CLOSE WINDOW

GT722: yan lag bzhi pa'i sgrub thabs kun tu bzang mo zhes bya ba
Wyliee-texts produced with BDRC’s OCR application

ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང་ཏེ་རུ་ཀའི་སྒྲུབ་ཐབས་བཞུག་སོ།། ། རྒྱ་གར་སྐད་དུ། ཙ་ཏུ་རཾ་ག་སཱ་དྷ་ནཱཾ་ནོ་པི་ཀ་ས་མནྟ་བྷ་དྲ་ནཱ་མ། བོད་སྐད་དུ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ།། དཔའ ་རྡོ་རྗེ་སེམས་དཔའ་ལྷ་ཕྱག་འཚལོ།། དཔལ་ལྡན་འཁྲུལ་པ་ཀུན་བསལ་དྲི་མ་མེད་པ་ཡི།། གཟི་བརྗིད་མཐའ་ཡས་རིགས་ཀྱི་སྤྲུལ་བྱས་རྣམ་བརྒྱན་པ།། ཤེས་རབ་མ་ཡིས་ལུས་འཁྱུད་མཛེས་པས་ཀླུབས་པ་གང་།། འཇམ་དཔལ་དེ་ལ་དེ་མཆོད་དོན་དངོས ་ཆོ་ག་འདི་བཤད་བྱ།། དཔལ་ལྡན་འདུས་པའི་ཚུལ་གྱིས་དམ་པའི་བཤེས།། གཉེན་གསོལ་བཏབ་བྱེད་བྲོད་པས།། འགྲོ་བའི་དོན་ཀུན་ཕུན་སུམ་ཚོགས་གཞི་དངོས་པོ་ཆོ་ག་བཤད་པར་བྱ།། སྐབས་ལྡན་གཡོ་བ་འདི་དང་དམ་སྐྱེ་བོ་དང་འགྲོགས་ཤིན ་ཏུ་ཐོབ་དཀའ་འཇིག་རྟེན་ལ།། དེ་ཕྱིར་ཐབས་དང་ཤེས་རབ་མཐར་ཕྱིན་བྱེད་འདོད་སེམས་ནི་མཆོག་ཏུ་གྱུར་པ་ཡིན།། དེ་ནས་སྙིང་རྗེའི་མཐུ་ལས་བྱུང་བའི་བྱང་ཆུབ་ཡིད་ལྡན་གསང་སྔགས་པ།། གཏོང་བ་ལ་སོགས་ཡོན་ཏན་བརྒྱད་པ་ཟབ ་མོའི་ཚུལ་ལ་མོས་པ་འམ།། དཔལ་ལྡན་གསང་འདུས་དཀྱིལ་འཁོར་ཚོགས་ཤིན་ཏུ་དབང་བསྐུར་ཕུན་སུམ་ལྡན།། ཆོ་ག་བཞིན་དུ་ལུང་སཱལ་ཐོབ་པ་བཞི་སྔགས་བསྙེན་པ་བློ་ལྡན་པས།། གང་ཞིག་དྲི་མེད་ཆུ་སོགས་ལྗོན་ཤིང་མཆོག་གིས ་ཕྲེང་བ་ཀླུབས་པ་ཡི།། གོམས་པའི་རི་ལ་བཅོམ་ལྡན་འཇམ་དབྱངས་ཞེས་བྱ་རབ་ཏུ་བསྒྲུབ་པར་བྱ།། དང་པོ་ཐོ་རངས་སྙིང་གའི་དབུསུ་དྲི་མེད་འོད་འཕྲོ་དེ་ཉིད་བསམ།། བཀོད་ནས་སྙིང་རྗེ་ཅན་གྱིས་སྒོ་ལ་སོགས་པ་ཡང་དག་པར་ཡང་བྱ།། དམ་པའི ་ཙན་ངན་སོགས་དཀྱུས་དྲི་ཞིམ་མེ་ཏོག་བཀྲམ་པའི་མཆོག་ཆ་ལ།། བས་གཏན་གནས་སུ་བདེ་བའི་གནསུ་འདུག་ནས་དུས་གསུམ་སངས་རྒྱས་རྣམས།། དམིགས་ཏེ་སྣ་ཚོགས་མཆོད་སྤྲིན་སྤྲོ་སོགས་སྔོན་དུ་བྱས་ནས་བློ་ལྡན་པས།། སྡིག་པ་ལ་སོགས་འདི ་ལྟར་བྱའོ་དགེ་བ་འཕེལ་དོན་དུ།། ཐོག་མ་མེད་ལྡན་སྲིད་པའི་རྒྱུན་ལ་རྟོག་པས་བསགས་པའི་སྡིག་ཀུན་གང་།། སྙིང་རྗེ་ཆེན་པོའི་མདུན་རིམ་བཞིན་ཏེ་ཐམས་ཅད་བཤགས་པར་བགྱི།། ཡང་དག་སངས་རྒྱས་བྱང་ཆུབ་འཕགས་དང་གཞན་རྣམས ་མཛད་པའི་དགེ་བ་གང་།། མ་ལུས་བདག་གི་ཡི་རང་ཡང་དག་དྲི་ནི་བྱང་ཆུབ་ཕྱིར་བསྔོའོ།། སེམས་རྒྱས་ཟླ་བ་དྲི་མ་མེད་ལས་གྲུབ་པས་མཐའ་ཡས་སྙིང་རྗེ་གནས།། བདག་གི་ཡིད་ལ་གནས་པའི་བདེ་བར་གཤེགས་ལ་རྟག་ཏུ་སྐྱབསུ་མཆི།། རྟོག ་པ་ཀུན་ལས་ངེས་གྲོལ་མ་ལུས་དམ་པ་སེམས་དཔའི་བཀྲ་ཤིས་གཞི།། དངོས་པོ་ཀུན་གྱི་ངོ་བོར་ཆོས་ལ་བདག་ཉིད་སྐྱབསུ་མཆི།། བཅིངས་པས་ཡང་དག་སྤངས་པའི་སྙིང་རྗེ་མཆོག་གིས་དྲངས་པའི་དཔལ་ལྡན་པ།། རབ་དགའ་ལ་སོགས ་ས་ལ་གནས་པ་དམ་བཅས་ཚོགས་ལ་སྐྱབ་སུ་མཆི།། བསམ་པ་རྣམས་སྦྱིན་དག་པས་སྒྲིབ་ཀུན་བག་ཆགས་མ་ལུས་བཅོམ་པ་སྟེ།། མོས་པས་རྣམ་པར་བརྒྱན་པའི་སེམས་ཀྱིས་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བདེ་གཤེགས་སྲས ་བཅས་ལམ་གཅིག་སྦྱིན་སོགས་བཅུ་པོ་དཀར་པོ་ཡོན་ཏན་ངོ་བོ་ལ།། རྫོགས་སངས་རྒྱས་དག་ཀུན་གྱི་རང་བཞིན་བློ་ཡིས་དེ་ལྟར་བསྟེན་པར་བགྱི།། འཇིག་རྟེན་འདི་དག་ལྟ་བའི་དྲ་བས་བཀབ་ལ་སྙིང་རྗེས་དམིགས་ན་སུ།། ཡང་དག་བྱང ་ཆུབ་སེམས་ཀྱི་གཞལ་མེད་བསྒོམ་རིམ་འདི་ནི་བསྔགས་པས་བྱ།། སྟོང་པ་རང་བཞིན་མེད་ཕྱིར་རྒྱུ་འབྲས་ཕྱིར་ནི་རང་བཞིན་མཚན་མ་མེད།། རྗེསུ་དཔག་པ་གསལ་བས་མཱ་ལུས་གཞི་ཡི་སྨོན་པ་དེས་བྲལ་ལོ།། ཨོཾ་ཤཱུནྱ་ཏཱ ་ཛྙཱ་ནུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་འོག་སྒྲོན་ཟླ་དཀར་པོ་མཐའ་མདོ་ཕྱོགས་འཁོར་གནས་པ་སྣ་ཚོགས་འོད་།། འཕགས་པར་གནས་པའི་གྲུ་གསུམ་ནང་གི་མཁའ་ཡི་རང་བཞིན་རྡོ་རྗེ་འཛིན།། ཆོས་ཀྱི་འབྱུང་ཞེས་ཕྱག་རྒྱ་དབུས་གནས་པདྨ ་སྣ་ཚོགས་རྡོ་རྗེས་བརྒྱན།། ཧཱུཾ་གིས་རྡོ་རྗེ་རྒྱན་པའི་ས་ལ་ཀུན་ཏུ་བཟང་པོ་ལས་བྱུང་བསྒོམ།། བྲུཾ་ཡིག་འཁོར་ལོ་ལས་བྱུང་རིག་མ་དང་བཅས་སྣང་མཛད་སྐུར་གྱུར་པ།། གསང་བ་ཐུབ་དབང་དཀྱིལ་འཁོར་སྣ་ཚོགས་འོད་ཟེར་གྱིས་ཁྱབ་ཕྱོགས ་འཁོར་ཀུན།། གྲུ་བཞིས་མཉམ་པའི་ཕྱིར་ན་མཆོག་བཞིས་དྲན་པ་དབང་པོ་སྒོ་རྣམས་ཀྱིས།། བསམ་གཏན་བཞིའི་ཏཱ་ར་ཎ་ཏིང་འཛིན་མུ་ཁྱུད་བཞི་ཡིས་ཡོངས་བསྐོར་བ།། མུ་ཁྱུད་དེ་ལ་གནས་པ་དམ་པའི་མཆོད་པས་འབྲེལ་པའི་གཟུགས ་རྣམས་རྒྱུན།། སྣ་ཚོགས་རྒྱན་རྣམས་བཀོད་པ་འགྲོ་བའི་བསམ་པ་ཐམས་ཅད་ཡོངས་རྫོགས་ཕྱིར།། འདུལ་བས་བསྐྱོད་པ་གསུང་རབ་ཡན་ལག་དགུ་ཡི་དམ་ཆོས་ཀུན་འགྲོ་ཅི་ཡི་ཕྱིར།། རླུང་གིས་བསྐྱོད་པ་རྒྱལ་མཚན་ཕྲེང་དང་དྲིལ ་སྒྲས་གྲགས་པས་ཕྱོགས་སྒོ་ཀུན།། མེ་ལོང་ཡེ་ཤེས་རྟག་ཏུ་དྲི་མེད་བྱང་ཆུབ་ཡན་ལག་མེ་ཏོག་སྤོས་བཀྲམ་ཞིང་།། དྲ་བ་དྲ་ཕྱེད་མེ་ལོང་མེ་ཏོག་ཕྲེང་བ་སྣ་ཚོགས་བརྒྱན་པའི་གཟུགས།། རྣམ་པར་ཐར་བརྒྱད་རྣམ་པར་དག་པས ་ཀ་བ་བརྒྱད་ཀྱིས་ཀླུབས་པའི་མཆོག། རྡོ་རྗེ་ཚུལ་གྱིས་ཆོས་ཀྱི་འཁོར་ལོས་སྒྱུར་ཕྱིར་རྡོ་རྗེའི་ཐིག་ལྡན་ལ།། གཟུགས་ལ་སོགས་པའི་སྤྱོད་ཡུལ་དག་པས་བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ།། ཟས་ལྔས་བརྒྱན་པས་རྣམ་པར་དག་པའི ་ཆོས་ཀྱི་དབྱིངས་རྒྱུ་མཐུན།། སྣ་ཚོགས་པདྨ་ལ་གནས་ཉི་མ་ཟླ་བར་བཅས་པཾ་ལྷོ་ཡི་གདན།། མ་ལུས་རིན་ཆེན་བཀོད་པའི་གཞལ་ཡོས་བརྩེགས་པ་དེ་ལ་བསྒོམ།། བཅུ་དྲུག་ཆ་ཤས་སྡེ་པ་ལས་བྱུང་ཟླ་བའི་དཀྱིལ་འཁོར་བ་ཡི་དབུས།། ་དབུས་ཀྱི་གདན་ལ་ཆོ་ག་བཞིན་དུ་འོད་དཔག་མེད་བཞི་བསམ་པར་བྱ།། མཆོག་གི་དང་པོའི་སྙིང་པོ་ལས་བྱུང་རྡོ་རྗེ་དམ་པ་ཡེ་ཤེས་གཟུགས།། གྲངས་མེད་ཐུག་པོའི་འོད་ཟེར་ཕྲེང་བས་གྲུབ་པའི་ཕྱོགས་སྒོ་ཀུན།། བསམས་ནས་དང་པོ་སྙིང ་པོར་བཅས་པའི་ང་རྒྱལ་ལྡན་པས་སྤྲུལ་པ་མཐའ་ཡས་ཀྱིས།། འགྲོ་བའི་དོན་མཆོག་རབ་མཛད་པ་ཡི་ཐུགས་མཆོག་རྡུལ་ཕྲན་རྣམས་བཀོད་གཟུགས་བརྙན་ཅན།། གཡས་གཡོན་ཞལ་ནི་གནག་དང་དམར་པོ་ཟླ་བ་རྫོགས་ལྟར་དཀར་བའི ་མདོག། གསལ་བས་རྣམ་པར་བཀོད་པས་བརྒྱན་པའི་ཕྱིར་ཕྱག་གཉིས་དམ་པའི་རིག་མ་འཁྱུད།། ལྷག་མའི་ཕྱག་ཟུང་གཉིས་བརྒྱན་རྡོ་རྗེ་རལ་གྲི་རིན་ཆེན་པདྨ་འཛིན།། འཇིག་རྟེན་གསུམ་ཁོང་བརྒྱན་པའི་འོད་ཟེར་རྣམ་པ་བདེ་འགྲོ་ཐུབ་དབང་།། ་རྣམ་ཐར་གསུམ་དག་ཤེས་རབ་བདག་ཉིད་སྙིང་རྗེའི་མཆོག་གི་ཐབས་ལྡན་པས།། འགྲོ་ཀུན་དེ་ཉིད་གཅིག་པ་རྒྱལ་བ་སྐྱེད་བྱེད་སྐུ་བཞི་མངོན་སུམ་བྱ།། མཆོག་ཏུ་རྗེས་ཆགས་ཕུན་སུམ་ཚོགས་པས་འཛིན་ཐཾད་འདུལ་དམིག་ནས།། དགཱ་བཱི་རྫུ་འཕྲུ ་སྐུ་ཡིས་རྒྱལ་བའི་ཚོགས་རྣམས་རང་གི་ཝས་ནང་གཞུག། དེ་ནི་སྟན་ལ་སོགས་པའི་ལྷ་མོ་གཟུགས་སོགས་ཡུལ་གྱི་རང་བཞིན་པས།། ཕྱུང་ནས་རིག་མ་ཐམས་ཅད་བཞི་ཡི་རིག་མའི་ནང་དུ་ཐིམ་པར་བྱ།། དེ་ཡི་པདྨ ་སྙིང་པོའི་དབུས་སུ་དཀྱིལ་འཁོར་དྲི་མེད་ཟླ་འོད་ལས་བྱུང་བ།། བློ་ཡིས་བསམས་ནས་རྫོགས་པར་བདེ་ལ་སྐྱེ་བོའི་ཚོགས་རྣམས་གཞུག་པར་བྱ།། དམ་པ་གསང་བའི་རྡོ་རྗེ་དཀྱིལ་འཁོར་རྣམ་སྣང་མཛད་སོགས་རྒྱལ་བའི་རྒྱན་ཞུགས་ནས།། ཟླ་བ ་ཞུ་བའི་ངོ་བོར་གྱུར་པས་དབང་བསྐུར་བྱས་ཏེ་དེ་འོག་ཏུ།། ས་སྙིང་ཕྱག་ན་རྡོ་རྗེ་ནམ་སྙིང་འཛག་རྟེན་དབང་ཕྱུག་སྒྲིབ་པ་སེལ།། དཔལ་ལྡན་ཀུན་ཏུ་བཟང་པོ་དེ་དག་མིག་ལ་སོགས་པའི་གྲངསུ་གྱུར།། གཟུགས་སྒྲ་དྲི་དང་རོ་དང་རེག་བྱ་ཆོས་དབྱིངས ་རྡོ་རྗེ་ཡང་།། ས་ཆུ་མེ་རླུང་རང་བཞིན་གྱུར་པ་སྤྱན་ལ་སོགས་པའི་གྲངསུ་འགྱུརརོ།། གཟུགས་དང་མྱོ་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པས།། རྣམ་སྣང་མཛད་སོགས་བདེ་གཤེགས་རྣམས་ཏེ་དེ་འོག་ས་བོན་གྱིས་དབྱུང་བྱ།། ཀྵིཾ ་ཁཾ་གཾ་སྐཾ་སཾ་དང་བརྗོད་པ་དེ་དག་མིག་ལ་སོགས་རྣམསོ།། མྱོང་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པ།། རྣམ་སྣང་མཛད་སོགས་བདེ་གཤེགས་ཛ་ཧཱུཾ་བཾ་ཧོ་ཁཾ་རཾ་བརྗོད་པས་གཟུགས་ཀྱི་རྡོ་རྗེ་ལ་སོགས་སོ།། ལཾ་མཾ་པཾ་ཏཾ་ཞེས་ཀྱང་གསུངས་པ ་དེ་བཞིན་སྤྱན་ལ་སོགས་པའོ།། བྲུཾ་ཨཾ་ཛྲིཾ་ཧཱུཾ་ཞེས་པས་རྟག་ལ་སོགས་སོ།། ཨོཾ་ཨཿཧཱུཾ་ཞེས་སེམས་འབར་ཧོའི་བར་དུ་ཞུགས་པ་ཆོ་ག་བཞིན།། པདྨའི་ནང་གནས་མཉམ་མེད་ཤེས་རབ་ཆགས་པས་ཞུ་བ་བྱེད་མཐོང་སྟེ།། དེ་ཡི་འོད་ཀྱི་མཐུ་ཡིས་ཀྱང ་ནི་ཟླ་བར་ཞུ་བར་བྱེད་མཐོང་སྟེ།། འདི་ལྟར་སྤྱན་ལ་སོགས་པའི་ལྷ་མོས་དབྱངས་ཀྱི་སྒྲ་ཡིས་བསྐུལ་བར་བསམ།། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། དགའ་བའི་ཡིད་འོད་དོན་ཆེན་འདོད་པས་བདག་ལ་སྐྱབས་དུ ་གསོལ་ནམགོན་པོ་གལ་ཏེ་དེ་རིང་བདག་ནི་གསན་པར་མཆིས་བཞེད་ན།། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་བགྱེས་པར་མཛད་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡས་འཁོར་ལོ་སེམས་ཅན་ཀུན་ལ་ཕན།། སངས་རྒྱས་དོན་དུ་བྱང་ཆུབ ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས།། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱེད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་པའི་ཐུགས་བརྩེ་བ།། ་འཇིག་རྟེན་དག་གི་དགོངས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན།། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པོར་མཆིས་བཞེད་ན།། སྤྱོད་པ་དྲི་མེད་ཀུན་ཏུ་བཟང་བས་བདག་ལ་དགྱེས་པར་མཛོད།། ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི ་ཕན་དོན་ཆེ།། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ།། མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད།། དེ་ལྟར་དབྱངས ་ཀྱིས་བསྐུལ་བས་སྒྱུ་འཕྲུལ་དྲ་བར་དངོས་ཀུན་ལེགས་བསམས་ནས་འོད་ཟེར་འབར་བས་བསྐོར་བའི་གཞི་ཡི་སྔགས་ཀྱིས་ལུས་སུ་རང་བསྒྱུར་བྱ།། དེ་ལ་འོད་ཀྱིས་མ་ལུས་ལྷ་རྣམས་རྒྱལ་བའི་ཐུབ་དབང་རྣམས།། ནང་དུ་ཐིམ་ནས་འོད་ཀྱིས ་དཔལ་ལྡན་འཇམ་པའི་རྡོ་རྗེར་གྱུར་པར་བྱ།། གུར་གུམ་མཆོག་འོད་དམར་འདྲ་གཡས་གཡོན་ཞལ་ནི་གནག་དང་དཀར་བའི་མདོག། སྣ་ཚོགས་རྒྱན་གྱིས་བརྒྱན་པའི་ཕྱག་གཉིས་དམ་པའི་ཤེས་རབ་འཁྱུད།། གསལ་བའི་རལ་གྲི་མདའ་དང ་ཨུཏྤལ་མཐིངས་གཞུ་ནི་མཐའ་ཡས་འོང་།། མ་ལུས་རིགས་རྣམས་འཕྲོ་བས་བརྒྱན་པའི་མཁའ་ཀུན་དཀྱིལ་འཁོར་ལྡན་སྐྱོབ་པ།། གཟུང་འཛིན་བྲལ་བས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་ཤེས་ནས་སུ།། རྣམ་པར་བྱང་བ་མངོན་བཞུགས་ཟབ་དོན་བྱིན་བརླབས ་འདི་ལྟར་བྱ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧེ། དེ་འོག་གཞི་ཡི་ས་བོན་འོད་ཀྱིས་ཇི་ལྟར་རང་ལ་གང་སྟེ་མིག་སོགས་རྣམས།། ས་སྙིང་ལ་སོགས་དྲི་མེད་རང་སྙིང་ཟླ་བའི་རྡོ་རྗེ་བུམ་པའི་དཀྱིལ་གནས་པ།། ཧཱུཾ་གི་ཐུགས་ཀྱི་རྡོ་རྗེ་ཁ་དང་མགོ་ལ་པདྨ ་འཁོར་ལོའི་དཀྱིལ་དུ་ཡང་།། ཨོཾ་དང་ཕྱག་མཚན་གཉིས་ཀྱིས་གསུང་གི་རྡོ་རྗེ་སྐུ་ཡི་རྡོ་རྗེ་འདུ་བསམ་པར་བྱ།། དེ་ཐུགས་འོད་ཟེར་རྒྱུན་གྱིས་རང་གི་ཤེས་རབ་དང་སྦྱོར་སྣང་བས་ཀུན་ཏུ་ནི།། རྒྱལ་བའི་དབང་པོ་རྣམས་ལ་མཆོད་ནས་ཐུགས་ཀྱི་རྡོ་རྗེ ་ལ་སོགས་བྱིན་གྱིས་བརླབ།། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དཽ་རིང་བདག་ལ་བྱིན་བརླབས་ནས།། ཐུགས་ཀྱི་རྡོ་རྗེས་མཛོད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད ་གསུམ་བསྒོམས་པས།། དེ་རིང་བདག་ལ་བྱིན་བརླབས་ནས།། ཐུགས་ཀྱི་རྡོ་རྗེ་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དཔལ་ལྡན་ཆོས་ཀྱི་གསུང་གི་ལམ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེ་རིང་བདག་ལ་བྱིན་བརླབས་ནས།། ་གསུང་གི་རྡོ་རྗེས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེ་རིང་བདག་ལ་བྱིན་བརླབས་ནས།། གསུང་གི་རྡོ་རྗེས་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ་ཧ~ཾ། དཔལ་ལྡན ་སྐུ་ཡི་རྡོ་རྗེ་འཆང་།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེ་རིང་བདག་ལ་བྱིན་བརླབས་པས།། སྐུ་ཡི་རྡོ་རྗེས་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས།། དེ་རིང་བདག་ལ་བྱིན་བརླབས་ནས། ་སྐུ་ཡི་རྡོ་རྗེས་མཛད་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྵོ་ཧཱུཾ། རྡོ་རྗེ་གསུམ་ནི་ན་མཁའི་རང་བཞིན་མཚན་མ་སྤངས་པ་མཚོན་བྱས་ཏེ།། སེམས་ཀྱི་འོད་ཟེར་རྣམས་ཀྱིས་བསྐུལ་ནས་ཐམས་ཅད་ཚོགསུ་གྱུར་པའི་ཐུབ་པའི་སྡེ།། ཐུབ ་མཆོག་འོད་ཟེར་ལས་བྱུང་རིག་མ་ཚོགས་ཀྱི་ཡང་དྲག་འཛིན་པ་ཡི།། བུམ་པོའི་ཡེ་ཤེས་ཆུ་ཡིས་བླུགས་པས་རང་རིག་གཙོ་བོ་སྣང་བས་དབུ་བརྒྱན་གྱུར།། དེ་བཞིན་རང་གི་ལྷ་མོ་འདྲ་བར་རང་གི་སྙིང་པོའང་བསྒོམས་ནས་རིག་མར་སྦྲུལ།། མིག་ལ་སོགས ་པ་གང་ནས་ཡིག་འབྲུ་གསུམ་བཀོད་འབར་བའི་ལུས་ལྡན་མ།། འོག་སྙིང་ལྟེ་བ་གསང་བ་དེ་བཞིན་བཱརླ་གཉིས་སོགས་ལ་དེ་ཉིད་ཤེས་པར་བྱ།། ཨོཾ་ཧཱུཾ་སྭཱཿཱཿཧཱ་ཞེས་བྱ་བས་ལུས་ཡིད་རྡོ་རྗེ་དམ་པའི་རིགས་ཚོགས་ཀྱིས།། དྲི་ལྔའི་བྱིན་བརླབས ་ལུས་ནི་འགྲོ་གསུམ་ཁྱབ་པས་དམ་པའི་འོད་ཚོགས་བསམ།། ཨས་བསྐྱོད་རྣམ་པར་བཀོད་པའི་སྙིང་པོ་ཧཱུཾ་ལས་སྤྲུལ་པའི་པདྨ་འདབ་བརྒྱད་པ།། པདྨའི་ཤེས་རབ་རྒྱུ་མཐུན་རང་བཞིན་ཐབས་དང་བཅས་པར་གྱུར་པ་ཡི་གཞིའི་ལུས་བསྔགས་པ།། ་དེ་དང་ལྷན་ཅིག་བདེ་གཤེགས་རྣམས་ལ་རྗེས་སུ་ཆགས་པར་བཱགྷྲི་ཞེས་བརྩམས།། ཨོཾ་སརྦ་ཏ་ཐཱ་གཱ་ཏཱ་ཨ་ནུ་རཱ་ག་ནུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ་ཧཾ། སེམས་ཀྱི་ཟླ་བའི་འོད་ཀྱིས་མ་ལུས་སངས་རྒྱས་ཚོགས་ནི་བཞུགས་གནས་ཏེ། ཧཱུཾ ་གི་རྡོ་རྗེར་བྱུང་ནས་དྲི་མེད་པདྨ་ལ་གནས་དམ་པའི་ཡིད་ཀྱི་གཟུགས།། བསམས་ནས་རང་གི་སྙིང་པོས་བསྐྱེད་པ་ཐམས་ཅད་གཞི་ཡི་དཀྱིལ་འཁོར་ལྷ་གཟུགསུ།། ཆོ་ག་འདི་ཡི་སེམས་ནི་བརྟན་པོ་དང་ཞེས་པ་ནས་རཱ་ག་རཱ་ཏི་ཞེས་བྱ་ཡུམ་མཆོག་ན།། ་མཆོག་གི་རྗེསུ་དཀར་མོ་ཞེས་པར་མཐའ་ཡས་ཡོན་ཏན་རིན་ཆེན་མ།། རིན་ཆེན་དབང་ཕྱུག་དྲ་བའི་དངོས་པོ་སྒྲོལ་བ་བཛྲ་རཱ་ཏི་ཞེས་བསྐུལ་བསྡུ།། དྲི་མེད་རིན་ཆེན་ཕྲེང་བས་བསྒོམས་པའི་ཕྱོགས་འཁོར་བྱེད་མ་དབང་ལྡན་ལ།། དམ་པའི་འཁོར ་ལོ་ཨུཏྤལ་དམར་པོ་པདྨ་ཨུཏྤལ་སེར་པོ་རྣམས་ཀྱིས་མཚན།། དེ་དག་གི་ནི་རིམ་པའི་ངེས་པའི་ལྷག་མའི་ཇི་ལྟར་འདོད་པའི་ཕྱག་བསྣམས་ཡིན།། དཀྱིལ་འཁོར་གྲཝ་བཞི་དང་ནི་ཤར་གྱི་སྒོ་གཉིས་ལ་ནི་བསམ་བྱ་བ།། གཟུགས་སོགས་རྡོ་རྗེ ་ལྷ་མོ་སྐུ་ལ་སོགས་དང་གསུམ་གྱིས་སོ།། ཤར་གྱི་སྒོ་རུ་གྲགས་པ་བསམ་པ་ཐམས་ཅད་འགྲུབ་མཐའ་ཡས་པས་འཇིགས་པའི་འོད།། འབར་ལ་ཡ་མནྟ་ཀྲིཏ་ཅེས་པས་ཟད་དུས་དྲག་སྤྲིན་དཀྱིལ་འཁོར་དངོས་པོ་སྟེ།། ཐུགས་བདྲག་རྒྱལ་པོ ་མཉམ་པའི་སྐུ་ནི་དུ་མའི་ཁྲོ་བོ་རིགས་ཀྱི་འོད་ཕྱུང་བ།། གཤིན་རྗེ་མཐར་བྱེད་ཅེས་བྱ་མི་བཟད་པའི་སྦྲུལ་གྱིས་སྐུ་བརྒྱན་དཔལ་ལྡན་པའོ།། ལྷོ་ཕྱོགས་ཀྱི་སྒོར་གནས་པ་པྲཛྙཱནྟ་ཀྲྀཏ་ཅེས་པས་བླ་ན་མེད་ལྡན་པ།། སྐུ་ཡི་དབང་ཕྱུག་བཞིན་དུ་ཕྱག་ལ ་སོགས་པ་དྲག་པོ་གཞན་གྱིས་མི་ཐུབ་གསལ།། དེ་ནས་རྟ་མགྲིན་ནུབ་ཀྱི་ཕྱོགས་ཀྱི་སྒོ་རུ་འོད་ཟེར་འཁྲིགས་པས་ཕྱོགས་བསྐོར་བ།། པདྨ་ནཱ་ཀྲྀཏ་ཅེས་པས་འབར་བའི་འཇིགས་པའི་མེ་ལྟར་འཇིགས་པའི་གཟུགས།། གསུང་གི་བཞིན་དུ་ཕྱག་ལ ་སོགས་པ་དུ་མས་སྡང་བ་འཇིགས་བྱེད་ཞལ།། གང་སྒྲོགས་བཞད་པས་རི་རྣམས་གཡོ་བར་བྱེད་དང་ཐུབ་པའི་དབོང་རྣམས་སོ།། དེ་ནས་མི་བསྐྱོད་འདྲ་བའི་ཞལ་སོགས་བིགྷྣཱནྟ་ཀྲྀཏ་ཅེས་བྱ་བྱུང་སྒོ་རུ།། ཟད་དུ་ཁྱིན་ཟླ་ལྟ་བུ་འཕགས་པ་བདུད་རྩི ་འཁྱིལ་པ་དཔའ་བའོ།། རྣམ་སྣང་མཛད་དང་ཐུབ་དབང་སྣང་བ་མཐའ་ཡས་ཐུགས་ཀྱི་དབང་ཕྱུག་དབུ་རྒྱན་དང་།། རིམ་པར་ཐོ་བ་བེ་ཅོན་པདྨ་རྡོ་རྗེ་ལ་སོགས་ཕྱག་ཀྱང་དེ་བཞིན་ནོ།། དེ་ལྟར་རྫོགས་པར་བསྐྱེད་པར་དཀྱིལ་འཁོར་མཐོང་ནས་དངོས། ་བོ་ཐམས་ཅད་ཀྱིས།། སྙིང་པོ་སྔགས་ཀྱི་འོད་ཟེར་ལྕགས་ཀྱུསུ་བདེ་གཤེགས་སྤྱན་དྲངས་བསྒོམ་པར་བྱ།། ཐབས་དང་ཤེས་རབ་དངོས་པོ་དྲི་མེད་ཏིང་འཛིན་ལས་བྱུང་དམ་པའི་བདེ་བས་གསུང་བར་ནི།། དཀྱིལ་འཁོར་བསམས་ཏེ་དེ་ནས་མཐར་བྱེད ་ལ་སོགས་བསྲུང་བྱས་ནས།། རང་སྙིང་བཟླས་པའི་དམ་པའི་ཙན་ངན་སོགས་དང་མེ་ཏོག་མཛེས་པ་ཕུལ་ཏེ་ཐིམ།། རང་དང་འདྲ་བའི་ཆོ་གས་དབང་བསྐུར་བྱས་ནས་འདི་ལྟར་ནན་ཏན་མཆོད་པར་བྱ།། པདྨའི་ནང་གི་རང་གི་ས་བོན་འོད་ཀྱིས་དྲངས ་ནས་གཟུགས་ཐམས་ཅད་ནི།། པདྨའི་འོད་ཟེར་དཀྱིལ་འཁོར་ཡང་དག་བྱང་ཆུབ་ཡིད་ཀྱི་ས་བོན་བསམ་པར་བྱ།། ཤེས་རབ་སོ་སོའི་བ་སྤུ་ལས་བྱུང་སྣ་ཚོགས་རྣམ་པའི་འོད་ཟེར་རྒྱས་པའི་ཚོགས།། མ་ལུས་ཁྱབ་པའི་མཁའ་གཞི་ཐམས་ཅད་དེ ་ནས་བློ་དང་ལྡན་པས་སྤྲོ་བར་བྱ།། འོད་ཟེར་སྒོ་ནས་བྱུང་བའི་དྲི་མེད་ཐམས་ཅད་རྒྱན་གྱིས་ཤིན་ཏུ་བརྒྱན་སྐུ་དང་།། མེ་ལོང་པི་ཝང་དྲི་དང་རོ་ཡི་སྣོད་དང་ན་བཟའ་ཆོས་འབྱུང་ལ་སོགས་དང་།། མཚན་མ་རྣམས་ཀྱི་རིམ་པས་མཛེས་པས ་ལྡེམ་བག་ཕྱག་ནི་ལོ་མ་འོད་དང་བཅས།། གསལ་བའི་འོད་ཟེར་སྤྲུལ་པ་མང་པོ་སྣ་ཚོགས་མཆོད་པའི་སྤྲིན་གྱི་དྲ་བ་རྣམས་འབྱུང་དང་།། སྒྱུ་མ་ལ་སོགས་དྲ་བའི་དངོས་པོ་སོ་སོ་ཡང་དག་རིག་པའི་འཇིག་རྟེན་ལྟ་དགེ་དང་།། རྟོག་པ་ཐམས་ཅད་ངེས ་གྲོལ་མཆོག་གི་བདེ་བ་འབྱུང་རྒྱུའི་དངོས་ལྡན་པའི།། གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེ་བཞིན་ཕྱི་མའི་དྲི་སོགས་ཐམས་ཅད་ཀྱིས།། དབྱེ་བའི་རྟོག་པ་གྲོལ་བས་རྒྱལ་བའི་དབང་པོ་རྣམས་ལ་ཡང་དག་མཆོད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག ་ཏ་པཱུ་ཛཾ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་ཡི་འོག་ཏུ་སྒྲ་བརྙན་འདྲ་བར་སྒྲ་ཡུལ་ཐམས་ཅད་ལ་ནཱི་ཡོངས་བསམས་ན།། རང་ཡིད་རིག་པའི་ལྷ་ཡི་བསྟོད་པའི་སྒྲ་དང་ལྡན་པའི་ཆོས་རྣམས་ཞེས་སུ་གསུངས།། གཟུགས་ལ་སོགས་པ་གཅིག་མིན་རྡུལ ་ཕྲན་ཆ་ཡང་མ་མཐོང་དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པའང་དེ་བཞིན་ནོ།། ཡན་ལག་མེད་པའི་རྡུལ་ཕྲན་ཉིད་ལ་དུ་མའི་རྡུལ་ཕྲ་རབ་ཀྱིས་རྗེས་འབྲང་མེད་ཕྱིར་དང་།། ས་ཡི་དཀྱིལ་འཁོར་ལ་སོགས་གཟུགས་ཀྱི་དབྱེ་བས་དེ་ལ་འགའ་ཡང་མི་འགྱུར་རོ།། ། ་དེ་བས་འཛིན་པ་ལ་སོགས་བྲལ་བས་རང་དབང་གཟུགས་ལ་སོགས་པ་ཀུན་བརྟགས་ངོ་བོ་ཡིན།། མ་ལུས་གཡོ་དང་མི་གཡོའི་དངོས་པོ་དྲི་ཟའི་གྲོང་ཁྱེར་དག་དང་འདྲ་བ་ཡིན།། བདག་གིར་འཛིན་པའི་རྒྱུན་གྱི་ངོ་བོས་འཁོར་བ་འདི་དག་སྟེ།། དག་པ ་ཡང་ནི་དེ་ལས་ལྡོག་པའི་ངོ་བོ་ཙམ་ལ་རྣམ་པར་ཤེས་པར་བྱ།། ཆོས་ཉིད་ཀྱིས་ནི་སྲིད་དང་ཞི་བའི་ངོ་བོ་འདིར་ནི་དབྱེ་བ་འགར་ཡང་མེད།། ཅིའི་ཕྱིར་འཛིན་པ་ལ་སོགས་རྣམ་པར་བྲལ་བ་རྟག་ཏུ་ཀུན་ལ་སྒྲུབ་པའི་ཕྱིར།། ཐམས་ཅད་འགའ་ཡང་མེད་དེ་སོ་སོ ་སྣང་བའི་རང་བཞིན་རྟོག་པ་ལས།། སེམས་ལས་གཞན་དུ་གྱུར་པའི་ང་ཞེས་འགའ་ཡང་མེད་དེ་དེ་ཕྱིར་བདག་ཀྱང་དེ།། གང་གི་ངོ་བོ་གང་ཡིན་དེ་ཡི་དེ་ཉིད་རྟོགས་པའི་གཞི་སྟེ་ཅི་ཕྱིར་དངོས།། དེ་བས་ཐམས་ཅད་དབྱེར་མེད་ཤེས་ཏེ་དངོས་པོ་ཐམས ་ཅིང་དབྱེར་མེད་པ་ཉིད་ཡིན།། ཁ་ཅིག་ཡུལ་དང་ཁ་ཅིག་གཞན་དུ་སྣང་བར་རྟོགས་པ་ཕུན་སུམ་ཚོགས་པ་གང་ཞིག་གིས།། དེ་དང་དེ་ཡི་བྲལ་དང་བྲལ་བའི་ཕྱིས་ཏེ་དེ་ཕྱིས་ཐམས་ཅད་མ་ཡིན་ནོ།། དད་དང་བརྩོན་འགྲུས་རྣམ་པར་དག་པ་དེ་བཞིན ་དྲན་པ་བསམ་གཏན་དག་པས་ཀྱང་།། དམ་པའི་སྒོ་སྲུང་གཟུགས་ཏེ་ཤེས་རབ་རྣམ་པར་དག་པས་ཐམས་ཅད་ཡུལ་དུ་སྣང་།། མཚན་མ་མེད་པའི་དག་པ་ཐམས་ཅད་དག་པས་ལྷ་མོ་ཚོགས་ཀྱི་རང་བཞིན་དང་།། ཐམས་ཅད་དོན་དང་བདག་པོ་རྣམ་པར ་རྟོག་པ་རབ་ཏུ་འཇུག་པ་རྣམ་པར་དག་པ་ཡིས།། མེ་ལོང་ལ་སོགས་མཁའ་ཆེན་པོ།། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱངས་ལ་ཕྱག་འཚལོ།། རྣམ་པར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་བ་ཆེ།། རང་བཞིན་གྱི་ནི ་འོད་གསལ་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལོ།། རིན་ཆེན་རྒྱལ་པོ་རབ་ཏུ་བཟང་།། རྡོ་རྗེ་ན་མཁའ་དྲི་མ་མེད།། དངོས་ཉིད་དག་པས་གོས་པ་མེང་།། རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ།། རྡོ་རྗེ་མི་འཆི་འདོད་ཆགས་ཆེ།། མི་རྟོག་ན་མཁའི་རྡོ་རྗེ་འཛིན།། འདོད་ཆགས ་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་ཡོངས་རྫོགས་པའི།། དག་པ་ངོ་བོ་ཉིད་ལས་བྱུང་།། རྡོ་རྗེ་སེམས་ལ་ཕྱག་འཚ་ལོ།། ཕྱག་འཚལ་འབར ་བས་བྱིན་གྱིས་བརླབས་པའི་རླུང་མེའི་དཀྱིལ་འཁོར་གནས་འབར་བའོ།། བདུད་རྩི་ལྔ་ལ་དེ་ནས་འབྲུ་གསུམ་བཟླས་པའི་དཀྱིལ་ནས་གྲངས་མེད་ཐུབ་པའི་དབང་།། ཡེ་ཤེས་བདུད་རྩིའི་རང་བཞིན་བརྩམས་ཏེ་ཡི་གེ་ཧཱུ~ཾ་བཀོད་རྡོ་རྗེ་དམ་པའི་ལྕེ།། སྙིང ་གའི་ཟླ་བའི་དབུས་སུ་མ་ལུས་རྒྱལ་བའི་དཀྱིལ་འཁོར་དེ་ཡིས་ཚིམ་པར་བྱ།། ཀུན་ཏུ་འཁྲུལ་པ་སྤངས་པའི་སྙིང་གི་འོད་ཟེར་ལས་བྱུང་ཐུབ་དབང་མཐའ་ཡས་ཀྱི།། འགྲོ་བ་མ་ལུས་ཡང་དག་སངས་རྒྱས་བྱེད་པ་བཞི་ཡི་སྔགས་ནང་ཐིམ་པར་བྱ།། གཟུ ་ལ་སོགས་པའི་རྣམ་པར་གྲོལ་བས་མངོན་སུམ་གྱིས་ནི་མཐོང་མིན་དེ་འཛིན་པ།། གཟུང་འགའ་ཡང་མེད་དེ་གཞན་ཡང་ཡོད་པ་མ་ཡིན་འབྲེལ་བ་མ་མཐོང་བས།། སིམ་པ་ལ་སོགས་རང་གི་ལས་ཀྱི་འགའ་ཡང་མ་མཐོང་དེ་ཡོངས་བཟུང་བ ་མཿདུས་ཅིག་འབྲེལ་པར་གྱུར་པ་གཟུགས་ལ་སོགས་པ་བཞིན་དུ་དེ་དག་གཟུང་འཛིན་མེད།། དཀར་པོ་ལ་སོགས་གང་གིས་དང་པོར་མཐོང་བ་དེ་ཉིད་དུས་གཞན་མཐོང་བ་མིན།། དེ་གཉིས་ཕན་ཚུན་དུ་ཡང་མི་མཐུན་ཕྱིར་ན་རྟག་ཏུ་སིམ་ལ ་སོགས་པ་བཞིན།། དེ་ནས་བཟླས་པ་བྱེད་འདོད་སེམས་ཀྱིས་དངོས་ཀུན་ངག་ཉིད་རང་སེམས་བདག་པོར་ནི།། བྱས་ནས་སེམས་ཀྱི་འོད་ཟེར་ལྡན་པ་གཞི་ཡི་སྔགས་ནི་མཁས་པས་བསྒོམ་པར་བྱ།། འཕྲོ་བས་སྔགས་ཀྱི་རྒྱལ་པོ་གསལ་བར་གཏོང ་དང་དགག་པའི་དབང་དུ་བྱས་ནས་བཟླས་ནས་སུ།། སྐུ་ལ་སོགས་པ་རྣམས་ཀྱི་སྤྲོ་བའི་རིམ་གྱིས་སམ་ནི་དུས་གཅིག་བྱས་པ་ཡིས།། ན་མཁའི་ནང་དུ་སྐུ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་བཀའ་བྱ་སྟེ།། གོང་མ་བཞིན་དུ་སྣ་ཚོགས་མཆོད་སྦྱིན ་ཚོགས་རྣམས་དེ་ནས་ཀུན་ཏུ་དབྱུང་བར་བྱ།། མཆོག་གི་རིག་མ་འཁྱུད་པ་བདེ་བ་ཆེན་པོ་ཆགས་པས་གཞན་དབང་མཐོང་ནས་སུ།། རྒྱས་པ་ཐུབ་པའི་དབང་པོའི་རྒྱུན་ནི་རང་གི་ལུས་ལ་མཐར་ནི་ཐིམ་པར་བྱ།། གཞི་ཡི་སྙིང་པོ་དེ་ཉིད་སེམས་པས ་ལུས་ཉམ་ཞན་པས་སེམས་ཀྱི་སྤྱོད་པ་ཆུང་བ།། རིག་མ་མཆོག་གི་དབྱངས་ཀྱི་རབ་ཏུ་གསོལ་བ་བཏབ་ནས་དཀྱིལ་འཁོར་མཆོད་པར་བྱའོ།། དམ་པའི་སེམས་ཀྱི་ཆུ་རྒྱུན་འགགས་པའི་དབུགས་ཀྱིས་འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ།། ལུས ་ཉམ་ཆུང་ན་ཆོ་ག་བཞིན་དུ་སྐུ་ཡི་རྡོ་རྗེ་སོགས་ལ་དབབ་པར་བྱ།། དེ་ལྟར་སྐད་ཅིག་འདུག་ནས་གོང་ནས་གསུངས་པའི་ཆོ་ག་ཡིད་ནི་དེ་བཞིན་ཉིད་ཤེས་པས།། དམ་པའི་སྔགས་ཀྱིས་བཟླས་པ་ཉིན་མཚན་མེད་པར་བྱའོ་སྔགས་ཀྱང་མ་འདྲེས་པའོ།། ། ་གསུངས་པའི་བསྐྱོད་དང་མཆོད་ལ་སོགས་པ་རྫོགས་པར་བསྐྱེད་པ་བརྩོན་པའི་སྔགས་པ་ཡིས།། ཕྱག་འཚལ་ལ་སོགས་བཀོད་པའི་དཀྱིལ་འཁོར་སྐུ་ལ་སོགས་པར་རྟོག་པ་བསྒོམ་པར་བྱའོ།། དེ་འདྲའི་ཆོ་ག་དེ་ཉིད་མཐོང་བས་སེམས་ཅན ་ཁམས་ནི་ངེས་དགྲོལ་དམིགས་ནས་སུ།། སྙིང་རྗེས་འགྲོ་ལ་ཕན་དོན་བརྟན་པའི་སེམས་ཀྱིས་ཆོ་ག་འདི་ཡིས་འཇིག་རྟེན་ཕན་པའི་རྒྱུ་ཕྱིར་འབྱུང་བར་བྱ།། བཛྲ་དྷྲྀཀ་ཅེས་བསྐུལ་ནས་ཐུགས་ཀྱི་རྡོ་རྗེ་འགྲོ་བའི་དོན་མཆོག་བྱེད་པ་ནི།། གཡས་གཡོས ་ཞལ་ནི་དཀར་དབྱར་འབར་བའི་མཐིང་ག་དམ་པ་ནོར་བུ་འདྲ་བའི་མདུན། མཆག་གི་དང་བ་བཞིན་དུ་ཕྱག་དང་ལྡན་པ་དུ་མམམ་ངག་གིས་འོད་ཀྱིམ་ཚོགས།། འདུས་ནས་བདག་ལ་བློ་དང་ལྡན་པས་དངོས་པོ་ཀུན་གྱིས་ཐིམ་པར ་བྱ། ཛི་ན་ཛི་ཀ་ཅེས་བསྐུལ་བའི་རྡོ་རྗེ་འཛིན་ལྟར་མདོག་དང་ཞལ་སོགས་ལྡན།། ཤར་གྱི་ཟླ་བ་པདྨའི་དབུས་སུ་འཁོར་སོགས་མཚན་པ་དེ་བཞིན་བསམ།། རཏྣ་དྷྲྀཀ་ཅེས་ལྷོ་རུ་རིན་ཆེན་དབང་ཕྱུག་ཞལ་རྣམས་གཞོན་ནུའི་མདོག་འདྲ་བ།། བཙོ་མའི ་གསེར་དང་འདྲ་བ་མརྒད་རིན་ཆེན་ལ་སོགས་མཛེས་པའི་ཕྱག་དྲུག་པ།། ཨཱ་རོ་ལི་ཀ་ཅེས་པདྨ་ར་ག་བཞིན་དུ་དམར་ལ་ཞལ་གཉིས་དེ་བཞིན་ཏེ།། སྣང་བ་མཐའ་ཡས་འབར་བ་འོད་ལྡན་ནུབ་ཏུ་པདྨ་ལ་སོགས་མཚན་པའི་ཕྱག། མ་ར་ག་ཏའི་ནོར་བུ་ལྟ ་བུའི་སྟོན་བཞིན་ལ་སོགས་ཕུན་སུམ་ཚོགས་ལྡན་པ།། བྱང་དུ་དོན་ཡོད་ཅེས་པ་པྲཱཛྙཱ་ན་དྷྲྀཀ་ཅེས་རལ་གྲི་ལ་སོགས་རྣམ་ལྡན་པ།། མཛེས་པའི་རལ་པའི་དབུ་རྒྱན་སྣ་ཚོགས་རིན་ཆེན་འོད་ཀྱིས་རབ་རྒྱན་པ།། རིག་མ་དང་བཅས་ལུས་ཐམས་ཅད ་ཉི་མའི་དཀྱིལ་འཁོར་ལ་ནི་བསམ་པར་བྱ།། མེའི་ཕྱོགས་མཚོམ་སུ་ནི་མོ་ཧ་ར་ཏི་ཞེས་པས་ལྷ་མོ་སྤྱན་མར་གྱུར།། བཟླས་པ་རྫོགས་པའི་དཀྱིལ་འཁོར་ལ་གནས་མཆོག་གི་འཇོ་སྒེག་སྐུ་ཡི་རྡོ་རྗེའི་མདོག། བདེན་བྲལ་དག་ལ་སྒེག་མོ་ཐུགས་ཀྱི ་དབང་ཕྱུག་ལྟ་བུར་མཛེས་པའི་ཞལ།། དྭེ་ཥ་ར་ཏི་ཞེས་པས་དགའ་བ་མཆོག་ཏུ་སྤྲོ་བ་མཱ་མཾ་ཀཱི་ཞེས་བྱ།། ངག་དབང་དྲི་མེད་སུ་ནི་རཱ་ག་ར་ཏི་ཞེས་ནི་རེ་ཞིག་བསམ་པ་ལ།། སེམས་ཀྱི་དྲི་མེང་ངོ་བོ་ཉིད་པས་སངས་རྒྱས་ཀུན་གྱི་གཟུགས།། དེ་ཉིད ་དངག་དང་སྦྱོར་བས་དཀྱིལ་འཁོར་བདག་པོ་ཉིད་ཆེར་གནས་དེ་དག་གོ། གཟུགས་སོགས་འཁྲུལ་དང་བྲལ་བས་དྲི་མེད་ལ་སོགས་དངོས་གྲུབ་པའོ།། སེར་སྣ་ལ་སོགས་འདས་པས་གྲུབ་པའི་ཕ་རོལ་ཕྱིན་དང་ས་དང་དཀར་བའི་ཆོས་ཀྱི་དབྱིངས།། རྣམ་པར ་རྟོག་མེད་བདག་གཞན་འབྱུང་བའི་རྐྱེན་ཉིད་རིམ་པ་ལའོ།། ཟབ་ཅིང་རྒྱ་ཆེ་ཉིད་ཀྱང་ཐབས་དང་ཤེས་རབ་བདག་ཉིད་དུ་ནི་སེམས་པའོ།། དོན་དམ་པར་ཡང་དབྱེར་མེད་དབྱེར་མེད་མ་ཡིན་ཁ་ཅིག་འདོད་དེ་གཞན་ཕྱིར་ན།། གཞན་དུ་གཟུང་བའི་གནས་མེད ་ཕྱིར་དང་དེ་བཞིན་དབྱེ་སོགས་རྟོགས་པའི་མི་འབྱོར་ཕྱིར།། དེ་ལྟར་བརྟགས་ནས་ཞི་བའི་སྙིང་པོ་དྲི་མེད་ཟླ་བར་གནས་པའི་མཚན་མའི་དབུས་གནས་པའོ།། དམ་པའི་སྔགས་ཀྱི་ཐིག་ལེའི་གཟུགས་རང་གི་སེམས་ནི་འོད་ལྡན་བསྒོམ་པར་བྱ།། ་སེམས་དེའི་འོད་ཟེར་ཕྲེང་བས་སྐུ་གསུང་རྡོ་རྗེ་མཆོག་གཱི་ལུས་ལ་གསལ་བྱས་ནས།། དེ་ནས་ལུས་ནང་ཐམས་ཅད་གསལ་བར་བྱས་ནས་ཀུན་ཏུ་དེ་ཉིད་མཐའ་ཡས་པས།། སོ་སོར་བ་སྤུ་ལས་བྱུང་འོད་ཀྱི་སྟེ་ཡིས་སྣ་ཚོགས་ཀུན་ཏུ་གང་བྱས་ཏེ། ་སླར་ཡང་དེ་ཉིད་དུ་ནི་ཐིམ་སྟེ་ཡེ་ཤེས་བདུད་རྩིའི་རྒྱུན་ནི་བསྒོམ་པར་བྱ།། ཡང་ན་རང་གི་ཕྱག་མཚན་ཕྲ་མོ་གསལ་བ་སྣ་རྩེར་གནས་པར་བསྒོམ་པར་བྱ།། ནང་དུ་ཐུབ་པའི་དཀྱིལ་འཁོར་སྙིང་རྗེ་ཅན་གྱིས་ཉིན་མཚན་དམ་པའི་ཤེས་རབ་ལྡན།། ་བརྟན་པའི་མཚན་མ་མཐོང་ནས་སྤྲོ་བ་དེ་ཡི་འོད་ཟེར་ཐུབ་དབང་ལས་བྱུང་དང་།། རྣམ་པ་སྣ་ཚོགས་ཕྱག་མཚན་རྣམས་ཀྱང་ཡང་དང་ཡང་དུ་བློ་དང་ལྡན་པར་བྱ།། བསྡུ་བ་བསྔོ་དང་སྨོན་ལམ་རྣམས་ནི་མངོན་དུ་བྱ།། ལངས་ནས་དག་པའི་སེམས་དཔའ ་རང་གི་ལྷ་ཡི་རྣམ་པ་འཛིན་པའི་སེམས་ལྡན་པ།། ཡུལ་ལས་གསལ་བ་ལ་གནས་གོང་མ་གཞིན་དུ་ཡོངསུ་བསྒོམས་ནས་ཡུལ་རྣམས་ཀྱང་།། སྐུ་ལ་སོགས་པའི་རྡོ་རྗེར་གྱུར་པ་གོ་རིམ་རང་གི་རང་བཞིན་དག ་པ་ཡིས།། ཆོས་ཉིད་ཀྱིས་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་གཞན་དང་གཞན་དུ་དབྱེར་མེད་ཆོས།། ཐམས་ཅད་བྱ་བ་བྱའོ་ཕྱིན་ཅི་ལྡོག་པའི་རྟོག་པ་ལས་ནི་འགྲོ་བ་ཡི།། ཐུབ་པའི་དཀྱིལ་འཁོར་ཐམས་ཅད་མཆོད་པའི་མཆོག་འདི་དག་གིས་རྟག ་ཏུ་དེ་ཡིས་སོ།། བཟའ་བའི་དུས་ན་སྙིང་ག་རུ་ནི་གཞི་ཡི་ས་བོན་རྣམས་ནི་དམིགས་ནས་སུ།། བྱང་ཆུབ་སེམས་དང་ལྡན་པོའི་རང་བཞིན་ཀུན་ཏུ་འོད་ཟེར་འབར་བ་བསམ་པར་བྱ།། ཐམས་ཅད་མཉམ་ཉིད་དག་པའི་བཟའ་བ་དེ་ཉིད་གསུམ་གྱི་སྔགས ་ནི་གདབ་བྱས་ཏེ།། དེས་ནི་སྐུ་ཡི་རྡོ་རྗེ་ལ་སོགས་ལྷ་རྣམས་རབ་ཏུ་ཚིམ་པར་བྱ།། ཕྱི་ཡི་སྦྱིན་སྲེག་ཆོ་ག་རྗེ་སུ་དཔག་ཙམ་ཡིད་ལས་བྱུང་བའི་སེམས་ཉིད་དེ།། ཕུང་པོ་ལ་སོགས་བུད་ཤིང་བསྲེགས་ནས་ཡེ་ཤེས་མེ་སྦར་བ་ནི་བླ་མེད་གསུངས།། དེ ་ལྟར་ཐམས་ཅད་འདོད་པ་རྣམས་ཀྱིས་བདག་ལ་རང་རང་ལྷ་ཡི་གཟུགས་ཉིད་ལ།། མཆོད་པར་བྱ་བ་གཞན་ཡང་དམ་ཚིག་དེར་ནི་བདེ་བར་གཤེགས་རྣམས་འདོད་པ་ཡིན།། རྗེས་སུ་རིག་པ་འགྲོ་བའི་དོན་དང་བདེ་གཤེགས་ཀུན་ལ་མཆོད་པ ་ཡང་བྱས་ཏེ།། ལུས་ལ་སོགས་པའི་ལས་ཀྱང་དེ་བཞིན་རྟག་ཏུ་མཉམ་པར་བཞག་པར་བྱ་བ་ཡིན།། དེ་འདྲའི་རྣམ་པའི་སེམས་ལ་འགའ་ཞིག་ལུས་ངག་དངོས་ཀྱི་ལས་ནི་གང་ཡིན་པ།། དེ་དག་ཐམས་ཅད་ཕྱག་རྒྱའི་སྔགས་ཀྱིས་རྣམ་པར ་སངས་རྒྱས་ཀྱིས་ནི་གསུངས་པ་ཡིན།། གཅིག་པུ་ཁོ་ནའི་གཞི་ལ་སྣ་ཚོགས་རྟོག་པས་བསགས་པའི་རྣམ་པ་དེ་རྣམས་ནི།། སྡུག་བསྔལ་བདེ་བ་གྲོལ་བ་བསྐྱེད་པ་ལས་ཀྱི་ཁྱད་པར་ཅི་ཡི་ཕྱིར།། དགེ་དང་མི་དགེའི་རྣམ་པས་ལུས་ལ་སོགས་པ ་སེམས་ཀྱི་དབང་གི་ཕྱིར་ཞེས་གསུང་སོ།། བདེ་བས་ཉེས་པ་ཐམས་ཅད་སྤངས་པའི་སེམས་ལ་ནག་པོའི་ལུས་སུ་གྱུར།། དམ་ཚིག་ཟད་མ་ཐུག་ཏུ་ཇི་བཞིན་སྙིང་ཟླར་བཞག་པའི་རྡོ་རྗེ་རྒྱ་གྲམ་སེམས།། དཔལ་ལྡན་དམ་ཚིག་རྡོ་རྗེའི་སྦྱོར་བས་རང་བཞི ་རྣམ་དག་འགྲོ་བ་བསམས་ན་ས་ནི།། སྣ་ཚོགས་པདྨའི་དབུས་སུ་གོང་མའི་རིམ་པས་དབང་བསྐུར་བ་ནི་བསྒོམ་པར་བྱ།། ཕྱི་ཡི་ཁྲུས་ཀྱི་ཆོ་ག་ལ་ཡང་རིམ་པ་འདི་དག་ཁྱད་པར་དུ་ནི་བསམ་སྲིད་ཀྱི།། མཚམས་ལའང་དེ་བཞིན་མཆོད་པ་ལ་སོགས ་སྔོན་དུ་བྱས་ནས་བཟླས་བྱས་ཏེ།། སེམས་ཀྱི་ནང་དུ་གནས་པའི་འཁོར་ལོས་ཤེས་རབ་སྙིང་རྗེརརེ་ལྡན་པས་ཉལ་བར་བྱ།། ཐོ་རངས་ལངས་པའི་དུས་ན་ལྷ་མོ་རྣམས་ཀྱི་དབྱངས་ཀྱིས་བསྐུལ་ནས་དཔལ་ལྡན་པས།། བྱས་ནས་ལངས་ཏེ་ཐུབ་པས ་བཟླས་པ་ལ་སོགས་གོང་མའི་ཆོ་ག་ཉིད་ཀྱིས་བྱ།། གྲུབ་པའི་མཚན་མ་ཐོབ་པས་དེ་ཉིད་གསུམ་གྱི་མཆོད་པའི་ཆོ་ག་བྱས་ནས་ཞི་སེམས་ལ།། གྲོང་ནས་གསུངས་པའི་དཀྱིལ་འཁོར་ལ་གནས་པས་ནི་འདོད་པའི་དངོས་གྲུབ་འགྲུབ།། བདུད་རྩི ་ཞེས་པའི་དཀྱིལ་འཁོར་ལ་ནི་དབང་བསྐུར་བྱས་ཏེ་ནན་ཏན་དགྲ་གཞོམ་བྱ།། གང་ཞིག་དེ་ཡི་དབུས་ལ་གནས་ཏེ་གྱུར་པ་དེ་ནི་དེ་ཡི་འཁོར་ལོ་ཡིན།། སྒྱུ་མ་རྣམ་པར་རྟོག་པར་གྱུར་ལས་གཞན་འགའང་སྲིད་པའི་སྡུག་བསྔལ་ཡོད་པ་མེད།། ། ་དེ་དང་མི་མཐུན་པ་ནི་དེ་དག་སེམས་དཔའ་མངོན་སུམ་དུ་ནི་བྱང་ཆུབ་ཤེས་པར་བྱ།། ཐབས་དང་ཤེས་རབ་བདག་ཉིད་དེ་ལ་གང་ཡང་སྣང་བ་མ་ཡིན་རྟོག་མེད་པས།། ཀུན་རྫོབ་པ་ལས་ལྷག་པ་གཞན་ནི་མེད་དོ་ཞེས་ཏེ་གྲུབ་པར་སྔར ་བྱས་སོ།། གང་དག་གང་ཞིག་མི་མཐུན་དུས་གཅིག་འགྱུར་བ་དེ་གུས་ལ་མཆོག་གྱུར་ཅི་ཡི་ཕྱིར།། མཐོང་བ་གོམས་པ་འཕེལ་བའི་ཕྱིར་ན་རང་གི་མི་མཐུན་གཏན་དུ་འགག་པ་ཡིན།། རྒྱུའི་གཞིའི་ངོ་བོ་རྣམས་ལ་བདག་མེད་ལྡན་ཡང་སྦྱིན་ལ་སོགས་པ ་ནི།། འགོག་པ་མ་ཡིན་ཅིའི་ཕྱིར་བདེན་ཡང་དེ་ལས་ལོག་པར་མི་བྱེད་དོ།། དེ་ལྟར་ཤེས་ནས་སྙིང་རྗེ་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས།། དཔལ་ལྡན་ཀུན་ཏུ་བཟང་པོ་བཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ།། དྲི་མེད་བློ ་གློས་འོད་ཟེར་གྱིས་ནི་མུན་པ་ཐམས་ཅད་སྤོང་བར་བྱེད་རྣམས་ཀྱིས།། རྣམ་པར་མཛད་ལ་དེ་ནི་བདག་འདྲའི་གོ་སྐབས་གླ་ལ་ཡིན་ཏེ་བཞག་པར་བྱ།། སྐྱེ་བོ་བླ་མའི་འདོད་པ་གང་ལ་འགའ་ཞིག་དང་པོར་དེ་ནི་གཟུང་བྱས་ནས།། བཅིངས་པ་གྲོལ་འདོད ་ཅི་ཡི་ཕྱིར་ན་དེའི་ཕྱིར་བདག་གིས་སེམས་ཁྲལ་འདི་བྱས་སོ།། དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་གང་ཡིན་དེ་ཡིས་འགྲོ་ཡིད་ནི།། སངས་རྒྱས་ཡེ་ཤེས་མགོན་པོ་དེ་ལ་གནས་པའི་གོ་འཕང་རྟག་ཏུ་བསམ་གྱུར་ཅིག། བསྙེན་བསྒྲུབ་ཡན་ལག ་བཞིའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱབ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་སྠི་ཏི་ཛྙཱན་ཀིདྷིས་བསྒྱུར་བའོ།། །། རྒྱ་གར་སྐད། ཤྲཱི་ཧི་རུ་ཀ་ས་དྷ་ནཾ། ་ཉིད་ལ་བརྟེན་ཏེ་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་པར་དཔྱོད་པའི་འོད་དང་ཡང་དྲུག་པར་ལྡན་པས་གནས་པ་ནི་འོད་འཕྲོ་བའོ།། རྣམ་པར་འབྱེད་པ་དེ་ཉིད་ལ་བརྟེན་ནས་སྡུག་བསྔལ་དང་། ་ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པོ་རྣམ་པར་འབྱེད་པ་ནི་སྦྱང་དཀའ་བོ་སྟེ། དཀའ་བས་རྒྱལ་ཞིང་བསླབ་པའི་ཕྱི་རོ།། དེ་ལ་བརྟེན་ནས་རྟེན་ཅིང་འབྲེལ་བོར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་འབྱེད ་པས་གནས་པ་ནི་སྔོན་དུ་གྱུར་པ་སྟེ། ཐོག་པ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པ་དེར་མངོན་སུམ་དུ་གྱུར་པའི་ཕྱིརརོ།། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རབ་ཏུ་རྣམ་པཔོར ་འབྱེད་ལ་དབང་ཐོབ་པས་འབད་པ་རྒྱུན་མི་འཆད་པར་འཇུག་པས་མཚནྡ་མ་མེད་པ་ལ་གནས་པ་ནི་རིང་དུ་སོང་བ་སྟེ། སྦྱོར་བའི་སྤྱོད་པའི་མཐར་ཐུག་པར་སོང་བའི་ཕྱིརརོ།། དེ་ལ་བརྟེན་ནས་རང་གི་དང་གིས ་རྒྱུན་མི་འཆད་པར་འཇུག་པས་མཚན་མ་མེད་པ་ལ་གནས་པ་ནི་མི་གཡོ་བ་སྟེ། དེར་སེམས་ཀྱི་མཚན་མ་མེད་པོ་ལ་གཡོ་བ་མཱམ་སྡེ་བྷཻ་རབ་དང་ཏིང་འཛིན་ལ་བརྟེན་ནས་ཆོས་དང་དོན་དང ་ངོངེས་པའི་ཚིག་དང་སྤོབས་པ་སོ་སོར་ཡང་དག་པར་རིག་པ་རྣམ་པར་དག་པ་ལ་གནས་པ་ནི་ལེགས་པའི་བློ་གྲོས་ཏེ། སོ་སོར་ཡང་དག་པར་རིག་པའི་བློ་དེར་ལེགས་པར་གྱུར་པའི་ཕྱིརརོ།། ཆར་འབེབས་པ ་ནཱ་སྤྲིན་ཏེ་དབང་བསྐུར་བའམ་ཆར་འབེབས་པའོ།། དེ་ཡང་གང་ལ་གནས་ན་བྱང་ཆུབ་ཆེན་པོར་ཆེན་པོར་ཆོས་ཀྱི་དབང་བསྐུར་བ་ཐོབ་པ་དང་། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་ཆན་ཤིན་ཏུ་རྒྱ་ཆེན་པོ་བདག ་ཉིད་ཀྱང་ལེན་ཅིང་། སེམས་ཅན་རྣམས་ལ་ཡང་སྟེར་བར་བྱེད་པ་ནི་ཆོས་ཀྱི་སྤྲིན་ནོ།། གང་ལ་གནས་ན་སྒྲིབ་པའི་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣཾ ་དག་པའི་མཐར་ཐུག་པ་ནི་ཀུན་ཏུ་འོད་དོ།། སེར་སྣ་ལ་སོགས་པ་གང་ཞེ་ན། སེར་སྣ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགསསུ་གྱུར་པའི་སེམས་ལས་བྱུང་བའི་ཆོསོ།། ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་གྱི་མི་མཐུན ་པའི་ཕྱོག་སོ།། མི་བཟོད་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་ཏེ། ཁྲོ་བ་དང་། སྡུག་བསྒྲིལ་དང་འཇིགས་པ་ཉིད་དོ།། དྲི་བཞིན་དུ་བརྩོན་འགྲུས་ལ་སོགས་པའི་མི་མཐུན་པར་གྱུར་པ་ནི་ལི་ལོ་ལ་སོགས་པ་ཡིན ་པར་ཤེས་པར་བྱའོ།། གཞན་ཡང་ལྷའི་དེ་ཁོ་ན་ཉི་དུ་བསྟོན་པའི་ཕྱིར། རང་གྲི་མི་མཐུན་ཞེས་བྱ་བཱ་ལ་སོགས་སྨོས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དོན་བཅུ་པོ་ལ་ནུས་པ་ཐོགས་མ་མེད་པ་མཁྱེན་པའི ་མཚན་ཉིད་ཅན་ནི་ལྷ་མོ་བཅུ་པོའི་དེ་ཁོ་ན་ཉིད་ཡིནོ།། མི་འཇིགས་པ་བཞིའི་བདག་ཉིད་ནི་གོ་རིམ་བཞིན་དུ་ཡེ་ཤེས་དང་སྤངས་པ་དང་། མི་མི་ཐུན་པའི་ཕྱོག་སྟོན་པ་དང་། གཉེན་པོའི་ཕྱོགས་སྟོན་པ་ལ་བསྙེངས ་