CLOSE WINDOW

GT724: dpal he ru ka sgrub pa'i thabs kyi 'grel pa
Wyliee-texts produced with BDRC’s OCR application

དྷཱུ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷཱ་ནཱ་བྲྀཏྟི། བོད་སྐད་དུ། དཔྲལ་ཧེ་རུ་ཀ་སྒྲུབ་པའི་ཐབས་ཀྱི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱུག་འཚལོ།། མི་བསྐྱོད་རྡོ་རྗེ་གནས་གྱུར་པ།། རྡོ་རྗེ་ཁྲོ་བོ་སྒྲུབ་པའི་ཚུལ།། དཔལ་ལྡ ་འདུས་པའི་གཞུང་བརྟེན་པའི།། བླ་མའི་མན་ངག་ལ་བརྟེན་ནས།། ཚིག་ལེར་བྱས་པའི་གསལ་བསྐྱེད་པ།། བདག་གིས་རབ་ཏུ་སྦྱར་བ་ཡིན།། དེ་ལ་བསྐྱེད་པའི་རིམ་པ་དང་། དེ་ལ་བསྐྱེད་པའི་རིམ་པ་དང་། སྒྲུབ་པའི་བརྟུལ་ཞུགས་དང་། མཉམ ་པར་བཞུག་པ་དང་། མ་བཞག་པའི་རིམ་པས་རྡོ་རྗེ་ཁྲོ་བོ་ཧེ་རུ་ཀ་སྒྲུབ་པའི་ཐབས་དཔལ་གསང་བ་འདུས་པའི་རིམ་པས་ཤེས་པར་བྱའོ།། དེ་ཡང་བསྐྱེད་པའི་རིམ་པ་ཞེས་པ་ལ་སོགས་པ་དྭེ་ཅིའི་ཕྱིར་འདི་མཛད་ཅེ་ན། དཔལ་ལྡན་ཧེ་རུ་འགྲོ ་བའི་མགོན།། བསྒྱུར་ནས་དོན་ཀུན་ཕུན་སུམ་ཚོགས།། འགྲོ་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དཔལ་ཧེ་རུ་ཀ་ནི་འགྲོ་ལ་ཕན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ།། ཚིག་གི་དོན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ ་དཔལ་ཏེ། དེ་གང་ཡོད་པ་དེ་ལ་དཔལ་ལྡན་ཞེས་བྱ་སྟེ། དེ་ཉིད་ཧེ་རུ་ཀའོ།། དེ་བས་ན་དཔྲལ་ལྡན་ཡང་ཡ་ནཱ་ལ་ཧེ་རུ་ཀ་ཡང་ཡིན་པས་ན་དཔ་ལྡན་ཧེ་རུ་ཀ་སྟེ། དངོས་སུ་དཔལ་ལྡན་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ།། ཧེ་རུ་ཀ་དེ་ཡང་ངེས་པའི་ཚིག་གི ་ཚུལ་གྱིས་ན་ཧེ་ཞེས་པའི་ཚུལ་གྱིས་ན་རྒྱུ་ཡིན་ལ། དེ་དང་བྲལ་བས་ན་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ།། རུ་ནི་རུ་ཏི་ར་སྟེ་སྨོན་པོ་མེད་པའོ།། ཀ་ནི་ཀ་ར་སྟི་བྱེད་པ་དང་བྲལ་བས་སྟོང་པ་ཉིད་དོ།། དེ་ལྟར་རྣམ་པར་ཐར་པའི ་སྒོ་གསུམ་གང་ལ་ཡོད་པ་དེ་ལ་དེ་སྤྱད་ཅེས་བྱས། \ུ0f7f། ཟླུན་ཅན་ག་ཞེས་བྱ་བ་འདོན་ཏོ།། དེ་མ་དྲན་ན། རྣགྲུ་བའི་མཐུན་ཅེས་བྱ་བ་སྨྲས་ཏེ། འགྲོ་བ་ལྔའི་སྒྲུབས་མད་པའོ།། ཐབས་གང་གིས་མཛད་ཅེ་ན། བསྒྱུར། ་ནས་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་མི་འདུལ་བ་ལ་རྡོ་རྗེ་ཁྲོ་བོར་བཅོམ་ལྡན་འདས་མི་བསྐྱོད་པ་དེ་ཉིད་ཀྱིས་ཁྲོ་བོར་མཛད་པའོ།། དོན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སོ།། དེ་ཉིད་ཕུན་སུམ་ཚོགས་པ་སྟེ། སྐྱབས་སུ ་འགྲོ་བ་ལ་སོགས་པའོ།། བསྐྱེད་པའི་རིམ་པ་ནི། དང་པོར་འདི་ལྟར་ཞེས་བྱ་བ་སྨོས་ཏེ། དང་པོ་ནི་ཐུན་བཞིར་བྱས་པའི་དང་པོའོ།། ནམ་གྱི་ཆ་བརྒྱད་དུ་བྱས་པའི་ཐ་མ་ནི་དང་པོ་སྟེ། དེ་ལས་ལངས་ཏེ་ལྷའི་ཁང་པར་སོང་ནས། ཁྲུས་བྱ་བ་དང་དྷཱི ་ཞིམ་པོས་བྱུག་པ་དང་། མཎྜལ་བྱ་བ་དང་། མེ་ཏོག་གཱི་སིལ་མ་དགྲམ་པ་དང་། དྲིའི་ཐིག་ལེ་བྱ་བ་ལ་སོགས་པ་བྱས་ལ། སྟན་བདེ་བ་ལ་འདུག་སྟེ། འདི་ལྟར་དྲན་པར་བྱའོ།། བདག་སྔོན་སློབ་དཔོན་ལས་གསང་བ་འདུས་པའི་དཀྱིལ་འཁོར ་དུ་ཞུགས་པ་ལ་སོགས་པའི་དམ་ཚིག་ལ་སོགས་པ་ཞིག་པ་དང་མ་ཞིག་པ་དྲན་པར་བྱས་ལ།། རང་གི་སྙིང་གུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུཤེལ་ལྟ་བུ་གྱེན་དུ་ལྟ་བ་བསམ་པར་བྱའོ།། དེ་ནས་མདུན་གྱི་ན་མཁའ་ལ་དེ་བཞིན་གཤེ ་པ་དང་། རྡོ་རྗེ་ཁྲོ་བོ་དང་བླ་མ་རྣམས་ཐ་མི་དད་པར་བྱས་ལ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་བར་མཚམས་མེད་པར་བསྒོམས་པར་བྱའོ།། དེ་ནས་སྙིང་གའི་ཧཱུ~ཾ་ལས་གཟུགས་རྡོ་རྗེ་ལ་སོགས་པ་དང་། བདུག་པ་ལ་སོགས་པ་མཆོད་པ་རྣམ་པ ་ལྔས་དེ་དག་ལ་མཆོད་པ་དང་། ཕྱག་འཚལ་བ་དང་། བཤགས་པ་དང་། སྐྱབ་སུ་འགྲོ་བ་དང་། སེམས་བསྐྱེད་པ་ལ་སོགས་པ་དང་། ཚད་མེད་པ་བཞི་ལྔ་སོགས་པ་བསྒོམ་པར་བྱའོ།། དེན་སུ་རྣམ་པར་ཐད་བྱཱ་བྷྱོ་གསུམ་བསྒོམས་ཏེ། རློམ་ཟད། ་རྣམ་པར་རིག་པ་ཙམ་དུ་བསྒོམ་པར་བྱས་ལ། དེ་བརྟན་པར་བྱ་བ་འི་ཕྱི། ཨོཾ་ཤཱུནྣ་ཏྲཱ་ཛྙཱ་ན་བདྡྷ་སྭཱ་བྷཱ་བ་ཨཱ~ཾཛྫ་\ུ྅་ཧཾ། སྟོང་པ་ཉིད་ཀྱི་སེམས་དེ་ཉིད་ཡི་གེ་གསུམ་དུ་བསམ་མོ།། དེ་ནས་ཧཱུཾ་ལེས་ས་གནི་རྡོ་རྗེ་རང་བཞིན་དུ་བྱ་བ་དང་། ཕྱོགས ་མཚམས་བབྱུང་བར་ཡིད་བྱའོ།། དེ་དག་ནི་འདི་ལྟར་ཞེས་བྱ་བའྀའོ་སླ་ནི་དྷཱི་མ+Wཱར་ཞེས་བྱེ་ངྒེའི་དོན་ཏོ།། སྐུ་དེའི་མཚོན་པ་ཤེས་པར་བྱའོ།། དེ་ནས་དྲི་ལྟར་བྱ་ན་ན། བསྒོམ་པར་བྱ་ཞེས་སྨོས་སོ།། གང་དུ་བསྒོམ་པ་དང་གཟུགས་ཅི་བསྒོམ་པ ་བྱཱ་ན། ཟུར་གསུམ་ཆོས་ཀྱི་དབྱིངས་གནས་པ་ཞེས་བྱ་བ་སྨོས་ཏེ། དེ་ནི་རྡོ་རྗེ་རི་ས་གཞིའི་དབུས་སུ་སྟེ། དེའི་གཟུགས་ནི་ཟུར་གསུམ་པ་གྱེན་དུ་བསྒྲེང་ག། ན་མཁའི་རང་བཞིན་བསམ་མོ།། དེའི་ནང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས ་རྡོ་རྗེའི་ལྟེ་བ་ལ་བྲུཾ་ལས་འཁོར་ལོ་རྩིབས་བཅུ་གཉིས་ལ་ལྟེ་བ་བྲུ~ཾ་ཡིག་གིས་མཚན་པ། དེ་ཡོངསུ་གྱུར་པཱ་ལས་རྣམ་ལྟར་སྣང་མཛད་དང་བཙས་པའོ།། དེ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། རྟ་བབས་དང་། ཁ་ཁྱེར་དང་། ་གཟུགས་དང་མེ་ཏོག་ལ་སོགས་པས་བརྒྱན་པར་བསྒོམས་ལ། དེའི་དབུས་སུ་པདྨའི་གདན་ལ་ཟླ་བའི་དཀྱིལ་འཁོར་བསམི་མོ།། དེའི་ཕྱིར་ན་གཞལ་ཡས་ཁང་གི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་ཟླ་བ་ལ་ཞེས་སྨོསོ།། གང ་དེལ་ཅི་ཞིག་གནས་ན་ན། དེལ་མཅན་གྱིས་བོན་སྦྲུལ་དང་། དཔེ་བྱད་ཀྱིས་འོད་ཀཱ་ལ་གརམ་བཞིན་ཉིས་འགྱུར་དུ་བྱས་ཏེ། སུམ་སུ་རྩ་གཉིས་དང་། བརྒྱད་དུ་བསམ་པར་བྱའོ།། དེ་ལས་ཐབས་དང་ཤེས་རབ་ཀྱི་བོ་ཟླབ་ས ་མཱ་བསམ་མོ།། དེར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ།། དེ་ལས་འོད་ཟེར་འཕྲོས་པ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཁྲོ་བོའི་ཚུལ་གྱིས་བཞུགས་པ་བཀུག་ལ། རྡོ་རྗེའི་ཧཱུཾ་ལ་སྐུར་བསྡུས་ནས། བཛྲ་ཨཱཏྨ་ཀོ་ཧཾ་ཞེས་ང་རྒྱལ་བྱས། དེ་རྣམས་ལ ་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་དོ།། དེའི་ཆ་ལུགས་བསྟན་པར་བྱ་བའི་ཕྱིར། དབུ་ཞལ་སྐུ་ནི་ཤེལ་འདྲ་བ་ཞེས་པ་སྟེ། ཞལ་དབུས་མ་དང་སྐུ་མདོག་ཤེལ་ལྟ་བུའོ།། གཡས་ནི་གནག་པའོ།། གཡོན་ནི་དམར་བའོ།། ཕྱག་དག་པོ་གཉིས་ཀྱིས ་རིག་མ་ལ་འཁྱུད་པའོ།། གཡས་ཀྱི་གཉིས་པ་ན་རྡོ་རྗེ། གསུམ་པ་ནཱ་རལ་གྲིའོ།། གཡོན་གྱི་གཉིས་པ་ན་རིན་པོ་ཆེ་ཟུར་གསུམ་པ། གསུམ་པ་ན་པདྨ་དཀར་པོའོ།། དེ་བས་ན་རྡོ་རྗེ་སེམས་དཔའ་བསྒོམས་ནས་ཀྱང་ཞེས་སྨོས་སོ།། ཀྱང་གི་སྒྲས ་ནི་དེ་བསམ་པར་བྱ་བ་ཡིན་གྱི། མངོན་སུམ་དུ་བདག་ཉིད་བྱ་བ་མ་ཡིན་ཏེ། རང་གི་སེམས་སྲིད་པ་བར་མའི་གཟུགསུ་གནས་པའི་ཕྱིར་རོ།། རིག་པ་ནི་ཤེས་རབ་གཉིས་ཀྱིས་འཁྱུད་ཅེས་བྱ་བས་དང་པོར་དུས་གཅིག་ཏུ་བསྐྱེད་པ་ཡིན་གྱི། དུས ་ཕྱིས་བསྐྱེད་པ་མ་ཡིན་ནོ།། དེ་ནས་གདུག་པ་རྣམས་གདུལ་བར་བྱ་བའི་ཕྱིར། རང་གི་ལུས་ལ་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་བདེ་བ་བསྐྱེད་ལ། རྒྱལ་བའི་ཚོགས་རང་གི་ལུས་ལ་བཅུག་ནས་དེ་ལྷ་མོ་དགུར་སྤྲུལ་ལ། གྱེན་དུ་རྒྱུ་བའི་རླུང་གིས ་བཏོན་ཏེ། རིག་པ་ལ་ཐིམ་པར་བྱས་ལ། དེའི་གསང་བར་དཀྱིལ་འཁོར་སྤྲུལ་ལ། དཀྱིལ་འཁོར་དེའི་དབུས་སུ་ཡེ་ཤེས་སེམས་དཔའ་བསམས་ལ། དེའི་ཕྱོགས་བཞིར་མཱ་མ་ཀཱི་ལ་སོགས་པ་བཞི་བསམ་པར་བྱའོ།། དཀྱིལ་འཁོར་དེར་ཡང་འགྲོ་བ ་བཅུག་ལ་དབང་བསྐུར་ཏེ། ཀྵིཾ་ལ་སོགས་པས་དབྱུང་བར་བྱའོ།། དེ་ལྟ་བུ་དེའི་སྐྱེ་གནས་དེ་མཐོང་བ་དང་། བདག་ཀྱང་དེ་ལྟ་བུ་ཐོབ་པར་བྱའོ་ཞེས་འདོད་པར་སྐྱེས་ཏེ། སེམས་དེ་དེར་མར་མེའི་ཚུལ་དུ་ཞུགས་པར་བསམ་མོ།། དེ་ནས་རིགས་ལྔ ་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བ་པདྨར་ཕ་བ་སྟེ། སེམས་ཡི་གེ་ལྔའི་ངོ་བོ་དེ་འོད་དུ་ཞུ་བར་གྱུར་ཏོ།། དེ་བས་ན་རྡོ་རྗེ་དེ་ལས་པདྨར་བབས། འདོད་ཆགས་མེ་ཡིས་ཐམས་ཅད་ཞུ་ཞེས་བྱ་བ་དེའི་བཤད་པ་ཡིན་ནོ།། དེ་ལྟ་བུའི་མངལ་གྱི་གནས་སྐབས ་མིང་དང་གཟུགས་ཀྱི་དང་པོ་དེ་ལ་བསྐུར་བར་བྱ་བའི་ཕྱིར། སྤྱན་ལ་སོགས་པ་རང་དབྱངས་ཀྱིས།། བཞེངས་པའི་དོན་དུ་བསྐུལ་བར་བྱ་ཞེས་པ་སྟེ། ལྷ་མོའི་སྤྱན་གྱིས་བསྐུལ་བ་འདི་ལེན་ཏེ། སེམས་ཅན་ཁམས་ན་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ ་བདུན་པ་ལས་གསུངས་པའི་གླུ་བཞེས་བསྐུལ་བར་བསམ་མོ།། དེ་ལས་མེ་དཔུང་འབར་བར་ལྟ་བུའི་ཧྲི་བསམས་ལ། དེ་ལས་ཁྲོ་བོ་བསྐྱེད་པའོ།། གལ་ཏེ་སྙིང་རྗེ་སེམས་ལས་བྱུང་བ་དགེ་བ་ཡིན་ལ། ཁྲོ་བོ་ནི་ཉེ་བའི་ཉོན་མོངས་པ་ཞེ་སྡང་གི ་ཆ་ལ་གཏོགས་པ་ཡིན་ན་ཇི་ལྟར་སྙིང་རྗེའི་ཁྲོ་བོ་ཞེས་བྱ་ཞེ་ན། འདི་ནི་སྙིང་རྗེ་སྔོན་དུ་སོང་བས་བསྐྱེད་པ་ཡིན་ཏེ། དཔེར་ན་མ་ཡིས་བུ་ལྟ་བུའོ།། དེ་བས་ན་རྒྱུ་སྙིང་རྗེ་ལས་བྱུང་བ་འབྲས་བུ་ཁྲོ་བོའི་ཚུལ་དེ་ཡང་བསྙེན་པ་ཡིན་ཏེ་མེ་ལྟ་བུའོ།། ཅིག ་ཤོས་ནི་རྒྱུ་བདག་དང་བདག་གི་ལས་བྱུང་བ། འབྲས་བུ་ཡང་མནར་སེམས་དང་ལྡན་པར་འབྱུང་སྟེ། དཔེར་ན་ས་སྟི་དང་ཨ་རི་ཤ་ལྟ་བུའོ།། དེའི་ཕྱིར་འཇིག་པའི་མེ་དང་འབར་མཉམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེའི་ཆ་ལུགས ་བབསྟན་པའི་ཕྱིར། འཇིགས་བྱེད་ཅེས་བྱས་ཏེ། མ་ཧཱ་དེ་བ་ལ་སོགས་པར་འཇིགས་པ་བྱེད་པའོ།། ཕལ་པས་ཀྱང་དེ་ལྟར་འཇིགས་པ་ཡོད་པས་དེའི་ཆེན་པོའོ།། ཐོད་པའི་ཕྲེང་བ་ཐོགས་པ་ཡིན་པས་ན་ཐོད་ཕྲེང་ཐོགས་པའོ།། ཞལ་གྱི་ཁྲོ་གཉེར་གྱེན་དུ་འགྲེང་བ་དང་། ་སྐྲ་དང་སྨིན་མ་བསྡུས་པ་གྱེན་དུ་འགྲེང་བ་འབར་བའོ།། ཡང་གི་སྒྲས་སྤྱན་དམར་བ་དང་མཆེ་བ་གཙིགས་པའོ།། ཞལ་དབུས་མ་དང་སྐུ་ནི་གནག་པ། གང་བརྒྱངས་སྒྲོགས་པ། ལྗགས་འདྲིལ་བ་དང་ལྡན་པའོ།། ཞལ་གཡས་ནི་དཀར་པོའོ།། གཡོན་ནི ་དམར་པོའོ།། སྐུ་ལ་དུར་ཁྲོད་ཀྱི་ཐལ་བ་བྱུགས་པ། ཕྱག་དང་པོ་གཉིས་ནི་རིག་མ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྡོ་རྗེ་ནག་པོ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་གཉིས་པ་ན་ཁ་ཊྭཱཾ་ག། གསུམ་པ་ན་རིན་པོ་ཆེ་ཆ་དགུ་པའོ།། དྲག་པོ་ལ ་སོགས་དུག་དང་ལྡན་ཞེས་པ་ནི་ཞི་བ་དང་སྒེག་པ་དཔའ་དང་སྙིང་རྗེ་བ་མ་གཏོགས་ཏེ། ཁྲོ་བོའི་སྐུ་ཡིན་པའི་ཕྱིར། དེ་བས་ན་དྲག་པོ་དང་དཔའ་བ་དང་། འཇིག་སུ་རུང་བ་དང་། འཇིགས་པར་བྱེད་པ་དང་། རྒོད་པ་དང་། གཤེ་བའོ།། ཀེང་རུས་གསུམ་ཕྲེང ་ནི་ཐོད་པ་དང་། རྐང་པའི་བོལ་དང་། ལག་པའི་བོལ་གསུམ་སྤེལ་བའི་ཕྲེང་བས་དབུ་ལ་བཅིངས་པའོ།། ཡང་དག་རྒྱན་ཞེས་བྱ་བ་ལ་སོགས་པ་ལ། དབུ་རྒྱན་དང་། མགུལ་རྒྱན་དང་། སེན་མོ་དོ་དང་། ཕྱག་གདུབ་དང་། ཞབས་གདུབ་ལ་སོགས་པའོ།། ། ་ན་བཟའ་ནི་དར་ལ་སོགས་པའོ།། ཞབས་གཡས་ཀྱིས་མ་ཧཱ་དེ་བའི་བཞིན་གནོན་ཅིང་། གཡོན་པས་ཨུ་མའི་ནུ་མ་མནན་པའོ།། གཡས་པ་བརྐྱང་ལ། གཡོན་པ་བསྐུམ་པ་ནི་ཁྲོ་བོའི་སྐྱིལ་ཀྲུང་སྟེ། རྣལ་འབྱོར་པ་བདག་ཉིད་དེ་ལྟར་བསྒོམ།། ་དེ་དག་ནི་བསྙེན་པ་སྟེ། རྒྱུ་མཐུན་པའི་འབྲས་བུའོ།། ད་ནི་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ཡིད་རྣམས་ལ་ཟླ་བའི་དཀྱིལ་འཁོར་རི་རཾ་བསམས་ལ། དེའི་སྟེང་དུ་གོ་རིམ་བཞིན་དུ། ཀྵི་ཛཾ་ཁཾ་གཾ་ཤྲཱི་སཾ་ཞེས ་བྱ་བ་ལས་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་རྣམས་བསམ་པར་བྱ་སྟེ། དེ་ནས་སངས་རྒྱས་ཀུན་གྱིས་དབང་དྲུག་བསྒོམ་ཞེས་པ་སངས་རྒྱས་ཀྱི ་ངོ་བོ་ཉིད་དུ་དབང་པོ་དྲུག་བསྒོམ་པའོ།། དེ་ནི་ཉེ་བར་བསྒྲུབ་པ་སྟེ། རྣམ་པར་སྨིན་པའི་འབྲས་བུའོ།། དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་དང་བྲལ་བ་ཡིན་པས་ན་སངས་རྒྱས་ཞེས་སྨོས་སོ།། ཀུན་གྷི ་སྒྲ་ནི་ཕུང་པོ་ལྔ་དང་། ཁམས་བཞི་དང་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པོ་ཞེས་གཞན་དག་ཟེར་རོ།། ད་ནི་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་སྐུ་གསུམ་ཐོབ་པར་བྱ་བའི་ཕྱིར་རོ།། དེ་ལ་སྙིང་གྲར་ཟླ་བ་ལས་ཧཱུཾ་ལས་རྡོ་རྗེ། ་དེའི་ལྟེ་བར་ཧཱུཾ་ལས་རྡོ་རྗེ་ཕྲ་མོ་ཧཱུཾ་གིས་མཚོན་པའོ།། དེ་ལ་ཐུགས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་བསམ་མོ།། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པོ་བསམས་ལ། དེའི་འོད་ཟེར་གྱིས་ཕྱོགས་པ་སུའི་སངས་རྒྱས་མདུན་གྱི་མམ ་ལ་སྤྱན་དྲངས་ཏེ། དེ་རྣམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་གཟུགས་རྡོ་རྗེ་ལ་སོགས་པ་སྨོས་པས་མཆོད་པར་བྱའོ།། དེ་ནས་ཚིག་སུ་བཅད་པ་དང་པོ་ཐུགས་རྡོ་རྗེ་གཙོ་བའི་ཚུལ་དུ་བཞུགས་པ་ལ་གསོལ་བ་བཏབ་ལ ་གཉིས་པས་ནི་དེའི་འཁོར་ལྟ་བུར་བཞུགས་པ་ལ་གསོལ་བ་གདབ་པོ།། དེ་ནས་ཐུགས་རྡོ་རྗེ་ཞུགས་པ་དང་སྔགས་ཀྱི་ང་རྒྱལ་བྱའོ།། སྙིང་གའི་གོང་ནུ་མ་གཉིས་ཀྱི་བར་དུ་ཡེ་ཤེས་སེམས་དཔའ་ལྟ་བུ་བསམ་པར་བྱའོ།། ལྐོག་མ་དང་སྤྱི་བོར་པདྨ་དང་ཟླ་བ ་ལ་ཨཱཿདང་ཨོཾ་ཡང་སྔ་མ་བཞིན་དུ་བྱའོ།། ཐུགས་རྡོ་རྗེ་ལ་སོགས་པ་རེ་རེ་ཞིང་ཡང་ཕྱག་རྒྱ་བཞི་བཞི་དང་ལྡན་པར་བྱ་སྟེ། དེ་ཡང་རྒྱུད་ལས་སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། རྡོ་རྗེ་གསུམ་གྱིས་ཡེ་ཤེས་རྫོགས་ཞེས་གསུངས་པའི་ཕྱིརརོ།། དེ་ཕྱིར་སྐུ་གསུང ་ཐུགས་ཀྱང་ཡི་གེ་གསུམ་མོ།། ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་ཞེས་བྱའོ།། ཡང་གི་སྒྲས་སྒྲིབ་པ་པོ་ཡན་ལག་བཞི་དང་ལྡན་པ་མ་ཟད་ཀྱི་སྐུ་རྡོ་རྗེ་ལ་སོགས་པ་ཡང་ལྡན་ནོ་ཞེས་ཟེར་རོ།། དེས་ནི་སྒྲུབ་པ་ཞེས་བྱ་བའི་ཡན་ལག་སྟེ། སྐྱེས ་བུ་བྱེད་པའི་འབྲས་བུ་དང་བྲལ་བའི་འབྲས་བུ་གཉིས་པ་བསྟན་ཏོ།། ད་ནི་ཆོས་ཀྱི་རྒྱལ་པོ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བར་བྱ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཡང ་དག་པར་བསྐུལ་ལ། དེའི་འོད་ཟེར་གྱི་རྩེ་མོ་ལས་ལྷ་མོ་བཅུ་སྦྲུལ་ལ། དེ་དག་གི་ཕྱག་ན་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྣམས་པ་དང་། བླ་རེ་དང་གདུགས་དང་མཆོད་པ་ལྔ་དང་གླུ་དང་བཅས་པས་དབང་བསྐུར་བར་བསམ་པར་བྱ་སྟེ། ཆུ་ཡོངས ་སུ་གྱུར་པ་ལས་མི་བསྐྱོད་པ་ཅོད་པན་དུ་བསམ་པར་བྱའོ།། དེའི་ཕྱིར་མི་བསྐྱོད་དབུ་རྒྱན་འབྲས་བུ་མཆོག་ཅེས་བྱ་སྟེ། མི་བསྐྱོད་པ་ནི་རིགས་ཀྱི་མཆོག་ཡིན་ཏེ། འབྲས་བུའི་མཆོག་དང་འདྲ་བའི་དོན་ཏོ།། འདིས་ནི་སྒྲུབ་པ་ཆེན་པོ་ཞེས་པའི་ཡན་ལག་སྟེ། ་དབང་གི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུའི་ཕྱོགས་གཅིག་ཀྱང་བསྟན་ཏོ།། དེ་ནས་དམ་པའི་དགའ་བའི་བདེ་བ་མྱངས་ཞེས་པ་སྟེ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ལ་སྒྱུ་མ་ལྟ་བུས་བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབས་ཏེ་མྱང་བར་བྱའོ།། དེ་ནས་ཡང་། ་བྱང་ཆུབ་ཀྱི་སེམས་སྤྲོ་བ་དང་བསྡུས་པས་ཐབས་དང་ཤེས་རབ་ཚིམ་པར་བྱ་ཞིང་། ཆོས་ཐམས་ཅད་སྒྱུ་མ་ལྟར་རོ་གཅིག་པ་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པར་བྱའོ།། ད་ནི་སྒྲ་བ་བ་པོའི་བརྟུལ་ཞུགས་བསྟན་ཏེ། དཔའ་བོ་ལྔ་ནི་ཤ་ཆེན་རྟ་དང་ཁྱི་ཤ་དང་། བ ་ལང་གླང་པོའི་ཤྭ་དང་ལྔ་ཞེས་འབྱུང་བས་ཤ་ལྔའོ།། བདུད་རྩི་ལྔ་ནི། བཤང་བ་མཆིལ་མ་ཁུ་བ་ཁྲག། རྡོ་རྗེ་ཆུ་དང་རྣམ་པ་ལྔའོ་ཞེས་པས་ཏེ། དེ་རྣམས་བྱིན་གྱིས་བརླབས་པར་བྱ་བ་ནི་དང་པོར་ཡམ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའོ།། དེ་སྟེང་དུ ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་བསམ་ལ། དེའི་སྟེང་དུ་པུདྨ་ལ་གནས་བདུད་རྩིའི་སྣོད་བསྐྱེད་དེ། དེའི་ནང་དུ་རྗེས་རྣམས་བཞག་ལ། དེའི་སྟེང་དུ་ཨོཾ་བསམ་མོ།། བདུད་རྩིའི་སྣོད་ཀྱི་ཁ་གབ་རྡོ་རྗེ་རྩེ་ལྔ་པར་ལྟེ་བར་ཧཱུཾ་དང་ལྡན་པ་བསམས་ལ། རླུང་གིས། ་མ་སྦར་བས་བདུད་རྩི་བཅོས་པར་བསམ་མོ།། ཨོཾ་དང་ཧཱུཾ་གི་འོད་ཟེར་གྱིས་ཀྱང་སྦྱིན་པར་བྱས་ཏེ། རྣལ་འབྱོར་པ་སྒྲ་བཤིག་ལ། ལུས་དུར་ཁྲོད་ཀྱི་ཐལ་བས་བྱུགས་ཏེ། རྟག་ཏུ་བསྒོམས་ནས་བཟའ་བར་བྱ་ཞེས་བྱ་བ་རྫས་དེ་འབར་གྱི་བར་དུ་བསྒོམས ་ལའབར་ནས་བཟའ་བར་བྱ་སྟེ། སྟོང་པར་བསྒོམ་མོ།། གཞུང་དེ་དག་གིས་མཉམ་པར་བཞག་པའི་རྣལ་འབྱོར་ཡིན་ནོ།། རྣལ་འབྱོར་པ་ལངས་ནས་ཀྱང་མཆོད་པའི་ལས་དང་། འགྲོ་བ་ལ་ཕན་གདགས་པ་དང་། དུས་ཐཾད ་དུ་དམིགས་པ་མེད་པའི་ཤེས་རབ་དང་མི་འབྲལ་བ་དང་། ཐབས་ཀྱིས་སྙིང་རྗེ་བསྒོམ་པ་དང་། མི་བསྐྱོད་པ་ནི་ཡེ་ཤེས་ཆེ་ཞེས་བྱ་བའི་བསྟོད་པ་བྱ་བ་དང་། ཐོད་པའི་རྒྱན་ལ་སོགས་པ་བཅང་བ་དང་། ཅང་ཏེའུ་དང་ཁ་ཊྭཱཾ་ག་གཟུང་བར་བྱའོ།། ཡང་ན་སྙིང ་པོ་བཟླ་བར་བྱའོ།། ཨོཾ་ཨ་ཧཱུ~ཾ་ཧཱུཾ་ཞེས་བྱ་བ་བཟླས་པར་བྱའོ།། དེ་ལྟར་བྱ་བ་ཐམས་ཅད་རྣམ་པར་གསང་སྟེ། ཧྱེ་རུ་ཀུའི་བརྟུལ་ཞུགས་སྤྱད་པར་བྱའོ།། གནས་དགུ་ནཱི་ནི་གནས་དུར་ཁྲོད་ཤིང་གཅིག་དང་། ལམ་མདོ་བྲེག་ཕྲག་ཆུ་འགྲམ་དང་། རི་རྩེ། ་སྟོང་མ་མོའི་གནས། འདིན་དུར་ཁྲོད་ས་དགུ་ཡིན་ཞེས་བཤད་དོ།། མཚན་མོ་སྒྲུབ་པའི་དུས་ནི་མཚན་མོ་ཡིན་ནོ།། ཡོན་ཏན་ཀུན་བརྩེགས་འོད་ཟེར་ཅན་གྱི་གཙུག་ལག་ཁང་ཆེན་དུ།། དངོས་གྲུབ་མཆོག་ཐོབ་ཡེ་ཤེས་རིམ་པའི་ཚུལ།། ་བློ་དམན་ཉམས་ཆུང་རྒྱས་པར་མི་ནུས་ཕྱིར།། མདོར་བསྡུས་འགའ་ཞིག་དྲན་ཕྱིར་དབྱེ་བ་བྱས།། དཔལ་གསང་བ་འདུས་པའི་རིམ་པར་ཕྱེ་བ་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་རྫོགསོ།། ་གྲོལ་བའི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་བཞུག་སོ།། རྒྱ་གར་སྐད་དུ། མུཀྟི་ཏི་ལ་ཀ་ནཱ་མ། བོད་སྐད་དུ། གྲོལ་བའི་ཐིག་ལེ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དཔལ་ལྡན ་