གི་རང་བཞིན་ཡིན།། དངོས་པོ་གཙུག ་གཅིག་གི་དེ་ཉིད་གང་གིས་མཐོང་།། དེ་ཡིས་དངོས་པོ་ཀུན་གྱི་དེ་ཉིད་མཐོང་།། ཞེས་བཤད་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྟ་ནས་ཀྱིས་ཀྱང་། ཀུན་རྫོབ་དྲག་ནི་མ་རྟོགས་པར།། དེ་ཉིད་ཀྱང་ནི་དམྱིགས་མི ་འགྱུར། ཀུན་རྫོབ་སྟོང་པ་ཉིད་དུ་བཤད་།། སྟོང་པ་ཉིད་ནི་ཀུན་རྫོབ་ཡིན།། ཞེས་བཤད་པ་དང་། དེ་བཞིན་དུ་བརྒྱད་སྟོང་པ་ལས་ཀྱང་། ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་ན་ཤིང་ཐ་དད་ཡལ་ག་ཐ་དད་། ལོ་མ་ཐ་དད ་པ་དང་། མེ་ཏོག་ཐ་དད་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་ཐ་དད་པར་སྐྱེས་པ་དེ་རྣམས་ཀྱི་གྲིབ་མ་ནི་བྱེ་བྲག་མེད་ཅིང་ཐ་དད་པར་མི་མཐོང་སྟེ། འདི་ལྟ་སྟེ། གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངསུ་འགྲོའོ།། དེ་བཞིན་དུ་ཆོས་ཐམས ་ཅད་སྟོང་པ་ཉིད་དུ་ངོ་བོ་གཅིག་པར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། ཐམས་ཅད་ཙ་ཡང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གང་བཤད་པ་ངོའི་ཕྱིར་སྣང་བར ་གྱུར་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བར་གྱུར་པ་ནི་སོ་སོར་སྣང་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ངོ་བོར་གཟུང་བར་བྱ་བའི་རང་བཞིན་གྱི་ཡུལ་རྣམས་གང་ཡིན་པ་དང་གང་གཞན་ཅི་ཡང་རུང་བ་སྟེ། ་འཛིན་པ་པོའི་རང་བཞིན་གྱི་ཤེས་པ་ནི་རྟོག་པ་སྟེ། བདག་ཏུ་ཤེས་པ་དེ་ལྟ་བུའི་བདག་ཉིད་ཅན་དུ་གྱུར་པའི་གནས་དང་རྟེན་དུ་གྱུར་པའི་གཟུང་བ་དང་འཛིན་པ་དེ་དང་དེའི་མཚན་ཉིད་དང་བྲལ་ཞིང་མེད་པར་གྱུར་པ་ཡིན་པས་མེད ་པ་ནི་ཉེ་བར་མི་དམིགས་པའོ།། དེའི་ཕྱིར་དངོས་པོ་རྣམས་ཐ་དད་པར་གྱུར་ཅིང་རྣམ་པར་དབྱེ་བར་འགྱུར་ཏེ། དེ་ལྟར་རྣམ་པར་དཔྱད་པ་ན་ཉེ་བར་དམིགས་པར་མི་འགྱུར་ཞེ་བྱ་བའི་བར་དུའོ།། དེ་ནས་ཞེས་པ་བཤད་མ་ཐག་པའི་ཚུལ ་གྱི་གཟུགས་ལ་སོགས་པ་ནི་སྣང་བ་ཙམ་དུ་ཟད་ཀྱི། ཕྱིའི་གཟུགས་ལ་སོགས་པ་འདི་དག་ཐམས་ཅད་ནི་ཅི་ཡང་ཡོད་པ་མ་ཡིནོ།། ཡང་ན་ཐམས་ཅད་མེད་ཅེས་བྱ་བ་ནི་གོང་གི་ཕྱིར་བྲལ་བའི་མེད་པར་གྱུར་པ་ཕན་ཚུན་ལྡོག་པ ་མེད་པ་ཉིད་ཀྱིས་རང་བཞིན་གཅིག་པ་ཉིད་དུ་འགྱུར་རོ།། དེ་བས་ན་ཆོས་ཉིད་ཀྱི་དབྱེ་བ་མེད་པ་ཉིད་ཡིནོ་ཞེས་བལྟ་བར་བྱའོ།། དེ་ཡང་། སོ་སོའི་སྐྱེ་བོའི་ཤེས་པ་གང་།། རང་བཞིན་གྱིས་ནི་མཱ་ངན་འདས།། དེ་ནི་སངས་རྒྱས ་སྒྲར་བཤད་དེ།། བྱང་ཆུབ་སེམས་དཔའ་རྒྱལ་བ་བཞིན།། ཞེས་ཇི་སྙེད་བཤད་པ་ལྟ་བུའོ།། དེ་བས་ན་དེ་ཁོ་ན་ཉིད་ལ་མ་བལྟོས་པ་ནི་སྔོ་སོ་སྐྱེ་བོ་དང་། བཅོམ་ལྡན་འདས་ཐ་དད་པར་རྣམ་པར་བཞག་གི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་སེམས་དཔའ ་ནི་དབྱེ་བ་འགའ་ཡང་ཡོད་པ་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཆོས་ཀྱི་གྲུགས་པའི་ཞལྔ་སྔ་ནས་ཀྱིས་ཀྱང་། མཁས་པ་རྣམས་ཀྱིས་གོང་བཤད་དེ། འདི་ནི་དངོས་པོའི་སྟོབས་ཀྱིས་འོངས།། ཇི་ལྟ་ཇི་ལྟར་རྣམ་དཔྱད་པ།། དེ་ལྟ་དེ་ལྟར་རྣམ ་བདེནི་འགྱུར།། ཞེས་ཇི་སྐད་བཤད་པ་ལྟ་བུའོ།། དེ་ནི་དང་དང་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་རྣམ་པར་དག་པ་སྟོན་ཏེ་དད་པའི་སྟོབས་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་དག་པ་དང་། དེ་བཞིན་དུ་དྲན་པའི ་སྟོབས་རྣམ་པར་དག་པ་དང་། ཏིང་འཛིན་གྱི་སྟོབས་རྣམ་པར་དག་པ་རྣམས་ནི་རིམ་བཞིན་དུ་སྒོམ་བཟང་པོས་བསྲུང་བར་བྱེད་པ་སྟེ། གཤིན་རྗེ་གཤེད་ལ་སོགས་པའི་སྒོ་སྲུངས་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར ་བརྟགས་ནས་སྔགས་དམ་པའི་ཐིག་ལེའི་གཟུགསུ་རང་གི་ཡིད་རྣམ་པར་བསྒོམ་པར་བྱ་སྟེ། འོད་དང་ལྡན་ཞེས་འོག་ནས་བཤད་པ་དང་སྦྱརོ།། ཤེས་རབ་རྣམ་དག་མ་ལུས་ཡུལ་དུ་སྣང་ཞེས་བྱ་བ་ནི་གཟུགས་རྡོ་ལ་སོགས་པའི་ལྷ་མོར ་གྱུར་པ་རྣམས་ནི་ཡུལ་གྱི་ངོ་བོ་ཉིད་ཡིན་ནོ།། མཚན་མ་མྱེད་པ་ནི་མཚན་མ་ཐམས་ཅད་སྤངས་པ་སྟེ། དེས་དགའ་བ་ནི་མཆོག་ཏུ་དགའ་བའི་བདེ་བའོ།། དེ་ཉིད་རྣམ་པར་དག་པ་སྟེ། དེ་ནི་མ་ལུས་པའི་ལྷ་མོ་སྤྱན་ལ་སོགས་པའི་ཚོགས་ཀྱི་ངོ་བོ ་ཉིད་དོ།། སེམས་ཅན་ནི་མིག་ལ་སོགས་པའི་དབང་པོ་འཛིན་པའི་ངོ་ཉིད་དོ།། དོན་ནི་གཟུགས་ལ་སོགས་པ་གཟུང་བར་གྱུར་པ་ཡུལ་གྱི་ངོ་བོ་ཉིད་དོ།། བདག་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་བལྟ་བའོ།། རྣམ་རྟོག་ནི་གཟུང་བ་དང ་འཛིན་པར་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་དོ།། འཇུག་པའི་རྣམ་ཤེས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་ལྔའོ།། དེ་ལྟར་ན་དབང་པོ་དང་དོན་དང་བདག་དང་རྣམ་པོར་རྟོག་པ་དང་འཇུག་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་ཀྱི་རྣམ་པ ་དག་པ་ནི་མི་དམིགས་པའོ།། དེ་ཡང་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་ལཱ་སོགས་པའི་ཡིད་དྲི་མ་མེད་པའི་ངོ་བོ་ཉིད་དུ་གྱུར་པས་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐ~ཾད་ཀྱི་རང་བཞིན་ཡིན་ཏེ། མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ་སོགས་པའི་སྒྲས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སྔོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྣམས་བསྡུའོ།། མེ་ལོང་ལ་སོགས་པའི་ཡིད་ཀྱང་ཡིན་ལ་དྲི་མ་མེད ་བར་གྱུར་པ་ཡང་ཡིན་པས་ན་མེ་ལོང་ལ་སོགས་ཡིད་དྲི་མེད་དོ།། དེ་ཉིད་ཀྱི་ངོ་བོ་ཉིད་དེ། རང་བཞིན་གྱིས་དཀྱིལ་འཁོར་གྱི་འཁོར་ལོར་ཡང་གྱུར་པ་གང་ཡིན་པ་དེ་ནི། མེ་ལོང་སོགས་ཡིད་དྲི་མེད་ངོ་བོ་བས། ཞེས་བྱ་བ་ལ་དེའི་རང་བཞིན ་ནི་དེ་ཁོ་ན་ཉིད་དུ་ན་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིནོ།། ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་ལ་བལྟོས་པའི་ཚིག་གིས་བསྡུ་བ་སྟེ། དོན་རྣམ་པར་དག་པ་ནི་མེ་ལོ ་ལྟ་བུའི་ཡེ་ཤེས་ཏེ་དེ་རྣམ་པར་དག་པ་ནི་རྣམ་པར་སྣང་མཛ་།། སེམས་ཅིན་རྣམ་པར་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་རྣམ་པར་དག་པ་ནི་རིན་ཆེན་འབྱུང་ལྡན་ནོ།། བདག་རྣམ་པར་དག་པ་ནི་སོ་སོར་རྟོག་པའི་ཡིས་ཏེ་དེ་རྣམ་པར ་དག་པ་ནི་འོད་དཔག་ཏུ་མེད་པའོ།། རྣམ་པར་རྟོག་པ་རྣམ་པར་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་རྣམ་པར་དག་པ་ནི་དོན་ཡོད་གྲུབ་པའོ།། འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ།། ་དེ་རྣམ་པར་དག་པ་ནི་མི་བསྐྱོད་པའོ།། ཐབས་དང་སའི་ཁམས་རྣམས་པར་དག་པ་ནི་སྤྱན་ནོ།། སྨོན་ལམ་དང་ཆུ་རྣམ་པར་དག་པ་ནི་མཱ་མ་ཀཱིའོ།། སྟོབས་དང་མེ་རྣམ་པར་དག་པ་ནི་གྲོས་དཀར་མོའོ།། ཡེ་ཤེས་དང་རླུང་རྣམ་པར་དག་པ་སྒྲོལ ་མའོ།། དབང་པོའི་ཚོགས་ནི་སེམས་ཅན་ཏེ་འཛིན་པ་པོར་གྱུར་པའོ།། དོན་ནི་ཡུལ་དྲུག་སྟེ། གཟུང་བར་གྱུར་པ་གཟུགས་ལ་སོགས་པའོ།། བདག་ཏུ་རྣམ་པར་རྟོགས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ངེ་བདག་གོ་ཞེས་བལྟ་བའོ།། རྣམ ་པར་རྟོག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ་བག་ཆགས་ཀྱི་གཞིར་གྱུར་པའོ།། འཇུག་པའི་རྣམ་པར་ཤེས་པ་ནི་མིག་ལ་སོགས་པ་རྣམ་པ་ལྔ་སྟེ། གཟུགས་ནི་དབུ་བ་ལྟ་བུར་བཤད།། ཚོར་བ་ཆུ་ཡི་ཆུ་བུར་འདྲ།། འདུ་ཤེས ་སྨིག་རྒྱུ་ལྟ་བུ་སྟེ།། འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ།། རྣམ་ཤེས་སྒྱུ་མ་ལྟ་བུ་སྟེ།། དེ་ལྟར་ཕུང་པོ་བསྟན་པ་ནི།། རྐང་གཉིས་མཆོག་གིས་ཐམས་ཅད་དུ།། བྱང་ཆུབ་སེམས་དཔའ་རྣམས་ལ་བཤད།། ཅེས་བྱ་བའོ།། སྙིང་རྗེའི་ཚུལ་མེད་སྟོང་པ ་ཉིད་ལ་ཞེན།། དཱ་ནི་ལམ་གྱི་དམ་པ་རྙེད་མི་འགྱུར།། གལ་ཏེ་གཉིས་པོ་གཅིག་ཏུ་སྦྱོར་ཤེས་ན།། སྲིད་པ་དང་མྱ་ངན་འདས་ལ་མི་གནས་སོ།། ཞེས་བཤད་པས། དེ་བཞིན་ཉིད་ནི་གཉིསུ་མེད་པའི་ཡེ་ཤེས་ཏེ་དེ་ཉིད་རྣམ་པར་དག་པའོ།། དེ ་སྦྱོར་བ་ཡིས་འཁོར་ལོའི་གཙོ་བོ་སྟེ། འཁོར་ལོའི་བདྲག་པོའི་ངོ་བོ་ཉིད་དུ་སེམས་འདི་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུར་གནས་པ་ཡི་ནོ།། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་གང་མི་ཤེས་པའི ་འཁྲུལ་པ་དེ་དང་རྣམ་པར་བྲལ་ཞིང་སྤངས་པ་དེས་ནཱ་དྲི་མ་མེད་པ་ཡང་ཡིན་ལ་ཕུང་པོ་ལ་སོགས་པ་ཡང་ཡིན་པས་ན་དྲི་མེད་ཕུང་པོ་ལ་སོགས་པའོ།། ཡང་དེ་རྣམས་ཀྱང་ཡིན་ལ་མི་གཡོར་ལྟ་བུར་སྣང་བ་ཙམ་དུ་དངོས་པོའི་ངོ་བོ་ཡང ་ཡིན་པས་དེ་སྐད་ཅེས་བྱའོ།། ཡང་ན་འདི་རྣམས་ཀྱི་དྲི་མ་མེད་པ་ཉིད་ནི་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པས་ནན་གྱི་སྒྲོ་བཏགས་པ་ཉིད་ནི་འཁྲུལ་པ་ཡིན་ལ་དེ་ཉིད་ནི་དྲི་མ་ཡིན་ཏེ། འཁྲུལ་པ་ནི་དྲི་མིའི་ངོ་བོ་ཉིད་ཡིན་པས་འཁྲུལ་པའི ་དྲི་མ་དེ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ།། སོགས་པའི་སྒྲས་ནི་སྐྱེ་མཆེད་ལ་སོགས་པ་གཟུང་སྟེ། དེ་རྣམས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་ངོ་།། དེས་གྲུབ་པ་ནི་རྫོགས་པར་གྱུར་པའོ།། སེར་སྣ་ནི་གཏོང་བར་མི་བྱེད་པའི་སེམས་ཉིད ་དེ་དེ་ཉིད་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་སེར་སྣ་ལ་སོགས་པ་སྟེ། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་མེད་པ་དང་། ལེ་ལོ་དང་སེམས་གཡེང་བ་དང་ཤེས་རབ་འཆལ་པ་ལ་སོགས་པའོ།། དེ་རྣམས་ལས་ལྡོག ་པར་གྱུར་པ་ནི་མེད་པའོ།། དེའི་རྣམ་པར་དག་པ་ནི་གྱུར་པའི་ངོ་བོ་ཉིད་དོ་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ས་རྣམས་ཏེ་རབ་ཏུ་དགའ་བ་ལ་སོགས་པ་རྣམསོ།། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས ་དང་སེ་དེ་རྣམས་ཉིད་ནི་དཀར་པོའི་ཆོས་ཡིན་ལ། དེའི་རང་བཞིན་ནི་སེར་སྣ་ལ་སོགས་པ་ལས་ལྡོག་པར་གྱུར་པའི་རང་བཞི་ནོ།། དེ་བས་ན་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པར་ལྷུན་གྱིས་གྲུབ་ཅིང་ཆེད་དུ་བྱ་བ་མེད་པར་དེ་ཉིད་ཀྱིས་བདག ་དང་གཞན་གྱི་དོན་མཐོ་རིས་དང་ཐར་པ་ཞེས་བྱ་བ་འབྱུང་བའི་རྒྱུ་ཅན་ཡིན་ཞིང་རྒྱུར་གྱུར་པས་སེམས་པ་དེ་ཡང་དཀྱིལ་འཁོར་གྱི་རྣམ་པ་ལྟ་བུ་ཡིན་ལ། རིམ་བཞིན་ཞེས་བྱ་བ་ལ་སོགས་པའི་རིམ་པོས་ཤེས་རབ་དང་ཐབས་ཀྱི ་བདག་ཉིད་ཅན་ཏེ་ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཡི་མོ།། དེ་ལ་དོན་ནི་འདི་ཡིན་ཏེ་རང་གི་དོན་འབྱུང་བའི་རྒྱུ་ཅན་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་རྒྱུར་གྱུར་པ་ཉིད་ཀྱིས་ཟབ་པ་ཉིད་དེ། འཇུག་པར་དཀའ་བ་ཉིད་ཀྱི་ཤེས་རབ་ཀྱི་བདག་ཉིད ་ཅན་ཡིན་པ་དང་། གཞན་གྱི་ལུང་འབོག་པའི་རྒྱུར་གྱུར་པ་ཉིད་ཀྱིས་གཞན་རྣམས་ཀྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་རྒྱ་ཆེ་བའི་ཕྱིར་ཐབས་ཀྱི་བདག་ཉིད་ཅན་ཡིན་ཏེ་སྙིང ་རྗེའི་ངོ་བོ་ཉིད་ཡི་མོ།། ད་ནི་རྣམ་པར་སྤྲོས་པ་དེའི་མཉམ་པ་ཉིད་ཀྱི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ནི་ཆོས་ཉིད་ཀྱིས་ནུ་དངོས་པོ་ཅི་ཡང་གཞན་དག་ལས་དབྱེ་བ་མེད་པ་ཡིན་ཞིང ་སྣ་ཚོགས་པའི་རང་བཞིན་ཅན་མ་ཡིན་ལ་དབྱེ་བ་མེད་པ་མིན་ཏེ། རང་བཞིན་གཅིག་ཡང་མི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། གཞན་དུ་འཛིན་པ་ལས་ནི་ལྡོག་ཕྱིར་དང་ཞེས་བྱ་བ་སྨོས་ཏེ། གཞན་དག་ལ་གཞན་དུ་མངོན་པར་ཞེན་པ་ལས་རྣམ ་པར་ལྡོག་པར་གྱུར་ཅིང་མེད་པར་གྱུར་པས་སོ།། གལ་ཏེ་གཞན་ཕ་རོལ་འགའ་ཞིག་ཡོད་པར་གྱུར་ན་ཅིག་ཤོས་དེ་ལས་དབྱེ་བ་མེད་པ་དང་། དབྱེ་བ་ཡོད་པ་ལ་སོགས་པ་དཔྱད་པར་བྱ་བ་དག་ཡིན་ན། གཞན་དུ་འཛིན་པ་ལས་ལྡོག་པ་དེ ་ན་གཞན་ལས་བྱེད་པ་མེད་པའམ། དབྱེ་བ་མེད་པ་མ་ཡིན་པ་ཅུང་ཟད་ཀྱང་འདོད་པ་མ་ཡིནོ།། ཅིའི་ཕྱིར་གཞན་དུ་འཛིན་པ་ལས་རྣམ་པར་ལྡོག་ཅེ་ན། དེ་བཞིན་བྱེ་བྲག་ལ་སོགས་བྲལ་ཕྱིརོ།། བྱ་བ་སྨོས་ཏེ། དེ་བཞིན་ཏེ་དེའི་རྣམ་པར་དབྱེ་བ ་མེད་པ་དང་། དབྱེ་བ་ཡོད་པའི་བདག་པོ་དང་བྲལ་ཞིང་མི་ལྡན་པ་སྟེ། སེམས་ལས་ཐ་དད་པའི་ཕྱི་རོལ་པ་མེད་དོ་ཞེས་སྔར་བསྒྲུབས་པ་ཡིནོ།། དེ་བས་ན་དབྱེ་བ་དང་དབྱེ་བ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བས་གཞན་དུ་འཛིན་པ་ལྭ ་རྣམ་པར་ལྡོག་པོའི་ཕྱིར་ཅི་ཡང་དབྱེ་བ་མེད་པ་དང་དབྱེ་བ་ཡོད་པ་ཡིན་པར་མི་འདོད་པ་ཡིན་ནོ།། དེ་ལྟར་མ་བཤད་པོའི་ཚུལ་གྱིས་བརྟགས་ཤིང་ཡོང་སུ་བསྒོམས་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀེར་དེ་ཁོ་ན ་ཉིད་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་དེར་གནས་པའི་མཚན་མའི་དབུས་ན་འདུག་པའི་སྙིང་པོ་དམ་པ་ཡོངསུ་གྱུར་པའི་ཐིག་ལེའི་གཟུགསུ་རང་གི་ཡིད་དེ་རང་གི་སེམས་འོད་དང་ལྡན་བྱ་སྟེ། འབར་བ་དང་@ ་བར་ཡོངསུ་བསྒོམ་ཞིང་བསམ་པར་བྱའོ།། ཡང་ན་རང་གི་སྙིང་པོ་ནི་རང་གི་འདོད་པའི་ལྷའི་ས་བོན་ཏེ། དེའི་གཟུགསུ་རང་གི་ཡིད་གསེང་སྔགས་དམ་པར་ཡོངསུ་གྱུར་པའི་ཐིག་ལེའི་གཟུགསུ་བསྒོམ་པར་བྱའོ།། ཐིག་ལེའི་གཟུགས ་ཅནྡ་གྱི་སེམས་དེའི་འོད་ཟེར་གྱི་ཕྲེང་པོ་དེས་སད་ཅིང་སྣང་བྱར་བྱས་པ་སྟེ། གསུང་དང་སྐུ་དང་རྡོ་རྗེའི་ལུས་ནི་མཆོག་ཏུ་གྱུར་པ་སྟེ་དམ་པར་གྱུར་པའི་འཇམ་པའི་རྡོ་རྗེའི་མཐར་ཐུག་པར་ལུས་སྣང་བར་བྱས་ནས་པ་སྤྱིའི་བུ་ག་རེ་རེ་ནས་འོད་ཟེར ་གྱི་ཚོགས་དཔག་ཏུ་མེད་ཅིང་ཚད་མེད་པས་ཀུན་ཏུ་སྟེ། དངོས་པོ་ཐམས་ཅད་ཀྱིས་འགྲོ་བ་སྣ་ཚོགས་ཁྱབ་པར་བྱས་ཤིང་གང་བར་བྱས་ལ། སེམས་རིན་པོ་ཆེའི་འོད་ཀྱི་ཕྲེང་བ་ཅན་དེ་སླར་ཡང་ཐིག་ལེའི་གཟུགས་དེ་ཉིད་དུ་སེམས་ཞུག་པར ་གྱུར་ཅིང་ཆུད་པར་བྱས་ལ། གཉིས་མེད་པའི་ཡེ་ཤེས་ཀྱི་གཟུགས་ཡེ་ཤེས་ཀྱི་བདུད་རྩི་གཉིས་མེད་པ། གསུངས་དང་སྐུ་དང་རྡོ་རྗེའི་ལུས་དང་གཉིས་ཀའི་མཐར་ཡང་ཤེས་རབ་དམ་པ་བདག་མེད་པའི་ཡེ་ཤེས་དེ་ལ་གོམས ་པར་བྱས་པ་དེ་མེད་པར་སངས་རྒྱས་ཉིད་དུ་མི་འགྱུར་བས་སེམས་ཅན་ཐམས་ཅད་བདག་གིས་སངས་རྒྱསུ་བྱས་ཞེས་སྙིང་རྗེ་སྨོན་པར་བྱེད་པ་དང་། བདག་མེད་པ་ལས་གོམས་པར་བྱས་པའི་ཤེས་རབ་དམ་པས་ཟིན་པར་གྱུར་པས ་ཡེ་ཤེས་དེ་དབབ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཡེ་ཤེས་བདུད་རྩི་དབབ་པ་སྟེ། དེས་རེག་པས་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ།། ཞེས་དེ་བསམ་པར་བྱའོ།། འདི་ཙམ་གྱིས་ནི་ཐིག་ལེའི་རྣལ་འབྱོར་བཤད་པ་ཡིན ་ཡང་ན་རང་གཱི་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་མཚན་མ་ཕྲ་མོ་རང་གི་རིག་མའི་སྣའི་རྩེ་མོར་ཟླ་བའི་དཀྱིལ་འཁོར་ལ་གནས་པ་འོད་ཟེར་དང་བཅས་པའི་ཐུབ་པའི་འཁོར་ལྷོ་ནང་དུ་ཆུད་པར་བསྒོམ་པར་བྱ་སྟེ། དེ་ཡང་སྙིང་རྗེ་རྒྱུར་གྱུར ་པས་ན་རང་གི་ཤེས་རབ་དམ་པ་ཡང་དག་པར་གཟུང་བ་ཉིན་མཚན་དུ་རྟག་ཏུ་བསྒོམ་པར་བྱའོ།། ཕྲ་མོའི་རྣལ་འབྱོར་བརྟན་པོར་གྱུར་པའི་མཚན་མ་སྨིག་རྒྱུ་འདྲ་བ་དང་པོ་སྟེ། དུ་བི་ལྟ་བུ་གཉིས་པ་ཡིན། མཁའ་ལྟར་སྲུང་པོ་གསུ ་པ་ཡིན།། མར་མྱེ་ལྟར་འབར་བཞི་པའོ།། སྤྲིན་མེད་ན་མཁའ་ལྟ་བུར་ནི།། རྟག་ཏུ་སྣང་བ་ལྔ་པའོ།། ཞེས་བྱ་བ་འདྲི་ལྟོ་བུའི་མཚན་མ་བརྟུན་པོར་མཐོང་ནས་སྤྲོ་བར་བྱཱ་སྟེ། མཚམ་མྦྷ་ཕྲ་མོའི་འོད་ཟེར་ལས་བྱུང་བའི་ཐུབ་པའི་དབང་པོ ་དང་རྣམ་པ་སྣ་ཚོག་པའི་ཕྱག་མཚན་བསྣམས་ཏེ། རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་སྤྲོ་བར་བྱ་སྟེ། འདི་ཙམ་གྱིས་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡི་ནོ།། དེའི་རྗེས་ཐོགས་ལ་བཟླས་བརྗོད་བྱེ་བ་ཡིན་པས་ཇི་ལྟར་བྱ་བ ་ནི་ཡང་ན་བཟླས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྩེ་གཅིག་པ་དང་ལྡན་པའི་སེམས་ཉིད་ནི་དངོས་པོ་མ་ལུས་པ་ཀུན་གྱི་བདག་ཉིད་དེ་རང་གི་སེམས་ཀྱི་རྒྱལ་པོ་ལ། བདག་གི་སེམས་འདི་ཉིད་དཀྱིལ་འཁོར་མ་ལུས་པའི ་འཁོར་ལོ་ལྟ་བུ་ཡིན་གྱི་འདི་ལས་ཕྱི་རོལ་དུ་གྱུར་པ་ཡོད་པ་མ་ཡིནོ་ཞེས་ངེས་པར་བྱས་ལ། སྣ་ཚོགས་པའི་འོད་དང་ལྡན་པ་སྟེ་སྣ་ཚོགས་པའི་འོད་ཟེར་དང་བཅས་པའི་རང་གྲི་སྔགས་ཡེ་ཤེས་སེམས་དཔའི་ཐུགས ་ཀཱར་གནས་པ་རང་རང་གི་འཁོར་ལ་སོགས་པའི་ཐུགས་ཀར་གནས་པ་ལ་ཡི་གེ་དབུས་སུ་ཆུད་པར་བྱས་པ་བློ་དང་ལྡན་པ་སྟེ་མཁས་པས་བསམས་པར་བྱ་ཞིང་བསྒོམ་པར་བྱའོ།། བཟླས་པ་འདི་ཇི་ལྟར་བྱ་བ་དེ་ལྟར་བསྟན་པར་བྱ་བོའི ་ཕྱིར་སྲོག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲོག་དང་རྩོལ་བ་མ་བསྡམས་པར་གསང་སྔགས་ཀྱི་རྒྱལ་པོའི་འོད་ཟེར་སྣ་ཚོགས་པ་དང་ལྡན་པ་བསམས་ལ། སྐུ་ལ་སོགས་པ་སྤྲོ་བྱར་བྱའོ་ཞེས་བྱ་བར་སྦྱ་རོ།། ཇི་ལྟར་སྤྲོ་བར་བྱ་ཞེ་ན། སྲྀག་དང ་རྩོལ་བ་ཤིན་ཏུ་མྱ་བསྡམས་པར་ཞེས་བྱ་བ་སྨོས་ཏེ། སྲོག་དང་བརྩོལ་བ་གཉིས་བཏང་བ་དང་གཞུག་པ་དག་ཤིན་ཏུ་མ་བསྡམས་པར་དེ་གསལ་བ་ཁོ་ནར་སྐུ་ལ་སོགས་པ་སྤྲོ་བ.རོ་བྱེད་པ་ཉིད་དེ། བསྡུ་བར་བྱ་བ་འགའ་ཞིག་ནཱི་མ་ཡིན། ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་བྱ་ཞེ་ན། རིམ་པ་བཞིན་དུ་འམ་ཡང་ན་ནི།། ཅིག་ཅར་སྤྲོ་བདག་ནི་ལེགས་པར་བྱ་ཞེས་བྱ་བ་སྨོསོ།། ན་མཁའི་གཏོས་ནི་ན་མཁའི་ཁམས་ཏེ། སྐུ་རྡོ་རྗེ་ལྷ་སོགས་པས་ཀུན་ཏུ་གང་བར་བྱ་ཞིང་། འོད་ཀྱི་སྒོའི་སྣང་བསྟེ། ་ཞེས་བྱ་བ་ནི་འོད་ཀྱི་སྒོ་དེས་སྣང་བར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འོད་ཟེར་གྱི་ཕྲེང་བ་ཀུན་ཏུ་འཁྲུག་པ་ཞེས་བྱ་བའི་དོན་ཏོ།། དེ་ནས་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་བཀོད་པ་ཀུན་ཏུ་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར ་ཏེ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏི་འཛིན་བཞིན་དུའོ།། སྣ་ཚོགས་པ་ནི་རྣམ་པ་དུ་མའོ།། མཆོད་པ་ནི་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་སྤྲིན་དང་དེའི་བཀོད་པ་དེ་དག་གིས་སྐུ་ལ་སོགས་པས། ་ནཱ་མཁའི་ངོས་ཀུན་ཏུ་བཀུང་བའི་རྗེས་ཐོགས་ལ་ཀུན་ཏུ་སྤྲོ་བར་བྱ་ཞིང་ཡོངསུ་ཏེ། དངོས་པོ་ཐ~ཾད་ཀྱིས་མཆོད་དོ།། དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་ཡང་དག་པར་སྤྲོས་ལ། དེས་ཕྱོགས་བཅུ་ན་གནས་པའི་གཟུགས ་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་རྡོ་རྗེའི་ལམ་ནུས་ཕྱུང་སྟེ། ལྷ་མོའི་པདྨའི་ནང་ན་གནས་པར་གྱུར་པ་དང་། རང་གི་ལྷ་མོའི་ལུས་ལས་འོད་ཟེར་གྱི་སྒོ་ནས ་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་རང་གི་ཁ་དོག་དང་ཕྱག་མཚན་འཛིན་པ་ཕྱུང་སྟེ། དེས་ཡོངསུ་བསྐོར་ནས་སྐུ་རྡོ་རྗེ་ལོ་སོགས་པ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡོངསུ་སྦས་ཤིང་འཁྱུད་པ་ཡང་ཡིན་ལ་རིག་པ ་མཆོག་ཀྱང་ཡིན་བྱས་ན་ཡོངསུ་སྡུས་པའི་རིག་པ་མཆོག་རྣམས་ནི་ཞེས་བྱའོ།། ཡང་ན་མཆོག་ཏུ་གྱུར་པ་ནི་རིག་པ་རྣམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་རྒྱུར་གྱུར་པས་བདེ་བ་ཆེན་པོ་སྟེ། དེ་བབས་པར།། ་གྱུར་པ་ནི་ཉམསུ་མྱོང་བ་མངོན་དུ་ཕྱོགས་པར་གྱུར་པ་སྟེ་དེས་གཞན་གྱི་དབང་དུ་གྱུར་པར་བདག་ཉིད་མཐོང་ནས། རྣམ་པར་སྒེག་པའི་ཐུབ་དབང་ཚོགས་རྣམས་ནི།། མཐར་ནི་རང་གི་ལུས་ལ་གཞུག་པར་བྱ་ཞེས་བྱ་བ་ནི་བཟླས་པའི ་མཐར་སྐུ་རྡོ་རྗེ་ལ་སྩོགས་པ་བཏོན་པ་རྣམས་ཤིན་ཏུ་མཛེས། བཞིན་དུ་རང་གི་ལུས་ལ་གཞུག་པར་བྱའོ།། འདི་ཙམ་གྱིས་ནི་བཟླས་པ་ཡི་ནོ།། ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་ལ་ཡང་ཡན་ལག་བཞི་བཞི་སྟེ། རྒྱུ་མཐུན།། ་པའི་འབྲལ་བུ་ལ་སོགས་པ་ཆེན་པོ་དང་། ཐུགས་རྡོ་ལ་སོགས་པ་ཡང་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཆེན་པོ་བཞི་བཞིར་བལྟ་བར་བྱའོ།། རང་གི་སྙིང་པོ་ནི་ཡེ་ཤེས་སེམས་དཔའི་ས་བོན་ནོ།། དེ་ཉིད་དང་པོའི་རྣལ་འབྱོར་ལ་སོགས་པའི ་ཏིང་འཛིན་བསྒྲུབ་པར་བྱ་བ་ནི་དེ་ཁོ་ན་ཉིད་དོ།། དེའི་ངེས་པར་རྟོག་པ་ནི་བསྒོམ་པའོ།། དེས་སྐྱོབ་པ་ནི་ཡོངསུ་དུབ་པའོ།། དེས་ཞུམ་པ་ནི་རྒྱ་ཆུང་བྱར་གྱུར་པའོ།། སེམས་ཀྱི་སྤྱོད་པ་ནི་སེམས་ཀྱི་འཇུག་པ་གང་ཡིན་པ་དེ་ནི་རང་གི་སྙིང་པོ་དེ་ཉིད ་དེས་རྟོགས་པ་ས། སེམོས་ནི་སྤྱོད་པ་སྐྱོ་བས་ཞུམ་གྱུར་ནཱ་ཞེས་བྱའོ།། དེ་ལྟར་གྱུར་པ་ལ་སྦྱོར་བཤད་པའི་སྤྱན་ལ་སོགས་པའི་རིག་པའི་ཚོགས་ཀྱིས་ཡང་དག་པར་གླུར་བླངས་པས་རབ་ཏུ་བསྐུལ་ཞིང་ལེགས་པརྱ་སད་པར་བྱས་ནས། ་སྔ་མ་བཞིན་དུ་འཁོར་ལོ་ལ་སོགས་པ་མཆོད་པར་བྱའོ།། ད་ནི་སེམས་བཟང་པོ་ཞེས་བྱ་བ་ལ་སོགས་པས་ཚིམ་པར་བྱ་བ་སྟོན་ཏེ། སེམས་བཟང་པོ་ནི་བྱང་ཆུབ་ཀྱི་སེམས།། དེ་ཉིད་ནི་ཆུ་ཡིན་པས་ན་སེམས་བཟང་པོའི་ཆུ་སྟེ་དེའི་རྒྱུན ་འབབ་ཅིང་སྐུ་རྡོ་རྗེ་ལ་སོགས་པར་བབས་པར་གྱུར་པར་བསམ་པར་བྱའོ།། ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་སྤྱི་བོའི་སྟེང་དུ་མཐོ་གོང་ཙམ་གྱིས་དཔགས་པར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེར་བདུད་རྩི་ལྔ་བདུད་རྩིའི་ངོ་བོར་གྱུར་པར་བས ་པར་བྱ་སྟེ། དེར་ཨོཾ་གྱིས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་བཀུག་ལ་གཅིག་ཏུ་བྱས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་ལ་ངེས་པར་དབབ་པར་བྱའོ།། སྐྱོ་བ་བསལ་བར་བྱ་ཞེས་བྱ་བ་ནི་སྐྱོ་བར་གྱུར་ན་བསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ ་བའི་དོན་ནོ།། ཇི་ལྟ་བུ་ཞེས་ན། སྐྱོག་དང་ནི་རྩོལ་བའི་འོད་ཀྱི་ལྕགས་ཀྱུས་དྲངས་ནས་ནི་ཞེས་བྱ་བ་སྨོས་ཏེ། འབྱིན་པར་བྱེད་པའི་རླུང་གི་སྲོག་ཅེས་བྱ་བ། འདྲེན་པར་བྱེད་པ་ནི་རྩོ་ལོ་བ་ཞེས་བྱའོ།། སྲོག་དང་རྩོལ་བ་དེ་གཉིས་ནི་སྲོག ་དང་རྩོལ་བ་སྟེ་དེ་དག་ཉིད་ཀྱི་འོད་ནི་ལྕགས་ཀྱུ་སྟེ་དེ་ལྕགས་ཀྱུར་བྱས་པ་དེས་བཀུག་ནས་དེ་དྲི་བབ་པར་བྱའོ།། དེ་ལྟར་ཞེས་བྱ་བ་བཤདདྲ་མ་ཐག་པའི་ཚུལ་གྱིས་ཆོ་ག་བཞིན་དུ་ཐུངས་ཙོག་ངལ་གསོ་ཞིང་དུབ་པ་བྱསལ་བར་བྱས ་ནས། སྔར་བཤད་པའི་ཆོ་གས་ཞེས་བྱ་བ་རང་གི་སྔགས་སྣ་ཚོགས་པའི་འོད་དང་ལྡན་པ་བསྒོམས་ལ་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱ་ཞིང་གསང་སྔགས་ཀྱི་རྒྱལ་པོ་དམ་པ་ཉིན་དང་མཚན་དུ་བཟླས་བརྗོད་བྱའོ།། སྔགས་ལོའང ་ཀུན་ཏུ་ཆགས་པ་མེད་པས་བྱ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་འདི་ནི་བཟླས་པར་བྱ་བའི་སྔགས་སོ།། འདི་ནི་འདིའི་བཟླས་པའོ།། བདག་ནི་ཟློས་པའོ་ཞེས་མངོན་པར་ཞེན་པ་དང་བྲལ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས ་ན་འདི་ལྟར་དེ་ཁོ་ན་ཉིད་ཤེས་པར་གྱུར་པས་གསང་སྔགས་ཀྱི་བཟླས་བརྗོད་བྱ་བ་ཡིན་ནོ།། དེ་ནི་བསྟོད་དང་ཞེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་བའི་ཆོ་ག་སྟོན་ཏེ། བསྟོད་པ་དང་མཆོད་པ་ལ ་སོགས་པ་སྔགས་པ་གང་གིས་བྱས་པ་དེ་ནི་བསྟོད་པ་དང་མཆོད་སོགས་ཏེ། དཀྱིལ་འཁོར་བསྒོམ་པ་གཤེགས་སུ་གསོལ་བ་ལ་སྔགས་པ་གང་རབ་ཏུ་འབད་པ་དང་ལྡན་པ་དེ་སྐད་ཅེས་བྱའོ།། སྐུ་རྡོ་རྗེ་ལ་སོགས་པ ་བརྟགས་པ་བཏགས་པ་ཙམ་གྱིས་ཡང་དག་ཡོད་པ་མ་ཡིན་གྱི་སྤྲུལ་པ་ཡིན་པར་བསམ་པར་བྱའོ།། ཇི་ལྟ་བུར་གྱུར་པ་ཞེ་ན། ཨོཾ་ལ་སོགས་པས་འཁོར་ལོ་བསྡུས་ནས་ནི་ཞེས་བྱ་བ་སྨོས་ཏེ། ཡི་གེ་ཨ་ཐོག་མར་བྱས ་པ་གང་ཡིན་པ་དེ་ནི་ཨཱ་ལ་སོགས་པའོ།། ཨོཾ་ལ་སོགས་པ་དེ་ཉིད་དུ་བསྡུ་བ་ནི་འཁོར་ལོའི་བདག་པོ་དང་དཀྱིལ་འཁོར་བ་རྣམས་ཀྱིས་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་མགོ་བོ་དང་ལྐོག་མ་དང་སྙིང་གར་བསྡུ ་གང་ཡིན་པ་དེ་ནི་ཨོཾ་ལ་སོགས་པར་འཁོར་ལོ་བསྡུས་ནས་ནི། སྐུ་ལ་སོགས་པ་རྟག་པ་དག་ཏུ་བྱ་ཞེས་བྱ་སྟེ། སྔགས་པས་དེ་ལྟར་བསམ་པར་བྱའོ།། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་དེ་ཁོ་ན་ཉིད་མཐོང་ཞིང་། དེ་ལྟར ་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་གང་ཡིན་པ་དེས་ངེས་པར་གྲོལ་ཞིང་ཐར་པ་ཐོབ་པས་སེམས་ཅན་གྱི་ཁམས་གསུམ་པར་གཏོག་པ་རྣམས་དམིགས་ཤིང་ཡིད་ལ་བྱས་ནས་སྨོན་ལམ་གྱི་སྒོ་མངོན་སུམ་ཉིད་དུ་བྱ་སྟེ། འགྲོ་བ་ལ་ཕན ་པའི་ཕྱིར་བདག་ཉིད་འཇམ་པའི་རྡོ་རྗེར་གྱུར་ནས་སྙིང་རྗེ་རྒྱུར་གྱུར་པས་འགྲོ་བ་མ་ལུས་པ་རྣམས་འཇམ་པའི་རྡོ་རྗེར་བྱའོ་ཞེས་བྱ་བའོ།། ལངས་ནས་ཞེས་བྱ་བ་ལ་སོགས་པ་ལ་ལངས་པ་ནི་བསམ་གཏན་ལས་སོ།། དག་པའི་སེཾས ་དཔའ་ནི་ཐ་མལ་པའི་ང་རྒྱལ་རྣམ་པར་སྤངས་པར་གྱུར་པས་དམ་པའི་ཆོས་སྨྲ་བ་ལ་སོགས་པ་མ་ལུས་པ་རྫོགས་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་རྣལ་འབྱོར་པ་དག་པའི་སེམས་དཔར་གྱུར་པ་དེ་ལྟར་བསྟན་པ་ནི་རང་གི་ལྷའི་རྣོ་བའོ།། ་རྒྱལ་ཡིད་ལ་བྱས་ནས་ནི་ཞེས་བྱ་བ་སྨོས་ཏེ། རང་གི་འདོད་པའི་ལྷ་རྣམ་པར་སེམས་བསྐྱེད་པར་བྱས་པ་འཛིན་པས་བྱའོ།། ཀུན་ཏུ་སྣང་བར་གནས་པའི་ཡུལ་རྣམས་ནི་ཞེས་བྱ་བ་ལ། ཀུན་ཏུ་སྣང་བ་ནི་གཟུགས་ལ་སོགས་པའི་རྣམ་པར ་ཤེས་པར་མིག་ལ་སོགས་པ་ལ་བསྟན་པའོ།། དེའི་གནས་པ་ནི་རྣམ་པར་བཞག་པ་སྟེ། འདི་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་དེ་ལྟར་ནང་གི་བདག་ཉིད་ཅན་ནོ།། དེའི་ཡུལ་རྣམས་ནི་གཟུགས་ལ་སོགས་པ་སྟེ་དེ་དག་གིས ་བྱས་པའི་ཕྱིར།། དེ་ཡང་གཟུགས་ཀྱི་མཚན་མ་ལས་སྐྱེས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་རྣམ་པར་ཤེས་པའོ་ཞེས་རྣམ་པར་བཞག་གོ། དེ་བཞིན་དུ་སྒྲ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་བལྟ་བར ་བྱའོ།། རང་རང་གི་ངོ་བོ་རྣམ་པར་དག་པ་ནི་བདག་ཉིད་ཀྱི་ངོ་བོ་ཡོང་སུ་དག་པའོ།། དེ་ཡང་གཟུགས་ཀྱི་དག་པ་ནི་སྐུའི་རྡོ་རྗེ་ཉིད་དུའོ།། དེ་བཞིན་དུ་སྒྲ་ནི་ཐུགས་ཀྱི་རྡོ་རྗེ་ཉིད་དུའོ།། དྲྀ་ནི་རིན་ཆེན་འབྱུང་ལྡན་དུའོ།། རེག་བྱ་ནཱི་དམ་ཚིག ་རྡོ་རྗེ་ཉིད་དུ་སྟེ། རང་རང་གི་ངོ་བོ་རྣམ་པར་དག་པ་ནི་འདིས་རིམ་པ་བཞིན་དུ་ཡུལ་ཡོངསུ་བསྒོམ་པར་བྱའོ།། ཆོས་ཉིད་ཀྱིས་ནི་ཞེས་བྱ་བ་ནི་དོན་དམ་པར་རོ།། ཕན་ཚུན་ཁྱད་པར་མེད་པ་ནི་གཅིག་ལ་གཅིག་དབྱེར་མི་ཕྱེད་པ་ཉིད ་ཅེས་སོ།། དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་ནི་ཞེས་བྱ་བ་ནི་ཡུལ་འདི་དག་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དེ། གང་གི་ཕྱིར་དངོས་པོ་འདི་དག་ཐམས་ཅད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དྲ་པྲ་ཧ། ་ཡིན་པའི་ཕྱིར་རོ།། དེ་བས་ན་དང་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་བསྒོམ་པར་བྱའོ།། ཕྱིན་ཅི་ལོག་གི་རྟོག་པ་སྤངས་པ་ཡིས་ཞེས་བྱ་བ་ལ། ཕྱིན་ཅི་ལོག་གི་རྟོག་པ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་། ཐ་མལ་པའི་ང ་རྒྱལ་གྱི་རང་བཞིན་ནོ།། དེ་ལས་གྲོལ་བ་ནི་སྤངས་པའོ།། ཡང་ན་གང་གིས་ཕྱིན་ཅི་ལོག་རྟོག་པ་སྤངས་པར་གྱུར་པའི་སྔགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས། བྱ་བ་མ་ལུས་པ་ནི་རྫོགས་པར་བྱ་ཞེས་བྱ་བ་དམ་པའི ་ཆོས་སྨྲ་བ་ལ་སོགས་པ་བྱ་བའོ།། ཐུབ་པའི་འཁོར་ལོ་མ་ལུས་མཆོད་པ་ནི་ཞེས་བྱ་བ་ལ། དེ་ལྟ་བུའི་སྔགས་པའི་ཐུབ་པའི་འཁོར་ལོ་མ་ལུས་པ་མཆོད་པ་འདི་ནི་མཆོག་དམ་པ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ ་བསྒོམས་པས་བྱ་བ་མ་ལུས་པ་རྫོགས་པར་བྱ་བ་འདི་ནི་དེའི་མཆོད་པ་ཀུན་ཏུ་སྐྱེ། དུས་ཐམས་ཅད་དུ་མཆོག་ཡིན་པར་བལྟ་བར་བྱའོ།། ད་ནི་སྙིང་གའི་ཞེས་བྱ་བ་ལ་སོགས་པས་ཟས་ལ་ལོངས་སྤྱོད་པའི་ཆོ་ག་སྟོན་ཏེ། ་ཡང་ཇི་ལྟར་ན་རྣལ་འབྱོར་པས་མཐ་མལ་པའི་ང་རྒྱལ་སྤངས་པའི་སེམས་ཀྱིས་ཟས་ལ་སྤྱད་པར་བྱ་བ་ཡིན་པས། ཟན་ཟེའི་ཚེ་ནོ་ཞེས་བྱ་བ་ཟས་ལ་སྤྱོད་པའི་དུསུ་སྙིང་གའི་ཟླ་བ་ལ། འཁོར་ལོའི་གཙོ་བོ་ཞེས་བྱ་བ་འཁོར ་ལོའི་བདག་པོ་དཀྱིལ་འཁོར་པའི་ལྷ་རྣམས་དང་བཅས་པ་རང་གི་སྔགས་ཀྱིས་ཞེས་བྱ་བ་རང་གི་སྙིང་པོའི་འབྲུཾ་ལཾ་ཛཾ་ལ་སོགས་པ་དང་ཡི་གེ་ཧཱུཾ་ལས་ཀྱང་ཀུན་ཏུ་དམིགས་ཤིང་བས་སཾ་ལ། རང་གི་ཟས་ལ་སོགས་པ་བྱང་ཆུབ ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་གྱུར་པ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་པདྨའི་སྣོད་ན་གནས་པ་ཀུན་ཏུ་སྣང་ཞིང་འོད་དང་ལྡན་པའི་ཨོཾ་གྱི་མངོན་པར་བཟླས་པ་དང་། དེ་ཉིད་གསུམ་གྱིས་ཞེས་བྱ་བ་ཨོཾ་ལ་སོགས་པ་བཟླས་ཏེ། ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་སྟོང་པ་ཉིད་གང་ཡིན་པ་དེས་རྣམ་པར་དག་པས་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་བསམ་པར་བྱའོ།། རང་གི་ཁ་ཟས་དེ་ལྟར་བསམས་ནས་ཡང་ཅི་ཞིག་བྱ་ཞེ་ན། དེ་ཡིས་སྐུའི་རྡོ་རྗེ་ལ ་སོགས་པའི་ལྷ་རྣམས་ཀུན་ཏུ་མཆིམ་པ་ཉིད་དུ་བྱ་ཞེས་བྱ་བ་སྨོས་ཏེ། ཧཱུཾ་དགོད་པའི་རྡོ་རྗེའི་ལྕེ་བཟང་པོར་གྱུར་པ་ཡང་བྱའོ།། ཞེས་བྱ་བར་བལྟ་བར་བྱའོ་ཞེས་ཟས་ལ་སྤྱོད་པའི་གནས་སྐབསུ་སྦྱིན་སྲེག་གི་ཆོ་ག་བཤད་པ་ནི་རྣལ་འབྱོར། ་པ་ཟས་ལ་སྤྱོད་པ་ཉིད་སྦྱིན་སྲེག་གི་ཚུལ་ཡིན་པའི་ཕྱིར་རོ།། ཕྱིའི་སྦྱིན་སྲེག་ཆོ་གས་བསྒྲེ་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་སྲེག་གི་ཆོ་གའི་བྱ་བ་སྟེ། ཕྱིའི་མར་ལ་སོགས་པའི་སྲེག་རྫས་ཀྱི་ཚུལ་དུའོ།། ཡིད་ཀྱིའང་འདི་ལྟ་བུའི ་ཚུལ་དུ་རྣལ་འབྱོར་པ་ཡིད་ཀྱི་ཟས་ལ་སྤྱོད་པའོ།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཉིད་ནི་བེམས་པོའི་ཚུལ་ཉིད་ཀྱི་བུད་ཤིང་ཡིན་ལ། དེ་རྣམས་ཡེ་ཤེས་འབར་བའི་ཡེ་ཤེས་ཀྱི་མེ་ལ་བསྲེག་ན་གཉི་སུ་མེད་པའི་ཡེ་ཤེས་སྐྱེ་བར ་གྱུར་པ་ནི་བླ་ན་མེད་པར་བཤད་ཅིང་གྲགས་སོ།། འདིས་ནི་སྦྱིན་སྲེག་གསུམ་བཤད་པ་ཡིན་ཏེ། ཕྱིའི་དང་ཡིད་ཀྱི་དང་བླ་ན་མེད་པའི་འོ།། དེ་ལྟར་བཤད་མ་ཐག་པའི་རིམ་པས་མ་ལུས་པའི་འདོད་པ་སྟེ་གཟུགས་ལ་སོགས་པ ་རྣམས་ཀྱིས་བདག་ཉིད་དམ། གཞན་དག་རང་གི་ལྷའི་གཟུགསུ་གྱུར་པ་ལ་ཡང་དག་པར་མཆོད་པར་བྱ་སྟེ། དམ་ཚིག་འདི་ནི་བདེ་བར་གཤེགས་པ་རྣམས་ཀྱིས་མཐུན་པར་རྗེས་སུ་གནང་ཞིང་བསྔགས་པ་ཡིན་ནོ།། ད་ནི་རྗེ་སུ་མཐུན་པ་ཞེས་བྱ་བ་ལ་སོགས ་པ་བསམ་གཏན་ལས་ལངས་ནས་རྣལ་འབྱོར་པས་ལུས་ལ་སོགས་པའི་ལས་རྣམས་ཇི་ལྟར་བྱ་བ་དེ་སྟོན་ཏེ། བདག་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་སྨྲ་བ་ལ་སོགས་པས་འགྲོ་བའི་དོན་ཡོངསུ་བརྟགས་ཏེ་བྱེད་པ་དང་བདག ་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པའི་ཕྱིའི་མཆོད་པ་རྣམས་ཀྱིས་མ་ལུས་པའི་བདེ་བར་གཤེགས་པ་རྣམས་མཆོད་པར་ཡོངསུ་བརྟག་པར་བྱ་བ་དང་། ལུས་ཀྱི་ལས་འཆག་པ་ལ་སོགས་པ་དང་དེ་བྱེད་པ་ནི་རྟག ་ཏུ་སྟེ་རྒྱུན་མ་འཆད་པར་ལེགས་པར་མཉམ་པར་བཞག་ཅིང་ལྷའི་ང་རྒྱལ་དང་ལྡན་པར་བྱ་བའོ།། དེ་བཞིན་དུ་འདིར་ཇི་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་དཔའ་ལ་མི་དགེ་བའི་འཇུག་པ་མེད་པ་དེ་བསྟན་པ་ནི། ་རྣ་དེ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རང་གི་ལྷའི་ང་རྒྱལ་དང་ལྡན་པཱི་སེམ་ལ་ནི་ལུས་ཀྱི་ལས་དང་ངགི་ལས་རྣམས་ཅི་ཡང་རུང་བ་དག་གོ་རིམ་དུ་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པ་ཡིན་པར་རྫོགས་པའི ་སངས་རྒྱས་ཀུན་གྱིས་དེ་གསུངས་ཤིང་བཀའ་སྩལ་ཏོ།། ཇི་ལྟར་ན་ལུས་འདི་ལྟ་བུའི་སེམས་ཀྱི་ལུས་དང་ངག་གི་རང་བཞིན་གྱི་ལས་ཕྱག་རྒྱ་དང་སྔགས་ཀྱི་རྣམ་པར་འགྱུར་ཞེ་ན། དེའི་ཕྱིར་གང་ཕྱིར་དངོས་པོ་གཅིག་ལ་ཡང་ཞེས ་བྱ་བ་སྨོས་ཏེ། རྒྱུ་གང་གི་ཕྱིར་དངོས་པོ་གཅིག་པུ་ཉིད་ལའང་བློ་ཡིས་སྣ་ཚོགས་པའི་ཀུན་ཏུ་རྟོག་པས་བསགས་པའི་རྣམ་པའི་ལས་ཀྱི་ཁྱད་པར་མང་པོ་དག་གང་གི་ཕྱིར་འབྱུང་བ་དེས་ན་དགེ་བོ་དང་མི་དགེ་བའི་རྣམ་པ་ཅན་གྱི་ལས ་གང་ཡིན་པ་དེ་ནི་སེམས་ཀྱི་དབང་གིས་འབྱུང་བ་ཡིན་ནོ་ཞེས་བཤད་དོ།། དེ་བས་ན་འདི་ལྟར་བཅོམ་ལྡན་འདས་ནི་བསོད་ནམས་ཀྱི་ཚོགས་དང་སྡིག་པའི་ཚོགས་གཉི་གའི་རྒྱུ་ཡིན་ནོ་ཞེས་གསུངས་སོ།། དེ་ཡང་འདི་ཡི་དོན་ནི་འདི་ཡིན ་ཏེ། གང་མུ་སྟེག་བྱེད་གཞན་གཏི་མུག་གི་མེས་བློ་གྲོས་བསྲེགས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བརྙས་པ་བྱེད་པ་དེས་ནི་དམྱལ་བར་འགྲོ་བར་འགྱུར་ལ། གང་དགེ་བའི་བཤེས་གཉེན་དམ་པའི་ཞབས་ཀྱི་པདྨའི་རྡུལ ་ཡོངས་སུ་བསྟེན་པས་མི་ཤེས་པའི་རབ་རིབ་ཡོངས་སུ་གསལ་བ་བློ་གྲོས་ཡོངསུ་དག་པར་གྱུར་པ་དེ་རྣམས་ནི་མཐོ་རིས་སུ་འགྲོ་བར་འགྱུར་ལ། གང་སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་དད་པར་བྱས་ནས་དེས་ཉེ་བར ་བསྟན་པའི་ལམ་བསྒོམས་པར་གྱུར་པ་རྣམས་ནི་ཇི་ལྟར་ཡོངསུ་བསྒོམ་པ་ལས་བསྐལ་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་པོ་གང་ཡང་རུང་བའི་བར་གྱི་སྣོད་དུ་གྱུར་པ་ཡིན་ནོ།། དེ་བས་ན་དངོས་པོ་གཅིག་པུ་ལ་ཡང ་གང་སྣ་ཚོགས་པའི་ཀུན་ཏུ་རྟོགས་པས་བསྒྲུབ་པའི་ལས་ཀྱི་ཁྱད་པར་ལས་སྡུག་བསྔལ་དང་བདེ་བ་དང་གྲོལ་པ་འབྱུང་བར་གྱུར་པས་ན་སྡུག་བསྔལ་བདེ་དང་གྲོལྔ་བ་ཞེས་བྱ་སྟེ། དེ་རྣམས་སྐྱེད་པར་བྱེད། ་ཅིང་སྒྲུབ་པར་བྱེད་པའི་ལས་ཀྱི་ཁྱད་པར་མང་པོ་འབྱུང་བར་འགྱུར་བ་ཡིན་ནོ།། གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེ་བས་ན། ལུས་སྲོགས་ཞེས་བྱ་བ་ལུས་དང་ངག་དང་ཡིད་ཀྱི་དགེ་བ་དང་མི་དགེ་བའི་རྣམ་པའི་ལས་རྣམས་ནི།། ། ་སེམས་ཀྱི་དབང་ལས་ཞེས་བྱ་བ་ཀུན་ཏུ་རྟོག་པའི་དབང་གིས་དགེ་བ་དང་མི་དགེ་བ་ཞེས་གསུང་སོ།། དེ་ལྟར་བཤད་མ་ཐག་པའི་རིམ་པས་རྙོག་པ་མ་ལུས་པ་སྤངས་པ་སྟེ། མཐའ་དག་བསལ་བའི་སེམས་གང་ཡིན་པ་དེ།། ་ནི་ནག་པོ་སྟེ། མི་དགེ་བའི་ལས་སུ་ག་ལ་འགྱུར་ཏེ་མི་འགྱུརརོ་ཞེས་བྱ་བའི་དོན་ཏོ།། ད་ནི་དམ་ཚིག་ཉམས་ལ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་བསྙས་པ་ལ་སོཌ་པའི་ཉེས་པས་དམ་ཚིག་ཟད་པར་གྱུར་པ་ལ་དམ་ཚིག་གསོ་བའི ་ཆོ་ག་གང་ཡིན་དེ་ཉིད་སྟོན་ཏེ། དམ་ཚིག་ནི་མི་འདའ་བར་གཞུང་ལུགས་ངེས་པར་བྱ་བ་ལ་སོགས་པ་སྟེ། གང་བླ་མའི་མདུན་དུ་བདག་གིས་འདི་ལྟར་བྱའོ་ཞེས་ངེས་པར་ཁས་བླངས་པའོ།། དེ་ལ་ཉམས་པར་གྱུར་པ་ནི ་འདས་པར་གྱུར་པའོ།། དེ་ལ་ནི་དཔལ་ལྡན་རྡོ་རྗེའི་དམ་ཚིག་རྣལ་འབྱོར་པའི་སྔགས་པས་སྔར་བཤད་པའི་རིམ་གྱིས་དབང་བསྐུར་བ་བླང་བར་བྱ་ཞིང་བཟུང་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དཔལ་ལྡན་དམ་ཚིག་རྡོ་རྗེ་ན་དོན་ཡོད ་པར་གྲུབ་པ་སྟེ། དེ་ཡི་དང་པོའི་སྦྱོར་བ་ལ་སོགས་པའི་རིམ་གྱིས་བསྒོམ་པའི་ཡང་དག་པའི་སྦྱོར་བ་འདི་ལྔ་ཡོད་པས་ན་དཔལ་ལྡན་དམ་ཚིག་རྡོ་རྗེའི་རྣལ་འབྱོར་པའོ།། ཡང་འདི་ཁྱད་པར་བསྟན་པའི་ཕྱིར་སྙིང་གའི་ཟླ་བར་ནི་སྙིང་པོས་སྣ་ཚོག་སྟེ། ་རྡོ་རྗེ་ཇི་བཞིན་བསམ་ཞེས་བྱ་བ་སྨོས་ཏེ། སྙིང་ག་ན་གནས་པའི་ཟླ་བ་ཡིན་པས་སྙིང་གའི་ཟླ་བའོ།། སྙིང་གའི་ཟླ་བ་དེར་སྣ་ཚོགས་རྡོ་རྗེ་སྟེ་རྡོ་རྗེ་རྒྱ་གྲམ་གང་ཡིན་པ་དེ་ནི་སྙིང་པོས་སྣ་ཚོགས་རྡོ་རྗེའོ།། ཇི་བཞིན་བསམ་ཞེས་བྱ་བ་ནི་མན་ངག ་ཇི་ལྟར་ཐོབ་པའི་ཆོ་གས་སྣ་ཚོགས་པདྨའི་དབུས་སུ་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམ་ཞིང་ཟླ་བ་ལ་ཁཾ་བསམས་ལ་སྔར་གྱི་རིམ་པས་ཞེས་བྱ་བ་ཐུབ་པ་མཆོག་གི་འོད་ཟེར་ལས་བྱུང་བའི་རིག་པའི་ཚོགས་ཀྱིས་ཕྱག་ན་བསྣམས་པའི་བུམ ་པའི་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བའི་རིམ་པས་དབང་བསྐུར་བ་བླང་བར་བྱའོ།། ཅི་ཞིག་བྱས་ནས་ཤེ་ན། འགྲོ་བ་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་རྣམ་པར ་དག་ཅིང་འགྲོ་བ་མ་ལུས་པ་རྣམ་པར་གྲོལ་བ་ཡིན་པར་བསམ་པའོ།། ཆོ་ག་འདི་ཉིད་ཁྲུས་ལ་ཡང་བསྒྲེ་བར་བྱ་བའི་ཕྱིར་རོ།། ཕྱི་རོལ་གྱི་ཡང་ཁྲུས་ཀྱི་ཆོ་ག་ལ། རིམ་འདི་ཁྱད་པར་དུ་ཡང་བསམ་པར་བྱ་ཞེས་བྱ་བ་སྨོས ་ཏེ། དབང་བསྐུར་བའི་རིམ་པ་དེ་ནི་ཕྱིའི་ཁྲུས་ལ་ཡང་ཁྱད་པར་དུ་བསམ་པར་བྱའོ།། ད་ནི་ཐུན་མཚམས་ཞེས་བྱ་བ་ལ་སོགས་པས་ཐུན་མཚམས་སུ་བསམ་གཏན་གྱི་རྗེས་ལ་རྣལ་འབྱོར་པས་བྱ་བ་གང་བྱ་བ་དེ་སྟོན ་པ་ཡིན་ཏེ། རེ་ཞིག་དང་པོར་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བྱ་བ་འགའ་ཞིག་ཏུ་མ་ཟད་ཀྱི་ཐུན་མཚམས་སུ་ཡང་སྔར་གྱི་ཆོ་གས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་སྟེ། མཆོད་པ་དང་པོར་བྱས ་པས་བཟླས་བརྗོད་བྱས་ནས་སྙིང་གའི་ནང་དུ་འཁོར་ལོ་ཆུང་བྱས་ལ་ཞེས་བྱ་བ་དཀྱིལ་འཁོར་གྱི་འཁོར་ལོ་སྙིང་གའི་ནང་དུ་ཆུད་པར་བྱས་ལ་ཞེས་བྱ་བ་དཀྱིལ་འཁོར་གྱི་འཁོར་ལོ་སྙིང་གའི་ནང་དུ་ཆུད་པར་བྱས་པར་གྱུར་པ ་གང་ཡིན་པ་དེ་ལྟར་བྱས་ལ་སྙིང་རྗེ་དང་ཤེས་རབ་གཉིས་དང་ལྡན་པར་རྣལ་འབྱོར་པ་ཉལྔ་ཞིང་གཉིད་ལོག་པར་བྱའོ།། མལ་ནས་ལྡང་བའི་དུ་སུ་ཡང་སྔར་བཤད་པའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ ་བས་ལངས་ལ་ཆོ་ག་སྔ་མ་བཞིན་དུ་ཞེས་བྱ་བ་སྣ་ཚོགས་པའི་འོད་དང་ལྡན་པའི་རང་གི་སྔགས་བརྗོད་ཅིང་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བའི་ཚོགས་ཐུབ་པ་དེ་སྔགས་པས་བཟླས་བརྗོད་ལ་སོགས་པ་བྱའོ།། དེ་ནི་དངོས ་གྲུབ་ཅེས་བྱ་བ་ལ་སོགས་པས་དངོས་གྲུབོ་སྒྲུབ་པའི་ཆོ་ག་སྟོན་ཏེ། དངོས་གྲུབ་ནི་སངས་རྒྱས་ཉིད་བསྒྲུབ་པའམ་རལ་གྲི་ལ་སོགས་པ་སྒྲུབ་པའོ།། མཚན་མ་མཐོང་བ་ནི་རྟགས་ཐོབ་པ་སྟེ། རྨི་ལམ་དུ་བུ་མོ་བརྒྱན ་པ་མཐོང་བ་ལ་སོགས་པའོ།། དེ་ཁོ་ན་ཉིད་གསུམ་མཆོད་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྒོམ་པའི་མཚན་ཉིད་ཅན་བྱས་ཤིང་དཔྱད་ནས། རང་གི་སེམས་ཞེས་བྱ་བ་བདག་ཉིད་ཀྱི་སེམས་སྔར་བཤད་པའི་དཀྱིལ ་འཁོར་ལ་གནས་པས་འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ་སྟེ། སངས་རྒྱས་ཉིད་དུ་འགྲུབ་པའམ་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱའོ།། དངོས་གྲུབ་སྒྲུབ་པའི་ཆོ་ག་སྟེ་བགེགས་བྱུང་ན་བཟློག་པར་བྱ་བའི། ་ཕྱིར་བགེགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་རྩི་ཐབ་སྦྱོར་འཁོར་ལོ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའི་འཁོར་ལོའོ།། དབང་བསྐུར་བ་བྱས་ཤིང་དབང་བསྐུར་བ་བླངས་པས་ནི་འབད་པ་མེད་ཅིང་བསྒྲིམ་མི་དགོས ་པར་བགེགས་རྣམས་ངེས་པོར་འཇོམས་པར་བྱེད་ངོ་དོ།། བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོ་དེ་གང་ཡིན་ཞེ་ན། གང་ཞིག་དབུས་ན་གནས་པར་གྱུར་པ་ཡི།། འཁོར་ལོ་དེ་ཡང་དཾ་ཡཱི་ཡིན་པར་འགྱུར་ཞེས་བྱ་བ་སྨོས་ཏེ། དེའི་དབུསུ་ནི ་དཀྱིལ་འཁོར་གྱི་འཁོར་ལོ་དེའི་དབུ་སུའོ།། དེའི་དབུས་ན་གནས་པར་གྱུར་པས་ན་དབུས་ན་གནས་པར་སྟེ། དབུས་ན་བཅོམ་ལྡན་འདས་གང་བཞུགས་པ་འཁོར་ལོ་དེ་དེའི་ཡིན་པར་འགྱུ་རོ།། འདི་སྐད་སྟོན་ཏེ་བདུད་རྩི་ཐབ་སྦྱོར ་བདག་པོས་བྱས་ལ་དབང་བསྐུར་བར་བླང་བར་བྱའོ།། ཞེས་པའོ།། དྲིས་པ་རྩོན་པ་འདི་དག་ཐམས་ཅད་ནི་སྲིད་པའི་སྡུག་བསྔལ་ལས་ཐར་པའི་དོན་དུ་བརྟགས་པར་བྱ་བ་ཡིན་ན། ལམ་འདིས་ཇི་སྲིད་པའི་སྡུག་བསྔལ་ལས་ཇི ་ལྟར་ཐར་པར་འགྱུར་ཞེ་ན། དེའི་ཕྱིར་ཐ་མལ་རྣམ་རྟོག་རྒྱུན་ནི་མ་རྟོགས་པར་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཐ་མལ་རྣམ་རྟགས་པར་ཞེས་བྱ་བ་ལ་སོགས་སྨྲས་ཏེ། ཐ་མལ་བའི་རྣམ་པར་རྟོག་པ་ནི་བདག་དང ་xxx། xxx ་མ་ལ་བའི་རང་གི་ངོ་བོ་ལས་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདིར་ཐ་མལ་པའི་ངོ་བོ་ལ་ཡོད་ཀྱང་ཞེས་བྱ་བ་བདགེ་མེད་པ་དང་ལྡ ་དུཟིན་ཀྱང་། སྦྱིན་པ་ལ་སོགས་པས་མི་མཐུན་པར་འགྱུར་བ་མ་ཡིན་ནོ།། དེའི་ཕྱིར་དེ་ནི་ལྡོག་པར་མི་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་སྦྱིན་པ་ལ་སོགས་པ་ཐ་མལ་པའི་རང་གི་ངོ་བོ་དང་མཐུན་པར་མཐོང་བར་སྨྲ། ་པདེ་ཚེ་རང་གི་མི་མཐུན་པ་ཐ་མལ་པའི་རང་གི་ངོ་བོ་ལས་ལྡོག་པར་བྱེད་པར་འགྱུར་ན། གང་གི་ཚེ་མ་མཐོང་ན་དེ་ལྟར་ལྡོག་པར་བྱེད་པར་ཅི་ལྟར་ཡཱན། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ནི་སཱིད་པཱི ་སྡུག་བསྔལ་དང་མི་མཐུན་པར་མཐོང་བ་དེའི་ཕྱིར་ལྡོག་པ་ཡིན་ནོ།། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་སྲིད་པའི་སྡུག་བསྔལ་ལས་ཐར་པའི་རྒྱུ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་འདི་ཉིད ་ཡིན་པར་རྟོགས་ཤིང་ཁོང་དུ་ཆུད་ན་དཔལ་ཀུན་ཏུ་བཟང་པོ་ངེས་པར་བསྒོམ་པ་སུ་ཞིག་མི་བྱེད་ཅེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞིག་ཡིན།། ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབ་པ་ཞེས་བྱ་བ་སྨོས ་ཏེཏེ། བདག་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཉིསུ་མེད་པའི་ཡེ་ཤེས་སུ་བསྐྱོད་པ་ཉིད་ཡིན་པའི་ཕྱིར་སྐད་ཅིག་གིས་ཏེ། མདོར་བསྡུས་པའི་གཉིས་སུ་མེད་པའི་མཚན་ཉིད་ཅན་གྱིས་ཡེ་ཤེས་ཀྱི་དབང་དུ་བསྒྲུབས་ཤིང་བསྐྱེད ་པ་ཡིན་ནོ།། འདིས་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྒྱུར་གྱུར་པ་ཉིད་ཀྱང་ཚེ་འདི་ཉིད་ལ་རབ་ཏུ་བསྒྲུབ་པར་ནུས་སོ་ཞེས་བྱ་བའི་དོན་ཏོ།། དཔལ་ཡང་ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་ན་དཔལ་ཀུན་ཏུ་བཟང་པོ་སྟེ། གཉིས་སུ་མེད ་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ།། དེ་ཡང་རང་གི་ངོ་བོ་ཉིད་དེ་བཅོམ་ལྡན་འདས་ནི་ཆོས་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཡིན་ནོ།། དེ་བས་ན་སྙིང ་རྗེ་དང་ལྡན་པ་སུ་ཞིག་ངེས་པར་བསྒོམ་པར་མི་བྱེད་དེ། ཅེས་བྱ་བ་ནི་གང་གཞན་གྱི་སྡུག་བསྔལ་སེལ་བར་འདོད་པ་ལ་བརྟེན་པ་རྣམས་ཇི་ལྟར་བཤད་པའི་ལམ་གྱི་རིམ་པ་ཚོལ་བ་སྟེ། བཅོམ་ལྡན་འདས་འདི་ལྟ་བུའི་ཅིའི་ཕྱིར་རིམ་པ ་བསྒོམ་པར་མི་བྱེད་དེ། གཞན་དུ་ན་ཐམས་ཅད་ཀྱིས་བསྒོམ་པར་བྱ་བ་ཉིད་ཡི་ནོ།། དེ་ནི་སློབ་དཔོན་བདག་ཉིད་ང་རྒྱལ་སྤངས་པར་བསྟན་པར་བྱ་བའི་ཕྱིར། དྲི་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་མེད་པ་ཡང་ཡིན་ལ་བློ་ཡང་ཡིན་པས ་ནདྲི་མེད་བློ་སྟེ། དེ་ཉིད་ནི་འོད་ཟེར་ཏེ་ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ་དེ་རྣམས་ཀྱིས་མི་ཤེས་པའི་མཚན་ཉིད་ཅན་གྱི་མུན་པ་ཐམས་ཅད་རྣམ་པར་སེལ་བར་བྱེད་པ་གང་ཡིན་པ་དེ་ནི། དྲི་མེད་བློ་ཡི་འོད་ཟེར་རྣམས་ཀྱིས་ནི།། མུར ་པ་ཐམས་ཅད་རྣམ་པར་སེལ་བྱེད་པ་ཞེས་བྱ་བ་དེ་རྣམས་ཅེས་བྱིན་གྱིས་བརླབས་ཀྱིས་གཞན་གྱིས་ཀྱང་དཀྱིལ་འཁོར་གྱི་འཁར་མ་མཐོང་བ་ཡོད་པ་དེས་ཀྱང་འདི་དག་རྣམ་པར་བསྟན་ཅིང་ཉེ་བར་སྦྱར་བར་མཛད་པར། ་དཔལ་གསང་བ་འདུས་པའི་མན་ངག་གིས་བཅོམ་ལྡན་འདས་བསྒོམ་པའི་ཆོ་ག་འདིས་ཆོག་གི། བདག་འདྲ་བ་སྟེ། ཁོ་བོ་ལྟ་བུའི་གོ་སྐབས་ནི་གང་ལ་ཡོད་དེ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ།། གང་དུ་བདག་དང་འདྲ་བས་རྣམ་པར ་བསྟན་པ་ཞེས་སྦྱོར་བ་དེར་ནི་འདི་ལྟར་བཤད་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་བློའི་འོད་ཟེར་མངའ་བ་རྣམས་ཀྱིས་ནི་མུན་པ་ཐམས་ཅད་རྣམ་པར་སེལ་བར་བྱེད་པ་རྣམ་པར་བསྟན་པར་མཛད་པས་ཆོག་གི ་གང་དུ་བདག་འོདྲ་བས་བཤད་པ་ལ་འབད་པའིའོ་གོ་སྐབས་གཱ་ལ་ཡོད་དེ་མེད་དོ།། དེ་ལྟ་ན་ཡང་ཅིའི་ཕྱིར་བྱ་ཞེ་ན། བླ་མ་དམ་པའི་གཞུང་གིས་བསྟན་པ་གང་ཡིན་པ་དེ་ཅུང་ཟད་ཙམ་གྱི་ཕྲ་མོ་གཟུང་ཞིང་ཐོབ་པས། བླངས ་པ་དེ་ནི་ཅུང་ཟད་ཡིན་ཡང་སྤྱིར་འཁོར་བའི་འཆིང་པ་ལྷོད་པར་བྱེད་ཅིང་གཉེན་པོར་འགྱུར་པ་ཡིན་ནོ་ཞེས་གྲགས་པའི་རྒྱུ་གང་ཡིན་པ་དེས་ན་སྒྲུབ་པའི་ཐབས་རྩོམ་པ་འདི་ལ་ཡང་ཤིན་ཏུ་འབད་པ་ཡིན་གྱི། བདག་གིས་ཤེས ་པའི་ང་རྒྱལ་གྱིས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། ད་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དགེ་བའི་ལ་ལོངསུ་བསྔོ་བ་སྟོན་ཏེ། དེ་ལྟར་བཤད་མ་ཐག་པའི་རྣམ་པར་བཀོད་པ་ལས་ལེགས་པར་བྱུང་བའི་དགེ ་ལ་སོགས་པ་ལ་དངོས་པོ་གང་ཞིག་གང་དང་ལྷན་ཅིག་ཏུ་མི་མཐུན་པར་ལན་ཅིག་ཏུ་གྱུར་པའང་ཞེས་བྱ་བ་དུས་གཅིག་གི་ཚེ་ན་མི་མཐུན་པར་གྱུར་པ་དེའི་བགྲོད་པ་རྒྱས་པར་གྱུར་ཅིང་ཤེས་རབ་ཀྱིས་མཐར་སོན་པར་བྱེད་དེ། གང་གི་ཕྱིར་མཐོང་། ་བའི་བསླབས་པའི་རྣམ་པར་འཕེལ་བ་ཡིས་ཤེས་བྱ་སྟེ། མི་ཐུན་པར་གྱུར་པར་མཐོང་ཞིང་ཉེ་བར་དམིགས་པ་ཡང་དང་ཡང་དུ་ཡིད་ལ་བྱེད་པར་བསླབས་པ་གང་ཡིན་པ་དེ་རྣམ་པར་འཕེལ་ཞིང་རབ་ཀྱི་མཐར་ཐུག་པ་གྱུར་པ་ནི་རང་གི་མི ་མཐུན་པའི་གཉེན་པོར་གྱུར་ཅིང་སྲིད་པའི་བསྐུལ་བ་ཤིན་ཏུ་འགག་པར་བྱེད་ཅིང་མཆོག་ཏུ་ངེས་པར་བྱེད་པའི་རང་བཞིན་ཅན་ཡིན་ཏེ། དཔེར་ན་མི་གཙང་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པ་དང་འདྲ་བར་དཀྱིལ་འཁོར་གྱི་རྣམ་པ་ཅན ་གྱི་སེམས་ནི་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ཀུན་ཏུ་རྟོག་པ་དང་མི་མཐུན་པ་ཡིན་ནོ།། དེ་བས་ན་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་མི་མཐུན་པ་ཉིད་ཀྱིས་ན་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་མཐོང་བའི་སེམས་བསླབ ་པས་ཀྱང་རྣམ་པར་འཕེལ་ཞིང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་བསྐྱོད་པ་རྒྱས་པར་གྱུར་པ་ནི་རང་གི་མི་མཐུན་པའི་སྲིད་པའི་སྡུག་བསྔལ་ཡང་དག་ཡང་དུ་འགོག་པར་བྱེད་པ་ཡིན་ནོ།། ད་ནི་ཕ་རོལ་ཏུ ་ཕྱིན་པའི་རྣལ་འབྱོར་ལས་སྦྱོར་བ་ཁྱད་པ་དུ་གྱུར་པ་བསྟན་པའི་ཕྱིར་སྦྱིན་པ་ལ་སོགས་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཐ་མལ་པ་ཡང་ཡིན་ལ་རང་གི་ངོ་བོ་ཡང་ཡིན་པས་ན་ཐ་མལ་པའི་རང་གི་ངོ་སྟེ། བདག་དང་བདག ་བདག་གིར་རྣམ་པར་རྟོག་པའོ།། དེའི་རྒྱུན་ནི་རྒྱུན་གྱིས་འབྱུང་བའོ།། དེ་ལས་གཞན་པའི་སྲིད་པའི་སྡུག་བསྔལ་གཞན་ཅི་ཡང་ཡོད་པ་མ་ཡིན་གྱི། དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ང ་ཞེས་བྱ་བ་སྲིད་པའི་སྡུག་བསྔལ་དེ་དང་རྣམ་པར་འགྲེལ་བཱིར་འགྱུར་བ། གཉེན་པོར་གྱུར་པ་ནི་དཀྱིལ་འཁོར་གྱིའི་ཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་གསྔལ་བར་རྟོགས་པར་རྣལ་འབྱོར་པས་འགྱུ་རོ་ཛ ་ན་འགལ་བར་རྟོགས་པར་འགྱུར་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་གང ་ཡིན་པ་དེར་ནི་སྲིད་པའི་བསྐུལ་གྱི་རང་བཞིན་གྱི་ཀུན་ཏུ་རྟོག་པ་རྣམས་སྣང་བར་མི་འགྱུར་ཞིང་སོ་སོར་སྣང་བར་མི་འགྱུར་ལ། དེ་བས་ན་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་མ་ལུས་པའི་མི་མཐུན་པའི་ཕྱོགས་ནི་དཀྱིལ་འཁོར་གྱི ་འཁོར་ལོའི་རྣམ་པ་ཅན་གྱི་སེམས་དེ་ཡིན་པར་བསལ་བར་རྟོགས་པར་འགྱུར་བས་སྡུག་བསྔལ་དེ་དེ་ཡང་ཕྱི་རོལ་དུ་སྣང་བ་ཙམ་འབའ་ཞིག་མ་ཡིན་ནོ།། དེ་ཀྱིས་ན། ཡོད་པར་མིན་པར་སྔར་ནི་བསྒྲུབ་པ་ཡིན་ཞེས ་བྱ་བ་སྨོས་ཏེ། སེམས་ཙམ་ལས་ཐ་དད་པའི་ཕྱི་རོལ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བས་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ།། གང་ཞིག་ཞེས་བྱ་བ ་དྲི་མ་མེད་པ་གང་ཡིན་པ་དེས། འགྲོ་བ་རྣམས་རྟག་ཏུ་ཡིད་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་སངས་རྒྱས་ཀྱི་མགོན་དང་བཅས་པ་སྟེ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་ལྡན་ཞིང་བཅས་པ་དེར། དཀྱིལ་འཁོར ་ཀྱི་འཁོར་ལོའི་རྣམ་པ་དེ་ལ་སེམས་གཞོལ་ཞིང་འབད་པ་དང་། འགྲོ་བ་རྣམས་རྟག་ཏུ་བསྒོམ་པར་ཤོག་སྡིག་པའོ།། དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་འགྲེལ་པ། སློབ་དཔོན་མཁས་པ་ཆེན་པོ་ཐ ་ག་ནའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤདྡྷ་ཀ་ར་ཝར་མ་དང་ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང ་གཏན་ལ་ཕབ་པའོ།། ་