CLOSE WINDOW

GT73: rgyud kyi rgyal po dpal dus kyi 'khor lo'i dbang gi rab tu byed pa'i 'grel pa rdo rje'i tshig 'byed pa zhes bya ba
Wyliee-texts produced with BDRC’s OCR application

ནྱ་གར་སྐད་དུ། བྷཱིཀྵ་ལཱ་ཙཀྲ་ཏཱནྡྷ་རཱ་ཛཱ་སྱ་ཤེ་ཀ་པྲ་ཀྲྀ་ཡ་བྲྀཏྟི། བཛྲ་བཱ་ཏོཏྟ་ཏི་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ཕྱག་འཚ་ལོ།། གང་ཞིག་ཤེས་རབ་མ་ཡིས་འཛག་པའི་རྒྱ་མཚོ་དུག་ཆུ་སྐེམས་པ་ཡི།། བདེ་ཆེན་ན་མཁའི་དབྱིངས་ནས་འབྲུག་སྒྲ་རབ་བསྒྲགས་ཆར་རྒྱུན་གཞོན་ནུ་འབེབས།། དཔག་མེད ་བསྐལ་པར་འགྲོ་བ་རྣམས་ལ་གར་ཐབས་རྣམ་མང་སྟོན་མཛད་པ།། གར་ཐབས་རྣམས་ཀྱི་མཆོག་གྱུར་དང་པོའི་སངས་རྒྱས་དེ་ལ་བདག་ཕྱག་འཚལ།། གང་དག་རྡོ་རྗེའི་མཚན་ལྡན་པ།། མཁའ་ལ་གཤེགས་པ་རྣམ་གཉིས་དང་།། བླ་མ ་རྡོ་རྗེ་འཛིན་རྣམས་ཀྱིས།། བགེགས་མེད་གཞུང་འདྲི་བསྒྲུབ་པའི་རིགས།། སྲིད་གསུམ་མུན་ནག་སྨྱུག་ཏུ་གྱུར་ལ་སྣང་བ་མཛད་པའི་སངས་རྒྱས་ཉག་གཅིག་མྱ་ངན་འདས།། རྡོ་རྗེ་གཞུ་བོར་གྱུར་པའི་འཕགས་པ་ཀླུ་གྲུབ་སྒྲུབ་ལ་སོགས་པ ་ལྟར་འདི་ན་རབ་མི་བཞུགས།། གང་ཡང་གཉིས་གཉིས་བདེ་བ་ལྷུར་ལེན་ལོག་པའི་ལམ་སྟོན་འགྲོ་རྣམས་ཕུང་བ་བསྐྱེད་པ་འདི།། རྟོག་གེ་འདོང་རྒྱལ་དེ་རྣམས་གོ་བྱའི་ཕྱིར་དང་བདག་ཉིད་དྲན་ཕྱིར་འགྲེལ་འདི་བྲི་བར་བྱ།། གཞན་ཡང་འདི ་སྐད་དུ། མཆོག་གི་གསང་ཆེན་འདིར་ཞུགས་ནས།། རྣལ་འབྱོར་སྤྱོད་པ་ཡིན་ཟེར་ཞིང་།། བྱ་བ་མ་ཡིན་ཀུན་ལ་འཇུག། འཇིག་རྟེན་སུན་བྱེང་རྐུན་པོ་འབྱུང་།། འཇིག་རྟེན་དབུགས་ནི་འབྱུང་ཞེས།། མགོ་ལ་ཆུ་རྒྱུན་ལྡུགས་པར་བྱེད།། ཅོད་པན ་རྡོ་རྗེ་དྲིལ་བུ་སོགས།། མགོ་དང་ལག་པས་རབ་ཏུ་འཛིན།། དེ་རྗེས་དེས་ནི་མཚོ་བ་བསྒྲུབ།། ཁ་ཅིག་སློབ་མའི་ཚོགས་སྡུད་ཅིང་།། ང་ཡིས་ཚིག་ནི་འདི་ཉིད་དག། ཡིན་ཞེས་ཟེར་ཞིང་བྱིས་པ་འདྲིང་།། གསང་བ ་ལོག་པར་རབ་ཏུ་སྟོན།། ཁ་ཅིག་པས་མཐར་རབ་འཁོད་ཅིང་།། དེ་དག་མེད་ཤེས་རབ་ཕ་རོལ་ཕྱིན།། སྐད་ཅིག་ཙམ་ཡང་མི་གནས་པར།། འཇིག་རྟེན་སྔགས་སོགས་སྒྲུབ་པར་བྱེད།། ཁ་ཅིག་སློང་མོར་རྒྱུ་བྱེད་ཅིང་།། ཀུན་དུ་འགྲོ་ཞིང་གྱ ་ཚེཚོམ་སྨྲ།། མི་མོ་རྣམས་ལ་རབ་ཏུ་ཆགས།། སངས་རྒྱས་དམ་ཚིག་རབ་ཏུ་འཇིག། ཁ་ཅིག་གྲོང་དུ་འཁོད་བྱེད་ཅིང་།། བཟའ་དང་བཏུང་ལ་རབ་ཏུ་ཆགས།། ཁྱེའུ་དང་བུ་མོ་ཕལ་མང་དང་།། རྒོད་ཅིང་རབ་ཏུ་རྩེ་བར་བྱེད།། ཁ་ཅིག་རོལ ་མོ་ཟློས་གར་དང་།། གླུ་དང་རྒྱན་པོ་འགྱེད་བྱེད་དང་།། འདུས་པའི་ཚོགས་ལ་ལྟ་བྱེད་ཅིང་།། བཟོ་ཡི་གནས་རྣམས་རབ་ཏུ་སློབ།། ཁ་ཅིག་ཚོང་དང་ཞིང་ལས་དང་།། གླང་པོ་བ་ལང་གསོད་བྱེད་དང་།། ཤིང་རྟ་ལ་སོགས་འདྲེན་པ་དང་།། ་ཉེས་པ་མང་པོ་རབ་ཏུ་བྱེད།། གཞན་ཡང་རྣལ་འབྱོར་སྤྱོད་པ་ཡིས།། དགེ་སློང་མ་དང་དགེ་སྦྱོང་མ།། དགེ་བསྙེན་མ་དང་དགེ་བསྙེན་དང་།། ཕན་ཚུན་མཚོན་གྱིས་རབ་ཏུ་འབེབས།། ལེགས་པར་གསུངས་པའི་འདུལ་བ་ལ།། རབ་ཏུ་མི ་གནས་སྲུང་མི་བྱེད།། སངས་རྒྱས་རྒྱལ་མཚན་སུན་འབྱིན་ཅིང་།། ཕས་ཕམ་ལ་སོགས་རབ་ཏུ་འབྱེད།། གང་གིས་བཏུང་བའི་མཆོག་མི་ཤེས།། ས་ལྀ་ལ་སོགས་བཅོས་སྦྱར་བའི།། མྱོས་པའི་ཁུ་བ་འཐུང་བྱེད་ཅིང་།། དེ་ཡིས་ཕུང་ཁྲོལ་རབ་ཏུ ་བསྐྱེད།། ཀྱེ་རྒྱལ་པོ་ཟླ་བ་བཟང་པོས་གསུངསོ།། དེ་བས་ན་གང་དག་རྡོ་རྗེའི་ཚིག་མ་ཤེས་པས།། ལོག་པའི་ལམ་དུ་ཞུགས་པ་དེ་རྣམས།། ལོག་པའི་ལམ་ལས་བཟློག་ས་བྱའི་ཕྱིར།། རྒྱུད་དེ་དང་དེའི་ངེས་པ་དང་དྲང་བའི་དོན་བདག་གི་བླ་མ་དམ་པའི ་ཞལ་ལས་ཐོས་ཤིང་ལེགས་པར་བསམས་པ་དང་། གཞན་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སྤྱད་ཅིང་བསླབ་པར་བྱ་བའི་ལུང་དང་རིག་པས། དབང་རྣམས་གཉིས་ཀྱི་རབ་ཏུ་འབྱེད་པ ་བསྡུས་པའི་རྒྱུད་བརྟགས་ལྔའི་དོན་གསུངས་པ། འདིའི་དྲང་བ་དང་ངེས་པའི་དོན་ཇི་ལྟ་བ་བཞིན་དུ་ད་གྲོལ་བར་བྱའོ།། མི་དབང་པད་དཀར་ཕྱག་ན་པདྨོ་འཛིན་པ་གང་།། དེ་ཡིས་བསྡུས་ལེགས་རབ་ཏུ་བཀྲལ་གྱུར་མོད།། འོན་ཀྱང་ཕྱཝ་མཁན་མཁྲ ་པའི་རྗེས་ནས་མཚན་བུ་རྣམས།། བཟོད་དང་སྟ་རེ་ཐོགས་ནས་རྗེས་བཞིན་ལེགས་འབྲང་དང་།། འཆན་བུ་བདག་ཀྱང་མི་དབང་ཕྱཝ་མཁན་རྗེས་འབྲང་ནས། ཤེས་རབ་བཟོད་དང་སྟ་རེ་ལེག་པར་རབ་གཟུང་སྟེ། ལུང་རིགས་བླ་མའི་གདམས ་ངག་གཟུ་བོའི་ཐིག་བཏབ་ནས་ཐར་པའི་གྲོང་ཁྱེར་བརྩིགས་ཤིང་སྒྲ་ཡི་འགྲེལ་པ་བྱེད། འགྲེལ་འདི་མ་གཏོགས་རིན་པོ་ཆེའོ།། རྣམ་གཉིས་དབང་གི་དེ་ཉིད་ནི།། གསལ་ཞིང་ཐེ་ཚོམ་མེད་པ་དག། མཁས་རྣམས་ཀྱིས་ནི་རྙེད་མི་འགྱུར།། ་དབབ་པ་སྤངས་པའི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་ལ། དབབ་པ་ཞེས་བྱ་བ་ནི་སྐྱེས་བུ་གང་འཇིག་རྟེན་ལས་འདས་པའི་དབང་མངོན་པར་བསྐུར་བར་འདོད་པ་དེ་ལ། ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བྱིས་པ་རྣམས་བྲིང་བར་བྱ་བའི་ཕྱིར། ་དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་ན། དཀྱིལ་འཁོར་གཞན་སྤྲོ་བར་བྱ་བ་ཡིན་གྱིས། མཆོག་གི་དངོས་གྲུབ་ཀྱི་དོན་དུ་ནི་མ་ཡིན་ཏེ། འགལ་བའི་ཕྱིརརོ།། འདི་ལྟར་མཆོག་དངོས་གྲུབ་ལ། ་དཀྱིལ་འཁོར་གཅིག་ཏུ་ལེགས་པར་བབས་པར་མ་གྱུར་པ། གཞན་དུ་བབས་པས་མཆོག་ཏུ་གྱུར་པ་དེ་ལྟ་ན་ནི། བདེ་བར་གཤེགས་པ་རྣམས་ལ་གཟུང་དང་འཛིན་པ་མངའ་བ་དང་། གཞན་ཡང་སྟོབས་ཆེ་ཆུང་མངའ་བར་ཡང ་འགྱུར་བས། དེ་ལྟ་བས་ན་དབབ་པར་བྱ་བ་ནི། ཀུན་རྫོབ་ཙམ་དུ་བྱིས་པ་སོ་སོའི་སྐྱེ་བོའི་རྣམས་བྲིད་པའི་ཕྱིར་ཡིན་གྱི། དོན་དམ་པར་ནི་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེ་ལ་གང་ཀུན་རྫོབ་ཙམ་ཐུན་མོང་གི་དངོས་གྲུབ་བྱིས་པ་རྣམ ་ཀྱིས་རྟོགས་པར་བྱ་བ་དེ་ནི་འདི་ལྟ་སྟེ། ཏིངེ་འཛིན་དང་སྔགས་དང་སྨན་གསུམ་གྱིས་ཀྱང་འབེབས་པར་བྱེད།། སློབ་དཔོན་ཏིང་འཛིན་ལ་མཆོག་ཏུ་གཞོལ་བ། ཏིང་ངེ་འཛིན་མཐུ་ཐོབ་པ་རྣམས་ཀྱིས་ནི། ཏི་ངེ་འཛིན་འབའ་ཞིག་གིས ་འབེབས་པར་བྱེད།། བཟླས་པ་ཆོ་ག་བཞིན་དུ་གྱུར་པས་ཀྱང་འབེབས་པར་བྱེདའོ།། དེ་གཉིས་ཀ་དང་ལྡན་པས་ཀྱང་འབེབས་པར་བྱེད་ལ། སྨན་འབའ་ཞིག་གིས་འབེབས་པ་དག་ཀྱང་ཡོད། དེ་ནི་མཆོག་མ་ཡིན་ཏོ།། དཀྱིལ་འཁོར་གྱི་ནང་དུ ་འཇུག་པར་བྱེད་པ་རྣམས་ལ། རྣམ་གྲངས་དེ་ལྟ་བུ་བབས་པ་ན། དགེ་བ་དང་མི་དགེ་བ་ཐམས་ཅད་དྲིས་ལ། དགེ་བར་གྱུར་པ་དེ་ལྟ་ན་ནི་ལེགས་ཏེ། ཆོ་ག་ལ་འཇུག་པར་བྱ་ལ། མི་དགེ་བར་གྱུར་ན་ནི་ཞི་བར་བྱ་བའི་ཕྱིར། ཞི་བ་དང་རྒྱ ་པའི་སྦྱིན་སྲེག་ལ་སོགས་པ་མཚན་མ་དྲན་པ་ཞི་བར་གྱུར་གྱི་བར་དུ་བྱས་ལ། ཕྱིས་ནས་ཆོ་ག་ལ་འཇུག་པར་བྱའོ།། དེ་ལ་དཔལ་དུས་ཀྱི་འཁོར་ལོ་འདིར་འཇུག་པའི་སློབ་མ་ལ་དབབ་པར་བྱ་བ་ནི། མི་འཆི་ལྔ་དང་། མར་མེ་ལྔའི ་སྤོས་སྔོན་དུ་ཆོ་ག་བཞིན་དུ་བསྒྲུབས་ཏེ། དེས་སློབ་མ་ལ་བདུག་པར་བྱ་ཞིང་། ཨོཾ་ཨཱ། ར་ར་ར་ར། ལ་ལ་ལ་ལ། བཛྲ་ཨཱ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་དང་བཅས་པས་ཁྲོ་བོའི་རྒྱལ་པོ་བསྐུལ་བར་བྱའོ།། དེ་ཡང་སྔགས་ཀྱི་རྐང་པ་འདི་རྣམས ་སྔོན་དུ་བྱེ་བ་གཅིག་བཟླས་ཤིང་། སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་བསྙེན་པ་བྱས་ནས། གདོད་བསམས་པ་ཙམ་གྱིས་འབབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིནོ།། གཞན་ཡང་རྫུས་འབའ་ཞིག་གིས་འབེབས་པ་ནི་འདི་ལྟ་སྟེ། ཡི་དགས ་ཁཱང་ནི་གུ་གུལ་གཞུག། མར་ངོའི་ཡི་དགས་ཉིན་ཞག་ལ།། ཡི་དགས་མེས་བསྲེགས་བདུགས་པས་ནི།། འགྲོ་བ་མ་ལུས་འབེབས་པར་བྱང་།། གཞན་ཡང་ཐོད་པ་དེ་དང་གསེར་ཤིང་གི་འབྲས་བུ་མ་དུ་ལུང་ག་དང་། ཨ་ལ་ཙི་ཀྲ་ཤུ་དག་དང ་ཁྱིམ་བྱའི་སྒོ་ངས་བདུགས་ནས་འབེབས།། ཞེས་གསུངས་ཏེ་དེ་ནི་མཆོག་མ་ཡིནོ།། དེ་ལ་གལ་ཏེ་ཁྲོ་བོའི་རྒྱལ་པོ་བབས་པར་གྱུར་པ། དེ་ལྟ་ན་ནི་མཚན་ཉིད་འདིར་འགྱུར་ཏེ། ཁྲོ་བོའི་རྒྱལ་པོ་བབས་ན་ནི།། མཚོན་ཆ་དང་བཅས ་ལག་པ་ཡིས།། བདུད་སྡེ་རྣམས་ལ་ཁྲོ་འཛུམ་བྱེད།། ཆོས་ལ་བར་ཆོད་བརྟན་གཡོ་འཇོམས།། གཡས་བརྐྱང་ལ་སོགས་རྐང་པ་ཡིས།། སྣ་ཚོགས་རྡོ་རྗེའི་གར་ཡང་བྱེད།། ཡི་གེ་ཧཱུཾ་གི་སྒྲ་ཡིས་ནི།། བདུད་དཔུང་བསྲེག་བྱེད་སྒྲ་ཡང་འབྱིན།། དང་པོ ་ལྔས་ཀྱི་རྣལ་འབྱོར་ལ།། གྲངས་མེད་རྒྱུད་ལས་གསུངས་པ་ཡིས།། མི་རྣམས་ལ་ནི་གླུ་གར་སྟོན།། ཟླ་ཟའི་ཡོན་ཏན་དབང་གིས་ནི།། ངོ་ཚ་བྲལ་ཞིང་སོམ་ཉི་མེད།། མཚན་མ་གང་དང་གང་སྟོན་པ།། དེ་དེ་དངོས་གྲུབ་རྒྱུར་ཤེས་བྱ།། ་ལུས་དང་ངག་གི་དབྱེ་བ་ཡིས།། ལུས་བབས་པས་ནི་མཁའ་ལ་འགྲོ། མ་མཐོང་དཀྱིལ་འཁོར་འདྲི་བ་དང་།། རི་བོ་ལ་སོགས་འདེགས་པར་བྱེད།། ངག་གི་བབས་པ་ཙམ་གྱིས་ཀྱང་།། སྲིད་གསུམ་ལ་གནས་ལྷ་ཀླུ་ལས།། ངག་བརྩོད་པ་ལས་རྒྱལ ་འགྱུར་ཏེ།། འཇམ་པའི་དབྱངས་དང་མཚུངས་པར་འགྱུར།། སེམས་བབས་ཕ་རོལ་སེམས་ཤེས་ཤིང་།། འདས་དང་མ་འོངས་ད་ལྟར་གྱི།། དུས་གསུམ་ལྐོག་ཏུ་གྱུར་པ་རྣམས།། མ་ལུས་ལུས་པ་མེད་པར་ཤེས།། དང་པོ་ལས་ཀྱི་རྣལ་འབྱོར་ལ།། ་སངས་རྒྱས་སྤྱན་གྱིས་བྱིན་བརླབས་པའི།། ས་བབས་པས་ནི་རི་བོ་ལྟར།། གྲངས་མེད་སྐྱེས་བུས་མི་སྒུལ་ལྔ།། མཱ་མ་ཀཱི་ཡིས་བྱིན་བརླབ་པའི།། ཆུ་འབབ་པས་ནི་བསིལ་འགྱུར་ཞིང་།། ཚ་བ་རིམས་སོགས་ཟིན་པ་ལ།། འཁྱུད་པ་ཙམ་གྱིས་བསིལ ་བར་བྱེད།། ན་བཟའ་དཀར་མོས་བྱིན་བརླབས་པའི།། མེ་བབས་པས་ནི་སྲེག་བྱེད་ཅིང་།། གོང་བསམས་དེ་ནི་སྲེག་བྱེད་ལ།། རི་བོ་ཐལ་བ་ལྟ་བུར་བྱེད།། སྒྲོལ་མས་བྱིན་གྱིས་བརླབས་གྱུར་པའི།། རླུང་བབས་པ་ཡི་སྐྱེས་བུ་དག། བསམས་པ་ཙམ་གྱིས ་དེ་བསྐྲོད་ཅིང་།། དཔག་ཚད་བྱེ་བར་སྐྲོད་པར་བྱེད།། སྟོང་པ་བབས་པས་མཐོང་མི་འགྱུར།། མིག་བབས་པས་ནི་མཛེས་གཟུགས་དང་།། མ་མཐོང་རྫས་ཀྱང་མཐོང་བར་འགྱུར།། ལྷ་ཡི་རྣ་བ་བབས་གྱུར་ན།། འགྲོ་བས་མ་ཐོས་སྒྲ་ཐོས་འགྱུར།། ལྷ་ཡི་ཡཱི་ནི ་བྲེས་གྱུར་ན།། ཀླནན་སེམས་ཤེས་པ་ཡེ་ཤེས་འབྱུང་།། ལཱུ་ཡི་ལུས་དབང་བྱབས་གྱུར་ན།། རེག་བྱ་མཆོག་ཏུ་གྱུར་པ་འཛིན།། སྒྲ་ཡི་ལྗགས་ནི་བབས་པ་ཡིས།། རོ་མཆོག་བཟང་པོ་མྱོང་བར་འགྱུར།། ལྷ་ཡིས་ཤངས་ནི་འབྱས་པ་ཡིསྱ།། ་ཡིས་ཆེ་ཤཱར་འགྱུར།། ཞེས་བྱ་ནི་ངས་པ་སྟེ། སངས་རྒྱས་ཀྱི་གཛུ། པས་ནི། ཕམ~ཾ་པ་ཞེས་པ་དང་བྱའོ།། ་རྒྱལ་པོ་དང། ལྷ་རྣམས་ཀྱིས་བྱིན་གྱིས་པརླ་བྱོས་ཏེ་བབས་པ་ལ་བྱ་བ་དང་བྱ་བ་མ་ཡིན་པ་དྲིས་ནས་སྲུང་བར་བྱའོ།། དེ་ཡང་ཨོཾ་ཨཱརྦྷུ་ཞེས་བྱ་བ་མེ་ཏོག་གམ་ཡང་ན་བདག་ཉིད་གོས་ཀྱི་ཐུ་མོ་ལ་བསྔགས་ཏེ། སྤྱི་བོ་བཞག་པ་འམ་བྱཱངས ་པཔས་རང་རང་གི་གནས་གཤེགས་པར་འགྱུརརོ།། གལ་ཏེ་དེས་ཀྱང་སྦྱངས་པོར་མ་གྱུར་ན། དེ་ཡི་སྤྱི་བོར་སོའི་དཀྱིལ་འཁོར་རཱི་ཛྷཻཾ་མནན་པས་ནི་སྡང་བར་འགྱུར་ཏེ། མངོན་དུ་ནི་མ་ཡིན།། ཕྱི་ནས་མྱོགོ་དང་སྦྱོང་གཱ་སྤྱི་གཙུག་ལྕེ་མགྲིན ་དང་། གསང་པ་ལ་ས་ནི་ཞེས་བྱ་བ་ལ་སོགས་པ། སྤྱི་བོར་ཡི་གེ་སོ་སོ།། སྙིང་ཁྱེངྒ་ས~ཾ་གེ་ཙྪ་།། སྤྱི་གཙུག་ཏུ་དྷཱ་ཏེ་ཐབས་ཀྱི་རྩཝའོ།། རདྱ་རིག་སྭཱ་སཨཱ་རྱ་གནས་ངྒེ་ནས་བྱུ་བ་ནི།། ཐཱ་སྭཱ་ནི་ཡུལ་ལཱ་སྨྼ;ྻུཾ་བོ་སྦྱི་གཙུག་སྙི་གི་སྦྱིན་ལ། ་རབ་ཀྱི་ཡུལ་ནི་ལྕེ་མགྲིན་གསང་བའོ།། རྡོ་རྗེ་གསུམ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་ལྕགས་གསུམ་གྱི་ངོ་བོའོ།། ཤེས་རབ་ཀྱི་ཆ་ལ་དགོད་པའི་ཡི་གེ་གང་ཡིན་ཞེ་ནོ།། ལྟེ་བར་ནི་ཧོ།། མགྲིན་པར་ནི་ཨ། གསང་བར་ནི་ཀྵའོ།། བསྲུང་ཞེས་བྱ ་བ་ནི་གནས་དྲུག་པོ་དེར་བསྲུང་བའོ།། གཞམ་དུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མ་ཤེས་པའི་བྱིས་པ་རྣམས་ལ་བདུད་ཀྱི་འཚེ་བ་འབྱུང་བའི་ཕྱིརརོ།། ལུས་ལ་གོས་དམར་བསྐོན་ཞིང་མིག་ཀྱང་དག་པ་སྟེ། ཞེས་བྱ་བ་ནི ་ཡེ་ཤེས་ཀྱི་མེ་མཚོན་པར་བྱ་བའི་དོན་དུའོ།། སློབ་མ་འདིར་ནི་གཞུག་པར་བྱ།། ཞེས་བྱ་བ་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་འདི་རོ།། ཀུན་རྫོབ་ཏུ་བརྟུལ་ཞུགས་ཞེས་བྱ་བ་ནི། ལས་དང་པོའི་བྱིས་པའི་སྐྱེ་བོ་འདི་ཁོ་ན ་མ་མཐོང་བ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཡེ་ཤེས་ཐོབ་པར་འགྱུར་གྱི་བར་དུ་འབད་པས་བསྲུང་བར་བྱ་བ་ཡིན་ཏེ། བརྟུལ་ཞུགས་ཤེས་བྱ་བ་དང་སྦྱར་རོ།། མཆོག་གི་འགྲོ་བ་སོང་བ་ཞེས་བྱ་བ་ནི། རྣམ་པར་གཟིགས་ནས ་ཤཱཀྱ་ཐུབ་པ་ལ་ཐུགས་པ་ཡང་བརྟུལ་ཞུགས་འདི་ལ་བརྟེན་ནས། མཆོག་གི་གནས་བརྙེས་ཤེས་བྱའོ།། འགྲོ་པོ་ཞེས་བྱ་བ་བསོད་ནམས་དེ་དང་། ཡེ་ཤེས་ཀྱི་ཚོགས་དེ་དང་ཡེ་ཤེས་ཀྱི་ཚོགས་འདི་དག་གིས་མཆོག་གི་གན་སུ་འདོད ་བའོ།། དེ་ལ་སྦྱིན་ཞེས་བྱ་བ་ནི། སློབ་དཔོན་རྣམས་ཀྱི་སློབ་མ་ལས་དང་པོ་པ་རྣམས་ལ། འབད་པས་སྦྱིན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ།། དེ་ལ་བརྟུལ་ཞུགས་ཀྱང་ཡིན་ཞེ་ན། མནར་སེམས་མི་བདེན་གཞན་གྱི་བུད ་མེད་སྤངས་ཏེ་གཞན་གྱི་ནོར་དང་དེ་བཞིན་ཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མནར་སེམས་ཀྱི་སྒྲས་ནི་མིའི་འགྲོ་བ་ལ་སོགས་པ་བསོད་པ་ལྟ་ཅི་སྨོས་ཀྱི། སྲོག་དང་ལྡན་པ་ཐམས་ཅད་ལ། སྐད་ཅིག་ཙམ་མནར་སེམས་དཔས་ཀྱང་བྱང ་ཆུབ་ཀྱི་སྤྱོད་པ་ལྔ་མཉམ་པར་རྟོགས་པར་བྱའོ།། མི་བདེན་ཞེས་པས་ནི་སེམས་ཅན་རྣམས་བསླུ་བའི་ཐབས་ཡང་དག་པར་གཟུང་སྟེ། བདག་གི་འདོད་པ་ལ་གནས་ནས་བརྫུན་དུ་སྨ་ན། གསང་སྔགས་ཀྱི་སྒོའི་སྦྱང་བ་སྤྱོད་པ་རྣམས་ཏེ། ་ལྷས་དང་པོ་པའི་ལྟུང་བར་རྟོགས་པར་བྱའོ།། གཞན་གྱི་བུད་མེད་སྤངས་ཏེ་ཞེས་པ་ནཱི། གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ལ། ཕྱག་རྒྱ་ཆེན་པོའི་མཐའ་རྟོགས་པར་བྱ་བའི་ཕྱིར། རྒྱུད་དེ་དང་དེ་ལས་གསུངས་པའི་མཚན་ཕུན་སུམ ་ཚོགས་པའི་མི་མོ་གཞན་གྱིས་ཡོངསུ་མ་བཟུང་བ་ནི་གནང་བ་ཁོ་ན་ཡིན་ལ་དེའི་ཕྱིར་མི་ལྡོག་པའི་དབང་ཐོབ་པ་རྣམས་ལ་འཛག་པའི་བདེ་བའི་ཕྱིར་ནི་གནང་བ་མེད་ལ་མི་འགྱུར་བའི་ཕྱིར་ནི་བསྟེན་པ་ཁོ་ན་ཡིན།། དང་པོའི་ལས་ཅན ་རྣམས་ནི་འཛག་པ་ཡིན་ཡང་རང་གི་བཀག་པ་མདོ།། དེ་ལྟར་རྣལ་འབྱོར་པ་དེ་གཉིས་ཀ་ངག་གིས་ཀྱང་། གཞན་གྱིས་ཡོངསུ་བཟུང་བའི་མི་མོ་ནི་སྟོན་པར་མི་བྱ་སྟེ། གལ་ཏེ་བསྟན་ན་འཇིག་རྟེན་པའི་ཁ་ན་མ་ཐོ་བས་སྡིག་ཏུ་འགྱུར་ཞིང་། ་དེའི་སྟོབས་ཀྱིས་དམ་ཚིག་ཉམས་པར་འགྱུརརོ།། གཞན་གྱི་ནོར་དང་ཞེས་བྱ་བ་ནི། དུད་འགྲོ་ཡན་ཆད་ཀྱིས་ཡོངསུ་བཟུང་བ་བདག་གི་ནུ་བའི་སེམས་ཀྱི་མི་བྱ་སྟེ། བདེ་བར་གཤེགས་པས་བཀག་པའི་ཕྱིརརོ།། དེ་བཞིན་ཆང་ཞེས་བྱ་བ་ནི་བཏུང་ཞེས ་པར་སྦྱར་ཏེ། གང་ཉེས་པ་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། མྱོས་པའི་བར་དུ་འདུང་བར་མི་བྱའོ།། མྱོས་པ་མ་ཡིན་པར་ནི་བཀག་པ་མེདོ།། དེ་བས་ན་མྱོས་པར་བཏུང་མི་བྱ་བའི་དོན་ཏོ།། དེའི་ཕྱིར་ལྔ་པོ་དེ་ཡང་སྤང་བར་བྱ་ཞེ་ན། བདག་གི་དགེ་བ་འཇོམས ་བྱེང་འཁོར་བརྡ་དྷཱའི་སྲེག་པའི་ཞགས་པ་ལྔ་པ་འདི། ཞེས་བྱ་བ་སྨོས་ཏེ། གང་གི་རང་བཞིན་ཡོངསུ་མ་ཤེས་པ་དེ་བསྟེན་པ་ནི་ཕུང་ཁྲོལ་སྐྱེད་པས་སྤང་བར་བྱ་སྟེ། དེ་བས་ན་ལས་དང་པོ་པ་རྣམས་ཀྱིསོ།། གཞན་དེ་ཉིད ་རིགས་པ་རྣམས་ལ་ནི་ཉེས་པར་མ་གསུངསོ།། གང་ཞིག་གང་གིས་དུས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེས་བྱ་བ་ནི་བདེ་བར་གཤེགས་པའོ།། གང་གིས་དུས་ཤེས་པ་ནི་དེ་ཉིད་ཀྱི་འདུལ་བའི་བསྟན་པ་ལའོ།། ལྷ་དང་མིའི་བླ་མར་གསུངས ་པ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའོ།། དེའི་མཚན་གྱིས་སྦྱིན་ཞེས་བྱ་བ་ནི། ཤཱཀྱ་ཐུབ་པ་ལ་སོགས་པའི་མཚན་ནས་སྨོས་ཏེ་སྦྱིན་པའོ།། མཚན་ནས་སྨོས་ཏེ་ཇི་ལྟར་སྦྱིན་སྙམ་པ་ལ། སྣ་ཚོགས་གཙོ་བོ་ཞེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ ་སྟེ། ཤཱཀྱ་ཐུབ་པ་ལ་སོགས་པའོ།། བཀའ་འདིས་ཞེས་པ་ནི། ཤཱཀྱ་ཐུབ་པའི་བཀའ་འདིས་ཞེསུ་སྦྱརོ།། སྲིད་པའི་འཇིགས་ལས་སྐྱོབ་པས་ཞེས་བྱ་བ་ནི། ཤཱཀྱ་ཐུབ་པའི་བཀའ་བདི་ལྟར་འཁོར་བའི་སྡུག་བསྔལ་ལས་བསྲུང་ཞེས་བྱའོ།། དེ ་བས་ན་རིགས་ཀྱི་བུ་ཕོ་དང་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་ཁྱེད་ཀྱི་བསྐྱང་ཞིང་སྲུངས་ཤིག། ཅེས་བྱ་བའི་དོན་ཏོ།། སློབ་དཔོན་གྱིས་ལས་དང་པོ་པ་རྣམས་ལ་དམ་ཚིག་དེ་དག་དོན་དང་ལྡན་པར་སྦྱིན་པའོ།། དེའི་རྗེས་ལ་གལ་ཏེ། ་སྤྲོ་བར་གྱུར་ན། ཆོ་ལོ་ཁ་ན་མ་ཐོའི་ཟས་དང་ཚིག་ངན་འབྱུང་པོ་ལྷ་མོན་དབང་པོའི་ཆོས་ཞེས་བྱ་བ། མུ་སྟེགས་རིག་བྱེད་ལས་བརྗོད་པའི།། ཕ་མེས་ལ་ཚུན་འཐོར་བ་ལ་སོགས་པས་སྤྱོད་པ་དང་གྲོལ་བར་ལྟ་བ་སྟེ། དེ་བཞིན་དུ་རྒྱན་པོ་འགྱེད ་པ་དང་། སྲོག་བཅད་པའི་ཤ་ལ་ཟ་བ་དང་། སྐྱེས་པ་དང་བུད་མེད་དང་། རྒྱལ་པོ་དང་རྐུན་པོ་དང་དམག་ལ་སོགས་པའི་གཏམ་བརྗོད་པ་དང་། སྲོག་ལས་གྱུར་པའི་མཆོད་སྦྱིན་ལ་སོགས་པ་སྟེ། མི་བྱེད་པའི་སྡོམ་པ་ཡང་སྦྱི་ནོ།། དེ་བཞིན་དུ ་སྤྲོ་བར་གྱུར་ན། བ་ལང་བྱིས་པ་བུད་མེད་སྐྱེས་བུ་རྣམས་ཏེ་ལྷ་མིའི་བླ་མ་གསོང་དང་། ཞེས་བྱ་བ་གསོད་པ་ལྔ་མི་བྱེད་པའི་སྡོམ་པ་སྦྱིནོ།། དེ་བཞིན་དུ་སྤྲོ་བར་གྱུར་ན་གྲོགས་དང་མངའ་བདག་བླ་མ་དགེ་འདུན་དང་ནི་དབུགས་འབྱིན་ལ་འཁྲུ ་དང་། ཞེས་བྱ་བ་རྣམས་ཀྱང་མི་བྱ་ཞེས་བྱའི་སྡོམ་པ་སྦྱིན།། གཞན་ཡང་དབང་པོའི་ཡུལ་ལ་ཆགས་མི་བྱ་སྟེ། སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ་ཞེས་བྱ་བ་ཡང་སྦྱིན་པར་བྱ་སྟེ། ཡུལ་རྣམས་ནི་ཕུང་ཁྲོལ་བསྐྱེད་པའི་རྒྱུ་ཞེས ་བྱའོ།། གཉིས་གཉིས་སྤྱོད་པ་སྲོག་གཅོད་དང་།། མི་བྱིན་ལན་དང་རྫུན་དུ་སྨྲ།། འདི་དག་མ་སྤངས་བསྟེན་པ་ཡིས།། གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར་ཞེས་གསུངས་པ་མ་ཡིན་ནམ། ཅི་ཕྱིར་མནར་སེམས་མི་བདེན་གཞན་གྱི་བུད ་མེད་ལ་སོགས་པ་སྤང་བར་བྱ་ཞེ་ན། དེ་ནི་བདེན་ཀྱང་འདོད་པའི་ཡུལ་བསྟོན་པས་གཉི་སུ་མེད་པའི་ཡེ་ཤེས་ཐོབ་པར་གསུངས་པ་དེ་ནི། རྣལ་འབྱོར་པ་རང་བཞིན་ཡོངསུ་ཤེས་པ་རྣམས་ལ་ཡིན་གྱིས། ལས་དང་པོར་རྟོགས་པའི་རྣལ་འབྱོར ་པ་བྱིས་པ་རྣམས་ལ་གསུངས་པ་མ་ཡིན་ཏེ། བྱིས་པའི་རྣལ་འབྱོར་པ་རྣམས་ལ་དེ་ཉིད་ཀྱིས་ཡོངསུ་འཆིང་བར་བྱེད། དཔེར་ན་ཡོངསུ་བཏུལ་བ་མ་བྱས་པའི་སྔགས་དང་གསེར་དང་དངུལ་གྱི་བཟའ་བཏུང་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ ་བསྐྱེད་པར་འགྱུར་བ་བཞི་ནོ།། དེ་བས་ན་བྱིས་པའི་རང་བཞིན་ཅན་རྣམས་ལ་ནི་བཀག་ལ། རྣལ་འབྱོར་པ་འགྱུར་བ་མེད་པ་ཐོབ་པ། ཆོས་ཐམས་ཅད་ན་མཁའི་དཀྱིལ་དང་མཚུངས་པར་མཐོང་བ་རྣམས་ལ་གནང་བ་ཁོ་ན ་ཡིནོ།། དེ་ལྟར་ལས་དང་པོ་པ་རྣམས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བྱིན་པའི་རྗེས་ལ། བྱིན་པའི་རིགས་ཡོངསུ་རྟག་པའི་དོན་དུ། དཔལ་ལྡན་སྔགས་ཀྱི་མངོན་སྔགས་ལག་པའི་པདྨའི་ནང་དུ་མེ་ཏོག་ཅིག་བྱིན་ཏེ། ཞེས་བྱ་བ་སྐུ་གསུང་ཐུགས ་ཀྱིས་བསྔགས་པའི་མེ་ཏོག་ལག་ཏུ་སློབ་དཔོན་གྱིས་སྦྱིན།། དེ་ཡང་དཀྱིལ་འཁོར་དུ་བཞུགས་པའི་དོན་ཡིན་གྱིས་གཞན་ནི་མ་ཡིནོ།། དང་པོ་ལན་གསུམ་བསྐོར་ལ་ཞེས་བྱ་བ་ནི་སློབ་མ་ལས་ཀྱི་རྡོ་རྗེ་དང་ལྡན་པསོ།། ལག་པ་པདྨ་ནས་ནི ་མེ་ཏོག་དཀྱིལ་འཁོར་ལ་དོར་བྱ། ཞེས་བྱ་བ་ནི་དཀྱིལ་འཁོར་ལ་བསྐོར་བ་ལྡན་གསུམ་བྱས་པའི་རྗེས་ལ། རིགས་ཀྱི་མེ་ཏོག་ཚོམ་བུ་འམ། བུམ་པ་ལ་སོགས་པ་ལ་དོར་བར་བྱ་ཡིས། རྡུལ་ཚོན་ལ་ནི་མ་ཡིནོ་ཞེས་བྱ་བའི་དོན་ཏོ།། གང་གིས ་གནསུ་མེ་ཏོག་ལྷུང་གྱུར་དེ་ནི་དེའི་རིགས་ངེས་མིའི་བདག་པོ་སྐྱེ་ཞེས་བྱ་བ་ནི། ཕྱི་ནས་མེ་ཏོག་བབས་པའི་རིགས་ཀྱི་ལྷོ་དང་རྗེ་སུ་མཐུན་པའི་ལས་ཀྱི་ཕྱག་རྒྱ་བཟུང་ན་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ།། དེ་ནས་རིགས ་ཀྱི་ལྷ་ལ་སོགས་པ་ཡང་བསྟན་པར་བྱའོ།། ཕྱི་ནས་དབང་བདུན་དང་ནི་རྣམ་གསུམ་བླ་མེད་ཆེན་པོ་འདིར་ནི་སྦྱིན་པར་བྱ། ཞེས་བྱ་བ་ནི། སློབ་དཔོན་ལས་ཀྱི་གོ་རིམས་ཡིན་ཏེ། དེ་ཡང་སློབ་དཔོན་དཀྱིལ་འཁོར་གྱི་ཤར་གྱི་སྒོར་དཀྱིལ ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། ལྷ་རྣམས་གཡས་བརྐྱང་བ་དང་། གཡོན་བཞུགས་པ་དང་བཞེངས་པའི་རྗེ་སུ་མཐུན་པར་གནས་ཏེ། ཆུ་ལ་སོགས་པས་སློབ་མ་ལ་དབང་བསྐུར་བར་བྱའོ།། དེ་ཡང་རྣམ་བདུན་ཞེས་བྱ ་བ་ནི་ཆུ་ལ་སོགས་པ་བདུན་ཏེ། བྱིས་པ་རྣམས་གཞུག་པ་ཡིན་ལ། རྣམ་གསུམ་ཞེས་བྱ་བ་ནི་བུམ་པ་དང་། གསང་བ་དང་ཤེས་རབ་ཡེ་ཤེས་ཏེ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་བླ་མེད་ཆེན་པོ་ཞེས་བྱ་བ་ནི་འཇིག་རྟེན་ལས ་འདས་པའི་དབང་ཡིན་ཏེ། དེ་ནི་འཇིག་རྟེན་པའི་རྗེས་ཐོག་སུ་སྦྱིན་གྱི་སྔོན་དུ་ནི་མ་ཡིནོ།། ད་ནི་དབང་བདུན་གྱི་ཆོ་ག་བརྗོད་པར་བྱ་བའི་ཕྱིར། སྨན་དང་དྲིར་ལྡན་ཞེས་བྱ་བ་ལ་སོགས་པ་ལ། སྨན་ནི་སྔོན་དུ་རྩ་བའི་རྒྱུད་ལ་སོགས་པ་གསུང ་པའི་དྲིའི་མཆན་ཁུང་གི་ལེའུ་ཚེ་ལས་མིག་ལ་སོགས་པའི་ཆོས་བཟུང་བར་བྱ་སྟེ། ལེའུ་ཚེས་ཉི་ཤུ་རྩ་ལྔའི་དབུས་ནས་ཇི་ལྟར་རྙེད་པ་རྒྱུད་ལས་གསུངས་པའི་ཆོ་གས་སྨན་ལྔ་བཟུང་བར་བྱའོ།། དེ་ཡང་ཇི་སྐད་དུ་དང་པོའི་སངས ་རྒྱས་ལས། དྲི་མཚན་ལེའུ་ཚེ་རྒྱལ་པོ་ཀྱེ།། རིམ་པ་སྨན་རྣམས་དགོད་བྱ་བ།། མིག་དང་ཟླ་བ་མེ་སོགས་ཆས།། ཚངས་པ་ལ་སོགས་ལྷ་ལྔ་ཡིས།། ཚངས་པ་སྲེད་མེད་དྲག་པོ་དང་།། དབང་ཕྱུག་མ་དང་མཆོག་དབང་མ།། རྒྱལ་བྱིན་མ ་དཔལ་ཕག་མོ་དང་།། གཞོན་ནུ་ཙར་ཙི་ཀ་དེ་བཞིན།། ས་བདག་མོ་དང་ཆུ་དང་འོད་།། རླུང་སྟེ་དེ་བཞིན་མཁའ་སྤྱོད་མ།། མ་དང་སྲིང་མོ་བུ་མོ་དང་།། ཚ་མོ་དེ་བཞིན་སྒྱུག་མོ་དང་།། བྲམ་ཟེ་རྒྱལ་པོ་རྗེའུ་རིགས་དང་།། དམངས་རིགས་རིགས ་ངན་དེ་བཞིན་ཏེ།། སྨན་འདི་རྣམས་ནི་བརྟགས་པར་ཡང་།། གྲུབ་ཆེན་བརྒྱ་དང་རྫུ་འཕྲུལ་སྟེར།། ཞེས་དེ་བཞིན་གཤེགས་པས་གསུང་སོ།། དེ་བས་ན་སྨན་དང་དྲི་དེ་རྣམས་ནི་བུམ་པའི་ནང་དུ་ཐུག་པར་བྱ་བ་ཡི་ནོ།། རྒྱལ་དང ་རྣམ་རྒྱལ་ཞེས་བྱ་བ་ནི།། གཙོ་བོ་དང་ལས་ཐམས་ཅད་པའི་བུམ་པའོ།། ས་བུམ་རང་བཞིན་དག་གམ་ཞེས་བྱ་བ་ནི། སྤྱིར་བུམ་པ་ཐམས་ཅད་ནི་རིན་པོ་ཆེ་དང་རྡོ་རྗེ་རིགས་ལས་བྱ་བ་ཡིན་ལ་དེ་མ་འབྱོར་པས་ནི་སྡེའི་རང་བཞིན་ལས་ཀྱང་བྱ་ཞེས ་བྱ་སྟེ། འོན་ཀྱང་ནང་དུ་རིན་པོ་ཆེ་དང་། འབྲུ་དང་སྨན་བླུགས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་རིན་པོ་ཆེ་ལས་ནི་བྲམ་ཟེ་ལ་སོགས་པའི་རིགས་ཅན་ཞིག་གཙོ་བོ་ཡིན་ལ། དེ་བཞིན་རྡོ་རྗེ་རིགས་ནི། ཨིནྡྲ་ནཱི་ལ་དང་། པདྨ་རཱ་གྲ་དང་། ཆུ་ཤེལ ་དང་ཀར་ཀེ་ཏ་དང་། མརྒང་དེ་གཙོ་བོ་ཡི་ནོ།། དེ་བཞིན་དུ་ལྕགས་གསུམ་སྟེ། གསེར་དངུལ་ཟངས་རྣམས་དང་། ལྕགས་ཟངས་རྣོན་པོའི་ནི་གཞ་ནོ།། དེ་བཞིན་དུ་རིན་པོ་ཆེ་འབྲིང་ནི། མུ་ཏིག་བྱུ་རུ་རྒྱལ་པོའི་ཆེས།། ཤུ་ལ་ནོར་བུ་ཐིག་ལེ་དང་། ་རྣམ་པ་དྲུག་ཏུ་རབ་ཏུ་བརྗོད།། རིན་པོ་ཆེ་ཐ་མའི་རིགས་ནི་ཤེལ་དང་སྲོག་ཅེས་བྱ་བའི་རིགས་དང་། འོད་ཧ་རི་དང་། མཆིང་བུ་དང་། ནོར་བུ་ལྗང་བཀུའི་རིགས་རྣམས་ཏེ། དེ་ལྟར་རྙེད་པ་བཟུང་བར་བྱ་ཞེས་བྱ་བའོ།། དེ་མེད་པས་མེ་ཏོག་ཞིམ་པ ་ཁ་དོག་ལྔས་ཀྱང་བླུག་པར་བྱའོ།། ཡང་རྣམ་པར་རྒྱལ་བའི་སྟེང་གི་དུང་ཆོ་སུ་རིན་པོ་ཆེ་ལྗང་ཁུ་བླུག་པར་བྱའོ།། རིན་པོ་ཆེ་སྔོན་པོ་ནི་ཤར་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པར་བླུགསོ།། ཤར་དང་མེའི་བུམ་པར་ནག་པོའོ།། ་ལྷོ་དང་བདེན་བྲལ་གྱི་བུམ་པར་དམར་པོའོ།། བྱང་དང་དབང་ལྡན་གྱི་བུམ་པར་དཀར་པོའོ།། ནུབ་དང་རླུང་གི་བུམ་པར་སེར་པོའོ།། དེ་བཞིན་སྨན་རྣམས་ལས་ཆ་གཅིག་རྒྱལ་དང་རྣམ་པར་རྒྱལ་བའི་བུམ་པརོ།། ཤར་དུད་མེ་རུ་ཆུ་གཉིས་པའོ།། ་གཤིན་རྗེ་དང་ལྷ་མིན་དུ་ཆ་གསུམ་པའོ།། བྱང་དང་དབང་ལྡན་དུ་ཆ་བཞི་པའོ།། ནུབ་དང་རླུང་དུ་ཆ་ལྔ་པའོ།། དེ་ལྟར་ན་ཉི་ཤུ་ལྔ་པོ་དེ་ཡང་ཐུར་བུར་བཅིངས་པ་བུམ་པ་ལ་དགོད་པར་བྱའོ།། བཞི་བརྒྱད་ཅེས་བྱ་བ་ནི་རྟེན་གྱི་བྱེ་བྲག་གིས ་བུམ་པའི་གྲངས་བསྟན་པ་ཡིན་ལ། དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བ་ལ་བུམ་པ་བཅུའོ།། དགེ་ཚུལ་ལ་དྲུག། ཁྱིམ་པ་ལ་གཅིག་སྟེ། དེ་ཡང་བཞི་ནི་དགེ་ཚུལ་གྱི་ཡིན་པས། རྒྱལ་བ་དང་རྣམ་པར་རྒྱལ་བའི་གཉིས་ཏེ་དྲུག། བརྒྱད ་ནི་དགེ་སློང་ལ་སྟེ། རྒྱལ་བ་དང་རྣམ་པར་རྒྱལ་བ་དང་བཅུའོ།། ཁྱིམ་པའི་དབང་ལྔ་རྒྱལ་བ་དང་རྣམ་པར་རྒྱལ་བ་གང་ཡང་གཅིག། དེ་དག་གི་དབང་བསྐུར་བའི་གནས་ལྔ་སྟེ། གཙུག་ཏོར་དང་ཕྲག་པ་གཡས་གཡོན་དང་། གྲུ་མོ་གཡས ་གཡོན་དང་། རྐུབ་ཆོས་དང་། ཆུ་སོ་རྣམས་ལའོ།། དེ་ནས་རིགས་ཀྱི་ལྷ་སྦྱང་བའི་ཕྱིར་ཨོཾ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་སློབ་དཔོན་གྱི་མེ་ཏོག་ལ་མངོན་པར་བསྔགས་ཏེ། སློབ་མས་དོར་དུ་གཞུགོ། དེའི་རྗེས་ལ་ཨོཾ ་དི་བྱ་ན་ས་མུདྒྷ་ནཱ་ཡ་མི། ཞེས་བྱ་བས་མིག་ཕྱེ་ལ། དཀྱིལ་འཁོར་གྱི་གཙོ་བོ་སྔོན་དུ་འགྲོ་བས། དཀྱིལ་འཁོར་མ་ལུས་པ་དང་། རིགས་ཀྱི་ལྷ་མོ་བསྟན་པར་བྱའོ།། དེ་ནི་ཤར་སྒོ་ནསོ།། དེ་ནས་སློབ་དཔོན་གྱི་ལག་པ་གཡོན་པས་སློབ་མ ་བསྐུལ་ཏེ། ལས་ཀྱི་རྡོ་རྗེ་དང་ལྷན་ཅིག་དཀྱིལ་འཁོར་ལ་བསྐོར་བ་བྱཱ་སྟེ། བྱུང་སྐོར་བཏྟཱ་ལ། ལུས་ཀྱི་དྲིམ་ཀུན་རྫོབ་ཙམ་དུ་སྦྱང་བའི་ཕྱིར། སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བུམ་པ་ཐམས་ཅད་ནས་ཆུ་བླངས ་ཏེ་རྣམ་རྒྱལ་གྱི་དུང་ཆོས་བླུགས་ལ། ཡང་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་སྟེ། ཨོཾ་ཨ་ཨི་རཱྀ་ཨུ་ལྀ་པཉྩ་རྡྷ་ཏུ་གི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགསསོ།། དེ་ནས་ཅོད་པན་གྱིས་ཀྱང་། སྐྱེ་བའི་གནས་ལྔར་དབང་བསྐུར་ཏེ། ཨོཾ་ཨཱ་ཨ ་ཨཱི་རཾ་ཨཱུ་ལ~ཾ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བས་དབང་བསྐུར་བར་བྱའོ།། རིན་པོ་ཆེ་འམ་གསེར་རམ་གོས་ལས་བྱས་པ་མིག་ལ་བཅིང་བར་བྱའོ།། དེ་ལྟར་དབང་གཉིས་ཀྱི་ཁམས་དང་ཕུང་པོ་ཡོངསུ་སྦྱངས་པས་ཀུན་རྫོག་ཏུ་ལུས ་རྣམ་པར་དག་པར་འགྱུརརོ།། དེ་ནས་སྐུའོ་ཞལ་གྱི་ཤར་གནསུ་སྦྱང་བར་བྱའོ།། དེ་ནས་ཡང་གཡས་བསྐོར་གྱིས་ངག་རྣམ་པར་དག་པའི་ཕྱིར་ལྷོའི་སྒོར་སོང་སྟེ་སྐྱེ་བའི་གནས་ལྔར་དར་དཔྱངས་ཀྱིས་དབང་བསྐུར་བྱ་སྟེ། ཨོཾ་ཨཱ་ཨཱ་ཨཱཾ་ཨ ་ཧཱ་ཧཱ་ཧེ་ཧཱཿཧོ་ཕེཾ་ད་ཤྲ་པཱ་རི་མི་ཏཱ་པཱ་རཱི་པཱུ་ར་ཎེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ནི་རིན་པོ་ཆེ་འམ་གསེར་རམ། མ་འབྱོར་ན་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་ངར་དབྱངས་བཅིངས་པར་བྱའོ།། དེ་ནས་ཡང་སྐྱེས་པའི་གནས་ལྔར་རྡོ་རྗེ་དང ་དྲིལ་བུའི་སྔགས་འདིས་བསྐུར་ཏེ། ཨོཾ་ཧཱུ~ཾ་ཧོཿསཱུརྱ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ་ཞེས་བྱ་བས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ལ། དུང་ཆོས་ཀྱི་ཆུས་དབང་བསྐུ་རོ།། དེ་ལྟར་དབང་གཉིས་ཀྱི་གསུང་རྡོ་རྗེ་དག་པར་བྱས་ནས་རྡོ་རྗེས་སོར་གདུབ་སྦྱིན་ཏེ་གཡས ་ནས་བསྐོར་ལ་ཤར་གྱི་སྒོའི་ཞལ་དུ་ཐུགས་རྡོ་རྗེ་དག་པར་བྱ་བའི་ཕྱིར་སྐྱེ་བའི་གནས་ལྔར་བརྟུལ་ཞུགས་ཀྱི་དཔུང་སྔགས་འདིས་བསྐུར་བར་བྱའོ།། ཨོཾ་ཨ་ཨཱ་ཨེ་ཨ~ཾ་ཨ་ཨཱར། ཨ་ཨོཾ། ཨལ་ཨཱལཱ་ག་ཥནྣ་སྱ་བ་ཤོ་དྷཱ་ནི་སྭཱདྡྷ། ་ཞེས་བྱ་བས་སོ།། དེ་རྣམས་རྣ་བ་ལ་སོགས་པའི་མེ་ཏོག་ཕྲེང་བ་བཏགས་ཏེ། ཡང་སྐྱེ་བའི་གནས་ལྔར་མིང་གི་དབང་བསྐུར་བའི་སྔགས་འདིས། ཨོཾ་ཧཱ་ཧཱ། ཡ་ཡཱ། ར་ཪྵ། ཝ་ལྤཱ། ལཱ་ལྤ། ཙ་ཏུརྦཧྨ་བི་ཧ་ར་བི་ཤོ་དྷ་སྭཱ་ཧཱ། ཞེས་བྱ་བ་སྟེ། ་ལག་གདུབ་དང་། རྐང་གདུབ་ལ་སོགས་པ་མེད་པར་གྱུར་ན། རྐང་ལག་ག་ལ་མེ་ཏོག་ཕྲེང་བས་བཅིང་བར་བྱའོ།། དེ་ནས་ལུང་བསྟན་པའི་དབང་ནི། རྡོ་རྗེ་ཆེ་གེ་མོ་ཁྱོད་ཅེས་བྱ་བ་སྟེ། དེ་ལྟར་དབང་གཉིས་ཀྱི་ཐུགས་རྡོ་རྗེ་དག་པར་བྱས ་ནསཡང་ཡེ་ཤེས་དག་པར་བྱ་བའི་དོན་དུ། སླར་སློབ་མ་གཡས་ཕྱོགས་ནས་ནུབ་སྒོའི་ཞལ་དུ་རྗེསུ་གནང་བའི་དབང་། སྔགས་འདིས་སྐྱེ་གནས་ལྔར་བསྐུར་ཏེ། ཨོཾ་ཛཱ་ནཱ་དྷརྨྨ་ཙཀྲ་པྲ་བརྞ་ཀ་སྭཱཧཱ། ཞེས་བྱ་བས་དབང་བསྐུར་ནས་ལུས ་ངག་ཡིད་ཡེ་ཤེས་ཀྱི་རྡོ་རྗེ་དག་པར་བྱའོ།། དེ་ནས་རྡོ་རྗེ་དྲིལ་བུ་རབ་སྦྱིན་སྙིང་རྗེ་མཆོག་གི་དག་པའི་ཆོས་ནི་བསྟན་པར་བྱ་ཞེས་གསུངས་ཏེ། སློབ་དཔོན་གྱི་སློབ་མ་ལྷ་རྡོ་རྗེ་ཆེ་གེ་མོ་ཞིས་བོས་ལཱ། ལག་དུ་རྡོ་རྗེ་དང་དྲིལ་བུ་སྦྱིན་པར་བྱའོ།། ་དེ་ནས་དག་པའི་ཆོས་ཞེས་བྱ་བ་འདི་ལྟ་སྟེ། རྡོ་རྗེ་རིགས་ཀྱི་ངོས་པོར་སྲོག་བཅད་ཅེས་བྱ་བ་ནི། དཀྱིལ་འཁོར་དུ་ནི་ཡང་དག་པར་སྦྱིན་ཞེས་བྱ་བ་ལ་ཐུག་པའི་ཚིག་སུ་བཅད་པ་ཕྱེད་དང་གཉིས་བསྟན་པར་བྱའོ།། དེས་ནི་དབང་བདུན་གྱི་ཆ ་ག་ཡོངསུ་རྫོགས་པ་ཡིན་ཞིང་། དེ་ནས་ཕུ་ནུའི་རིམ་པ་ཤེས་པར་བྱ་བའི་དོན་དུ། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བསམ་ཞིང་། ལོ་ལ་སོགས་པའི་ཚིགས་བརྗོད ་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང་། རིགས་ལྡན་རྒྱལ་པོ་ཆོས་སྟོན་པ་ཆེ་གེ་མོ་དང་། ཟླ་བ་ཆེ་གེ་མོ་དང་། ཉ་ཆེ་གྲེ་མོ་དང་། གཟའ་ཆེ་གེ་མོ་དང་། ཚེས་ཆེ་གེ་མོ་དང་། སྦྱོར་བ་ཆེ་གེ་མོ་དང་། བྱེད་པ་ཆེ་གྲེ་མོ་དང་། ལ་སྔོགས་ཀྱི་དང ་པོའི་སངས་རྒྱས་སམ། དཀྱིལ་འཁོར་གཞན་དུ། རྡོ་རྗེ་སློབ་དཔོན་ཆེ་གེ་མོས། སློབ་མ་ཆེ་གེ་མོ་ལ་གཙོ་བོ་ཉིད་ཀྱི་སེམས་ཅན་ཐམས་ཅད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་དང་། འཇིག་རྟེན་པའི ་དངོས་གྲུབ་བསྒྲུབ་པའི་འོག་མིན་གྱི་གནས་ཀྱི་མཐར་ཐུག་པར་བདག་གིས་ལུང་བསྟན་པ་དང་རྗེསུ་གནང་བ་ཡིན།། ཞེས་བྱ་བ་ནི་དབང་བདུན་གྱི་ངེས་པའོ།། གཞན་ཡང་འདྲི་ལྟར་རྒྱུད་གཞན་དུ་དེ་བཞིན་གཤགས་པ་ལྔའི་རྣམ ་པར་དག་པར་དབང་སྔར་གང་གསུངས་པ་དེ་བྱིས་པའི་སྐྱེ་བོ་རྣམས་བཞུགས་པ་ཡིན་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཡིན་པ་དྲི་ལྟ་ན་ནི་རྒྱུད་ཐམས་ཅད་ལ་ནི་དཀྱིལ་འཁོར ་ལ་མེ་ཏོག་བབས་པ་རིགས་ཀྱི་ལྷར་གསུངས་པ། དེ་བས་ན་ཇི་ལྟར་འཐད་པར་འགྱུར། དེའི་ཕྱིར་མེ་ཏོག་གང་ལ་བབས་པ་དེ་དང་། རིགས་ཀྱི་ཕྱག་རྒྱ་དེས་དེ་ལ་འགྲུབ་པར་འགྱུར་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ།། ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། སངས་རྒྱས་ལྔ་བདག་ཅོད་པན་ཅན།། ཞེས་གསུངས་པ་དེའི་ཕྱིར། གང་ལ་མེ་ཏོག་ལྟུང་བ་དེ་སྟོང་པན་གྱི་གཙོ་བོར་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་མ་ཡིནོ།། དྲ་ནི་རྣམ་པར ་དག་པ་གཞན་བརྗོད་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་སྲོག་བཅུད་བྱ་ཞིང་ཞེས་བྱ་བ་ལ་སོགས་པས་འདིར་སྲོག་བཅད་པ་ལ་སོགས་པའི་དམ་ཚིག་ནི། དྲང་བ་དང་ངེས་པའི་དོན་གྱི་རྣམ་པ་གཉིས་ཏེ་ཕྱི་དང་ན་།། དེ་ལ་ཕྱི་ནི་གང་བཅོམ ་ལྡན་འདས་ཀྱིས་སྲོག་བཅད་པར་བྱ་བར་གསུངས་པ་དེ་ནི། མཚམས་མེད་པ་ལྔ་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང་། དམ་ཚིག་འབྲལ་བ་རྣམས་ལ་ངེས་པ་ཡིན་པས། དེ་བས་ན་གང་མ་སྡེ་པ་ལྷ་བྱེད ་པ་དེ་སྔ་ཕྱིར་ཤེས་པར་བྱ་སྟེ། འདིར་གང་གི་དངོས་པོ་མཚམས་མེད་པ་ལ་སོགས་བྱེད་པ་ལ་ཕྱིས་མི་བྱེད་པ་དེ་ལྟ་ན་སྐད་ཅིག་ཙམ་གསད་པར་བྱ་སྟེ། དཔེར་ན་ཆོས་རྒྱལ་མྱ་ངན་མེད་པ་ལྟ་བུའོ།། དེ་བྲས་དེ་ལས་གཞན་པ་དགེ་བ ་དང་མི་དགེ་བའི་མཚན་ཉིད་ཤེས་པ་དང་། མངོན་པར་ཤེས་པ་མ་ཐོབ་པ་རྣམས་ཀྱི་བསད་པའི་ལས་བྱས་ན་ངེས་པར་དམྱལ་བར་འགྲོ་བར་འགྱུརརོ།། དེ་བས་ཇི་སྲིད་དུ་རྣལ་འབྱོར་ལ་མངོན་པར་ཤེས་པ་ཐོབ་པར་མ་གྱུར་པ ་དེ་སྲིད་དུ་སྔགས་པས། ཞི་བ་དང་རྒྱས་པ་དང་དབང་དགུག་ལ་སོགས་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ།། དེ་སྲི་དུ་བརྫུན་དུ་སྨྲ་བ་བླ། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟེན་པ་དང་། ་རིགས་དང་རིགས་མ་ཡིན་པ་བགྲོད་པ་དང་། རླུང་གཱི་ལུས་ཀྱི་མཐར་གཏུགས་པ་སྦྱིན་པ་སྦྱིན་པར་བྱ་བ་ནི་གཞན་གྱི་དོན་དུ་ཡནྡ་བྷཱི་བདག་གི་དོན་དུ་མ་ཡིན་པ་ནི་ངེས་པའོ།། གང་འདིར་ཇི་སྲིད་འཚོའི་བར་དུ ་མཚམས་མེད་པ་ལྔའི་ལས་བྱེད་པ་དེ་ལྟ་ན་ནི་སྔོན་དུ་གསུངས་པའི་ཁྲོ་བོའི་རིག་སྔགས་ཀྱི་བསྔགས་པོ་སྒྲུབས་ཏེ། བཅོམ་ལྡན་འདས་མི་བསྐྱོད་བའི་ཏིང་འཛིན་འདིས་བསྲང་བར་བྱ་ཞེས་པ་ནི་ངེས་པའོ།། གཞན་ཡང་ལམ་མ་ཡིན ་པར་ལྷུང་བ་རྣམས་དྲང་བའི་ཕྱིར། རྫུན་དུ་སྨྲ་ཡི། རང་གི་དོན་དུ་མ་ཡིན་པ་ནི་ངེས་པའོ།། དེ་བཞིན་དུ་མ་བྱིན་པར་བླང་བ་ཡང་ཡི་དགས་ཀྱི་གན་སུ་འགྲོ་བ་ལས་ལྡོག་པའི་ཕྱིར་ཡིན་གྱི་རང་གི་དོན་དུ་མ་ཡིནོ།། དེ་བཞིན་དུ་གཞན ་གྱི་བུད་མེད་ལ་བགྲོད་པ་ཡང་། དུད་འགྲོའི་གནས་ལས་བཟློག་པའི་དོན་དུ་ཡིན་གྱི། རང་གི་འདོད་ཆགས་ཀྱི་དོན་དུ་མ་ཡིན།། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ་རིགསུ་འཛིན་པ་འཇོམས་པའི་དོན་ཡིན་གྱི། གཞན ་ཡང་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཕྱིར། རིགས་ངན་པ་ལ་སོགས་པའི་མི་མོ་རྣམས་ལ་བརྙས་པར་མི་བྱའོ།། གཞན་ཡང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྦྱིན་པ་རྒྱ་ཆེན་པོ་ཡང་བཏང་བར་བྱའོ།། འདི་ལྟར་རལ་གྲི་དང་རིན ་པོ་ཆེ་དང་གྲི་གུག་གི་རིགས་རྣམས་ཀྱིས་སྔགས་བསྒྲུབས་ཏེ། ནུས་པ་དང་ལྡན་པའི་རྣལ་འབྱོར་པས་ཐམས་ཅད་བྱ་ཞིང་། འཇིག་རྟེན་པའི་བཞད་པ་གང་དུ་མི་འགྲོ་བར་འགྱུརརོ་ཞེས་པ་ནི་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན ་བརྗོད་པར་བྱ་སྟེ། འདི་ན་ལུས་ཅན་རྣམས་ཀྱི་རང་རང་གི་ལུས་ཀྱི་སྲོག་ལྟུང་བར་བྱས་པ་ནི་སྲོག་བཅད་པའོ།། རྡོ་རྗེའི་རིགས་ཤེས་པ་ནི། གཙུག་ཏོར་དུ་འགོག་པར་བྱ་བ་སྟེ། སྲོག་བཅད་པ་ངས་རྣལ་འབྱོར་བྱང་ཆུབ་ཀྱི་སེམས་སྟེང་དུ་བཏང ་བ་ནི་ངེས་པའོ།། རལ་གྲི་ཡིས་ནི་བརྫུན་གྱིས་ངག་ཅེས་བྱ་བ་ནི། འདིར་བརྫུན་ཞེས་བྱ་བ་ནི་དྲང་དོན་དུ་མི་གནས་པའི་ངག་ཡིན་ལ། དེས་དོན་དུ་སེམས་ཅན་གྱི་སྒྲ་སྐད་ཀྱིས་ཅིག་ཅར་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བྱེད་པའོ།། ་དེ་ཉིད་སྙིང་གའི་གཞོམ་དུ་མེད་པའི་སྒྲ་ནི་ངེས་པའོ།། རིན་པོ་ཆེའི་གཞན་གྱི་ནོར་འཕྲོག་ཅེས་བྱ་བ་ནི། འདིར་གཞན་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཡིན་ལ། དེའི་ནོར་བུ་རིན་པོ་ཆེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཞིང་དེ་འཕྲོག་པས ་ནཱི་རིན་པོ་ཆེའི་རིགས་ཏེ་མགྲིན་པས་བརྒྱད་པའི་གན་སུ་ངེས་པའོ།། རིགས་མཆོག་པདྨ་ཡིས་ཀྱང་ཕ་རོལ་བུད་མེད་འཕྲོག་ཅེས་བྱ་བ་ནི་འདིར་ཕ་རོལ་གྱི་བུད་མེད་ནི། ཕྱག་རྒྱ་ཆེན་མོ་ཡིན་ལ། ངེས་འཕྲོག་པས་ནི་ཕ་རོལ་བུད་མེད་འཕྲོག་པ ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དཔྲལ་བ་པདྨའི་རིགས་བཅུའི་གྲན་སུ་སླེབ་པ་དྲིས་པའོ།། ཆང་དང་མར་མེ་སངས་རྒྱས་ཡུལ་རྣམས་བཟང་པོ་མ་ལུས་འཁོར་ལོར་བསྟེན་པར་བྱ་ཞེས་བྱ་བ་ལ་འདིར་ཆང་ནཱི། ལྷན་ཅིག་སྐྱེས་པའི་དགའ་བ་ཡིན ་ཞིང་མར་མེ་ཞེས་བྱ་བ་ནི་གླང་དང་ཁྲི་ལ་སོགས་པ་དང་། མི་མཐུན་པའི་དངོས་པོ་ལྔ་པོ་ནང་དུ་བསྡུ་བའོ།། སངས་རྒྱས་ནི་བདུད་རྩི་ལྔ་སྟེ། འཁོར་ལོ་ནི་བདེ་བའི་པདྨའོ།། བསྟེན་པར་བྱ་བ་ནི་བཟའ་བ་ཡིན་ཏེ། ཏིང་འཛིན་གྱི་སྟོབས་ཀྱིས ་བཤང་ལྕི་དང་ཁུ་བ་མི་འཛག་པར་བྱེད་པ་ནི་ངེས་པའི་དོན་ཏོ།། རིགས་ངན་ལ་སོགས་ཞེས་བྱ་བ་ནི། རིགས་བཞིའི་བུད་མེད་ཡིན་ལ། གྲི་གུག་ཅེས་བྱ་བ་གསང་བའི་པདྨའོ།། ན་མཁའི་པདྨོ་ཞེས་བྱ་བ་ནི། ཆགས་པ། ་མེད་པའི་ཏིང་འཛིན་གྱིསོ།། བརྙས་མི་བྱ་ཞེས་བྱ་བ་ནི་སྐྱེ་གནས་ལ་བསྲུབ་པའི་དུསུ་ཚངས་པར་སྤྱོད་པའི་དབང་གིས་ཕྱི་རོལ་དུ་བྱང་ཆུབ་སེམས་མི་གཏོང་བ་ནི་ངེས་པའི་དོན་ཏོ།། རང་ལུས་ནོར་བཅས་སེམས་ཅན་དོན་དུ་སྦྱིན་གྱིས ་འདིར་ནི་ཁྱོད་ཀྱི་བསྲུང་མི་བྱ་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སློབ་མ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ལ་རང་གི་ལུས་པོ་བུ་སྨད་དང་བཅས་ཤིང་། བདོག་པ་ཕུན་སུམ་ཚོགས་པ་དབུལ་བའོ།། དེ་ཡང་འདི་ལྟར་བསོད་ནམས་དང ་ཚུལ་ཁྲིམས་ཀྱི་ཚོགས་འདི་གཉིས་ཀྱི་ཡེ་ཤེས་རྫོགས་པ་ཡིན་ལ། ཚོགས་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུརརོ།། ཀྱེ་རིགས་ཀྱི་བུ་རྣམས་ཤེས་བྱ་བའོ།། དེ་ལྟར་བསྟན་པ་ལས་གཞན་དུ་དཔག་མེད་བསྐལ ་ཡིས་ཀྱང་སངས་རྒྱས་མིན་པར་རྒྱལ་བས་གསུང་སོ།། རིགས་ཀྱི་བུ་ཞེས་བྱ་བའི་དོན་ཏོ།། རྣམ་པར་དག་པའི་ཆོས་བསྟན་པ་སྟེ། རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་ཏོ།། ང་ནི་དབང་གི་རྣམ་པར་དག་པ་བརྗོད་པའི་ཕྱིར། ཆུ་ནི་སྒྲོལ་མ་ཞེས་བྱ་བ ་ལ་སོགས་པ་གང་ཡང་འདིར་ཆུའི་དབང་སྟེ། རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པའི་སྐུའོ།། དེ་བཞིན་དུ་ཅོད་པན་གྱི་དབང་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ལྔ་རྣམ་པར་དག་པའོ།། དཔའ་བོའི་དང་དབྱངས ་ཀྱི་དབང་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཡོངསུ་དག་པར་བྱ་བའི་དོན་དུ་སྦྱིན་པ་ལ་སོགས་པ་ནུས་མ་བཅུའོ།། རྡོ་རྗེ་དང་དྲིལ་བུའི་དབང་གིས་ལ་ལཱ་ནཱ་དང་ར་ས་ནཱ་རྣམ་པར་དག་པ་སྟེ། སྒྲིབ་པའི་ཉི་མ་དང་ཟླ་བའོ།། བརྟུལ་ཞུགས་ཀྱི་དབང ་ནི་ཡུལ་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་དབང་པོ་ལྔ་རྣམ་པར་དག་པ་སྟེ། ལྷའི་སྤྱན་ལ་སོགས་པ་འཇུག་པ་ཡི་ནོ།། མིང་གི་དབང་ནི་བྱམས་མ་ལ་སོགས་པའི་རྣལ་འབྱོར་ཏེ། ཚངས་པའི་གནས་བཞི་ལ་གནས་ནས ་དུས་ཐམས་ཅད་དུ་ཆགས་པ་དང་ཞེ་སྡང་ལ་སོགས་པ་སྒྲིབ་པ་མེད་པར་རྣམ་པར་དག་པའོ།། གནང་བའི་དབང་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཆོས་སྟོན་པའོ།། དེ་ཡང་སྲིད་པའི་འཇིགས ་འཇོམས་ཤེས་བྱ་སྟེ། གཞན་ལ་ཕན་པའི་ཕྱིརརོ།། དུས་ཀྱི་འཁོར་ལོའི་རིགས་ཞེས་བྱ་བ་ནི་མི་འཕོ་བའི་བདེ་བ་རྗེ་སུ་རིགས་པའི་སྟོང་པ་ཉིད་བསྟན་པ་དེ་ངེས་པའོ།། སྡིག་པའི་དྲི་མ་འཇོམས་པའི་དབང་བདུན་འདི་ནི་དཀྱིལ་འཁོར་དུ་ནི ་ཡང་དག་སྦྱིན་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་སློབ་མ་རྣམས་ལའོ།། རྡོ་རྗེ་སློབ་དཔོན་རྣམས་ཀྱི་དབང་བདུན་སྦྱིན་པ་ནི། དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་དབང་གི་འབྲས་བུ་བརྗོད་པར་བྱ་སྟེ། དབང་བདུན་བསྐུར་བའི་དགེ་བའི ་ཤུགས་ཀྱིས་ཞེས་བྱ་བ་ལ་འདིར་གལ་ཏེ་དཀྱིལ་འཁོར་ཆེན་པོ་འདིར་དབང་བསྐུར་ཏེ། དམ་ཚིག་མ་ཉམས་ན་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ལ། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བྱས་ན་ནི། ལུས་འདི་ཉིད་ཀྱིས་ས་བདུན ་ཐོབ་ཅིང་། གཞན་དུ་ན་མི་དགེ་བ་བཅུ་སྤངས་ཤིང་། དགེ་བའི་ཤུགས་ཀྱི་ས་བདུན་གྱི་དབང་ཕྱུག་ཏུ་འགྲོ་བར་ངེས་པའོ།། བུམ་པ་གསང་བའི་དབང་བསྐུར་ཡང་ཕྱིར་མི་ལྡོག་སོགས་ངེས་པར་རབ་ཏུ་འཇུག་ཅེས་བྱ་བ ་ནིཿའདིར་བུམ་པ་དང་། གསང་བའི་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་སྟོབས་ཡིན་ལ། ཕྱིར་མི་ལྡོག་པ་ནི་མི་གཡོ་བཱ་སྟེ། གང་མྱི་གཡོ་བའི་སྒྲ་དེ་ནི་པདྨ་བསྲུབ་པ་ལས་བྱང་ཆུབ་སེམས་མི་གཡོ་བ་ཡིན་ཞིང་། ལེགས་པའི་བློ་གྲོས་ནི་རྒྱུ ་དེས་བདེ་བ་ཆེན་པོ་སེམས་ཏེ་འཕོ་བ་མེད་པའོ།། ཤེས་རབ་ཡེ་ཤེས་མངོན་པར་དབང་བསྐུར་བས་ཞེས་བྱ་བ་ནི། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཡིན་ལ། འཇམ་དབྱངས་ཉིད་དུ་ཞེས་པ་ནི་སྲིད་པ་འཇུག་པའོ།། འགྱུར་ཞེས་པ་ནི་ཆོས ་ཀྱི་སྦྱིན་དུ་འགྲོ་བ་ཡིན་ལ་འདིར་ཆོས་ཀྱི་སྤྲིན་ཡང་དེ་དག་དང་གཞན་གྱི་དོན་བྱེད་ནུས་པའི་བདེ་བ་ཆེན་པོ་བཟླས་པ་སྟེ། དེ་བཞིན་གཤེགས་པའི་ངེས་པའོ།། དེ་བས་ན་འདི་ལྟར་བསོད་ནམས་ངང་ཚུལ་ཁྲིམས་ཀྱི་ཚོགས་གཉིས་སྔོན་དུ ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའི་དབང་གིས་ས་བཅུ་གཉི་སུ་རྣལ་འབྱོར་པ་རྣམས་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། གཞན་ཡང་གཡོ་བའི་དབང་གི་རྩ་བའི་ལྟུང་བ་བརྒྱ་ལམ་བྱུང་ན་ཞེས་པ་ནི། དབང་ལ ་གནས་ཀྱི་རྗེས་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པའི་དབང་གིསོ།། འདི་ནི་ཞེས་པ་ནི་དབང་འདི་ཉིད་སླར་ཕྱིན་ཅི་ལོག་སྟེ་སྤྱད་པའི་དབང་གི་དམྱལ་བའི་སྡུག་བསྔལ་དུ་འགྱུར་བ་ནི་ངེས་པའོ།། དབང་བདུན་ལ་གནས་ཡོན་ཏན ་ལྡན་ན་རྩ་བའི་ལྟུང་བ་དག་པར་འགྱུར་ཞེས་བྱ་བས་ནི། རྩ་བའི་ལྟུང་བ་འབྱུང་བའི་རྒྱུ་སྟོན་ཏེ། འདི་ལྟར་དབང་བདུན་ལ་གནས་པ་ལ་གལ་ཏེ་རྩ་བའི་ལྟུང་བ་བྱུང་བ་སྦྱང་བར་འདོད་པ་དེ་ལྟར་ན་ནི། དང་པོར་ངག་གི་བཟླས་པ་དཀྱིལ ་འཁོར་གྱི་ལྷའི་གྲངས་ཇི་སྙེད་པ་དེ་སྙེད་ལ། སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་འགྱུརརོ།། ཡོན་ཏན་ཞེས་པ་ནི། ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་ནའོ།། བརྟུལ་ཞུགས་ངེས་སྟོབས་བུམ་པ་གསང་བ་བརྒྱ་ལམ་ན་ཏེ་ཞེས་བྱ་བ་ནི། ་གལ་ཏེ་བུམ་པ་དང་གསང་བ་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བ་དེ་ལྟ་ན་ནི་བསོད་ནམས་དང་ཚུལ་ཁྲིམས་ཀྱི་འདག་གིས་གཞན་དུ་ནི་མ་ཡིནོ།། བརྟུལ་ཞུགས་ངེས་སྟོབས་ཤེས་པ་ནི། སླར་འདག་པར་འདོད་པ་གང་ཡིན་པ་དེ ་རྣམས་ལ། རྡོ་རྗེ་སློབ་དཔོན་གྱིས་ཆད་པའི་ལས་སྦྱིན་ཞིང་། དེས་ཀྱང་ཆད་པ་དང་དུ་ཐང་ལ་སྤྱད་པར་བྱའོ།། གོང་མ་ལ་ནི་དྲག་པར་མེད་ཅེས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ལ་གལ་ཏེ་རྩ་བའི་ལྟུང་བར་གྱུར་པ ་དེ་ལྟ་ན་ནི། གཞན་གྱིས་རྐྱེན་བྱས་པ་སྟེ། རྡོ་རྗེ་སློབ་དཔོན་ལ་སོགས་པས་ཆད་པ་བྱིན་པས་འདག་པ་མ་ཡིན་གྱི། འདིར་ནི་རང་གི་སེམས་རྣམ་པར་དག་པ་ཙམ་གྱིས་འདག་ལ། དེ་ཡང་བསོད་ནམས་དང་ཚུལ་ཁྲིམས་ཀྱིས ་སྟོབས་ཀྱི་དབང་གིས་རང་ལ་དབང་དུ་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནསུ་སོང་སྟེ། བདག་རང་གི་འདག་པར་བྱ་བ་ནི་སངས ་རྒྱས་པ་རྣམས་ཀྱིས་གཞུང་ངོ་།། གཞན་ཡང་གླང་སྔོན་མ་རྣམས་ནི་གཞན་གྱིས་རྐྱེན་གྱིས་འདག་ལ། ཤེས་རབ་ཡེ་ཤེས་ཅིའི་ཕྱིར་བདག་རང་གི་བྱང་བས་འདུག་པ་ཡིན་ཞེ་ན་དེ་ནི་འདི་ལྟར་འཇིག་རྟེན་ན་ཡ ་བྱིས་པ་ཆུང་ངུས་ཉེས་པ་བྱས་པ་ནི་མི་ཤེས་པས་བྱས་པ་ཡིན་པས། འཇིག་རྟེན་ན་ཁ་ན་མཱ་ཐོ་བ་ཆུང་བ་ཡིན་ལ་སྐྱེས་བུ་ཆེར་སྐྱེས་པ་རྣམས་ཀྱིས་བྱས་པ་ནི་ཤེས་བཞིན་དུ་བྱས་པ་ཡིན་པའི་ཕྱིར། ཁཱ་ན་མ་ཐོ་བ་ཆེན་པོ་ཡིན་པ་ལྟར། ་དབང་བདུན་དང་། བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ནི། རིམ་བཞིན་དུ་བྱིས་པ་དང་། དར་ལ་བབས་པ་དང་། རྒན་པའི་ཁྱད་པར་ཡོད་པའི་ཕྱིར།། དེ་བས་ན་གོང་མ་གོང་མོ་ནཱི། བྱིས་པ་དང་། མི་ཤེས་པ་དང་། ་མི་གསལ་བ་དང་། མི་མཁས་པ་ཡིན་ལ། ཕྱི་མ་ཕྱི་མ་ནཱི་ཤེས་པ་དང་། དར་ལ་བབས་པ་དང་། གསལ་བ་དང་རིག་པའི་བདག་ཉིད་ཡིནོ།། གང་ཞིག་རྩ་བའི་ལྟུང་བྱུང་སྦྱང་བའི་དོན་དུ་ཡང་ནི་དཀྱིལ་འཁོར་འདིར་གཞུག་བྱ་ཞེས་བྱ ་བ་ནི། རྩ་བའི་ལྟུང་བ་སྦྱང་བའི་ཐབས་སྟོབས་སྟོན་པ་ཡིན་ཏེ། དེ་ཡང་སྔོན་དུ་ནི་སྔར་བསྟན་པའི་ཆད་པའི་ལས་བྱས་པ་ཡིན་ལ། ཕྱིས་དཀྱིལ་འཁོར་དུ་འཇུག་པར་བྱ་བ་ཡིནོ།། དེ་ལས་མ་གཏོགས་པ་གཞན་གྱིས་རྣམ་པར་སྦྱང ་བར་མ་གསུངསོ།། དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱི། ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏོ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གི་ཟིན་ན་སྨན་པ་འགས་དེ་བཟློག་པའི་ཕྱིར། སྨན་གྱི་བཏུང་བ ་བྱུང་ནས་ཡང་སྔར་བཞིན་དུག་ཟླ་བ་དང་མཚུངསོ།། སླར་ཡང་རྗེས་གནང་ཐོབ་ནས་ཚོགས་ཀྱི་མཐུ་བོའི་མིང་ནི་གཞོམ་པར་འགྱུར་བ་ཡིན་ཞེས་བྱ་བ་ནི། རྒན་རབས་གང་ཞིག་རྩ་བའི་ལྟུང་བར་གྱུར་པ་སླར་དཀྱིལ་འཁོར་དུ་བཅུག་པ ་དེ་སླར་ཞིང་དཀྱིལ་འཁོར་དུ་ནུ་བོར་འགྱུར་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་རྩ་བའི་ལྟུང་བ་རྣམས་བརྗོད་པའི་ཕྱིར། དཔལ་ལྡན་བླ་མ་སེམས་དཀྲུགས་ཤེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས ་ཅད་དུ་རྩ་བའི་ལྟུང་བ་ནི་བཅུ་བཞིར་ངེས་པ་ཡིན་ལ། དེ་རྣམས་སོ་སོ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ།། བུ་རྣམས་རྩ་བའི་ལྟུང་བ་རི་བོང་འཛིན་པ་ཞེས་བྱ་བ་ནི། སྤྱིར་བཏང་བ་ཡིན་ཏེ། བཅུ་བཞི་པོ་རྒྱུད་ལས་གསུངས་པ་ལྟར་མ ་བསྐྱངས་ན། ཤིང་ཏ་ལའི་མགོ་བཅད་ནས་སླར་ཞིང་སྐྱེ་བའི་བསྐལ་པ་མེད། ལྟུང་བར་འགྱུར་བ་ལྟར་རྡོ་རྗེ་འཆང་གི་གནས་ལས་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏེ།། དེ་ཡང་དཔལ་ལྡན་བླ་མའི་སེམས་དཀྲུགས་ཞེས་བྱ་བ་ནི། ་མི་དགེ་བ་བཅུ་ལ་སོགས་པ་བྱེད་ཅིང་བླ་མ་གང་དེ་མི་དགྱེས་པའི་རྣམ་གྲངས་བྱེད་པ་ནི་རྩ་བའི་ལྟུང་བར་འགྱུར་གྱིས། རང་བཞིན་དོན་ལྷུར་ལེན་ཅིང་བདག་ཉིད་མི་དགེ་བ་ལ་འཇུག་པའི་བླ་མ་ནི་མ་ཡིན་པར་ངེས་པའོ།། དེ་ཡང་བླ་མ་དམ ་པ་ཡིན་པར་ཤེས་པ་དང་། དེ་མི་དགྱེས་པ་དང་། ཉོན་མོངས་པས་བླང་བའི་ལུས་ངག་གི་ལས་དང་། གཞན་གྱིས་དོན་མ་ཡིན་པ་དང་། རང་གི་དོན་ལྷུར་བླང་བའི་བསམ་པ་དང་། སླར་སྦྱང་བའི་བསམ་པ ་མེད་པ་སྟེ། ཆོས་དྲུག་གི་ལྟུང་བར་འགྱུརརོ།། དེའི་དཀའ་འགོངས་ཞེས་པ་ནི་བླ་མ་དེའི་ཞེས་པ་དང་སྦྱརོ།། བཀའ་འགོངས་པ་ནི་བླ་མ་དམ་པས་བསྒོ་བ་མ་མཉན་པའོ།། དེ་ཡང་ཆོས་དྲུག་དང་ལྡན་པ་སོ།། གཞན ་དུ་འགྱུར་ཞེས་པ་ནི་གཉིས་པར་འགྱུར་བའོ།། སྤུན་ལ་ཁྲོས་པ་ཡང་ནི་གསུམ་པར་ངེས་ཞེས་བྱ་བ་ནི། སྤུན་ནི་བླ་མ་གཅིག་གིས་ཡོངསུ་བསྡུས་པ་ཡིན་ལ། གཞན་གྱི་སྤུན་ལ་ཁྲོ་བ་ནི་ཁ་ན་མ་ཐོ་བ་ཆུང་བར་གསུངསོ།། དེ་ཡིས ་བསྒོ་ཞིང་བསྟན་པ་ལ་གུས་པར་མི་འཛིན་ཅིང་ཁྲོ་ན་གསུམ་པ་སྟེ། རྩ་བའི་ལྟུང་བར་འགྱུརརོ།། དེ་ཡང་གོང་གི་ཆོས་དྲུག་ལས་རང་རང་གི་རྡོ་རྗེ་དབུན་གྱི་ཁྱད་པར་དུ་བྱས་པ་དང་། ཆོས་བདུན་དང་ལྡན་པའོ།། བྱམས་པ་སྤོང་བ ་ཞེས་བྱ་བ་ནི། འདིར་བྱམས་པ་སྤོང་བ་ལ་ཆོས་བཞི་སྟེ། ཐ་མ་དང་འབྲིང་དང་རབ་ཀྱི་རབ་པོ།། དེ་ལ་ཐ་མ་ནི་ཆུར་དབྱུག་པའི་རི་མོ་བྲིས་པ་ལྟར། སྐད་ཅིག་ཙམ་བྱམས་པ་དང་བྲལ་ཡང་སླར་འཇུག་པའོ།། འབྲིང་ནི་བྱེ་མ་ལ་རི་མོ ་བྲིས་པ་རླུང་གི་འཕྲལ་ལ་མཉན་པ་བྱེད་པ་ལྟར། དུས་དེ་མ་ཐག་བྱམས་པར་འཇུག་པའོ།། རབ་ནི་སའི་སེར་ག་ཅན་གྱི་རྒྱུན་གྱི་མཉན་པར་བྱེད་པ་ལྟར་བྱམས་པ་ཅུང་ཟད་ན་དྲན་པའོ།། རབ་ཀྱི་རབ་ནི་དཔེར་ན་བྲག་ལ་སོགས་པ ་མཁྲེགས་པའི་བདག་ཉིད་ཅན་རྣམས་ལགས་པ་ལ་སོགས་པ་བྱུང་ན་ནམ་དུ་ཡང་མཉམ་པར་འགྱུར་བའི་བསྐལ་པ་མེད་པ་ལྟར་རམ། ཤིང་ཏོག་སྨིན་ཅིང་ས་ལ་ལྷུང་བ་རྣམས་ཕྱིར་ཞིང་ཤིང་རྣམས་ལ་འབྱར་བའི་བསྐལ་པ ་མེད་ཅིང་མི་གནས་པ་ལྟར། བྱམས་པ་སྤངས་པའི་རྩ་བའི་ལྟུང་བར་འགྱུར་ཏེ། ཆུ་ཚོད་དྲུག་མྱུ་བར་གྱིསོ།། རྩ་བའི་ལྟུང་བ་བྱཞི་པར་འགྱུར་བ་ནི་ངེས་པའོ།། བྱང་ཆུབ་སེམས་སྤངས་པ་ཞེས་བྱ་བ་ནི། འདིར་བྱང་ཆུབ་ཀྱི་སེམ་གྱི་མ ་ལ་གང་ཡང་དེ་ཉམས་ན་བདེ་བར་མི་འགྱུར་ཏེ། དེ་བས་ན་དེ་ཉིད་མ་ཐོབ་ཅིང་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་པར་འདོད་པ་རྣམས་རྩ་བའི་ལྟུང་བ་མངའ་ཞེས་བྱ་བ་ལྔ་བརྡ་དེ་ཡང་ཤེས་རབ་ཆེན་པོས་མི་འགྱུར་བའི་རང་བཞིན ་ཞེས་པ་དང་། འགྱུར་བའི་བདེ་བ་ཙམ་དུ་བླང་བའི་བསམ་པ་དང་། དེ་ལ་ལེགས་པར་འཛིན་པ་དང་། གསང་བ་དང་། གཞན་གྱི་བདེ་བཱི་དོ་ཤིང་ལུ་ལ་སོགས་པའི་ཆེད་མ་ཡིན་པ་སྟེ། ཆོས་བཞི་དང་ལྡན་ན་མངའ་ཞེས་བྱ་བ་ལྔ་པར ་འགྱུརརོ།། གྲུབ་མཐའ་ལ་སྨོད་ཅེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལྔ། དེ་དང་གསང་སྔགས་ཀྱི་ཚུལ་ཐ་དྲད་པར་འཛིན་པ་ནི་རྩུ་བའི་ལྟུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐེག་པ་སྨད་པས་ནི་རྩ་བའི་ལྟུང་བ་མ ་ཡིན་པ་དེས་ཀྱང་ཐུན་མོང་གི་དངོས་གྲུབ་ལས་འཕྲོག་པ་ཡིནོ།། དེས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་དབྱེར་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞེ་སྡང་ལ་གནས་པས་སྨྲ་བ་དང་། གཞན་གྱི་དོན་མ་ཡིན་པ་དང་། ་ལེགས་པར་འཛིན་པ་དང་། འགྱོད་པ་མེད་པ་སྟེ། ཆོས་ལྔ་དང་ལྡན་པས་དྲུག་པར་འགྱུརརོ།། མ་སྨིན་སེམས་ཅན་ལ་ནི་གསང་བ་སྟེར་ཞེས་བྱ་བ་ལ། མ་སྨིན་པ་ནི་ཉོན་མོངས་ཀྱི་ལམ་གྱི་མནན་པའི་གང་ཟག་ཡིན་ལ། དེ་གང་ལ་གསང ་སྔགས་ཀྱི་གསང་བ་བསྒྲགས་ན་སྐྲག་ཅིང་སྨོད་པ་ལ་བརྗོད་པས་ལྷུང་བ་ཡིན་ཏེ། གཞན་མོས་པར་འགྱུར་བ་དང་། དད་པ་དང་གྲོལ་བའི་སྐལ་བ་ཡོད་པ་ལ་ཉེས་པ་མེད་པར་གསུངསོ།། དེ་ཡང་གསང་བ ་བསྒྲགས་ནས་མོས་པ་མ་ཡིན་པ་སྐྱེ་བར་འགྱུར་བའི་གང་ཟག་དང་། འདུལ་བའི་དོན་མ་ཡིན་པ་དང་། བདེ་བ་ཆེན་པོའི་གསང་བ་བསྟན་པ་སྟེ། ཆོས་གསུམ་དང་ལྡན་ན་རི་ཞེས་བདུན་པར་འགྱུར་རོ།། བདེ་བ་ཆེན་པོའི་གསང་བ་ལས ་གཞན་པ་བསྟན་པའི་ལྟུང་བས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་བྱེའོ།། ལུས་ཉོན་མོངས་པ་ཀླུ་སྟེ་ཞེས་བྱ་བ་ནི། ལུས་ལ་ཕུང་པོ་ལྔ་ལ་སོགས་པ་ནི་རྒྱལ་བ་རིགས་ལྔའི་བདག་ཉིད།། ཁམས་དང་སྐྱེ་མཆེད་ནི་ལྷ་མོ་དང་བྱང་ཆུབ ་སེམས་དཔའོ།། ཉོན་མོངས་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། ལུས་ལ་ཆ་གྲང་དང་བཟའ་བཏུང་གི་ཉོན་མོངས་པར་བྱེད་པ་དང་། གསོད་པའི་བརྩོན་པས་ཉོན་མོངས་པར་བྱེད་པའོ།། དེ་ཅིའི་ཕྱིར་རྩ་བའི་ལྟུང་བ་ཡིན་སྙམ་པ་ལ། ཕུང་པོ ་གཟིར་བས་བདེ་བ་མི་སྐྱེ་ལ། བདེ་བ་མ་སྐྱེས་པས་གཉི་སུ་མེད་པའི་ཡེ་ཤེས་ལས་ཉམས་པར་འགྱུརརོ།། གསོད་པ་ལ་བརྩོན་པ་ནི་སེམས་བསྐྱེད་པས་ལྟུང་བར་འགྱུར་བར་གསུངས་ལ། དེ་བོས་དེའི་ཕྱིར་རྩ་བའི་ལྟུང་བ་སྟེ། དེ་ཡང་ཕུང ་པོ་ལ་སོགས་པ་རྒྱལ་བ་དང་ལྷ་མོ་དང་། བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པ་དང་དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང་། གཞན་གདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་ན་ལྟུང་བ་བརྒྱད་པར་འགྱུར།། ་དྲག་པའི་ཆོས་ལ་མ་དད་པའང་ཞེས་བྱ་བ་ནི། དག་པའི་ཆོས་ནི་འཛིན་པ་ཐམས་ཅད་རྣམ་པར་སྤངས་པའི་སྟོང་པ་ཉིད་ཟབ་མོ་གང་ཡིན་པ་དེ། དེ་ལ་དད་ཅིང་སུན་འབྱིན་པ་རྩ་བའི་ལྟུང་བ་སྟེ། དེ་ཡང་གདུལ་བའི་དོན་མ་ཡིན་བྱ་དང་། སྟོང་པ ་ཉིད་གང་ཡིན་པ་དེ་སྤངས་ཏེ་སྤྲོས་པ་དང་བཅས་པ་ལ་དང་དུ་བླངས་པའི་ཆོས་གཉིས་ཀྱི་ལྟུང་བ་དགུ་པར་འགྱུརརོ།། སྒྱུ་མའི་བྱམས་པ་ཞེས་པ་ལ། སྒྱུ་མའི་བྱམས་པ་ནི་ཚུལ་འཆོས་ཏེ། དམ་ཚིག་ལྔ་སོགས་པ་ལ་དད་པའི་སྒོ་ནས་སྲུང་བར ་མི་བྱེད་ཅིང་རྙེད་པ་དང་ཚིགསུ་བཅད་པ་ལྷུར་བླང་བའི་ཚུལ་གྱི་སྲུང་བ་སྟེ། ལྐོག་ཏུ་མི་དགེ་བ་བྱེད་པའོ།། དེ་ལྟར་ན་དེ་ནི་གཡོ་ཉིད་དབང་དུ་བྱེད་པ་སྟེ། ཆོས་དང་པོ་ཉིད་ཀྱིས་ལྟུང་བ་བཅུ་པར་འགྱུར་རོ།། མིང་སོགས་བྲལ་བའི་བདེ་བ་སྟེར་ཞེས་བྱ ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསང་སྔགས་ཀྱི་ཚུལ་ལ་བྱང་ཆུབ་སེམས་ཀྱི་ཟླ་བའི་བདེ་བ་འགྱུར་བ་མེད་པ། འཇིག་རྟེན་གྱི་དཔེར་བྱ་བ་དང་བྲལ་བ་བྱིན་པ་ལ་ཐེ་ཚོམ་དང ་ཡིད་གཉིས་ཀྱི་དབང་གིས། དང་དུ་མི་ལེན་ཅིང་རྟོགས་པར་བྱེད་ན་ལྟུང་བ་སྟེ། དེ་ཡང་འགྱུར་བའི་བདེ་བ་མ་ཡིན་པ་དང་། མི་འགྱུར་བའི་བདེ་བ་དཔེར་བྱས་པ་ལས་འདས་པ་དང་། གདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་པོ་དེས ་ལྟུང་བ་དྲག་པོ་སྟེ་བཅུ་གཅིག་པའོ།། དག་པའི་སེམས་ཅན་ཞེས་པ་ནི། རྣལ་འབྱོར་པ་རྣམས་ཀྱིས་ངང་ཚུལ་དང་ལྡན་པའོ།། སྐྱོན་རྗོད་ཅེས་པ་ནི་ཀུན་ནས་ཕྲག་དོག་གིས་ཏེ། དེས་ཡང་ལྟུང་བར་འགྱུར་ལ་དེ་ཡང་རྣལ་འབྱོར་གྱིས་དང ་ཚུལ་དང་ལྡན་པ་ཡིན་པ་དང་། བདག་ཕྲག་དོག་གི་སྨྲས་པ་དང་། གཞན་གདུལ་བའི་དོན་མ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་པས་རྗོང་ན་ལྟུང་བ་ཉི་མ་བཅུ་གཉིས་པར་འགྱུརརོ།། དམ་ཚིག་ཐོབ་དབང་ཞེས་པ་ནི། ་དམ་ཚིག་གི་སྲུང་བ་དང་། བཟའ་བའི་བྱེ་བྲག་གིས་ཡིན་ལ། དེ་ལ་བསྲུང་བ་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱེ་བྲག་ཐིག་བཞི་བསྲུང་བ་སྟེ་སྔོན་དུ་རྗོད་པ་ཡིན་ལ། འདིར་ནི་བཟའ་བ་ལ་སོགས་པའི་ཚོགས་དང་། དཔའ་བོའི་བཟའ་བའི ་དུསུ་ཐོབ་པ་ཞེས་བྱ་བ་རྙེད་ཅིང་དུས་ལ་བབས་པའི་བཟའ་བ་དང་། བཏུང་བ་དང་བུད་མེང་ལ་མེ་ཐུན་བྱ་བ་དང་དུ་མི་ལེན་ན་ལྟུང་བ་སྐྱེ། དེ་ཡང་དམ་ཚིག་གི་དུས་ལ་བབ་པ་དང་། གཞན་གྱི་སྲུང་བ་མ་ཡིན་པ་དང་། གཞན་གདུལ ་མ་གཏོགས་པ་སྟེ། ཆོས་གསུམ་དང་ལྡན་ན་ལྟུང་བ་བཅུ་གསུམ་པར་འགྱུར་རོ།། བུད་མེད་རྣམས་ལ་བ་ཤུང་བ་ནི། ཡིད་དང་ངག་གིས་སྨོད་པ་ནི། རྩ་བའི་ལྟུང་བ་སྟེ། དེ་ཡང་རྡོ་རྗེ་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་སྟེ། གང་འདུ་ཤེ ་དེ་དང་ལྡན་པས་སྨང་ན་སྟེ། གང་གིས་སྨོད་པ་ཡང་གཞན་འདུལ་བའི་དོན་མ་ཡིན་པསྣ་སྨད་ན་བཅུ་བཞི་པར་འགྱུརརོ།། །། དེ་ལྟར་རྩ་བའི་བཏུང་བ་རྣམས་རྡོ་རྗེ་སློབ་དཔོན་གྱི་སློབ་མ་རྣམས་ལ་བསྟན་ནས ་དབང་གི་བྱེ་བྲག་རྣམས་ཀྱི་མངོན་པར་དབང་བསྐུར་བར་བྱའོ།། དེ་ཡང་དགེ་སློང་རྡོ་རྗེ་འཛིན་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཕྱི་རོལ་སར་གྲུ་བཞིའི་རྒྱར་རེ་ཁཱ་ལྔ་པ་བྱས་ཏེ། དབུས་ཤིང་སྟན་ལ་ཁྲུ་དོ་པའི་པདྨ་འདབ་མ་བརྒྱད་པ ་བྱས་ལ། དེ་ཡང་ཁ་དོག་ལྔ་པར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མའི་རྒྱ་སྤངས་པ། དེར་དགེ་སློང་དགོད་ཅིང་དེའི་རྗེས་ལ། གཞོན་ནུ་མ་རྡོ་རྗེའི་མཚོན་གྱིས་མ་རྨས་པ་གཟུགས་མཛེས་པ་དཀར་འཛིན་ལེགས་པར ་རྒྱུན་པ་བརྒྱད་ཀྱིས་ཡོངསུ་བསྐོར་ལ་གཞོན་ནུ་མ་གཉིས་ཀྱི་ཆུ་དང་ཅོད་པན་དྲང་དར་དཔྱངས་ལ་སོགས་པ་བཅིང་བ་གཏད་པའི་ཚུལ་དུ་བྱའོ།། དེའི་ཕན་ཡོན་ནི། དགེ་སློང་རྡོ་རྗེ་འཛིན་བྱས་ནུ། གང་དེ་བདུད་ལ་སྡིག་བྱེད་ཤོག ་ཆོས་གོས་མཐོང་བ་ཙམ་གྱིས་ཀྱང་།། ལྷ་མིན་ལ་སོགས་ས་འོག་འབྲོས།། ཞེས་གསུངསོ།། གཞན་ཡང་། དགེ་ཚུལ་དབང་ནི་བསྐུར་བ་ནི།། རེ་ཁཱ་ལྔ་ལས་གཉིས་གསུཾ་ཙཾ་དང་ཤིང་སྟན་གྱི་སྟེང་དུ་བཞག་ལ། གཞོན་ནུ་མ་བཞིས ་ཆུ་ལ་སོགས་པའི་ཚུལ་དུ་བྱ་བར་གསུངས་ཏེ། དེ་ཡང་གང་ཞིག་བསླབ་པ་བཅུ་དང་ལྡན་པ་ཡི།། རྡོ་རྗེ་འཛིན་པ་དགེ་ཚུལ་ནི།། དེ་ནི་སློབ་དཔོན་འབྲིང་པོ་རུ།། རྡོ་རྗེ་འཆང་གིས་རབ་ཏུ་གསུངས།། ཞེས་གསུངསོ།། ཁྱིམ་པ་རྣམས ་ལ་ནི་རེ་ཁཱ་གཅིག་ཁྲུ་གང་བའི་ཚད་དུ་བྱས་ལ་བཞག་སྟེ། སློབ་དཔོན་གྱིས་དབང་སྦྱིནོ།། དེ་ཡང་གོས་དཀར་ཅན་གྱི་ཁྱིམ་པ་གང་།། རྡོ་རྗེ་འཆང་དུ་བྱ་བ་སྟེ། དགེ་སློང་རྡོ་རྗེ་འཆང་རྣམས་ཀྱི།། ཚུལ་མཐུན་བསྙེན་བཀུར་བྱ་ཕྱིར།། ་ཞེས་གསུངས་ཏེ། སློབ་དཔོན་ཐ་མའོ།། གནང་བ་སྦྱིན་ནས་རྒྱུད་ཀུན་བསྟན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། གཞན་ཡང་དག་པའི་ཚུལ་ནི་དབང་བདུན་པ་དང་། བུམ་པ་དང་། གསང་བས་ས་བདུན་པ་དང་། བརྒྱད་པ ་དང་། ལེགས་པའི་བློ་གྲོས་ཏེ། དགེ་བསྙེན་དང་། དགེ་ཚུལ་དང་། དགེ་བསྙེན་རྣམསུ་སྦྱར་བར་བྱའོ།། ཤེས་རབ་ཡེ་ཤེས་ཀྱིས་ནི་གནས་བརྟན་རྒན་པོ་སྟེ། ཆོས་ཀྱི་སྤྲིན་དུ་ལུང་བསྟན་པས་སློབ་མ་རྣམས་ལ ་ལུང་བསྟན་པ་ཡིན་ནོ།། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། ཅེས་བྱ་བ་ནས། རྣམ་གྲོལ་ཞི་བ་ཞི་བ་ཉིད།། ཅེས་བྱ་བ་ཡན་ཆད་ཀྱི་དོན་དེ་བསྟན་པར་གསུངསོ།། གཞན་ཡང ་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱིས་ནི་ལུས་ངག་ཡིད་སྦྱོང་བ་ཡིན་ཏེ། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་མྱིང་དུ་ཡང་བཏགས་ཏེ། མུ་སྟེགས་པ་རྣམས་གཞུག་པའི་དོན་དུའོ།། དེ་ལྟར་ཡང་། ་ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། གསུང་གི་རྡོ་རྗེ་དབང་ཕྱུག་ཆེ།། ཐུགས་ཀྱི་རྡོ་རྗེ་འཛིན་རྒྱལ་གང་།། དེ་ནི་ཁྱབ་འཇུག་རྫུ་འཕྲུལ་ཚེ།། ཞེས་གསུངས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་ངོ་།། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། གཙུག་ཕུད ་ཅེས་བྱ་བ་ནས། ཟུར་ཕུང་ལྔ་པ་མེ་ཏོག་ཐོགས།། ཞེས་པ་ཡན་ཆད་ཀྱིས་བསྟན་པར་གསུངསོ།། ངོ་ནི་རྒྱུད་ཐམས་ཅད་ཀྱི་ངེས་དོན་དུ། བཅོམ་ལྡན་འདས་ཀྱིས་གསུངསོ།། དེ་ལྟར་ན་འདིར་དབང་དེ་རྣམས་ཐོབ་པའི། དགེ་སློང་དང་། དགེ ་ཚུལ་དང་། ཁྱིམ་པ་རྣམས་ཀྱིས་གཞན་ལ་བརྟེན་པ་དང་། ཞིང་ལས་དང་། མཚོན་འཚོང་བ་དང་། རྣག་ཚ་འཚོང་བ་དང་། ཚོང་སྒྱུར་གཞན་ཐམས་ཅད་མི་བྱ་སྟེ། གལ་ཏེ་བྱེད་པ་དེ་ལྟ་ན་ནི། སངས་རྒྱས་ཀྱི་བཀའ་བསླུས་པས་མནར ་མེད་པའི་དམྱལ་བར་འགྲོ་བར་འགྱུརརོ།། ང་ནི་བུམ་པ་ལྔ་སོགས་པའི་བླ་མའི་དབང་གསུམ་གྱི་ཆོ་ག་རྒྱུས་པར་བསྟན་པར་བྱ་བའི་ཕྱིར་གཅིག་ནས་ཕྱོགས་ཀྱི་ལོ་བྱ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་རྒྱལ་པོ་གཅིག་དང་པོར་བྱས་ནས། ་བཅུ་ལྗོན་པ་དེ་སྐྱིད་པ་ལ་བལྟ་བ་དང་རེག་པར་བྱ་བ་པ་ཡིན་གྱི། བྱ་བ་གཞན་གྱི་ནུས་པ་མྱི་བསྐྱེད། ནུ་མ་མེད་པའི་ཕྱིར།། གང་སྣང་ལོ་བཅུ་ལོན་པ་དེ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ཙ་མྲ་ཡིན་ཏེ། དེ་ཡང་འདི ་ལྟར་ཇི་སྲིད་དུ་སོ་ལྷུང་བར་གྱུར་པ་དེ་སྲིད་དུ་ཡེ་ཤེས་ཀྱི་ཁམས་མི་ཟད་པའོ།། དེ་རྗེས་སོ་ལྷུང་བ་དེ་ནས་ནུ་མཁའི་ཁམས་ཏེ། དེ་བས་ན་ཁམས་གཉིས་པོས་གཞོན་ནུ་མ་སྐྱེ་གནས་ཉམས་པར་མི་འགྱུརརོ།། དེའི་ཕྱིར། དེ་ལ་བལྟ་བ ་དང་རེག་པར་བྱ་བ་དང་། མཆོད་པར་བྱ་བ་ཙམ་ཡིན།། དེ་ནས་འཁྱུད་པར་བྱ་སྟེ་ཞེས་བྱ་བ་ནི། བཅུ་གཅིག་པ་དང་པོར་བྱས་ནས་ཉི་ཤུ་ལ་ཐུག་པར་འཁྱུད་པའི་སྦྱོར་བ་བྱའོ།། རྒྱ་མཚོ་རོར་བཅས་ཞེས་བྱ་བ་ནི་དྲུག་དང་བཅས་པའི ་བཞི་སྟེ་བཅུའོ།། གཡོ་བ་ལ་སོགས་བསྟེན་པར་བྱ། ཞེས་པ་ནི། ལོ་བཅུ་བཅིག་པ་ལ་རླུང་།། བཅུ་གཉིས་པཱ་ལ་མེའོ།། བཅུ་གསུམ་པ་ལ་ཆུའོ།། བཅུ་བཞི་པ་ལ་སྭ་སྟེ་བཞིའོ།། དེ་བཞིན་དུ་བཅོ་ལྔ་པ་ལྀ་སྒྲའོ།། བཅུ་དྲུག་པཱ་ལ་རེགོ།། ་བཅུ་བདུན་པ་ལ་རེའོ།། བཅོ་བརྒྱད་པ་ལ་གཟུགསོ།། བཅུ་དགུ་པ་ལ་དྲིའོ།། ཉི་ཤུ་པ་ལ་ཆོས་ཀྱི་དབྱིངསོ།། ཉི་ཤུ་ལོ་འདས་ཕྱག་རྒྱ་ཁྲོ་བོ་འབྱུང་པོ་ལྷ་མིན་རིགས་ཏེ་མཆོག་ཏུ་འཇིགས་ཞེས་བྱ་བ་ནི། འདིར་ལོ་ཉི་ཤུ་རྩ་གཅིག་ནས ་བརྩམས་ནས་ལོ་སོ་སོ་ལ་གྲངས་ཇི་ལྟ་བ་བཞིན་དུ། ཤིན་ཏུ་སྟོབས་ལྡན་མ་དང་། བརྩོན་འགྲུས་མཐའ་ཡས་མ་དང་། ཡམ་བྷི་དང་། ང་རྒྱལ་མ་དང་། རེངས་བྱེད་མ་དང་། འོད་ཟེར་ཅན་དང་། སྐུལ་བྱེད་མ ་དང་། ཁྲོ་གཉེར་མ་དང་། ལྕགས་སྒྲོག་མ་དང་། དྲག་ཅན་མ་སྟེ། ཁྲོ་བོའི་རིགས་ཀྱི་ལྷ་མོ་བཅུ་ཡིནོ།། ཡང་ལོ་སུམ་ཅུ་སོ་གཅིག་ནས་འབྱུང་པོའི་རིགས་བརྒྱད། རྒན་བྱང་མ་དང་། ཕག་མོ་དང་། དྲག་མོ་དང་། དབང་མོ་དང་། ་ཚངས་མ་དང་། དཔལ་ཆེན་མོ་དང་། གཞོན་ནུ་མ་དང་། ཁྱབ་འཇུག་མའོ།། དེ་བཞིན་དུ་ལོ་སུམ་ཅུ་སོ་དགུ་ནས་ལྷ་མ་ཡིན་གྱི་རིགས་བརྒྱད་ནི། ཁྱི་གདོང་མ་དང་། སྟག་གདོང་མ་དང་། སྤྱང་གདོང་མ་དང་། མཁའ་ལྡིང ་གདོད་མ་དང་། འུག་གདོང་མ་དང་། བྱ་རྒོད་གྲ་དུང་མཱ་དང་། ཕོ་རོག་གདོངོ་།། དེ་ལྟར་ན་དེ་རྣམས་ཀྱིས་ནི་མཆོག་ཏུ་འཇིག་པ་བསྐྱེད་པའི་ལྷ་མོ་རྣམས་ཡིན་པས། དབང་གི་སྐབསུ་སྦྱང་བར་བྱ་བ་ཡི་ནོ།། དབང་གི་དོན་དུ་དྲུག་དང ་བཞི་སྟེ། ཞེས་བྱ་བ་ནི། མེའི་ཁམས་ནས་ཆོས་ཀྱི་དབྱིངས་ཀྱི་ཁམས་ཀྱི་བར་དུ་སྟེ་བཅུའོ།། རླུང་གི་ཁམས་ལ་ནི་རྡུལ་མི་འབྱུང་བའི་ཕྱིར་གཟུང་བར་མི་བྱ་སྟེ་ངེས་པའོ།། སྒྲོ་མ་ངོན་གཞན་ཞེས་པ་ནི་ཉི་ཤུ་རྩ་གཅིག་ནས ་བཞི་བཅུ་དྲུག་གི་བར་ལ་བདེ་བར་བསྟེན་པའི་དོན་ཙམ་ཡིནོ།། འདིར་དབང་གོང་མ་གསུམ་ལ་དགོས་པ་རྣམ་པ་གཉིས་ཏེ། ལམ་ཡོངསསུ་ཤེས་པའི་དོན་དུ་སེམས་ཅན་རྣམས་གཞུག་ཅིང་། རྒྱུད་ཉན་པ་ལ་དབང་བསྐུར་བའི ་དོན་དང་། གཞན་འཆད་པ་པོ་བྱེད་ཅིང་སློབ་དཔོན་ཆེན་པོའི་གནས་སྦྱིན་པའི་དོན་ཏོ།། དེ་ལ་རེ་ཤིག་དང་པོར་དབང་རྣམས་ལ། རྣམ་པར་འཁྲུལ་པའི་སྐྱོན་སྤངས་ལ། སློབ་མ་ལ་དབང་སྦྱིན་པར་བྱའོ།། དེ་ནི་གང་ཞིག་དཔལ་ལྡན ་ཤེས་རབ་ནུ་མུར་དང་པོ་རེག་པ་དེ་འདིར་བུམ་པའི་དབང་ཞེས་བྱ་བ་ལོ་ཐོག་མར་གང་ཞིག་གིས་གཞོན་ནུ་མ་ལོ་བཅུ་གཉིས་ལོན་པ་ཡོངསུ་སྦྱིན་པར་བྱས་ནས། བླ་མ་ལ་དབུལ་བར་བྱ་ཞིང་། དེ་ནས་བླ་མ་ལ་གསོལ་བ་གདབ་པར ་བྱས་ནས། དེའི་རྗེས་ལ་བླ་མ་མཉེས་པས་འཇིག་རྟེན་པའི་ཀུན་རྫོབ་ཀྱི་གི་ཕྱག་རྒྱའི་བཀར་འཛིན་ལ་རེག་པར་བྱ་སྟེ། ད་ནི་བུམ་པའི་དབ་འོ།། རི་བོང་འཛིན་པ་མྱང་དང་ལྟ་བ་དག་ནི་གསང་ལས་གསང་བའི་དབང་དུ་འགྱུར་ཞེས་བྱ་བ་ནི། ་དེ་ནས་གསང་བླ་མ་ལ་མཆོད་པ་བྱ་སྟེ། སློབ་མོ་ལ་བདུད་རྩི་སྦྱིན་པ་དང་། ཕྱག་རྒྱའི་བྷ་ག་བསྟན་པར་བྱའོ།། དེ་ནི་གསང་བའི་དབང་།། ཤེས་རབ་ཡེ་ཤེས་དབང་ལ་རྒྱལ་བ་རིགས་རྣམས་ཀྱིས་ནི་ཡན་ལག་གདོང་རྣམས་སྦྱང་ཞེས ་བྱ་བ་ནི། ལས་ཀྱི་ཕྱག་རྒྱའི་གནསུ་ནི་ཨོཾ་ལ་སོགས་པའི་ས་བོན་གྱི་རིགས་ལྷོ་དང་ལྡན་པར་བྱས་ལ། དེ་ནས་རྒྱལ་བ་དག་ལ་དབང་དུ་གསོལ་ཏེ། བླ་མས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན། ཞེས་བྱ་སྟེ། ལག་བཅངས་དང་གཉིས་གཉིས ་འཁྱུད་པ་ལ་སོགས་པའི་དོན་དུ། བླ་མས་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དབང་དུ་བྱ་བ་ནི། ཇི་ལྟར་སེམས་ཅན་གདུལ་བར་དཀའ་བ་འདི་ལ། སྒོམ་པ་དང་རྒྱུད་ཀུན་མཉམ་པ་དང་། རང་གི་སློབ་མ་རྣམས་ལ་རྒྱུད་ཀུན ་བསྟན་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པའི་དོན་དུ་ཡིན་གྱི། གཞན་དུ་འཇིག་རྟེན་པའི་བདེ་བ་ཙམ་ཉམ་སུ་བླང་བའི་ཕྱིར་མ་ཡིནོ་ཞེས་གསོལ་ཞིང་ཡིད་ཀྱི་དབང་དུ་བྱའོ།། དང་པོར་སློབ་མ་གཞུག་པའི ་དབང་གི་ངེས་པའོ།། དེ་བཞིན་དུ་ཡོན་ཏན་གཉིས་ཀྱི་བདག་ཉིད་ས་བོན་གྱི་བདེ་བ་ནི། ལྷ་རྣམས་ཀྱི་དགོད་པ་དག་པས་སློབ་དཔོནོ།། གསང་བ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དེ། ལྟ་བ་དག་པ་ཡིན་པསོ།། ལག་ཚངས་དང་གཉིས་གཎྜཱི ་འཁྱུད་པ་ནི་ཡོན་ཏན་ལྔའི་བདག་ཉིད་ཀྱི་ས་བོན་གྱི་བདེ་བ་ལྷ་རྣམས་ཀྱི་རྣམ་པར་དག་པ་ཡིས།། དེ་བས་ན་འཇིག་རྟེན་ཀུན་རྫོབ་ཏུ། སེམས་ཅན་རྣམས་གཞུག་པའི་དོན་དུ། དབང་རྣམ་བཞིར་ངེསོ།། དེ་ནས་རྒྱུད་རྣམས་ཀྱི་དྲང་བ་དང ་ངེས་པའི་དོན་ཤེས་པར་བྱས་ནས། བདག་པོ་ཆེན་པོར་བྱ་བའི་དོན་དུ་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་མས་རིག་མ་བཅུ་བླ་མ་ལ་དབུལ་བར་བྱ་ཞིང་། རིག་མ་དེ་དག་ཀྱང་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ། ཚ་མོ་དང་ནི ་བུ་མོ་དང་།། སྲིང་མོ་དེ་བཞིན་མ་དང་ནི།། ཆུང་མ་འམ་ནི་གང་ཡིནྡ་དང་།། དེ་བཞིན་ཞང་པོའི་ཆུང་མ་དང་།། ཁུ་བོའི་ཆུང་མ་དྲག་དང་ནི།། དེ་བཞིན་ཕ་ཡི་སྲིང་མོ་དང་།། རང་གི་མ་ཡི་ནུ་མོ་དང་།། རང་གི་ཆུང་མ་མཆོག་གཟུགས་ཅནྡ།། ་སྒྲོལ་མ་དང་པོ་ཆོས་དབྱིངས་མཐའ།། རང་རིཀ་ལས་སྐྱེས་རིགས་མ་བཅུ།། ཐར་པ་འདོད་པའི་ཁྱིམ་པ་ཡིས།། དབང་གི་དུསུ་བླ་མར་འབུལ།། གལ་ཏེ་འདི་རྣམས་རིགས་བསྲུང་ཕྱིར།། རིག་མ་བླ་མར་མི་འབུལ་ན།། དེ་ཕྱིར་དབང་ནི་སྦྱིན ་མི་བྱ།། དགེ་སློང་དང་ནི་དགེ་ཚུལ་ལ།། དམངས་རིགས་ལ་སོགས་གཞན་རྣམས་ཀྱིས།། དཀྱིལ་འཁོར་ལ་ནི་དབང་བསྐུར་ཕྱིར།། བླ་མས་སྦྱིན་མི་དབང་ཀྱེ།། རླུང་སོགས་རིམ་པས་དམངས་རིགས་ལ།། རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ།། ་རྗེའུ་རིགས་རིགས་ངན་ཉ་པ་དང་།། གར་མཁན་དེ་བཞིན་ཚོས་མ་དང་།། ཀོ་སྔགས་མ་དང་གཏུ་མོ་སྟེ།། ཆོས་ཀྱི་དབྱིངས་ཀྱི་མཐའ་སྐྱེས་བཅུ།། སྤྱོད་དང་གྲོལ་བའི་འབྲས་སྟེར་མ།། རིགས་མ་ཆེན་མོས་ཡང་དག་བརྗོད།། འདི་རྣམས ་སྦྱོང་དང་གྲོལ་འབྲས་སྟེར།། ཞེས་གསུངསོ།། དེ་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དབང་བཅུ་དང་། ས་བཅུ་དང་། སྟོབས་བཅུ་རྣམས་ཏེ། དེ་རྣམས་ཀྱི་རྣམ་པར་དག་པའོ།། དེ་བཞིན་དུ་མཚན་ཡང་དག་པར་རྗོད ་པོ་ལས་ཀྱང་། སངས་རྒྱས་རྣམ་པར་སྣང་མཛད་ཚེ།། ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཞེས་པས་བསྟ་ནོ།། དེ་བས་ན་རང་ཉིད་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དུ་ལྷག་པར་འདོད་པས། ཕྱག་རྒྱ་བཅུ་འབུལ་བར་བྱ་བ་ནི་དེ ་བཞིན་གཤེགས་པའི་ངེས་པའོ།། དེ་ལྟར་བླ་མ་ལ་སློབ་མས་ཕྱག་རྒྱ་ཕུལ་ཏེ། དེ་གནང་བ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་པར་བྱ་སྟེ། ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པས་བདག་གི་ང་ཅི་ཞིག་བགྱི་ཞེས ་པ་དང་། སློབ་དཔོན་གྱིས་ཀྱང་རང་གི་ཆུང་མ་འདི་བཅུག་ནས་གང་ཡང་རུང་བ་གཅིག་དང་པོར་གསོལ་བ་ཐོབ་ཅིག་ཅེས་བསྒོ་བར་བྱའོ།། རྣམ་པར་རྟོག་པ་ཆེ་བའི་དགེ་ཚུལ་ལམ། དགེ་སློང་ལ་ནི་གཏུམ་མོས་བྱ་བར་བཤ་དོ།། དེ་ནས་བླ་མས ་དེ་དག་བཟུང་ནས་གསེར་ལ་སོགས་པའི་མཎྜལ་བྱེད་དུ་བཅུག་སྟེ། དེ་ཉིད་ཀྱིས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་སྤངས་པའི།། དུས་ཀྱི་འཁོར་ལོ་ཁྱོད་ཕྱག་འཚལ།། མཆོག་ཏུ་མི ་འགྱུར་བདེས་གང་བའི།། ཡེ་ཤེས་སྐུ་དེ་ཁྱོད་ཕྱག་འཚལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། གང་ཡང་མི་འགྱུར་བྱང་ཆུབ་སེམས།། མགོན་པོ་བདག་ལ་ངེས་བདག་ནི།། དེ་རིང་བཀའ་དྲིན་གནང་བར་རིགས།། བུ་དོང་ཆུང་མ་སོག་བཅས་པ།། ་ཁྱོད་ལ་ཀུན་ཏུ་བདག་བྲན་མཆི།། བྱང་ཆུབ་སྙིང་པོའི་བར་དུ་ནི།། བདག་ལ་སློབ་པ་གཞན་མ་མཆིས། ཞེས་གསོལ་བ་བཏབ་པའི་སློབ་མ་མཐོང་བ་དང་། སྒྲ་རྡོ་རྗེ་མ་ལ་རྒྱན་ཀུན་གྱིས་བརྒྱན་ཏེ། གཅེར་བུར་བྱས་ཏེ་འཁྱུད་པར་བྱས ་ལ་ཁྱིམ་པ་རང་གི་སྒྱུག་མོས་བྱའོ།། དེ་ཀས་རྣལ་འབྱོར་མ་དགུ་པོ་གཅེར་བུ་སྐྲ་གྲོལ་བ་ལག་ན་གྲི་གུག་དང་ཐོད་པ་ཐོགས་པར་བྱས་ལ། ཤར་དུ་སྒྲོལ་མ། ལྷོར་གོས་དཀར་མོ། བྱང་དུ་མཱ་མ་ཀྵི། ནུབ་ཏུ་སྤྱན་མ། མེར་རེག་རྡོ་རྗེ་མ། བདེན ་བྲལ་དུ་རོ་རྡོ་རྗེ་མཱ། ཆུང་ངུ་དྲི་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ། དབུསུ་མེ་ཐུ་མ་བྱའོ།། འདི་ལྟར་དབང་སྔོན་མ་རྣམས་ནི་ཆུ་ལ་སོགས་པ་བདུན་ཡིན་ལ། དེ་ལས་བླང་བར་གྱུར་པའི་དབང་ནི།། ལས་ཀྱི་ཕྱག་རྒྱ་ཐུན་མོངས་པ་གང་ཡང ་རུང་བ་གཅིག་གི་བྱའོ།། བླ་མའི་ཡང་བླ་མའི་དབང་ནི། སྔོན་དུ་བརྗོད་པའི་དབང་རིགས་ལ་སོགས་པའི་ཕྱག་རྒྱ་བཅུས་བྱའོ།། དེ་ཡང་དགེ་སློང་དང་ནི་དགེ་ཚུལ་དང་། ཁྱིམ་པ་ཡིན་ཏེ། གསུམ་རྣམས་ལ། རིམ་བཞིན་ཕྱག་རྒྱ་བཅུ་དང་དྲུག། ་གཅིག་སྟེ་ཁྱིམ་པ་རྣམས་ལྔའོ།། ཞེས་གསུངསོ།། དེ་ནས་བུམ་པའི་དབང་གི་དོན་དུ་ཕྱག་རྒྱ་དབུལ་བར་བྱ་སྟེ། དེ་ཡང་ཞུན་མ་གསེར་གྱི་མདོག་འདྲ་རྒྱན་རྣམས་དང་ལྡན་བཅུ་གཉིས་ལོ་ལོན་བུ་མོ་བཟང་།། ཞེས་བྱ་བ་ནི་ལས་ཀྱི་རྒྱལ་པོ ་བཅུ་གཉིས་ནས་བཟུང་ནས་ཉི་ཤུའི་མཐའ་ཞེས་བྱ་བར་སྟོན་ཏོ།། ཤེས་རབ་ཐབས་ཀྱི་བདག་ཉིད་ཅེས་བྱ་བ་ནི། འཆང་བཞིན་ལྷའི་རྣལ་འབྱོར།། རང་གི་རྡོ་རྗེ་ནོར་བུས་ཞེས་པ་ནི་གསང་བའི་རྡོ་རྗེ་སོ།། ཆགས་བཅས་འདོད་པ་ཞེས་པ་ནི། ་ཕྱག་རྒྱ་སྔོན་དུ་རྡུལ་ལྡན་པ་ལས། གང་གི་ནུབ་མོ་རྡུལ་ལངས་པའི་ནུབ་མོ་དེ་ལ་བཙན་ཞེས་བྱ་བའི་དོན་ཏོ།། སློབ་མ་དག་པར་ཤེས་བྱས་ཤེས་པ་ནི། བླ་མའི་ཡང་བླ་མར་གྱུར་པའི་དབང་ལའོ།། རང་གི་ས་བོན་རྡོ་རྗེ་ཡིས་ནི་ཁ་རུ་འཕང་། ་ཞེས་པ་ནི་བྱང་ཆུབ་སེམས་མྱང་བར་བྱ་བའི་དོན་དུའོ།། ཕྱི་ནས་ཡང་ནི་རང་གི་ཕྱག་རྒྱ་སྦྱིན་ཏེ་ཞེས་པ་ནི་བླ་མས་གདན་དུ་བྱས་པ་འམ། སློབ་མ་རང་གི་གང་ཡིན་པ་དེ་གཏད་པར་བྱ་བའོ།། གཞན་ཡང་འདིར་བུམ་པའི་དབང་གི་སྐ་བསུ ་སློབ་མའི་ཤེས་རབ་མ་གང་ཡིན་པ་དེ་ལ་བླ་མས་ནུ་མ་ལ་རེག་པར་བྱའོ།། གསང་བའི་དབང་སློབ་མའི་ཤེས་རབ་ཀྱི་ཁ་རུ་སློབ་དཔོན་གྱི་རྡོ་རྗེ་དགོད་པར་བྱའོ།། དེ་ཡང་སློབ་མ་དང་གསང་བ་གཉིས་ཀའི་གདོང་གཡོག་པཱ་བྱཱ་ལ། བླམྲ་ཤེ་བ་སཱི་སྣ་ཞིབ་པ ་སྟེསྙེ་དེའི་རྗེས་ལ་ཤེག་ཤེས་ལ་སློབ་མ་རང་གི་ཕྱག་རྒྱ་སློབ་དཔོན་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སློབ་མ་ལ་བླ་མས་གཏད་ཅིང་། དེ་ཡང་ཕྱག་རྒྱ་བཅུའི་ནང་ནས་གང་འདོད་པ་དེ་བྱིན་ལ། མཚན་མོ་ཕྱེད་ན་ཆུ་ཚོད་གཉིས་འདས་པ་དང་། ་ཉི་མ་འཆར་ཁའི་བུ་དུ་ཉམ་སུ་མྱོང་བར་བྱའོ།། དེ་ནསྣ་ཚོགས་ཀྱི་འཁོར་ལོའི་བྱ་བ་བརྟུལ་ལ། སློབ་མ་ལ་ཐམ་སྒོམ་པ་སྦྱིན་པར་བྱ་སྟེ། འདིར་གང་ཁྱད་པར་གྱི་དགའ་བའི་མཐར་ལྷན་ཅིག་སྐྱེས་པར ་སྐད་ཅིག་འབྱུང་།། ཞེས་གང་ངས་བརྗོད་པ་དེ་ནི་ཀུན་རྫོབ་པ་སྟེ། དོན་དམ་པར་མི་འགྱུར་བའི་དོན་དམ་པ་ནི་གང་མི་འགྱུར་བའི་བདེ་བ་དེ་ཉིད་ཡིན་པར་རྣལ་འབྱོར་པ་རྣམས་ལ་གསུང་སོ།། དེའི་ཕྱིར་བདེ་བ་ཆེན་པོ་འདི་ཁྱོད་ཀྱི་བསྲུང་བར ་བྱས་ལ། དེ་བཞིན་དུ་དང་པོའི་སངས་རྒྱས་ལས་ཀྱང་ཇི་སྐད་དུ། ལས་ཀྱི་ཕྱག་རྒྱ་རབ་སྦྱོར་དང་།། ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་ལ།། ཤིན་ཏུ་བརྟུལ་ཞུགས་བརྟན་པོ་ཡིས།། བྷ་གར་མཚན་མ་རབ་བཀོད།། བྱང་ཆུབ་སེམས་ནི་མི་སྤྲོ། ་བྱོར། འཇིག་རྟེན་ཁམས་ནི་མ་ལུས་པར།། སངས་རྒྱས་གཟུགསུ་བསྒོམ་པར་བྱ།། འདི་ཉིད་བསྲུང་བར་བྱས་པ་ཡིས།། སྐྱེ་བ་འདི་རུ་སངས་རྒྱས་འགྱུར།། བསོད་ནམས་ཡེ་ཤེས་དང་ལྡན་ཞིང་།། ཚུལ་ཁྲིམས་ཚིགས་ནི་ཡང་དག ་རྫོགས།། ཕ་རོལ་ཕྱིན་པ་བཅུ་ཐོབ་ཅིང་།། ཡང་དག་སངས་རྒྱས་དུས་གསུམ་གཤེགས།། འདི་ཉིད་རྫོགས་པའི་སངས་རྒྱས་ཏེ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། འཇིག་རྟེན་གསུམ་གྱི་དབང་ཕྱུག་ཀྱང་།། ཡེ་ཤེས་འདི་ལས ་གཞན་ན་མེད།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར།། གལ་ཏེ་བུ་ཀྱེ་སྐྱོང་བྱེད་ན།། སྐྱོབ་པ་ཀུན་གྱི་སྡོམ་པའི་བདག། སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ།། དེ་ནས་ཡང་དག་བྱང་ཆུབ་ཐོབ།། འོན་ཏེ་འདོད ་ཆགས་ཟག་བྱེད་ཅིང་།། གཙོ་བོའི་མདུན་དུ་བླངས་པ་ཡི།། སྡོམ་པ་སྐྱོང་བར་མི་བྱེད་ན།། དེ་ཕྱིར་ཁྱོད་ནི་ངུ་འབོད་འགྲོ། དམན་པའི་ཡིད་ཀྱི་སྐྱེ་གནསུ།། གལ་ཏེ་བྱང་ཆུབ་སེམས་ཟག་ན།། ཕྱག་རྒྱའི་སེམས་ཤེས་རང་གི་ལྕེས།། ་དེའི་པདྨའི་ཕྱི་རོལ་བླང་།། ཞེས་བདེ་བར་གཤེགས་པས་གསུངས་པ་འདི་སློབ་མ་ལ་སློབ་དཔོན་གྱིས་སྡོམ་པ་བྱིནོ།། སློབ་མས་ཀྱང་བླ་མ་ལོ་ཡོན་ཕུལ་ལ་དཀྱིལ་འཁོར་བྱས་ནས་གསོལ་བ་བཏབ་སྟེ། ཀྱེ་བཅོམ་ལྡན་འདས ་དབང་གི་རབ་ཏུ་དབྱེ་བའི་བཀའ་དྲིན་བདག་ལ་གནང་བར་མཛོད།། ཅེས་བྱ་བས་གསོལ་བ་གདབ་པོ།། དེ་ནུས་བླ་མས་སློབ་མ་བོས་ཏེ། སྐྱེས་བུ་ཁྱོད་ཉོན་ཅིག། དགའ་བ་བཅུ་དྲུག་གི་མཚན་ཉིད་ཐམས་ཅད་ཀྱི་བདེ་བ་ཐུན་མོང་པ་ཁྱོད་ལ ་བསྟན་པར་བྱའོ།། དེ་ཡང་ཕྱག་རྒྱ་ཡོན་ཏན་དང་ལྡན་པས་རྟོགས་པར་འགྱུར་གྱི། གཞན་ལས་མ་ཡི་ནོ།། མཚན་ངན་གྱི་ཕྱག་རྒྱ་མ་སྤངས་པར་བྱ་བ་ནི། དངང་དང་འཁྲུལ་པའི་སེམས་ཤེས་པ་ནི། བླ་མ་དངང་ཞིང་འཇིག་པའོ།། དོན ་ལོག་པར་འཛིན་པ་ནི་འཁྲུལ་པའོ།། གཡོན་གྱི་གྱ་གྱུ་བྱེད་པའོ།། གཞན་གྱི་དབང་བསྐུར་ཞེས་པ་ནི་སྐྱེས་བུ་གཞན་ལ་ཆགས་པའོ།། ནད་ཅན་ཞེས་པ་ནི་གཅོད་ཅ་ནོ།། བུ་བཙས་ཞེས་པ་ནི་བུ་བཙས་པ་སྐྱེ་གནས་ཡངས་ཤིང་བདེ ་བ་མི་འབྱུང་ལ་བདེ་བ་ཉམས་པའོ།། ཁྲོ་བ་ནི་སྤྲོ་ཐུང་བའོ།། ཁེངས་པས་ནི་རིགས་ལ་སོགས་པས་ང་རྒྱལ་བའོ།། རྫས་ལ་ཞེན་པ་རྔན་པ་འདོད་པ་སྟེ། སྨད་འཚོང་མའོ།། མི་བདེན་པ་ནི་བརྫུན་དུ་སྨྲ་བའོ།། བརྩོད་མ་ནི་འཐབ་མོ་དུས ་རྟག་ཏུ་བྱེད་པའོ།། མ་དག་པ་ནི་མཚན་ཉིད་དཔེ་ལྡན་པའོ།། ཡན་ལག་དམན་པ་ནི་རྐང་ལག་དང་མིག་ལ་སོགས་པ་མ་ཚང་བའོ།། སྐྱོན་དེ་རྣམས་དང་ལྡན་པའི་ཕྱག་རྒྱ་ནི་ཤེས་རབ་ཡེ་ཤེས་ཀྱི་སྐབསུ ་སྤང་གི། གཞན་གྱིས་གནས་སྐབསུ་མི་སྤང་སྟེ། རྩ་བའི་ལྟུང་བར་གསུངསོ།། དེ་བས་ན་འདི་ནི་བླ་མ་དམ་པས་སྤང་བྱ་མི་དབང་ཀྱེ་ཞེས་བྱའོ།། སངས་རྒྱས་བླ་མ་ལ་གུས་དམ་ཚིག་འཛིན་དང་སྔོན་དུ་ཇི་སྐད་གསུངས་བཞིན ་མཆོད།། ཅེས་པ་ནི་ཕྱག་རྒྱའི་མཚན་ཉིད་སྐྱེ་བོའི་ལོ་ཉི་ཤུ་མན་ཆད་པ་རིགས་བཙུན་ལ་ཁྱོ་མེད་ལ། མཆོད་པ་རྣམ་པ་མང་བས་མཆོད་པར་བྱ་ཞེས་དགོངསོ།། དེ་ལ་དགའ་བ་བཅུ་དྲུག་གི་མཚན་ཉིད་ཇི་ལྟ་བ་སྐྱེ་བའོ།། འགྲོ་བ ་བདག་གི་ཡིད་ལ་འདོད་ཆགས་འཁྲུག་པར་བྱེད་ཅིང་རྫོགས་པར་སོན་པ་རྫོགས་པའོ།། ཞེས་བྱ་བ་ལ། འདིར་འགྲོ་བ་རྣམས་མིག་གིས་བལྟས་པས་འདོད་ཆགས་འཁྲུལ་པ་ནི་དགའ་བ་དང་པོ་སྟེ་རྫོགས་པ་ཞེས་ཚེས་ལྔའོ།། ་དེ་ནས་ཆད་པས་ཞུ་བའི་གནས་སྐབས་ནི། དཔྲལ་བ་ན་གནས་པའི་བྱང་ཆུབ་སེམས་ཞུ་བའི་གནས་སྐབས་ཏེ། ཤེས་རབ་མ་ལ་འཁྱུད་པ་ཡན་ཆད་བསྡུ་ཞིང་ཚེས་བཅུ་ཡན་ཆད་ཡིན་ལ། དགའ་བ་ནི་གཉིས་པ་སྟེ། རྫོགས་པ ་གཉིས་ཡིནོ།། རི་བོང་འཛིན་ལས་ཞུ་སྟེ་ལུས་མཆོག་ལས་ནི་རྫོགས་འབར་ཐིག་ལེ་བཟང་པོ་འཛག། ཅེས་བྱ་བ་ནི། རི་བོང་འཛིན་པ་ནི་བྱང་ཆུབ་སེམས་ཡིན་ལ་ཞུ་བ་ནི་གཡོན་པའོ།། གང་ནས་ཤེས་ན། ལུས་མཆོག་ཅེས ་བྱ་བ་སྨོས་ཏེ། སྤྱི་བོ་ལས་འཁྲིག་པའི་གནས་སྐབས་འབར་བ་ཞེས་བྱ་བའི་དུསུ་འཛག་པ་ནི་དགའ་བྲལ་གསུམ་པ་ཡིན་ཏེ། ཚེས་བཅོ་ལྔ་པའོ།། ཨོཾ་ཡེ་ཤེས་སྤྱན་དྲངས་བྱས་ཏེ། ཟག་པའི་ཐིག་ལེ་གསུམ་མཐར་མཆོག ་གི་བོད་པ་སྟེར་ཞེས་བྱ་བ་ནི། དེ་ལྟར་ཨོཾ་ཞེས་བྱ་བ་ཐིག་ལེ་འཛག་པའི་གནས་སྐབས་ཡིན་ལ། དེ་ཡང་ལུས་ངག་སེམས་ཀྱི་ཐིག་ལེ་འཛག་པའི་མཐར་ལྷན་ཅིག་སྐྱེས་པའི་བདེ་བ་འབའ་ཞིག་པ་ནི་དགའ་བ་བཞི་པ་ཡིན་ཏེ། ་ཆ་བཅུ་དྲུག་གི་བདག་ཉིད་ཅན་དུ་ཤེས་པར་བྱའོ།། དེ་ལྟར་ན་ཚེས་གཅིག་ལ་སོགས་པ་ནས་ཚེས་ལྔ་ལྔའི་བར་ནི། ནམ་མཁའ་དང་། རླུང་དང་། མེ་དང་། ཆུ་དང་། སོའི་རང་བཞིན་ནི་དགའ་བ་དང་། བཟང་པོ་དང་། རྒྱལ་བ་དང་། ་སྟོང་པ་དང་། རྫོགས་པའི་མིང་གི་ཨ་ཨི་རྀ་ཨུ་ལཾ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཞེས་བྱ་བའི་དབྱངས་རྣམས་ཀྱི་ཆོས་ཅན་རྣམསོ།། དེ་ལྟར་ལྔ་པའི་རྫོགས་པ་ནི་དགའ་བའོ།། བཅུ་པའི་རྫོགས་པ་ནི་མཆོག་དགའོ།། ། ་འི་རྫོགས་པ་ནི་དགའ་བྲའོ།། ཆ་བཅུ་དྲུག་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། རྫོགས་པ་ཐམས་ཅད་ཀྱི་ཁམས་ཡང་དག་པར་བསྡུས་པ་དང་། ཡང་དག་པར་ཚོགས་པ་དང་། མཉམ་པ་དང་། འདུས་པ་དང་། སྡོམ་པ ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་ཆགས་པ་ནི་དཀར་པོའི་ཕྱོགས་ཡིན་ལ། ཆགས་བྲལ་ནི་ནག་པོའི་ཕྱོགས།། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལུས་ཀྱང་། ཆགས་བྲལ་དྲང་པོ་ཆགས་པ་ཆེ།། ཁ་དོག་སྣ་ཚོགས ་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་བརྗོད་པའི་ཆོས་འཛིན་པ། ཞེས་གསུངས་ལ། གཞན་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཙམ།། ཡན་ལག་མེད ་པའི་རྩིས་ལ་འདས།། བསམ་གཏན་བཞི་པའི་རྩེ་མོ་འཛིན།། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་དགའ་བ་བཅུ་དྲུག་ལ་སྦྱོར་བ་བཞི་བརྗོད་པར་བྱ་སྟེ། འདྲོད་དྲང་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས ་ཅན་ཐམས་ཅད་ལ། བསད་པ་དང་། རྨི་ལམ་དང་། གཉིད་འཐུག་པོ་དང་། བཞི་པའི་དབྱེ་བས་ལུས་ངག་སེམས་དང་ཡེ་ཤེས་ཀྱི་སྦྱོར་བའོ།། དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བ་བཅུ་དྲུག་སྟེ། དེ་ལ་འདོད་པ་ཞེས་པ་ནི་སྐུའི ་དགའ་བའོ།། དགའ་ཞེས་པ་ནི་གསུང་གི་དགའ་བའོ།། འདར་བ་ཞེས་པ་ནི་ཐུགས་ཀྱི་དགའ་བའོ།། མི་འགྱུར་བ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བ་སྟེ། དེ་བས་ན་དེ་ལྟར་སྦྱོར་བ་བཞི་པོ་དེ་ནི་གཅིག་ཅེས་བྱ་བ་དགའ་བར་གཅིག་པ་སྟེ། དང ་པོའོ།། དེ་བཞིན་དུ་རྫོགས་པཱ་ཞེས་པ་ནི་སྐུའི་མཆོག་དགའོ།། མཆོག་དགའ་ཞེས་པ་ནི་ངག་གི་མཆོག་དགའོ།། སྐྱེ་བ་ཞེས་པ་ནི་སེམས་ཀྱི་མཆོག་དགའོ།། དགའོ་ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའོ།། གཉིས་པའོ།། ཞེས་པ ་ནི་མཆོག་དགའ་གཉིས་པ་ཡིན་པའི་ཕྱིར།། འབར་དང་ཞེས་པ་ནི་ལུས་ཀྱི་དགའ་བྲལོ།། དགའ་བྲལ་ཞེས་པ་ནི་ངག་གི་དགའ་བྲའོ།། བརྒྱལ་ཞེས་པ་ནི་སེམས་ཀྱི་དགའ་བྲའོ།། ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བྲལ་ཏེ། དགའ་བ་གསུམ་པ ་སྨིན་པར་སྦྱོར་བ་གསུམ་པའོ།། ཨོཾ་ཞེས་པ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་དགའོ།། ལྷན་ཅིག་སྐྱེས་དགའ་ཞེས་པ་ནི་ངག་གི་ལྷན་ཅིག་སྐྱེས་དགའོ།། གཉིས་ཤེས་པ་ནི། སེམས་ཀྱི་ལྷན་ཅིག་སྐྱེས་དགྲའོ།། ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན ་ཅིག་སྐྱེས་དགའོ།། དེ་ལྟར་ན་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་ངོ་བོ་ཉིད་ཀྱི་སྐུའི་དབྱེ་བས། ལུས་ངག་ཡིད་ཡེ་ཤེས་རྣམ་པ་བཞི་པོ་རེ་རེ་ལའང་བཞི་བཞིར་རྟོགས་པར་བྱ་སྟེ། དེ་ལྟར་ན་དགའ་བ་བཅུ་དྲུག་ཏུ་འགྱུར།། ་དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་ནི་ངེས་པའོ།། ད་ནི་ལས་ཀྱི་ཕྱག་རྒྱའི་དགའ་བ་བརྗོད་པར་བྱ་བའི་ཕྱིར། མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་རྣ་སྦྱོར་པ ་རྣས་ལ་ཆཌ་པར་བྱ་བའི་དོན་དུ། ཐུན་མོངངོ་དུ་གསུངས་ལ། དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་རྣམས་ལ་ཡིན་གྱི། གཞན་རྣམས་ལ་ནི་མ་ཡིནོ།། གཞན་དག་ལ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་བུད་མེད་རྣམས་གནས་སྐབས ་ཀྱི་དབྱེ་བས་མ་ལ་སོགས་པར་བྱའོ།། དེ་ཡང་འདིར་གལ་ཏེ་རྣལ་འབྱོར་པ་དང་པོའི་སེམས་ཀྱིས་བསམས་པས་མར་འགྱུར་རོ།། རེག་པའི་དུས་ན་སྲིང་མོར་བསམས་ཏེ། ཆ་སྟེར་བའི་ཕྱིརརོ།། རྡོ་རྗེ་ཞུགས་པའི་དུས་ན་བུ་མོར་བསམས་ཏེ ་ཡོན་ཏན་འཇོ་བས་སོ།། སྙིང་རྗེ་དང་བཅས་དགའ་བ་སྟེ། བདེ་བ་འཛག་པས་ཚ་མོར་བསམ་སྟེ། སྙིང་རྗེ་ཆེན་པོ་གཡོ་བའི་ཕྱིརརོ།། ཐིག་ལེ་ལྷུང་ན་ཆུང་མར་བསམ་སྟེ། བདེ་བ་རང་ལས་འབྱུང་བའི་ཕྱིརརོ།། རྣལ་འབྱོར་མ་ལ་ཆགས་བྲལ ་གཞན་གྱི་རིགས་ཞེས་བྱ་བ་ནི། གང་བྱང་ཆུབ་སེམས་པོན། བྱང་ཆུབ་སེམས་ཆགས་པ་བྲལ་བ་ཡིན་པས་ཁ་གཞན་དུ་ལྟ་ཞིང་རེག་པར་མི་བྱེད་པའི་ཕྱིརརོ།། གཞན་རྡོལ་པ་མོའི་རིགསུ་བས་མོ།། ས་ཆུ་མ ་རླུང་མཁའ་སྟེ་ཆད་པའི་དངོས་པོ་ཞེས་བྱ་བ་ལ། འདིར་ལུས་ཅན་ཀུན་གྱི་རྒྱུད་ལ་བྱང་ཆུབ་སེམས་གཡོ་བ་ན། དང་པོ་སའི་ཁམས་འཁྲུགོ། དེ་ནས་ཆུ་འཁྲུགོ། དེ་ནས་མེ་འཁྲུགཽ། དེ་ནས་རླུང་འཁྲུགོ། དེ་ནས་ན་མཁའི་ཁམས་འཁྲུག། ་དེ་ནས་འོཕོ་བར་འགྱུརརོ།། འདིར་དྲུག་རྣལ་འབྱོར་ཕྱག་རྒྱའོ་ཞེས་པ་ནི། དེ་ལྟ་པོ་གཡས་གཡོན་གྱི་དཀྱིལ་འཁོར་ལྷ་ལྔ་མཛད་པ་སྟེ། འཚོ་བའི་དྲུསུ་ནི་མཱ་ལ་སོགས་པ་རྣམ་པར་དག་པར་ཤེས་པར་བྱ་ཞིང་། དེ་ཉིད་འཁོར་ལོ་དན ་ཆ་དང་ནོར་བུ་དང་ལག་གདུབ་དང་སྐ་རགས་དང་ཟིལ་བ་སྟེ། རིགས་དྲུག་དགྲ་པས་རྣལ་འབྱོར་པ་རྣམས་ལ་མཚན་མར་བརྒྱན་པར་བྱསོ།། དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་རྣམ་པར་དག་པར་ངེས་པའོ།། ་ད་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་པ་བརྗོད་པར་བྱ་བའི་ཕྱིར། པདྨོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུད་ཐམས་ཅད་གཞན་དྲང་བའི་ཕྱིར།། དཔྲལ་བ་སྐུའི་ཕྱག་རྒྱའོ།། མགྲིན་པ་གསུང་གི་ཕྱག་རྒྱའོ།། སྙིང་ག་ཐུགས་ཀྱི ་ཕྱག་རྒྱའོ།། ངེས་དོན་དུ་པདྨར་རྡོ་རྗེ་ཞུགས་ཞེས་བྱ་བ་ནི། རྟག་པར་རྡོ་རྗེ་ལ་སུ་རུང་བ་སྟེ། སྐུའི་ཕྱག་རྒྱའོ།། མེ་ལ་རླུང་ཞེས་པ་ནི་རྩ་དབུ་མར་སྲོག་རླུང་ཞུགས་པ་གསུང་གི་ཕྱག་རྒྱའོ།། ཐིག་ལ་མ་ལྷུང་བ་ནི་ཐུགས་ཀྱི་ཕྱག་རྒྱའོ།། སྐུ ་གསུང་ཐུགས་ཀྱི་ཕྱག་རྒྱ་ཞེས་པ་ནི་བསྟན་པ་དེ་རྣམ་སོ།། རྣལ་འབྱོར་གསུམ་པོ་འདི་ཞེས་པ་ནཱི། དེ་ལྟར་ཕྱག་རྒྱ་གསུམ་དུ་བསྟན་པ་དེ་དག་དབུ་མར་ཇི་ལྟ་བ་བཞིན་དུ་འདུས་པའོ།། བསྟན་ཞེས་པ་ནི་སློབ་མ་རྣམས་ལའོ།། དེའི་རྗེས་ལ ་ཆགས་དང་ཆགས་མེད་ཐོགས་མཐའ་ཞེས་བྱ་བ་སྟེ། ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་དེའི་མཐར་གྱུར་པའོ།། ཆགས་བྲལ་ནི་ནུག་པོ་སྟེ། ངའི་ཐོག་མརོ།། གང་དེ་དྲུག་གི་མཐར་ཆ་བཅུ་དྲུག་པའི་ཀུན་སུ་ཤེས་པར་བྱས་ལ། དེ་ཡང ་མྱི་འཛག་པ་དེ་སྲིད་དུ་བརྗོད།། དེར་ནི་མཆོག་གི་དགའ་བ་སྟེར་ཞེས་བྱ་བ་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་པས་བགྲོད་བཞི་པ་ནི་ཞེས་པ་ནི། གང་ཡང་བཞི་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱིས ་རྫོགས་པའི་རྣལ་འབྱོར་པའི་ཡན་ལག་དྲུག་གིས་བགྲོད་པར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏེ།། ཕྱག་རྒྱ་ཞེས་པ་ནི་རྒྱུ་སྔ་ཕྱི་ཀུན་ཏུ་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཡན་ལག་དྲུག་གིས་རྟོགས་པར་བྱ་བའི་དོན་ཏོ།། ་ཡུམ་མཆོག་ཅེས་པ་ནི་ལུས་ཅན་ཐམས་ཅད་གཉིསུ་མེད་པའི་ཡེ་ཤེས་སྒྲུབ་པར་མཛད་པའི་ཕྱིརརོ།། རྣམ་བཅུར་འགྱུར་ཞེས་པ་ནི་དུ་བ་ལ་སོགས་པའི་དབྱེ་བས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའོ།། དཔལ་ལྡན་བླ་མའི ་ཞེས་པ་ནི་དེ་ལྟ་བུའི་བཞི་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་རྟོགས་པར་བྱའོ།། གཞན་ཡང་བཞི་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་ཆོས་ཅན་མ་ལ་ཞེས་བྱ་བ་སྟེ་ངེས་པའི་དོན་ཏོ།། དེ་ལྟར་སློབ་མ་ལ ་དབང་ཕྱུག་དང་ཕྱག་རྒྱའི་མཚན་ཉིད་ལེགས་པར་བསྟན་ནས། ཚོགས་ཀྱི་འཁོར་ལོ་གྱིས་ཤིག་པའི་ངེས་པ་བྱིན་ལ། རིགས་ཀྱི་ལྷ་མོ་སུམ་ཅུ་རྩ་དྲུག་སྤྱན་དྲང་ཞིང་། དེ་ཉིད་ཀྱི་ཉིན་པར་གཞོན་ནུ་མ་རྡོ་རྗེའིའོ ་མངས་མ་རྨས་པ་བཅུ་ལ། འོ་ཐུག་དང་ཟས་མངར་བཱ་ལ་སོགས་པས་ཚིམ་པར་བྱས་ལ་ཡོན་ཕུལ་ལ་གཏང་ངོ་།། དེ་ནས་ཆུ་ཚོད་བདུན་ལ་བབ་པ་ན། སངས་རྒྱས་གཙོར་བྱས་པའི་དགེ་སློང་གི་དགེ་འདུན་སྡེ་གཉིས་སྤྱན་དྲངས ་ལ། ཁ་ན་མ་ཐོ་བ་མེད་པའི་མངར་བའི་གསོལ་ཟས་ཀྱི་མཉེས་པར་བྱས་ལ། ཡོན་ཕུལ་ཏེ་སླར་འཕགས་པའི་དགེ་འདུན་གཙུག་ལག་ཁང་དུ་གཤེགསུ་གསོལ།། དེ་ནས་སྐྱེ་བོ་མེད་ཅིང་བུག་པ་མེད་པའི་ཁྱིམ་དུ་ཚོགས་ཀྱི་འཁོར ་ལོའི་ཆོ་ག་ལ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་གནས་ཙམ་པར་བྱ་སྟེ། འདིར་ཇི་ལྟར་ནུས་པ་རྗེསུ་མཐུན་པར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་བླ་མ་གཙོ་བོ་བཞུགསུ་གསོལོ།། ཕྱོགས་ཀྱི་མཚམས་བཞི་ལ་རྣལ ་འབྱོར་མ་བཞི་པོ་དབུསུ་གདོལ་པ་མོའོ།། ཤར་དུ་དམྱངས་རིག་མའོ།། ལྷོར་རྒྱལ་རིགས་མའོ།། བྱུང་དུ་བྲམ་ཟེ་མོའོ།། ནུབ་ཏུ་རྗེའུ་རིགས་མཱ་སྟེ། ཚོགས་ཀྱི་གཙོ་བོ་ནཱི་ལྔའི་བདག་ཉི་།། འདི་རྣམས་ཀྱི་གདན་ནི་མིའི་ལྤགས་པ་དང་། ་ཁྱིའི་པགས་པ་དང་། རྟའི་པགས་པ་དང་། བ་ལང་གི་པགས་པ་དང་། གླང་པོ་ཆེའི་པགས་པའོ།། དེ་ནས་ཕྱོགས་མ་ཡིན་པ་ལ་གཉིསུ་ནི་དབང་ལྡན་དུ་དྲི་ཆུའི་སྣོད། རླུང་དུ་དྲི་ཆེན་གྱི་སྣོད། བདེན་བྲལ་དུ་ཁྲག་གི་སྣོད། མེར ་ཀླད་པའི་སྣོ་།། དེ་ནས་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ནི་ཡོངསུ་བསྐོར་བ་ཡིན་ལ། དེའི་ཤྭང་དུ་ཁར་པ་མཁན་མ། ལྷོར་ཤིང་འཛེག་མ། བྱང་དུ་ནོར་བུ་མཁན་མ། ནུབ་ཏུ་དྲག་ཅན་མ། མེར་ཕྲེང་བ་མཁན་མ། བདེན་བྲལ་དུ ་ཆང་འཚོང་མ། དབང་ལྡན་དུ་གསེར་མཁན་མ། རླུང་དུ་ཕྲེང་བརྒྱུད་ཨ་སྟེ། རྣལ་འབྱོར་མ་བརྒྱ་དོ།། འདི་རྣམས་ཀྱི་གདན་ནི་གྲངས་ཇི་ལྟ་བས། འུག་པགས་དང་། འབྲོ་གི་ཁྱིའི་པགས་པ་དང་། རྔ་མོའི་པགྲས་པ་དང་། སེང་གེའི་པགས ་པ་དང་། རའི་པགས་པ་དང་། རི་དགས་ཀྱི་པགས་པ་དང་། བོང་བུའི་པགས་པ་དང་། ཕག་གི་པགས་པའོ།། དེ་ནས་གསུམ་པ་གསུང་གི་འཁོར་ལོའི་དིཀུན་ནས་བསྐོར་བ་ལ་ཤར་དུ་ཤ་འཚོང་མ། མེར་རྫ་མཁན་མ། ལྷོར་གཡོས ་མཁན་མ། བདེན་བྲལ་དུ་སྨད་འཚོང་མ། ནུབ་ཏུ་སྲུབས་མཁན་མ། རླུང་དུ་ཉ་པ་མ། བྱང་དུ་དཀར་རྩིས་མཁན་མ། དབང་ལྡན་དུ་ཆོས་མཁན་མ་སྟེ། རྣལ་འབྱོར་མ་བརྒྱ་དོ།། འདི་རྣམས་ཀྱི་གདན་ནི་ཆུ་སྲིན་གྱི་པགས་པ་དང་། མགྲོན ་བུའི་གཞུག་མ་དང་། སྦལ་པའི་གཞུག་མ་དང་། ཉ་སྐམ་དང་། ཆུ་སྲིན་བྱས་པ་གསོད་ཀྱི་པགས་པ་དང་། སྦལ་པའི་པགས་པ་དང་། རུས་སྦལ་གྱི་ཁོག་པ་དང་། དུང་སྟེ་གྲངས་ཇི་ལྟ་བས་སོ།། དེ་ནས་བཞི་པ་སྐུའི་དཀྱིལ་འཁོར ་གྱི་ཤར་དུ་ལྕགས་མཁན་མ། ལྷོར་རྒྱ་སྐྱེགས་བྱེད་མ། ནུབ་ཏྱཾ་སྲིན་བལ་མཁན་མ། བྱང་དུ་ཏིལ་མཁན་མ། མེར་སྨུག་མ་མཁན་མ། བདེན་བྲལ་དུ་ཤིང་མཁན་མ། རླུང་དུ་ཀོ་ལྤགས་མཁན་མ། དབང་ལྡན་དུ་འབྲེག་མཁན ་མཱ་སྟེ་རྣལ་འབྱོར་མ་བརྒྱའོ།། འདི་རྣམས་ཀྱི་གདན་ནི། བསྟེའི་པགས་པ་དང་། སྟག་ལྕགས་དང་། ངོམ་ལྤགས་དང་། ནེའུ་ལེའི་པགས་པ་དང་། གུཡག་གི་པགས་པ་དང་། ལྕེ་སྦྲང་གི་པགས་པ་དང་། ་སྲམ་ལྤགས་དང་། བྱི་ལའི་པགས་པ་དང་། དེ་ནས་ལྔ་པ་དུར་ཁྲོད་ཀྱི་ཀུན་ཟླུམ་པའོ།། ཤྭང་དུ་ཀླ་ཀློ་མ། ལྷོར་ལྷོག་ཟན་མ། ནུབ་ཏུ་གཏུ་མོ།། བྱང་དུ་སྟག་གཟིག་མ། མེ་རུ་སྨྱོན་ཐབས་མ། བདེན་བྲལ་དུ་རོ་བསྲེགས་མ། ་རླུང་དུ་བ་ལང་རྫི་མ། དབང་ལྡན་དུ་རི་ཁྲོད་མ་སྟེ་བརྒྱ་དོ།། འདི་རྣམས་ཀྱི་ག་ན་ནི་རྟ་སྦྲུལ་གྱི་པགས་པ་དང་། བྱི་བའི་པགས་པ་དང་། མགོ་དཀར་གྱི་པགས་པ་དང་། སྤྲེའུའི་པགོས་པ་དང་། རི་བོང་གི་པགས་པ་དང་། ཤ་ཁྱིའི ་ལྤགས་པ་དང་། ཨེ་ཤུ་ཀའི་ལྤགས་པ་དང་། རྩངས་པའི་ལྤགས་པའོ།། ལྤགས་པོ་འདི་རྣམས་མེད་ན། ཤར་ནས་མེར་གྱི་ཁྱི་ཕག། ལྷོ་ནས་བདེན་བྲལ་དུ་རྟ་པགས། ནུབ་ནས་རླུང་དུ་གླང་པོ་ཆེའི་པགས་པ། བྱང་དང་དབང་ལྡན ་དུ་བ་གླང་གི་པགས་པ། དབུ་སུ་མིའི་པགས་པའོ།། དེ་ལྟར་གདན་རྣམས་ཕུལ་ནས་རྣལ་འབྱོར་མ་རྣམས་བཞུགསུ་གསོལ། པགས་པ་འདི་རྣམས་ཀྱང་དབུལ་ཏེ། དེ་བཞིན་དུ་སྡེར་རྣམས་ནི་ཤར་དང་མེར་ཉ་ཕྱིསོ།། ལྷོ་དང་བདེན ་བྲལ་དུ་ན་ལི་ཀ་རའོ།། ནུབ་དང་རླུང་དུ་ཁམ་པོའོ།། བྱང་དང་དབང་ལྡན་དུ་མི་ཐོ་།། དབུས་ཤིང་གི་སྣོད་།། དེ་ནས་ཆང་ལ་སོགས་པ་དང་། བཟའ་བཅའ་དང་མང་མི་ལ་སོགས་པ་འཆ་བཞིན་པ་རྣམ་པ་བཅུ་ཕུལ་ལ། དེ་ནས་མཎྜལ ་བྱས་ལ། ཡོན་ཆུབ་ལ་སོགས་པ་བྱིན་ཏེ། ལས་ཀྱི་རྡོ་རྗེ་དང་བཅས་པའི་སློབ་མས་དེ་ལྟར་མཆོད་རྫས་རྣམས་བསོགས་ཏེ། ཚོགས་ཀྱི་འཁོར་ལོའི་གནས་ནས་ཡེ་ཤེས་ཀྱི་ངེས་པའོ།། དེ་ནས་མེ་ཐུ་ནའི་སྦྱོར་ཐབས་བྱ་བ་ནི་དེ་བཞིན ་གཤེགས་པའི་ངེས་པའོ།། འཇིག་རྟེན་ཀུན་རྫོབ་ཀྱི་དབང་བདུན་པ་དང་ཞེས་པ་ནི། ཆུ་ནས་རྗེསུ་གནང་བའོ།། གསུམ་པ་སྟེ་ཞེས་པ་ནི། བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེ་སོ།། དེ་བས་ན་བཅུ་པའོ།། བཱི་ན་པཱ་ནི་བཱཞི་པ་སླར་ཡང ་དེ་བཞིན་ཏེ་ཞེས་པ་ནི་བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དེའི་རྗེསུཾ་སྦྱིན་པར་བྱ་བ་ཡིན་པས་བཞི་པ་སྟེ། དེ་བསྟན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞེས་བྱའོ།། བཞི་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གསུམ་པར ་མི་འགྱུར་ཏེ། ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། གསུམ་པ་ལས་ཐ་དད་པར་བཞི་པ་ཞེས་གསུངས་པའི་ཕྱིརརོ།། བཞི་པ་ནི་ཤེས་རབ་ཡེ་ཤེས་ཡིན་ཏེ་ཞེས་བྱ་བ་ནི། ཤེས་རབ་ཡེ་ཤེས་ཆེན་པོ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ།། སླར་ཡང་དེ ་བཞིན་ཏེ་ཞེས་གསུངས་པའི་ཕྱིརརོ།། ཞེས་བྱ་བ་ནི་ནུ་མ་དང་སྒྲར་ལྡན་པ་ལ་བརྟེན་དུ། བཞི་པ་འདི་ཡ་སླར་ཕྱག་རྒྱ་ཆེན་པཱ་ལ་བརྟེན་པ་འམ། ཡང་ན་གསུམ་པ་ཡོང་སུ་རྫོགས་ནས། བཞི་པ་ཡོངསུ་རྫོགས་པར་འདོད་པ་དེའི་ཚེ། ་སྔོན་གྱི་གསུམ་པ་ལ་སོགས་པ་ཡང་སླར་བཟླ་སྟེ། དེའི་རྗེས་ལ་གནང་བ་སྦྱིན་པར་བྱ་བ་ཡིན་པས། དེའི་ཕྱིར་གསུངས་པའི་ཕྱིརརོ།། ཞེས་བྱ་བའི་དོན་ཏོ།། དེ་བས་ན་གསུམ་པ་ཉིད་ནི་བཞི་པ་མ་ཡིནོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་བསྡུས ་པའི་རྒྱུད་འདི་ཉིད་ལས་གསུངས་པ། གཞན་ཡང་བདུད་རྩི་མྱང་དང་རྣམ་པར་ལྟ་བ་གང་།། ཤེས་རབ་སྦྱངས་ལས་སྐད་ཅིག་བཞི་པར་བདུད་རྩིའི་འཕོ་སྟེ་བྱང་ཆུབ་སེམས་ཞུ་གང་། ཞེས་གསུངས་ཏེ། ་འདིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། གང་བལྟ་བ་དང་། དགོད་པ་དང་། ལག་བཅངས་དང་། གཉིས་འཁྱུད་པ་ཞེས་བྱ་བ་དང་། དབང་རྣམ་པ་བཞི་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པ་སླར ་ད་བཞིནོ་ཞེས་གསུངས་པ་ལ། དེ་བཞིན་དུ་གསང་བ་འདུས་པ་ལ་སོགས་པར་ཡང་། བུམ་པ་ལ་སོགས་པའི་དབང་སློབ་དཔོན་དུ་གསུངས་པ་དེ་ནི་ཀུན་རྫོབ་པ་སྟེ་དེ་ཁོ་ན་ཉིད་མ་ཡིནོ།། དེ་ཡང་དབང་བསྐུར་ན་ནི་དེ་ཉིད་བཤད་ཅེས ་གསུངས་པའི་ཕྱིར་ཡང་། དགོད་པ་དྨ། ལྟ་བ་བླ་ལག་བཅངས་དང་གཉིས་གཉིས་སྦྱོར་བ་ཞེས་བྱ་བའི་རྣམ་བཞི་ནི་གཉི་སུ་མེད་པར་མི་འགྱུར་ཏེ། འདི་དེ་ཁོ་ན་ཉིད་གཉི་སུ་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུས་འབྱུང་བ་ནི་གཉི་སུ་མེད་པའི་ཡེ ་ཤེསུ་མི་འགྱུརརོ།། དེ་བས་ན་ཤེས་རབ་ནུ་མ་གང་ལ་རེག་པ་བུམ་པའི་ངབ་།། གཞན་ཡོད་བདུད་རྩི་མྱོང་དང་རྣམ་པར་ལྟ་བ་ནི་གསང་བའི་དབ་།། སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ། བྱང་ཆུབ་སེམས་ཞུ་བ་ནི་ཤེས་རབ་ཡེ་ཤེསུ ་གང་གསུངས་པ་དེ་ནི་བྱིས་པ་རྣམས་གཞུག་པ་ཡིན་པས་དེ་བས་ན། དེ་དག་ཐམས་ཅད་འཇིག་རྟེན་པར་ངེས་ཐུགས་རྗེ་མཆོག་གི་ལམ་གྱི་རྒྱུ་རུ་བསྟན། ཞེས་གསུངསོ།། གཞན་ཡང་འཛིན་ལས་འདས་པའི་དབང་ནི། རྒྱལ་བ་མཆོག་གི ་ཕྱག་རྒྱ་བཟང་ལ་སྦྱར་བ་གང་ནི། འཇིག་རྟེན་ལས་འདས་དབང་། ཞེས་གསུངས་ཏེ། རྒྱལ་བ་མཆོག་ནི་མི་བསྐྱོད་པ་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའོ།། དེའི་ཕྱག་རྒྱ་བཟང་མོ་ནི་རྣམ་པ་ཀུན་གྱི་མཆོག ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པར་མཛད་མ་ཡིན་ལ། དེ་ཉིད་ལ་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་དབང་ཞེས་བྱ་སྟེ། འཇིག་རྟེན་ལས་འདས་པའི་དབང ་ཡིན་པ་དེ་ནི། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་དང་བརྟགས་པ་ཡི་ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་ཞེས་པ་ནི། ཉན་ཐོས་དང་རང་རྒྱལ་བ་ལས་གཞན་པ་གང་ཡིན་པ་དེ་ཉིད་ལ། དེ་ཡང་མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན།། ་སྐྱེད་མ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་བསྐྱོད་པར་མཛད་པ་གང་ཡིན་པའོ།། དེ་ཉིད་ཕྱག་རྒྱ་བཟང་མོ་སྟེ། རྫོགས་པའི་བྱང་ཆུབ་རྒྱུ་རུ་བསྒོམ་པར་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཉོན་མོངས་པ་མཐའ་དག་བརྩད་ནས་འདོན་ཞིང ་གོས་པ་མེང་པར་མཛད་པ་དང་། འགྱུར་བ་མེད་པར་མཛད་པ་དང་། མ་རིག་པའི་མུན་པ་མུན་གནག་སྨག་ཏུ་གྱུར་པ་ཐམས་ཅད་འཇོམས་ཤིང་། གཞན་ཡང་དེ་ཉིད་ནི་ན་མཁའ་ལྟ་བུ་ཀུན་ཏུ་ཁྱབ་པ་ཡིན་ཏེ། སྐྱེ་བོ་རྣམས་ཀྱི་རང ་བཞིན་དབང་དུ་གནས་པ་ཞེས་བྱའོ།། ཡང་ན་མཁའ་གོས་པ་མི་མངའ་བའི་ཚུལ་དུ་འགྲོ་བ་ཀུན་ལ་གནས་པས་མཁའ་མཉམ་ཞེས་བྱའོ།། དེ་ཉིད་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པས།། རྣལ་འབྱོར་གྱིས་ནི ་བགྲོད་ཅེས་བྱ་བའོ།། གཞན་ཡང་ལུས་ལྔ་གནས་ཞེས་བྱ་བ་ནི་ཐིག་ལྡེ་བཞི་ལ་སོགས་པར་ལུས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའོ།། ཡེ་ཤེས་གཟི་བརྗིད་ཅེས་པ་ནི་དེ་ལྟར་གནས་པའི་ཐིག་ལེ་བཞི་ལ ་གས་པ་ཡང་། ན་མཁའ་ལས་བྱུང་རང་བྱུང་བ།། ཞེས་བྱ་བའི་མས་གཞུ་ཞིང་བསྲེགས་ན། སྲིད་པའི་སྡིག་འཕྲོག་ཅེས་བྱ་སྟེ།། སྲིད་པའི་སྡིག་པ་ནི་ཐིག་ལེ་བཞི་ཕྱིར་འཕོ་བ་ཡིན་ལ། ན་མཁའ་ལས་བྱུང་རང་བྱུང་མེས།། ཕྱིས་འཕོ་བ་རྒྱུད ་བཅད་པ་ནི། སྡིག་འཕྲོག་པ་ཞེས་བྱའོ།། དུས་ཀྱི་འཁོར་ལོས་རིག་ཅེས་བྱ་བ་ནི། དུས་ཀྱི་འཁོར་ལོའི་རྣལ་འབྱོར་རྗེ་སུ་རིག་པསོ།། སེམས་ཀྱི་སྣང་བ་ཙམ་སྟེ་ཞེས་བྱ་བ་ནི། གང་གི་དུསུ་དུ་བ་ལ་སོགས་པ་ལྟ་བུར་མཐོང་བ་དེ་དག་སེམས་ཡོངས ་སུ་གྱུར་པའི་རྣམ་པར་རྟོག་པར་བྱའོ།། དེ་བས་ན་རང་གི་ཡིད་ལ་སྐྱེས་ཞེས་ཀྱང་བྱའོ།། གཞན་ཡང་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དམ། བཅུ་གཉིས་ལྟར་རྟོགས་ཤིང་ཤེས་པར་བྱ་བ་སྟེ། སྤྱང་ལྡུམ་ལ་སོགས་པའི་དུ་སུའོ།། ་གཞན་དུ་ནི་གཞན་དུ་རྟོག་པར་བྱ་ཞེ་འི་དོན་ཏོ།། རྒྱལ་བའི་སྲས་རྣམས་དང་ནི་སངས་རྒྱས་ཀྱིས། སྟེན་རྣལ་འབྱོར་དབང་པོས་བསྟེན་པར་བྱ་ཞེས་པ་ནི་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང ་ཡིན་པ་དེ་ནི་རྒྱལ་བའི་སྲས་ཏེ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བསྟེན་ཅིང་རིམ་གྲོ་མཛད་པ་སྟེ། རྣལ་འབྱོར་དབང་པོ་ཁྱེད་ཀྱིས་ཀྱང་འབད་པ་ཀུན་གྱིས་དུས་ཐམས་ཅད་དུ ་སྟེན་ཅིག་ཅེས་གདམས་པའོ།། ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་རབ་ཏུ་རྒྱན་ནའོ།། བདུད་དཔུང་ཡུལ་བཅས་མ་ལུས་ཤེས་པ་ནི། ལྷའི་བུ་ལ་སོགས་པ་བཞི་ཡིན་ལ། དེ་ཡང་ངེས་པའི་དོན་དུ་ཐོག ་ཐིག་ལེ་བཞི་ཕྱིར་དོར་བ་བདུད་དུ་རྟོགས་པར་བྱ་ཞིང་བདུད་དེ་དག་སྲེག་པ་ནི། ནམ་མཁའ་ལས་བྱུང་རང་བྱུང་བའི་ཚངས་པའི་མེས་སྲེག་པར་སྤྱོད་ལ། བརྟག་པ་དང་བཅས་པའི་མེས་བསྲེགས་པར་ནུས་པར་མ་གསུངསོ།། འདོད་ཆགསས ་སོགས་མཉམ་པ་དེ་ཞེས་བྱ་བ་ནི། མི་འགྱུར་བའི་ཐིག་ལེ་བདེ་བ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དམན་པའི་བདེ་བའོ།། རྣལ་འབྱོར་པ་ལ་ཞེས་པ་ནི། ཤེས་རབ་ཆེན་པོ་དང་། སྙོམས་པར་འཇུག་པའི་རྣལ་འབྱོར་པ་ལའོ།། ་སྟེར་བ་ནི་ཐོབ་པར་འགྱུར་བའོ།། རྣལ་འབྱོར་ལ་སོ་ཞེས་བྱ་བ་ནི། ལོ་གསུམ་དོང་ཟླ་བ་ཕྱེད་དང་གཉིས་ཀྱི་རླུང་གི་རྒྱུ་བ་རྒྱུན་གཅོད་པར་བྱེད་ཅིང་མི་འགྱུར་བའི་སྟེར་ཞེས་བྱའོ།། ཤེས་རབ་ཡང་ཤེས་དེ་ཉིད་གང་ཅི་ལྟ་བུ་ཞིག་སྙམ་པ་ལ། ་ཤེས་རབ་ཡེ་ཤེས་དེ་ནི་རྣམ་བཅུར་འགྱུར་བའི་སེམས་དེ་ནི་སྣང་བའོ་ཞེས་བྱ་བ་སྨོས་ཏེ། འདིར་ཤེས་རབ་ཡེ་ཤེས་ནི་འཛིན་པའི་སེམས་ཡིན་ལ། རྣམ་བཅུར་འགྱུར་ཞེས་པ་ནི་གཟུང་བྱ་དུ་བ་ལ་སོགས་པའོ།། སྣང་བ་ནི་འཛིན ་པའི་སེམས་ལ་དུ་བ་ལ་སོགས་པ་སྣང་བའོ།། དྲི་བྲལ་ཟླ་འོད་ལྟ་བུ་ཞེས་པ་ནི། སེམས་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བར་བྱས་ནས། ནམ་མཁའ་ལྟར་གནས་ན་ཟླ་བ་དང་འོད་ལྟར། བརྟགས་མཁའ་སྣང་ལ་སོགས་པ་འམ། ཡང ་ན་ཟླ་བ་དང་འོད་ལྟར་དབྱེར་མི་ཕྱེད་པའི་བདེ་བ་ཡིན་ལ། དབང་འདིར་གྲང་ཞིག་ཞུགས་པ་ཉིད། ཅེས་པ་ནི་དེ་འདྲ་བར་རྟོགས་ཤིང་སྐྱེ་བར་འགྱུར་བའི་དབང་འདིར་ཞུགས་པ་སྟེ། གཟུང་བྱའི་ཡུལ་ལྔས་ལྡོག་པར་བྱེད ་པར་ཡན་ལག་དྲུག་གི་སྦྱོར་བ་སོ་སོར་སྡུད་དང་བསམ་གཏན་དང་། སྲོག་རྩོལ་དེ་བཞིན་འཛིན་པ་དང་།། རྗེ་སུ་དཱན་དྲང་ཏིང་འཛིན་རྣམས་ཞེས་བྱ་བར་ཞུགས་པའོ།། དེའི་སྟོབས་ཀྱི་དེ་ནས་མི་འཛག་པའི་ལྷན་ཅིག་སྐྱེས་པ་མི་འགྱུར་ཞེས་བྱ ་བ་སྟོང་པ་ཉིད་དང་། སྙིང་རྗེ་མི་ཕྱེད་པའི་བདེ་བ་འཛག་པ་མི་མངའ་བའི་ལྷན་ཅིག་སྐྱེས་པ་འབྱུང་ལ་སྟོང་ཉིད་སྙིང་རྗེ་ལ་མི་གནས་པ་གནས་པ་གང་ཡིན་པ་དེ་ཁོ་ན་བཞི་པ་ཞེས་ཀྱང་བྱའོ།། གཞན་ཡང་བྱིས་པ་དང་དར་མ་དང་རྒན་པོར ་གྱུར་པ་ནི། འགྱུར་བ་དྲང་བར་ཆད་ཅན་གྱི་བདེ་བ་དེ་པེར་བྱ་བ་ཡིན་ལ། བཞི་པ་གང་ཡིན་པ་དེ་ནི། འཇིག་རྟེན་གསུམ་གྱི་དཔེར་བྱ་བ་ལས་འདས་པ་ཡིནོ།། དེ་ཉིད་ཁམས་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཡིནོ།། གང་ལས ་སངས་རྒྱས་ཞལ་འདི་ཁ་དང་སྙིང་ཁ་ལ་གནས་ནུས་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་ཏེ། གསུང་གི་ཡེ་ཤེས་འདི་ཞེས་བྱ་བའོ།། ཐུགས་ལ་གནས་ཞེས་བྱ་བ་ནི་བསྒོམས་ཤིང་ཉམ་སུ་མྱོང་བའོ།། གསུང་ལ་གནས་ཞེས ་བྱ་བ་ནི། སློབ་དཔོན་དེས་སློབ་མ་རྣམས་ལ་སྐྱོང་བའོ།། དེ་ཡང་དུས་ཐམས་ཅད་དུ་ཉམ་སུ་མྱོང་ནིང་སྟོན་པར་འགྱུར་བ་རྣམས་གང་ཡིན་པ་དེ། དཔལ་ལྡམ་ཐ་མ་དེ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་དང་མ་ཚུངས་ནམ་པའི་དོན་ཏོ།། ་ནཱི་རང་གི་སེམས་སྣང་བ་ལ་འཇུག་པ་བརྗོད་པར་བྱ་བའི་ཕྱིར། ན་མཁའ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་འདྲིར་སྦྱོར་བ་གོམས་པ་ནི་རྣམ་པ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པའོ།། དེ་ལ་ཕ་རོལ་ཏུ ་ཕྱིན་པའི་ཐེག་པའི་སྦྱོར་བ་གོམས་པ་ནི་བླ་གབ་མེད་པའོ།། སྔགས་ཀྱི་ཐེག་པའི་གང་རྣལ་འབྱོར་དུ་བྱེད་པ་སྟེ། དེ་ཉིད་ན་མཁའ་ཀུན་ཅེས་བྱ་བ་ལ་སོགས་པས་བསྟན་ཅིང་། ན་མཁར་དུ་བ་ལ་སོགས་པའི་རྟགས་ལ་བལྟའོ།། ་མིག་མི་འཛུམ་པར་རྡོ་རྗེ་ལམ་ལ་རླབ་ཏུ་ཞུགས་ཞེས་བྱ་བ་ནི། མིགྲ་མི་འཛུམ་པའི་ལྷའི་སྤྱན་གྱི་རྟགས་ཡིན་ལ། རྡོ་རྗེའི་ལམ་ནཱི་ས་བ~ཾ་དྷཱུ་ཏཱིར་སྲོག་འཇུག་པའོ།། དེ་བས་ན་མཁྱའ་ཀུན་ཤེས་སེམས་ཀྱི་རྡོ་རྗེ་ལམ་ལ་རབ་ཏུ ་ཞུགས་ཞེས་བྱའོ།། སྟོད་ལ་དུ་བ་སྨིག་རྒྱུ་གསལ་བ་དྲི་མ་མེད་པའི་ཁྱེར་མོ་ཉིད།། ཅེས་བྱ་བ་ནི་རྣལ་འབྱོར་པས་མཐོང་བར་འགྱུར་བའོ།། དེ་ནས་སྤྲིན་དང་བྲལ་བའི་ནམཁའ་ལྟར་མཐོང་།། ནམ་མཁའ་དེ་ལས་ནམ་མཁའ་ལས་བྱུང ་བྱུང་བ།། ཤེས་རབ་ཡེ་ཤེས་མེ་པོ་ཆེ།། ཞེས་བྱ་བ་ལ། སྤྲིན་མེད་པའི་ན་མཁའ་དེ་ཉིད་ལ་འབར་བ་ལྟོ་བུར་མཐོང་བ་དང་། དེ་བཞིན་དུ། འོད་ཆེན་རྣམ་པར་སྣང་བྱར་བྱེད།། ཡེ་ཤེས་སྣང་བ་ལམ་མྱེ་བ།། ཞེས་བྱ་བ་ཟླ་བའི་སྣང ་བ་དང་། འགྲོ་བའི་མར་མེ་ཞེས་བྱ་བ་ཉི་མའི་སྣང་བ་དང་། ཡེ་ཤེས་སྒྲོན་མ་ཞེས་བྱ་བ་སྒྲ་གཅན་གྱི་སྣང་བ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་བྱ་བ་ནི་གློག་གི་སྣང་བ་དང་། སྔགས་མཆོག་སྔགས་བདག་རིག་སྔགས ་རྒྱལ། ཞེས་བྱ་བ་སྟེ། ཐིག་ལེར་སྣང་བ་སྟེ་མཚན་མ་བཅུའོ།། དེ་རྣམས་ནི་གསང་བ་འདུས་པ་དང་། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་གསུང་སོ།། དེའི་རྗེས་ལ་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད ་ཅེས་བྱ་བ། བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ཀྱི་མཆོག་དང་འདྲ་བ་ཡིནོ།། དེ་དབུས་ཞེས་བྱ་བ་ནི་ཐིག་ལེ་དེའི་དབུསོ།། སངས་རྒྱས་གཟུགས་བརྙན་ཤིན་ཏུ་ཡུལ་བྲལ་ཞེས་བྱ་བ་ནི། རྫས་ཀྱི་ངོ་བོ་རྟགས་པ་མེད་པའི ་ཕྱིར་ཏེ། དེ་ཉིད་ལོངས་སྤྱོང་རྫོགས་པའི་སྐུ་འདོད་པའི་ཡོན་ཏན་ལྔ་ལ་མི་སྨོན་པའོ།། དེ་ལྟར་གཟུགས་ཀྱི་སྦྱོར་བ་ངས་གཞོན་ནུ་མེད་པའི་སྒྲ་གང་ཡིན་པ་དེ་ཡང་ཡིན་ཏེ། དྭེ་གང་གཟུགས་རྣམས་མཐོང་བའི་སྦྲུལ་སྐུ་ཡིན་ཏེ ་གཟུགསུ་སྣང་བའི་ཕྱིརརོ།། དགྲ་གཞོམ་དུ་མེད་པར་སྣང་བ་ནི། ལོངས་སྤྱོང་རྫོགས་པའི་སྐུ་ཞེས་བྱ་བའི་དོན་ཏོ།། ཡང་རྣལ་འབྱོར་རྩ་གཅིག་པ་ཡིན་ན་ན་མཁའ་སྤྲིན་བྲལ་ལ་ནི་ཁེབས་པས་ལྟ་བར་བྱ་ཞེས་བྱ་བ་སྟེ། རྟགས་མཐོང ་བར་འདོད་པ་རྣམས་ཀྱིས་སྔ་དྲོ་འམ་ཕྱི་དྲོ་རྒྱབ་ཉི་མ་ལ་བསྟན་ཅིང་། གང་གི་མིག་ལ་གནོང་པ་དེ་ལྟར་མི་བྱའོ།། ནང་དུ་ཕྱོགས་པ་རྣམས་ཀྱིས་ནི།། ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་གསལ་བ་དུས་ཀྱི་རྩཝ་རུ་མཐོང་། ཞེས་བྱ་བ ་དུས་ཀྱི་རྩ་ནི་ཨ་བ་དྷཱུ་ཏཱི་ཡིན་ལ། དེའི་དབུསུ་རི་མོ་ནག་པོ་སྐྲའི་ཉག་མའི་ཚད་ཙམ་དྲི་མ་གཞན་གྱིས་མོ་འདྲེས་པ། འོད་ཟེར་ལྔ་དང་ལྡན་པ་མཐོང་བ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིརརོ།། དེ་ལ་ཐམས ་ཅད་མཁྱེན་པའི་གཟུགས་ཤེས་བྱ་བ་ནི། ཁམས་གསུམ་མ་ལུས་པ་སངས་རྒྱས་ཀྱི་གཟུགས་ཏེ་བདེ་བ་ཆེན་པོའི་གཟུགས་མཐོང་བའོ།། ཆུ་ནང་ཉི་མ་རྟོགས་བྲལ་ཞེས་པ་ནི། བདེ་བ་ཆེན་པོའི་སྐུ་ཡིན་པས་ཉོན་མོངས་པ་མཐའ་དག ་སྤངས་པའི་ཕྱིརརོ།། སྣ་ཚོགས་མདོག་ཅེས་བྱ་བ་ནི་དེའི་སྟོབས་ཀྱིས་དུ་བ་ལ་སོགས་པའི་མདོག་སྣ་ཚོགས་པ་མཐོང་བའོ།། རྣམ་པ་ཀུན་ལྡན་ཡུལ་བྲལ་བདག་གི་སེམས་ཏེ་གཞན་གྱི་སེམས་ནི་མིན་པ་ཉིད་ཅེས་བྱ་བ་ནི། དེ་ལྟར་བུམ ་པ་དང་ཤིང་རྟ་ལ་སོགས་པའི་རྣམ་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཞེས་བྱ་བ་དེ་ཀུན་དང་ལྡན་པ་མཐོང་བ་དེ་ཡང་གང་དང་གང་རྣལ་འབྱོར་སྤྱོད་པ་དེ་དང་ལྡན་པས་མཐོང་གི། རྣལ་འབྱོར་དང་བྲལ་བ་གཞན་གྱིས་མི་མཐོང་ཞེས་བྱ། ་བའམ། ཡོད་ན་སྟོང་པ་ཉིད་ཀྱི་ཏིངངེ་འཛིན་གང་ལ་གནས་ནས་གཟུགས་ལ་སོགས་པ་མཐོང་བ་དེ་ནི་གཞན་ཏེ། བདྲག་ལ་སོགས་པའི་དངོས་པོ་མཐོང་བ་མཐའ་ཡིན་གྱི། བདག་ཉིད་སྣང་བ་མཐོང་བ་ཞེས་བྱ་བ་འམ། ཡང་ན ་གཞན་མ་མཐོང་སྟེ། རང་གི་རང་གི་སེམས་རྟོག་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་འདིར་དང་པོར་ཤའི་མིག་གིས་རང་གིས་སེམས་ཀྱི་སྣང་བ་སྟེ། དེ་བཞིན་གཤེགས་པ་དེ་ལྟ་བུ་མཐོང་།། དེ་ནས་ལྷ་ལ་སོགས་པའི་མིག་གི ་བདག་གི་སེམས་ཤེས་པ་འམ་མཐོང་བ་ཞེས་བྱའོ།། དེ་བས་ན་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་མིག་སྔར་བཤ་།། དེ་ལྟར་རིམ་པས་ཤའི་མིག་དང་། ལྷའི་མིག་རང་སངས་རྒྱས་ཀྱི་སྨན་དང་། ཤེས ་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ཏེ། དེ་རྣམས་ཏིང་འཛིན་གྱི་སྟོབས་ཀྱི་འབྱུང་ཞིང་། དེའི་རྗེས་ལ་ཐམས་ཅད་མཁྱེན་པའི་རང་བཞིན་གྱིས་མི་ཤེས་པ་དང་མི་མཐོང་བའི་དངོས་པོ་རྡུལ་ཙམ་ཡང་མཇ ་པ་མ་ཡིནོ།། བདེ་བ་ཆེན་པོ་རྒྱས་པར་བྱ་བའི་ཕྱིར། སྲོག་དང་རྩོལ་བ་བརྟན་པ་མི་གཟུགས་མཐོང་ནས་ནི་ཉིན་ཅིག་བཞིན་དུ་དུསུ་སྲོག་གི་རླུང་ནི་དགག་པར་བྱ། ཞེས་བྱ་བས་བསྟན་ཏེ། སྲོག་དང་རྩོལ་བ་ཡང་བླ་མའི་མན་ངག ་ལས་རྟོག་པར་བྱ་སྟེ། དེས་ནི་རླུང་དགག་པར་བསྟནོ།། ཚང་གསུམ་པ་ཇི་སྲིད་ངེས་པར་བདག་གི་ལུས་ལ་འོད་ཀྱི་འཁོར་ལོས་ཡོངས་བསྐོར་ཡིང་མཐོང་བ་ཞེས་བྱ་བདག་གིས་ཤེས་པ་ལ་མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ ་མཐོང་བ་ན་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ།། གཞན་དུ་ན་དུས་མ་ཡིན་པར་འཆི་བར་འགྱུརརོ།། སྲོག་དང་རྩོལ་བའི་དུསུ་བདེ་བ་སྤེལ་བའི་ཕྱིར། འགའ་འཛའ་ན་ཞེས་བྱ་བར་དུ། རྒྱལ་མཚན་རབ་ཏུ་བཀོད་བྱས་ལ།། ཡིད་འོང་ལྷ ་མོ་རབ་བསམ་ཞིང་།། དེ་ལ་ཀུན་ཏུ་སྙོམས་འཇུག་བྱ།། ངེས་པར་བདེ་ཆེན་རྒྱས་པར་འགྱུར།། སོ་སོར་སྡུད་པ་གྲོམས་ཡིན་ན།། དེ་ནི་བྱ་བ་མ་ཡིན་ཏེ།། ཉམས་པའི་གནསུ་འགྱུར་ཞེས་གསུངས།། ཞེས་གསུངས་པ་ཡིན་ཏེ། གང ་ཡང་གདམས་ངག་དེ་ནི་བླ་མ་དམ་པ་ལས། དཔའ་བོའི་སྟོན་མོ་འམ་ཚོགས་ཀྱི་མཆོད་པ་སྔོན་དུ་འགྲོ་བར་བྱ་ཞིང་གསང་བ་མ་ལོ་ཉི་ཤུ་མ་སྔོན་དུ་སྨིན་པར་བྱ་སྟེ། སློབ་དཔོན་ལ་ཕུལ་ཏེ་རྟོག་པར་བྱའོ།། དེ་བཞིན་གཤེགས ་པའི་ངེས་པའོ།། མ་རྟོགས་པ་གཞན་དུ་ཚིག་ཙམ་གྱིས་རྟོགས་པར་བྱེད་པ་གང་ཡིན་པ་ཉམས་པའི་གནསུ་འགྱུར་ཞིང་དངོས་གྲུབ་འབྱུང་བར་མི་འགྱུར་ཏེ། བདུད་ལ་སོགས་པས་ཀྱང་བར་དུ་གཅོད་པར་འགྱུར་རོ།། རྩོད་ལྡན་རྣམས ་ལ་ཟླ་བ་དྲུག་གི་རེག་པ་དང་བྲལ་བ་ཞེས་བྱ་བ། ལོ་ཕྱེད་རྒྱུན་མ་ཆད་པར་གནས་ན་རེག་པ་དང་བྲལ་ཞེས་བྱ་བ། དངོས་པོ་གཉིས་ཀྱི་སྤྱོད་པ་ལས་བྱུང་བ་དང་བྲལ་བ་སྟེ། མི་དགོས་ཞེས་བྱའོ།། བདེ་མཉམ་ཞེས་བྱ་བ་ནི་མི་འགྱུར་བར ་ཡང་གནས་ཤེས་བྱ་བ་ཡིན་ལ། དེ་ཡིས་ལམ་དུ་འགྱུར་ཞེས་བྱ་སྟེ། དེ་ལྟར་བརྗོད་པའི་ཏིངངེ་འཛིན་གྱིས་གཉིསུ་མེང་པའི་ཡེ་ཤེས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། རྩོད་ལྡན་རྣམས་ལ་ཞེས་བྱ་བ་ནི། ལས་དང་པོ་པའི་ཚངས ་པར་སྤྱོད་པ་རྣམས་ལའོ།། དྲིའི་རྗེས་ལ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི། ཆགས་དང་ཆགས་བྲལ་མཐའ་སོགས་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆགས་པ་ནི་དཀར་པོའི་ཕྱོགས་ཡིན་ལ་དེའི ་མཐའ་ནི་ཆ་བཅུ་དྲུག་པ་ཡིནོ།། ཆགས་བྱུལ་ནི་ནག་པོའི་ཕྱོགས་ཏེ། དེའི་ཐོག་མར་གནས་པ་ནག་པོའི་ཕྱོགས་པ་ཉིད་མངོན་པར་བྱང་ཆུབ་པའི་དུས་ལ་མཚན་ཉིད་ཡིན་ཞིང་། དེ་ཡང་སྐད་ཅིག་ཅེས་པ་ནི་དབུགས་ཡིན་ལ་གྲངས་སྤེལ ་ཞེས་པ་ནི། བདེ་བའི་སྐད་ཅིག་ལ་སུམ་སྟོང་དྲུག་བརྒྱར་གནས་ན་སུ་བཀག་པའི་གྲངས་སྤེལ་ཞེས་པའི་དོན་ཏོ།། དེ་ཡང་རྡོ་རྗེ་ནོར་བུའི་རྩེ་མོ་ནས་གསང་བའི་བར་དུ་སུམ་སྟོང་དྲུག་བརྒྱ་དང་། དེ་ནས་སྤྲུལ་པ་དང་། ཆོས་དང་ལོངས་སྤྱོད ་རྫོགས་པ་དང་བདེ་བ་ཆེན་པོ་དང་། གཙུག་ཏོར་དུ་སྟེ་ས་བཞི་དང་། དྲུག་དང་བརྒྱད་དང་། ས་བཅུར་འགྱུར་ཞིང་། གཙུག་ཏོར་དུ་ས་བཅུ་གཉིས་ཏེ་སྲོག་མ་ལུས་པ་ཟད་པའི་ཕྱིརོ།། དེབས་ན་ཨོཾན་འབར ་བའི་དབུས་ནི། གསང་བར་གནས་པའོ།། དགའ་བྲལ་ལྷན་ཅིག་སྐྱེས་པ་ཞེས་པ་ནི་ལྟེ་བའོ།། གཉིད་དང་བརྒྱ་ལྔ་བའི་དབུས་ཞེས་པ་ནི་སྙིང་ག་རོ།། ཤེས་དང་རྣམ་ཤེས་དབུས་ཤེས་པ་ནི་མགྲིན་པའོ།། དེ་བས་ན་ལུས་ངགྲ་ཡིད་ཡེ་ཤེས ་ཀྱི་ཐིག་ལེའི་གཟུགས་ཀྱི་འོང་བ་ནི། གང་ཡང་གཉིས་སྤོང་པ་དང་དཔྲལ་བ་ནས། བྱང་ཆུབ་སེམས་ཀྱི་ཐིག་ལྔའི་བདེ་བ་ནོར་བུར་འོངས་པ་འཕེལ་བར་བྱ་བ་སྟེ། སྟེང་དུ་བཏང་བར་བྱ་ཞེས་བྱ་བའི་དོན་ཏོ།། བླ་མའི་ངེས་པའི་དབང་གིས ་ཞེས་པ། སྔོན་གསུངས་པའི་སྲོག་འགོག་པས་འཕེལ་བར་འགྱུར་བ་སྟེ། བླ་མའི་དབང་གིསོ།། འཕེལ་བ་ནི་དཔྲལ་བའི་བར་དུའོ།། ཉོན་མོངས་བདུད་ནརྀ་བཅོམ་ནས་རྒྱལ་བའི་གོ་འཕངས་ལ་གནས་ཞེས་བྱ་བ་ནཱི། གཡསུ་པྲ་དང ་གཡོན་གྱི་རྒྱུ་བ་བདུད་ཡིན་ལ། རྒྱུ་བ་དེ་བཀག་པ་ལ་བཅོམ་པ་ཞེས་བྱའོ།། རྒྱལ་བའི་གོ་འཕངས་ལ་གནས་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་གནས་ནའོ།། ལེས་ཞེས་པ་ནི་ལོ་གསུམ་དང་། ཟླ་བ་ཕྱེད་དང་གཉིས་ཀྱི་རྣལ་འབྱོར་ཏེ། ་བྱེ་བ་ཕྲག་བཞི་དང་སུམ་འབུམ་གྱི་ལྷག་པའི་ས་ཡ་ཕྲག་གཉིས་སྐྱེས་བུ་ཚེ་ལོ་བརྒྱ་པའི་རྩ་དབུ་མའི་དབུག་སུ་ཤེས་པར་བྱ་སྟེ། དེ་བས་ན་ལོ་ཞེས་བྱའོ།། དེ་བས་ན་བུམ་པ་ཙམ་གྱིས་སྦྱོར་བ་བདེ་བ་ཆེན་པོའི་སྐད་ཅིག་སྤྱོད་ཅིང ་བཕེལ་བར་བྱ་བ་ནི་ངེས་པའོ།། ང་ནི་གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་འི་ཕྱིར། སྐུ་ཞེས་བྱ་བ་ལ་སོགས་སྨོས་ཏེ། འདྲི་སྟོང་པ་ཉིད་དུ་སྣང་བ་ནཱི། རྫ་སུ་མེད་པའི་ཕྱིརརོ།། སྣའི་རྣམ་པ་སྱཱ་དྨ་ཡང་ཞེས་བྱ་བ་ནི། གཟུགས ་བཅུ་ལྔ་སོགས་པ་འམ། ཡང་ན་གུང་ཅུང་ཟད་སྣང་བ་དེས་ས་ཆུ་མེ་རླུང་གི་དངོས་པོ་གུད་ན་ཡོད་པ་མ་ཡིན་ཞིསུ་དགོངསོ།། དེ་བྱས་ན་བརླན་པའི་ཆུ་གཟུགས་ནི་སྒྲོག་རྒྱུ་སྟེ་ཆུ་མ་ཡིན།། མེའི་རྣམ་པར་སྟོང་ཡང་ཞེས་པ་ནི ་ཉི་མའི་སྣང་བ་ལ་སོགས་པ་སྟེ། མེ་ལ་སོགས་པ་མ་ཡིནོ།། གཡོ་བ་རླུང་གི་སྐུ་ཡང་ཞེས་པ་ནི། དངོས་པོ་རྣམས་གཡོ་བར་མཐོང་ཡང་གཡོ་བ་རླུང་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། རྫ་སུ་གྲུབ་པ་མེད་པའི་ཕྱིརརོ།། འོ་ན་སྣང་བ ་དངོས་པོ་རྣམས་སྟོང་བྷ་ཡིན་ན་ཇི་ལྟར་མཐོང་ཞེ་ན། སྟོང་པ་ཡིན་ཡང་མཐོང་སྟེ་ཞེས་བྱ་བ། སྣང་བའི་དངོས་པོ་རྣམས་སྒྱུ་མ་འམ། རྨི་ལམ་མམ། དྲི་ཟའི་གྲོང་ཁྱེར་ལྟར་མཐོང་གི། དངོས་པོ་རྣམས་སྙིང་པོ་དང་ལྡན་པར ་ནི་འགའ་ཡང་མ་མཐོང་།། དེ་བས་ན་དཀར་སྔོ་སྣ་ཚོགས་པར་ཡང་སྡུང་། རྫ་སུ་མེད་པའི་ཕྱིར་ཁ་དོག་མཱ་ཡི་ནོ།། དེ་ལྟར་ན་དངོ་སྡེ་པོ་རྣམས་བཟོད་མ་ནཱས་ངོ་བོ་ཉིད་ཀྱི་སྟོང་པའི་སྙིང་པོ་དང་བྲལ་བྱའི་སྙིང་པོ་ཅན་རྣམ་པ་ཀུན ་གྱི་མཆོག་དང་ལྡན་པ་ཡིན་ན་ཡང་། ཐམས་ཅད་དུ་བྱིས་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བ་མེ་དེ། གང་གི་ཕྱིར་ཞེ་ན་རང་སེམས་དྲི་མ་ཉོན་མོངས་བདུད་ཀྱི་སྟོབས་ཞེས་བྱ་བ། གཡས་གཡོན་གྱི་རྩ་སྲོག་ཀུན་ཏུ་སྤྱོད་པ་མ་འགག ་པའི་བདུད་དེའི་སྟོབས་ཀྱི་མ་མཐོང་བ་ནི་ངེས་པའོ།། ང་ནི་སྲོག་ལ་སོགས་པ་འགྲོ་བའི་རྩའི་གནས་བརྗོད་པར་བྱ་སྟེ། སྒྲ་ཞེས་བྱ་བ་ལྔ་སོགས་པ་སྨོས་ཏེ། འདིར་སྒྲ་ཞེས་པ་ནི་སྙིང་གའི་སེམས་ཀྱི་ཐིག་ལེ ་གཉིད་འཐུག་པོ་བསྐྱེད་པའི་ངོ་བོའོ།། ཐིག་ལེ་ཞེས་པ་ནི་དཔྲལ་བར་ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་བསྐྱེད་པའོ།། ཆ་ཞེས་པ་ནི་མགྲིན་པར་ངག་གི་ཐིག་ལེ་རྨི་ལམ་བསྐྱེད་པའོ།། ཡེ་ཤེས་ཞེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི་ཐིག ་ལེ་བཞི་པ་བསྐྱེད་པའོ།། བདུད་རྩི་གོ་འཕངས་ལ་གནས་ལུ་གུ་རྒྱུད་བཅིངས་རྩ་ཞེས་པ་ནི་བདུད་རྩི་གོ་འཕངས་ནི་དཔྲལ་བ་ཡིན་ལ། གནས་ཞེས་བྱ་བ་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱིའོ།། ལུ་གུ་རྒྱུད་བཅིངས་ཞེས་པ ་རྩ་གསུམ་པོ་དེ་ལྟེ་བ་དང་སྙིང་གའི་དབུསུ་ལན་གསུམ་དུ་བྱས་ནས་ཏེ། སླར་ཡང་ཨ་བ་དྷཱུ་ཏཱ་ཛ་སྙིང་ག་ལ་སོགས་པའི་ཟེ་འབྲུའི་གནས་ཕུག་ནས་འགྲོ་ལ། ལ་ལ་ནཱ་དང་ར་ས་ནཱ་ནི་གཡས་གཡོན་གྱི་པདྨའི་ཀུན་ཏུ་སྤྱོད་པའི ་དབང་གི་འགྲོའོ།། དེ་ནས་ཡང་སྙིང་གྲཝ་དང་། མགྲིན་པའི་དབུས་ནས་ལན་གསུམ་ནས་འགྲོའོ།། དེ་བཞིན་དུ་དཔྲལ་བ་དང་། མགྲིན་པའི་དབུས་ནས། གཙུགུ་ཏོར་དང་། དཔྲལ་བའི་དབུསུ་ལན་གསུམ་སྟེ། དེ་ལྟར་ལནྡ་གསུམ་གསུམ ་དུ་བྱས་ནས། ལ་ལ་ནཱ་ནི་གཡོན་པའི་སྣ་བུག་ནས་འགྲོ་ལ། ར་ས་ནཱ་ནི་གཡས་ནས་འགྲོ་ཞིང་། ཨ་བདྷཱུ་ཏཱི་ནི་གཅིག་ཅར་སྣ་བུབ་གཉིས་ཀ་ནས་འབྱུང་བར་བྱེའོ།། ཐུབསེལ་ཞེས་པ་ནི་ལྟེ་བའི་འོག་ཏུ་ཡང་དེ་བཞིན་དུ་འགྲོ་ཞེས་བྱ་བའི ་དོན་ཏོ།། སྲོག་དང་ཐུར་སེལ་ལམ་གསུམ་ཞེས་པ་ནི། སྟེང་དུ་གཡས་གཡོན་དབུས་དང་གསུམ་ཡིན་ལ། འོག་ཏུ་དྲི་ཆེན་དྲི་ཆུ་ས་བོན་གྱི་ལམ་གསུམོ།། རྡོ་རྗེ་པདྨར་བཅས་ཞེས་པ་ནི། བུད་མེད་རྣམས་ཀྱི་སྐྱེ་གནས་དང་། རྒྱུ་འཐུན་པ ་རང་བཞིན་ཡིན་པའི་ཕྱིརརོ།། པདྨ་ཉིད་ནི་རྡོ་རྗེ་ལྡན་ཞེས་པ་ནི་རང་བཞིན་གྱིས་ཕྱིར།། རླུང་གཉིས་འདོམ་པ་དག་གི་དབུས་ཤེས་པ་ནི་ལྟེ་བར་སྲོག་དང་ཐུར་སེལ་འདོམ་པའི་དབུ་སུའོ།། ཡུལ་དང་ཡུལ་ཅན་རྣམས་ཤེས་པ་ནི། མིག་ལ་སོར ་པབརྩ་རྣམས་ཀྱི་འབྱུང་འཇུག་སྟེ། དྲི་ཡང་སྔོན་དུ་བརྗོད་པ་ཉིད།། དུ་བ་ལ་སོགས་མཚན་མ་འཛིན་པ་ཡང་ནི། ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་སྒོས།། ཡང་གི་སྒྲ་དེ་ཉིད་ལྟེ་བའོ།། ཐམས་ཅད་གསང་ཆེ་ནོ་ཞེས་པ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་གས ་བར་ངེས་པའོ།། ད་ནི་རྣལ་འབྱོར་པའི་ཉེ་བར་བསྡུ་བ་བརྗོད་པའི་ཕྱིར། དབུསུ་སྲོག་ཞུགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་དང་པོ་རྣལ་འབྱོར་པས་དབུས་ཏྭེ་ཨ་བ་དྷཱུ་ཏིར་སྲོག་བཅུག་པར་བྱས་ནས་མཚན་མ་གང་ཞིག་མཐོང་བར་འགྱུར། ་དཔལ་ལྡན་བླ་མ་ཞེས་པ་ན། སངས་རྒྱས་ཀྱི་རང་བཞིན་གྱི་སྐུའི་རྡོ་རྗེ་གཅིག་པུ་ཉིད་། ཅེས་བྱ་བའི་དོན་ཏོ།། ཉི་མར་བཅས་པ་ལྔ་གནས་པ་ནི། གཡས་པའི་བགྲོད་པ་དང་བཅས་པ་ནི་རི་བོང་ལ་གནས་པ་ཞེས་པ་ནི། གཡོན་པའི་རྩ ་གཡས་པའི་རླུང་སྟེ། སྲོག་དེ་བཅིང་བར་བྱ་བའི་ངེས་པ་ཡིན་ལ། དེ་བས་ན་སྲོག་ཞུགས་ཤེས་པ་ནི། གཉིས་པ་གསུང་གི་རྡོ་རྗེར་བརྗེད་དོ།། སེམས་ནི་ཕྱག་རྒྱས་རབ་སྦྱར་ཞེས་པ་ནི། གཟུགས་ལ་རྗེ་སུ་ཆགས་པས་གཞུ་བའི་བྱང་ཆུབ ་ཀྱི་སེམས་གསུམ་པ་ཐུགས་ཀྱི་རྡོ་རྗེའོ།། མཆོག་གི་བདེ་གནས་རྡོ་རྗེ་སྦྱང་བར་བྱ་བའི་ཕྱིར་ཞེས་པ་ནི། དེ་ནས་གལ་ཏེ་གཟུགས་ལ་ཆགས་པའི་དབང་གིས་དགའ་བ་སྐྱེ་བར་འགྱུར་བ་དེ་ལྟ་ན་ནི། པདྨར་རྡོ་རྗེའི ་སྒྲ་ཞེས་བྱ་བ་སྐད་ཅིག་ཙམ་གཅིག་བྱ་བ་ཡིན་གྱིས་གཉུག་མར་མཱ་ཡིནྡོ།། གལ་ཏེ་ཤེས་རབ་མ་རྙེད་པ་དེ་ལྟ་ན་ནཱི། ཆུ་སྐྱེས་རང་ལག་གི་གསྔོར་བདེ་དོན་དུ་ཞེས་བྱ་བ་ལག་པ་དངོས་ནི་མ་ཡིན་གྱི། སྔོན་དུ་བརྗོད་པའི་མཛའ་འགའ ་ནཱ་ཡིསོ།། དེ་ཡང་མི་འཇིག་པའི་བདེ་བའི་དོན་དུ་ཡིན་གྱི། འཇིག་པའི་ཕྱིར་ནི་མ་གསུངསོ།། དེ་བས་དེའི་ཕྱིར་ས་བོན་མི་གཏོང་བ་བདེ་ངེས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ་ཞེས་པ་ནི། དེ་ཉིད་བཞི་པ་ཡེ་ཤེས ་ཀྱི་རྡོ་རྗེ་ཉིད། རྣལ་འབྱོར་གོམས་པ་རྣམས་ཀྱིས་ངེས་པའོ།། ད་ནི་དཀྱིལ་འཁོར་མངའ་མཛད་ཅིང་ཐིམ་པོར་མཛད་པའི་ཕྱིར། ས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པས་ཁྲོ་བོའི་ལྟ་བས་གཡས་པ་འམ་གཡོན་པ་ལ་རྒྱུ་བའི ་དུསུ་སྟོང་པ་ལ་སེམས་གཞག་པར་གྱུར་ན་སྟེ། དེ་ཡངང་ས་ཞེས་བྱ་བ་གཡས་པ་རྒྱུ་བའི་དུ་སུ་སེམས་སྟོང་པ་ལ་གཞག་པ་རྣམས་ལ་གསུངས་ཀྱི། གཡོན་གྱི་རྩ་རྒྱུ་བའི་དུས་ལ་ནི་གསུངས་པ་མ་ཡིནོ།། དེ་ཅིའི་ཕྱིར་ཞེ་ན། གང་གཡོན ་ནས་ན་མཁའ་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བ་དེའི་ཕྱིར་ས་ནི་ཆུར་འཇུག་ཅེས་བྱ་བ་མ་ཡིན་གྱི། གང་ཡང་ཚིག་དེ་ནི་གཡས་ཀྱི་སྲོག་རྒྱུ་བ་ན། དང་པོ་ས་ནས་རྒྱུ་སྟེ། དེ་ཡང་ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ། མེ་ནི་རླུང་རྣམས་ལ ་ཡང་འཇུག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིནོ།། དེ་ལྟར་ན་གཅིག་ལ་གཅིག་ཡེ་ཤེས་ཀྱི་ཁམས་ཀྱི་བར་དུ་འཇུག།། གཞན་ཡང་གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པ་ནས་རྒྱུ་བའི་མ་ཡིན་ཏེ། འདི་ལྟར་གཡས ་པ་ནས་ཐ་མཱ་སྟོང་པ་ལ་འཇུག་ཅིང་འགྲོ་བར་འགྱུརརོ།། སྟོང་པ་མཚན་མ་རྣམ་པ་བཅུ་ཞེས་བྱ་བ་སྟེ། དེའི་དབང་གྲི་དུ་བཱ་ལྟ་བུ་ལ་སོགས་པ་རྣཾ་པ་ཐམས་ཅད་པའི་གཟུགས་འབྱུང་བར་འགྱུརརོ།། གཟུགས་ལས་མི་འགྱུར་བའི་བདེ ་བར་འགྱུར་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་འཇུག་གོ། ཡེ་ཤེས་ལ་རྫུ་འཕྲུལ་ཞེས་པ་ནི་ཡེ་ཤེས་དེ་ལས་ན་མཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ཏེ། ཁམས་གསུམ་གྱི་དབང་ཕྱུག་ཀྱང་སྐྱེ་བ་འདི་ཉིད་ལ ་འགྲུབ་པར་འགྱུརརོ།། ཀྱེ་མིའི་བདག་པོ་ཞེས་བྱ་བ་སྟེ། ལམ་ལ་འཇུག་པར་བྱེད་པའི་ངེས་པའོ།། ང་ནི་སྐུ་བཞི་དབྱེ་བ་བཅུ་དྲུག་བརྗོད་པར་བྱ་བའི་ཕྱིར་འདོད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཀུན་འབྱུང་གིས་བདེན་པའི་དབང ་གིས་གང་ཡང་སྐུ་གཅིག་ལ་ཡང་སྐུ་གསུང་ཐུགས་ཡེ་ཤེས་དྲང་བཞི་བཞིར་འགྱུར་བ་དེ་བས་ན། འདོད་ལས་བྱ་བ་དྲི་བས་ནི། སྐུའི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་སྐུར་འགྱུརརོ།། དེ་ནས་རྫོགས་པ་དག ་ཅེས་བྱ་བ་ནི། སྐུ་མཆོག་གི་དགའ་བ་འགགས་པ་ལས་སྤྲུལ་པའི་སྐུ་གསུང་དུ་འགྱུར་རོ།། འབར་བའི་དྲི་མེད་སེམས་ཏེ་ཞེས་བྱ་བ་ནི། སྐུའི་དགའ་བྲལ་འགགས་པ་ལས་སྤྲུལ་པའི་སྐུ་གསུང་ཐུགསུ་འགྱུརརོ།། མཆོག་གི་བདེ་བ་ཡེ ་ཤེས་ལས་ཀྱང་ཨོཾ་ཞེས་པ་ནི། སྐུའི་ལྷན་ཅིག་སྐྱེས་དགའ་འགགས་ནས་སྤྲུལ་པའི་སྐུར་ལ་ཤེསུ་འགྱུར་ཏེ། སྐུ་ལ་རྣམ་པ་བཞིའོ།། དེ་བཞིན་དུ་ལོངས་སྤྱད་རྫོགས་པའི་བཞི་ནི། དགུའ་ལས་ལྗོངས་སྤྱོང ་སྐུ་སྟེ་གསུང་གི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར།། མཆོག་དགའ་དགའ་བྲལ་བཅས་པ་འདི་རིམ་ཡིན་ཞེས་པ་ནི། གསུང་གི་མཆོག་དགའ་འགགས་པས་ལོངས་སྤྱོད་རྫོགས ་པའི་གསུའདུ་འགྱུར་རོ།། དགའ་བྲལ་ཞེས་བྱ་བ་ངག་གི་དགའ་བྲལ་འགགས་པས་ལོངས་སྤྱོད་རྫོགས་པའི་ཐུགསུ་འགྱུར་རོ།། ལྷན་ཅིག་སྐྱེས་པ་ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པ་འགགས་པས་ལོངས་སྤྱོད་རྫོགས་པའི་ཡེ་ཤེས ་འགྱུར་རོ།། དེ་ནས་ཆོས་ཀྱི་བཞི་ནི། མདར་དང་ཞེས་པ་ནི། ཐུགས་ཀྱི་དགའ་བ་འགགས་པས་སངས་རྒྱས་རྣམས་ཀྱི་སྐུར་འགྱུར་རོ།། དེ་ལས་སྐྱེ་བར་འགྱུར་བ་གང་ཞེས་པ་ནི་ཐུགས་ཀྱི་མཆོག་ཏུ་དགའ་བ་འགགས་པ་ལས་ཆོས་ཀྱི ་སྐུའི་གསུང་དུ་འགྱུར་རོ།། རྒྱལ་ལས་ངེས་པར་ཆོས་ཀྱི་སེམས་ཏེ་ཞེས་པ་ནི་ཐུགས་ཀྱི་དགའ་བྲལ་འགགས་པ་ལས་ཆོས་ཀྱི་སྐུའི་ཐུགསུ་འགྱུར་རོ།། གཉིད་ལ་ཡེ་ཤེས་འདི་ཞེས་བྱ་བ་ནི། ཐུགས་ཀྱི་ལྷན་ཅིག་སྐྱེས་པ་འགགས་པ ་ལས་ཆོས་ཀྱི་སྐུའི་ཡེ་ཤེསུ་འགྱུརརོ།། ངེས་པར་ཁ་དོག་དག་པའི་སྐུ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་སྐུའོ།། མི་འགྱུར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དགའ་བ་འགགས་པས་ལྷན་ཅིག་སྐྱེས་པའི་སྐུར་འགྱུརརོ།། དེ་ཉིད་དབྱིངས་དང ་བྲལ་བྷ་སྐྱེ་བརྗོད་དུ་མེད་པ་དབྱིངས་བྲལླ་ཞེས་ཀྱང་བྱའོ།། ཆ་དང་ཞེས་བྱ་བ་ནི་ཟླ་ཚེས་ལྟ་བུ་སྟེ། ཡེ་ཤེས་ཀྱི་མཆོག་དགའ་འགྲགས་པས་ལྷན་ཅིག་སྐྱེས་པའི་གསུང་དུ་འགྱུར་རོ།། དེ་ཉིད་ནི་ནུས་པ་ཞེས་ཀྱང་བྱ་སྟེ་གཞན་དག་གི ་སྐ་།། ཐིག་ལ་ཞེས་པ་ནི། ཡཾ་ཤེས་ཀྱི་དགའ་བྲལ་འགགས་པས་ལྷན་ཅིག་སྐྱེས་པའི་གསུང་དུ་འགྱུར་རོ།། ནཱ་དྦ་ཞེས་བྱ་བ་ནི། སྒྲ་སྟེ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པ་འགགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེ་སུ་འགྱུར་རོ།། དེ ་བས་ན་སྲིང་གསུམ་ལ་གནས་ངག་སེམས་ཡེ་ཤེས་རྡོ་རྗེ་བདེ་འབྱུང་དག་པོའི་སྐུ་ལའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དགའ་བ་བཅུ་དྲུག་གི་དབྱེ་བ་སྟེ། དེ་ཉིད་རྣམ་པ་བཅུ་དྲག་རིག། ཅེས་གསུངས་པའི་ཕྱིརརོ།། རྣམ་པ་བཅུ ་དྲུག་གི་དེ་ཁོ་ན་ཉིད་འདི་ནི། མི་འགྱུར་བའི་བདེ་བ་ཆེན་པོ་དོན་དམ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་ལུག་ལས་འབྱུང་བའི་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དབང་གིས། དེ་ཉིད་རྣམ་པ་བཅུ་དྲུག་འཛག་པའི་རང་བཞིན་ཅན་ཡིནོ།། སངས ་སངས་རྒྱས་རྣམས་ལ་འཕོ་བ་བཅུ་གཉིས་ཀྱིས་རླུང་ལུགས་ལས་ཟློག་པར་སྲོག་ཟད་པའི་ཕྱིར།། རྡོ་རྗེ་ཉི་མ་སྣང་བ་ཆེ།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། ཞེས་བྱ་བ་ནི། འཕོ་བ་བཅུ་གཉིས་ཀྱི་ཆོས་ཅན་གྱི་ཉི་མ་སྟེ། རྡུལ་ལམ ་ཁྲག་འགགས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་པ་ཟླ་བའི་ཆོས་ཅན་ཡང་འགགས། རྡོ་རྗེ་ཟླ་བ་དྲི་མེད་འོད།། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་བྱ་བ་སྟེ། དུས་ཀྱི་འཁོར་ལོར་གྲུབ་པའོ།། ད་ནི་སད་པ་ལ་སོགས་པའི་གནས ་སྐབས་བཞི་འགགས་པ་བརྗོད་པར་བྱ་སྟེ། སད་དང་ཞེས་བྱ་བ་འདིར་འཁོར་བ་པ་རྣམས་ཀྱི་སད་པའི་གནས་སྐབས་སྐྱེད་པ་ནི། ལུས་གནས་ཞེས་བྱ་བ་སྤྱི་བོ་ན་གནས་པའི་བྱང་ཆུབ་སེམས་སད་པ་སྐྱེད་པ ་ཐིག་ལའོ།། རྨི་ལམ་ཞེས་པ་ནི་འཁོར་བའི་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པ་ནི། དབུགས་ཐིམ་ཞེས་བྱ་བ་མགྲིན་པ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལྀ་རྨི་ལམ་བསྐྱེད་པ་ནི་གསུང་གི་ཐིག་ལའོ།། རང་བཞིན ་གཞན་ཡང་འདི་དགྲ་ཉིད་དང་ཞེས་བྱ་བ་ནི་འཁོར་བའི་གནས་ཉིད་སྐྱེད་པར་བྱེད་པ་ནི་མི་གཡོ་བའི་སེམས་ནི་ཐིམ་པའོ་ཞེས་བྱ་བ་སྟེ། གནས་སྐབས་གཉིས་ཀའི་ཡུལ་ལ་མི་སྤྱོད་ཅིང་། སེམས་ཐིམ་པ་ཡིན་པས། ལུས་ཅན་རྣམས་ཀྱི ་གཉིད་འཐུག་པོ་སྐྱེད་པར་བྱེད་པ། སྙིང་ག་ན་གནས་པ་ནི་ཐུགས་ཀྱི་ཐིག་ལེ་ཞེས་བྱའོ།། ཡེ་ཤེས་ལ་གནས་ཏྭ་ཤེས་བྱ་བ་ནི་འདྲིར་འཁོར་བ་པ་རྣམས་ཀྱི་སྨོད་པ་ལས་བྱུང་བའི་བདེ་བ་སྐྱེད་པར་བྱེད་པ་བུད་མེད་སྦྱར་ལས་ཤེས་བྱ་བ་སྟེ། ་འཁོར་བ་པའི་ས་བོན་གྱིས་བདེ་བ་བསྐྱེད་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་སྤྲུལ་པའི་འཁོར་ལོར་གནས་པ་ནི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བྱའོ།། སྐད་ཅིག་ཀྱང་ནི་བྱང་ཆུབ་ཀྱི་སེམས་ཞུར་འགྱུར་ཞེས་བྱ་བ་ནི། དེ་ལྟར་བུད་མེད་རྣམས ་དང་སྐད་ཅིག་ཙམ་སྦྱོར་བ་ལས་ཀྱང་། ཐིག་ལེ་བཞི་རྣམས་འབོད་ཅིང་། འཁོར་བའི་གནས་བཞི་སྐྱེད་པ་ཡིནོ།། དེ་རྣམས་འགགས་ན་སྤྲུལ་པ་ལ་སོགས་རྣམས་ཏེ། ངེས་པར་རིམ་བྱུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་བཞི་ཞེས་བྱ་སྟེ། སངས་རྒྱས ་རྣམས་ལའོ།། དེ་ལྟར་སྲིད་གསུམ་ལ་གནས་ཤེས་པ་ནི། སད་པ་ལ་སོགས་པའི་གནས་སྐབས་བཞི་སྐྱེད་པ་པོའི་སེམས་བཞི་པོ་ནཱི། ལུས་ཅན་རྣམས་ཀྱི་ཐིག་ལེའི་དབུས་ནུ་བརྟེན་ཏོ་ཞེས་བྱ་བའི་དོན་ཏོ།། བདེ་མཉམ་འབྲས་སྟེར་ཁྱབ ་བྱེད་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང་པོ་ཡིས་ནི་སྲུང་བར་བྱ་ཞེས་བྱ་བ་ནི། གང་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམ་བཞི་པོ་བསྲུངས་ན་དེ་ཉིད་ཀྱི་ཐར་པའི་འབྲས་བུ་སྟེར་ཞེས་བྱ་བའི་དོན་ཏོ།། གོ་འཕངས་མཆོག་བདེ་ཞེས་བྱ་བ་ནི། རྡོ་རྗེ་འཆང་གི ་གནས་ཡིན་ལ་དེ་ཐོབ་པར་བྱེད་པ་བསམ་གཏན་བཞིའི་རྩེ་མོ་བཟུང་ནའོ།། རྣལ་འབྱོར་སྐྱེ་བའི་ས་བོན་ཞེས་བྱ་བ་ནི། ལུས་ཅན་རྣམས་གཉིསུ་མེད་པའི་བྱང་ཆུབ་ཏུ་སྐྱེད་པར་མཛད་པའི་ཕྱིརརོ།། ཐིག་ལེ་བྱོར་ནས་ཐར་པ་གང་ཞེས་བྱ་བ་ནི། ་བྱང་ཆུབ་སེམས་ཀྱི་ཐིག་ལེའི་ས་བོན་ཟག་ན་གཉིསུ་མེད་པའི་ཡེ་ཤེས་གང་ལ་རྙེད་པོར་འགྱུར་ཞེས་བྱ་བའི་དོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། བདེ་བའི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ།། དེའི་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་རྣལ་འབྱོར་རྣམས ་ཀྱིས་འདིར་ནི་རྣམ་སྤང་བྱ་ཞེས་བྱ་སྟེ། འགྱུར་ཞིང་འགྱུར་ཏེ་དེ་ནས་མཐུན་ཞེས་བྱ་བའི་རང་བཞིན་ཅན་རྣམས་སྤངས་པར་བྱ་བ་ཡིན་ཞིང་། རྒྱུ་མཐུན་པ་ཞེས་བྱ་བའི་རང་བཞིན་གྱིས་བྱང་ཆུབ་སེམས་སྟེང་དུ་བཏང་ཞིང་རྣལ་འབྱོར་པ་རྣམས ་ཀྱིས་དྲི་མ་མེད་པའི་བར་དུ་བཏང་བར་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པ་ཡིནོ།། དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་ཀྱང་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ།། སྐབསུ ་བབས་པའི་སྤྱོད་ལམ་གྱི་རྣལ་འབྱོར་དང་། བཏུང་བ་དང་། བཟའ་བ་ལ་སོགས་པའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར། ཨོཾ་ཨཱ་རྒྷཾ་ཧོ། རིམ་བཞིན་དང་པོ་འདིར་རྟག་ཏུ་སྦྱང་ཞིང་རྟོགས་པར་བྱ་ཞེས་བྱ་བ་ནི། བཟའ ་བ་དང་བཅའ་བ་ལ་སོགས་པ་ཀུན་ལ་བྱ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཆང་གི་བཏུང་བ་སྟེ། ཚོགས་ཀྱི་མཆོད་པ་ཆེན་པོ་འམ། དཔའ་བོའི་སྟོན་མོ་ལ་སོགས་པ་ལ་རྣལ་འབྱོར་པ་གང་གིས་བཏུང་བ་ཉམ་སུ་ལེན་པ་དེའི་ཚེ། ཆང་ནི་འབར ་བྱས་ནས་ཟླ་བ་ལྷ་བུར་རིམ་པར་བསྐོར་བྱ་ཞིང་ཞེས་བྱ་བ་རྣལ་འབྱོར་པ་རྣམས་ཆང་ལ་ལོངས་སྤྱོད་པ་ན། དེང་པོར་བཏུང་བའི་སྣོད་ཐོད་པ་ཁྱད་པར་ཅན་གཟུང་ཞིང་དེ་མེད་ན་ནི་ཡི་གེ་རར་བཟུང་ངོ་།། དེ་ཡང་མེད་ན་ཅི་ཡང་རུང་བའི་སྟེད་ཐོད ་པར་བསྐྱེད་ལ་དེའི་ནང་དུ་ཆང་བཟུང་སྟེ། རླུང་མེས་སྦར་ལ་བདུད་རྩིའི་རང་བཞིན་དུ་བྱས་ལ། སྟོང་པ་ཉིད་དང་སྙིང་རྗེའི་གནས་ས་འམ་ན་མཁའ་ལ་བྲིས་ཏྭེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། དེ་ལ་ཚིམ་པར་བྱ་བ་དང་། ཤེས་རབ་གང ་ཡིན་པ་ལ་ཡང་ཚིམ་པར་བྱས་ནས་བཏུང་བར་བྱ་བ་ཡིན་གྱི། གཞན་དུ་ན་བཏུང་བར་བྱ་བར་མ་གསུངསོ།། དེ་ཡང་རྒྱས་པར་བསྟན་པ་ནི། དེའི་སྣོད་ལ་ཐིག་པ་ཡིས་ཀྱང་ཟླ་བའི་ལོག་པད་མིང་མེད་དག་གི་ས་ལ་ན་ཞེས་བྱ་བ་ནི། ལག་པ ་གཡོན་པ་ཟླ་བ་སྟེ་བྱང་ཆུབ་སེམས་ཀྱི་ཆ་ཡིན་པའི་ཕྱིརརོ།། ཕྱི་རོལ་ཟུར་གསུམ་ནི་སྟོང་པ་མཚོན་པར་བྱེད་པ་ཨེའོ།། ཉིན་མོ་བྱེད་པ་དང་འདྲ་དེའི་དབུས་ཟླུམ་པོ་བྱ་ཞེས་པ་ནི། སྟོང་པ་དེའི་དབུསུ་སྙིང་རྗེ་མཚོན་པར་བྱེད་པའི་ཐིག་ལེ་ཟླུམ་པོར ་བྱ་བ་སྟེ། བཾ་གྱི་དེ་ནི་རྒྱུད་ཐམས་ཅད་ཀྱི་ཐོག་མར་འདི་སྐད་ཅེས་བྱ་བ་ལ་སོགས་པས་བསྟན་པ་ཡི་ནོ།། དེ་དབུས་སྲིད་གསུམ་ལ་གནས་ཞེས་བྱ་བ་ནི། ཨེ་པཾ་གང་ཡིན་པ་དེའི་བར་ན་གནས་པའི་སྲིད་པ་གསུམ་ཡོངསུ་གྱུར་པའི་བདག ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་སྤྱན་དྲང་བའོ།། མཐེ་བོང་དང་མིང་མེད་གཉིས་ཀྱིས་ཉིན་བཞིན་དུ་སུ་ཚིམ་པར་བྱ། ཡེ་ཤེས་འཁོར་ལོ་དེ་ལ་མཐེ་བོང་དང་མིང་མེད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཚིམ་པར་བྱའོ།། ཡུལ ་དང་གྲོང་ཁྱེར་བདག་ཅེས་བྱ་བ་ནས་རིགས་དྲུག་གྲི་སྔགས་ཡན་ཆད་གོ་བླ་བས་འདིར་མ་དཀྲོལོ།། ད་ནི་དོན་དམ་བདེན་པ་ལ་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་ཟས་དང་སྤྱོད་ལམ་གྱི་རྣལ་འབྱོར་རྣམས་གོང་དུ་བསྟན་པ་དེ ་རྣམས་ནི། ཀུན་རྫོབ་པའི་སྤྱོད་པ་བསྟན་པ་ཉིད་ཡིན་ལ། དེ་དང་འགྲེལ་ཞིང་མི་མཐུན་པར་གྱུར་པ་དོན་དམ་པ་སྟེ། བཞི་པ་ཡིནོ།། དེ་བྲས་ན་གྲང་བཞི་པ་དེ་ནི་རྡོ་རྗེ་འཆང་གི་རྒྱུད་ཇི་སྙེད་ཅིག་གསུངས་པའི་སྙིང་པོ་འམ། འབྲས་བུ ་ལྟ་བུར་གསུངས་པ་ཡང་ཡིནྡ་ལ། དེ་ལས་གཞན་པའི་ཚིག་དང་ཡི་གེ་རྣམས་ནི་དེ་ཉིད་རྟོགས་པའི་རྒྱུ་འམ་ཐབསུ་གསུངས་པ་ཡིན་ཞིང་། འཇིག་རྟེན་པའི་དངོས་གྲུབ་གཞན་དང་ལས་ཡོངསུ་བསྐྱང་བ་ཇི་སྙེད་པ་དེ་སྙེད་ཀྱང་། ་བརྒྱུད་པའི་སྒོ་ནས་བཞི་པ་ཉིད་ལེགས་པར་རྟོགས་པར་བྱ་བའི་ཕྱིར་གསུངས་པར་ཟད་ཀྱི། དེ་ལས་གཞན་པའི་དགོས་པའི་ཕྱིར་ཅུང་ཟད་ཀྱང་བསྟན་པ་མེདདོ།། དེ་བས་ན་བདག་གིས་ཀྱང་བཞི་པ་ཉིད་ཅི་ནུས་ཀྱིས་བསྟན་པར་བྱའོ།། ་དེ་ལ་གང་རྒྱུད་དེ་དང་དེ་ཐམས་ཅད་དུ་བཞི་པ་སླར་ཡང་དེ་བཞིནོ།། ཞེས་གྲང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་ཞེས་བྱ་བ་ལ། དེ་ལ་རྡོ་རྱའི་ཚིག་གིས་ཀྱང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དང་། འཇིག ་རྟེན་ལས་འདས་པའོ།། དེ་ལྔ་བཞི་པ་སླར་ཡང་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་རྡོ་རྗེའི་ཚིག་ཏུ་རྟོགས་པར་བྱའོ།། བཞི་པ་ཞེས་པའི་ཚིག་གིས་ནི་རྒྱུ་མཐུན་པའི་བདེ་བ་བཞི་པའོ་ཞེས་བྱ་བ་རྒྱུ་མཐུན་པ་སྨོས་པས། འགྱུར་དང ་འགྱུར་དང་བར་ཆད་ཅན་ཞེས་བྱ་བ་ལས་དཀར་བ་ཡིན་ཏེ། དེ་ལ་འགྱུར་པ་ནི་འཇིག་པ་བུམ་པའོ།། ཡ་འགྱུར་བ་མི་འཛག་པ་སྟེ་གསཔ་པའོ།། བར་ཆད་ཅན་ཞེས་བྱ་བ་ཡང་འཛག་པ་སྟེ་ཤེས་རབ་ཡཻ་ཤེསོ།། རྒྱུ་མཐུན་པའི་སྒྲ ་ནི་མ་འཇིག་པའོ།། དེ་བས་ན་བྱིས་པ་རྨོངས་པའི་མཁས་པ་མི་གསྔལ་བ་གང་དྲག་འཛག་པ་མེད་པའི་བདེ་བ། འཇིག་རྟེན་པའི་དེ་པེར་བྱ་བ་ལས་འདས་པ་ཁ་ན་མ་ཐོ་བ་མེད་པ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་དམན་པ་རྣམ་པའི ་མཆོག་མ་ལུས་པ་དང་ལྡན་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་གང་དག་ཡིན་པ་དེ་དག། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས ་ཤེས་བྱ་བ་བྱང་ཆུབ་སེམས་ཀྱི་ཁུ་བ་ཐུར་དུ་འཛག་པ་ཕུང་པོ་དང་ཁམས་ལ་སོགས་པ་མ་རུངས་པར་བྱེད་པ་འཇིག་རྟེན་པ་ཐམས་ཅད་དང་ཐུན་མོངས་པ་ཁ་ན་མ་ཐོ་བ་དང་བཅས་པ། ཉོན་མོངས་པ་མ་ལུས་པས་གང་བའི ་ལས་ཀྱི་ཕྱག་རྒྱ་ནུ་མ་དང་སྒྲར་ལྡན་པ་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འཇིག་པ་སྟེ། དེ་དག་གི་བྱེ་བྲག་དང་དབྱེ་བ་དང་། རང་བཞིན་དག་ནི་ཤིན་ཏུ་ཐ་དད་པར་གསུངས་ཀྱང་བྱིས ་པ་དག་ནི་བདག་ཏུ་ལྟ་བ་ལ་ཚུགས་ཤིང་། མ་རིག་པའི་ལིང་ཐོག་གིས་གཡོགས་པས་རྒྱུད་ཀྱི་དོན་ལོག་པར་སྟོན་ཅིང་། གསུམ་པ་སྐྱོན་དང་བཅས་པ་ལས་བཞི་པ་འབྱུང་བར་འདོདདོ།། ཁ་ཅིག་ནི་བཞི་པ་ཞེས་བྱ་བའི་མོང ་ཙམ་ཡང་མི་ཤེས་ཤིང་མ་ཐོས་ལ་ལས་ཀྱི་ཕྱག་རྒྱ་འབའ་ཞིག་ཉམ་སུ་བླངས་ནས། ཚེའི་དུས་བྱས་ནས་མནར་མེད་པར་འགྲོ་བར་འགྱུར་བ་དག་ཡོད།། ཁ་ཅིག་གིས་ནི་བཞི་པ་སུན་འདོན་ཅིང་བུམ་པ་ལ་སོགས་པ་ནས་སླར ་ཞིང་བསླར་པ་ཉིད་བཞི་པར་འདོད་པ་དག་ཀྱང་ཡོད་དོ།། ཁ་ཅིག་ཤེས་རབ་གང་ཡིན་ཞེ་ན། མི་མོ་ཡིན་ཞེས་བརྗོད་ཅིང་དེ་ལས་བྱུང་བའི་བདེ་བ་བཞི་པར་འདོད་པ་དག་ཡོ་།། ཁྭ་ཅིག་བཞི་པ་ཞེས་བྱ་བ་འབྲས་བུ་སྟེ། རྡོ་རྗེ་འཆང་གི ་གནས་ལ་འདོད་པ་དྲུག་ཡོད། དེ་དག་ཐམས་ཅད་ནི་བྱིས་པ་རྨོངས་པ་ལུང་དང་རིགས་པ་དང་བྲལ་བ་རྣམས་ཀྱིས་བཙན་ཐབ་སུ་བཞག་པར་ཟ་།། དེ་བས་ན་རྟོགས་པར་དཀའ་ཞིང་རྙེད་པ་རབ་ཏུ་དགའ་བ་རྡོ་རྗེའི་ཚིག་ཅེས་བྱའོ།། ་དེ་ཡང་འགལ་བའི་ཚིག་གིས་སྦྱོར་བས་གསུངས་པ་ནི། སླར་ཡང་དེ་བཞིནོ་ཞེས་གསུངས་པ་སྟེ། སླར་ཡང་ཞེས་གསུངས་པ་ནི་གསུམ་པ་ལ་སྙེག་པ་སྐད་དུ་གསུངས་པ་ཡིན་ལ། ཡང་དག་པར་ན་སླར་ཡང་དེ་བཞིན་ཞེས་པ ་ནཱི། བྱང་ཆུབ་ཀྱི་སེམས་བདེ་བ་འབྱུང་བ་ཙམ་དགོངས་པ་ཡིན་གྱིས། གསུམ་པ་ནི་མ་ཡིན།། དེ་བས་ན་བྱིས་པ་རྣམས་སྐུར་ཡང་དེ་བཞིནོ་ཞེས་གསུངས་པ་ལ། རྣམ་པར་འཁྲུལ་ནས་དོན་དུ་མ་རྟོགས་པར་བྱེདྨོ། ་ཤེས་རབ་ཡེ་ཤེས་དེ་ཉིད་དེ། ཞེས་པ་ནི་ཤེས་རབ་ཆེན་པོ་དེ་ཞེས་བྱ་བར་སྦྱ་རོ།། ཅིས་མངོན་ཞེ་ན། འོག་ནས་ཀྱང་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་བྲལ་བའོ་ཞེས་གསུངས་པའི་ཕྱིར།། དེ་བས་ན་གསུམ་པ་དང་བཞི་པོ་མི ་འགྱུར་བའི་བདེ་བ་དེ་དག་ནི། ཀ་བ་དང་བུམ་པ་ཙམ་གྱི་འབྲེལ་པ་ཡང་མེད་པར་རྟོགས་པར་བྱའོ།། དེ་ཅིས་མངོན་ཞེ་ན། རྒྱུ་མཐུན་པའི་བདེ་བའི་རང་བཞིན་གྱི་ཕྱིར་དང་། ཞེས་སྨོས་པ་ཡིན་ཏེ། རྒྱུ་མཐུན་པའི་རང་བཞིན་གྱིས་བདེ་བ་ནི ་འཛག་པ་མེད་པ་ཡིན་ལྔ། ལས་དྲང་ཡེ་ཤེས་ཀྱི་རང་བཞིན་ནི་འཛག་པ་མེད་པ་ཡིན་ལ། ལུས་དང་ཡེ་ཤེས་ཀྱི་རང་བཞིན་ནི་འཛག་པ་ཡིན་པའི་ཕྱིརརོ།། ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡང་དག ་པར་འབྱུང་བའི་ཕྱིརརོ།། ཞེས་བྱ་བ་ནི་ཀུན་ཏུ་རྟོག་པ་མེད་པའི་ཏིང་འཛིན་དེ་ལས་གང་བྱུང་བའི་བདེ་བ་དེ་ནི་འཛག་པ་མེད་པའོ།། དེ་བསྭ་ན་གང་འཇོག་པ་མེད་པའི་བདེ་བ་ནི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དང་། ཞེས་བྱ་བཱ་མི་མོ་དང ་ཕྲད་པ་ལས་བྱུང་བའི་བདེ་བའོ།། ཡེ་ཤེས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ཡང་། རྣམ་པར་རྟོག་པས་བསྐྱེད་པའི་བདེ་བ་འཇིག་པའི་བདག་ཉིད་ཅན་ཏེ། དེ་ཕྱག་རྒྱ་ཆེན་པོ་མི་འཛག་པའི་བདེ་བའི་ཡེ་ཤེས་མ་ཡིན་ཞེས་བྱ་བའི ་དོན་ཏོ།། འཛག་པ་མེད་པ་ཅིས་མངོན་ཞེ་ན། དེ་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན།། ཡན་ལག་མེད་པའི་རྩིས་ལས་འདས།། བསམ་གཏན་བཞི་པའི་རྩེ་མོ་འཛིན།། ཅེས་མཚན་ཡང་དག ་པར་བརྗོད་པ་ལས་གསུངས་ཤེས་བྱ་བ་ནི། འཇིག་རྟེན་པའི་དཔེར་བྱ་བའི་བྱིས་པ་ལ་སོགས་པའི་དབང་འདས་ནས་ཤེས་རབ་ཆེན་པོ་ལ་ཡན་ལག་དྲུག་གིས་བསྐྱེད་པར་བྱ་བ་ཡིན་པས། ཡན་ལག་དྲུག་གི་དང་པོ་སོ ་སོར་སྡུད་པ་ནི་ཕྱིའི་དོན་དུ་བུམ་པ་ལ་སོགས་པའི་རྣམ་པ་ཀུན་ཡང་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རོར་གཅིག་པར་རྟོག་ལཱ། དུས་དེར་དུ་བ་ལ་སོགས་པའི་རྟགས་ཀྱི་རྣམ་པ་རྣམས་ཀྱང་འབྱུང་སྟེ། རྟགས་དེ ་ངག་ཀྱང་རྫས་ལོག་པ་མེད་པའི་ཕྱིར་རྣམ་པ་མེད་པའོ།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལྕེ་ནི་དགའ་བ་བཅུ་དྲུག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས། བཅུ་དྲུག་ཏུ་ཕྱེ་བ་ཡིན་ལ། དེ་ཉིད་སྟོང་པ་ཉིད་ཀྱི་ཞགས་པ་དམ་པོས ་འཛིན་པ་ལྷ་དེ་སྐད་ཅེས་བྱའོ།། ཡན་ལག་མེད་པར་རྩིས་ལས་འདས་པ་ནི། ཡང་ངོ་དང་མར་པོ་ལ་མི་གནས་པའོ།། བསམ་གཏན་བཞི་པའི་རྩེ་མོ་འཛིན་པ་ནི་དགའ་བ་བཅུ་དྲུག་ཡོངསུ་བསྡུས་པའི་ཐིག་ལེ་བཞི་པའི ་མཐར་འཛིན་པ་ལ་རྩེ་མོ་འཛིན་པ་ཞེས་གསུང་སོ།། དེ་བས་ན་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། སྟོང་པ་ཉིད་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་ཉིད་ལ་མི་འཁྲུལ་པར་གཟུང་བར་བྱའོ།། དེ་ལྟར་སེམས་ཅན་ཕལ་པ ་གཞན་ནི་ཐིག་ལེ་འབོད་པ་སྟེ། ཞེས་པ་སྟེ་མི་འབོད་པ་ནི་མཆོག་ཏུ་བཤད་ཅིང་བཞི་པ་ཡིན་ལ། དེ་བཱས་མི་ཐུབ་ཅིང་འགལ་བར་འགྱུར་བའི་སེམས་ཅན་ཕལ་པ་སྟེ། འཇིག་རྟེན་པའི་དབང་བསྐུར་བ་འཇོག་པ ་ཡིན།། དེ་བཞིན་དུ་བཅོམ་ལྡན་འདས་འདི་ནི་ཞེས་པ་ནི། འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བ་ཐོབ་པ་ནི། ཐིག་ལེ་འབོད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཆེན་པོ་ལ་ཐུགས་བཅིངས་པ་ཡིན་པའི་ཕྱིརརོ།། ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་དུ་དགའ་བ་དང་། ལྷན་ཅིག་སྐྱེས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཛིན་ཏེ། ཟག་པ་མེད་པའི་འདོད་ཆགས་ཆེན་པོ་དང་བྲལ་བའི་ཕྱིར།། འཇིག་རྟེན་པའི་འཛག་པ་ལུས ་ཐ་དད་པར་གྱུར་པ་ནི་མི་འཛག་པ་བདེ་བ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྟེར་བའི་ལུང་ནི། དེ་བཞིན་དུ་ཡང་། རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི།། ནོར་བུའི་ནང་དུ་གནས་པར་བལྟ།། རྒྱུ་འཐུན་ལ་སོགས་བདེས་གང་བ།། དེ་ནི་དྲི་མ ་མེད་པར་དུ།། ཇི་ལྟར་རྒྱུ་མཐུན་ཉི་དུ་བརྗོད།། རྣམ་པར་སྨིན་པ་སྙིང་གར་དྲན།། མགྲིན་པར་སྐྱེས་བུ་བྱེད་པ་ཉིད།། གཙོ་བོ་དྲི་མེང་སྤྱི་བོར་ཡིན།། ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ་ཞེས་བྱ་བ་ལ། རྡོ་རྗེ་ནི་ལས་ཀྱི་རྡོ་རྗེ་ཡིན་ལ། སྐྱིལ ་ཀྲུང་ནི་གནས།། སེམས་ནི་བྱང་ཆུབ་ཀྱི་སེམསོ།། སེམས་ངའི་ལས་ཀྱི་རྡོ་རྗེའི་ནང་དུ་ཆུད་པར་ལྟའི། ཕྱིར་བྲལ་བས་མ་ཡིནོ།། དེ་ཁོ་ན་རྒྱུ་མཐུན་ལ་སོགས་བདེས་གང་བ་ཞེས་བྱ་བ་སྟེ། རྡོ་རྗེ་ནོར་བུ་ནས་ལྟེ་བ་མན་ཆད་དུ་རྒྱུ་མཐུན་པ་ཞེས ་བྱ་བ། མི་འཛག་པ་གཙོ་བོར་བྱ་བའི་གཞན་ལ་མ་ཡིནོ།། དེ་ནས་བརྩམས་ནས། གཙོ་བོ་དྲི་མེད་སྤྱི་བོར་ཡིན་ཞེས་པ་སྟེ། ནོར་བུ་ན་གནས་པ་ཡང་སྤྱི་བོར་མ་ཡིན་པ་དེ་སྲིད་དུ་ཉོན་མོངས་པ་རྩད་ནས་འདོན་པར་མ་གསུངས་ན། ་འཛག་པ་དང་ལྡན་པའི་སྐྱེས་བུ་གང་ཡིན་པ་དེ་ལ་ཐར་པའི་གོ་འཕང་མེད་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ་ཞེས་བྱ་བ་ནི། དེ་སྐད་ཅེས་གསུངས་པའི་བྱིར་ཞེས་བྱ་བའི་དོན་ཏོ།། དེ་བས་ན ་ཕྱིའི་དགའ་བྲལ་འཕོ་བ་ཡིས།། སངས་རྒྱས་སྟེར་བ་མ་ཡིན་ཏེ།། ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་དེ་ལྟར་ཏེ། ཕྱིའི་དགའ་བྲལ་ཆེན་པོས་འཇིག་རྟེན་གསུམ་པོ་འཁྲུག་པར་བྱེད་པ་དེ་བཱས་ནའོ།། ཅིའི་ཕྱིར་འཁྲུག་ཅེ་ན། སྲིད་པ ་དྲང་མྱ་ངན་ལས་འདས་པ་ལ་རབ་ཏུ་གནས་པའི་ཕྱིརོ་ཞེས་བྱ་བ་སྨོས་ཏེ། སྲིད་པ་དྲང་མྱ་ངན་ལས་འདས་པ་དེ་གཉིས་ཀྱིས་འཁྲུག་ཅིང་འཁོར་བར་བྱེད་ལ་ཕུང་ཁྲོལ་ཆེན་པོ་བསྐྱེད་པའི་ཕྱིར་ཞེས་བྱའོ།། བཅོམ་ལྡན་འདས་འདི་ནི ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབཱ་ཏུ་མཱི་གནས་པ་ཞེས་ཏེ། འཁོར་བ་སྐྱེད་པར་བྱེད་པའི་སྲིད་པ་དང་མྱ་ངན?་ལས་འདས་པ་ལ་རབ་ཏུ་མི་གནས་པོའོ།། འོ་ན་ཅི་ཞེ་ན། འཕོ་བ་མེད་པའི་ཡེཏཱ་ཤེ་སོ་ཞེས་བྱ་བ་གསུངས་ཏེ། ་འཛག་པ་ལས་གོ་བཟློག་པ་འཛག་པ་མེད་པའི་ཡེ་ཤེས་ལ་མངའ་བརྙེས་པའོ།། ཞེས་བྱ་བའི་ཐ་ཚིགོ། དེ་ལ་སྲིད་པ་དང་མྱ་ངན་ལས་འདས་པའི་ཞེས་བྱ་བའི་ཐ་སྙད་ཀྱང་གང་ཞེ་ན། སྲིད་པའི་དཔྲལླ་སྟེ་སྐྱེ་བའི་གནསོ་ཞེས་བྱ་བ ་སྨྱོས་ཏེ། དཔྲལ་བ་བདེ་བ་ཆེན་པོའི་གནས་ནས། སྤྲུལ་པའི་མིང་ཅན་གྱི་བྱར་དུ་སྐྱེས་བུ་ཐ་མལ་པ་རྣམས་ལ་གནས་པའི་ཟླ་བའི་རྒྱུན་གྱིས་ཡེ་ཤེས་མྱོང་བ་མེད་པ་གང་ཡིན་པ་དེ་སྲིད་པ་འམ ་ཐབས་སུམ་སྙིང་རྗེ་ཞེས་བརྗོད་དོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་དང་ཆོས་མཐུན་པས་མྱ་ངན་ལས་འདས་པ་སྐྱེ། དེ་ཡང་རྡོ་རྗེ་ནུར་བུའི་མགྲིན་པ་ལས། ཞེས་བྱ་བ་གསང་བའི་རྡོ་རྗེའི་མགྲིན་པ ་ལསོ།། ཐིག་ལེ་བཞི་རྣམས་འཕོ་བའོ་ཞེས་བྱ་བ་ནི། ཟླ་བའི་རྒྱུན་འབྱུང་བའི་གནས་ས་གང་ཡིན་པ་དེར་གནས་ཤིང་ཟག་པར་བྱས་ཤེས་བྱ་བའི་དོན་ཏོ།། རབ་ཏུ་མི་གནས་པ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་བཤད ་མ་ཐག་པའི་ཆོས་གཉིས་ལྔ་མི་གནས་པ་སྟེ། དེ་ཡང་དཔྲལ་བར་མི་གནས་པ་སྟེ། དེ་ཡང་དཔྲལ་བར་མི་གནས་པ་ནི་འཁོར་བའི་སྐྱོན་ཡོངསུ་ཤེས་པར་བྱ་བའི་ཕྱིར་ཡིན་ལ། དེ་ནས་གང་རྡོ་རྗེ་ནོར་བུའི་མཐའ་ལ་ཐུག་པའི་བྱང་ཆུབ ་སེམས་དེ་ཕྱིར་མི་འབོད་པ་སྟེ། སྐྱོན་དང་བཅས་པའི་མྱ་ངན་ལས་འདས་པ་ཡོང་སུ་ཤེས་པར་བྱ་བའི་ཕྱིརརོ།། དེ་བས་ན་བཅོམ་ལྡན་འདས་ཞེས་བྱ་བ་ནི། སངས་རྒྱས་རིན་པོ་ཆེའི་གབ་ཚེ་ན་གནས་པའི་བྱང་ཆུབ་ཡིན་ལ། གང་ཡང་དྲི ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་འཁོར་བའི་སྐྱོན་ཐམས་ཅད་འཇོམས་ཤིང་། བདེ་བ་ཆེན་པོ་བསྐྱེད་པ་ཡིན་ཏེ། དེ་ཉིད་འཇིག་རྟེན་ལས་འདས་པའི་དབང་ཡིནོ།། དེ་བཞིན་དུ་འབྱུང་འཇུག་དང་བྲལ་བས་འཁོར་བའི་སྐྱོན་འཇོམས་ཤིང་བདེ ་བ་ཆེན་པོའི་འབྲས་བུ་སྟེར་བརྒྱུད་གཞན་ལས་ཀྱང་གསུངས་ཏེ། དེ་བཞིན་དུ་ཡང་ཞེས་བྱ་བ་ནི་རྒྱུད་གཞན་སྟོན་པར་བྱེད་པའི་ཚེ་གོ།། ཐོག་མུ་ཞི་བ་དང་ཞེས་པ་ནི།། ཐོག་མ་ནི་དཔྲལ་བ་ལ་སོགས་པའོ།། ཐ་མ་ནི་རྩེ་མོ་ལ་སོགས་པའོ།། ་ས་དང་དངོས་མེད་ཟད་ཅེས་པ་ནི། གོང་དུ་བརྗོད་པ་ཉིད་དམ། ཡང་ན་ཐོག་མ་དང་ཐ་མོར་རྟོགས་པ་སྟེ་ཟད་པའོ།། དེ་གང་གི་ཟད་པ་ནི་གཙོ་བོ་སྟེ། ཁམས་གསུམ་གྱི་མངའ་བདག་གོ། དེ་ཉིད་ནི་སྟོང་པ་ཉིད་དབྱེར་མེད་པ་ཞེས་ཀྱང ་བྱ་སྟེ། གོང་དུ་བརྗོད་པའི་ཚུལ་གཉིས་ཀ་ལའོ།། བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན་ཞེས་བྱ་བ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་ངག་གཉིས་ཀ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུང་སོ་ཞེས་བྱ་བ་ནི། དཔལ་གསང་བ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བས་ན་ཞེས་བྱའོ།། རྒྱུད་དེ་ཉིད་ཀྱི་དོན་དགྲོལ་བར་བྱ་བའི་ཕྱིར། ་ཐོག་མ་ཐ་མ་ཞེས་བྱ་བ་ནི་གྲོང་དུ་བཤད་པའོ།། སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་བྱ་བ་ལ་ཐོག་མ་སྐྱེ་བ་ཡིན་ལ་ཐ་མ་འཇིགས་པ་ཡིན་ཏེ། དེ་བཅོམ་ལྡན་འདས་འདི་ལ་བྲལ་ཞིང་མི་མངའ་ཞེས་བྱ་བའི་དོན་ཏོ།། ཞི་བ ་ནི་ཞེས་བྱ་བ་ཐོག་མ་ཐ་མའི་མིང་ཅན་གང་ཡིན་པ་དེ་ཞི་བའོ།། དེ་གང་ཡིན་ཞེ་ན། བཤད་པ་དབང་པོ་འགྱུར་བ་དང་བྲལ་བའོ།། ཞེས་བྱ་བ་སྟེ། ཐོག་མ་ཐ་མ་ཞི་བ་དེའི་སྟོབས་ཀྱི་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ ་ལས་མི་འབྲོས་པ་འམ། ཡང་ན་དབང་པོའི་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་ལ་བྱ་ན། དེའི་ཕྱིར་རྒྱུ་ཞིང་འཛག་པ་མེད་པ་ལ་བྲལ་བ་ཞེས་བྱའོ།། དངོས་དང་དངོས་མེད་ཟད་པ་ནི་ཞེས་པ་ནི་དངོས ་པོར་རྟོག་པ་དང་དངོས་པོ་མེད་པར་རྟོག་པ་དང་བྲལ་བ་ཟད་པ་ཞེས་བརྗོད་དོ།། གང་རྟག་ཆད་དང་རྣམ་པར་བྲལ་བའོ་ཞེས་པ་ནི། དེ་ཉིད་དེའི་དངོས་པོ་ནི། རྟག་པར་ལྟ་བ་ཡིན་ཞིང་། དངོས་པོ་མེད་པ་ནི་ཆད་པར་ལྟ་བ་སྟེ། ་དེ་དང་བྲལ་བའོ།། དེ་ལྟར་བརྗོད་པ་དེས་ནི་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པ་ཞེས་བྱ་བ་བསྟན་པ་ཡིན་ལ། གང་སོ་སོར་སྡུད་པ་དེ་ཡང་རྟོག་པའི་དྲ་བས་དབེན་པ་ཉིད་ལ་འདོད་།། གང་ལ་རྟོག་པའི་དྲ་བ་མི་མངའ ་བ་དེ་ལ་གླཙོ་བོ་ནི་ཁམས་གསུམ་གྱི་མངའ་བདག་གོ་ཞེས་བྱ་བ་ནི། ཁམས་གསུམ་གྱི་སྤྱོད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། སྟོང་པ་སྙིང་རྗེ་དབྱེར་མེད་པ་ནི་ཞེས་བྱ་བ་ནི། གོང་གི་སོ་སོར་སྡུད་པའི་འབྲས་བུ ་བསྟན་པ་ཡིན་ཏེ། དེ་ཡང་སོ་སོར་སྡུད་པ་ཆེན་པོས་བསྡུད་པ་ལས། བྱང་ཆུབ་ཀྱི་སེམས་བྱུང་བ་རྡོ་རྗེ་ནོར་བུའི་མགྲིན་པ་ལ་གནས་པ་ལ་ཟག་པ་ལ་སྟོང་པ་ཉིད་ཡིན་ཞེས་དགོངསོ།། དཔྲལ་བ་སྲིད་པའི་གནས་ནི་སྙིང་རྗེའོ།། ་ཞེས་པ་ནི། དཔྲལ་བ་ན་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཆ་ཤས་བཅུ་དྲུག་པའི་གནས་ཡིན་ཞེས་བྱ་བའོ།། འདི་ཉིད་ཀྱི་དབུསུ་ཞེས་པ་ནི་དཔྲལ་བ་དང་ནོར་བུའི་དབུ་སུའོ།། གང་ཞིག་རྣམ་པར་གནས་པ་ནི་ཞེས་པ་ནི ་སྟོང་པ་ཉིད་ཀྱིས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཞིག་རྣམ་པར་གནས་པའོ།། ལྷན་ཅིག་སྐྱེས་པའི་ཞེས་པ་ནི། ཆོས་རྣམས་ཀྱི་དེ་བཞིན་ཉིད་གཟོང་མ་ནས་གནས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ ་རྣམས་བྱོན་ཡང་རུང་། གཤེགས་ཀྱང་རུང་། མི་འགྱུར་བར་གནས་པ་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་བས་ན་བདེ་བ་མི་འཛག་པའི་ཡེ་ཤེས་ཆེན་པོ་འདིས་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་གྱི།། ་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ།། འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡི་ནོ།། གོང་དུ་བསྟན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་སེམས་འཇོག་པ་མེད་པས ་བསྒྲུབ་པར་བྱ་བ་ཡིན་ལ། འཛག་པོ་མེད་པ་གང་ཡིན་པ་དེ་ནི་བཞི་པ་སྟེ། འཇིག་རྟེན་ལས་འདས་པའི་དབང་ཞེས་ཀྱང་བརྗོད་པར་བྱ་བ་ཡི་ནོ།། དེ་ཉིད་བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་མཐར་སྨིན་པར ་བྱསྟེ་ལ། གསུམ་པ་ཤེས་རབ་ཡེ་ཤེས་ལ་སོགས་པ་ལ་བཞི་པར་མ་གསུངས་ཀྱི། བཞི་པ་ལ་ནི་གྲངས་ཁོ་ན་ཡིན་པའི་ལུང་བསྟན་པར་བྱ་བའི་ཕྱེད་དུ། དེ་ནི་མཁའ་འགྲོ་མ་རྡོ་རྗེ་གུར་ཅེས་བྱ་བ་སྨོས་ཏེ། དེ་ན་ཞེས་བྱ ་བ་ནི། བཞི་པ་དེ་ནི་ཞེས་བྱ་བའོ།། མཁ་འགྲོ་མ་ལ་ཞེས་བྱ་བ་ནི། ན་མཁའ་ལྟ་བུའི་ཏིང་འཛིན་བསྟན་པའོ།། རྡོ་རྗེ་གུར་ཞེས་པ་ནི་མི་ཕྱེད་པའི་གནས་རྡོ་རྗེའི་གནས་རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་གསོལ་བ་ལ་བྱའོ།། ་དེ་ནི་ཧཱུཾ་བཛྲའི་བཤད་པའི་རྒྱུ་དུ་བསྟན་ཏོ།། དང་པོ་ལ་ནི་བུམ་པའི་དབང་།། གཉིས་པ་གསང་དབང་ཞེསུ་བརྗོད།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། ཞེས་བྱ་བ་ནི་འཇིག་རྟེན་པའི་དབང་བསྟན་ལ། ་དེ་ཡང་གསུམ་པ་མན་ཆད་འཇིག་རྟེན་པར་ངེས་ཤིང་། དེ་ལས་ཐ་དད་གྱུར་པའི་འཇིག་རྟེན་ལས་འདས་པའི་དབང་ནི། ཇི་བཞིན་དེ་བཞིན་གཤེགས་པ་མིན?་ཞེས་གསུང་སོ།། དེ་བཞིན་གཤེགས་པ་ཞེས་བྱ་བའི་ངེས་པ ་ཡང་ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པ་འམ། ཇི་ལྟར་གསུངས་པ་དེ་ལྟར་མཛད་པོ་སྟེ། བདེན་པར་སྨྲ་ཞིང་ཚིག་མི་འགྱུར།། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། ཅེས་གསུངས་པ་ཡིན་ལ། སྐབས་འདིར་དེ་བཞིན ་གཤེགས་པ་ཞེས་བྱ་བ་བྱང་ཆུབ་སེམས་ལ་བརྗོད། དེ་ཡང་ཇི་ལྟར་ཕྱི་རོལ་དེ་ལྟར་ནང་ཞེས་གསུངས་པ་ཡིན་ལ། དེ་ནི་གསུམ་པ་ལ་ཡོད་པ་ལ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུམ་པ ་ཡིན་པར་མ་གསུངསོ།། གཞན་ཡང་བཞི་པ་ལ་བྱང་ཆུབ་སེམས་ཇི་ལྟར་འོངས་པ་དེ་ལྟར་འགྲོ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཞེས་གསུང་སོ།། གང་ཡང་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅེས་ཀྱང་བྱ་སྟེ། ཐམས ་ལུང་ཕོག་པའི་དུསུ། ཇི་སྐད་དུ་ཁྱོད་ཀྱི་འདོད་ལ་ཚོགས་བྲལ་བར།། ནམ་དུ་ཡང་ནི་མི་བྱའོ།། འདོད་ཆགས་བྲལ་བ་ལྟ་བུ་ཡིས།། ཁམས་གསུམ་ན་ནི་སྡིག་གཞན་མེད།། ཅེས་བསྒོ་བ་ན། ཤུགས་ཀྱིས་ངང་དུ་བླངས་པ་ཡིན ་པས། ཇི་སྐད་སྨྲས་པའོ།། རྗེ་སུ་བསྲུང་ཞིང་བྱང་ཆུབ་ཀྱི་སེམས་ཇི་ལྟར་འཛག་པ་དེ་ལྟར་གྱེན་དུ་གཏོང་བས་ན་དེ་བཞིན་བྱེད་པ་ཡི་ནོ།། ཇི་ལྟར་བརྗོད་པའི་རིམ་པས་གསུམ་པ་ལ་མཱི་འཛག་པའི་བདྲེ་བ་མེད་པར་ངེསོ་ཞེས་གསུང་སོ།། ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྒྱུད་གཞན་ལས་ཀྱང་། དེ་སྐད་གསུངས་པའི་ཕྱིརརོ།། དེ་བཞིན་དུ་ཡང་ཞེས་པ་ནི། གཞན་རྒྱུད་ཀྱི་ཁུངས་སྟོན་པར་བྱེད་པའོ།། དེ་གང་ཡིན་ཞེ་ན། རྩ་བའི་རྒྱུད་ལས་ཤེས་གསུངས་ཏེ་རྩ ་བའི་རྒྱུད་ཅེས་བྱ་བ་ནི་མཆོག་གི་དང་པོའི་རྩ་བའི་རྒྱུད་ལ་སོ།། ཇི་སྐད་གསུངས་ཤེ་ནོ། ལས་ཀྱི་ཕྱག་རྒྱ་དྲག་དང་ནི།། བརྟགས་པའི་ཕྱག་རྒྱ་ཡེ་ཤེས་སྤང་།། མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས།། ཕྱག་རྒྱ་ཆེན་པོ་ངེས་སྟེནྡ་བྱ ་ཞེས་གསུངསོ་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ནི་འཕོ་བ་ཁྲིད་པར་བྱེད་པའི་ཕྱིརརོ།། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཀུན་ཏུ་རྟོག་པའི་བདག་ཉིད་ཡིན་ལ། ཀུན་ཏུ་རྟོག་པ་ཡིན་པས་དེ་བཞིན་ཉིད་ལ་རེག་པ་མེ་།། དེ་བས་ན་དེ་གཉིས ་སྤང་བར་གསུང་སོ།། དེ་བས་ན་ལས་དང་ཡེ་ཤེས་ལས། ཐ་དད་པར་གྱུར་པའི་ཕྱག་རྒྱ་ཆེན་མོ་ནི། མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས།། ཤེས་བྱ་བ་གསུངས་ཏེ། མཆོག་ཏུ་མི་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ་གང་ཡང་དེ་མི་འགྱུར་བར་བྱེད་པ་ནི། ཡུལ་ལ་རབ་ཏུ་རྒྱུག་པར་བྱེད་པའི་རྣམ་པར་ཤེས་པའི་རྟ་རླུང་རབ་ཏུ་བཟུང་བར་བསྟོན་ཏོ།། རླུང་གང་ཡིན་པ་དེ་འཛིན་པ་ལ། ཇི་ལྟ་བའི་ཏིངངེ་འཛིན་ལས། གཞན་པ་གཟུང་བར་མ ་གསུང་སོ།། དེ་བས་ན་ཇི་ལྟ་བའི་ཏིང་འཛིན་ལ་མཆོག་ཏུ་མི་འགྱུར་བའི་སྦྱོར་བ་ཞེས་བསྟན་ཏེ། མི་འགྱུར་བར་བྱེད་པའི་ཕྱིར།། དེ་ལ་གདོད་ཕྱུག་རྒྱ་ཆེན་མོ་ངས་བསྟན་བྱ། ཞེས་བྱ་བ་རྣམ་པ་ཀུན་གྱི ་མཆོག་དང་ལྡན་པའི་བདེ་བ་འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པ། ཁ་ན་མ་ཐོ་བ་མེད་པ། རྨང་དུ་བྱུང་བའི་བདེ་བ། བདག་དང་གཞན་གྱི་དོན་རྒྱུར་གྱུར་པ་དེ་གང་ཡིན་པ་དེ་ལ། ཕྱག་རྒྱ་ཆེན་མོ་ངེས་བསྟན་བྱ་ཞེས་དེ་བཞིན ་གཤེགས་པས་གསུངསོ་ཞེས་སྒྱུ་རོ།། དེ་ལྟར་བརྗོད་པའི་རིམ་པས། སངས་རྒྱས་རྣམས་ཀྱི་བཀའ་འདི་ནི།། ཐོག་མ་བར་དང་མཐར་དགེ་བ།། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།། མ་འོངས་རྣམས་ཀྱང་གསུང་འགྱུར་ལ། ་དངལྟར་བྱུང་བའི་རྫོགས་སངས་རྒྱ་སྷོ།། ཡང་དང་ཡང་དུ་གསུངས་པ་གྲང་། ཞེས་དེ་བཞིན་གཤེགས་པས་གསུངས་པས་དེ་བས་ན། ཕྱུགས་བདག་ཚངས་པ་དང་ཞི་བ་ལ་སོགས་པས་བསྐྲུན་པ་ལས་ཁྱད་པར་དུ་འཕགུས་པར ་བསྟན་པ་ནི། བྱུངས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས། གང་ཞིག་ཐོགས་པ་དང་། བར་དང་། ཐ་མཱར་དགེ་བུ་གང་ཡིན་པ་དེ་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་པར་ཤེས་པར་བྱ། ་ཞེས་གསུང་སོ།། དེ་སྐད་ཅེས་གསུངས་པ་དེ་བས་མ་དབང་ཕྱུག་ལ་སོགས་པ་བསད་པས་གྲོལ་བར་སྤོབས་པ་དེ་ནི་ཤིན་ཏུ་ཡང་མཆོག་མ་ཡིན་ལ། དེ་ལས་གཞན་པའི་རྣལ་འབྱོར་པ་སངས་རྒྱས་པའི་མིང་གི་སྡུས་པ་གང་དག ་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ཡིན་ལ། དེའི་ང་རྒྱལ་བྱས་པས་དེའི་རང་བཞིན་དུ་འགྱུར་བར་སྟོན་པ་དང་། མི་མོ་ལ་ཤེས་རབ་ཀྱི་མིང་དུ་བཏགས་ནས་དེ་ལ་སྙོམས་པར་ཞུགས་པ་ཙམ་གྱིས་ཐར་པ་ཐོབ་པར་སྟོན་པ་དེ་དག ་ནི་ཡང་དག་པའི་ལམ་སྟོན་པ་མ་ཡིན་པར་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཟག་པ་དང་བཅས་པ་མི་ཐོབ་པོ་དེ་བས། རྟོག་པ་ཐམས་ཅད་སྤངས་པ་ཡིད་ནང་དུ་ཆུད་པས་བསྒོམ་པར་བྱ་བར ་དེསོ།། འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པའོ་ཞེས་བྱ་བ་ནི། འཇིག་རྟེན་པ་དང་མི་མཐུན་པོའི་བདེ་བ་དང་སྤྱོད་པ་སྟོན་པས་འཇིག་རྟེན་ལས་འོངས་པའོ།། འཇིག་རྟེན་པ་བཅུའི་རྗེས་ལ་སྟོན་པས་བཅུ་གཅིག ་པའོ།། ། དེ་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་ལེགས་པར་བསྟན་ནས། ད་ནི་ཟས་དང་བཏུང་བ་ལ་སོགས་པའི་སྤྱོད་ལམ་གྱི་རྣལ་འབྱོར་གོང་དུ་བསྟན་པ་རྣམས་རྒྱས ་པར་བྱ་བའི་ཕྱིརརོ།། ཡི་གེ་ཨོཾ་གྱི་སྦྱང་བར་བྱའོ་ཞེས་བྱ་བ་ལ་སོགས་སྨོས་ཏེ། དེ་ལ་ལག་པ་གཡོན་པ་ཟླ་བའི་ཆ་ཡིན་པས་རྣལ་འབྱོར་པའི་ལག་པ་གཡོན་པའི་མཐིལ་དུ་ཨོཾ་དཀར་པོ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ ་འཁོར་དང་། དེའི་དབང་དུ་ཨོཾ་དེ་ཉིད་ཡོངསུ་གྱུར་པ་ལོས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་བསམས་ལ། དེ་ལས་འོད་ཟེར་བྱུང་ནས་གཙང་མའི་གནས་ཞེས་བྱ་བ་ནས། སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་པ ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་བྱིན་གྱིས་རློབ་པ་བྱིན་གྱིས་རློབ་ཅིང་མི་གཙང་བའི་སྐྱོན་གྱི་དྲི་མ་གསལ་ཏེ། བྱང་ཆུབ་ཀྱི་སེམས་བདུད་རྩིའི་རང་བཞིན་དུ ་འཛག་པར་བས་མོ།། ཡི་གེ་ཨཿས་སྤེལ་བར་བྱའོ་ཞེས་པ་ནི། ལག་པ་གཡས་པ་ཉི་མའི་ཆ་ཡིན་པས། རྣལ་འབྱོར་པའི་ལྷག་པ་གཡས་པའི་མཐིལ་དུ་ཨཱཿདམར་པོ་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དང་། དེའི ་སྟེང་དུ་ཨཿདེ་ཉིད་ཡོངསུ་གྱུར་པ་ལས། པདྨ་དམར་པོ་འདབ་མ་བརྒྱད་པ་བསམས་ལ། དེ་ལས་འོད་ཟེར་བྱུང་བས་སྔོན་བཞིན་དུ་གཙང་མའི་གནས་ནས་གསུང་གི་རྡོ་རྗེ་དཔག་མེད་འོད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད ་པ་སྤྱན་དྲུངས་ལ། དེ་རྣམས་ཀྱིས་བཟའ་བ་ལ་སོགས་པ་རྣམས་མདྲ་བར་བྱིན་གྱིས་རློབ་པར་མཛད་ཅིང་། བདུད་རྩི་ཆགས་པའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱས་མོ།། ཡི་གེ་ཧཱུཾ་གིས་སྦར་བཱར་བྱའོ་ཞེས་པ ་ནི་ཐོལ་མོ་གཉིས་ཁ་སྦུབ་པ་སྒྲ་གཅན་གྱི་ཆ་ཡིན་པས། ལག་པ་གཉིས་ཀྱི་མཐིལ་དུ་ཧུ་ནག་པོ་ཡོངསུ་གྱུར་པ་ལས། སྒྲ་གཅན་གྱི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཧུ~ཾ་དེ་ཉིད་ཡོངསུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པཱ ་བསམས་ལ། དེ་ལས་འོད་ཟེར་བྱུང་བས། ཡང་གཙང་མའི་གནས་ནས་ཐུགས་ཀྱི་རྡོ་རྗེ་མོ་བསྐྱོད་པའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཀྱང་བཟའ་བ་ལ་སོགས་པ་རྣམས་འབར་ཞིང་གཅིག་ཏུ ་འདྲེས་པར་བྱིན་གྱིས་རློབ་པར་བས་མོ།། ཡི་གེ་ཧོས་བདུད་རྩིར་བྱའོ་ཞེས་པ་ནི་ན་མཁའ་ལྡིང་གི་ཕྱག་རྒྱ་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས། ནམཁའ་ལྡིང་གི་ཕྱག་རྒྱ་ལ་ཧོ་ལྗང་གུ་ཡོངསུ་གྱུར་པ་ལས། ཁ་དོག ་ཐམས་ཅད་པའི་དཀྱིལ་འཁོར་ཟླུམ་པོར་དང་། དེའི་སྟེང་དུ་ཧོ་དེ་ཉིད་ཡོངསུ་གྱུར་པ་ལས། རྡོ་རྗེ་དང་དྲིལ་བུ་བསྡམས་ལ། དེ་ལས་འོད་བྱུང་བས་ཡང་གཙང་མའི་ཡེ་ཤེས་ཀྱི་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས ་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ། དེ་རྣམས་ཀྱིས་ཡང་བཟའ་བ་ལ་སོགས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་རློབ་པར་བས་མོ།། ཡི་གེ་ཧཾ་གིས་སྤྱན་དྲང་བར་བྱའོ།། ཞེས?་པཱ་ནི། མཐེའུ་ཆུང་གཉིས ་མདུད་པར་བྱས་པ་འགུགས་པའི་ཆ་ཡིན་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལ། ཧཾ་བསམ་ཞིང་དེ་ཡོངསུ་གྱུར་པ་ལས་པད་མ་དང་ཉི་མའི་དཀྱིལཱྀ་འཁོར་གྱི་སྟེང་དུ། ཡི་གེ་ཧཱཾ་བཾ་ཧུཾ ་ཡོངསུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པ་ལས་འོད་ཟེར་བྱུང་བས་མགྲོན་གང་ཡིན་པ་སྤྱན་དྲང་བར་བས་མོ།། ཡི་གྲེ་ཀྵས་གཤེགསུ་གསོལོ་ཞེས་བྱ་བ་ནི། ཀྵ་ནི་ཟད་ཅིང་མཐར་གཏུགས་པ་ཞེས་བྱ་བའི ་དོན་ཡིན་པས། ལག་པ་གཡོན་གྱི་རྒྱབ་ཀྱིས་གཤེགསུ་གསོལ་བའི་བརྡ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་གཡོན་གྱིས་སྦྱང་བར་བྱ་ཞེས་བྱ་བ་ནས། ལག་པ་གཡོན་གྱིས་ནི་གཤེ་གསུ་གསོལོ་ཞེས་བྱ ་བ་ཡན་ཆད་ཀྱི་དོན་ཡིན་ནོ།། ཆང་ལ་ཟླ་བཱ་ཞུ་བ་ལྟ་བུའི་གཟུགསུ་བསྒོམས་ལ། ཞེས་པ་ལ་ཆང་ནི་མཚོན་པ་ཙམ་ཡིན་གྱི། གང་དང་གང་ཟ་ཞིང་འཐུང་བ་དེ་དང་དེའི་བྱང་ཆུབ་སེམས ་བདུད་རྩིར་བསམ་ཞེས་བྱ་བའི་དོན་ཏོ།། དེ་ནས་ལག་པ་གཡོན་གྱི་མིང་མེད་ཀྱི་ཞེས་བྱ་བ་གཡོན་གྱི་སྲིན་ལག་གིས་སོ།། ཆང་གི་ཐིགས་པ་བླངས་ལ་ཞེས་བྱ་བ་ནི་མཚོན་པ་ཙམོ།། གང་དང་གང་ཟླ་ཞིང་འཐུང ་བ་དེ་ཤེས་རབ་སྟོང་པ་ཉིད་མཚོན་པར་བྱེད་པའི་གྲུ་གསུམ་པ་ཡིད་ཀྱིས་སམ་མངོན་དུ་བྱའོ་ཞེས་བྱའོ།། དེའི་དབུས་སུ་ཐིག་ལེའི་གཟུགས་ཟླུམ་པོ་བྱའོ།། ཞེས་པ་ནི་མཚོན་པར་བྱེད་པ་ཡིན་ཏེ། དེ་ལྟར ་བསྟན་པའི་རིམ་པས་དུས་གསུམ་ན་བཞུགས་པའི་རྡོ་རྗེ་འཆང་རྣམས་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པ་ལ་བཞུགས་པ་སྟོན་པ་ཡིན་ལ། དེ་ཡང་ཕྱི་དང་ནང་དང་གཞན་ཀུན་ལས་འགྲུབ་པར་གན་སོ་ཞེས ་བྱ་བ་ཡང་ཡིན་ནོ།། མེ་ལོང་གི་གཟུགས་བརྙན་དང་མཚུངས་པར་དཀྱིལ་འཁོར་གྱི་འཁོར་ལོ་བསྣམས་ལ་ཞེས་བྱ་བ་ནི། གང་ཡང་རུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་གཟུང་འཛིན་དང་བྲལ་ཞིང་རྣམ ་པར་རྟོག་པའི་དྲ་བ་མཐའ་དག་སྤངས་པའི་རང་བཞིན་དུ་བསམ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཨེ་བཾ་གི་དབུས་ན་བཞུགས་པར་བསམ་ལ། ངོ་བོ་ཉིད་ཀྱི་འཁོར་བའི་དྲི་མ་དང་བྲལ་ཞིང་དཔོན་པས་ན་དང་བ ་ཞེས་སྨོས་སོ།། ཚོམ་པར་བྱ་བ་ནི་ཞེས་པཱ་ནི་རྣལ་འབྱོར་པ་བདག་གི་རྟོགས་པས་རྡོ་རྗེ་འཆང་དེ་རྣམས་ཚིམ་ཞིང་དགྱེས་པ་ལྟ་བུར་བསམ་པར་བྱའོ།། ཚྭ་བྱེད་ཀྱི་སྨནྡ་རྣམ་བསྟན་པྲ། ཨོཾ་ཨཱཿཧུཾཧཱུ~ཾ། ཤློ་བྱ་བ་སྣོ་ལ། དེ་ཉིད་སྐུ ་གསུང་ཐུཊ་ཡིས་ཀྱི་རྡོའི་རིག་སྔཊ་ཡིན་། སྐུ་གསུང་ཐུཊ་ཡཾས་ཀྱི་ལྷ་རྣམས་ལ་མཆོད་པའི་སྔགས་ཀྱི་ཚིག་དེ་རྣམས་ཀྱིས་སོ།། དེ་ནས་དྲེའི་རྗེས་ལྔ། ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱ་ཞེས་པའི་སྔགས ་རྣམས་ནམཁའ་དང་རླུང་དང་མ་དྲང་ཆུ་དང་སའི་ཡོངསུ་བསྡུས་པའི་ཆོས་ཅན་ཏེ། རྣམ་པར་ཤེས་པ་ན་མཁའི་ཁམས་ཀྱི་རིགས་ཞེས་བྱ་བ་ལ་སོགས་པ་ཕུང་པོ་ལྔའི་ཆོས་ཅན་དང་། ན་མཁའི་ཁམས་ལ ་སོགས་པའི་ཁམས་ལྔ་སྟེ། དྭེ་རྣམས་ལ་མཆོད་པར་བྱ་བའི་སྔགས་ཀྱི་ཚིག་རྣམས་ཡིནོ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཨ་ཨཱ། ཨེ་ཨཱི། ཨར་ཨཱར། ཨོ་ཨཽ། ཨལུ་ཨཱལ། ཞེས་པའི ་འཕེལ་བའི་ཡི་གེ་རྣམས་ཀྱིས་མིག་ལ་སོགས་པའི་དབང་པོ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་དངོས་པོ་རྣམས་མཆོད་པར་བྱེད་པའི་སྔགས་ཀྱི་ཚིག་རྣམས་ཡིན་ནོ་ཞེས ་བྱའོ།། གཞན་ཡང་ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཞེས་པ་རྣམས་ཡང་ན་ནཱ་རྐྱེན་སྒྱུར་བའི་ཡི་གེ་རྣམས་ཐབས་དང་ཤེས་རབ་ཀྱི་རིགས་ཅན་ཁྲོ་བོ་ཁྲོ་མོ་བཅུའོ།། ཞེ་སྡང་རྡོ་རྗེ་ལ་སོགས་པའི ་རང་བཞིན་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བར་གྱུར་པ་རྣམས་མཆོད་པའི་སྔགས་སོ།། ཀཀྵ། ཁ་ཀྵ། ག་གཱ། གྷ་གྷྲ། ང་དཱ། ཙ་ཙཱ། ཚ་ཚཱ། ཛདྡ ་ཛྫ། !ཉྩུ། ཊཌྷཱ། བདྦྷ། !\ུ0f7f། རྡྷནྠ། ཎཱ། བྷཱུ། བྷཱུ། གྷོཥྚ། ཛྙཱརྟཱ། མཱུམྦྷ། ཏརྞུ། བྷཱུཀྠ། ད། དྷཱརྟཱ། ནཱནྠ། སཱམྨཱ། ཐཱཀྠ། ལཱཥྚ། !། རཱརྟཱ། ་ཝ་ཝཱཾ། ལི་ལྦ། ཥྛ། ཞེས་ཀྱི་བྱ་རྣམས་ནི་རྡོ་དྷ་ཀཾ་ཞེས་བྱ་བ་ལ་སོགས་པའི་རྒྱུད་སྟོན་པར་བྱེད་པའི་རྗོང་བྱེད་ཀྱི་སྔགས་ཀྱི་ཆོག་སུམ་ཅུ་རྩ་དྲུག་སྟེ། ཐབས་དང་ཤེས་རབ་ཀྱི་རིགས་སུམ་ཅུ ་དྲུག་ཅེས་བྱ་བ། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་རྟོག་པ་ཐམས་ཅད་ཀྱི་ལྷའི་མཆོད་པར་བྱེད་པོའི་སྔགས་ཚིག་གི་ཆོ་གའོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་གསལ་བྱེད་གཅིག་དང་ལྡན་པ ་ནི་ཐབས་མཚོན་པར་བྱེད་པའོ།། གང་དུ་གསལ་བྱེད་གཉིས་དང་ལྡན་པར་བྱེད་པ་ནི་ཤེས་རབ་མཚོན་པར་བྱེད་པའོ།། དེ་བཞིན་དུ་ཐུང་ངུ་ཐམས་ཅད་ནི་ཐབས་ཡིན་ལ། རིང་པོ་ཐམས ་ཅད་ནི་ཤེས་རབ་ཡིན་ནོ།། དེ་བཞིན་དུ་ཨཱ་ལི་ནི་ཐབས། ཀཱ་ལི་ནི་ཤེས་རབ། ཐིག་ལེ་ནི་ཐབས། ཚེག་དྲག་པོ་ནི་ཤེས་རབཅེས་རྩ་བའི་རྒྱུད་ཆེན་པོ་ལས་གསུངས་པ་ཡིན ་པས་གཞན་དུ་ཡང་ཅི་རིག་པར་སྦྱར་རོ།། རྐང་གཉིས་གཙོ་བོས་དང་པོའི་སངས་རྒྱས་རྒྱུད་ཚན་གསུངས།། གནོད་སྦྱིན་སྡེ་དཔོན་གྱིས་ཀྱང་དེའི་འགྲེལ་པ་མཛད་པར་གྱུར།། ཐུགས་རྗེས ་མངའ་བའི་རྐང་གཉིས་གཙོ་བོས་ལུང་བསྟོན་པས།། རྡོ་རྗེས་འཇམ་པའི་དབྱངས་ཀྱིས་བསྡུས་པའི་ཆུང་འདི་བསྟན།། འགྲོ་རྣམས་ངོ་མཚར་བསྐྱེད་ཕྱིར་སྤྱན་རས་གཟིགས་དབང་གིས།། འཇམ ་པཱའི་དབྱངས་དང་སྦྲེལ་མའི་སྲས་སུ་འགྱུར་ཞེས་བསྒྲགས།། དེས་ཀྱང་སྔོན་གྱི་དམ་བཅས་པ་ཤོལ་བ་མི་མངའ་བས།། སྡུང་རྒྱུད་མེ་ཏོག་ཕྲེང་འགྲེལ་དྲི་མ་མེད་འདི་མཛད།། རབ ་འབྱེད་དབང་གིས་འགྲེལ་པ་རྡོ་རྗེའི་ཚེ་ག། ལེགས་པར་འབྱེད་བྱེད་བདག་ཙམ་དགེ་བ་གང་།། ཆུ་བོའི་རྒྱན་ལྟར་རབ་འབབ་དག་པ་ངེས།། ཆོས་འབྱུང་དྲི་མེད་གྲོང་ཁྱེར་མཆོག ་xxx། xxx ་འགྲེལ་པ། རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ། དགེ་སློང་མཁས་པ་ཆེན་པོ་དཱ་རི་ཀ་པས་མཛད་པ། བོད་ཀྱི་ལོ་ཙྪ་བ་འབྲོ་དགེ་སློང་ཤེས་རབ་གྲགས ་བས་ཐ་མ་ལ་མཉན་ནས་བསྒྱུར་བ་རྫོགས་རྒ ་