| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། གུ་ཧྱ་ཛཾ་བྷེ་ལ་སཱ་དྷ་ནཾ། བོད་སྐད་དུ། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས། འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ།། དེ་ལ་ཐོག་མར་རེ་ཞིག་སྔགས་པས་གདོང་གི་གཙང་སྦྲ་ལ་སོགས་པ་བྱས་ནས། སྐྱེ་བོ་མེད་པའི ་སྔ་ཕྱོགསུ་བདེ་བའི་སྟན་ལ་གནས་ཏེ། བདག་གིས་རྗེ་བཙུན་ཛམ་བྷ་ལ་མཉེས་པར་བྱས་ལ་སེམས་ཅན་ཐམས་ཅད་མཆོག་གི་བདེ་བ་ལ་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། རང་གི་སྙིང་གར་ཟློ་བའི་དཀྱིལ་འཁོར་ལ་ཏྲཾ ་གི་ཡི་གེ་སེར་པོ་བལྟས་ཏེ། དེའི་འོད་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྗེ་བཙུན་ཛཾ་བྷ་ལ་མདུན་དུ་བསྡམས་ལོ་ཡང་དགྲ་པར་མཆོད་དེ་ཕྱག་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། འཇིག ་པས་སྡིག་པ་ཐམས་ཅད་བཤགས་པར་བྱ།། དགའ་བས་འགྲོ་བའི་དགེ་ལོ་རྗེས་ཡི་རང་།། དཀོན་མཆོག་གསུམ་ལ་སྐྱབསུ་མཆི།། རྫོགས་པའི་བྱང་ཆུབ་སེམས་ནི་རྣམ་པར་གཟུང་།། དེའི་རྗེས་སུ་བྱམས་པ་དང་སྙིང་རྗེ་དང་དགའ ་བ་དང་བཏང་སྙོམས་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་པའི་སྔགས་ཀྱི་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེའི་རྗེསུ་སྨོན་ལམ་གྱི་ཤུགས་ཀྱིས་ནུཾ་ཁཾ་བཾ་ལཾ་གི་ས་བོན་ལས་སྐྱེས་པའི་སྣ་ཚོགས་པདྨ ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བ་ལ་ཇེ་སེར་པོ་ལས་སྐྱེས་པའི་བཅོམ་ལྡན་འདས་ཛྙཱ་བྷ་ལ་བསྒོམ་པར་བྱ་སྟེ། རྒྱན་ཐམས་ཅད་འཛིན་པ་གསེར་གྱི་ཁ་དོག་ཅེན། ལྟོ་བ་འབྱུང་བ། གཡོན་པ་དང་གཡས་པའི་ཕྱོག་དག་གིས་སྲེ་མོང་དང ་ས་བོན་གང་བ་འཛིན་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ཨུཏྤ་ལའི་ཕྲེང་བ་འཛིན་པའོ།། ཤྭར་ལོ་སོགས་པའི་འདབ་མ་རྣམས་ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། ནོར་སྦྱིན་དང་། རྣམ་ཐོས་རྣམས།། མེ་ལ་སོགས་པའི ་འདབ་མ་རྣམསཱ་ལ་རྣ་རྒྱན་ཀོ་སྐབས་དང་། རོལ་པ་འཁྱིལ་པ་དང་། རྩེན་པའི་ཕྲེང་བ་དང་། གྲོང་གི་དབང་ཕྱུག་དང་། དེ་བཞིན་དུ་སྤྱོད་པའི་དབང་ཕྱུག་སྟེ་བཤད་པའི་རིམ་པས་དེར་དེ་ལྟར་ནོར་རྒྱུན་མ་དང་། ཟླ་མཛེས་མ་དང་། སྦྱིན་མ ་དང་། ལེགས་སྦྱིན་མ་དང་། འཕགས་མ་དང་། ལེགས་བཟང་མ་དང་། སྒྲས་མ་དང་། ལྷ་མོ་དང་། དབྱིངས་ཅན་མ་སྟེ། གནིད་སྦྱིན་མོ་འདི་དག་རྣམས་བསམ་པར་བྱའོ།། ནོར་རྒྱུན་མ་དང་ཛི་བྷཱུ་ལ་ལྷན་ཅིག་ཏུའོ།། གནོད་སྟོན་མ ་ཐམས་ཅད་ནོར་རྒྱུན་མ་བཞིན་ནོ།། གནོད་སྦྱིན་ཐམས་ཅད་ཛཾ་བྷ་ལ་བཞིན་ནོ།། འདི་ལྟར་བསམས་ཏེ་སྔགས་བཟླས་པར་བྱ་སྟེ། དེ་ལ་གནོད་སྦྱིན་རྣམས་ཀྱི་ནི། ཨོཾ་ཛཾ་བྷ་ལ་ཛོ་ལེནྡྲཱ་ཡ་དྷ་ནི་མེ་དེ་ཧི་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ~ཾ་སྭཱཧཱ ་ཨོཾཿདྡྷཥྛདྷཱ་ཡ་སྱཱམྦྷ། ན་སུ་། རྫུན་ལས་ས་བཎྜ་ཡན་སྭཱནྟྲ། མ་གས་མ་མ་ནྱཱ་ས་སྱཱཧཱ། ཨོཾནྟུ་ཁཱརྠཱ་ཡ་སྭཱ་ཏྨ། ཨ་ཤྭནྡྲཱ་ཡ་སྱཱ་ཧཱ། དནས་གན་སྤྱན་མ་རྣམས་ཀྱི་སྔགས་ན། ཨོཾ་བྱཱ་སཱ་ཥྚཱ་རྨཱ ་ཨོཾ་ཙིནྟུ་ཀཱནྡྷེ་སྭཱ་ཧཱ། ཨོཾ་དྲྀཏྲཱུཾསྱཱཧཱུ~ཾ། ཨུཾ་པྲཱ་པཻདྡྷེསྭཱཧཱུཾ། ཨོཾ་ཨཱུནྡྷ་ཡཱི་སྭཱ་ཧཱ། ཨོཾ་པཱུརྞྞ་བྷཱུ་དྦྷ་སྭཱ་ཧཱུ~ཾ། ཨོཾ་གྲུབ་ཏྱཾ་སྭཱཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་ས་ར་མཱསྨཻ་སྭཱ་ཧཱ། ཀྵེ་དུ་བྷྱོན་གསུམ་དུ་བཟླས་པས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྟེར་བ་ལ ་རྟེན་གསུམ་གྱི་རྒྱལ་སྲིད་སྟེར་རོ།། ཐོ་རངས་བྱ་རིག་མྱི་གྲག་པར་ཆུའི་དབུས་བཟླས་ན་ནིར་འཛད་པ་མེད་ཅིང་འཕེལ་བར་འགྱུར་རོ།། དེ་ནས་གསེར་ལ་སོགས་པའི་འདབ་མ་ལ་ནོར་རྒྱུན་མ་དང་། གནོད་སྦྱིན་མོ་ལྷན་ཅིག་པ་དང་། འདབ ་མ་གཉིས་པ་ལ་བཅོམ་ལྡན་འདས་ཛཾ་དྷ་ལ་ལཱ་གནོད་སྦྱིན་གྱིས་ཡོངསུ་བསྐོར་བ་བྲིས་ནས་མར་དང་སྦྲང་རྩི་དང་ཀཱ་རས་སྦྱར་ཏེ། རབ་གནས་ལེགས་པར་བྱས་ལ། མཉེས་པར་བྱས་ན་གྲུབ་པ་ཆེན་པོ་བརྒྱད་སྟེར་རོ།། ཞོ་དང་བུ་རམ་དང ་བཅས་པའི་ཟ་ནུ་དང་ཤ་དང་། ཆང་སྤངས་པའི་གཏོར་མོ་བཟླས་པའི་སྔགས་ཀྱིས་རྒྱུན་ཏུ་སྦྱིན་ནོ།། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མངོན་པ། གསང་བའི་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགསོ།། ་མཁས་པ་ཆེན་པོ་ཛ་ཡ་སེ་ནའི་ཞལ་སྔ་ནས་དང་། བཙུན་པ་དྷརྨཱ་ཡོན་ཏན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐདདུ། བིསྟ་ར་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། རྒྱ་ཆེ་བའི་ཛཾ་བྷ་ལའི་སྒྲུབ་པའི་ཐབས། ནོར་གྱི་དབང་ཕྱུག ་