CLOSE WINDOW

GT72: dbang mdor bstan pa'i dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ན་ནཪྵ་ཤ་པཉྫ་ཀ། བོད་སྐད་དུ། དབང་མདོར་བསྟན་པའི་དཀའ་འགྲེལ། དཔལ་དང་པོ་མཆོག་སངས་རྒྱས་ལ་ཕྱག་འཚལོ།། དང་པོའི་སངས་རྒྱས་སྲིད་གསུམ་མགོན་གཅིག་ཆོས་དང་བཅས།། ་རྫོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བཏུད་ནས།། དཔལ་ལྡན་བླ་མའི་ཞབས་ཀྱིས་མཛད་པའི་མན་ངག་ལས།། དབང་ལ་སོགས་པ་མདོར་བསྟན་ཚིག་ནི་རྒྱས་པར་བྱ།། དེ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟངས ་སདང་པོ་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་རྒྱལ་པོར་དབང་གི་དོན་འཇོམ་ལྡན་འདས་ལ་ཞུས་པ། ཟླ་བ་བཟངས་པོས་གསོལ་པ། ཞེས་པའོ།། ཀྱེ་སྟོན་པ་དབ་ན་རྣམ་བདུན་ནི་ཚུལ་སོགས་པ་ནས་རྗེ་སུཾ་གནང་གཱའི་མཐར ་ཐུག་པའོ།། གཞན་རྣམས་གསུམ་ནི་བུམ་པ་ལ་སོགས་པ་ནས་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པའོ།། དེ་བཞིན་བླ་ན་མེད་ཅེས་པ་ནི་ཕྱག་རྒྱ་ཆེན་མོའི་ཡེ་ཤེས་ཀྱི་མཚན་ཉིད།། འཇིག་རྟེན་འཇིག་རྟེན་འདས་གྲུབ་ཕྱིར་ཅེས་པ ་ནི་འཇིག་རྟེན་པའི་དངོས་གྲུབ་འོག་མིན་གྱི་གནས་ཀྱི་མཐར་ཐུག་པ་དང་འཇིག་རྟེན་ལས་འདས་པ་སངས་རྒྱས་ཉིད་དང་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་ཏེ། དེ་རྣམས་ཀྱི་དོན་མདོར་བསྡུས་པར་ནི་བདག་ལ་གསུངས་ཤེས་པའོ།། ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས། མདོར་བསྟན་པ་ཇི་སྲིད་རྫོགས་པ་ནི་བཅོམ་ལྡན་འདས་ཀྱིས་གསུང་ངོ་།། མཆོག་དང་ཞེས་པ་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་ཡེ་ཤེསོ།། རྩ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས།། ་ཀུན་སྤྱོད་ནི་གཡོན་པ་དང་གཡས་པ་དང་དབུས་མའི་སྦུབས་རྣམསུ་འགྲོ་བ་དང་འོང་བའོ།། དེ་དག་རྩའི་ཀུན་སྤྱོད།། རྩོལ་བ་ཞེས་པ་ནི་སྲོག་རྩོལ་ཏེ་མདོར་བསྡུས་པ་དེ་རྣམས་ཁྱོད་ལ་བཤད་པར་བྱའོ།། ད་ནི་མདོར ་བསྡུས་པ་ལ་སོགས་པའི་རབ་ཏུ་དབྱེ་བ་གསུངས་པ། མདོར་བསྡུས་རྣམ་གསུམ་ནི་རྒྱུད་ཐམས་ཅད་ལའོ།། དེ་བཞིན་དུ་རྒྱས་པར་བཤད་པ་གསུམ་དུ་འགྱུརརོ།། དེ་དག་མདོར་བསྡུས་པ་དང་རྒྱས་པར་བཤད་པ་དག་གི་རབ་ཏུ་དབྱེ་བ་གསུངས ་པ། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ།། ཞེས་པ་ནི་མདོར་བསྟན་པའི་རབ་ཏུ་དབྱེ་བའོ།། རབ་ཏུ་རྒྱས་པར་བཤད་པ་གཞན་ཞེས་པ་ནི་རྒྱས་བཤད་ཆེན་པོ་བསྡུ་བའོ།། འདི་དག་ཀྱང་རྒྱས་བཤད་ཀྱི་རབ་ཏུ་དབྱེ་བ་འདི་རྣམས་ཀྱི་རྣམ ་པ་གཞན་གསུངས་པ། མདོར་བསྟན་འདི་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཁོ་ན་མདོར་བསྟན་པ་དེ་ཁོ་ན་རྒྱས་པར་བཤད་པ་སྟེ། དེ་ཡང་རྒྱུད་ཀྱི་བསྡུས་པ་བརྗོད་པ་ཡིན།། འདིར་ནི་རྒྱས་པར་བཤད་པའི་སྒྲས་བསྡུས་པའི་རྒྱུད་ཆེན་པོ ་བརྗོད་པར་བྱ་སྟེ། མདོར་བསྟན་པ་ནི་རྒྱུད་ཆེན་པོ་ལས་གཞན་དུ་གྱུར་པ་དང་། དེ་གལ་ཏེ་སྡུད་པར་བྱེད་པ་པོས་སོ་སོར་བྱས་པའི་དེའི་ཚེ་རྒྱུད་ཆུང་བར་འགྱུར་རོ།། ཇི་ལྟར་མཚན་ཉིད་མངོན་པར་བརྗོད་པའི་ཕྱིར།། ངེས་པར་རྟོགས་པ་རྒྱུད་ཆུང་བར ་མངོན་པར་བརྗོད།། རབ་ཏུ་མདོར་བསྟན་དང་ཞེས་པའི་དང་གི་ཡི་གེ་རབ་ཏུའི་སྒྲ་བསྡུས་པས་རབ་ཏུ་རྒྱས་བཤད་དུ་བརྗོད།། གཉིས་པོ་འདི་དག་རིམ་པ་ཇི་ལྟ་བར་བཀའ་འགྲེལ་ཆུང་བ་དང་བཀའ་འགྲེལ་ཆེན་པོའོ།། དེ་ཡང་ཚིག་ཙམ་འཇོམས་ཀྱི་དོན ་ཐམས་ཅད་གསལ་བ་མ་ཡིནོ།། གང་ཞིག་འགྲེལ་བཤད་ཐམས་ཅད་བསྡུས་དོན་ཏེ་ཞེས་པ་བཤད་པར་བྱ་སྟེ། མདོར་བསྟན་ཆེ་དང་ཞེས་པ་ལ་དང་གི་སྒྲས་ཆེན་པོའི་སྒྲས་བསྡུས་པ་རྒྱས་བཤད་ཆེན་པོར་བརྗོད། གཉིས་པོ་འདི་དག་གྲངས ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་འགྲེལ་ཆུང་བ་དང་རྒྱ་ཆེར་འགྲེལ་ཆེན་པོར་བརྗོད།། དེ་ལྟར་ཞེས་པ་བཤད་པའི་རིམ་པསོ།། མཐའ་དྲུག་རྣམས་ཀྱིས་ནི་རྣམ་པ་དྲུག་གི་བསྡུས་པའི་རྒྱུད་ཆུང་བ་དང་ཆེན་པོ་ལ་སོགས་པ་རྣམས། དག་པ་ནི་ཡོངསུ་དག ་པའོ།། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མངོན་པར་བརྗོད་བྱེད་འགྱུར་ཞེས་འཆད་པ་དང་སྦྲེལོ།། དེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་རྣམ་བཞི་ཞེས་པ་རྣམ་པར་དག་པ་དང་སྔགས་དང་དབྱིབས་ཀྱི་མཚན་ཉིད།། བྱང་ཆུབ་རྣམ་བཞི་ཞེས་པ་སྐད ་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད།། ཕུང་པོའི་གཟུགས་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ ་ཤེས་དང་ཡེ་ཤེས་ཀྱི་མཚན་ཉིདདོ།། ཁམས་དང་ཞེས་པ་ནི། ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དྲང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད།། སྐྱེ་མཆེད་ནི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བཅུ་གཉིས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ ་དང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད།། རིགས་དྲུག་རྣམས་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་མཚན་ཉིད།། བདེན་གཉིས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གོ།། ལུས་ངག་ཡིད་ནི་དག་བྱེད་པ།། མངོན་པར ་དབང་བསྐུར་གཉིས་གཉིས་ཞེས་པ་སྟེ། ཆུ་དང་ཅོད་པན་དག་གིས་ལུས་དག་པར་བྱེད།། དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དག་གི་ངག་དག་གོ།། བརྟུལ་ཞུགས་ཆེན་པོ་དང་། མིང་ངག་གི་ཡིད་དག་གོ།། རྗེས་གནང་གི་ཡེ ་ཤེས་དག་པ་ཡིན།། གཞན་ཞེས་པ་དག་ལ་གནས་ཏེ། དེ་ནི་ཁམས་ལ་སོགས་པ་དག་པར་བྱེད་པའོ།། དེས་ན་ཆུ་ཡིས་ཤེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ་ཞེས་པ་སྟེ། རྡོ་རྗེ་མི་འགྱུར་བ་ཆེན་པོ་དག་གོ།། དྲིལ་བུས་སངས ་ས་གསུང་གི་རྒྱུན་མི་འཆད་དོ།། དེ་ཉིད་ནི་ཉི་ཟླ་གཅིག་ཏུ་དེ་དག་དག་པ་སྟེ། དབུས་མ་བ་རབ་ཏུ་ཞུགས་པའི་མཚན་ཉིད་།། བུམ་པ་ལ་སོགས་པའི་དབང་གི་དཀྱིལ་འཁོར་བཞེངས་ནས་མཐར་ཡང་སྦྱིན་པར་བྱའོ།། གང་ཞིག་ནུ་མའི་ཡན་ལག་ལ་རེག ་པ་ལས་བདེ་བ་ཐོབ་པ་ནི་རྙེད་པའོ།། སྐྱོབ་པ་ཐམས་ཅད་བསྐྱེད་མཛད་མ་ཞེས་པ་སྐྱོབ་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཏེ་སྒྲིབ་པ་མེད་པ་ཉིད་ཀྱིས་བསྐྱེད་མཛད་མའོ།། ཤེས་རབ་ནི་བླའོ།། དེའི་གཟུགས་ནི་བཟུང་བ་དང་འཛིན་པའི་རྣམ ་པ་དང་བྲལ་བ། སྒྱུ་མ་དང་རྨི་ལམ་གྱི་སྣང་བའི་མཚན་ཉིད།། དེས་ན་དེ་ཉིད་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས་ཤེསོ།། མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་འདིར་ནི་དམིགས་པ་རྣམ་པ་གཉིས་ཏེ། མངོན་སུམ་སྔོན་དུ་འགྲོ་བར ་གྱུར་པ་དང་། རྗེས་དཔག་སྔོན་དུ་འགྲོ་བ་ཅནོ།། དེ་ལ་གང་མངོན་སུམ་སྔོན་དུ་འགྲོ་བ་དེ་ནི་རྟོག་པའི་དྲི་མ་མ་ལུས་པ་དང་རྣམ་པར་བྲལ་བའི་ལམ་བླ་མ་དམ་པའི་མན་ངག་ལས་བྱུང་བ་དེ་ཁོ་ན་ཉིད་ཀྱིས་སྦྱོར་བ་ལས། ནམ་མཁའ་ལ་སྐར་མ་བཞིན་དུ ་ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་ཤའི་སྤྱན་གྱིས་བཟུང་བའོ།། དབང་པོ་ནི་ཤའི་སྤྱན་གྱིས་རྣལ་འབྱོར་པ་ལས་དང་པོ་པ་སྣ་ཚོགས་པ་མངོན་པར་ཤེས་པ་ལས་གཞན་གྱིས་མཐོང་།། དེ་ནས་ལྷའི་སྤྱན་གྱིས་ཏེ། མངོན་པར་ཤེས་པའི ་སྐབས་ཀྱི་དབང་ལསོ།། དེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་ཏེ། འདོད་ཆགས་དང་བྲལ་བའི་སྐབས་ཀྱི་དབང་ལསོ།། དེ་ནས་ཤེས་རབ་ཀྱི་སྤྱན་གྱིས་ཏེ། བྱང་ཆུབ་སེམས་དཔའི་སྐབས་ཀྱི་དབང་ལསོ།། དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐབས་ཀྱི་དབང་ལས་ཏེ། ཉེ་བར་འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ།། དེ་ལྟར་ན་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་རྣམས་ཀྱིས་སྟོང་པ་ཉིད་སོ་སོར ་མཐོང་བར་བརྗོད།། རྗེས་དཔག་ལ་སྔོན་དུ་འགྲོ་བ་ཅན་གྱིས་དམིགས་པ་ནི་དེ་ཁོ་ན་ཉིད་ལ་རྟོག་པ་རི་མོ་ལ་སོགས་པ་ཉེ་བར་བལྟ་བ་ནི། རྣལ་འབྱོར་པ་གསར་བུ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ལམ་ལ་འཇུག་པའི་དོན་དུའོ།། དེའི་ཕྱིར་མེད་པའི ་གཟུགས་རྨི་ལམ་ལ་སོགས་པ་དང་མཚུངས་པ་བསྒོམ་པའོ།། དམིགས་པ་དེ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་ནི་རྟོག་པར་མི་འགྱུར་ཏེ་རྟོག་པ་མེད་པའི་རྒྱུ་ལས་ཉེ་བར་བྱུང་བའི་ཕྱིར།། དེས་ན་དེ་ཉིད་དངོས་པོ་ནི་དངོས་པོའི་རང་བཞིནོ།། དངོས ་མེད་ནི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད།། སེམས་ལ་མེད་པ་ནི་གང་གི་ཕྱིར་སོ་སོར་གསལ་བའི་ཡིད་གཞོམ་དུ་མེད་ཅིང་བརྗོད་པར་མི་ནུས་པ་སྟེ། རྡུལ་ཕྲན་ཚེགས་པའི་དངོས་པོ་འཛིན་པ་མེད། གཟུགས་བརྙན་བཞི་ནོ།། དེས་ན ་དེ་ཉིད་དཔེ་ཡིས་བསྟན་པ། བྲལ་ཞེས་པ་ལ་སོགས་པ་སྟེ་པྲའི་སྒྲས་སེམས་ཅན་གྱི་དོན་དུ་མངོན་པར་བརྗོད། མེ་ལོང་ནི་མེ་ལོང་ངོ་།། དངོས་མེད་ལས་སྐྱེས་ནི། རྡུལ་ཕྲ་རབས་ཀྱི་ཚོགས་པ་དང་བྲལ་བ་བུ་མོས་མཐོང་།། ་པྲ་ལ་འཇུག་པའི་རྒྱུད་ལས་གསུངས་པ། མེ་ལོང་རལ་གྲི་མཐེ་བོང་དང་།། སྒྲོན་མ་ཟླ་བ་ཉི་མ་དང་།། ཆུ་དང་ཐབས་དང་མིག་རྣམས་ལ།། པྲ་འབེབས་པ་ནི་བརྒྱད་དུ་བརྗོད། ཅེསོ།། དེ་བཞིན་དུ་འདས་པ་དང་མ་འོངས་པའི་ཆོས་རབ་ཏུ་མ་བསམས ་པ་མཁའ་ལ་ཏེ། སྟོང་པ་ལས་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ། རྣམ་པར་རྟོག་པ་དང་བྲལ་བའི་ལམ་ཐོབ་པས་མཐོ་ངོ་།། འདི་པྲ་ཕབ་པ་དང་མཚུངས་པར་ཡིད་གང་དང་གང་གི་དངོས་པོར་མིན་པ་པྲ་ཕབ ་པའི་མཚན་ཉིད།། དེ་དངོས་ཡོད་མིན་ཞེས་པ་དེ་དག་དངོས་པོར་འགྱུར་བ་མ་ཡིན།། ཝ་ཏེ་འདིར་གསུངས་པ། དངོས་པོ་སྟོང་པའི་དོན་མཐོང་ཕྱིར། ཞེས་པ་དངོས་པོ་ནི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད།། སྟོང་པ་ནི་རྣམ་པར་བྲལ ་བར་གྱུར་པའོ།། དེ་ཡང་དེ་དག་གི་དོན་ཡང་སོ་སོར་གསལ་བའི་མཚན་ཉིད།། དེའི་མཐོང་ཕྱིར་ནི་རྣམ་པར་རྟོག་པ་མེད་པས་མངོན་སུམ་དུ་དམིགས་པའི་ཕྱིར།། དངོས་པོ་ནི་རྡུལ་ཕྲན་ཚོགས་པའི་བདག་ཉིད།། དེ་མེད་པའི་དོན་ནི་སོ་སོར ་གསལ་བའི་མཚན་ཉིད་དུ་ཡོད་པར་གསུངས་ཏེ། དཔེར་ན་རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངསོ།། འདི་ཉིད་ཀྱི་དོན་གསུངས་པ། མེད་པ་ལས་ནི་ཞེས་པ་ལ་སོགས་པའོ།། ཡིད་བཞིན་ནོར་ལྟར་ཞེས་པ་ལ་སོགས་པས་རྟོག་པ་དང་འཁྲུལ་པ་མེད ་པ་ཡེ་ཤེསུ་གསུང་སོ།། གལ་ཏེ་དེ་ལ་དམིགས་པ་མེད་པར་བརྗོད་ན་འགྲོ་བའི་དོན་བྱེད་དམ་ཞེ་ན། ཡུལ་གྱིས་བསྐྱེད་པ་མ་ཡིན།། ཞེས་གསུངས་པ། མ་མཐོང་བའི་ཞེས་པ་ལ་སོགས་པ་སྟེ་སྒྲུབ་པ་པཽ་ནི་པྲ་ཕབ་ལ་ཞུགས་པ་སོ+ོ། ་ཡོད་པའི་གཟུགས་མཐོང་བ་ཞེས་པ་ཡང་མ་ཡིནོ།། ཞེས་གསུངས་པ། གལ་ཏེ་ཞེས་པ་ལ་སོགས་པའོ།། མེད་པའི་གཟུགས་མཐོང་བ་ཞེས་བྱ་བ་ཡང་མ་ཡིནོ་ཞེས་གསུངས་པ། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ།། གཞན་གྱི་མིག ་གིས་མཐོང་བ་ཡང་མ་ཡིནོ།། ཞེས་གསུངས་པ། མི་མཐོང་ཞེས་པ་ལ་སོགས་པའོ།། དེ་ལྟ་མོད་ཀྱི་རང་གི་མིག་གིས་མཐོང་ཞེས་ན། གསུངས་པ། བདག་གི་མིག་གི་ཤེས་བྱ་བ་ལ་སོགས་པའོ།། གཞོན་ནུ་མ་དང་མཚུངས་པ་ནི ་ཡི་དོ།། སྐྱེ་བ་མེད་པ་ནི་མ་སྐྱེས་པའོ།། དེ་དང་དེའི་བུ་ནི་ཇི་ལྟར་སྐྱེས་པ་བཞི་ནོ།། ཞེས་བྱ་བའི་དོན་ཏོ།། །། སྲོག་རྩེལ་གསུངས་པ། གཟུགས་མཐོང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རྨི་ལམ་དང་སྒྱུ་མ་དང ་མཚུངས་པའི་གཟུགས་མཐོང་བར་གྱུར་པསོ།། དེའི་འོག་ཏུ་ནི་དེ་མ་ཐང་བ.རོ།། སྲོག་རྩོལ་ནི་དགང་བ་དང་བུམ་པ་ཅན་དང་རྡུལ་མཐའ་ཅནོ།། རྒྱུན་མི་འཆད་པར་ཏེ་བར་ཆད་མེད་པར་བྱའོ།། ཞི་ཞེ་ན་གསུངས་པ་སྟེང་དང་ཞེས་བྱ་བ་ལ་སོགས་པ ་སྟེ་སྟེང་གི་རྩ་གསུམ་ནི་ལུས་དང་ངག་དང་ཡིད་ཀྱི་ཆོས་ཅནོ།། དེ་བཞིན་དུ་འོག་ཀྱང་ངོ་།། དེ་ལ་གཡོན་དུ་རྩ་བའི་རྩ་ནི་ལུས་ཀྱི་ཆོས་ཅནོ།། གས་སུ་ཉི་མའི་རྩ་ནི་ངག་གི་ཆོས་ཅནོ།། དབུསུ་སྒྲ་གཅན་གྱི་རྩ་ནི་ཡིད་ཀྱི་ཆོས་ཅནོ།། བཤང་བའི ་རྩ་ནི་ལུས་ཀྱི་ཆོས་ཅནོ།། གཅིན་གྱི་རྩ་ནི་ངག་གི་ཆོས་ཅན་ནོ།། ཁུ་བའི་རྩ་ནི་ཡིད་ཀྱི་ཆོས་ཅནོ།། ཟླ་བའི་རྩ་ནི་ཆུའི་རང་བཞི་ནོ།། ཉི་མའི་རྩ་ནི་མེའི་རང་བཞིནོ།། སྒྲ་གཅན་གྱི་རྩཝ་ནི་སྟོང་པའི་རང་བཞིནོ།། བཤང ་བའི་རྩ་ནི་སའི་རང་བཞི་ནོ།། གཅིན་གྱི་རྩ་ནི་རླུང་གི་རང་བཞིནོ།། ཁུ་བའི་རྩ་ནི་ཡེ་ཤེས་ཀྱི་རང་བཞི་ནོ།། དེ་ཉིད་གསུངས་པ་ཟླ་བ་ཞེས་པ་ལ་སོགས་པའོ།། སྲོག་དང་ཐུར་སེལ་རིམ་པ་ཡིས་ཤེས་བྱ་བ་ནི། སྲོག་ནི་ཟླ་བ་དང་ཉི་མ་དང་མུན ་ཅན་མའོ།། ཐུང་སེལ་ཡང་ལྷགས་མ་རྣམསོ།། འདི་རྣམས་ཀྱི་རིགས་དྲུག་བརྟག་པ་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་ལ། ཟླ་བ་ཆུའི་ཁམས་ནི་ཐབས་ཀྱི་ཁུ་བའི་ཁམས་ཏེ་སྐུར་འགྱུར་རོ།། ཉིན་མོར་བྱེད་པ་མེའི་ཁམས་ནི། ་ཤེས་རབ་མའི་རྡུལ་གྱི་ཁམས་ཏེ་གསུང་དུ་འགྱུརརོ།། དེ་བཞིན་དུ་འཆད་པར་འགྱུར་བའི་ཤེས་རབ་དང་ཐབས་ངག་དོན་འདི་ཁོ་ནའོ།། གཙོ་བོ་ནི་ཁུ་བའི་ཁམ་སོ།། ཐབས་དང་ཤེས་རབ་སྐུ་དངོས་ཀྱིས།། ཤེས་བྱ་བ་ནི་རིགས་མི་མཚུངས་པ་དང ་འཁྱུད་པ་ཡིས། ཤེས་རབ་ཀྱི་སྐུའི་དངོས་པོ་ནི་ཐབ་སུ་འགྱུར་ཏེ་བདེ་བའི་དུས་སུ་སེམས་དེའི་རྣམ་པར་འབྱུང་བའི་ཕྱིརརོ།། དེ་བཞིན་དུ་ཐབས་ཀྱི་སྐུའི་དངོས་པོ་ཤེས་རབ་དུ་ཡང་ངོ་།། འཆི་ལྟས་ནི་དུས་མ་ཡིན་པར་འཆི་བའི་མཚན་ཉིད།། ་ལྷག་པའི་རླུང་གི་འགྱུར་ཏེ་སྟེང་འོག་ཏུ་ཡང་ངོ་།། ལུས་ཤེས་བྱ་བ་ལ་སོགས་པ་གསུངས་པ། ལུས་ངག་རྩ་ལ་ནི་ཇི་ལྟར་རིགས་པར་ལ་ལ་ནཱ་དང་ར་ས་ནའོ།། གང་གི་ཚེ་འོག་ཏུ་བཤང་བའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡོན ་པའི་རྩ་ལ་འཆི་ལྟ་སུ་འགྱུརརོ།། གང་གི་ཚེ་གཅིན་གྱི་རྩ་འགགས་པར་གྱུར་པ་དེའི་ཚེ་དེའི་སྟེང་དུ་གཡས་ཀྱི་རྩཝ་ལ་འཆི་ལྟ་སུ་འགྱུ་རོ།། དེ་དག་ཀྱང་ཞིབ་ཏུ་བཤད་པར་བྱ་སྟེ། མུན་ཅན་མ་ས་བོན་འབབ་མ་འཆི་ལྟས་མེད་དམ་ཞེ་ན། མུན་ཅན་ས ་བོན་ལབས་མ་ལས། རླུང་ནི་སྐྱེ་དང་ནི་མངལ་ནས་སྐྱེ་བ་དང་། འཆི་བ་གནས་པ་ཡི་ནི་རང་གནས་པའོ།། དེ་ཉིད་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ།། དུས་སྦྱོར་འབྱུང་བའི་མངོན་མཚམ་སུ་ཞེས་པ་གཡོན་པའི་དུས་སྦྱོར་དང ་གཡས་པའི་དུས་སྦྱོར་དང་འཕོ་བའི་མཚམ་སུ་དབུས་མ་ཡིས་ནི་མཉམ་པར་འབབ་པོ།། དབུགས་འབྱུང་བ་དང་རྔུབ་པ་དུ་ཞེ་ན། གསུངས་པ། ལྔ་བཅུ་རྩ་དྲུག་ཅེས་པ་ལ་སོགས་པའོ།། ཉིན་དང་མཚན་མོ་ལ་ཞེས་པ་ཉིན་མོ་དང་མཚན་མོའི ་འཕྲོ་བ་བཅུ་གཉིས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་དབུས་མར་འབབ་པོ།། གཡོན་པ་དང་གཡས་པའི་རྩ་རྣམས་ལ་བདུན་ཅུ་རྩ་ལྔས་ལྷག་པའི་དྲུག་བརྒྱའི་དབུགས་ཀྱིས་དམན་པའི་གང་ལྔ་སྟོང་ཕྲལ་ཉི་ཤུ་རྩཝ ་གཅིག་དང་དྲུག་བརྒྱ་ལྷག་པ་དེ་དག་ཏུ་འབབ་པོ།། ཕྱོགས་གསུམ་དང་ལོ་གསུམ་ནི་ལོ་བརྒྱ་གང་བ་ལ་དབུས་མར་འབབ་པོ།། གཡས་པ་སྟེ་གཡས་པ་དང་གཡོན་པ་ནི་སྟེང་དུ་སྲོག་རིམ་པ་བཞིན་དུ་ཟླ་བ་དང་ཉི་མའི་མིང་ཅ་ནོ།། ལ་ལ་ནཱ་ནི ་ལུག་དང་། སེར་སྐྱ་ནི་གཞན་ཏེ་ར་ས་ནཱའོ།། ཆུ་དང་མེའི་རང་བཞིན་ཏེ། ཞེས་པ་སྔར་བཞིན་དུ་རིམ་པ་བཞིན་དུ་པདྨ་འཛིན་པ་དང་རིན་པོ་ཆེ་འཛིན་པར་བཞེ་དོ།། འོད་དཔག་མེད་དང་རིན་པོ་ཆེ་འབྱུང་ལྡན་ལྷག་པའི་ལྷའོ།། འོག་ཏུ་ཞེས་པ ་ཐུར་སྲེལ་དུའོ།། དབུས་མའི་རྩ་དང་ཞེས་པ་ལ་སོགས་པས་དྲི་ཆེན་དང་དྲི་ཆུ་འབབ་པ་སྟེ། གོང་དུ་མུན་པའི་རྩ་གཉིས་ཀྱི་ཀུན་ཏུ་སྤྱོད་པའི་རང་བཞིན་གསུངས་པའི་དོན་འདི་ལྟ་སྟེ། གང་ཞིག་སྟེང་དུ་གཡོན་པའི་རྩ་ཡིན། ་པ་དེའི་འོག་ཏུ་དབུ་སུ་དྲི་ཆེན་གྱི་རྩར་འགྱུརརོ།། སྟེང་དུ་གཡས་པ་གང་ཡིན་པ་དེ། འོག་ཏུ་གཡོན་པའི་དྲ་ཆུ་འབབ་པའོ།། དེ་དག་རིམ་པ་བཞིན། འཁོར་ལོ་འཛིན་པ་དང་། རལ་གྲི་འཛིན་པར་བཞེད།། རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ ་འི་རང་བཞི་ནོ།། གང་ཞིག་སྟེང་དུ་དབུས་མ་ཡིན་པ་དེ་འོག་ཏུ་གཡས་པ་ས་བོན་འབབ་པའོ།། དེ་དག་ཀྱང་སྟོང་པ་དང་། ཡེ་ཤེས་ཀྱི་རང་བཞིན་ཏེ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔག་ལྷག་པའི་ལྷའོ།། ལྟེ་བའི་ཆུ་སྐྱེས་ལ། སའི་ཡོན་ཏན་ལྔ ་སྟེ་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད།། སྙིང་ཁའི་ཆུ་སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ། གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད།། མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོན་ཏན་གསུམ་སྟེ། རོ་དོང་རེག་བྱ་དང་སྐུའི་མཚན ་ཉིད།། དཔྲལ་བའི་ཆུ་སྐྱེས་ལ་རླུང་གི་ཡོན་ཏན་གཉིས་ཏེ། རེག་བྱ་དང་སྒྲའི་མཚན་ཉིད་དོ།། གཙུག་ཏོར་གྱི་ཆུ་སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་ཏེ་སྒྲ་ཙཱ་མོ།། དེ་རྣམས་བཟུང་ནས་སྡུད་པའི་རིམ་པས་ཀུན་འདར་མར་གཤེགསོ།། བསྐྱེད་པ ་ཡིས་ནི་སྟོང་པ་ལ་སོགས་པས་ས་སྟེ་ལྟེ་བའི་དཀྱིལ་འཁོར་ལོ་འཇུག། འོག་ཏུ་ལྟེ་གསང་ནོར་བུའི་པདྨ་ལ་སྟེ། དུང་ཅན་མ་ལ་ལུས་ངག་སེམས་ནི་འབབ་མ་སྟེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉིས ་དང་གཅིག་གི་བདག་ཉིད།། སྡུད་པའི་རིམ་པས་གཤེགས་པའོ།། བསྐྱེད་པ་ཡིས་བྱོན་པའོ།། འདི་ནི་དུང་ཅན་མའོ།། བུད་མེད་བདེ་བ་ཡིས་ཏེ་འཁྱིག་པ་ན་ས་བོན་འབབ་པོ།། དུསུ་སྟེ་རྡུལ་འབྱུང་བ་ན་ཁྲག་འབབ་བོ།། སྲོག་དང ་ཐུར་སེལ་གྱི་རྩ་དག་ཐབས་དང་ཤེས་རབ་ཀྱི་སྐུ་ཡི་དངོས་པོར་གསུངས་པ། སྟེང་དུ་ཞེས་བྱ་བ་ལ་སོགས་པ་སྟེ། སྟེང་དུ་སྲོག་ལ་གཡས་དང་གཡོན་པ་ནི་གཡས་པ་དང་གཡོན་པ་དག་སྟེ་ཤེས་རབ་དང་ཐབས་ཀྱི་སྐུའི་དངོས ་པོའོ།། འོག་ཏུ་ནི་ཐུར་སེལ་དུའོ།། སྟེང་དང་འོག་ཏུ་རྡུལ་དང་ས་བོན་འབབ་པའོ།། གང་ཞིག་འོག་ཏུ་བུད་མེད་རྣམས་ཀྱི་ན་མཁའི་གདོང་ལས་ས་བོན་འབབ་པ་དེ་ཉིད་གང་གི་ཚེ་རྡུལ་འབབ་པ་དེའི་ཚེ་གཏུམ་མོར་འགྱུརརོ།། དེའི་དུས ་ཉིད་དུ་ཡང་ཟླ་མཚན་གྱི་དུས་དེ་བུད་མེད་རྣམས་ཀྱི་སྟེང་གི་རྩ་གཡུང་མོར་འགྱུརརོ།། དེའི་ཕྱིར་གཉིས་པོ་ཇི་ལྟར་ཡང་བུད་མེད་དག་ལ་སྐྱེས་པའི་རེག་པ་མེད་པའོ།། སྐྱེས་པའི་ཟླ་མཚན་གྱི་དུས་དང་ས་བོན་འབྱུང་བའི་དུསུ་དེ་ཉིད་གཡུང ་མོ་ཀུན་འདར་མར་འགྱུར་རོ།། སྣའི་སྦུབས་གཡོན་པ་དང་གཡས་པའི་དཀྱིལ་འཁོར་འཆར་བ་གསུངས་པ། རྣམ་ཤེས་ལ་སོགས་པ་ནི་ན་མཁའ་ལ་སོགས་པ་སྐྱེ་བའི་རིམ་པསོ།། ས་འོག་ནི་སྡུད་པའི་རིམ་པསོ།། དབུསུ་ནི་དབུ་མའི་ལམ ་དུའོ།། དྲུག་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས། དཀྱིལ་འཁོར་རེ་རེའི་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་བཟུང་ནས་རྐང་པ་དང་བཅས་པའི་བཅུ་གཅིག་གི་དབུགས་ལྔ ་བཅུ་རྩ་དྲུག་གི་བདག་ཉིད་ཀྱི་དབུགས་འབབ་པའོ།། འདི་རྣམས་ཀྱི་གཡོན་དང་གཡས་པ་དང་དབུས་མའི་རྩ་རྣམས་ཀྱི་ཉིན་མོ་དང་མཚན་མོ་ལ་རིམ་པ་བཞིན་ཏེ་ལྟ་བའི་པདྨ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་ལ་དཀྱིལ ་འཁོར་དྲུག་ཅུ་སྟེ། དུས་སྦྱོར་གཡོན་པ་ལ་མི་མཉམ་པ་ལུག་ལྔ་སོགས་པའོ།། དུས་སྦྱོར་གཡས་པ་ལ་མཉམ་པ་ཁྱུ་མཆོག་ལ་སོགས་པའོ།། དེ་ལ་གཡསུ་ཁྱུ་མཆོག་གི་དུས་སྦྱོར་ལ་གང་གི་ཚེ་རླུང་ལ་འབབ་པ་དེའི་ཚེ། རྩ་བ་སྟེ་སྣའི་སྦུབས་ཀྱི ་འོག་གི་ཆ་ལ་སའི་དཀྱིལ་འཁོར་དབྱུ་གུ་གཅིག་རྒྱུའོ།། དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ཆ་ལ་ཆུའི་དཀྱིལ་འཁོར་རོ།། གཡས་ཏེ་གཡས་ཀྱི་ཆལ་མེའི་དཀྱིལ་འཁོར།། སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར།། དབུསུ་སྟོང་པའི་དཀྱིལ་འཁོར ་ཏེ། དེ་ལྟར་སྣའི་བུག་པ་གཉིས་པའི་དཀྱིལ་འཁོར་རེ་རེ་ལ་དབྱུ་གུ་འབབ་པ་སྟེ། དབྱུ་གུ་ལྔ་པོ་རྣམས་ཀྱི་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ།། ས་སོགས་ཤེས་པ་ཡང་ཉེ་བར་མཚོན་པ་ཙམ་སྟེ། ནམ་མཁའ་ལ་སོགས་པ་ཡང་བཟུང་།། ་རྩ་གཅིག་ནས་དབུགས་དུ་འབབ་ཅེ་ན། གསུངས་པ། རྩ་ནས་ཤེས་བྱ་བ་ལ་སོགས་པ་སྟེ། རིམ་པས་ཤེས་བྱ་བ་ནི་ས་ལ་སོགས་པ་དང་། ནམ་མཁའ་ལ་སོགས་པསོ།། ལྔ་ཡི་བསྒྱུར་བས་སྟོང་དང་བརྒྱད་བརྒྱའི་དབུགས་རྣམསུ་འགྱུར་རོ།། ་དེ་རྣམས་ཀྱང་རྩ་ལྔ་པོ་ལ་འབབ་པའོ།། སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་ཀྱང་འཕོ་བ་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་མོ་དང་མཚན་མོ་ལ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུག་སུ་འགྱུརོ།། དེ་ཉིད་གསུངས་པ ་དྲུག་ཅུ་ཞེས་པ་ལ་སོགས་པའོ།། གཡོན་གྱི་རྩ་ལ་དུས་སྦྱོར་འཆར་བ་གསུངས་པ། འདང་མའི་དབུས་དང་ཞེས་པ་སྟེ། གང་གི་ཚེ་གཡོན་པའི་རྩ་ལ་ལུག་ལ་སོགས་པ་སྣ་སྤུག་གི་དབུསུ་སྟོང་པའི་དཀྱིལ་འཁོར་ལ་འབབ་པ་དེའི་ཚེ། ནང་དུ ་འདབ་མའི་དབུསུ་འབབ་པོ་ཞེས་མཚོན་པར་བྱའོ།། དེ་ནས་ཤར་ཅེས་པ་སྟེང་དུ་རླུང་གི་དཀྱིལ་འཁོར།། གྲ་ཡ་སུ་མེའི་དཀྱིལ་འཁོར།། གཡོན་དུ་ཆུའི་དཀྱིལ་འཁོར།། ནུབ་ཏུ་ཞེས་པ་འོག་གི་ཆ་ལས་སའི་དཀྱིལ་འཁོར།། རིམ་པས་ཤེས ་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རིམ་པསོ།། མཁའ་སོགས་ཏེ་ཞེས་པ་ལ་སོགས་པས་སྔར་བརྗོད་པ་ཉིད་གསལ་བར་བྱེད་པའོ།། དཀྱིལ་འཁོར་ལྔ་པོ་རྣམས་ཀྱི་ཕན་ཚུན་ཐབས་ཤེས་རབ་ཀྱི་དབྱེ་བ་གསུངས་པ། ནུབ་ཅེས་པ་འོག་གི ་དཀྱིལ་འཁོར།། ཤར་དུ་ཞེས་པ་སྟེང་གི་དཀྱིལ་འཁོར་དུ་རིམ་པ་བཞིན་དུ་ས་སྟེ་སཱ་དང་། རླུང་སྟེ་འདི་དག་ཕན་ཚུན་ཐབས་དང་ཤེས་རབ་ཏུ་འགྱུར་བ་གསུངས་པ། མཐེ་བོང་ཞེས་པ་ལ་སོགས་པ་སྟེ་མཐེ་བོང་སའི་རང་བཞིནོ།། མིང་མེད་ནི ་རླུང་གི་རང་བཞིན་ཏེ། འདི་དག་ཕྲན་ཚུན་ཐབས་དང་ཤེས་རབ་ཉིད། བཟུང་བ་དང་འཛིན་པའི་ངོ་བོ་སྔོ།། དེ་ལྟར་ན་རིགས་གཞན་དང་འཁྱུད་པས་འབྲས་བུ་འབྱུང་གི་རང་གི་རིགས་དང་འཁྱུད་པས་མ་ཡིན་ཏེ། རང་ལ་རང་གི་བྱ་བ་འགལ་བའི་ཕྱིརརོ།། ། ་སའི་ཁམས་ལས་བྱུང་བ་ནི་ལུས་ཀྱི་དབང་པོ་ཡིན་ལ། རླུང་གི་ཁམས་ལས་བྱུང་བའི་ཡུལ་རོག་བྱ་འཛིནོ།། དེས་ན་གསུངས་པ་མཐེ་བོང་དང་ནི་མིང་མེད་དག། ཅེས་པ་ལ་སོགས་པའོ།། དེ་བཞིན་དུ་གཡས་དང་གཡོན་གྱི་མེ་དང་ཆུ་ཐབས ་ཤེས་རབ་དུ་འགྱུར་བ་གསུངས་པ། གཡས་དང་ཞེས་བུ་ལ་སོགས་པ་སྟེ། འདིར་ཡང་མེའི་ཁམས་ལས་སྐྱེས་པ་ནི་ཡུལ་རོ་དང་ཆུའི་ཁམས་ལས་བྱུང་བའི་རོ་འཛིན་གྱིས་དབང་པོ་འཛིནོ།། དེའི་ཕྱིར་འཛུབ་མོ་དང་གུང་མོ ་རལ་གྲིར་འགྱུར་བས་སུ་མཆེ་བའི་ཕྱག་རྒྱ་ནི་ཟླ་བ་ཕྱེད་པའི་ཚུལོ།། གྲི་གུག་ཅེས་པ་གྲི་གུག་གི་ཕྱག་རྒྱ་ནི་མཐེའུ་ཆུ་ངོ་།། སྟོང་པ་སྟེ་སྟོང་པའི་དཀྱིལ་འཁོར་དང་མི་འགྱུར་པ་སྟེང་འོག་ཏུ་ཕན་ཚུན་ཐབས་དང་ཤེས་རབ་པོ།། དཀྱིལ་འཁོར་བཅུ་པོ ་དག་སྦྱོར།། ཞེས་པ་གཡོན་པ་དང་གཡས་པ་ནས་འབབ་པའི་དཀྱིལ་འཁོར་བཅུ་པོ་རྣམས་ཡང་དག་པར་སྦྱོར་བ་ནི་གཅིག་ཉིད་དུ་གྱུར་ཏེ་དབུ་མར་འབབ་པའོ།། དེའི་ཕྱིར་སོར་མོ་རྣམས་ནི་སྟེ། ས་ལ་སོགས་པའི་རང་བཞིན་ཅན་རྣམས་ཐལ་མོ ་སྦྱར་བ་སྤྱི་བོར་ནི། མགོ་བོར་བྱས་པ་རྡོ་རྗེ་རྩེ་གཅིག་པར་འགྱུར་རོ།། འདིས་དེ་དག་ཉེ་བར་མཚོན་པར་བྱའོ།། དབུས་མར་འབབ་པའི་སྦྱོར་བ་འཛག་པ་མེད་པའི་བདེ་བས་བྱང་ཆུབ་ཀྱི་སེམས་སྟེང་ནས་འབབ་པ་རྡོ་རྗེའི་རྩེ་མོར་བྱའོ།། དེ་ཁོ་ན་གྲི་གུག ་དང་བཅས་པ་སྟེ། མི་ཤེས་པ་གཅོད་པའི་རང་བཞིན་ཡིན་པའི་ཕྱིར།། ཕུང་པོ་ནི་རྣམ་པར་ཤེས་པ་ལ་སོགས་པ་རྣམསོ།། ཁམས་ནི་ས་ལ་སོགས་པ་རྣམསོ།། རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམསོ།། འདི་རྣམས་དབུས་མར་སོང་ན་གཅིག། ་ཉིད་དུ་སོང་བ་བདེན་པའོ།། །། འཆི་ལྟས་ཀྱི་མཚན་ཉིད་གསུངས་པ། གཡོན་པ་ཞེས་པ་ལ་སོགས་པ་སྟེ། གཡོན་པ་འམ་གཡས་པ་ལ་རིམ་པ་བཞིན་དུ། རླུང་ལྷག་པ་ཞག་གཅིག་དང་། དེ་བཞིན་དུ་ཞག་ལྔ ་གང་གི་ཚེ་འབབ་པ་དེའི་ཚེ་ལོ་གསུམ་གྱི་འཆི་བར་ལྟའོ།། འདི་དག་གི་བར་དུ་གཡས་པའི་རྩའི་འཆི་ལྟས་དེ་རྙེད་པ་བསྟན་ཏེ། ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ལྔ་རྒྱུ་ན། ལོ་གསུམ་གྱིས་འཆི་ཞིང་སྙིང་སྟོབས་ཟད་པར་བྱེད་ལ་ལོ་གཅིག ་དུ་མི་རྒྱུའོ།། སླར་ཡང་ལོ་ཕྱི་མ་ལ་རྡུལ་ཟད་པར་བྱ་བའི་དོན་དུ་ཉི་མ་བཅུ་རྒྱུའོ།། སླར་ཡང་མི་རྒྱུའོ།། སླར་ཡང་ལོ་ཕྱི་མ་ལ་མུན་པ་ཟད་པའི་དོན་དུ་ཉི་མ་བཅོ་ལྔ་ལ་རྒྱུའོ།། ཉི་མ་ཉི་ཤུ་རྒྱུན་ཚེ་ཟླ་བ་དྲུག། ཉི་མ་ཉི་ཤུ་རྩ་ལྔ་རྒྱུན་ཚེ་ཟླ་བ ་གསུམ།། འདིར་ནི་ཉི་མ་ཟླ་བའི་ཡོན་ཏན་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉི་མ་རྣམས་བསྟན་ཏེ། ཁྱིམ་ལྔ་པ་ཇི་སྲིད་པར་ལྔ་ཚན་ལྔ་པོ་དེས་འཕེལ།། དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག ་གིས་ལྷག་པའི་རིམ་པས་འཕེལོ།། ཞེས་པའོ།། ཁྱིམ་བདུན་པ་ལ་རྒྱས་པའི་དུས་ཏེ། གང་དུ་སྲོག་འཕེལ་བ་མེད་པར་གང་གིས་ཀྱང་བྱ་བར་མི་ནུས་ཏེ། ཁུ་བའི་ཁམས་ལ་འཆི་ལྷས་ཀྱི་རླུང་ཞུགས་པའི་ཕྱིརརོ།། དེ་ནས་རྒྱས་པའི་དུས ་ལས་ཁུ་བའི་ཁམས་ཟད་པའི་དོན་དུ་འདབ་མ་བརྒྱད་པ་ལ་སོགས་པ་ལ་རིམ་པས་ཉི་མ་སུམ་ཅུ་རྩ་གསུམ་རྒྱུའོ།། འདིར་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་ལ་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་མུ་འཁྱུད་གཉིས ་ས་ལ་སོགས་པ་ལ་བྲིས་ནས། མུ་ཁྱུད་དང་པོ་ལ་ཤར་ལ་སོགས་པར་ཆུ་སྲིན་ལ་སོ་ཌ་པ་དཱ་སྱེ་བཱི་ཁྱིམ་ལ་སོགས་པར་འཆི་ལྟས་ཀྱི་ཉི་མ་དང་། ཚེའི་ལྷག་མ་ལོ་དང་ཟླ་བ་དང་ཟླ་བ་དང་ཉི་མའི་དབྱེ་བས་དགོད་པ་གསུངས་པ། གསུམ ་གཉིས་ཤེས་བྱ་བ་ལ་སོགས་པའོ།། མཉམ་པ་ནི་ལོའོ།། ཟླ་བ་ནི་དྲུག་དང་གསུམ་དང་ཟུང་དང་ཟླ་བ་རྣམ་སོ།། ཉི་མ་ནི་རྗེས་དང་ཕྱོགས་དང་ལྔ་དང་ཡོན་ཏན་དང་། གཉིས་དང་གཅིག་གིས་དེ་བཞིན་དུ་ལུས་ཅན་རྣམས ་ཀྱི་ཚེ་འགྲོ་བར་འགྱུར་རོ།། མུ་ཁྱུད་གཉིས་པ་ལ་ཡང་མདོར་བསྟན་པ་ཙམ་གྱིས་རྗེསུ་རྟོག་པའི་ཕྱིར་དུ་ཉི་མ་འདོར་པ་བརྗོད་པར་བྱས་ཏེ། ཤྭར་ནི་སྐྱེ་བའི་ཁྱིམ་གྱི་འདབ་མའོ།། ལོ་ལས་བརྒྱད་ཅུ་ལྷག་པའི་སྟོང་ཕྲག་གི་ཉི་མའི་བདག་ཉིད ་ལས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མའི་ཚོགས་འདོར་བའོ།། དེ་ནས་འདབ་མ་དེ་སྟོངས་པར་བྱས་ནས་འདབ་མ་གཉིས་པ་ལ་ཉི་མ་ལྷག་པའི་ཚོགས་བཟུང་ནས། སྲོག་ནུས་པར་རབ་ཏུ་འཇུག་སྟེ། དེ་ཡང་རྒྱུ་བའི་ཉི་མ་དང ་བཅས་པ་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱའི་ཉི་མ་འདོར།། དེ་ནས་གཉིས་པ་སྟོངས་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་གཟུང་ནས་གསུམ་ལ་འཇུག་སྟེ། དེར་ཡང་། རྒྱུ་བའི་ཉི་མ་དང་བཅས་པ་བདུན་ཅུས་ལྷག་པའི་ཉི་མ་བརྒྱ་འདོ་རོ།། ་གསུམ་པ་སྟོངས་པར་བྱས་ཏེ། ཉི་མ་ལྷག་མ་རྣམས་གཟུང་ནས། བཞི་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་བརྒྱད་ཅུ་རྩ་གཉིས་འདོརོ།། དེའི་འདབ་མ་སྟོངས་པར་བྱས་ཏེ་ཉི་མ་ལྷག་མ་རྣམས་གཟུང་ནས་ལྔ ་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ལྔ་བཅུ་རྩ་བདུན་འདོར།། དེ་ནས་དྲུག་པར་ཉི་མ་ལྷག་མ་རྣམས་བཟུང་ནས་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བཅས་པ་ཉི་མ་ཉི་ཤུ་རྩ་བརྒྱད་འདོརརོ།། དེ་ནས་དྲུག ་སྟོངས་པར་བྱས་ཏེ། བདུན་པ་ལ་འཇུག་སྟེ། དེར་ཡང་འཕེལ་བའི་ཉི་མ་དང་བསྡུས་པ་ཉི་མ་ཉི་ཤུ་རྩ་བདུན་གྱི་ཚོགས་འཛིར།། བདུན་པ་སྟོངས་པར་བྱས་ཏེ། ཉི་མའི་ཚོགས་ལྷག་མ་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་སྟེ། ་དེར་ཡང་ཉི་མ་བཅོ་ལྔ་འདྲརརོ།། བརྒྱད་པ་སྟོངས་པར་བྱས་ཏེ། ཉི་མ་ལྷག་མ་ཉི་ཤུ་རྩ་གཅིག་གཟུང་ནས་དགུ་པ་ལ་འཇུག་སྟེ། དེར་ཡང་ཉི་མ་བཅུ་འདོརརོ།། ལྷག་མ་ཉི་མ་བཅུ་གཅིག་གཟུང་བས་དགུ་པ་སྟོངས་པར་བྱས་ཏེ། བཅུ་པ ་ལ་འཇུག་སྟེ། བཅུ་པ་ལ་ཉི་མ་ལྔ་དོར་ཏོ།། ལྷག་མ་ཉི་མ་དྲུག་བཟུང་ནས་ཉི་མ་གསུམ་འདོརརོ།། དེ་ནས་བཅུ་གཅིག་པ་སྟོངས་པར་བྱས་ཏེ། ཉི་མ་ལྷག་མ་གསུམ་གཟུང་ནས་བཅུ་གཉིས་པ་འཇུག་སྟེ། དེར་ཉི་མ་གཉིས་འདོར།། ཉི་མ་ལྷག ་མ་གཅིག་གཟུང་ནས་ལྟེ་བ་ལ་འཇུག། དེར་བརྒྱད་ཅུ་ལྷག་པའི་སྟོང་གི་གྲངས་ཀྱི་ཉི་མའི་དབུས་མའི་ལོ་གསུམ་གྱི་ཉིན་ཞག་གི་སྲོག་གི་ནུས་པ་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་འདོར་བའོ།། དེ་ནས་རྣམ་པར་ཤེས་པ་ཡང་འདོར་ཏེ། ་དབུགས་ཀྱི་འཁོར་ལོ་ལས་རྣམ་ཤེས་དང་སྲོག་གི་རླུང་གིས་ལྷན་ཅིག་འགྲོ་བ་གཞན་དུ་འཕོ་བྱའོ།། གཡོན་པའི་རྩའི་འཆི་ལྟས་བསྟན་པར་བྱ་སྟེ། རྩ་བ་ནས་ནི་ཞེས་པ་ལ་སོགས་པ་སྟེ། རྩ་བ་ནས་ནི་ཞེས་པ་སྲོག་གི་སྐྱེ་བའི་ཁྱིམ་གྱི ་ཉི་མ་ལས་རེ་རེས་ལྷག་པ་ནི་ཟླ་བ་འབྱུང་བ་སྟེ་འཕོ་བའི་དུས་ཀྱི་ཟླ་བའི་ཕྱོགས་ཀྱི་དབྱེ་བ་ལ་སོགས་པསོ།། འདིར་ཡང་སྔར་བཞིན་དུ་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་བྲིས་ནས། མུ་ཁྱུད་དང་པོ་ལ་འཆི་ལྟས་ཀྱི་ཉི་མ་དང་། མུ་ཁྱུད་གཉིས་པ ་ལ་ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་པོ་བཞག་པར་བྱའོ།། དེ་ནས་ཟླ་བ་གཅིག་མི་རྒྱུ་སྟེ། འཆི་ལྟས་ཀྱི་ཉི་མ་འཕེའོ།། ཟླ་བ་གཉིས་པའི་མཐར་ཟླ་བ་གསུམ་པ་ལ་འཇུག་པ་ལ། དེ་ཉིད་ཀྱི་འདབ་མུར་ཉི་མ་གཉིས་རྒྱུའོ།། ་དེ་ནས་ཟླ་བ་གསུམ་པ་ལ་ནི་རྒྱུའོ།། ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་ལ་འཇུག་པ་ན་ཉི་མ་གསུམ་རྒྱུའོ།། དེ་ནས་ཟླ་བ་དྲུག་པ་ལ་མི་རྒྱུའོ།། དེ་ལྟར་ཟླ་བ་དྲུག་གིས་འཆི་ལྟས་ཀྱི་ཉི་མ་གསུམ་པོ་རྣམས་ཏེ་བར་གྱི་ཉི་མ་གསུམ་རྣམས། ་མཐར་གཡས་པ་དབུས་མའི་འཆི་ལྟས་ཀྱི་ཆོས་ཅན་རྣམསོ།། དེ་ལྟར་ཟླ་བ་སུམ་ཅུ་རྩ་དྲུག་རྣམས་ལས་འཆི་ལྟས་ཀྱི་ཉི་མ་དང་བཅས་པའི་འཚོ་བའི་ཟླ་བ་དྲུག་སོངོ་།། དེ་ནས་འདབ་མ་དེར་སྲོག་གི་རླུང་མི་རྒྱུའོ།། དེ་ལྟར་ཉིན་མོ་དང ་མཚན་མོ་ལ་འཕོ་བ་བཅུ་གཅིག་ཏུ་འགྱུར་ཞིང་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་ཕྲག་གཉིས་ཀྱི་དབུགས་ཀྱིསོ།། འདབ་མ་ཡོངསུ་འདོར་བ་ཡིན་གྱི། དབུགས་ཀྱི་འཁོར་ལོ་ནི་དམན་པ་མེདདོ།། དེ་ནས་འདབ་མ་གཉིས་པ་ལ་ཟླ་བ་བདུན ་པ་དང་བརྒྱད་པ་དང་དགུ་པ་ལ་གྲངས་བཞིན་དུ། ཉི་མ་བཞི་དང་ལྔ་དང་དྲུག་རྣམས་རྒྱུའོ།། དེ་ནས་ཟླ་བ་སུམ་ཅུ་ལས་ཁྱིམ་ཕྱི་མའི་འཚོ་བའི་ཟླ་བ་གསུམ་སོ་ངོ་།། དེ་ནས་ཟླ་བ་ཉི་ཤུ་རྩ་བདུན་བཟུང་ནས་འདབ་མ་གསུམ་པ་ལ་ཀུན་ཏུ་སྤྱོདདོ།། ་འདབ་མ་བཅུ་ལ་འཕོ་བ་བཅུས་ཉིན་མོ་དང་མཚན་མོར་འགྱུརརོ།། ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་ཉི་མ་བདུན་དང་བརྒྱད་དང་དགུ་རྣམས་རྒྱུའོ།། ཟླ་བ་ཉི་ཤུ་རྩ་བདུན་རྣམས་ལས་ཟླ་བ་གསུམ་ཆད་པར་འགྱུརརོ།། དེ་ལྟར་སྔར་གསུངས་པའི་རྣས ་ལ་ཁྱིམ་གྱི་འདབ་མ་གསུམ་དོར་ཏེ། འདབ་མ་དགུ་པོ་རྣམས་ལ་འཕོ་བར་བྱེད།། དེ་ལྟར་ཉི་མ་བཅུ་དང་ཉི་མ་བཅུ་གཅིག་དང་ཉི་མ་བཅུ་གཉིས་རྒྱུའོ།། འདབ་མ་བཞི་པ་དོར་ཏེ་འཚོ་བའི་ཟླ་བ་ཉི་ཤུ་རྩ་བཞི་ལས་ཟླ་བ་གསུམ་ཆད་པར་འགྱུར་རོ།། དེ་ལྟར་ཉི ་མ་བཅུ་གསུམ་དང་ཉི་མ་བཅུ་བཞི་དྲང་ཉི་མ་བཅོ་ལྔ་ལའོ།། དེ་ནས་འདབ་མ་ལྔ་པ་དོར་ཏེ། འདབ་མ་བདུན་རྣམས་ལ་འཕོ་བར་བྱེད།། ཟླ་བ་ཉི་ཤུ་རྩ་ལྔ་གཅིག་ལས་ཟླ་བ་གསུམ་ཆད་པར་འགྱུརརོ།། དེ་བཞིན་དུ་ཉི་མ་བཅུ་དྲུག་དང་བཅུ་བདུན་དང ་བཅོ་བརྒྱད་རྣམས་ཟླ་བ་སོ་སོ་ལ་རིམ་པ་ཇི་ལྟ་བར་རྒྱུའོ།། འདབ་མུ་དྲུག་དོར་ཏེ་འདབ་མ་དྲུག་རྣམསུ་འཕོ་བར་བྱེད།། ཟླ་བ་བཅོ་བརྒྱད་ལས་འཚོ་བའི་ཟླ་བ་གསུམ་ཆ་།། ཉིན་ཞག་གཅིག་གི་དམན་པ་ཉི་ཤུ་དང་། ཉི་ཤུ་རྩ་གཅིག་རྣམས་ཟླ་བ ་སོ་སོ་ལ་རྒྱུ་སྟེ། ཁྱིམ་བདུན་པ་དོར་ནས་ཁྱིམ་ལྔ་རྣམསུ་འཕོ་བར་བྱེད།། ཟླ་བ་བཅོ་ལྔ་ལས་འཚོ་བའི་ཟླ་བ་གསུམ་ཚྭ་དོ།། དེ་ལྟར་ཉིན་ཞག་ཉི་ཤུ་རྩ་གཉིས་དང་ཉི་ཤུ་རྩ་གསུམ་དང་ཉི་ཤུ་རྩ་བཞི་རྣམས་རིམ་པ་བཞིན་དུ་རྒྱུ་སྟེ། འདབ་མ ་བརྒྱད་པ་སྤངས་ཏེ་འདབ་མ་བཞི་པོ་རྣམསུ་འཕོ་བར་བྱེའོ།། ཟླ་བ་བཅུ་གཉིས་ལས་འཚོ་བའི་ཟླ་བ་གསུམ་ཆ་།། དེ་ལྟར་ཉིན་ཞག་ཉི་ཤུ་རྩ་ལྔ་དང་། ཉི་ཤུ་རྩ་དྲུག་དང་། ཉི་ཤུ་རྩ་བདུན་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་དགུ་པོ་དོར་ཏེ། འདབ་མ ་གསུམ་པོ་རྣམསུ་འཕོ་བར་བྱེད།། ཟླ་བ་དགུ་པོ་རྣམས་ལས་འཚོ་བའི་ཟླ་བ་གསུམ་ཆད།། དེ་བཞིན་ཉིན་ཞག་ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་རྩ་དགུ་དང་སུམ་ཅུ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར། འདབ་མ་གཉིསུ་འཕོ་བར་བྱེདདོ།། ཟླ་བ ་དྲུག་ལས་འཚོ་བའི་ཟླ་བ་གསུམ་ཆད་དོ།། ཉིན་ཞག་སུམ་ཅུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་དང་སུམ་ཅུ་རྩ་གསུམ་རྣམས་གང་གི་ཚེ་རྒྱུ་བ་དེའི་ཚེ་འདབ་མ་བཅུ་པ་དོར་ཏེ། འདབ་མ་བཅུ་གཅིག་པར་འཕོ་བར་བྱེད།། ཟླ་བ་གསུམ་ལས ་འཚེ་བའི་ཉིན་ཞག་དགུ་བཅུ་རྣམས་ཀྱིས་ཆད་པར་འགྱུར།། དེ་ནས་སྔར་གྱི་འདའ་མར་མི་རྒྱུ་བ་ཉིན་ཞག་གསུམ་ལས་འདབ་མ་བཅུ་གཉིས་པར་ཉིན་ཞག་གཉིས་རྒྱུའོ།། དེ་ནས་འདབ་མ་བཅུ་གཉིས་པ་དོར་ཏེ། དེ་ནས་ལྟེ་བ་ལ་ཉི་མ་གཅིག་རྒྱུ་སྟེ། ཇི་སྲིད ་དུ་སྲོག་གི་དབུགས་ཀྱི་འཁོར་ལོ་རྣམ་པར་ཆད་པར་གྱུར་གྱི་བར་དུའོ།། དེ་ལྟར་གཡོན་པའི་འཆི་ལྟས་ཀྱི་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བར་འགྱུར་རོ།། དབུས་མར་རྒྱུ་བ་གསུངས་པ། དབུས་མ་ཞེས་པ་ལ་སོགས་པ་སྟེ། དུསུ་འཆི་བ་ནི་ལོ་བརྒྱ ་རྫོགས་པ་ལ་དབུ་མར་རྒྱུ་བ་སྟེ། མཉམ་དང་མི་མཉམ་ཉིན་ཞག་གིས་ནི། ཁྱུ་མཆོག་ལ་སོགས་པ་དང་ལུག་ལ་སོགས་པ་མ་ལ་སྐྱེས་པས་དཀྱིལ་འཁོར་ས་ལ་སོགས་པ་རྣམསོ།། ཕྱོགས་གཉིས་རྣམ་པར་མཉམ་པའི་ཕྱིར་ནི། གང་གཡས་དང ་གཡོན་པའི་ཕྱོགས་གཉིས།། གཞན་དུ་ཞེས་པ་ལ་སོགས་པ་ནི་གོ་བླའོ།། འཆི་བ་བསླུ་བའི་དོན་དུ་གསུངས་པ། འཆི་ལྟས་མཚན་ཉིད་ཅེས་པ་ལ་སོགས་ཏེ། སྲོག་ནི་ཏེ་སྲོག་གི་རླུང་དཔྲལ་བར་གཞུག་པར་བྱའོ།། ཀུན་སྤངས་གོ་འཕངས་ནི་དབུ་མར ་རྒྱུ་བ་ཉིད།། གཞན་དུ་ཞེས་པ་གལ་ཏེ་ཟླ་བ་དང་ཉི་མར་འགྲོ་བ་འགོག་པ་དང་། རྡོ་རྗེ་བསླང་བ་མེད་ན་དེའི་ཚེ་ཀུན་སྤངས་མའི་ལམ་དུ་སྲོག་གི་རླུང་མི་འཇུག། འོག་ཏུ་ཡང་ཐུར་སེལ་གྱི་རླུང་དུང་ཅན་མར་མི་འཇུག། དེ་ལྟས་ཅིར་འགྱུར་ཞེ་ན་གསུངས་པ། ་དེ་མ་ཞུགས་ན་འཆི་བ་ཡིན་ཏེ། སྲོག་དང་ཐུར་སེལ་གྱི་རླུང་དེ་དག་ཀུན་སྤངས་དང་། དུང་ཅན་མར་མ་ཞུགས་ན་འཆི་བ་ཁོ་ནའོ།། །། དགའ་བ་རྣམས་ཀྱི་དབྱེ་བ་གསུངས་པ། ཁུ་བ་ཞེས་པ་ལ་སོགས་པ་སྟེ། གཙུག ་ཏོར་ནས་ཞེས་པ་ནི་དེའི་སྐབས་ནསོ།། མཛོད་སྤུའི་པདྨ་རུ་ནི་སྨིན་མའི་དབུསུ་ཁུ་བ་འོངས་པ་དགའ་བ་སྟེ་དང་པོའོ།། དེ་ནས་མགྲིན་པ་དང་སྙིང་ཁར་མཆོག་ཏུ་དགའ་བ་སྟེ་གཉིས་པའོ།། དེ་ནས་རྣམ་པར་དགའ་བ་ནི་རྩེ་བ་དང་དམ་དུ་འཁྱུད་པ ་དང་ཤིང་ཡིག་དང་། མགྲིན་པའི་ཀླུ་ཛ་ན་ལ་སོགས་པའི་མཚན་ཉིད་ལྟེ་བ་དང་གསང་བར་བྱང་ཆུབ་ཀྱི་སེམས་སོང་བ་སྣ་ཚོགས་པའི་དགའ་བ་སྟེ་གསུམ་པའོ།། གསང་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་ནི ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་བཞི་པའོ།། དེ་ཡང་རབ་ཏུ་མི་གནས་མྱ་དྲན་འདས་ཏེ། རབ་ཏུ་མི་གནས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའི་དངོས་པོ་མེད་པའི་ཕྱིརརོ།། འཁོར་བ་པའི་ཆགས་པ་ཟད་པའི་ཕྱིར་ཆགས་པ་ཆེན་པོ ་སྟེ། ལུས་མེད་རྡོ་རྗེ་ནི་མི་འགྱུར་བའོ།། མངའ་བདག་ནི་ཁམས་གསུམ་གྱི་ཁྱབ་བདག་སྟེ། ཐམས་ཅད་དེའི་གོ་འཕངས་འདོད་པ་དང་། མངོན་པར་འདོད་པའི་ཕྱིར།། སླར་ཡང་མྱ་ངན་ལས་འདས་པ་དང་། རབ་ཏུ་གནས་པ་གང་ཞེ་ན ་གསུངས་པ། ཆགས་བྲལ་ལས་གང་ཞེས་པ་ལ་སོགས་པ་ནི་གོ་བླའོ།། དེ་ཉིད་རྒྱས་པར་གསུངས་པ། ས་བོན་ཉིད་ཟླ་བ་སྟེ། བདུད་རྩི་ཡིན་པའི་ཕྱིར་ཏེ་དེ་གཙུག་ཏོར་དུ་ཤ་རོ།། དཔྲལ་བར་གང་བའོ།། དགའ་བ་དང་པོ་ལ་སོགས་པའི ་དབྱེ་བས། དཀར་པོའི་ཚེས་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་མཚན་ཉིད།། མདོར་བསྟན་པ་ཙམ་གྱིས་རྗེ་སུ་བརྗོད་པའི་ཕྱིར།། མགྲིན་པ་དང་སྙིང་ཁར་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ ་དང་བཅུ་པ་ཞེས་པ་སྟེ་གང་བ་གཞནོ།། ལྟེ་བ་དང་གསང་བར་བཅུ་གཅིག་པ་དང་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་ཞེས་པ་སྟེ། གོང་བ་གསུམ་པའོ།། འདིར་དགའ་བའི་སོགས་པས་དབྱེ་བས་གང་བ་གསུམ ་དུ་འགྱུར་ཏེ། གསང་བར་བྱང་ཆུབ་ཀྱི་སེམས་སོང་བས་ཁྱད་པར་གྱི་དགའ་བའི་དགའ་བ་ལས་གང་ཆ་བཅུ་དྲུག་པ་དེ་ནི་རྡོ་རྗེ་ནོར་བུའི་པདྨའི་རྩེ་མོར་སོང་བར་གྱུར་པའོ།། དེ་ནས་གྱེན་དུ་ནག་པོའི་ཚེས་གཅིག་འོངས་ནས་ཆགས་བྲལ ་ལ་འཇུག་པའི་དུས་ཏེ་འཕྲོ་བའི་དུསུ་འགྱུརརོ།། དེ་ནས་ཆགས་པ་དང་བྲལ་བས་ཉི་མ་མཛོད་སྤུའི་གནས་འགྲོའོ།། ཉི་མ་དེའི་ཆ་ནི་བཅུ་དྲུག་པ་གཙུག་ཏོར་གྱི་པདྨར་སོང་བས་ན་འདིར་ནི་ཟླ་བ་ཟད་པར་བརྗོད།། ཉི་མ་རྡུལ་གྱི་རང་བཞིན ་གྱིས་སྒྲིབ་པར་བྱེད་པའི་ཕྱིརརོ།། དེས་ན་འདོད་ཆགས་བདེ་བས་ཆགས་པ་དང་བྲལ་བར་འགྱུར་རོ།། དེའི་ཕྱིར་དེ་སྤང་བར་བྱའོ།། འཆི་བ་ན་ནི་འཆི་བའི་དུས་སུའོ།། ལུས་ཅན་ཐམས་ཅད་ནི་ལྷ་དང་ལྷ་མ་ཡིན་དང་མི་རྣམ་སོ།། ཟླ་བའི ་བདུད་རྩི་ནི་བྱང་ཆུབ་ཀྱི་སེམ་སོ།། ཐུར་དུ་ནི་ཁུ་བའི་ལམ་དུ་འགྲོའོ།། ཉི་མ་ཉིད་རྡུལ་ཏེ་རྡུལ་ནི་ཆོས་ཉིད་ཀྱི་སྟེང་དུ་འགྲོའོ།། སྒྲ་གཅན་དང་རྣམ་ཤེས་ནི་མ་རིག་པའི་སྲོག་དང་། ཀུན་གཞི་རྣམ་ཤེསོ།། སྲིད་པའི་མཚན་ཉིད་དེ་ནི་བདེ་བ ་དང་སྡུག་བསྔལ་ལ་སོགས་པའི་ལས་ཀྱི་མཚན་ཉིད་དུ་འགྱུར་རོ།། གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ཏེ་རྒྱུ་དེའི་ཕྱིར་ཟླ་བའི་བདུད་རྩི་སྟེ་ཁུ་བའི་ཁམས་སྟེང་དུ་སྟེ་གྱེན་དུ་འགྲོ་བར་བྱ་བ་ནི་མན་ངག་ལསོ།། འོག་ཏུའང་ཉི་མའི་རྡུལ་འགྲོ་བ་དང་། ་སྒྲ་གཅན་གྱི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་མི་འགྱུར་བའི་བདེ་བར་འགྲོ་བྱར་བྱའོ་ཞེས་པའོ།། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཏུ་སྤྱོད་པར་འགྱུརརོ།། ཞེས་པ་བལྟ་བར་བྱ་སྟེ། མཛོད་སྤུའི་ཞེས་པ་ལ་སོགས་པ་སྟེ། ཟླ་བའི ་བདུད་རྩི་ནི་ཁུ་བའི་ཁམསོ།། ཉ་བ་ནི་གང་བ་ཉིད་སངས་རྒྱས་རྣམས་ཀྱི་མཛོད་སྤུའི་ཆུ་སྐྱེསུ་འགྱུར་རོ།། ཉི་མའི་རྡུལ་ནི་གནམ་སྟོང་ལ་གསང་བར་འགྱུར་རོ།། དེ་དག་ནི་ཟླ་བ་དང་ཉི་མ་སྟེ་ཆ་ནི་རིམ་པ་བཞིན་གཙུག་ཏོར་དང་རྡོ་རྗེ་ནོར་བུ་སྟེ། ་སངས་རྒྱས་རྣམས་ཀྱི་སའོ།། མཚན་ཡང་དག་པར་བརྗོད་པ་ལས་དེ་གསུངས་པ། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་འཐེབས་སེན་མོའི་ཁྱོན་གྱིས་ཀྱང་།། ཚངས་པའི་སྒོ་ངའི ་རྩེ་ནས་གནོན་ཞེས།། རྡོ་རྗེའི་ཚིག་ནི་ཡེ་ཤེས་ཀྱི་ཚི་གོ། ཕྱིན་ཅི་ལོག་ནི་གནས་པ་ཞེས་པའི་དོན་ཏོ།། མི་གནས་པ་ནི་སླར་ཡང་ཇི་ལྟ་བུ་ཡིན་ཞེ་ན། གསུངས་པ། མི་གནས་ཤེས་པ་ལ་སོགས་པ་སྟེ། ཁམས་རྣམས་ནི་ས་ལ་སོ ་པ་རྣ་སོད་ཕྱིན་ཅི་ལོག་ཏུ་འགྱུར་བ་ནི། སྒྲིབ་པ་མེད་པ་ཉི་དུ་འགྱུར་བའོ།། གཞན་དུ་ཁམས་རྣམས་དབྱེ་བ་མེདོ།། མགོ་བོ་ལས་འབབ་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་རྣམས་གྱེན་དུ་རིམ་པས་གང་བར་གྱུར་པའི ་སྐུ་བཞིའི་རྣམ་པར་དག་པ་གསུངས་པ། ནོར་བུར་ཞེས་པ་ལ་སོགས་པ་སྟེ། བདེ་ཆེན་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལསོ།། ཕྱིན་ཅི་ལོག་གིས་གང་སྒྲའི་ཐིག་ལེ་དེ་ཏུ་རྱ་ཟད་པ་ཉིད་དག་པའི་སྐུ་སྟེ་དེ་ཡང་རྡོ་རྗེའི་རྩེ ་མོར་གནས་པའོ།། དེའི་ཕྱིར་ནོར་བུར་ཐུགས་ཏེ་གཉིད་འཐུག་པོ་ཟད་པའོ།། གསང་བར་གསུང་སྟེ་རྨི་ལམ་ཟད་པའོ།། ལྟེ་བར་སྐུ་སྟེ་སད་པའི་གནས་སྐབས་ཟད་པའོ།། དེ་དག་ཀྱང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ ་དག་པའི་སྐུ་ལས་སྤྲོ་བར་བྱེད།། འོག་ཏུ་ཐབས་གྱུར་ཞེས་པ་འོག་ཏུ་རྡོ་རྗེའི་རྩེ་མོ་ལས་གང་ཞིག་སྐུ་རྣམས་སྤྲོ་བར་བྱེད་པ་དེ་ནི་ཐབསུ་འགྱུར་རོ།། ཤེས་རབ་ནི་སླར་ཡང་སྟེང་དུ་འགྱུརརོ།། དེ་དག་བསྟན་པར་བྱ་སྟེ། དཔྲལ་བར་ཞེས་པ་ལ ་སོགས་ཏེ། འདིའི་ཤེས་རབ་ཀྱི་སྐུ་རྡོ་རྗེ་ནི་དཔྲལ་བར་སྟེ་སྔར་བཞིན་དུ་ཕྱིན་ཅི་ལོག་གིསོ།། དེ་བཞིན་དུ་མི་གྲིན་པ་དང་། སྙིང་ཁ་དང་། ལྟེ་བའི་འདམ་སྐྱེས་ལ་རིམ་པ་བཞིན་དུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཏེ། དེས ་སྤྲུལ་པ་ལ་སོགས་པ་རྣམས་སྤྲོ་བར་བྱེད་ཅེས་པའོ།། མི་འགྱུར་བའི་བདེ་བ་སྤེལ་བའི་དོན་དུ་གསུངས་པ། ལས་ཀྱི་ཞེས་པ་ལ་སོགས་པའོ།། འདི་སྙམ་དུ་འཕེལ་བ་ནི་ཐམས་ཅད་དུ་འཕེལ་བར་འགྱུར་རམ་ཞེ་ན་གསུངས་པ། འཕེལ་བ ་མེད་པར་འགྱུར་ཞེས་པའོ།། འདི་ལྟར་གང་འཕེལ་བ་དེས། ངེས་པར་ཟད་པར་འགྱུར་གྱིས་གཞན་དུ་ན་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ།། རྟག་པའི་དོན་མ་ཡིན་ན་ཡང་གང་ཞིག་ཡོད་པ་གང་གིས། དེའི་རྟག་པ་ཉིད་ཡོངསསུ་བརྟག་པར་བྱ་སྟེ། ་ཆོས་ཐམས་ཅད་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིརརོ།། དེ་ལྟ་མོད་ཀྱི་སྐྱེ་བ་འགག་པ་ཁོ་ན་དེའི་རང་བཞིན་དུ་འགྱུར་བ་ལ་སྐྱོན་ཅི་ཡོད་ཅེས་བསམ་པར་གྱུར་ན་གསུངས་པ། ཆོས་རྣམས་རང་བཞིན་མེད་པར་ནི་ཞེས་པ། ཆོས་རྣམས ་ཀྱི་གང་གི་རང་བཞིན་དངོས་པོ་མེད་པའི་ཟད་པ་འབྱུང་བ་གང་ཡིན་པ་དེ་སྒྱུ་མ་བཞི་ནོ།། དེ་ཁོ་ན་འབྱུང་བ་རྣམས་ཟད་པར་མི་འགྱུར་ཞིང་སྐྱེ་བ་མེད་ཅེས་པའོ།། ལྡན་པ་དང་བྲལ་བ་ཙམ་ཉིད་ཀྱི་ཕྱིརརོ།། མཐུན་པ་ལ་སོགས་པ་བསྒོམ་པ་གསུང ་པརང་གི་ཤེས་རབ་ཅེས་པ་ལ་སོགས་ཏེ། རང་གི་ཤེས་རབ་མ་རྣམ་པ་གསུམ་གྱི་མཚན་ཉིད་ཀྱིས་སེམས་ལ་འཁྱུད་པས་པདྨ་སྟེ་གསང་བར་སོང་བ་ནི་ནོར་བུའི་པདྨ་དེར་ཟླ་བ་སོང་བ་མཐུན་པའི་གཟུགས་ཀྱི་མཐུན་པ་བསྒོམ་པའོ།། ་དེ་ཁོ་ན་ལ་ནོར་བུར་གང་གི་ཚེ་མི་མཐུན་པར་གྱུར་པ་དེའི་ཚེ་མི་འགྱུར་བ་བསྒོམ་པའོ།། ལུས་ངག་སེམས་ཀྱི་རྩ་བ་རྣམས་ལ་ནི་གཡོན་པ་དང་གཡས་པ་དང་དབུས་མའི་རྩ་རྣམས་ལ་ལུས་ངག་སེམས་ནི་བསྒོམ་པར་བྱ་ཞེས་པའོ།། གང་གི་ཚེ་བླ་མ ་དམ་པའི་མན་ངག་གིས་སྨིག་རྒྱུ་ལ་སོགས་པའི་ལམ་དུ་ཞུགས་པ་དེའི་ཚེ་རྩ་གསུམ་ཡོངསུ་དག་པར་འགྱུར་རོ།། དེ་རྣམས་ལེགས་པར་ཡོངསུ་དག་པ་ན། གལ་ཏེ་ལུས་ཀྱི་རྩ་རྣམས་སྲོག་རྒྱུ་བ་དེ་ལྟར་དུ་ཡང་སྲོག་རྩོལ་བྱའོ།། དེ་ནི་སྐུ་བསྒོམ་པའོ།། ་དེ་བཞིན་དུ་གསུང་གི་རྩར་གསུང་བསྒོམ་པར་བྱའོ།། ཐུགས་ཀྱི་རྩར་དབུས་མར་ཐུགས་བསྒོམ་པར་བྱའོ།། ཞེས་པའོ།། གང་གི་ཚེ་དུང་ཅན་མ་ལ་སྟེ། ཁུ་བའི་རྩ་ལ་ཡེ་ཤེས་བསྒོམ་པ་ནི་མི་འགྱུར་བ་བསྒོམ་པ་སྟེ། གྱུར་ཏེ་དེའི་ཚེ ་བསྡུས་པ་ནི་གཅིག་ཉིད་དུ་གྱུར་པའོ།། རྡོ་རྗེ་གསུམ་ནི་རྩ་གསུམ་རྣམསོ།། ཐིག་ལེ་བཞིའི་བཅིང་བ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་ཏེ། ཤེས་རབ་ཆགས་པས་ཞུ་ཞེས་པ་གཏུ་མོ།། འབར་བས ་ཞུ་བའོ།། མགོ་བོ་ངེས་དཔྲལ་བ་ལས་རྫོགས་པའི་གོ་འཕང་སྟེ། གསང་བ་གནསུ་དོན་དམ་པས་ནི་བཅིང་བར་བྱ་ཞེས་པ་ནི་སྲོག་འགྱུར་བ་མེད་པའི་བདེ་བས་བཅིངས་པའོ།། བག་ཆགས་ནི་སྒྲིབ་པའོ།། དེ་གསལ་བས་ནི་སྤངས་པ་གང ་ཡིན་པ་སྟེ། དེ་རྫོགས་པ་ཡིན་གྱིས་ཟླ་བ་ནི་ཆད་པ་ཡང་མེད་ཅིང་དེའི་རྫོགས་པ་ཡང་མེད་དོ།། དེ་བཞིན་དུ་རིམ་པས་ཡེ་ཤེས་འཆར་བ་ནི་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་ས་རྣམས་ཀྱིས་འཆར་བ་ལ་སོགས་པས་སྟེང་དུ་གཙུག་ཏོར ་དུ་བརྗོད་པར་འགྱུར་རོ།། ཉོན་མོངས་པ་ཞེས་བྱ་བ་ནི་སྒྲིབ་པ་རྣམས་ཡིན་ལ། བཅོམ་པ་སྟེ་སྤངས་པ་ནི་རྫོགས་པ་ཡིན་ལ་ཡེ་ཤེས་ནི་ཆད་པ་མེད་ཅིང་དེ་ལ་རྫོགས་པ་ཡང་མེདོ་ཞེས་པའོ།། དབུསུ་རི་བོང་གི་མཚན་ནི་དེའི་དབུསུ་རི་བོང་གི ་མཚན་པའོ།། དེས་ན་ཉལ་རི་བོང་ཅན་མི་གནས་ཏེ་ཆོས་གཅིག་ལ་ཞུགས་པའི་དུས་ཟད་པར་འགྱུར་བའི་ཕྱིར།། དེ་བཞིན་དུ་སེམས་ལ་མི་འགྱུར་བའི་བདེ་བ་མི་གནས་ཏེ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་ཀྱིས་དེ ་འཁྱུད་པའི་ཕྱིརརོ།། འགྲོ་བ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་ལ་རྫོགས་པ་གནས་པ་ཡིནོ་ཞེས་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ།། སྐད་ཅིག་གཅིག་གི་རྫོགས་སངས་རྒྱས་ནས་གང་གི་ཚེ་རྫོགས་པ་ལ་ནི་སྟེ། གས་@ ་པདྨ་ལ་མི་གཡོ་བའི་སེམསུ་འགྱུར་བ་དེའི་ཚེ། དེ་དག་སེམས་ཀྱི་རྡོ་རྗེ་རྡོ་རྗེ་ནོར་བུ་སྒྱུ་འཐུན་པས་སྐད་ཅིག་མ་ཐམས་ཅད་རྫོགས་པ་ནི་དབུགས་ཁྲི་ཕྲག་གཉིས་དང་བརྒྱད་བརྒྱ་གཉིས་ཀྱི་མཚན་ཉིད།། དེ་བཞིན་དུ་འདིའི་སེམས་དཀར་པོའི ་ཕྱོགས་ཆགས་པ་ལ་མི་གནས།། དཀར་པོ་མིན་པའི་ཕྱོགས་བྲལ་དུའང་མི་འགྲོའོ།། དེ་ཉིད་ཀྱིས་ནི་ཕྱོགས་གཉིས་པོའི་དབུསུ་གནས་ཏེ་རྫོགས་པར་གཤེགས་པ་གཉིསུ་མེད་པ་རབ་ཏུ་མི་གནས་པའོ།། མཚན་ཡང་དག་པར་བརྗོད ་པར་དེ་གསུངས་པ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་སྐད་ཅིག་ཐམས་ཅད་མངོན་པར་རྟོགས་ཤེས་པ་དང་། ཆ་མེད་ཆ་ལས་འདས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཆང་ཞེས།། འཁོར་བ་པའི་རིམ་པས ་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ། དེའི་བྱང་ཆུབ་ཀྱི་སེམས་དེ་གཙུག་ཏོར་ལས་འབྱུང་བ་རྡོ་རྗེ་ནོར་བུར་རྫོགས་པར་འགྱུརརོ།། དགའ་བྲལ་ཆགས་པས་ཆ་བཅོམ་པ་ནི་ཆ་བསགས་པ་དེ། རྡོ་རྗེའི་རྩེ་མོ་ལ་ལྷུང་བར ་བར་འགྱུརརོ།། དེ་ནས་བཅོམ་པ་སྟེ་ཆགས་བྲལ་གྱི་རྫོགས་པ་ཉིད་སླར་ཡང་དེ་བཞིན་དུ་འབྱུང་སྟེ། སླར་ཡང་ནོར་བུར་རྫོགས་པར་འགྱུརརོ།། ཆགས་བྲལ་བཅས་པས་ཆུ་བཅོམ་པ་ཡིན་གྱི། ལུས་ཅན་རྣམས་ཀྱི་ཡེ་ཤེས་བཅོམ་པ ་ནི་མ་ཡིན་ཞེས་པའོ།། ཡེ་ཤེས་བཅོམ་ན་འཆི་བ་ཁོ་ནའོ།། རྫོགས་པའི་སྒྲ་ཡི་དོན་གསུངས་པ། འདི་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེ་རྫོགས་པའི་སྒྲས་བརྗོ་།། བདེ་བ་ཆེན་པོའི་རང་བཞིན་རྣམ་པར ་བསྟན་པ་ལས་གཞན་མ་དངོས་པོའི་མཐའ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་བསྐྱེད་དང་སྲུང་བའི་བྱེད་པ་པོ་ནི་སྐྱེ་བ་དང་འགགས་པའི་མཚན་ཉིད།། དེ་ཉིད་གསལ་བར་བྱ་སྟེ། སྲིད་ནས་ཤེས་བྱ་བ་ལ་སོགས ་པ་སྟེ། རང་ཕྱོགས་གཉིས་ལ་ནི་དཀར་པོ་དང་། ནག་པོ་དག་གོ། བསྐྱོད་པ་གཉིས་ལ་བྱང་དང་ལྷོ་དག་གོ།། འདི་ནི་ཞེས་པ་བྱང་ཆུབ་ཀྱི་སེམསོ།། གཡོ་བ་མེད་པར་རྫོགས་པ་ནི།། གསང་བའི་པདྨའི་སྟེང་དུ་ས་རྣམས་ཀྱིས་ཡོངསུ་རྫོགས་པའོ།། ་ཉི་ཁྲི་ཞེས་པ་ལ་སོགས་པ་སྟེ། དོན་རྣམ་པར་བཤད་པ་ནི། ཕྱོགས་གཉིས་ནི་གཡོན་པ་དང་གཡས་པའི། ལུག་དང་ཁྱུ་མཆོག་ལ་སོགས་པ་ཁྱིམ་བཅུ་གཉིས་ཀྱི་མཚན་ཉིད་།། མནན་པ་སྟེ་འགགས་པ་ནི། བདེན་དོན་རྣམ་པ་བཅུ ་གཉིས་ལྡན་ཏེ། ས་བཅུ་གཉིས་ལྡན་ཏེ། ས་བཅུ་གཉིས་ཐོབ་པའོ།། རྣམ་པ་བཅུ་དྲུག་མི་འགྱུར་བ་ནི་འཁོར་བ་པའི་ཆ་བཅུ་དྲུག་ཟད་པའོ།། གཉི་སུ་མེད་པའི་མཆོག་ནི། ལས་ཀྱི་རླུང་འགྲོ་བ་དང་བྲལ་ཞིང་རྟོག་པ་མེད་པའོ།། དོན་གཅིག ་གཉི་སུ་མེད་པའི་ཆོས་ནི། དེ་དག་དོན་གཅིག་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིར།། ཆགས་བྲལ་དང་པོ་ཆགས་པ་ཆེ།། ཞེས་པ་ནི་དབང་གི་སྐད་ཅིག་བཞི་པའོ།། མཚན་ཡང་དག་པར་བརྗོད་པ་ལས། དེ་དག་གསུངས་པ། ཆགས ་བྲལ་དང་པོ་ཆགས་པ་ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ་ཞེསོ།། མ་འདྲེས་པ་ནི་རྙོག་པ་མེད་པ་སྟེ། ཕྱོགས་གཉིས་མེད་པའི་ཕྱིརརོ།། བཟུང་བའི་སེམས་དང ་འཛིན་པའི་སེམས་གཅིག་ཏུ་བལྟ་བར་བྱའོ།། ཇི་ལྟར་ཞེས་པ་ཉེ་བར་བསྟན་པ་སྟེ། ཆུ་ཀླུང་གི་ཆུ་རྣམས་རྒྱ་མཚོར་རབ་ཏུ་ཞུགས་ན་དེར་མཉམ་པ་ཉིད་དུ་འགྱུརརོ།། དེ་བཞིན་དུ་དངོས་པོའི་ཚོགས་འདི་ནི། ཞེས་པ་བརྟན་པ་དང་གཡོ་བའི་བདག ་ཉིད་རྣམས་མི་འགྱུར་བ་སྟེ་རྣམ་པ་ཀུན་ལྡན་གྱི་གཟུགསུ་མཉམ་པ་སྟེ། མཚུངས་པའི་མི་འགྱུར་བར་འགྱུར།། དེ་ཉིད་སླར་ཡང་དཔེ་ཡིས་མཚུངས་པ།། ཁམས་ཀྱི་ཚོགས་འདི་ནི་ལྕགས་ལ་སོགས་པ་རྣམས་རོ་ཡིས་དངུལ་ཆུའི་ཟོས་པས ་ཇི་ལྟར་རོ་ཉིད་དུ་འགྱུར་ཏེ། དེ་དག་མཚུངས་པར་འགྱུར་རོ།། ཇི་ལྟར་ཡང་རུང་སྟེ་ཀོ་དྲ་བ་ལ་སོགས་པས། ས་ལ་སོགས་པའི་ཁམས་ཀྱིས་ཚིགས་ཟོས་པས་ས་བོན་གྱི་རང་བཞིན་ཉིད་དུ་འགྱུར་རོ།། དེ་ཡང་འབྲས་བུའི་དུ་སུ་སྟེ། འབྲུ་སྐྱེ ་བའི་དུསུ་ང་རྒྱལ་མེད་པ་སྟེ་ཀུན་བརྗོད་པ་དང་བྲལ་བར་འགྱུརརོ།། དེ་ལྟར་དངོས་པོའི་ཚོགས་ཀྱང་ནི་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཅན་རྣམས་མཆོག་ཏུ་མི་འགྱུར་བས། ཟོས་ན་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་སྒྲིབ་པ་མེད་པར ་བྱས་ན། མཆོག་ཏུ་མི་འགྱུར་ཉིད་དུ་འགྱུར།། རྣམ་པ་ཐམས་ཅད་པའི་རང་བཞིན་འཛིན་པར་འགྱུརརོ།། ཞེས་པའི་དོན་ཏོ།། དུག་གི་དཔེས་བདེ་བས་ཁྱབ་པ་ཉིད་གསུངས་པ། མཆེ་བ་ཞེས་པ་ལ་སོགས་པ་སྟེ། རྫོགས་པའི་གནས་སྐབས ་ན་ཁྱབ་པ་ཉིད་འགྱུར་བའི་དུག་ནད་པས་སོའི་རྩེ་མོ་མཆེ་བའི་ཤུལ་དུ་ཚོར་བ་སྡུག་བསྔལ་དུ་མི་རིག་སྟེ། གཞན་དུའང་སྟེ་ལུས་ཀྱི་གནས་འགའ་ཞིག་ཏུ་རིག་པ་ཡང་མ་ཡིནོ།། ཡུལ་གཟུགས་ལ་སོགས་པ་རྣམས་དབང་པོའི་སྒོ་མིག་ལ ་སོགས་པ་རྣམས་ཀྱི་ཚོར་བའང་མ་ཡིནོ།། དེ་བཞིན་དུ་སེམས་ནི་རྫོགས་པའི་ཆ་གྱུར་ན་སྟེ། ཁྱབ་པ་ཉིད་དུ་གྱུར་པས་རྣལ་འབྱོར་པའི་དམ་པའི་བདེ་བ་རྡོ་རྗེ་ནོར་བུར་མྱོང་བ་མིན་ཞིང་། གཞན་དུ་མིན་ཏེ་ཡུལ་རྣམས ་དབང་པོའི་སྒོ་རྣམས་ཀྱིས་མ་ཡིན་ཞེས་པའོ།། འཁོར་ལོ་སྡོམ་པར་གསུངས་པ། ཀུན་ཏུ་ཕྱག་དང་ཞབས་ལ་སོགས།། ཀུན་དུ་དབུ་དང་སྤྱན་དང་ཞལ།། ཀུན་དུ་ཐོས་ལྡན་འཇིག་རྟེན་ན།། ཐམས་ཅད་ཁྱབ་སྟེ་རྣམ་པར་བཞུགས་ཤེས།། ཕྱོགས ་གཅིག་ཏུ་གནས་པའང་བ་སྤུའི་ཁུང་བུ་དང་ཚིགས་ཀྱི་མཐར་ཐུག་པར་གནོན་ཏོ་ཞེས་པའོ།། བཅུད་དང་ལྕགས་ཀྱི་དཔེས་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཕྱོགས་གཅིག་ན་ནི་རྡོ་རྗེ་ནོར་བུའོ།། འདོད་ཆགས་མེས་གདུངས་ན་ནི།། ་གཏུ་མོ་འབར་བས་གདུངས་ནའོ།། བག་ཆགས་ནི་ཆགས་པ་ལ་སོགས་པའི་མཚན་ཉིད་།། ཇི་ལྟར་རྡོ་ལ་ནོར་བུ་ཆེན་པོས་རེག་ཅིང་གདུངས་པས་དེ་འོད་གསལ་བར་འགྱུརརོ།། དེ་བཞིན་དུ་མི་འགྱུར་བའི་བདེ་བས་རེག་པ་ལས་བདེ་བ ་ཉིད་དུ་འགྱུར་བར་རྣམ་པར་ངེསོ།། དོན་དམ་པ་ནི་དམ་པཱི་བདེན་བཱི་ཡིས་ཀྱི་དངོས་པོ་སྟེ། རང་བཞིན་ནི་རྟོག་པར་ཡང་སྨོས་ཅི་དགོ་སོ།། རྟག་པར་བྱ་བ་དང་སེམས་ལ་ཀུན་དུ་འབིགས་པ་ནི་བློ་བུར་བའི་དྲི་མས་གཡོགས་པ་ལ་ཡིན་གྱི། ་དེ་ཁོ་ནར་མ་ཡིནོ་ཞེས་པའི་དོན་ཏོ།། བློ་བུར་བའི་དྲི་མ་འདི་ནི་སེམས་ལ་མམེདོ།། དེ་ནས་སེམས་ལ་སྐྱེ་བ་ལ་ཕྱིས་སྐྱེ་ན་དེ་དག་དོན་མེདོ།། ཞེས་གསུངས་པ། སེམས་ཀྱི་གནས་སྐབས་ལས་ཡུན་རིང་པོར་ཏེ་ཕྱི་སྐྱེ་བར་མ་ཡིནོ།། ཞེས་པ ་དོན་ཏོ།། དེ་ནས་སེམས་མ་གཏོགས་པ་ལ་སྟེ་ན། དེའི་དོན་གསུངས་པ། སེམས་ལ་མུ་གཏོགས་སྐྱེ་བའང་མིན?་ཞེསོ།། ཅི་སེམས་ལ་མི་ཟད་པ་ཉིད་ཀྱི་གནས་སམ་ཞེ་ན། གསུངས་པ། སེམས་ལཱུ་ཟད་མེད་གནས་པ་མེད། ཅེ་སོ།། གལ་ཏེ ་ཞེས་པ་ལ་སོགས་པས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་སྟེ། ཚིགསུ་གཅད་པ་གཉིས་ནི་གོ་བླའོ།། འདིར་ཟངས་མའི་དེཔེས་ཁོང་དུ་ཆུད་བྱ་སྟེ། འདིར་གལ་ཏེ་ཟུངསུ་མ་ལ་དྲི་མ་བློ་བུར་བྱུང་བ་ཡིན་ན་དེའི་ཚེ་སླར་ཟངས་མ་དྲི་མ་དང་བྲལ་བར་འགྱུརརོ།། ། ་གང་ཡང་ཡུན་རིང་པོའི་དྲི་མ་ཕྱིས་ཟངས་མ་ལས་འབྱུང་ན། དེའི་ཚེ་དེའི་དྲི་མ་གང་དུ་ཅི་ལས་འབྱུང་བར་འགྱུར། དེ་ནས་ཟངས་མ་གཏོགས་པ་ལ་སྐྱེ་ན། དེའི་ཚེ་ན་མཁའི་མེ་ཏོག་ལས་ཀྱང་སྐྱེ་བར་འགྱུརརོ།། དེ་ནས་ཟངས་མ་ལ་མི་ཟད་པ་ཉིད ་ཀྱི་གནས་ན། དེའི་ཚེ་གྲུབ་པའི་བཅུད་ཀྱིས་ཀྱང་གཞན་དུ་བསྒྱུར་བར་མི་ནུསོ།། དེའི་ཕྱིར་འདི་དག་ཐམས་ཅད་རིག་པར་མི་འགྱུརརོ།། དེའི་ཕྱིར་འདི་ནི་འདོར་དོན་བདེན་པ་སྟེ་ཟངས་མ་དང་ལྷན་ཅིག་ཏུ་སྐྱེས་པའི་དྲི་མ་འདི་ཡང་བཅུད་ཀྱི་སྦྱོར་བ་ཉམས ་པར་འགྱུར་ཏེ། སྔར་ཡང་མེད་ལ་ཕྱིས་ཀྱང་མེད་ཅིང་། དེ་དྲག་དང་བྲལ་བའང་མ་ཡཱན་ཞེས་པའོ།། དེ་བཞིན་དུ་སེམས་ཀྱང་བལྟ་བར་བྱ་སྟེ། དེ་བཞིན་ཞེས་པ་ལ་སོགས་པའོ།། བློ་བུར་བའི་སྒྲ་ཇི་ལྟར་ཁོང་དུ་ཆུད་པར་བྱ། ཞེ་ན་བརྗོད་པར་བྱ་སྟེ། ཀུན ་ནས་ཀུན་ཏུ་འགྲོ་བའི་ངང་ཚུལ་ནི་བློ་བུར་བའོ།། ངག་གི་དཔེ་ལས་འདས་པ་ཉིད་མི་འགྱུར་བ་གསུངས་པ། སྨྲ་མི་ནུས་ཤེས་པ་ལ་སོགས་པ་སྟེ། ལང་འཚོ་མའི་བདེ་བ་ཐོབ་པ་ནི་རང་ཁོ་ནས་རིག། ཏིང་འཛིན་བྲལ་བ་ཡིས་ནི་སྟོང་པ་ཉྫི་བྷཱི་ཏིང་འཛཱི་དུ་དྲལ ་བསོ། བདེ་བ་མིན་བཱི་རྒྱུའོ།། འཕྲོ་བ་ཉིད་འཁོར་བའི་རྒྱུའོ།། ཞེས་སོ་སོར་རྟོག་པར་བྱ་སྟེ། འཕོ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་བཤད་པའི་རིམ་པསོ།། སེམས་ཅན་རྣམས་ནི་ཆགས་བྲལ་བྱུང་བ་ཡིསོ།། གཞན་དུ་ཞེས་པ་ནི། གལ་ཏེ་དེ་རྣམས ་ཆགས་པ་དང་བྲལ་བར་གྱུར་པ་མ་ཡིན་ན། དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་སྲིད་པ་སྟེ་འཁོར་བ་མེདདོ།། དེ་བས་ཤེས་པ་རྒྱུད་དེ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ།། ངག་གང་ཞིག་ཅེས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པསོ།། འདོད་ཅན་ཞེས་བྱ་བ་ལ ་སོགས་པས་མི་འགྱུར་བའི་བདེ་བ་ལ་འབད་པར་གསུངས་པ། སྡུག་བསྔལ་ནི་ཆགས་པ་དང་བྲལ་བའི་མཚན་ཉིད།། རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ་འཕོ་བ་ཐོབ་པར་གྱུར་པ་ལས་རྟེན་བྱེད་ནི་བདེ་བའི་རང་བཞི་ནོ།། བདེ་བའི་རང་བཞིན་གྱིས་བྱང་ཆུབ་ཀྱི ་སེམས་ཆགས་བྲལ་ཉིད་དུ་འགྱུརརོ།། དེའི་ཕྱིར་འཕོ་བའི་བདེ་བ་སྤང་བར་བྱ་ཞེས་གསུངས་པ་དང་སྦྲེའོ།། དཱི་མ་ཏྲུ་བྲལ་བྷཱི་གཿཱཧཱ་གསུང་ག། མི་འགྱུར་ཞེ་བ་ལ་ཨོ་སྟེ་མི་འགྱུར་བ་ལས་སྐྱེས་པའི་སྐུ།། མཛོད་སྤུའི་འཁོར་ལོ་སྟེ། སྨིན་མའི་དབུསུ་སོན་པ་ལས། ཨཱ་ལི ་ཀཱ་ལི་གཡོན་པ་དང་གཡས་པ་སྟེ། མཉམ་པར་སྦྱོར་བ་ནི་མཚུངས་པར་དབུས་མར་རྒྱུ་བ་ཉིད་དང་ཧཱུཾ་གཱི་ཡི་གེ་ལ་སོགས་པས། དབུས་མར་རབ་འབབ་གདན་དུ་མི་འདོད།། དེ་དག་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་སློབ་དཔོན་པདྨ་དཀར་པོའི ་ཞབས་ཀྱི་རབ་ཏུ་སྤྲོས་པའི་ཕྱིར་ན་འདིར་རྒྱས་པར་མི་བྱའོ།། ང་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པ། གཟུངས་ཤེས་བྱ་བ་ལ་སོགས་པ་སྟེ་སྟོང་པ་སྟེ་ན་མཁའ་ལས་བྱུང་བའི་གཟུགས་རྣམ་པ་ཐམས་ཅད་པའི་མཚན་ཉིད་ནི་རྒྱུ་སྟེ་བྱེད་པའོ།། ། ་མི་འགྱུར་བའི་གཟུགས་ལས་སྐྱེས་པ་གང་ཡིན་པའི་བདེ་བ་དེ་འབྲས་བུའོ།། འབྲས་བུ་དེ་འཛག་པ་མེད་པའི་བདེ་བས་རྒྱུ་སྟེ་གཟུགས་ཀྱི་མཚན་ཉིད་ལ་རྒྱས་གདབ་པ་ནི་ཡང་དག་པར་འབྲེལ་པའོ།། རྒྱུ་ཡིས་ཏེ་དེ་ལྟ་བུ་བྱུང་བས་རྒྱས་གདབ་པ་ནི་འཛག་པ ་མེད་པའི་བདེ་བ་ཆེན་པོ་ལའོ།། སྟོང་པ་ཉིད་དང་སྙིང་རྗེ་དེ་གཉིས་ཀྱི་མཚན་ཉིད་གསུངས་པ། སྟོང་ཉིད་ཅེས་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་འཛིན་པའི་སེམས་ནི་རྒྱུའོ།། འབྲས་བུ་ནི་སྙིང་རྗེ་མི་འགྱུར་བ་འཛིན་པའོ།། སྟོང་པ་ཉིད་དངསྐྱི ་རྗེ་འདི་དག་དབྱེར་མེད་པ་གཅིག་ཏུ་གྱུར་པ་ཉིད་ནི། བྱང་ཆུབ་ཀྱི་སེམས་དེ་འཕོ་བ་མེད་པར་བརྗོདདོ།། གཞན་དུ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་ནི་འགྱུར་ཞིང་ཟག་པའི་མཚན་ཉིད་ནི་མ་ཡིནོ།། དེ་དག་ཀྱང་ཆད་པ་དང་འཁོར་བ་དང་བྲལོ་ཞེས ་གསུངས་པ། མྱ་ངན་འདས་དང་ཞེས་པ་ལ་སོགས་ཏེ། མྱ་དྲན་ལས་འདས་པ་སྟེ་སྲོག་གི་རང་བཞིན་དང་བྲལ་བའི་གཟུགསོ།། འཁོར་བ་སྟེ་འགྱུར་བའི་བདེ་བའི་མཚན་ཉིད་ལས་འདས་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་མི་འགྱུར་བའོ།། ་དེ་ཉིད་ནི་མི་འགྱུར་བ་དང་གཟུགས་དག་གི་སྦྱོར་བ་གཉིས་མེད་གཞན་ནི་ཕུལ་དུ་བྱུང་བའོ།། དེ་ཉིད་གསུངས་པ། རྟག་དང་ཆད་ལས་ངེས་པར་གྲོལ།། ཞེསོ།། དེ་དག་ཉིད་རབ་ཏུ་དབྱེ་བ་གཞན་གྱིས་རབ་ཏུ་གསལ་བར་བྱ་སྟེ། གཟུགས་ནི་རྣམ་པ ་ཐམས་ཅད་པའི་རང་གི་སེམས་ཀྱི་སྣང་བ་ལ་དངོས་པོ་མེད་པ་སྟེ་ཆད་པ་མིནོ།། ཅིའི་ཕྱིར་ན་དངོས་མེད་ལས་བྱུང་མཚན་ཉིད་ཕྱིར།། མི་འགྱུར་བ་སྟེ་འཛག་པ་མེད་པའི་བདེ་བ་ལ་དངོས་པོ་མེ་དེ་ཅིའི་ཕྱིར། དངོས་པོ་ལས་བྱུང་བའི་མཚན་ཉིད་ཀྱི་ཕྱིར།། ་སོ་སོར་སྣང་བའི་ཡིད་ཀྱི་རང་བཞིན་གྱི་གཟུགས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ།། འདི་དག་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་དག་ཡང་དག་པར་སྦྱོར་བ་སྟེ། མཚུངས་པ་ནི་རྡོ་རྗེའི་རྣལ་འབྱོར་ཏེ་དེ ་ཡང་གཉི་སུ་མེད་པ་མི་འགྱུར་བའོ་ཞེས།། དེས་ན་དེ་ཉིད་གཟུགས་དང་གཟུགས་མིན་ཞེས་པ་ལ་སོགས་པས་བཤད་པར་བྱ་སྟེ། པྲ་ཕབ་པ་ལ་ནི་མེ་ལོང་ལ་དམིགས་པའི་ཡིད་ཀྱི་ལུས་ནི་གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ ་ཕྲ་རབས་ཀྱི་རྫས་ཚོགས་པ་མེད་པའི་ཕྱིརརོ།། གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། ཉེ་བར་དམིགས་པའི་ཡིད་གཞོམ་དུ་མེད་པ་ཉིད་ཀྱི་ཕྱིརརོ།། དེའི་ཕྱིར་གཟུགས་ནི་སྲིད་པར་ཏེ་འཁོར་བར་འགྲོ་བ་མ་ཡིནོ།། འགྱུར་བ་མེད་པ་ནི ་མྱ་ངན་ལས་འདས་པ་སྟེ། ཆད་པར་འགྲོ་བ་མ་ཡིནོ།། ཕན་ཚུན་འཁྱུད་པ་ཞི་པ་སྟེ།། དབང་པོའི་རྣམ་འགྱུར་མེད་ཅིང་རྣམ་འགྱུར་དང་བྲལ་བའི་ཕྱིརརོ།། འདི་ཉིད་མ་ནིང་གི་གོ་འཕང་དུ་བརྗོད།། མཆོག་ནི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མ་ལུས་པ ་དང་ཐུན་མོང་མ་ཡིན་པའི་ཕྱིར།། དཔེར་ན་ཟླ་བ་ལ་ཟླ་བའི་བསིལ་བའི་འོད་ཟེར་གྱི་འཁྱུད་ལ་ཟླ་བས་ཀྱང་བསིལ་བའི་འོད་ཟེར་ལ་འཁྱུད།། འདི་དག་ཐ་དད་པ་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ་གཟུགས་དང་མི་འགྱུར་བ་དག་ཀྱང་དེ་བཞིན་དུ ་བལྟ་བར་བྱའོ།། དོན་དམ་པར་འབྲས་བུ་རྒྱུ་ཡིས་བྱས་པ་མིན་པར་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ནི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིནོ།། རྒྱུ་ལས་ནི་འདྲ་བ་ལས་མ་སྐྱེས་པ་ནི་མ་བྱུང་བའོ།། ་གང་ཡང་ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང་མི་ཤེས་རབ་ལས་སྐྱེས་པ་ཞེས་མངོན་པར་བརྗོད། དེ་དག་དེ་དག་ཀྱང་རྒྱུ་སྐྱེས་མིན་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པར་ནི་མི་འགྱུར་ཏེ། ཅིའི་ཕྱིར་ན་ཤེས་རབ་རྒྱུ་ལས་མ་སྐྱེས་པ་ཕྱུ ་དེ་བཞིན་དུ་གལ་ཏེ་དེ་སྲིད་དུ་རྒྱུ་ལས་སྐྱེས་པ་ཤེས་རབ་ཏུ་འགྱུར་ན་དེའི་ཚེ་དེ་དག་འབྱུང་ཡང་འབྲས་བུ་ཤེས་རབ་བསྐྱེད་པ་ཞེས་རྗེ་སུ་འབྱུང་།། དེ་དག་མོ་ཤམ་བུ་མོའི་སྦྱོར་བ་ཡིས།། རྨི་ལམ་བདེ་བར་འགྱུར་བ་ལྟར།། ཞེས་པ་ལ་སོགས་པས ་བཤད་པར་བྱའོ།། དེ་ཕྱིར་ནི་རྒྱུ་དེའི་ཕྱིར།། གང་འགྱུར་བ་མེད་པའི་ཡེ་ཤེས་དེ་ནི་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་མ་སྐྱེས་པའོ།། དེའི་ཕྱིར་ཡང་། འབྲས་བུ་དང་ནི་རྒྱུ་ཡིས་ནི།། ཕན་ཚུན་རྒྱ་ཡི་བཏབ་པ་ཞེས་གང་གསུངས་པ་དེ་དག་ཏུ་འགྱུར་བ ་མི་ནོ།། ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་གསུངས་ཏེ། གང་ཕྱིར་རྒྱུ་དང་འབྲས་བུ་ཀུན།། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་།། ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཡང་། དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིརརོ།། དེའི་ཕྱིར་ཕན ་ཚུན་རྒྱས་བཏབ་པའི་གཟུགས་ནི། མ་སྐྱེས་པ་དང་མ་འགགས་པའོ།། ཆད་པའི་རང་བཞིན་ལ་མྱ་དྲན་ལས་འདས་པ་ཞེས་བྱ་སྟེ། རྫས་དང་བྲལ་བ་རྣམ་པ་ཀུན་ནསོ།། ཤེས་རབ་ནི་སྔར་གསུངས་པའོ།། སྐྱེས་པ་གང་མཆོག་ཏུ་འགྱུར་བ ་མེད་པ་དེ་རྒྱུ་དང་འབྲས་བུ་ལས་རྣམ་པར་གྲོལ་བའོ།། ཕན་ཚུན་རྒྱ་ཡིས་བཏབ་པ་མེད། ཅེས་པའོ།། ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་ལས་སྲིད་པ་མ་ཡིན་པའི་ཕྱིར་རང་གི་སེམས་ཁོ་ན་ཁམས་གསུམ་པའི་རྣམ་པ་དེ་དག་ཏུ་དམིགས་། ་ཤེས་གསུངས་པ། མ་སྐྱེས་པ་དང་ཞེས་པ་ལ་སོགས་པ་སྟེ། ཕྱི་མ་ཤེས་བྱས་འབྱེད་པའི་ཕྱིར་ནི་ཕྱི་ས་ཤེས་བྱ་ཐ་དད་དུ་བྱེད་པའོ།། གལ་ཏེ་ཐབས་དང་ཤེས་རབ་ཐ་དད་མདོ་ཞེས་བརྗོད་པ་དེ་ཡང་དམ་པའི་དོན་དུ། ་མེམོདོ་ཞེས་གསུངས་པ། ཐབས་མིན་ཤེས་རབ་ཀྱང་མིན་ཏེ།། ཐ་དད་དུ་གྱུར་པའི་ཕུང་པོར་ཡོད་ན། གང་གི་དེ་དབྱེར་མེད་པའི་བྱང་ཆུབ་ཀྵཱི་སེམསུ་འགྱུར་ཏེ། དེའི་གནས་སྐབས་རྣམ་པར་མ་ཤེས་པའི་ཕྱིར།། ལྷན་སྐྱེས་ཤེས་བྱ་བ་ཡང ་ལྷག་པའི་ཤེས་རབ་དང་ལྷན་ཅིག་ཏུ་སྐྱེས་པ་ཉིད་དུ་བརྗོད་པར་བྱའོ།། ཀུན་ནས་ཀུན་ཏུ་ཡོང་སུ་རྫོགས་པ་ནི་དྲི་མ་དང་བྲལ་བའི་ཕྱིར།། སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བའོ།། གོས་པ་མེད་ནི་ལོག་པ་ལ ་སོགས་པས་རེག་པ་མེད་པའི་ཕྱིར།། བཟུང་བ་དང་འཛིན་པ་སྤངས་པའི་ཕྱིར་ཡུལ་དང་དབང་པོ་སྤངས་པའོ།། ཐམས་ཅད་ལ་ཁྱབ་པའི་ཕྱིར་ཀུན་ཏུའོ།། རྣམ་པ་ཐམས་ཅད་ཤེས་པའི་ཕྱིར་ཡང་དྲག་ཀུན་ལ་གན་སོ།། འདི་རྣམས་སྒྱུ་མ་ལྟ་བུ ་སྨིན་པའི་ཕྱིར་མི་ཆོད་མི་ཤིག་སྤངས་པའོ།། སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་རང་བྱུང་།། དོན་ཆེན་ནི་འགྲོ་བའི་དོན་བྱེད་པའི་ཕྱིརརོ།། མཆོག་ཏུ་མི་འགྱུར་བ་ནི་དབང་པོ་ལས་འདས་པའི་ཕྱིརརོ།། འདོད་ཆགས་ཆེན་པོ་ནི་ལུས་མེད་རྡོ་རྗེ ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་དེ་ཉིད་སེམས་དཔའ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་དགའ་བར་མཛད་པའི་ཕྱིར་སྟེ། ཤེས་རབ་མེད་ན་འདོད་ཆགས་ཆེན་པོ་མེད་པའི་ཕྱིརརོ།། ཉོན་མོངས་ཟད་མཛད་ནི་གཡོན་པ་དང་གཡས་པ་སྟེ། དགྲ་ཆེ་བ་ནི ་དག་དབྱེར་མེད་པ་ཉིད་ཀྱི་ཕྱིརརོ།། དེས་ན་དེ་ཉིད་ཞེ་སྡང་ཆེན་པོའོ།། སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ། གཅིག་པ་ནི་རོ་མཉམ་པ་ཉིད་།། དེ་བཞིན་དུ་རེ་ཤིག་ཡེ་ཤེས་ཀྱི་རང་བཞིན་བཤད་ནས་ཡེ ་ཤེས་ཅན་གྱི་རང་བཞིན་རྣམ་པར་བྱཤད་པའི་ཕྱིར་གསུངས་པ། མཆོག་ཏུ་ཞེས་པ་ལ་སོགས་པའོ།། ཤེས་རབ་ནི་བློའོ།། ཁམས་གསུམ་པ་ལ་ཁྱབ་པའི་ཡེ་ཤེས་ཉིད་ནི་མི་འགྱུར་བའོ།། དེ་རྣམས་དང་བཅས་པ་ནི་གཟུགས་ལ ་སོགས་པའི་ཆོས་རྣམས་ཐམས་ཅད་།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བས་རིགས་དྲུག་ཡོངས་སུ་དག་པའི་དོན་གསུངས་པ། རྣམ་པ་དྲུག་པོ་ཞེས་པ་ལ་སོགས་པ་སྟེ། འགྱུར་བ་མེད་པ་ཉིད་ཡེ་ཤེས་ཏེ་མི་འགྱུར་ཡེ་ཤེས་དང ་ཚོར་བ་དང་རྣམ་ཤེས་དང་གཟུགས་དང་འདུ་བྱེད་དང་འདུ་ཤེ་སོ།། ཕུང་པོ་དེ་རྣམས་ཀྱི་རིམ་པ་ཇི་ལྟ་བར། ཁམས་དང་སྐྱེ་མཆེད་རྣམས་ཀྱི་རིགས་དེ་རྣམསོ་ཞེས་གསུང་སོ།། ཡེ་ཤེས་བྱ་བ་ལ་སོགས་པའོ།། ཁྲོ་བོའི་རྒྱལ་པོ་ནི་དུས་ཀྱི ་འཁོར་ལོའོ།། རིགས་དྲུག་པོ་ནི་ཡོངསུ་དག་པས་གདོང་དྲུག། ཡིད་ལ་སོགས་པ་རྣམས་ཡོངསུ་དག་པའི་ཕྱིར་མིག་དྲུག་གོ།། སྒྲ་ལ་སོགས་པ་རྣམས་ཡོངསུ་དག་པའི་ཕྱིར་ལག་དྲུག་གོ།། ཟླ་བཱ་ཞེས་པ་ནི་རྒྱལ་པོ་ཟླ་བ་བཟང་པོ་ལ་འབོད ་པའོ།། འདི་ཉིད་ནི་དབང་གི་སྒྲུབ་པ་སྟེ་མཆོག་ཏུ་མི་འགྱུར་སྒྲུབ་པའི་ཐབས་བཤད་པའོ།། མདོར་བསྡུས་ནི་ཡང་དག་པར་བསྡུས་པའོ།། མཆོག་ཏུ་མི་འགྱུར་སྒྲུབ་པ་ནི་གཞན་སྒྲུབ་པ་མ་ཡིནོ་ཞེས་པའི་དོན་ཏོ།། དེ་ཡང་རྩ་དང་རིགསུ ་ཡང་དག་ལྡན་ཏེ། རྟོག་པ་མེད་པའི་ལྷའི་རིགས་དང་ཡང་དག་པར་ལྡ་ནོ་ཞེས་པའོ།། ཡང་དག་བླ་མའི་ངེས་པའི་དབང་ལས་དབང་བསྐུར་ཉེ་བར་བསྟན་པའི་བཀའ་འགྲོལ་ལམ་གྱིས་ཚུལ།། ཡང་དག་ལམ་ལ་གནས་པ ་རྣམས་ཀྱིས་མཚུངས་མེད་གོ་འཕངས་རྟོགས་བྱེད་རྨོངས་པའི་ཕུང་པོ་འཇོམས།། འདི་ནི་བདག་གིས་བྱས་ལྔས་ཐོབ་པ་གང་དེའི་ལེགས་བྱས་བྱང་ཆུབ་ས་བོན་མ་ལུས་པ།། དེ་ནི་འཇིག་རྟེན་བདེ་གཤེགས་གོ་འཕངས་རྟོགས་ཤིང་ཉི་ཟླ ་འགགས་པའི་ལམ་དུ་འཇུག་པར་ཤོག། གལ་ཏེ་བཀའ་འགྲེལ་བྱ་བ་ཡུང་།། མངོན་ཤེས་མེད་པས་མ་ཡིན་ཉིད།། དེ་ལྟའང་བདག་གི་འདི་དྲན་ནས།། བྲིས་ལ་བདག་ལ་ཉེས་པ་མེད།། དབང་མདོར་བསྟན་པའི་བཀའ་འགྲེལ ་རྫོགསོ།། ། འདིའི་གཞུང་ཚད་ཤླཽ་ཀཱཀྲ་སུམ་བརྒྱ་དྲུག་ཅུའོ།། སྐང་གཉིས་སྨྲ་བ་ཐར་ལོའི་བཀའ་དྲིན་དང་།། རྡོ་རྗེ་རྒྱལ་མཚན་བླ་མས་རབ་བསྐུལ་ནས།། བུ་སྟོན་ཁ་ཆེས་གུས ་པའི་བློ་ཡི་བསྒྱུར།། ཉེས་པའི་ཚོགས་རྣམས་མཁས་རྣམས་བཟོད་པར་མཛོད།། རྒྱ་དཔེ་གཉིས་ལ་གཏུགས་ནས་དག་པར་བདོག། ་