| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། སམྦྷཀ་བྷི་དྱཱ་ཀཱ་ར་ནཱ་མ་ཨུཏྟ་རཱ་ཏཱནྟྲ་བྲཱུ་ཁྱཱ་ནཾ། བོད་སྐད་དུ། ཡང་དག་རིག་བྱེད་ཅེས་བྱ་བ་ཕྱི་མཥྚི་རྒྱུད་ཀྱི་རྣམ་པར་བཤུད་པ། དཔལ་རྡོ་རྗེ་སེམས་དཔྱའ་ལ་ཕྱག་འཚལ་ལོ།། གང ་གྲིས་ཉི་མས་མེ་ཏོག་རྣམ་ཕྱེ་བུང་བའི་ཚུལ་དུ་སྙིང་པོའི་རྩི་བླངས་ནས། མི་ཤེས་ཀུན་སྤངས་དྲི་མ་མེད་ཅིང་ཡེ་ཤེས་རྒྱས་པས་རང་རྒྱུད་ཆེ་མོ་མཛོད་ཅིང་།། སྣ་ཚོགས་རིགས་ཀྱི་སྤྲུལ་པའི་ཚོགས་ཀྱིས་འགྲོ་རྣམས་རབ་ཏུ ་ཚིམ་པར་མཛད་པ་ཡི།། དཔོལ་ལྡན་འཇམ་དབྱངས་རྡོ་རྗེ་དེ་ལ་རབ་བཏུང་རྒྱུད་དོན་འཛིན་བདག་བླ་མ་ལའང་།། སངས་རྒྱས་ཡེ་ཤེས་ཞབས་སོགས་རིམ་པའི་མན་ངག་རང་དང་གཞན་གྱིས་དྲན་པའི་ཕྱིར།། དཔལ ་ལྡན་འདུས་པའི་རྒྱུད་རྒྱལ་དེ་བཞིན་གཤེགས་པས་མཆོག་ཏུ་གསལ་བྱེད་ཕྱི་མའི་རྒྱུད།། དམ་པས་བདག་ལ་གནང་ཕྱིར་ཆོས་ཀུན་བཞི་ཡིས་བདག་ལ་རབ་ཏུ་བསྐུལ་བའི་ཕྱིར།། ཡང་དག་རིག་བྱེད་ཅེས་བྱ་རྣམ ་བཤད་འདི་ནི་ནུས་པ་ཇི་བཞིན་བདག་གིས་བཙམ།། བྱང་ཆུབ་རྡོ་རྗེ་ལ་སོགས་པ།། དམ་པའི་སྤྱོད་ཡུལ་ཕྱི་མའི་རྒྱུད།། འདྲེན་བྱེད་རྣམས་ཀྱི་ཐུགས་རྗེ་ཡིས།། བདག་གིས་ཀྱང་ནོ་བཤད་པར་བྱ།། དེ་ལོ་འདྲའི་གློང་གཞི ་ཕུན་སུམ་ཚོགས་པའི་རྣམ་པར་བཤད་པ་དང་། རྟོག་པ་མངོན་དུ་གཏོང་བའི་ཉན་པ་པོ་རྣམས་ཁས་ལེན་པའོ་ཡན་ལག་རྣམས་ནི་བསྡུས་པའི་དོན་དུ་བཤད་པས་དེ་ལས་དཔོགས་ཏེ་ཤེས་པར་བྱའོ།། ད་ནི་དེ་ནས་ཞེས། ་བྱ་བ་ལ་སོགས་པས་ཕྱི་མའི་རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་དང་པོ་ཐབས་ཁྱད་པར་ཅན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་ལྟར་ཐུགསུ་ཆུད་པའི་དོན་གསོལ་བ་སྟོན་ཏེ། ་དེ་རྣམས་ཀྱི་བྱེ་བྲག་གི་ཚིག་བྱམས་པ་ལ་སོགས་པ་ཞེས་པས་ནི་ཐུགས་སུ་ཆུད་པའི་གང་ཟག་སྟོན་ཏོ།། ཅི་འདྲ་བ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་སོ།། ཐབས་གང་གིས་ཤེ་ན། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དབང་སྐུར་བ་ཐོབ་པས་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསྟན་པ་ལ་ཞེས་བྱ་བ་སྨོས་སོ།། དངོས་པོ་གང་གིས་ཞེ་ན། དངོས་པོ་ཐམས་ཅད་ཀྱིས་ཞེསོ།། ཇི་ལྟར་ཆུང་ཅེ་ན། ཛ་ལྟ་བ་དང་དམ་ཚིག ་ཇི་ལྟ་བྱ་བཞིན་དུ་མཐོང་ཞིང་ཐོས་ཏེ་རྟོགས་ནས་ཞེས་སོ།། གང་ལ་གསོལ་ཞེ་ན། དེ་བཞིན་གཤེགས་པ་དེ་དོག་ཐམས་ཅད་ལ་ཞེས་སོ།། ཅི་འདྲ་བའི་དེ་བཞིན་གཤེགས་པ་ཡིན་ཞེ་ན། ཆོས་གཟིགས་པ་དང་ལྡན་པ་ཞེས ་བྱ་བ་སྨོས་སོ།། ཇི་ལྟར་གསོལ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ད་ནི་ཡན་ལག་གི་དོན་རྣམ་པར་བཤད་པར་བྱ་སྟེ། དེ་ལ་དེ་ནས་ཞེས་བྱ་བ་ནི་རྩ་བའི་རྒྱུད་དང་རྒྱུད་ཕྱི་མའི་མཚམས་འབྲེལ་ཞིང་འཇུག ་བསྡུ་བ་དང་། རྒྱན་ཡིན་པར་བལྟའོ།། བྱམས་པ་ལ་སོགས་པ་ཞེས་པ་ནི་རྡོ་རྗེ་འཛིན་པའི་མཐུས་ཡོངསུ་དག་པའི་ཞིང་གི་རྡུལ་དང་མཉམ་པ་རྣམ་སོ།། བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས ་པར་བྱང་ཆུབ་པའི་སྙིང་རྗེ་དང་ཤེས་རབ་དབྱེར་མེད་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་ཐོབ་པར་བྱ་བའི་ཕྱིར་འདུན་པ་ནི་སེམས་པའོ།། ཁ་ནཱ་མྱ་ཐོ་བྲ་ལུས་རིང་དུ་སྤོང་བ་འགའ་ཞིག་ལ་ཡོད་དོ།། ཞེ་ན། དེའི་ཕྱིར་སེམས ་དཔའོ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཚད་མ་ཆད་པའི་རིགས་རྣམས་ཀྱི་དྲོན་ལ་དམིགས་པར་བྱེད་པས་ན་དེ་སྐད་ཅེ་ས་བརྗོད་དོ།། སོ་སོའི་སྐྱེ་བོ་འགའ་ཞིག་ལས་དགྲར་བའི་ཕྱིར་བྱང་ཆུབ་སེམས་དཔས་ཁྱད ་པར་དུ་བྱསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ་པས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལས་བྱུང་བའི་དཔེང་ནི་བྱང་ཆུབ་ཀྱི་སེམསོ།། དེས་བསྐུར་བའི་ཉན་པའི་སྐལ་པ་དང་ལྡན་པར་བྱས་ནས ་གནས་པོ་ནི་དབང་ཐོབ་པ་སྟེ། འདོད་ཆགུས་ལས་བྱུང་བའི་ཏིང་ངེ་འཛིན་གཉིས་ཀྱིས་ཡང་དག་པར་བསྡུས་པའི་ཆོས་ཛཱི་སྙེད་པ་ཐམས་ཅད་ལ་དེ་སྐད་ཅེས་བརྗོད་དོ།། སྐུ་གསུང་ཐུགས་ཀྱི་གསང་བ་བསྟན་པོ་ལ་ཞེས ་པ་ནི་དེས་དགྲ་པ་ལ་སྐུ་གསུང་ཐུགས་ཀྱི་གསང་བའི་རང་བཞིན་ཡི་གེ་དང་། ཕྱག་རྒྱོ་དང་། ཏིང་ངེ་འཛིན་ལུ་སོགས་པའི་རྡོ་རྗེ་ཆེན་པོས་བསྟན་པ་དེ། ལྷག་མས་བསྡུས་པའི་ཆོས་རྣམས་ལ་དེ་སྐད་ཅེས་བྱའོ།། དངོས་པོ ་ཐམས་ཅད་ཀྱི་ཞེས་པ་ནི་རང་རང་གི་ལུས་ལ་སོགས་པ་རྩེ་གཅིག་པས་ཞེས་སོ།། ཇི་ལྟ་བ་དང་ཞེས་པ་ནི་དེས་རང་བཞིན་དུ་གནས་པའི་ལྷ་འམ་བདག་ཉིད་དུ་ལུས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྟེ། ཇི་ལྟར ་ཞེ་ན། དམ་ཚིག་ཇི་ལྟ་བ་བཞིན་དུ་ཞེས་ཏེ། སྒོ་མ་བཏགས་བསྐུར་བ་མ་བཏབ་པས་ཇི་ལྟ་བའི་དོན་ལས་མི་འདའ་བའི་གཞུང་ལེའུ་དང་པོ་ལ་སོགས་པའི་རིམ་པ་བཞིན་དུ་ཤེས་སོ།། མཐོང་བ་ནི་སྐུ་སོ།། ཐོས་པ་ནི་གསུང ་གིས་སོ།། རྟོགས་པ་ནི་ཐུགས་ཀྱིསོ།། སོ་སོ་ཡང་དག་པར་རིག་པ་མར་དང་མར་འདྲེས་པ་ལྟར་དབྱེར་མེད་པ་ལ་དེ་སྐད་ཅེས་བྱ་སྟེ། འདི་སྐད་ཅེས་གསོལ་ཏོ་ཞེས་པ་དང་སྦྱོར།། གང་ལ་གསོལ་ཞེ་ན། ཆོས་གཟིགས་པ ་དང་ལྡན་པ་ཞེས་པ་སྟེ། གང་གི་ཕྱིར་རྡོ་རྗེ་འཛིན་པའི་མཐུ་ལས་དེ་རྣམས་ཤིན་ཏུ་ཟབ་པར་གྱུར་པོ་དེའི་ཕྱིར་དེ་དང་ལྷན་ཅིག་ཏུ་དུས་གང་གི་ཚེ་ན་དེས་གཟིགས་པ་དེའི་ཚེ་ནོ་ཆོས་གཟིགས་པ་དང་ལྡན་པ་ཞེས་བྱའོ།། དེ ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་གཟུགས་ལ་སོགས་པའི་རང་བཞིན་རྟག་པ་ལ་སོགས་པ་སྟེ། དོང་པོ་མགོན་པོ་ལྟར་བཞུད་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ།། ཨེ་མའོ་ཞེས་པ་ངོ་མཚར་བ་སྟེ། གང་ལ་ཞེ་ན། ཀུན ་ཏུ་བཟང་པོའི་ཞེས་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའི་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཛིན་ནོ།། དེའི་སྐུ་གསུང་ཐུགས་ཀྱི་ངེས་པ་དེ་ངོ་མཚར་ཞེསོ།། ངེས་པ་དངོས་གང་ཞེ་ན། རྡོ་རྗེ་གསུམ་ལ་ཀུན་ཏུ་ནཱི། རྡོ་རྗེ ་གསུམ་ནི་རྣམ་བཞུགས་ཏེ་ཞེས་པ་སྟེ། སེམས་རྣམས་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ལ་ཀུན་ཏུ་བཟང་པོའི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས། དོན་དམ་པའམ་ཀུན་རྫོབ་ཏུ་གཅིག་པའམ། གོ་རིམ་བཞིན་དུ་དབྱེར་མེད་པར ་གནས་པ་ལ་དེ་སྐད་ཅེས་བྱའོ།། དེ་བས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པའི་འདས་མ་ཐག་པའི་དོན་བསྟན་པ་ཡིན་ནོ།། དེ་ལྟར་རྡོ་རྗེ་འཛིན་པ ་དང་སེམས་ཅན་རྣམས་དབྱེར་མེད་པར་བསྟན་ནས། ད་ནི་དོན་དམ་པར་ན་དེ་དག་ཀྱང་སངས་རྒྱས་ཡིན་པར་བསྟན་པ། སེམས་ཅན་དུས་གསུམ་དུ་བྱུང་བ་ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད་ཅེས་ཏེ། འདས་པ་ལ་སོགས་པའི་སེམས་ཅན་ཐ ་ཀྱང་འདས་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་དང་ལྡན་པར་གྱུར་པས་དེ་རྣམས་ཀྱི་ངོ་བོ་ཉིད་ལས་བྱུང་བ་སྟེ། དེའི་ཕྱིར་དེ་རྣམས་ཀྱང་བྱང་ཆུབ་རྡོ་རྗེ་གནས་ཐོབ་པ། སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ་ཞེས་ཏེ། ་གདོད་མ་ནས་དེ་ལྟ་བུའི་རང་བཞིན་དུ་གནས་པཱ་ལ་དེ་སྐད་ཅེས་བརྗོད་དོ།། དེ་ནི་དེ་ལྟ་བུའི་དོན་དེ་ལ་ངོ་མཚོར་བར་གསུངས་པ། ཨེ་མའོ་ཞེས་པ་ལ་སོགས་པོའོ།། འདི་རབ་ཏུ་ངོ་མཚར་ཆེ་ཞེས་པོ་ནི་རབ་ཏུ་ཡང་ངོ་མཚར ་ཞེས་སོ།། ཇི་ལྟ་བུ་ཝཱ་ན།། དབང་པོ་ལས་འདས་ཤིང་ཞེས་པ་ནི་དེ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ཞི་བ་སྟེ་སྤྲོས་པ་དང་བྲལ་བའོ།། དེ་བས་འཁོར་བ་དག་གི་རྒྱུན།། མཆོག་ཏུ་མྱ་ངན་འདས་ཞེས་ཏེ།། བདག་དང་བདག་གི་ལ ་སོགས་པར་སྣང་བའི་འཁོར་བའི་རྒྱུན་ཁོ་ན་ལ། དེ་བཞིན་ཉིད་དུ་ཤེས་ན་མཆོག་ཏུ་མྱ་ངན་ལས་འདས་པ་སྟེ། དེ་ཉིད་ཨེ་མའོ་ཞེས།། འདིར་རང་བཞིན་དང་། དབྱེ་བ་དང་། མཚན་ཉིད་དང་། མ་རྫོགས་པ་དང་། མཆོག་ཏུ་མྱ་ངན་ལ ་འདས་པ་ལྔ་ལས་འདིར་ཐ་མར་བཟུང་སྟེ། རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པའོ།། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་མ་ནོར་བར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངསོ།། ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགསུ་ཆུད་པའི་དྲིན་གསོལ་ནས། ད་ནི་མ་རྟོགས་པའི་སེམས་ཅན་རྒྱུད་ཀྱི་དོན་ལ་ཐེ་ཚོམ་གཅོད་པའི་ཕྱིར། ཞུས་ལྡན་གྱི་བྱེ་བྲག་བསྟན་པ། དེ་ནས་ཞེས་པ་ལ་སོགས་བྱའོ།། ་གུསདྨ་བྱཱ་མུཙྪེ་གྶ་གི་མཆོད་པ་ནི་སྔོ་སཽའི་ས་བོན་ལྔས་བྱུང་བའི་གསང་བའི་མཆོད་པ་ལྷ་མོའི་གཟུགས་ལ་སྒེག་པའི་ཉམས་ཀྱིས་རྒྱུན་པས་བདེ་བྷ་མཆོག་གཱི་ཙྱཻནྡྲ་དྱོ་གྱུར་པ་རྣམས་ཀྱིས་ཏེ། དེ་ཡང་དག་པར་མཆོད་ནས ་ཞེས་སོ།། མགྲིན་གཅིག་ཏུ་ཞེས་པ་ནི་མགྲིན་པ་གཅིག་ནས་འབྱུང་བ་བཞིན་དུ་སྟེ། དགོངས་པ་གཅིག་དང་། དབྱངས་གཅིག་པ་སྟེ། རྣམ་པར་གྲོལ་བའི་མཐུ་ཐོབ་པའི་ཕྱིར་རོ།། གང་གསོལ་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས ་པའོ།། ཤིན་ཏུ་ཐོབ་དཀའ་ཞེས་པ་ནི་ཨུ་དུམ་པ་ར་ལྟར་སངས་རྒྱས་རྣམས་ཤིན་ཏུ་འབྱུང་དཀའ་བས་ན་ཐོབ་པར་དཀའ་ཞེས་ཏེ། སངས་རྒྱས་འབྱུང་བ་རྣམས་ཀྱིས་ཀྱང་སྐལ་བ་མེད་པའི་སེམས་ཅན་གྱི་དབང་དུ་བྱས་ནས་དོན་འདི ་ལྟ་བུ་མཾ་སྟོན་ཏེ། ཇི་སྐད་དུ་རྩ་བའི་རྒྱུད་ལས། མར་མེ་མཛད་དང་ཐུབ་པ་འོད་སྲུངས་ལ་སོགས་པའི་དུས་སུ་ངས་མ་བཤད་དོ། དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར ་གསུང་སོ།། དེ་གང་ཞེ་ན། གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཅེས་སོ།། དེ་ཡང་བྱ་བའི་རྒྱུད་ལ་སོགས་པ་རྣམས་ཀྱི་ཕྱི་མ་ནི་ཐབས་གཙོ་བོར་བྱེད་པའི་རྒྱུད་དེ། དེའི་ཕྱི་མར་གྱུར་པའི་རྒྱུད་དེ་འདུས་པའོ།། དེ་ཉིད་རྟོགས་པ་དཀའ་ཞེས ་ཏེ། ཤེས་རབ་ཀྱིས་ང་རྒྱལ་རྣམས་ང་རྒྱལ་བསལ་བར་བྱ་བ་དང་། དངོས་གྲུབ་ནི་བླ་མོ་རག་ལས་པར་བསྟན་པའི་ཕྱིར་རོ།། ཚིག་དང་ཡི་གེ་དང་། དོན་སྦས་པ་གསུམ་དུ་བཤད་པའི་ཕྱིརརོ།། དེ་ཉིད་འགྲོ་བ་རྣམས་ཀྱིས་རྟོགས་པར་བྱ་བའི ་དོན་དུ་ཞེས་སོ།། དེས་བྱང་ཆུབ་སྒྲུབ་པའི་ཐབས་རིམ་པ་ཇི་ལྟ་བ་བཞིན་བསྟེན་པས་ལུས་རྒྱུད་ཅིག་ཅར་རྣམ་པར་དག་སྟེ། དེའི་ཕྱིར། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཞེས་སོ།། ཡང་དག་གསུངས་པས་ཞེས་པ་ནི་ཡང་དག་པར ་གསུངས་པ་སྟེ་སྟོན་པའོ།། ཇི་སྐད་དུ། ང་ནི་རྫུན་སོགས་བག་ལ་ཉལ།། བཅས་པ་སྤངས་ཕྱིར་གསུངས་པ་ནི།། མ་ནོར་གསུང་བས་དེ་བས་ང་།། ཡང་དག་གསུང་བ་ཞེས་བཤད་དོ་ཞེས་སོ།། དེས་གང་བཤད་པ་ཞེསོ།། ཀྱེ ་མགོན་པོ་ཞེས་བོས་ནས་ཁྱེད་རྣམས་ལ་གསོལ་བ་འདེབསོ་ཞེས་སྤྱིར་ཞུས་པའོ།། དེའི་ལན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་གནང་བའོ་སྐབས་ཕྱེ་བ་གསུངས་པ། དེ་ནས་ཞེས་བྱ་ལ་སོགས་པའོ།། བྱང་ཆུབ་ཆེ་ཞེས་བྱ་བ་ནི ་བྱང་ཆུབ་ཆེན་པོ་དང་ལྡན་པོའི་ཕྱིར་རོ།། ཡོན་ཏན་འབྱུང་གནས་ཞེས་པ་ནི་སྟོབས་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་གཏོར་དུ་གྱུར་པའི་ཕྱིར།། ལེགས་ཞེས་གཉིས་སྤྲོས་པ་ནི་སྤྲོ་བ་བསྐྱེད་པའི་ཕྱིར་རོ།། དེ་ལྟར་སྤྱིར་ཞུས ་ཤིང་སྤྱིར་ལན་སྟན་ནས་ད་ནི་ཁྱད་པར་དུ་ཞུས་ཤིང་དེའི་ལན་བསྟན་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་རེ་རེ་ནས་ཞུས་པ་སྟོན་ཏེ། རབ་ཏུ་དགའ་བས་མིག་གདངས་ནས་ཤེས་པ་ནི་རྗེས་སུ ་གནང་བའི་ཚིག་གིས་ཡིད་སྤྲོ་བའི་རྟགས་སྔོན་ལེགས་པར་སྤྱང་བའི་འབྲས་བུ་པདྨཥྚི་འདབ་མ་རངས་པ་ལྟ་བུ་འཛུམ་པ་དང་ལྡན་པར་ཞེས་སོ།། འདིའི་སོམ་ཉི་ཞུས་པར་གྱུར་ཞེས་པ་ནི་ཡང་དག་པའི་དོན་ལ་ཡིད་གཉིས་ཟ ་བྷཱའི་སོམ་ཉི་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ལ་འཇུག་པའི་སོམ་ཉི་སྟེ། དེ་ཞུས་པའོ།། འདི་གསང་བ་ཞེས་ཇི་ལྟར་ལེགས། ཇི་ལྟར་ན་ནི་འདུ་ཤེས་ཀྱི་ཞེས་པ་ནི་མཚན་གྱི་དོན་ཞུས་པའོ།། དེ་ལ་སོགས་པ་ཞུས ་ཚིག་ལྔ་བཅུ་རྩ་བཞི་ནི་ལན་གྱི་སྐབསུ་གསལ་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་ཆེན་པོ་ལ་དམིགས་པ་བསྟན་པའི་ཕྱིར།། དེ་ནས་ཞེས་པ་ལ་སོགས་པའོ།། དེ་བྱང་ཆུབ་སེམས་དཔ ་རྣམས་ཀྱིས་བསྐུལ་བའི་ས་ལ་བཞེས་པར་རིག་ནས་ཡང་དང་ཡང་དུ་བསྐུལ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་མཉམ་པར་ཞོག་ལ་ཉོན་ཅིག་པར་གང་མཽ་པ་བསྟན་པ། དེ་ནས ་ཞེས་བྱ་བ་ལ་སོགས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཞེས་པ་ནི་རང་རང་གི་རྡོ་རྗེ་གསུམ་གྱིས་སོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞེས་པ་ནི་རྡོ་རྗེ་འཛིན་པའི་སྐུ་ལ་སོགས་པའི་རྡོ་རྗེ་ལ་བཞག་ནས་ནས་ཞེས་ཏེ། རང་གི ་ཡང་དག་པར་རིག་པ་དབྱེར་མེད་པར་རྩེ་གཅིག་ཏུ་བྱས་ནས་ཞུས་པ། རྒྱ་ཆེར་བཤད་པ་ཞེས་པའི་བསམ་པ་དང་། ཚིག་དང་། རྟོག་པ་དང་། གནས་པ་རྒྱ་ཆེ་བ་ལ་དམིགས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་དེ་དག ་གིས་གསུང་གི་རིམ་པ་བཞིན་དུ་དེ་དག་གི་སེམས་བསྒྲུབ་པར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་ཆ་ལུགསོ་དང་གདན་ལ་སོགས་པ་འདྲ་བར ་བྱེད་ཅིང་བྱང་ཆུབ་ཀྱི་བདག་ཉིད་ཅན་ཏེ་རྡོ་རྗེ་འཛིན་པ་ཆེན་པོའོ།། དེའི་རྡོ་རྗེ་གསུམ་ལ་རང་རང་གི་སྐུ་ལ་སོགསོ་བའི་རྡོ་རྗེ་རྣམསུ་དམིགས་ནས་སོ།། ཞེས་ཏེ། ངོ་བོ་ཉིད་མེད་པར་རང་གིས་ཡང་དག་པར་མངོན་སུམ་དུ ་བྱོས་ནས་ཅུང་མི་གསུང་བར་གྱུར་ཏོ་ཞེས་སོ།། ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའི་ལན་ཆེད་དུ་བརྗོད་པ་དང་བཅས་པ་བསྟན་པ་གསུངས་པ། དེ་ནས་དེ་བཞིན་ཞེས་པ་ལ་སོགས་པའོ།། རང་རང་གི་ཐུགས ་ཤེས་པ་ནི་དེ་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་ཉིད་ཐུགས་ཏེ། དེ་ལས་ཐུགས་རྗེ་ཆེན་པོར་དམིགས་ནས་ཤེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སུ་དམིགས་པ་སྟེ། དེས་ཕྱི་རོལ་ཡུལ་དུ་བྱེད་པའི་ཕྱིར་རོ།། བྱིན་གྱིས ་བརླབས་ཏེ་ཞེས་པ་ནི་ཉན་པ་པོའི་བྱང་ཆུབ་སེམས་དཔའ་རྣམས་སྣོད་དུ་རུང་བར་བྱས་པ་སྟེ། དེ་བས་ན་དམ་ཚིག་ལ་སོགས་པ་ནི་ཡང་དག་པར་བྱེད་པའི་རྒྱུ་ཡིན་པས་མ་འོངས་པོའི་རྣལ་འབྱོར་པོ་རྣམས་ཀྱིས་ཡང་དང་ཡང ་དུ་བསྒྲུབ་པར་བསྟན་པའི་ཕྱིར་འདིས་ཡང་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ། སྣོད་རུང་བྱས་ནས་འཆུང་བ་ནི།། སྟོན་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་སོ།། འདི་ཡི་གསང་བ་ཇི་ལྟར་ལགས་ཞེས་ཞུས་པའི་ལན ་བསྟན་པའི་ཕྱིར།། གསང་བ་ཞེས་སུ་བསྟནྡ་པཱ་སྐུ་གསུང་ཐུགས་ནི་རློམ་པ་གསུམ་ཞེས་ཏེ། དེ་རྣམས་རྒྱུད་པ་དང་གནས་པའི་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཐུགས་རྗེ་དང་ལྡན་པའི་བདེ་བར་གཤེགས་པ་རྣམས་ཀྱིས་བསྟན་ཀྱང་ཐེག ་པ་འག་མ་རྣམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར་གསང་བ་ཞེས་བྱའོ།། ཇི་སྐད་དུ། ང་ཡི་དེ་ཉིད་དམཱ་པ་ནི།། རྒྱུད་འདི་ལ་ནི་གསུམ་དུ་གྲགས།། རྡོ་རྗེ་དང་གསུང་དང་ཐུགས།། རྒྱུ་དང་མི་རྒྱུའི་དངོས་པོ་ལ།། ཁྱབ་ནས་ཐུབ་དབང་ཐམས།། ་ཅད་ཀྱིས།། ཐུགས་རྗེ་ཀུན་ཏུ་བསྟན་གྱུར་ཀྱང་།། བྱིས་པ་རྣམས་ཀྱི་མ་རྟོགས་ཕྱིར།། རང་བཞིན་གྱིས་ནི་གས་ང་ཞེས་བྱ་ཞེསོ།། ཇི་ལྟར་ན་ནི་འདུ་ཤེས་བགྱི་ཞེས་པའི་ལན་བསྟེན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཅེས་བྱ་བ། ་ཚོགས་པར་འདུས་པར་གསུངས་པའོ་ཞེས་ཏེ། རོད་བཞིན་གྱི་སངས་རྒྱས་དང་ལོམ་གྱིས་བསྒྲུབ་པའི་སངས་རྒྱས་རྣམས་དོན་དམ་པ་དང་ཀུན་རྒྱོབ་ཀྱི་ཚུལ་དུ་ཚོགས་པའི་ཕྱིར་འདུས་པོ་ཞེས་བཤད་དོ།། བསྡུས་པའི་དོན་དུ་བོལྟ ་བར་བྱའོ།། རྒྱུད་ཀྱི་འབྲེལ་པ་ཇི་ལྟར་ལགས་ཞེས་པའི་ལན་བསྟན་པོའི་ཕྱིར། ལྔ་པ་ཞེས་པ་ལ་སོགས་པའོ།། དེ་ལ་ལེའུ་ལྔ་པ་ལས་སྒྲུབ་པ་པོའི་སྔོན་དང་ཕྱིས་སྤྱོད་པའི་ཁྱད་པར་བསྟན་ཏོ།། དགུ་པ་ལས་ནི་སྲོག་གཅོད་པ ་སོགས་པའི་སྲུང་བའི་དམ་ཚིག་བཞི་བསྟན་ཏོ།། བཅུ་བདུན་པ་ལས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྲུང་བ་དང་བཟའ་བའི་དམ་ཚིག་རྒྱས་པར་བསྟན་ཏོ།། བཅུ་གསུམ་པ་ལས་ནི་གསང་སྔགས་བཟླས་བརྗོད་ཀྱི་སྦྱོར་བ ་སྟོན་ཏོ།། ལེའུ་ལྔ་པའི་སྒྲུབ་པ་པོ་དང་། གཞན་གྱི་ཚིག་ལ་སོགས་པ་འབྲེལ་ཏོ།། དེ་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པ་ཆེན་པོར་བསྟན་པ་ཡིན་ཞེས་ཏེ། མཆོག་གི་དངོས་གྲུབ་ཀྱི་རྒྱུའོ་ཞེས་གསུང་སོ།། བཞི ་བཱ་ལ་ནི་རི་མོའི་དཀྱིལ་འཁོར་གསུངས་ཏེ། སློབ་དཔོན་གྱི་ལས་སོ།། བཅུ་དྲུག་པ་ལས་ནི་བརྟུལ་ཞུགས་དྲོང་རི་མོའི་དཀྱིལ་འཁོར་གྱི་ལྷག་མ་སྟོན་ཏེ། གཉི་ག་དང་འབྲེལ་ཏོ།། བརྒྱད་པ་ལས་ནི་དེ་བཞིན་ཉིད་དང་རྗེས་འབྲེལ ་པའི་མཆོད་པ་སྤྲོ་བ་སྟེ་སྡོམ་པའོ།། བཅུ་གཉིས་པ་ལ་ནི་ཐུན་མོང་གི་དངོས་གྲུབ་མི་སྣང་བུ་ལྔ་སོགས་པ་སྟོནྡ་ཏེ། ལྔ་ཕྱིའི་དོན་ཁོ་ན་དང་འབྲེལ་ཏོ།། བརྒྱུད་པ་ཞེས་པ་ནི་གོང་དུ་བརྒྱད་པ་སྤྲོས་པས་འདི་གཞུང་ལྷག་པས་དྲུག ་བཔར་འདོད་དེ།། དྲུག་པ་དེ་ལྔས་རྗེ་སྨྲ་ཆགས་པའི་སྔགས་དང་། ཉེ་བར་སྒྲུབ་པ་རྡོ་རྗེ་གསུམི་བྱིན་གྱིས་བརླབས་པའི་ཆོ་ག་སྟོན་ཏེ། ཇི་སྐད་དུ་གཉིས་པ་ལས་སེམས་དེ་ཡེ་ཤེས་གཟུགས་བསྒྱུར་བ། བསྒོམ་པ་ཉེ་བར་སྒྲུབ་པའོ།། ཞེས ་བས་སོ།། གཉིས་པ་ལས་སྤྱི་དང་རིགས་སོ་སོའི་བྱང་ཆུབ་སེམས་དཔའ་སྟེ་སྡོམ་པའོ།། བཅུ་པ་དང་བཅུ་བཞི་པ་ལས་ཐུགས་བསྐུལ་བ་དང་། ཕུར་བུས་གདབ་པའི་དྲག་ཤུལ་གྱི་སྦྱོར་བ་སྟོན་ཏོ། བར་མའི་གཉིས་མ་ཁོ་ན་དང་འབྲེལ་ཏོ། ་བདུན་པ་ལས་རྦྷེ་སུ་དྷན་པ་བཅུ་དྲུག་སྟེ་སྒྲུབ་པའི་སྡོམ་པའོ།། གཅིག་ལས་ལྷ་རྣམས་ཕྱུང་བ་སྤྱི་དང་ཁྱད་པར་གྱི་འཕྲིན་ལས་མཛད་པ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་ལུས་སོ།། གསུམ་པ་ལས་ལྷ་རྣམས ་ཀྱི་སྐུ་མདོག་དང་། མཚན་མ་དང་། ཆོས་ཀྱི་དབྱིངསུ་བྱིན་གྱིས་བརླབ་པའི་སྔགས་ཏེ་བསྙེན་པའོ།། བཅུ་གཅིག་པ་ལྔས་རི་བོ་ལ་སོགས་པའི་གནས་ཏེ་དངོས་གྲུབ་ཀྱི་ཞིངངོ་།། བཅོ་ལྔ་པ་ལས་རྨི་ལཱཾ་གྱི་བྱེ་བྲག་གཉིས་ཏེ་མཚོན ་མའོ།། དེ་ནི་སྒྲུབ་པ་པོ་ཁོ་ན་དང་འབྲེལ་ཏོ།། དེ་རྣམས་ནརྀ་མཚོན་པ་ཙམ་དུ་ཟད་དེ། གཞན་ཡང་ལེའུ་དེ་དང་དེ་ལས་དོན་འདི་ལྟ་བུ་གསུངསོ་ཞེས་བསྟན་པ། དུལ་དང་ཞེས་པ་ལ་སོགས་པའོ།། དུལ་བ་ནི་བྱང་ཆུབ་སེམས་དཔའ་རྣམསོ།། ། ་གདུལ་དཀའ་བ་ནི་གཅེར་བུ་པ་ལ་སོགས་པའོ།། ཞི་བ་ནི་འཕགས་པ་རང་རྒྱལ་དང་ཉན་ཐོས་སོ།། སེམས་ཅན་རྣམས་ནི་ཞེས་པ་ནི་ཐ་མལ་པ་རྣམས་ཏེ། དེ་རྣམས་གཞུགས་པ་ལ་ཐབས་གཉིས་ཏེ། གདུལ་བར་དཀའ ་པ་ཚར་བཅད་པ་དང་། གཞན་དག་ལ་ཕན་གདགས་པའོ།། དེ་ཡང་ཕན་གདགས་པ་ནི་སློབ་དཔོན་དང་འབྲེལ་ཏོ།། ཚྭར་བཅད་པ་དང་། ཕན་གདགས་པའི་བྱ་བ་གཉིས་ཀ་དང་། སྒྲུབ་པ་པོ་འབྲེལ་ཏོ།། དེ་ནི་བསྡུས་པའི་དོན ་ལས་དཔགས་ཏེ་ཤེས་པར་བྱའོ།། དེ་ལྟར་ཆོས་དང་གང་ཟག་འབྲེལ་པ་བསྟན་ནས། ད་ནི་ཆོས་དང་གཞུང་འབྲེལ་བར་གསུངས་པ། བསྐྱེད་པའི་ཞེས་པ་ལ་སོགས་པའོ།། དེ་ལ་བསྐྱེད་པའི་རིམ་པ་ནི་བསྙེན་པ་དང་། ་རྡོ་རྗེ་ཆོ་ག་བཞི་སྟེ། དང་པོའི་ཆོ་ག་དང་། མཚན་མའི་ཆོ་ག་དང་། སྐུའི་ཆོ་གའོ།། གཞན་ནི་འདྲི་ལས་བྱོག་ནས་སྐྱོན་ཏེ་དེར་ཤེས་པར་བྱའོ།། དེ་ལྟ་བུ་དང་གཞུང་འབྲེལ་ཞེས་སོ།། དེ་བཞིན་དུ་གཞུང་འདི་དངོས་གྲུབ་ཐུན་མོང ་འབྲེལ་ཏོ།། གཞན་ཡང་མཆོག་ཏུ་གྱུར་པ་ཞེས་པ་ནི་མཆོག་གི་དངོས་གྲུབ་དང་འབྲེལ་བའི་གཞུང་ངོ་།། དེ་བཞིན་དུ་དཀྱིལ་འཁོར་དེ་གཞུང་བཞི་པ་དང་བཅུ་དྲུག་པར་འབྲེལ། བརྟུལ་ཞུགས་དང་བཅུ་དྲུག་པར་འབྲེལ་ཞེས་སོ།། ་བཅུ་བདུན་པ་དང་སློབ་དཔོན་གྱི་ཡོན་ཏན་འབྲེལ་ཏོ།། བླ་མ་རྣམས་ཀྱི་སྔགས་ལམ་གྱིས་སློབ་མ་རྣམས་ཡོངསུ་སྨིན་པར་བྱེད་པ་དང་ཡང་གཞུང་འདི་འབྲེལ་ཏོ།། དེ་དངོས་གང་ཡིན་ཞེ་ན། ཤིན་ཏུ་དབང་བསྐུར་བའི ་བརྟུལ་ཞུགས་ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་སྟེ། དེས་དེ་ཉིད་རྟོགས་པར་བྱེད་པ་ནི་དེ་ཐོབ་པ་ནི་སློབ་མ་བཟང་པོ་བདག་ཉིད་ཆེའོ།། དེ་ལྟ་བུའི་སློབ་མ་ངེས་སངས་རྒྱས་ལ་སོགས་པ་དང་འབྲེལ་པའི་བསྟན་པ ་འདིས་དེའི་འཁོར་བ་ལས་ཡོངསུ་གྲོལ་བ་ཡིནོ།། ཞེསོ།། དེ་ཐམས་ཅད་ཀྱང་ད་དང་དེ་ལས་ཅི་རིགས་པར་སྟོན་པས་བསྡུས་པའི་དོན་ལ་དཔགས་ཏེ་ཤིས་པར་བྱའོ།། འདིའི་སྦྱོར་བ་ཇི་ལྟར་ལགས་ཤེས་པའི་ལན་བསྟེན་པའི ་ཕྱིར། ཐབས་དང་ཤེས་རབ་ཅེས་པ་ལ་སོགས་པའོ།། གང་ཞིག་དངོས་མེད་ཤེས་རབ་སྟེ། ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ངོ་བོ་ཉིད་མེད་པའོ།། རང་གི་མཚན་ཉིད་ཐབས་ཡིན་ནོ་ཞེས་པ་ནི་རང ་རང་གི་མཚནྡ་ཉིད་ཕྱིན་ཅི་ལོག་ལས་གྲོལ་བའི་ཀུན་རྫོབ་ཀྱི་སེམས་དཀྱིལ་འཁོར་ལྟ་བུ་སྟེ། དེ་གཉིས་ཟུང་དུ་འབྲེལ་བར་འཇུག་པ་ནི་རྣལ་འབྱོར་ཞེས་བྱའོ།། གོང་དུ་རྒྱུད་ཀྱི་འབྲེལ་པ་བཤད་ནས། དེ་ནི ་རྒྱུད་ཅེས་པའི་སྒྲ་དོན་བཤད་པའི་ཕྱིར། རྒྱུད་ནི་ཞེས་པ་ལ་སོགས་པའོ།། རྒྱུད་རྣམས་པ་གསུམ་ལས་བཞི་བཤད་པ་ནི། གཞི་ནི་ཐབས་ཞེས་བྱ་བ་ཡིན་ཞེས་ཏེ། ཀུན་རྫོབ་ཏུ་སའི་ཆ་བསྐྱེད་པ་ལ་སོགས་པ་ཐམས་ཅད ་ཀྱི་ངོ་བོ་ཇི་སྙེད་པ་ཐམས་ཅད་གཞིའོ།། རང་བཞིན་མེད་པའི་རྣམ་པ་སྟེ། ཤེས་རབ་ཀྱི་ངོ་བོ་འབྱུང་གནས་སམ་རྒྱུ་ཞེས་བྱའོ།། དེ་བཞིན་འབྲས་བུ་མི་འཕྲོགས་པ་ཞེས་པ་ནི་གཉིས་དབྱེར་མེད་པར་རྟོགས་པ་ནི་འབྲས ་བུ་སྟེ། རྒྱུ་རྐྱེན་གཞན་གྱིས་འཕྲོགས་པར་མི་ནུས་ཞེསོ།། དེ་ལྟར་རྣམ་པ་གསུམ་རབ་ཏུ་འབྲེལ་ཅིང་བསྡུས་པའི་ཕྱིར་རྒྱུད་ཅེས་བྱ་སྟེ། རྒྱུད་ཀྱིས་སྟོན་པའི་ཕྱིརརོ།། དེ་ལས་གཞན་ཡང་རྒྱུད་ཀྱི་ནང་དུ་གྲུབ་པར་བྱེད་པ་ཀུན ་དེ་ཁོ་ནུར་འདུས་པ་བསྟན་པྱཱ། རིགས་ནི་རྣམ་པ་ཞེས་པ་ལྔ་སོགས་པའོ།། དོན་དམ་པར་ནི་སེམས་ཀྱི་རང་བཞིན་གཅིག་སྟེ་རྡོ་རྗེ་འཛིན་ཏོ།། དེ་ཉིད་སྤྲོས་པ་ག་སུམྦ་སྟེ། སྐུ་གསུང་ཐུགས་སོ།། དེ་ལས་ཡང་ལྔ་སྟེ། རྟག ་པ་ལ་སོགས་པའི་གཟུག་སོ།། དེ་རེ་རེ་ལ་ལྔ་ལྔར་ཕྱེ་བའི་ཉི་ཤུ་རྩ་ལྔ་ལས་སྐུ་ལ་སོགས་པའི་རྣམ་པར་ཕྱེ་བའི་བརྒྱ་སྟེ། སྤྱིར་ན་རིགས་ནི་མཐའ་ཡས་པའོ་ཞེས།། རིགས་དེ་དག་གམ་གཞན་ཡང་དེ་དང་འདྲ་བ་ཇི་སྙེད་པ ་ཀུན་ཀྱང་གཞི་དང་། རང་བཞིན་དང་། འབྲས་བུ་རྣམ་པ་གསུམ་ལ་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱའོ།། དེ་ལྟར་རྩ་བའི་རྒྱུད་ཀྱི་དོན་དེ་རྣམས་ཀྱི་རྒྱུད་ཀྱི་དོན་གང་ཡིནྡ་ཞེ་ན། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ།། རྣ་བའི་རྒྱུ ་ལ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡིས་གསུངས་པའི་ཚིག་དང་འདྲ་བླར་གསུངས་པས་དེ་རྒྱུད་ཕྱི་མར་འདོད་ཅེས་ཏེ། དོན་ཐ་མི་དད་པར་གསུངས་པའི་ཕྱིར་དེ་ཡང་རྣམ་པ་གསུམ་དུ་འདོད་ཅེས་སོ།། ཁོ་ན་ཉིད་ཇི ་ལྟར་ལགསོ་ཤེས་པ་ལ་སོགས་པ་ཞུས་ཚིག་བཞིའི་ལན་བསྟན་པའི་ཕྱིར། དེ་ཁོ་ན་ཉིད་ཅེས་པ་ལ་སོགས་པའོ།། དེ་རྣམས་ནི་གོ་སླའོ།། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པའི་སྒྲ་བསྟན་པའི་ཕྱིར། བྱང་ཆུབ་སེམས་ནི ་ལྟེར་ལྤགས་ཞེས་པའི་ལན་བསྟན་པའི་ཕྱིར། སྐྱེ་འགག་མེད་ལ་ཞེས་པ་ལ་སོགས་པའོ།། དངོས་པོ་དངོས་མེད་མྱི་ཟད་ཅེས་པ་ནི་མཐའ་གཉིས་དང་བྲལ་བའི་མི་གནས་པའི་མྱ་ངན་ལས་འདསཽ་པཱ་ཞེས་པའི་དོན་ཏོ།། ་གཙྪ་ཞེས་པ་ནི་རྒྱུ་ལྟ་བུར་ཀུན་ཏུ་ཁྱབ་པའོ།། སྟོང་པ་ཉིད་སྙིང་རྗེ་མི་ཕྱེད་པ་ཞེས་པ་ནི་ཆོས་དབྱིངས་ཞེསོ།། ལེའུ་དང་པོ་ལས་རིག་པའི་སྐྱེས་བུ་ཞེས་པའི་སྒྲའི་དོན་བསྟན་པའི་ཕྱིར། དེ་བཞིན་རིགས་པའི་སྐྱེས་བུ་ཅི་ཞེས ་པའི་ལན་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ།། མི་ཕྱེད་པའི་ཞེས་པ་ནི་ཡབ་ཡུམ་གོཉིས་རྡོ་རྗེ་གསུམ་གྱིས་ངོ་བོ་ཉིད་གཅིག་པོ་ཞེས་སོ།། ཕྱེད་དངོས་ཏེ་ཞེས་པ་ནི་དེ་གཉིས་རྣམ་པའི་ཀུན་རྫོབ་ཀྱིས་ཕྱེ་བ་སྟེ། དེ་བས། ་ན་རིག་པ་དང་ལྡན་པའི་སྐྱེས་བུ་ལྔ་རིག་པའི་སྐྱེས་བུ་ཞེས་སོ།། ལེའུ་དང་པོའི་དབྱུང་བའི་སྔགས་ཀྱི་དོན་དྲི་བའི་ཕྱིར། བཛྲ་དྷིཀ་ནི་ཇི་ལྷུར་ལགས་ཞེས་པ་ལ་སོགས་པའི་ཞུས་ཚིག་ལྔའི་ལན་གསུངས ་བ་ནི། རྒྱུ་ཞེས་པ་ལ་སོགས་པའོ།། རྒྱུ་ལྔ་དང་ཞེས་པ་ནི་གཟུགས་ལ་སོགས་པ་ལྔའོ།། འབྲས་བུ་ལྔ་ཞེས་པ་ནི་མྲྀ་སྐྱོད་པ་ལ་སོགས་པ་ལྔའོ།། དེ་ཉིད་འོག་དང་གོང་གི་ཚུལ་གྱིས་འབྲས་བུ་རྣམ་པར་དག་པའི་ཚུལ་གྱིས ་གཟུགས་ནི་བཛྲ་ཞེས་སུ་བསྟན་ནོ།། དེ་འཛིན་པས་ན་དྷྲྀཀཱ་ཅེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་ཡོད་དུ་འདོད་དོ།། ཡོད་མེད་དབུས་ལས་འདས་པ་ལས་ཞེས་པ་ནི་ཡོད་པ་དང་མེད་པ་དང་དབུས་རྣམ་པ ་རྟོག་པ་དེ་གླང་ཞེ་ན། འབྱུང་བ་དང་འབྱུང་བ་ལུས་གྱུར་པའི་གཟུགས་མེ་ལོངྒ་ལྟ་བུའི་ཡེ་ཤེས་སུ་རྣམ་པར་དག་པ་དེ་སེམས་ཅནཱ་ཐམས་ཅད་ཀྱི་ཀུན་བཞིའི་རྣམ་པའི་གཟུགས་དེ་ལ་ཛི་ན་ཛི་ཀ་ཅེས་བྱའོ།། སྐྱེ་བ ་ཞེས་པཱ་ནི་ཛཱ་ན་སྟེ། ཀུན་རྟོགས་ཀྱི་བདག་ཉིད་དོ།། དེ་ལས་རྒྱལ་བར་བྱེད་པས་ཛཾ་ཀཾ་ཅེས་བྱ་སྟེ། རྟགས་པའི་རང་བཞིན་དུ་སྐྱེའོ་ཞེས་སོ།། ཚིག་གི་དོན་ཐམས་ཅད་མཉམ་པ་ཉིད་ལུས་འབྱུང་བས་ན་དེས་དྲུག་པུས་ན་དེས ་དག་པའི་སེམས་ནི་རིན་པོ་ཆེ་ཡིན་པས་ན། ཐམས་ཅད་དོན་ཀུན་འབྱུང་བས་ན།། སེམས་ནི་ར་ད་ནར་བསྟན་པ་ཡིན་ཞེས་སོ།། དེ་ཡང་ཚོར་བ་རྣམ་པར་དག་པ་ཡིས་ངེས་པར་ཚོར་བས་དེ་དག་པའི་ཡིད་ནི་རཏྣ་དྷྲྀཀཾ ་ཅེས་བྱའོ།། འདོད་པའི་མཚན་ཉིད་ཅེས་པ་ནག་པོ་དང་སེར་ལ་སོགས་པ་མཚོན་པའི་ཕྱིར་རོ།། དེ་ངེས་པར་རྟོགས་པའི་ངོ་བོ་ཡོད་ན་མཚོན་པ་ཞེས་བྱའོ།། ཐམས་ཅད་ནས་ཐམས་ཅད་དུ་གང་རོལ་ཅིང་ཡུལ་དུ་བྱེད་པས ་དེ་རྣམ་པར་དག་པའི་ཡིད་མཚན་མ་དང་། མཚོན་པ་དེ་ཡང་ཨཱ་རོ་ལག་ཅེས་བྱའོ།། རྣམ་ཤེས་རབ་ཏུ་གསལ་བྱེད་པ་ཞེས་པ་ནི་ས་བོན་ལ་སོགས་པ་ནས་ནང་ནི་བཟླས་པའི་ལན་ཅན་གྱི་བར་གྱིས་གོམས་པས་རྣམ་པར ་ཤེས་པ་ལ་བྱཱ་བཱ་ནཱན་ཏན་གྱི་ཡེ་ཤེས་སུ་གསལ་བའི་ངོ་བོ་དེ་ཤེས་རབ་ཅེས་བྱའོ།། འདུ་བྱེད་ཀྱི་ཕུང་པོ་རྣམ་པོར་དག་པའི་ངོ་བོ་འཛིན་པས་ན་དྷྲྀཀཾ་ཅེས་བྱའོ།། ད་ནི་ལེའུ་དང་པོ་ལས་ཞེ་སྡང་གི་རིགས་མཆོག་ལ་སོགས ་པའི་དོན་ཞུ་བོའི་ཕྱིར། དེ་བཞིན་རིགས་འདིར་གུང་ལ་བགྱི་ཞེས་པའི་ལནཱ་བསྟན་པའི་ཕྱིར། རིགས་ནི་ཞེས་པ་ལ་སོགས་པའོ།། རྒྱུད་ནི་ཐོག་མཾ་ཞེས་བརྗོད་དེ་ཞེས་པ་ནི་ཐོག་མ་ནུས་སོ་སོར་ཡང་རིགས་སུ་རྒྱུནཱ་མ ་ཚཆད་ཅེས་པའི་དོན་ཏོ།། མཱི་འཇིགས་ཞེས་པ་ནི་རིགས་ལྷའི་རང་བཞིན་གཉིས་སུ་མྱེད་པོ་ལྔ་འཇིགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ནཱ། སྤྱི་བྲ་མེད་པ་གང་ཡིན་ཞེས་སྐུ་གསུང་ཐུགས་ཀྱི་ཆོས་ཐམས་ཅད་བརྟགས་པ ་བདག་ཉིད་ཀྱིས་མ་སྐྱེས་ཏེ། དེ་བཞིན་གཤེགས་པ་ལྔའི་རྣམ་པར་སྐྱེ་བའི་ཕྱིར་རོ།། དེ་བཞིན་གཤེགས་པ་མཐའ་ཡས་པའི་མགོན་པོ་ཡིན་པར་བརྗོད་དོ།། དེ་ལྟར་དེ་བཞིན་གཤེགས་པའི་རྣམ་པར་དག་པ་སྔགས ་ཀྱི་སྒོ་ནས་བསྟན་ནས། ད་ནི་ཕུང་པོའི་སྒོ་ནས་རྣམ་པར་དག་པ་གསུངས་པ། རྒྱུ་འབྲས་ཞེས་པ་ལ་སོགས་པའོ།། དེ་ལ་རྒྱུ་ལ་རྒྱུ་ཉིད་དུ་ཞེན་པ་དང་། འབྲས་བུ་ལ་འབྲས་བུ་ཉིད་དུ་མངོན་པར་ཞེན་པ་དང་གཉིས ་ཀྱི་རིམ་པ་སྟེ་ཆེན་པོའི་ཞེ་སྡང་ཞེས་བྱའོ།། གཉིས་པོ་དེ་འཇིག་པར་བྱེད་པ་ནི་རྣམ་ཤེས་ཞེ་སྡང་ཡིན་པར་བཤད་ཅེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་ཏེ། རྒྱུ་འབྲས་མེད་པར་ཆུད་པའི་ཡེ ་ཤེས་ཞེས་པའི་དོན་ཏོ།། གཟུགས་ཀྱི་ཕུང་པོ་ནི་སེམས་མེད་པས་བེམས་པོས་བཅིངས་པའི་རང་བཞིན་ཏེ། དེ་རྣམ་པར་དག་པ་ལ་གཏི་མུག་ཅེས་བྱ་སྟེ། ཐམས་ཅད་ལ་རང་རིག་ཅིང་འབྱེད་པ་མེད་པ་ཞེས་བྱའོ།། ཚོར་བ་ནི། ་དྲེགླས་པ་དང་ང་རྒྱལ་ལ་སོགས་པའི་མྱོང་བའི་ངོ་བོ་བྱས་ན་དེ་རྣམ་པར་དག་པའི་ངོ་བོ་ནི་བདག་ཏུ་རློམ་པའི་ང་རྒྱལ་ཏེ། ཐམས་ཅད་བདག་ལྔ་མཉམ་མོ་སྙམ་པའི་མཚན་ཉིད་དུ་གནས་པའོ།། འདུ་ཤེས་ནི་མཚན་མར ་འཛིན་པའི་བདག་ཉིད་པས་ན་དངོས་པོ་ལ་ཆགས་པའི་མཚན་ཉིད་ཅན་ཞེས་བྱའོ།། དེ་རྣམ་པར་དག་པ་ནི་འདོད་ཆགས་ཏེ། ཐམས་ཅད་མི་གཏོང་བའི་བདག་ཉིད་དོ།། འདུ་བྱེད་ནི་འདུ་བྱེད་པའི་བདག་ཉིད་པས་རྐྱེན ་གྱིས་དྲངས་པའི་བདག་ཉིད་ཅན་ཞེས་ཏེ། བདག་ཁོ་ན་སེམས་ཅན་གྱིས་དོན་བྱ་ཡིས་གཞན་གྱིས་ནི་མ་ཡིན་ནོ་ཞེས་ནན་ཏན་དུ་བྱེད་པས་ན་ཕྲག་དོག་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། ལེའུ་གཉིས་པའི་བྱང ་ཆུབ་ཀྱི་སེམས་ཀྱིས་ཀུནྡ་ལ་ཁྱུང་བར་བསྟན་པའི་ཕྱིར། བྱང་ཆུབ་ཅེས་པ་ལ་སོགས་པའོ།། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ནི་ཐམས་ཅད་ལ་མཉམ་པའི་རང་བཞིན་ཡིན་པས་སྲིད་པ་འབྱུང་བ་ཐམས་ཅད་དུ་ཞེས་ཏེ། སྲིད་པ་དང་ཞི ་བ་མཉམ་པའི་རང་བཞིན་ཞེསོ།། ད་ནི་ལེའུ་དང་པོ་ལསྷོ། འདོད་དང་ཐར་པ་རབ་སྒྲུབ་པའོ།། ཞེས་པ་ལས་འདོད་པའི་དོན་བསྟན་པའི་ཕྱིར། འདོད་ཆགས་ཞེས་པ་ལ་སོགས་པའོ།། འདོད་ཆགས་ལ་སོགས་པ་དང་ལྡན་པའི་སེམས་ནི ་འདོད་པའོ།། དམ་ཚིག་ནི་ཐམས་ཅད་ལས་མི་འདའ་བའི་རྡོ་རྗེ་འཛིན་ཏོ།། དེ་ཡང་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པས་ན་སྣ་ཚོགས་འདྲ་བའོ།། དེ་ཡང་རང་རིག་པ་ལྔ་མངོན་པར་ཕྱོགས་ཤིང་བྱམས་པ་ལ་སོགས་པ་གོམས ་པབ་ལས་སྐྱེས་པའི་འབྲས་བུ་བྱས་ན་དེ་དང་ལྡན་པའི་སེམས་ནི་འདོད་པའོ།། ད་ནི་མོ་ཧཱ་ཞེས་འདིར་གང་ལཱ་བགྱི་ཞེས་པ་ལ་སོགས་པ་ཞུས་ཚིག་ལྔའི་ལན་གསུངས་པ། གཉིས་མེད་ཅེས་པཱ་ལ་སོགས་པའོ།། དེ་ཡང་ཆོས་ཉིད་ཀྱི། ་ཡུལ་ཅན་གྱི་གཉིསུ་མེད་པའི་ཡེ་ཤེས་ཀྱི་ང་རྒྱལ་གྱི་ངོ་བོ་ཉིད་དུ་རྨོངས་པ་དེ་ལ་མོ་ཧ་ཞེས་བྱའོ།། དེ་ཉིད་ཕྱོགས་ངེས་པ་མེད་པར་ཕན་ཚུན་ཐུག་ཅིང་འབྱེར་བའི་ངོ་བོ་བས་ན་དྭེ་ཥའོ།། དེ་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ལ་ཞེན་ཅིང ་མི་གཏོང་བས་ན་ར་གའོ།། དེ་ཉིད་མི་ཆོད་ཅིང་མི་ཤིགས་པའི་ངོ་བོའི་ཡེ་ཤེས་དེ་ནི་བཛྲ་ཞེས་བྱའོ།། བཞི་པོ་དེ་དག་གི་ར་ཏི་རྫོགས་པའི་ལོངས་སྤྱོད་མཆོག་ཅེས་བྱ་སྟེ། གཉིས་སུ་མེད་པ་ལས་རྩ་བའི་ཡེ་ཤེས་ཀྱི་དགའ་བ་མཚན ་མ་མེད་པ་སྐྱེ་བའི་ཕྱིར་རོ།། ལེའུ་དང་པོ་ལས་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་པའི་དོན་བསྟན་པའི་ཕྱིར། ཕུན་སུམ་ཚོགས་པ་ཇི་ལྟར་ལགས་ཞེས་པའི་ལན་བསྟན་པའི་ཕྱིར་བུད་མེད་བདེ་མཆོག ་ཕུན་སུམ་ཚོགས་ཞེས་ཏེ། ཡང་དག་པའི་བོད་མཆོག་སྐྱེད་པའི་རྒྱུར་གྱུར་པའི་ཕྱིར་ན་ཕུན་སུམ་ཚོགས་པའོ།། གཏི་མུག་དགའ་མ་ལ་སོགས་པ་གསུམ་ལ་རྡོ་རྗེ་དགའ་མས་ཟིན་པར་བསྟན་པ། མོ་ཧཱ་ཞེས་པ་ལ་སོགས་པའོ།། ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་རྡོ་རྗེ་སྟེ། དེ་ནས་གཏི་མུག་ལ་སོ་གྲོས་པ་གསུམ་བསྒྱུར་བས་ན། དེ་ནི་སངས་རྒྱས་རྣམས་ཀྱི་ཐབས།། རྡོ་རྗེ་ཐེག་པ་ཞེས་སུ་བཤྭད།། ཅེས་པ་ནི་འདི་འགྲོ་བར་བྱེད་པའི་ཕྱིར་རོ།། ད་ནཱི་ཡུ ་མཱནྟ་ཀྲྀཏ་དོན་ནི་གླང་ཞེས་པ་ལཱ་སྩོགས་པ་ཞུས་ཚིག་བཞིའི་ལན་བསྟནྡྲ་པའི་ཕྱིར། མི་འཇིག་ས་ཞེས་པ་ལ་སོགས་པོའོ།། ལུས་ལཱ་སོགས་པའི་ཆོས་རྣམས་ནི་གཅིག་དང་དུ་མ་ལ་སོགས་པའི་ངོ་བོས་མོ་སྐྱེས་པའི་ངོ་བོ ་ཉིད་པས་ན་མི་འཇིག་བདག་ཉིད་ཆོས་ཏེ། དེ་ཉིད་དངོས་པོ་ཐམས་ཅད་མི་འདའི་བས་ན་དམ་ཚིག་སྟེ། དེ་ལྟ་བུའི་རྣམ་པར་དག་པའི་ཡུལ་ལ་དད་པའི་ཡུལ་རྣམ་པར་དག་པའི་བདག་ཉིད་ཡ་མཱནྟ་ཀྲྀཏ་ཅེས་སོ།། ཤེས་བྱའི ་སྒྲིབ་པ་དང་། མ་དད་པ་དང་། གཟུང་བའི་རྟོགས་པ་ནི་ཡ་མའོ།། དེ་ཉིད་མེད་པས་ན་ཏ་ཀྲྀཏ་ཏོ།། དོན་དམ་པའི་འགྱུར་བའི་བདག་ཉིད་ཆོས་ཐམས་ཅད་དག་པར་བྱེད་པ་ཉིད་པས་ན་རྣམ་ཤེས་མིན་བདག་སྟེ། བྱང་ཆུབ་ཀྱི་བདག་ཉིད ་འཛིན་པའི་རཏྣ་བཞིན་མ་ཡིན་ཞེས་པའི་དོན་ཏོ།། དེ་ལྟ་བུ་སེམས་ཀུན་གྱི་དམ་ཚིག་སྟེ། དེའི་ཚུལ་གྷི་པྲཛྙཱནྟ་ཀྲྀཏྟ་ཅེས་ཏེ། ཡང་དག་པའི་སྤོང་བ་བཞི་བྱེད་པའི་ཕྱིར་དད་པ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སྐྱོན་ཁོ་ན་མྱེད་པར ་བྱེད་པས་ན་ཏ་ཀྲྀཏ་དོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མིང་དང་གཟུགས་ལ་སོགས་པའི་བློའི་ངོ་བོ་མེད་པས་ན་བརྗོད་མེད་བདག་ཉིད་ཆོས་རྣམས་ནི་ཞེས་བྱའོ།། དེ་ལྟ་བུ་དེ་ཆོས་ཐམས་ཅད་ཀྱི་དམ་ཚིག་སྟེ། དེས་ནི་པདྨཱ་ནྟ་ཀྲྀཏ་ཅེ་སོ།། ་ཅིའི་ཕྱིར་ཞེ་ན། བརྗོད་དུ་མྱེད་པའི་ཡུལ་ལ་འདུན་པ་ལ་སོགས་པའི་རྣམ་པ་ལ་བརྩོན་འགྲུས་དང་ལྡན་པའི་རྣལ་འབྱོར་པས་སེམས་མ་འཁྲུགས་པའི་དྲན་པོ་ཐོབ་པ་ནི་པདྨའོ།། དེ་ཉིད་སྐྱོན་རྣམས་མེད་པར་བྱེད་པ་ནཱ་ཏ་ཀྲ་ཏི་དོ།། ་ཕུང་པོ་ལྟ་སོགས་པའི་ཚོགས་རྣམས་ནི་འཛིན་པ་ལ་སོགས་པསྐུ་རང་བཞིན་གྱིས་ཞི་བ་ཉིད་ཡིན་པས་མི་རྟོགས་བདག་ཉིད་རྣམས་ནི་ཞི་ཞེས་བྱའོ།། དེ་ཉིད་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྐྱེ། ཚུལ ་དེས་ན་བཱིགྷྣཱཾ་ཏཱ་ཀྲྀཏ་ཞེསོ།། མི་རྟོག་པའི་ཆོས་ལ་དྲན་པ་དང་ལྡན་པའི་རྣལ་འབྱོར་པས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་པའི་ཤེས་རབ་ཀྱི་རྒྱུ་གང་ཡིན་པ་དེ་ལཱ་བཱིགྷྣ་ནཱནྟ་ཀྲྀཏཱ་ཅེས་མ་དང་བ་ལ་སོགས་པའི་བགྲོགས ་མེད་པའི་འབྱེད་པའི་ཕྱིར་རོ།། ད་ནི་དོན་དེ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ངོ་བོ་ཡིན་པས་དེ་ཤེས་ན་བདེ་བ་ཆེན་པོ་ཐོབ་པར་འགྱུརརོ་ཞེས་བཞི་ཆར་གྱི་མཇུག་བསྡུ་བའི་ཕྱིར་མི་འཇིགས་ཞེས་པ་ལ་སོགས་པའོ།། ད་ནི ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཉོན་མོངས་པའི་རྣམ་པར་དག་པའི་སྒོ་ནས་རླུང་གི་བྱ་བ་བསྟན་པའི་ཕྱིར།། གཏི་མུག་ཅེས་པ་ལ་སོགས་པའོ།། དེ་ལཱ་གཏི་མུག་ནི་གོང་དུ་བསྟན་པའོ།། དེས་ལོངས་སྤྱོད། ་པར་གྱུར་པ་ནི་རྣམ་པར་སྣང་མཛད་དེ། དེ་གོམས་པ་ལས་སྐྱེས་ཏེ། དེ་དག་མི་ཕྱེད་པའི་རང་བཞིན་ལ་ལོངས་སྤྱོད་པ་ཞེས་བྱའོ།། གཏི་མུགཽ་ཟད་ཕྱིར་ཞེས་པ་ནི་དེའི་མིཐུན་པའི་ཕྱོགས་མི་ཤྭེ་པའི་གཏི་མུག་རབ་ཏུ་འཇུག་པ་ཟད་པར་བྱེད ་པའི་སྒོའི་བདག་པོར་གྱུར་པའི་ཕྱིར་གཤིན་རྗེ་བཤད་དོ།། དེ་ཉིད་ཀྱིས་ནོ་ལུས་མཐར་བྱེད་ཅེས་ཏེ། འཇོག་ཚོགས་ལ་ལྟ་བ་མེད་པའི་ཕྱིར་ཞེསོ།། གཟུང་བ་སྤངས་པོ་ཉིད་ཀྱིས་ན་ཤེས་བྱ་མཐར་བྱེད་འགྱུར་ཞེས་སོ།། གཞན ་རྣམས་ལ་ཡང་ཚིག་ཐབས་དེ་བསྒོ་བར་བྱའོ།། སེམས་ནི་མཐར་བྱེད་དེ་ཞེས་པ་ནི་འཛིན་པའི་རྟོག་པའི་སེམས་ནི་སེམས་ཏེ། དེ་མེད་པར་བྱེད་དོ་ཞེས་སོ།། དུ་མེད་པས་ན་ཉོན་མོངསྟེ་མཐར་བྱེད་འགྱུར་ཞེས་ཏེ། ཉོན་མོངས ་པ་རྣམས་ནི་འཛིན་པའི་བདག་ཉིད་སྟོན་དུ་འགྲོ་བས་ན་དེ་སྐད་ཅེས་བྱའོ།། ངག་མཐར་བྱེད་ཅེས་པ་ནི་ཚིག་གི་ངོ་བོ་འགོག་པར་བྱེད་པ་སྟེ། དེ་ཡོང་གང་ཞེ་ན། སྙོམས་འཇུག་ཅེས་ཏེ། ཚིག་དང་ཚིག་བྱ་གཉི་ག་མཉམ་པ་ནི། ་སྙོམས་འཇུག་སྟེ། ངག་གི་ངོ་བོ་འགོག་པས་དེ་མེད་པར་བྱེད་པའོ།། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཀུན་ཟད་པར་བྱེད་པའི་ཡེ་ཤེས་ངེས ་སྐྱོན་གསུམ་འཇོམས་པར་བྱེད་ཅེས་བྱའོ།། ཅིའི་ཕྱིར་ཞེ་ན། ཉོན་མོངས་ཞེས་པ་ལ་སོགས་པའོ།། དེ་ཉོན་མོངས་པ་ཉིད་མི་ཤིགས་པས་རྡོ་རྗེ་སྟེ་དེ་ཉིད་སྒྲིབ་པ་ཡིན་ལ། དེ་རྣམ་པར་དག་པ་གཉིསུ་མེད་པར་ཤེས་ན་ལས་རྣམས ་མས་ཅད་རྣམ་པར་དག་ཅེས་སོ།། དེ་དག་པས་ན་ལས་ལས་སྐྱེས་པའི་འབྲས་བུ་ཡང་རྣམ་པར་དག་པར་འགྱུར་རོ་ཞེས་ཏེ། མཐོ་རིས་དང་ངན་སོང་ཡང་རྣམ་པར་དག་པ་སྟེ། བྱང་ཆུབ་ཀྱི་རྒྱུར་འགྱུརརོ་ཞེས་སོ།། ་ཇི་སྐད་དུ། གང་ལ་སྡིག་དང་བསོད་ནམས་མེད།། དེ་ལ་བྱང་ཆུབ་ཡིན་པར་གསུངས། ཞེས་གསུངས་པའི་ཕྱི་རོ།། ཁྲོ་བོ་རྣམས་ཀྱི་སྐབས་བཤད་པ་ཡིན་པས་ན་ཞུས་པ་མེད་ན་ཡང་རང་བཞིན་དུ་གཽ་ཏོགས་པའི་ཆོས་རྣམ ་པར་དག་པ་ཁོ་ན་གསུངས་པ། གཟུངས་དྲང་ཞེས་པ་ལ་སོགས་པའོ།། དེ་གཟུང་དང་འཛིན་པ་དང་། ཚི་ག་དང་ཚིག་བྱ་དང་། སྒྲིབ་པ་རྣམ་པར་དག་པའི་རང་བཞིན་དེའི་རྣམ་པ་སོ་སོར་ཤེས་པ་དེ་ལ་བཟུང་བ་ཞེས ་བྱ་སྟེ། འདོད་པའི་རྒྱལྔ་པོའོ།། ཆགས་པ་ནི་དེ་ལ་དགའ་བ་སྟེ་དབྱུག་པ་སྔོན་པོའོ།། རྣམ་པ་ནི་འདྲ་བར་སྐྱེས་པ་སྟེ་སྟོབས་པོ་ཆུའོ།། མི་གཡོ་བ་ནི་དེ་ཁོ་ན་ཉིད་ལ་བརྟན་པའི་བདག་ཉིད་དུ་གནས་པ་སྟེ་མི་གཡོ ་མོགོན་པོའོ།། རྒྱུ་ཉིད་ནི་དེ་ཉིད་གོམས་པ་ལས་ནུས་པ་དང་ལྡན་པ་སྟེ། གཙུག་ཏོར་འཁོར་ལོ་སྒྱུར་བའོ།། འབྲས་བུ་ཉིད་ནི་དེ་ཉིད་ལ་གོམས་པ་ལ་གསལ་བར་འགྱུར་བ་སྟེ་གནོད་མཛེསོ།། དེ་བས་ན་འདོད་པའི ་རྒྱལ་པོ་ལ་སོགས་དྲུག། ཁྲོ་བོའི་དབང་པོ་རྣམ་པར་གྲགས་ཤེས་ཏེ། རྒྱུའི་སྡེ་མེད་པའི་ཕྱིར་རི་མོ་དང་། འབྱིན་པ་དང་། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་མ་ཡིན་ཞེསོ།། མ་ཞུས་ཀྱང་གླེང་གཞི་ལ་གཏོགས་པའི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིདྱ་ལ་སོགས་པ་ལ་སོགས་པ་ལ་སོམ་ཉི་དགག་པའི་ཕྱིར། དམ་ཚིག་རྡོ་ནྡོ་ཞེས་པ་ལ་སོགས་པའོ།། དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་ནི་གཟུགས་དང་བ་རྣ་མས་རྣམ་པར་དག་པ་འབྱུང་བ ་ལས་གྱུར་པར་གྲགསོ།། མིག་ལ་སོགས་པས་ཐམས་ཅད་མཁྱེན་པར་བསྒྲུབ་པའི་ཕྱིར་རྩ་བའི་རྒྱུད་ལས་རིག་པའི་རྒྱལ་པོ་ཞེས་ཀྱང་བཤད་དོ།། དེ་བཞིན་དུ་ས་རྡོ་རྗེ་ལ་སོགས་པ་ལྔ་ནི་འབྱུང་བ་རྣམ་པར་དག་པའི་རང་བཞིན ་དུ་གྲགསོ་ཞེས།། དེ་རྣམས་ལ་རྩ་བའི་རྒྱུད་ལསྲ། རྡོ་རྗེ་བདག་པོ་ཞེས་འབྱུང་སྟེ། དེ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་དེ་སྐད་དོ།། དེ་དེས་ན་འདི་རྣམས་ཀྱི་རྟོག་པས་གླེང་གཞི་ལ་སྡུད་པ་པོས་རྣམ་པར་དཀོད་པའོ།། ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཡི་གེ་གསུམ་གྱིས་འབྱུང་བར་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པོའོ།། དེ་བས་ན་རྒྱུའི་སྡེ་མྱེད་པའི་ཕྱིར་དམ་ཚིག་རྡོ་རྗེ་ལ་སོགས་པ་ཡང་རི་མོ་དང་། འབྱིན་པ ་དང་། ལུས་ཀྱི་ལྷ་མ་ཡིན་ནོ།། ད་ནི་ལེའུ་ལྔ་པ་ལས་ཐམས་ཅད་ལ་སྤྱོད་པ་ནི་ཀུན་ཏུ་སྤྱོད་པའོ་ཞེས་པའི་དོན་བསྟན་པའི་ཕྱིར། མགོན་པོ་ཀུན་ཏུ་སྤྱོད་པ་ཅི་ཞེས་པའི་ལན་གསུངས་པ། ཐབས་དང་ཤེས་རབ་ཅེས་པོ་ལསོ།། ་པའོ།། དེ་ཇི་སྐད་དུ་བཤད་པའི་ཐབས་དང་ཤེས་རབ་ལས་བྱུང་ཞིང་དཀྱིལ་འཁོར་བའི་རྣམ་པར་ཕུང་པོ་ལ་སོགས་པ་ཐམས་ཅད་དག་པར་མོས་པས་གཉིས་སུ་མེད་པའི་སྦྱོར་བ་སྔགས་པས་ངེས་པར་བྱས་ལ། འཇིགས་པ་ཐམས་ཅད ་བྲལ་ཞིང་མི་འགྱུར་བར་དོགས་པ་མེད་པའི་སེམས་ཀྱི་སེང་གེ་བཞིན་དུ་རྒྱུད་ཞིང་གནསོ་ཞེསོ།། དེ་ལྟར་གནས་པ་ལ་སྤྱོད་པ་ཐམས་ཅད་སྤྱད་པར་བསྟན་པ། འདི་ལ་མི་བྱ་ཅི་ཡང་མེད་ཅེས་པ་ལ་སོགས་པའོ།། དེ་བས་ན། ་མཉམ་པར་མ་བཞག་སྦྱོར་བ་ཡིས་ཞེས་ཏེ། སྨོན་པ་ལ་སོགས་པའི་ཚུལ་དུ་སྦྱོར་ཡང་སེམས་རྟག་པ་ཉིད་མཉམ་པར་འཇོག་པས་ན་སེམས་ལ་སྤྱོད་པ་སྟེ། དེ་ཀུན་ནས་སྤྱོད་པས་ན་དེ་སྐད་དོ།། ལེའུ་བདུན་པ་ལས་སྔགས་ཀྱི ་སྤྱོད་པའི་དོན་བསྟན་པའི་ཕྱིར།། དེ་བཞིན་སྔགས་ཀྱི་སྤྱོད་པ་ཅི་ཞེས་པའི་ལན་གསུངས་པ། རྐྱེན་ལས་བྱུང་ཞེས་པ་ལ་སོགས་པའོ།། དབང་དང་ཡུལ་ལ་བརྟན་ནས་རྣམ་པོར་ཤེས་པ་གང་འབྱུང་བྱར་འགྱུར་བ་དེ་ནི་ཡིད་ཀྱི ་སྒོར་བཤད་ལ། དེ་ཉིད་རྣམ་པར་དག་པ་ལས་འཁོར་པོ་ལས་སྐྱོབ་པས་ན་མནྟ་སྟེ་སྤྱུགས་སོ།། དེས་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་བའི་དམ་ཚིགས་དང་སྡོམ་པ་རྡོ་རྗེ་ཐམས་ཅད་ཀྱི་བསྐྱུངས་པའི་ངོ་བོ་སྲུང་བ་དེ་སྔགས་ཀྱི་སྤྱོད ་པཔ་ཞེས་བྱའོ།། ལེའུ་གསུམ་པ་ལས་བཟླས་བརྗོད་བསྟན་པ་གསལ་བར་བྱ་བའི་ཕྱིར།། རང་རང་ཞེས་པ་ལ་སོགས་པའོ།། དེ་ཡང་སྐུ་རྡོ་རྗེ་ལ་སོགས་པ་རིང་རང་གི་ངོ་བོ་རྣམས་ཡིད་ཀྱི་རྣམ་པར་བསམས་ཏེ་ཞེས།། དེས་ན ་གསང་སྔགས་ཟློས་པའི་དབྱེ་བ་ཡིས་ཞེས་ཏེ། རིམ་པའམ། ཅིག་ཅར་གྱི་དབྱེ་བས་སྔགས་ཟློས་པར་བྱེད་ཅིང་སྤྲོ་བ་དང་བསྡུ་བར་བྱའོ།། ཞེས་སོ།། དེ་ལྟར་རྡོ་རྗེ་གསུམ་གྱི་བཟླས་པ་བསྟན་ནས། དེ་ནི ་ཡེ་ཤེས་སེམས་དཔའི་བཟླས་པ་གསུངས་པ། སངསུ་རྒྱས་ཤེས་པ་ལྔ་སོགས་པའོ།། སངས་རྒྱས་སྣ་ཚོགས་ཞེས་པ་ནི་རིགས་ལྔའི་དཀྱིལ་འཁོར་རྣམས་དུས་གཅིག་ཁོ་ནར་ཡེ་ཤེས་སེམས་དཔའི་ས་བོན་དག་ལས་སྤྲོ ་ཞིང་བསྡུ་ཞེས་སོ།། དེ་ནུས་ཅི་ཞེ་ན། བྱང་ཆུབ་བདག་མེད་དེ། གཟུང་འཛིན་དང་བྲེལ་བྱས་ན་དེ་སྐྲོད་དོ།། བརྟུལ་ཞུགས་ཀྱི་དེ་བཞིན་ཉིད་ཡིན་པས་བདག་མེད་པའི་ས་བོན་ལ་གཟུང་ཞེས་ཏེ། གནས་བསྟན་པར་བྱའོ་ཞེས།། དེ ་ནས་ཡང་ཙཾ་ཞེས་ན། སྣ་ཚོགས་བཞིན་དུ་ཞེས་ཏེ། རང་ཉིད་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མོས་ནས་ཞེསོ།། སྣ་ཚོགས་སྤྲོ་ཞེས་པ་ནི་རིགས་ལྔ་ལྔ་སོགས་པ་སྤྲོ་བ་སྟེ། དེ་ཡང་དུས་གསུམ་ནི་རྡོ་རྗེ་ཡི་གེ་གསུམ་གྱི་བར ་དུ་བཅུག་པའི་ས་བོན་དག་གིས་བཟླས་ཞེས་སོ།། དེ་བས་ན་བཟླས་པ་ནི་སྨྲ་བ་ཡིན་ལ། སྨྲ་བ་ནི་ངག་གི་བཟླས་པ་ཞེས་བྱ་ལ། དེ་ཉིད་འབོད་པ་ཡིན་ལ། འབོད་པ་ཉིད་དེ་ཁོ་ན་ལ་སྐུལ་བར་སྨྲ་བས་ན་རྣལ་འབྱོར་པས ་ཀྱང་སྐུ་མཆོག་རྡོ་རྗེ་རྫོགས་བྱང་ཆུབ་ཅེས་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བར་བྱའོ།། ཞེས་སོ།། དམ་ཚིག་སེམས་དང་འདྲ་བར་ཡེ་ཤེས་སེམས་དཔའ་བསྐྱེད་དོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་སྙིང་གར་བྱིན ་རློབ་པའི་ཏིང་ངེ་འཛིན་ཡང་དེ་བཞི་ནོ།། སྤྲོ་བའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱི་བདག་ཁོ་ན་བཞིན་དུ་བསྙེན་སྒྲུབ་བཞི་དང་ལྡན་པར་བསྟན་པ། དེ་རྣམས་ཤེས་པ་ལ་སོགས་པའོ།། སྤྲོ་བ་དེ་རྣམས་ཀྱང་སྤྱི་བོ་དབང་བསྐུར ་ནས་གོང་མ་བཞིན་དུ་མཆོད་པ་སྨོསྤྲོས་ལ་མཆོད་པར་བྱའོ།། དེ་ཡང་རྡོ་རྗེ་འཆང་བཞིན་དུ་རིག་པ་དང་ལྷན་ཅིག་ཏུ་ཡོད་པ་སྟེ། དེའི་ལོངས་སྤྱོད་བཞིར་ཤེས་པར་བྱའོ།། དེ་གསུངས་པ། བདག་བྱིན་བརླབས་ཞེས་ཏེ། ཆོས་ཀྱི་དབྱིངསུ་བྱིན ་གྱིས་བརླབས་ཞེས་ཏེ་སྨོས་པའོ།། སོགས་ཀྱི་སྒྲས་ནི་ལྷོག་མ་གཉིས་བསྡུའོ།། དེ་བས་ན་ཐམས་ཅད་ཀྱི་སྤྲོས་པ་ཨང་དཀྱིལ་འཁོར་གྱི་བདག་པོ་བཞིན་དུ་ཤེས་པར་བྱའོ།། ད་ནི་ལེའུ་བཅོ་ལྔ་བའི་རྒྱས་འདེབས་པའི་དོན་བསྟན་པའི ་ཕྱིར། རྒྱས་འདེབས་ཇི་ལྟར་འཚལ་བར་བགྱི་ཞེས་པའི་ལན་གསུངས་པའོ།། དཔའ་བོ་ཞེས་པ་ལ་སོགས་པའོ།། དཔའ་བོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་རྣམསོ་ཞེསོ།། རྡོ་རྗེ་རྣམས་ཞེས་པ་ནི་དེ་བཞིན་གཤེགས ་པོ་རྣམས།། དེ་རྣམས་ཀྱི་སྤྱི་བོར་དབང་བསྐུར་རེ་རེ་སྟེ་ཞེས་པ་ནི་རང་རང་གི་རིགས་ཀྱི་བདག་པོ་རིག་མ་དང་ལྡན་པ་རེ་རེ་སྟེ། རིགས་ལྔ་ནི་མ་ཡིན་ནོ་ཞེསོ།། དེ་འབའ་ཞིག་གིས་རྒྱས་གདབ་ཅེ་ན། སྙིང་པོ་ཞེས་པ་ལ་སོགས ་པའོ།། དེ་ལ་སྙིང་པོ་དང་ཕྱག་རྒྱ་དང་སྔགས་ནི་ཕྱག་རྒྱ་བཞི་སྟེ། དེ་ལྟར་ཐམས་ཅད་ཀྱི་རིགས་ཀྱི་རིམ་པས་རྒྱས་གདབ་ཅེ་སོ།། རྒྱུ་རྡོ་རྗེ་འཆང་བ་ལ་འབྲས་བུ་མི་བསྐྱོད་པས་རྒྱས་གདབ་ཅེས་ཏེ་ཟློག་གོ།། ལེའུ་གསུམ་པ ་ལ་སོགས་པའོ།། ན་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་པ་ལ་སོགས་པའི་དོན་བསྟན་ཕྱིར། ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ་ཞེས་པའི་ལྡན་གསུངས་པ། ལོངས་སྤྱོད་བཞི་ཞེས་པ་ལ་སོགས་པའོ།། ་དེ་ཡང་གཙོ་བོའི་ངེས་པ་གནས་གྱུར་པ་ལྔ་བསྙེན་པ་ལྔ་སཽ་པའི་ལོངས་སྤྱོད་བཞི་དང་ལྡན་པའི་རིག་མའི་སྐྱེས་བུ་རྡོ་རྗེ་ཅན་དུ་གྱུར་ནས། དེ་གནས་གྱུར་པས་སྐུ་ལ་སོགས་པའི་ངོ་བོ་ཉིད་གྲུ་གསུམ་དུ་རྣམ་པར་སྒོམ་ཞེསོ།། གཞི་གང་ལ ་བསྒོམ་ཞེ་ན། ཀུན་ནས་སེར་པོའི་འཁོར་ལོ་ནི། རྩིབས་བཅུ་སྟེ་བཅུ་རྟག་པར་བསྒོམ་ཞེས་ཏེ། སོ་བཅུ་རྣམ་པར་དག་པའི་འཁོར་ལོ་སེར་པོ་རྩིབྱས་བཅུ་པ་རྣམ་པར་བསྒོམས་ལ། དེའི་དབུས་སུ་སྐྲོང་དཱ་ལ་བརྟེན་པ་ཞེསོ།། ་རྩིབས་རྣམས་ལ་ཁྲོ་བོ་བཅུ་བསྒོམ་སྟེ། དེ་ཡང་དད་པ་ལ་སོགས་པའི་ཤེས་པ་རྣམ་པར་དག་པས་བདག་ཉིད་ཡེ་ཤེས་བཅུ་ལས་འབྱུང་ཞེས་སོ།། འགོགས་པའི་རྡོ་རྗེ་ཞེས་པ་ནི་རྩེ་གཅིག་པ་མང་པོ་འཕྲོས་པས་ཞེསོ།། དེ་བས ་ན་སེམས་མཆོག་ཏུ་མཛེས་པས་བསྒྲུབ་པར་བྱའོ།། འཁོར་ལོ་དེ་ཡང་ས་གཞི་རྡོ་རྗེར་སྐད་ཅིག་གིས་གཡོན་དུ་འཁོར་བྱེད་པས་མི་འགུལ་བ་འདྲ་བས་ན་མི་གཡོ་བ་དང་མཚུངས་པར་འཁོར་ཞེསོ།། ཆོས་འབྱུང་བའི་རང་བཞིན ་དང་ཡོན་ཏན་གསུངས་པ། དེ་ལྟར་ཞོས་པ་ལ་སོགས་པའོ།། ལེའུ་བཅུ་བདུན་པ་ལ་སོགས་པའི་སྡོམ་པ་བསྟེན་པའི་ཕྱིར། དེ་བཞིན་སྡོམ་པ་ཇི་ལྟ་བུ་ཞེས་པའི་ལན་གསུངས་པ། རྡོ་རྗེ་ཅན་ཞེས་པ་ལ་སོགས་པའོ།། ་པབ་ཞེས་པ་ནི་རིམྦྷ་པ་གཉིས་ཀྱི་སྒྲུབ་ནི་རྒྱུའོ།། ནུན་ཏན་ནི་རྗེས་སུ་བླངས་པའོ།། དམ་ཚིག་ནི་བསྲུང་བ་དང་། བཟའ་བ་དང་། སྦྱང་བའོ།། དེ་ཐམས་ཅད་རྩུ་བའི་རྒྱུད་དུ་གསུང་སོ།། སྡོམ་པ་ཡང་དེར་གསུང་སོ།། དེ་ཉིད་ཡིན་ཡང་རིམ་པའི ་དབྱེ་བས་ཕྱེ་བ་ཡིན་ཞེཏེ། ཁྱད་པར་དུ་གརི་སུང་སོ་ཞུས་ཏེ། དེ་ཉིད་གསུངས་པ། གཟུགས་དང་ཞེས་པ་ལ་སོགས་པའོ།། དེ་ཡང་གཟུགས་ལ་སོགས་པ་རེ་རེ་ལུ་ཡང་འདི་བ་ལ་སོགས་པ་ལ་འདོད་ཆགས་དང་། ཞེ་སྡང་དང ་གློཏི་མུག་སོགས་རྟག་ཏུ་སྙིང་ལ་སྐྱེ་བར་འགྱུར་ཞེས་སོ།། དེ་ཉིད་སྡོམ་བྱས་ཆགས་ལ་འདོད་ཆགས་རྡོ་རྗེ་ཅན་ཞེས་ཏེ། འདོད་ཆགས་བྱུང་མ་ཐག་ཏུ་ཚེ་དཔག་མེད་དུ་བསམ་མོ།། རྡོ་རྗེ་འདྲ་བ་རིན་ཆེན་འབྱུང་ཞེས་པ ་ནི་ཞེ་སྡང་བྱུང་མ་ཐག་རིན་ཆེན་འ་བྱུང་ལྡན་ཏེ། མཉམ་པ་ཉིད་ཀྱི་ཕྱི་རོ།། དེ་བཞིནདུ་གཏི་མུག་ལ་དམ་ཚིག་ཅེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལས་མི་འདའ་བའི་ཕྱིརརོ།། འདོད་པ་དེ་རྣམས་དམ་ཚིག་མཚུང ་ཞེས་པ་ནི་དེ་ཐམས་ཅད་ཀྱང་རྡོ་རྗེ་འཆང་ཆེན་པོར་བལྟ་སྟེ། དེ་ལྟར་གཉིས་སུ་མེད་པས་གཟུགས་ལ་སོགས་པ་བསྟེན་པ་ནི་སྡོམ་པ་ཞེས་བྱའོ།། ད་ནི་ལེའུ་དགུ་པའི་ལུས་ཀྱི་སྤོས་རྣམ་པར་དག་པའི་དོན་བསྟན ་པའི་ཕྱིར། ཞེ་སྡང་གཏི་མུག་ཅེས་པ་ལ་སོགས་པའི་ཡན་གསུངས་པ། བརྐམ་པ་དང་ཞེས་པ་ལ་སོགས་པའོ།། རྣམ་བཅས་དང་ནི་ཞེས་པོ་ནི་ཐབས་དང་ཤེས་རབ་ཏུ་སྣང་བའོ།། རྣམ་པ་མེད་ཅེས་པ་ནི་དོན་དམ་པ ་གཉིས་སུ་མེད་པར་བསམས་ནས།། ཀུན་འགྲོ་ཡི་གེ་གསུམ་བདག་ཅེས་པ་ནི་ཀུན་གྱི་རང་བཞིན་ཡི་གེ་གསུམ་གྱིས་རྒྱས་བཏབས་ནས། བྱ་བ་དང་ཞེས་བུ་གནོད་བྱེད་གསོད་པ་དང་། དབྲོག་པ་ཞེས ་པ་སེར་སྣ་ཅན་གྱི་ནོར་དབྲོག་པ་ལ་སོགས་པ་ཡང་སྤྲོ་བ་དང་། རང་གི་བཟླས་པས་བྱའོ་ཞེས་སོ།། དེ་ལྟར་ཞེ་སྡང་ལ་སོགས་པ་ལས་དང་རྗེ་སུ་མཐུན་པའི་གཟུགས་གསུམ་དུ་སྐྱེད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་གསང ་བ་དག་པས་རྒྱས་གདབ་པར་བྱ་ཞིང་དབྱེར་མེད་པ་ཅན་གྱིས་ཇི་ལྟར་འདོད་པའི་དོན་བྱེད་དོ་ཞེས་སོ།། དེ་ལྟར་སྤྱིར་བསྟན་ནས། ད་ནི་ཞེས་སྡང་ལ་སོགས་པའི་ལས་སོ་སོར་བསྟན་པ། ཞེས་སྡང་སྦྱོར་ཞེས་པ་ལ་སོགས་པའོ།། དེ་ཡང ་བླ་མ་ལ་བརྙས་པ་ལ་སོགས་པའི་བསྒྲུབ་བྱ་དམྱལ་བར་འགྲོ་བ་མཐོང་ནས་དེ་ལས་འབྱིན་པར་འདོད་པོའི་སྙིང་རྗེ་ཆེན་པོ་དང་ལྡན་པས་སྲུང་མ་དང་དཔྲལ་བ་ལ་སོགས་པའི་ལས་བྱས་ནས་ཞེ་སྡང་གཙོ་བོར་གྱུར་པའི ་འཁོར་ལོ་བསྐྱོད་ལ་ཐམས་ཅད་ནག་པོར་བསམས་ཏེ། རྡོ་རྗེ་དྲག་པོའི་གཟུགས་སྤྲོས་པས་བསྒྲུབ་བྱ་བཅོམ་སྟེ་ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ་བ་ལ་སོགས་པ་བྱའོ།། འདིས་རང་རྒྱུད་དག་པར་བསྟན་པ། འདི་ལྟའི་སྦྱོར་བ་ཞེས་པ་ལ ་སོགས་པའོ།། ཁམས་གསུམ་ཞེས་པ་ལ་སོགས་པས་ནི་ཕན་ཡོན་སྟོན་ཏོ།། གཏི་མུག་གི་རྣལ་འབྱོར་པས་ནོར་དབྲོག་པ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ།། དེ་ཡང་མི་མཁོ་བའི་ཡོ་བྱད་ཀྱང་སེམས་ཀྱིས་འཛིན་པ ་ཡི་དགས་ཀྱི་གནས་སུ་འགྲོ་བར་མཐོང་ནས་དེ་དགག་པའི་ཕྱིར་རྣལ་འབྱོར་པས་གཏི་མུག་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་སྤྲོ་བར་བྱས་པས་གདུ་བུ་ལ་སོགས་པའི་རྒྱན་ཇི་སྙེད་པ་ཐཾད ་རྐུ་བར་གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ་མོ།། དེ་ནས་བརྐུས་པོའི་རིན་པོ་ཆོས་སེམས་ཅམ་ཐམས་ཅད་ལ་སྦྱིན་པའི་ཆར་འབེབས་པར་བསྒོམས་པས་དེ་ལསཽ་ཐར་པརརུ་འགྱུ་རོ།། གསང་སྔགས་ནི་བླ་མཱ་དང ་སེམས་ཀྱི་འགྱུར་བས་བྱེད་པས་ན་སོམ་ཉི་མི་བྱའོ།། དེས་རྣལ་འབྱོར་པའི་ཕན་ཡོན་བསྟན་པ། རྫས་རྣམས་ཐམས་ཅད་ཅེས་པ་ལ་སོགས་པའོ།། འདོད་ཆགས་ཀྱི་རྣལ་འབྱོར་པས་གཞན་གྱི་ཆུང་མུ་སྤྱད་པའི་ལས ་གསུངས་པ། འདོད་ཆགས་སྦྱོར་བའི་ཞེས་བྱ་ལ་སོགས་པ་སྟེ། དེ་ཡང་བསམ་པའི་ཁྱད་པར་ལས་བྱུང་བའི་ཁྱད་པར་དང་། དེ་ལ་སྨྱོས་ནས་རྗེ་སུ་ཆགས་པས་ངན་པར་འགྲོ་བའི་ལྔས་ཏེ། དེ་དགག་པའི་ཕྱིར་འདོད་ཆགས ་གཙོ་བོར་གྱུར་པའི་འཁོར་ལོ་བསྐྱེད་ནས་སྤྲོ་བ་བྱས་པས་ལྷ་མོ་ལ་སོགས་པ་དགུག་ཅིང་འདོད་པ་སྤྱད་པར་བྱའོ།། དེ་ནས་ལྷ་མོ་བཞིས་དགའ་བ་ལ་སོགས་པ་མྱོང་བར་བྱའོ།། དེ་བཞིན་དུ་ཐམས་ཅད་ལ་ཡོང་དབུལ་བར ་བྱ་ཞིང་འདོད་པས་རྩེན་པར་བསམས་ན་གོང་མོ་ལྟར་དེ་ཐམས་ཅད་ཀྱང་དེས་དག་པར་འགྱུར་རོ།། རང་ཉིད་དེ་ཀྱང་དོག་པར་འགྱུར་བའི་ཕན་ཡོན་བསྟན་པ། ཁམས་གསུམ་ཞེས་པ་ལ་སོགས་པའོ།། ལས་འདི་དག་ལ་ནུས་པ་གཞན ་ཡང་ཇི་ལྟ་བུ་ཡོད་ཅེ་ན། དཀྱིལ་འཁོར་བ་ཞེས་པ་ལ་སོགས་པའོ།། དམ་ཚིག་བསྲུངས་པ་ལ་བསྟན་པའི་དཀྱིལ་འཁོར་ལ་སོགས་པ་འདོད་པ་ཙམ་གྱིས་བྱེད་ལ། དེ་ཉམ་སུ་ལེན་པ་ལ་བྱིན་གྱིས་རློབ་པར་བྱེད་པས ་ན་སྒྲུབ་པ་པོ་རྣམས་ཀྱི་གྲུབ་པ་ནི་གཞན་ཡིན་ནོ་ཞེས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས་པའི་དོན་ཏོ།། འདི་ལས་དཀྱིལ་འཁོར་གསལ་བར་བྱ་བའི་ཕྱིར། དཀྱིལ་འཁོར་ཞེས་ནི་གོང་ལ་བགྱི་ཞེས་བའི་ལན་གསུངས་པ། བྷ་ག་ཞེས་པ ་ལ་སོགས་པའོ།། དེ་ལ་བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང་ཞེས་པ་ནི་ཆོས་བྱུང་བའི་ནང་དུ་ཆུད་པའི་རྟེན་ཅན་གྱི་དཀྱིལ་འཁོར་ལ་བྱའོ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་ཞེས་པ་ནི་ས་བོན་གྱིས་དགུག་པ་ལ་སོགས་པའི ་རིམ་པས་ཆོ་ག་གསུམ་གྱིས་སྒྲུབ་པའི་དཀྱིལ་འཁོར་རོ།། དཀྱིལ་འཁོར་ལུས་སུ་བཤད་པ་ཞེས་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ། དེ་ལྟར་དཀྱིལ་འཁོར་གསུམོ།། ལེའུ་བཞི་པ་ལས། ལུས་ཀྱི་ཚེ་ག་མཐོང་བ་ཡིས། དེ ་ནས་ཕྱག་རྒྱ་དགོད་པར་བྱ་ཞེས་ཟེའི་དོན་བསྟན་པའི་ཕྱིར། ཕྱག་རྒྱ་དགོད་པ་ཇི་ལྟར་ལགས་ཞེས་ལན་གསུངས་པས་ལུས་ཀྱི་དཀྱིལ་འཁོར་གྱི་དོན་ཡང་གསལ་བར་བྱ་བའི་ཕྱིར། ཕུང་པོ་སྐྱེ་མཆེད་ཅེས་པ་ལ་སོགས ་བའོ།། དེ་ཕུང་པོ་ལ་སོགས་པ་ལ་ལྷ་ཐམས་ཅད་ཀྱིས་རྒྱས་བཏབ་པ་སྟེ། དེ་ཡང་རྟག་པར་ཕྱག་རྒྱ་དགོད་པ་ཞེས་ཏེ། བརྟགས་པའི་དུས་ཉིད་ནི་ཡང་ཞེས།། དེ་ནི་ལུས་ཀྱི་དཀྱིལ་འཁོར་ཞེས་བསྟན་པ་ཡིན།། ཁྲོ་བོ་རྣམས ་ཀྱི་ཕྱག་རྒྱ་དགོད་པ་གསུངས་པ། ལྕགས་ཀྱུ་ཞེས་པ་ལྔ་སྩོགས་པའོ།། བསྲུང་བའི་འཁོ་ལོཥྚི་མ་མཚམས་ལ་སོགས་པ་དང་། སྟེང་འོག་གི་རྩིབས་ལ་འདོད་པའི་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་གཡས་པར་མཱར་ལྕགས ་ཀྱུ་ལྀ་སོགས་པ་དགོད་པར་བྱའོ་ཞེས་སོ།། ཕྱོགས་ཀྱི་ཁྲོ་བོའི་མཚན་མ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་རིམ་པར་ཤེས་པར་བྱའོ།། རིག་རྒྱལ་རྡོ་རྗེ་ཅན་རྣམས་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པ་དྲུག་སྟེ། དེའི་ཕྱག་རྒྱ ་དང་མདོག་ལ་སོགས་པ་ནི་རྡོ་རྗེ་འཆང་ལྀ་སོགས་པ་དང་འདྲ་བར་བསྟན་པའི་ཕྱིར། འཁོར་ལོ་སྒྱུར་བ་དྲུག་གི་རྒྱ་ཞེསོ།། ས་ལ་སོགས་པའི་སེམས་དཔའ་ནི་སྤྱན་མ་ལ་སོགས་པའོ།། རྡོ་རྗེའི་བདག་པོ་རྡོ་རྗེ་ཅན ་ཞེས་པ་ནི་དེ་རྣམས་ཀྱི་དོན་མཚན་མའི་ལྷག་མུ་རྣམས་འཁོར་ལྷོ་སྒྱུར་བྱ་དྲུག་དང་འདྲའོ་ཞེས་སོ།། སངས་རྒྱས་ཞེས་བྱ་ནི་དེ་བཞིན་གཤེགས་པ་དྲུག་གོ།། བྱང་ཆུབ་སེམས་དཔའ་ནི་སྤྱན་མ་ལྔ་སོགས་པའོ།། ཁྱོ་རྒྱུ་ལ་ཞེ ་པཱ་ནཾ་ཁྲོ་བོ་བཅུ་སྟེ། དེ་རྣམས་རྒྱས་བཏབ་པའི་ཕྱག་རྒྱ་ནི་བཤད་ཟི་དོན་ཏོ།། ཞེས་སོ།། དེ་ལས་གཞན་ཡང་དཔའ་བོ་གཙུག་ཅེས་པ་ནི་རྡོ་རྗེ་དཔའ་བོ་དང་། ཛཾ་ཛྙོ་ལ་དང་། ཙུནྡྲ་མ་ལ་སོགས་པ་སྟེ། མི་བསྐྱོད་པས་ཞེས་སོ།། ་རིགས་ནི་ཁ་དོག་གིས་བརྟགས་ཅེས་ནི་གནོད་སྦྱིན་མོ་དང་། ཕྱག་བརྙན་དང་། ཚངས་པ་དང་སོགས་པ་ནི་རིགས་བཞིན་དུ་ཤེས་པར་བྱའོ།། ཞེས་སོ།། ད་ནི་ལེའུ་བརྒྱད་པ་ལས། མཁས་པས་ཨུཏྤ་ལྀ་དག་དང་ཞེས ་པའི་མེ་ཏོག་གི་དོན་ནི། མེ་ཏོག་ཅེས་ནི་གང་ལ་བགྱི་ཞེས་པའི་ལན་གསུངས་པ། བུད་མེད་ཅེས་པ་ལ་སོགས་པའོ།། ལྷ་མོ་རྣམ་པ་བཅུ་པོ་ལ་འདིར་མེ་ཏོག་གི་སྒྲར་བརྗོད་དེ། དེ་ཡང་ཨུཏྤ་ལ་དང་། པདྨ་ནི་གཟུགས ་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཡོངསུ་རྫོགས་པའོ།། ཛཱ་ཏི་གསུམ་ནི་དམན་པ་དང་། འབྲིང་དང་། མཆོག་གི་སྐྱེ་གནས་ཀྱིས་ཕྱེ་བའི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ།། ཀརྞི་ཀ་ལ་སོགས་པ་བཞི་ནི། སྤྱན་མ་ལ་སོགས་པ་བཞིའོ།། ལྷ་མོ་རྣམ་པ་དྲུག ་ཡི་གེ་རྣམ་པ་གསུམ་གྱི་དབྱུང་བར་ཡང་བསྟན་པ། སྐུ་གསུང་ཞེས་པ་ལ་སོགས་པའོ།། རིགས་ཀྱིས་རོམ་གྱིས་ཤེས་པོ་ནི་རིགས་ཀྱི་བདག་པོས་རྒྱས་བཏབ་པའི་ངོ་བོ་རྣམས་ཤེས་པའི་དོན་ཏོ།། ལེའུ་བརྒྱད་པ་ལས། མཆོད་རྟེན་རིན་ཆེན ་སྣ་བཞི་པ་ཞེས་པའི་དོན་བསྟན་པའི་ཕྱིར་མཆོད་རྟེན་ཞེས་ནི་གང་ལ་བགྱི་ཞེས་པའི་ལན་གསུངས་པ། མཆོད་རྟེན་ཞེས་པ་ལ་སོགས་པའོ་རྣམ་པར་སྣང་མཛད་ལས་གྱུར་པའི་གཞལ་ཡས་ཁང་བརྩེགས་པ་མཆོད་རྟེན་ཞེས་པའི ་དོན་ནོ།། ལེའུ་བཅུ་བདུན་པ་ལས་ཡེ་ཤོས་འཁོར་ལོའི་བསམ་གཏན་གྱིས་ཞེས་པའི་དོན་བསྟན་པའི་ཕྱིར། ཡེ་ཤེས་འཁོར་ལོ་ཇི་ལྟ་བུ་ཞེས་པའི་ལན་གསུངས་པ། ཡེ་ཤེས་སེམས་དཔའ་ཞེས་པ་ལ་སོགས་པའོ།། ཡེ་ཤེས་སེཾས ་དཔའ་གང་རེག་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཀྱི་དངོས་སུ་འམ་བརྒྱུད་པས་ཡང་དག་པོར་བསྐུལ་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་གང་ཡིན་པ་དེ་ལ་ཡེ་ཤེས་འཁོར་ལོ་ཞེས་སུ་བཤད་ཅེསོ།། ལེའུ ་དྲུག་པ་ལས། སྔགས་ཀྱི་ཐབསུ་རྣམ་པར་བསྒོམ་ཞེས་པའི་དོན་བསྟན་པའི་ཕྱིར། སྔགས་ཀྱི་ཐབས་ནི་ཇི་ལྟར་ལྕགས་ཞེས་པའི་ལན་གསུངས་པ། མི་འགྱུར་ཞེས་པ་ལ་སོགས་བྱའོ།། ཧཱུཾ་ལ་སོགས་པའི་ས་བོན་གྱི་ཡི་གེ ་ཡིད་ལ་རྣམ་པར་གསལ་བས་རྡོ་རྗེ་གསུམ་འགྲུབ་པར་བྱེད་པས་ན་ཐབས་ཞེས་བྱའོ།། ལེའུ་དྲུག་པ་ལས། དམ་ཚིག་བསྐུལ་བ་ལ་སོགས་པ་བཞིའི་དོན་བསྟན་པའི་ཕྱིར། མགོན་པོ་ཇི་ལྟར་བསྐུལ་བར་བགྱི་ཞེས་ལ་སོགས ་པ་དྲིས་ཚིག་བཞིའི་ལན་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ།། དེ་ལ་སྐུ་ལ་སོགས་པ་དེ་ཁོ་ན་ཉིད་ལ་ཇི་ལྟར་མོས་པ་བཞིན་དུ་བྱིན་གྱིས་བརླབས་པའི་ཕྱིར་གསོལ་བ་གདབ་པས་སད་པར ་བྱ་བ་ནི་བསྐུལ་བར་བཤད་ཅེས་སོ།། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀྱི་ཐུགས་རྡོ་རྗེ་ལ་སོགས་པ་བོད་པའི་དོན་དུ་ལྷ་མོ་ལ་སོགས་པའི་འོད་ཟེར་སྤྲོ་བ་ནི་གཏོང་བ་ཞེས་བྱའོ།། རྡོ་རྗེ་ཐམས་ཅད་དེ་དེ་བཞིན་གཤེགས ་པོ་གང་སྤྲོས་པས་བཀུག་པ་མངོན་དུ་བྱེད་པ་དེ་ནི་སྤྱན་དྲང་པ་ཞེས་བྱའོ།། བསྐུལ་བ་ནི་སྐབས་འདིར་ཤེས་པར་བྱའོ།། དེ་ནས་རྡོ་རྗེ་ཅན་གྱི་གནས་ས་བོན་རྣམས་ལ་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་གསུམ་རྣམས་བསྡུས ་ནས་གོང་བུའི་ཚུལ་གྱིས་བཅུག་ནས་བྱིན་གྱིས་བརླབ་པོ་ནི་བཅིང་བ་ཞེས་བྱའོ།། ལེའུ་བཅུ་དྲུག་པའི་དབང་བསྐུར་བའི་དོན་བསྟན་པའི་ཕྱིར། དབང་བསྐུར་བ་ནི་ཇི་ལྟར་ལགས་ཞེས་པའི་ལན་གསུངས་པ། སྐུ་གསུང་ཞེས་པ་ལ ་སོགས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་མི་བསྐྱོད་པ་ལ་སོགས་པས་སོ།། དེས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཞེས་སོ།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་རྒྱས་བཏབ་སྟེ་ཞེས་པ་ནི་མཚན་མའམ་ཕྱག ་རྒྱ་ཆེན་པོས་རྒྱས་བཏབ་སྟེ་ཞེསོ།། རི་མོའི་དཀྱིལ་འཁོར་གཉིས་ཀྱིས་ཏེ། དཱི་བས་ན་གསུམ་པས་བསམ་གཏན་གྱི་དཀྱིལ་འཁོར་བརྟགས་ལ་དབང་བསྐུར་བར་བྱའོ་ཞེས་ཏེ། སློབ་དཔོན་གྱི་ལས་ནི་ཐ~ཾད་ལྔས་མ་བཀག་པའོ།། དེ་ལྟ ་བློའི་དཀྱིལ་འཁོར་དུ་དབང་ཇི་ལྟར་བསྒྱུར་སྐྱེ་ན། དབང་བསྒྱུར་ཞེས་པ་ལ་སོགས་པའོ།། བུམ་པའི་དབང་གི་ཚ་ག་རྩ་བའི་རྒྱུད་དུ་བཤད་ནས། གསང་བའི་དབང་བསྐོར་བའི་ཆོ་ག་གསུངས་པ་མིག་ཡངས་ཤེས་པ་ལ་སོགས་པའོ།། ་དེ་ཡང་ཇི་སྐད་དུ་གསུང་བའི་མིག་ཡངས་ཚོགས་ཀྱི་མཆོད་པ་དང་བཅས་ཏེ་བླ་མ་ལ་ཕུལ་ནས་དེས་ཇི་སྐད་དུ་གསུངས་པའི་གསྡང་བའི་དབང་བསྐུར་བ་སློབ་མ་ལ་སྦྱིན་པར་བྱའོ།། ཆོ་ག་དེ་ཡང་གང་ཞེ་ན། ན་མཁའི་དབྱིངས་ཞེས ་པ་ལ་སོགས་པའོ།། ཆོ་ག་ནི་མ་པ་ཕྱེའོ།། བསྔགས་པའི་ལྟར་ཡང་དེ་འདི་ཞེས་པ་ལ་སོགས་པས་བསྟན་ཏོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། མཆོག་ཏུ་དད་ཅིང་ཞེས་པ་ལ་སོགས་པའོ།། དཾ་ཡང་ཇི་སྐད་དུ ་གསུངས་པའི་ཕྱག་རྒྱ་བཙལ་ནས་ཡོན་རྣམས་རབ་ཏུ་ཕུལ་ནས་སུ་ཞེས་པ་ནི་རྗེ་སུ་མཐུན་པའི་ཡོན་དང་བཅས་པར་ཕུལ་ནས་སོ།། དེ་ནས་བླ་མས་དེ་ལ་ཤེས་རབ་ཀྱི་དབང་བསྐུར་བར་གསུངས་པ། བླ་མས་དེ་ནི་ཞེས་པ་ལ ་སོགས་པའོ།། རྨོངས་པ་གཏི་མུག་ཅེས་པ་ལ་སོགས་པ་ནི་ཡེ་ཤེས་ལ་རྟོགས་པའི་སློབ་མའི་རྒྱུད་དག་པར་བྱ་བའི་ཕྱིར་བླ་མའི་ཏིང་ངེ་འཛིན་གསུངསོ།། རིགས་པའི་ལྷ་མོ་དེ་ཉིད་ནི་ཞེས་པ་ལ་སོགས་པས་ནི་རིག་པའི་བརྟུལ ་ཞུགས་ཀྱི་དབང་སྟོན་ཏོ།། ད་ནི་ལེའུ་བཅུ་དྲུག་པ་ལས་གསུངས་པའི་རིག་མའི་བརྟུལ་ཞུགས་ཀྱི་དོན་བསྟན་པའི་ཕྱིར། དེ་བཞིན་རིག་པའི་བརྟུལ་ཞུགས་གང་ཞེས་པའི་ལན་གསུངས་པ། ཆོས་ཀུན་ཞེས་པ་ལ་སོགས་པའོ།། ། ་དངོས་པོ་གཉིས་སུ་བརྟགས་པ་ཡིན་ཞེས་ཡང་དག་པའི་ཀུན་རྫོབ་ཏུ་ཐབས་དུང་ཤེས་རབ་གཉིས་སུ་སྣང་བ་སྟེ། དེ་བོས་འཁོར་བ་རྣམས་བྲལ་བར་ཞེས་པ་ནི་འཁོར་བའི་རྒྱུན་ཟློག་པར་བྱེད་པའི་ལམ་དམ་པ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཡིན་པས་ནུ་དེ་དང་བྲལ་བར་མ་བྱེད་ཅག་ཅེས་པའི་དོན་ཏོ།། བརྟུལ་ཞུགས་ལེན་པའི་ཕྱིར་ན་བརྟུལ་ཞུགས་ཏེ་རེག་པའི་བརྟུལ་ཞུགས་ཏེ་རིག་པའི་བརྟུལ་ཞུགསསོ།། ལེའུ་དྲུག་པ་ལས་གསུངས་པའི ་བདུད་རྩི་དོན་བསྟན་པོའི་ཕྱིར། བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ་ཞེས་པའི་ལན་གསུངས་པ། ཐ་མལ་ལུས་ཀྱི་ཞོས་པའོ།། སོགས་པའོ།། ཐ་མལ་པའི་ལུས་ལ་དྲི་མ་ལྟར་སྣང་བ་ནི་ཡེ་ཤེས་ལཱུའི་ཚོ་གས་བྱིན་གྱིས་བརླབས་པས ་ན་བརྗོ་རྩི་སྡེ་ཞེས་བྱ་བ་ཡིན་ནོ།། ཆ་གིང་གང་ཞེས་ན། ཐར་དང་ཤེས་པ་ལ་སོགས་པའོ།། དེ་ལ་སླར་དང་ཞེས་པ་ནི་རླུང་གི་དཀྱིལ་འཁོར་རོ།། བསྲེག་པ་ཞེས་པ་ནི་མིའི་དཀྱིལ་འཁོར་རོ།། དེའི་དོན་ནི་འདི་སྒོ་སྟེ། ཨོཾ་ཡས་རྒྱ ་བའི་རླུང་གི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཨཱ་ལཱས་བྱུང་བའི་པདྨ་བནྡྷ་བསྒོམ་པར་བྱའོ།། དེའི་ནང་དུ་བདུད་རྩི་ནི་དེའི་དབུས་སུ་གཞུག་པར་བྱའོ།། དེའི་སྟེང་དུ་སྣང་བར་བྱ་དང ་གཟུགས་སྣང་བ་ཞེས་པས་ཉྩ་མཱཾ་དང་ཟླ་བའི་གཟུགས་བསྐྱེད་ལ། དེའི་སྟེང་དུ་སྔགས་ཀྱི་ལུས་སུ་ཞེས་ཏེ། བུཾ་ཨཾ་ཛཾ་ཁ~ཾ་ཧཱུཾ་བས་མོ།། དེ་ནས་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི།། མཚོན་ཆ་མཆོག་གི་དྲངས་ནས་ནི།། བདུད་རྩི་དེ་ལ ་ཕབ་ནས་ཀྱང་ཞེས་པས་ས་བོན་གྱི་བཀུགྶ་པའི་དེ་བཞིན་གཤེགས་པ་ས་བོན་དེས་གཞུག་པར་བྱའོ།། དེ་ནས་མེ་སྦར་བ་ལ་སོགས་པས་རླངས་པ་ལོས་བྱུང་བའི་ཧཱུཾ་ལས་རྡོ་རྗེ་དཀར་པོ་བར་སྣང་ལ་བསམ་པར་བྱས་ནས་ཕྲེང་བ་ལྟ་བུའི་རྒྱུན་ཏུ་ཞུ་ཞིང ་དབབ་པར་བྱའོ་ཞེས་བྱའོ།། དེ་ནས་ཨོཾ་གྱིས་བསིལ་དབབ་པར་བྱའོ།། དེ་ཙམ་ན་ཤིལ་དང་མཚུངས་པར་སྣང་ཞིང་ཉི་མ་ལྟར་དག་པར་བསམས་ནས། བཟའ་བའི་ཆོ་གུ་ཞེས་པ་ནི་ལྕེ་དག་པར་བྱ་བ་དང་། པདྨ་སྤྲོ་བ་ལ་སོགས་པས ་བཟའ་བར་བྱའོ།། ད་ནི་ལེའུ་བཅུ་གཉིས་པ་ལས། ཤ་ཆེན་དམྱ་ཆོག་མཆོག་གིས་ནཱཾ་ཞེས་པ་ལ་སོགས་པའི་དོན་བསྟན་པའོ་ཕྱིར། དེ་བཞིན་དཔའ་བོ་ལྔ་གང་ལགས་ཞེས་པའི་ལན་གསུངས་པར། བསྒྲུབ་བྱའོ་ཞེས་པ་ལ་སོགས ་པའོ།། དེ་ལ་པོསྒྲུབ་བྱའི་དངོས་གྲུབ་ཅེས་པ་ནི་མི་སྣང་བ་ལ་སོགས་པ་སྟེ། དེ་རྫོགས་པར་བྱ་བའི་དོན་ཆེད་དུ་ཞེས།། ཆོ་ག་ཡིས། དེ་བཞིན་དཔའ་བོ་ལྔ་རྣམས་ཞེས་པ་ནི་གོང་མའི་ཆོ་ག་ཁོ་ནས་ཤ་རྣམ་པ་ལྔ་ཟོས་ན་འགྲུབ་པར་འགྱུརརོ།། ་ཡི་གེ་གསུམ་བརླབ་ན་གོང་དུ་ཡང་ཤེས་པར་བྱའོ།། ད་ནི་དངོས་གྲུབ་ཐུན་མོདོ་ཇི་ལྟར་ལགས་ཞེས་པ་ལ་སོགས་པ་ཞུས་ཚིག་གཉིས་ཀྱི་ལན་གསུངས་པ། མི་སྣང་ལ་སོགས་ཞེས་པའོ།། དེ་ལ་མི་སྣང་བ་དང་། རིག་འཛིན་དང་། མངོན་པར ་ཤེས་པ་ལྔ་དང་། རྒྱ་མཚོ་རྐང་པས་དགག་པ་དང་། མངག་གཞུག་དང་། མིག་སྨན་དང་། སྔགས་ཀྱི་ཁྱད་པར་གྱི་གྲུབ་པ་དང་། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་ནི་ཐུན་མོང་གི་དངོས་གྲུབ་སྟེ། སའི་དབང་ཕྱུག་དང་། འཕགས་པ་དང་། ལྷ་ཆེན ་པོ་དང་། བྱེ་བའི་རྒྱུད་ལ་སོགས་པ་དང་། ཐུནཱ་མོང་དུ་གྱུར་པའི་ཕྱིརོ།། ལམ་གླིང་གི་སངས་རྒྱས་ཉིད་དུ་སྒྲུབ་པ་ནི་སངས་རྒྱས་ཀྱིས་དང་སྒོ་གྲུབ་མཆོག་ཅེས་གསུངས་ཏེ། བླ་ན་མེད་པའི་ཕྱིརརོ།། དངོས་གྲུབ་དེ་ཡང་ཐབས་ཀྱི་གྲུབ ་པས་ན། དེ་ལ་ཐེ་བས་ནི་རྣམ་པ་དུ་ཞེས་པའི་ལན་བསྟེན་པའི་ཕྱིར། ཐབས་ནི་རྣམ་པ་བཞི་པོ་དག་ཅེས་པ་ལ་སོགས་པའོ།། ཐབས་གཞི་དངོས་གང་ཞེ་ན། བསྙེན་པའི་ཆོ་ག་ཞེས་པ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པའི ་ཡན་ལག་དང་། ཐམས་ཅད་མཁྱེན་པའི་ཡན་ལག་དང་། སྐུ་གསུང་ཐོབ་པའི་ཡན་ལྷག་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་ཐོབ་པའི་ཡན་ལག་བཞིའོ།། བསྙེན་པ་ལ་སོགས་པའི་དབྱེ་བ་ཡོང་བསྟན་པར་བྱ་བའི ་ཕྱིརཐུན་མོང་ཞེས་པ་ལ་སོགས་པའོ།། ཐུན་མོང་བསྙེན་པ་གཉིས་དང་། མཆོག་གི་བསྙེན་པ་གཉིས་དང་རྣམ་པ་བཞིའོ།། ཉེ་བར་སྒྲུབ་ལ་སོགས་པ་ཡང་རྣམ་པ་བཞིའོ་ཞེས་ཚིག་ལྷག་མོའོ།། དེ་ལ་དང་པོ་ཐུན་མོང་གི ་བསྙེན་པ་གཅིག་ནི་རྣམ་བཞིའོ།། མཆོག་གི་བསྙེན་པ་གཅིག་ཀྱང་ཡེ་ཤེས་བདུད་རྩི་སྟེ། བར་གྱི་སྲིད་པའི་སེམས་ལས་འོད་དུ་ཞུ་ཞིང་བསྐུལ་བུ་ལས་བདག་པོའི་ལྷ་འབྱུང་བ་སྟེ། འདི་གཙོ ་བྱོ་འབའ་ཞིག་ལ་གཏོགས་པའི་ཡན་ལག་ཏུ་འགྱུར་བས་ན་མཆོག་གིས་བསྙེན་པ་ཞེས་བྱའོ།། དེ་བས་ན་ཡན་ལག་གཞན་ཡང་དེ་སྐད་ཅེས་བྱའོ།། རྡོ་རྗེ་རྣམ་པ་བཞི་པོ་དེ་ཉིད་གསུངས་པ། དང་པོ་སྟོང་པ་ཉིད་ཅེས་པ་ལ ་སོགས་པའོ།། དེ་ཡང་ས་བོན་གྱི་འོད་ཀྱིས་བསྐུལ་བའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས་པ་ཞུ་བར་གྱུར་པ་པདྨའི་ནང་དུ་གནས་པོ་ནི་དང་པོ་སྟོང་པ་ཉིད་བྱང་ཆུབ་སྟེ། ས་བོན་ལ་སོགས་པས་སྟོང་པའི་ཕྱིརརོ།། དེ་ལས ་གཙོ་བོ་འབའ་ཞིག་གི་ས་བོན་བཅུ་དགུར་གྱུར་པ་ནི་གཉིས་པ་ས་བོན་བསྡུས་པ་ཡིན་ཞེས་སོ།། དེ་ལུས་རང་ཉིད་དམ་བདག་པོས་གཙོ་པོ་བྱས་པའི་དཀྱིལ་འཁོར་བསྐྱོད་པ་ནི་གསུམ་པ་གཟུགས་ནི་རྫོགས་པ་སྟེ་ཞེས་བྱའོ།། ་དེ་ཉིད་བཛྲ་དྷྲྀག་ལཱ་སོགས་པའི་སྔགས་ཀྱིས་རང་རང་གདན་ལ་བཀོད་པ་ནི་ཞི་བ་ཡི་གེ་དགོད་པའོ་ཞེསོ།། དྲི་བསྣུ་ན། རྡོ་རྗེ་རྣམ་བཞི་འདི་དག་གིས། ཐུན་མོང་བསྙེན་པ་བསྒྲུབ་པར་བྱ་ཞེས་ཏེ། ལྷ་ཐམས་ཅད་ལྔ ་གཏོགས་པའི་ཕྱིར་ཐུན་མོང་གི་བསྙེན་པ་ཞེས་བྱ་ལ། ཡན་ལག་གཞན་རྣམས་ཀྱང་ཐམས་ཅད་གཏོགས་པའི་ཕྱིར་ཐུན་མོང་གི་ཉེ་བར་སྒྲུབ་པ་ལ་སོགས་པ་ཡང་ཤེས་པར་བྱའོ།། མཆོག་གི་ཡེ་ཤེས་བདུད་རྩི་ཞེས་ཏེ། ་དེ་ནི་ཡེ་ཤེས་བདུད་རྩི་གོང་མ་ལྟ་བུས་མཆོག་གི་བསྙེན་པ་ལ་སོགས་པ་བྱས་ལྷ་ཐུན་མོང་གི་བསྙེན་པ་འདི་བྱའོ་ཞེསོ།། མཆོག་གི་བསྙེན་པ་གཉིས་པ་ཕྱིས་འཆད་པར་འགྱུརརོ།། ཐུན་མོང་གི་བསྙེན་པ་གཉིས་པ་བསྟན ་པའི་ཕྱིར། སྦྱོར་བྱ་དྲུག་ཅེས་བཱ་ལ་སོགས་པའོ།། ཡན་ལག་དྲུག་གང་ཞེ་ནོ།། སོ་སོར་སྤྱོད་པ་ལ་སོགས་པའོ།། དེ་ལ་དང་པོར་སོ་སོར་སྤྱོད་པ་བསྟན་པ། དབང་པོ་བཅུ་ཞེས་པ་ལ་སོགས་པའོ།། མིག་ལ་སོགས་པ་ལྔ་དང ་གཟུགས་ལ་སོགས་པ་ལྔ་ནི་ཚོགས་དང་བཅས་པ་ལ་དབང་བྱེད་པས་ན་དབང་པོ་རྣམས་ཏེ། རང་རང་གི་ངོ་བོ་ཉིད་ཙམ་ལ་གནས་པ་ལས་འདོད་པ་ལྔའི་ངོ་བོར་སོ་སོར་སྤྱོད་པ་ཞེས་བྱའོ།། གཉིས་པ་བསམ་གཏན་གྱི་ཡིན ་ལུག་བསྟན་པ། འདོད་པ་ལྕེ་ནི་ཞེས་བྱ་བ་ལཱ་སོགས་པའོ།། འདོད་པ་ལྔ་ལ་སངས་རྒྱུས་ལྷའི་རང་བཞིན་ཡན་ལག་ལྔ་བརྟག་པ་ནི་བསམ་གཏན་ཞེས་བྱའོ།། ཡན་ལྷག་ལྷོ་གྲང་ཞེ་ན། བསམ་གཏན་དེ་རྣམས་ཞེས་པ་ལ། ་སོགས་པ་སྟེ། གཞན་ཡང་ཐུན་པར་བསྟན་པའི་ཕྱིར་རོ།། རྟོག་པ་ལ་སོགས་པའི་རང་གི་ངོ་བོ་ཡང་སོ་སོར་བསྟན་པ། གསང་བ་ཞེས་པ་ལ་སོགས་པའོ།། དེ་ལོ་ཐབས་དང་ཤེས་རབ་དེའི་བདེ་བ་ནི་གསད་བ་གསུམ་སྟེ། རྟོག་པའོ།། ་ཤེས་རབ་དེ་ཉིད་ལ་བུད་མེད་གཉིས་ཀྱི་ངོ་བོར་ལོངས་སྤྱོད་པས་སྤྱོད་པའོ།། དེ་འདྲ་བའི་གཟུགས་ལ་རངས་པའི་མཚན་ཉིད་ནི་དགའ་བའོ།། དེའི་འོག་ཏུ་བདེ་བ་བསྡུས་པའི་ཁྱད་པར་ནི་བདེ་བ་ཞེས་བྱའོ།། དེ་ན་རང་གི་སེམས ་ཡེ་ཤེས་དང་ཤེས་བྱའི་ཆ་རྣམ་པར་ཟད་པའི་ངོ་བོ་རྟོག་པ་ཐམས་ཅད་དང་བྲལ་བ་ལྷན་ཅིག་སྐྱེས་པའི་དགའ་བ་ནི་རྩེ་གཅིག་པ་ཞེས་བྱའོ།། གོ་རིམ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་ངོ་བོའོ།། ་གསུམ་པ་དབུགས་དགག་གཏོང་གི་ཡན་ལག་བསྟན་པ་ནི། སངས་རྒྱས་ཞེས་པ་ལ་སོགས་པའོ།། ཕྲ་མོའི་རྣལ་འབྱོར་ལྔ་གནས་པས་སེམས་བྱིང་བར་སོང་ན་སངས་རྒྱས་ཀུན་གྱི་དངོས་པོ་ཞི་པ་གཟུགས་ལ་སོགས་པ ་འདོད་པ་ཀུན་ལ་རབ་ཏུ་གནས་པ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་གྱི་དབུགས་དབྱུང་བ་ལྔའི་ངོ་བོ་ཉིད་དུ་གནས་པ། གོང་བུའི་གཟུགས་ཞེས་ཏེ། རོང་གི་ལྷའི་མཚན་མ་ཕྲ་མུ་ལཾ་དཀྱིལ་འཁོར་གནས་པ་རང་གི་རྡོ་རྗེའི ་དབུས་ལྕགས་ཀྱུ་ལྟ་བུས་ཟེ་འབྲུའི་བུམ་པ་ལས་ཕྱུང་ནས་རིག་མའི་པདྨའི་སྣ་རྩེར་རབ་བརྟགས་ལ་ཏིང་ངེ་འཛིན་གསུམ་པ་ལ་སྤྲོ་བསྡུ་བྱའོ་ཞེས་པའི་ཚིག་ལྷག་མའོ།། དེ་མཚོན་པ་ཙམ་དུ་ཕྱག་མཚན་ཅིག ་གསུངས་པ། རིན་ཚོན་ཁོ་དོག་སྟེ་ལྔ་པ་ཞེས་ཏེ། ཡུངས་ཀར་གྱི་འབྲུ་ཚོད་ཙམ་མོ།། དེས་ན་འཁོར་ལོ་དང་པདྨ་ནི་ཙ་ན་ཀཉྫི་འབྲུ་ཙམ་མོ།། རྡོ་རྗེ་དང་རལ་གྲི་ནི་ནས་ཙམ་མོ་ཞེས་ཤེས་པར་བྱའོ།། དྲི་ནི་དབུགས་དགག ་གཏོང་བ་ཞེས་སུ་བཤད་ཅེས་ཏེ། དགེག་པ་དང་གཏོང་བ་གསུམ་གྱིས་རྣམ་པར་བསྒྲུབ་པ་ཞེས་བྱའོ།། བཞི་པ་གཟུང་བའི་ཡན་ལག་བསྟན་པ། རང་སྔགས་ཞེས་པ་ལ་སོགས་པའོ།། ཕྲ་མའི་རྣལ་འབྱོར་ལ ་གནས་པས་རང་གི་ས་བོན་ཐིག་ལེའུ་གཟུགསུ་གནས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀར་བསམས་ལ་རང་གི་དབུགས་ཐིག་ལེ་ལ་བཞག་པར་བྱའོ།། རང་དབང་ཞེས་པ་ནི་རང་གི་དབུགས་ཐིག་ལ་ལ་བཞག་པར་བྱའོ།། ་རང་དབང་ཞེས་པ་ནི་རླུང་གི་སྲོག་གི་དབང་པོ་དབུགས་དེ་ཉིད་དོ།། མཆོག་ཏུ་གྱུར་པས་ན་རིན་པོ་ཆེ་སྟེ། བཀག་ནས་དམིགས་པ་ལ་བཟུང་བ་ཞེས་བྱའོ།། དེ་གཟུང་བ་ནི་སེམས་འགོག་པའི་རྡོ་རྗེར་གྱུར་ནས་བསྟན་པར་གྱུར་པའི ་མཚན་མ་ཉེ་བར་འཛིན་པར་འགྱུར་རོ།། མཚན་མ་དེ་ཡང་སྨིག་རྒྱུ་འདྲ་བ་ལ་སོགས་པ་ལྔར་འགྱུར་རོ།། དེ་ཡང་ས་རྣམ་པར་ལོག་པས་དེའི་འོད་ཟེར་སྨིག་རྒྱུ་འདྲ་བ་འབྱུང་བ་ནི་དང་པོ་སྟེ། ཆུ་རྣམ་པར་ལོག་པ་ལས་དུ་བ ་ལྟ་བུ་འབྱུང་བ་ནི་གཉིས་པའོ།། མེ་རྣམ་པར་ལོག་པས་མཁའི་སྣང་ཞེས་པ་ནི་སྲིན་བུ་མེ་ཁྱེར་ལྟ་བུ་ནི་གསུམ་པའོ།། རླུང་རྣམ་པར་ལོག་པས་མར་མེ་ལྟར་འབར་བ་ནི་བཞི་པའོ།། རྣམ་པར་ཤེས་པ་རྣམ་པར་གྱུར་པས་དེའི ་འོད་ཟེར་ཟབ་གསལ་གྱི་ཡེ་ཤེས་ལ་རེག་ལ། ཉེ་བའི་རྟགས་མཚན་མ་ལ་སོགས་པའི་གཟུགས། སྤྲིན་མེད་ན་མཁའ་ལྟ་བུར་ནི། རྟག་ཏུ་སྣང་བ་ལྔ་པའོ་ཞེས་སོ།། དེ་རྣམས་རྣལ་འབྱོར་པ་བཞིར་འགྱུར་བའི་མཚན་མའོ།། ་ལྔ་པ་རྗེསུ་དྲན་པའི་ཡན་ལག་གསུངས་པ། བརྟན་འགྱུར་ཞེས་པ་ལ་སོགས་པའོ།། ཕྲ་མོ་ལ་གནས་པས་བསྟན་པར་གྱུར་པའི་མཚན་མ་ལྔ་མཐོང་ནས་རྡོ་རྗེའི་ལམ་ནས་ན་མཁའི་ཁོམས་ཀུན་ཏུ་ཇི་སྐད་གསུངས་པའི་ཆོ ་གས་བཅུ་གཅིག་སྤྲོ་བར་བྱ་ཞེས་བྱས་སོ།། དེས་སྤྲོ་བ་ནི་རྗེས་སུ་དྷན་པཱ་གང་བསྒོམས་པ་དེ་དང་འདྲ་བར་སྤྲོ་བར་བྱ་བ་ནི་རྗེས་སུ་དྲན་པ་ཞེས་བྱའོ།། སོ་སོར་སྣང་བ་དེ་ལས་ཞེ་སྐྱེ་ཞེས་པ་ནི་སྤྲོ་བ་དང་བསྡུ ་བུ་ལས་སྔོན་མཐོང་བའི་དོན་སོ་སོར་སྣང་བ་དེ་ལོས་སྐྱེའོ་ཞེསོ།། དེ་ནས་ནི་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་བསྟན་པའི་ཕྱིར། ཐ་བོས་དང་ཤེས་རབ་ཅེས་པ་ལོ་སོགས་པའོ།། དེ་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད ་སྙོམས་པར་འཇུག་པས་དངོས་པོ་ཐམས་ཅད་ས་བོན་གྱི་དྲངས་ནས་རང་གི་ས་བོན་ལྔ་གྲོང་བུའི་ཚུལ་གྱིས་བསྡུས་ནས་ང་གི་སྙིང་གི་དབུས་སྒྱུ་ཐིག་ལེའི་གཟུགས་རྣམ་པར་བསྒོམས་ནས་ཡང་དེ་ལ་ལྷོའི་འཁོར་ལོའི ་ཡེ་ཤེས་ཡུད་ཙམ་གྱིས་རྫོགས་པར་བསྒོམས་ནས་དེ་ལ་ཡང་དེ་བཞིན་དུ་བསྒོམས་པ་ནི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ཞེ་སོ།། ད་ནི་ཡན་ལག་དྲུག་སོ་སོའི་ཕན་ཡོན་གསུངས་པ། སོ་སོར་སྤྱོད་པ་ཞེས་པ་ལ་སོགས་པ་གསུངས ་བསམ་གཏན་གྱི་མཐུ་ནི་དཔག་ཏུ་མེད་པས་ན་རིགས་པས་མི་དཔགོ།། དེ་བས་ན་འདི་རྣམས་ལ་ཡང་སྐུ་དང་། བྱེད་པ་དང་། དབང་དང་། མཁྱེན་པ་རྣམས་ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་ཕྱིར་ཐུན་མོང་གྱི་བསྐྲུན་པ ་ལ་སོགས་པར་བཤད།། ད་ནི་ཉེ་བར་སྒྲུབ་པ་ལ་སོགས་པའི་རྣམ་པ་གཞན་ཡང་ཅི་རིགས་པར་གསུངས་པོ། སྙིང་པོ་དེ་ནི་ཞེས་པ་ལ་སོགས་པའོ།། དེ་ཡང་ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀོའི་ཕྱག་མཚན་གྱི ་སུ་སྙིང་པོ་དང་ཞེས་ཧཱུཾ་ལཱ་སོགས་པ་བསམ་ཞེས་སྷོ།། གང་ཞེ་ན། ཟླ་བ་རྡོ་རྗེའི་སྦྱོར་བས་ལྟ་ཞེས་པ་ནི་དབྱེར་མེད་པའི་ཟླ་བའི་གདན་ལ་བསམ་མོ།། མཚོན་ཆ་མཆོག་གིས་ཞེས་པ་ནི་ཧཱུཾ་ལ་སོགས་པའི་འོད་ཟེར་ལྷ་མོ་དང་བཅས་པས ་ཞེས་པས་སོ།། སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི་ཞེས་པ་ནྟི་དཾ་ཤེས་རབ་དང་ལྡན་པའི་རང་གི་དཀྱིལ་འཁོར་ལ་གནས་པའི་ཚོགས་སྨན་བྷཱ་ས་ནས། བྱང་ཆུབ་ཚིགས་བཅད་ཅེས་པ་ནི་དཔལ་ལྡན་སངས་རྒྱས་ཐུགས ་འཆང་བ་ཅེས་པ་ལ་སོགས་པས་ཡང་དག་པར་སྦྱོར་བར་དཀྱིལ་འཁོར་རྣམས། སེམས་ནི་སྔགས་ཀྱི་དངོས་བྱ་སྟེ། རང་གི་སྔགས་ཀྱི་ངོ་རྗེ་ལཾ་ཐིམ་ནས་རང་གི་ཐུགས་ཀྱི་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུགས་བསྒྱུར་བ ་དེ་དང་གཉི་སུ་མེད་པར་བསྒོམ་པ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འདིས་སངས་རྒྱུས་ཀྱི་ཚོགས་རྣམས་དང་དོན་ཉེ་བོར་སྒྲུབ་པས་ནས་དེ་སྐད་དེ། འདི་ནི་ཆུང་ངུའི་སྒྲུབ་པར་ཤེས་པར་བྱའོ།། ད་ནི་མཆོག་གི་བསྙེན་སྒྲུབ་བཞི་ལ་གླན ་པས་རང་གཽ་རིགས་ཀྱི་བུ་མོ་ལྷན་ཅིག་ཏུ་ཕྱུག་རྒྱ་ཆེནྟི་བྷ་སྒྲུབ་པར་སྟོན་ཏོ།། ཇི་སྲིད་ཅེས་བྱ་ལ་སོགས་པའོ།། དེ་གཉིས་ཤེས་པ་ནི་ཞི་བའི་སྦྱོར་བ་དང་། དྲག་ཤུལཱ་བྷཱུ་སྦྱར་བའོ།། དྲག་ཤུལ་གྱི་སྦྱོར་བའོ།། མཐོང་བ་དེ་སྲིད ་ཞེས་པ་ནི་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པའོ།། དེ་ཡང་དང་པོར་བྱ་བར་འོས་པ་ཚོགས་པའི་རྣལ་འབྱོར་པས་ཞི་བའི་སྦྱོར་བ་ཉིད་ཀྱིས་ལྷ་མོའི་འདོད་པ་ཐཾད་ལ་ལོངས་སྤྱོད་ཅིང་ཟླ་བ་དྲུག་གི་བར་དུ་བསྒྲུབ།། ་བར་བྱའོ་ཞེས་སོ།། དེ་ལྟར་གནས་པས་གང་གསུངས་པའི་དངོས་གྲུབ་མཐོང་བར་མ་གྱུར་ན་དེའི་ཚེ་ཇི་སྐད་གསུངས་པའི་ཆོ་ག་དང་ལྡན་པ་ལན་གསུམ་དུ་བརྩམ་པར་བྱའོ་ཞེསོ།། གལ་ཏེ་དེ་ཙམ་ཡང་ཐིག་ལེར་གནས ་པར་མ་གྱུར་ནཱ་དེའི་ཚེ་ལེའུ་བཅུ་པ་དང་བཅུ་བཞི་པ་ལས་གསུངས་པའི་དྲུག་ཤུག་གྱིས་བསྒྲུབ་པར་བྱའོ།། ཞེསོ།། ལེའུ་བཅུ་བཞི་པའི་ཕུར་བུས་གདབ་པའི་ཆོ་ག་ལ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་གསུམ་ལ་ཤེས་རབ་མཐར་བྱེད ་ལ་སོགས་པའི་ཕུར་བུས་གདབ་བོ་ཞེས་ཤེས་པར་བྱ་བའི་ཕྱིར། རིགས་ཀྱི་དབྱེ་བའི་ཞེས་པ་ལ་སོགས་པའོ།། དེ་ཡང་བཅུ་པ་ལས་གསུངས་པའི་དེ་མ་ཐག་ཏུ་པདྨའི་ནང་དུ་མེའི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱ་དམ ་ཚིག་ལ་སྙེམས་པར་བསམས་ནས་རིགས་ཀྱི་ཁྲོ་བོ་ཕུར་བུའི་གཟུགསུ་གནས་པ་རང་གི་རྡོ་རྗེ་ལས་བྱུང་སྟེ་གནས་རྣམས་གཏབ་བྱས་སྔགས་ཀྱི་ལུས་ཐལ་བ་ལྟར་གྲྀ་ཏཻར་ནས་ཤེས་པ་མར་མེའི་ཚུལ་དུ་གནས་པོ་རང་གི ་མ་ཤོགས་པའི་ཐིག་ལེ་ལ་བཅུག་པར་བྱས་པས་འགྲུབ་པར་འགྱུ་རོ་ཞེསོ།། ད་ནི་ལེའུ་དང་པོ་ལས་དེ་བཞིན་གཤེགས་པའོ་འཁོར་མོ་ཉིད་ཀྱི་སྐུ་ཞུགས་པར་མཛད་དེ་ཞེས་པ་ནས། དེ་བུད་མེད་ཀྱི་གཟུགསུ་བྱུང་བར ་འགྱུར་ཏོ་ཞེས་གསུངས་པ་དེ་རྣམས་རིག་མ་ལ་ཞུགས་པར་གསིལ་བར་བྱ་བའི་ཕྱིར། འདོད་ཆགས་ཞེས་པ་ལ་སོགས་པའོ།། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྟེ། སངས་རྒྱབ་བསྡུས ་ནས་དེ་སྤྱན་མ་ལ་སོགས་པའི་བུད་མེད་དགུར་སྤྲོས་ནས་བསྒྲུབ་བྱ་ཞེས་པ་ནི་རང་གི་རིག་མ་ལ་ཆུད་པར་བྱའོ།། ཞེས་སོ།། དཱ་ནཾ་ཡེ་ཤེས་བདུད་རྩིར་གྱུར་པ་ལ་སྤྱན་ལ་སོགས་པའི་གླུས་བསླང་བའི་སྐུ་ནི་མཆོག་གི་བསྙེན་པར་བྱ ་བའི་ཕྱིར། སྤྲོས་ནས་ཞེས་པ་ལ་སོགས་པའོ།། དེ་ལ་སྤྲོས་ནས་ཞེས་ནི་འོད་ཀྱི་གོང་བུ་ལ་སྤྲོས་ནས་ཞེས་སོ།། ཕྱག་རྒྱ་བཞི་ནི་ལྷ་མོ་བཞིའོ།། བསྐོར་ནས་བརྟོག་པ་ནི་གོ་རིམ་བཞིན་དུ་བསྐོར་བས་བརྟག་པ་ཞེསོ།། བདག་ཉིད་ཟླ ་བཞུ་བོའི་ངོ་དབུས་སུ་གནས་པར་བྱས་ལ་དེ་རྣམས་བསྐུལ་བ་དང་ས་བོན་ལྔས་གྱུར་པའི་ཕྱག་མཚན་གྱི་དབུས་ཀྱི་འོད་ཀྱིས་འཁོར་ལོ་ཐམས་ཅད་ཅེས་པ་དང་། སངས་རྒྱས་རྣམས་རང་གི་ལྷའི་གཟུགསུ་བྱས་ནས་བསྡུ ་བར་བྱའོ་ཞེས་ཏེ། བཀུག་ནས་ས་བོན་ལ་གཞུག་གོ་ཞེསོ།། དེ་ནས་དེ་གྱུར་པའི་ལུས་རྡོ་རྗེ་ཀུན་གྱི་ངོ་བོར་བྱས་ཞིང་བྱང་ཆུབ་ཀྱི་བདག་ཉིད་ཀྱི་སྐུ་ལྷ་མོས་སྙིང་པོ་ལ་བསྐུལ་བའི་སྟོབས་ཀྱིས་འདྲེས་པ་ལ་སོགས་པའི་སངས ་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་ལྟ་བུའི་ལུས་སུ་བསྒོམ་པ་ནི་མཆོག་གི་བསྙེན་པ་ཞེས་བྱའོ་ཞེསོ།། ལོས་ཀྱི་དབྱེ་བས་ཁ་དོག་བྱེ་བྲག་ཏུ་གྱུར་པར་བསྟན་པའི་ཕྱིར། འདོད་པ་ཡིས་ཞེས་པ་སོགས་པའོ།། དེ ་བཞིན་ཉིད་ཀྱིས་ཐུགས་ཕྱེ་སྟེ་ཞེས་པ་ནི་ཁྲོ་བོ་རྣམས་ཀྱི་ཉམས་དང་ཐུགས་བྱེ་བྲག་ཏུ་གྱུར་ཏེ། ཐུགས་ནི་རྣམ་པར་ཞི་བ་སྟོན་ཟླ་བའི་རྒྱ་མཚོའི་དབུས་དང་འདྲེ་ཞེ་སོ།། དབང་བསྐུར་བས་ནི་རང་གི་རྒྱུ།། བཞི་ཡིས་འབྲས ་བུ་ཕྱེ་བ་ཡིན།། སྤྱི་བོར་དབང་བསྒྱུར་བས་རྒྱུ་མ་ཡིན་པ་ལུས་ཕྱེ་བ་ཡིན་ལ། བཞིའི་ཚུལ་གྱིས་རྣམ་པར་གནས་པས་འབྲས་བུ་མ་ཡིན་པ་ལས་བྱེ་བྲག་ཕྱེ་བ་ཡིན་ཞེསོ།། རང་སྔགས་ཀྱིས་ནི་ཆོས་མར ་འགྱུར་ཞེས་པ་ནི་རང་གི་ཤེས་རབ་མ་རང་གི་སྔགས་ཀྱི་ཆོ་ག་བཞིན་དུ་བསྐྱེད་པར་བྱའོ་ཞེས་སོ།། རིག་མ་ལ་ཆོས་ཀྱི་རྒྱ་ཞེས་པ་ནི་ཡེ་ཤེས་སེམས་དཔའ་རོག་མ་བྱེ་བྲག་ཏུ་ཕྱེ་སྟེ། ཤེས་རབ་ཀྱིས་ཐབས་དང་འདྲའོ།། ཡེ་ཤེས་སེམས་དཔའ ་མོའི་གནས་པ་བཀག་པ་རྣམ་པར་བཞག་སྟེ། དེས་ཐབས་ཀྱི་ཆོས་ཤེས་རབ་བྱེ་བྲག་ཏུ་བྱེད་པ་ཞེས་པའི་དོན་ཏོ།། དེ་བཞིན་དུ་གཞན་ལས་ཡང་ཐབས་ཀྱི་སྙིང་གྲོར་ཤེས་རབ་ཀྱི་བཞག་པ་ཡང་དེའི་རིམ་པར་ཤེས་པར་བྱའོ།། ད་ནི ་བེའུ་བཅོ་ལྔ་པ་ལས་རྡོ་རྗེ་ཅན་གྱི་གཟུགས་ལ་སྩོགས། གཙུག་ཏོར་མཉེས་པར་བྱེད་པ་ཡིན་ཞེས་པའི་གཙུག་ཏོར་གྱི་སྒྲ་ལ་སོགས་པ་བསྟན་པའི་ཕྱིར། འཁོར་ལོ་སྒྱུར་བ་ཞེས་པ་ལ་སོགས་པའོ།། དེ་བཞིན་གཤེགས ་དྲུག་གི་དབུ་ལ་གནས་པས་གཙུག་ཏཱིར་ཞེས་པའི་སྒྲ་བརྗོད་ལ། མཛེས་པར་བྱེད་པའི་དོན་གྱིས་ནཱ་རྒྱལ་པོ་ཞེས།། ལོརྗེས་སྤྱོད་བཞི་ནི་ལྷ་མོ་བཞི་སྟེ། གློཉི་སུ་མེད་པར་ལོངས་སྤྱོད་པས་རིག་པ་ཆེན་པོའི་རྒྱུད་ཡིན་པས་ན་རིག་པའི ་རྒྱལ་མོ་ཞེས་བྱ་བར་བཤདདོ།། གཞན་ནི་བཤད་ཟིན་ཏོ།། ད་ནི་དབང་བསྐུར་བ་བསོམ་གཏན་གྱི་མཆོག་ཡིན་ཏེ། ཕྱི་རོལ་གྱི་མཆོག་མ་ཡིན་པར་བསྟན་པའི་ཕྱིར། ཐམས་ཅད་བསམ་གཏན་འཁོར་ལོ་ཡིས།། དབང་བསྐུར་བ ་བ་ནི་བསྔགས་པ་སྟེ།། ཞེས་རླུང་གི་དབུ་ལཱ་རཱི་གསྟྲ་ཀྱི་དབང་ཕྱུག་བཞུག་པ་ནི་མཆོག་གྲཱམ་གྷཙོ་བོ་ཞེས་སྷོ།། དེ་ཡན་ཆད་ཀྱིསྒྲ་རང་གི་གཟུགས་རྫོགས་པརྱ་བྱས་ནས་རིག་མྦྷ་དང་ལྷན་ཅིག་ཏུ་གཉིསུ་མེད་པར་བྱའོ་ཞེས ་བསྟན་པའི་ཕྱིར། མཆོག་གི་སྦྱོར་བ་འདི་ཡིས་ནི་ཞེས་པ་གསུང་སོ།། དེ་ལྟར་གོང་དུ་སྨོས་པའི་རིམ་པས་རིག་མ་དང་ལྷན་ཅིག་ཏུ་བསྐྱེད་ནས་དཀྱིལ་འཁོར་དབྱུང་བར་བྱའོ།། ཞེས་གསུངས་པ། རང་སྔགས་བཻཤད་པཱི ་ཞེས་པ་ལ་སོགས་པའོ།། རིག་མ་དང་ལྡན་པའི་སྐྱེས་བུ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་ནས་རྗེས་སུ་ཆགས་པའི་མཐའ་ལ་ཐུགས་པས་གཙོ་བོ་བསྒྲུབས་ནས་བདོག་དང་འདྲ་བ་དཀྱིལ་འཁོར་འབྱིན་པ་ཆེན་པོའི ་སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་དུ་བསྐྱེད་དོ།། ཞེས་སོ།། དེ་ཁོ་ན་བསྟན་པ། བསྙེན་པའི་དུས་ཞེས་པ་ལ་སོགས་པའོ།། མཆོག་གི་བསྙེན་པའི་དུས་ན་གཙུག་ཏོར་ཆེན་པོ་ཞེས་པ་སངས་རྒྱས་གོང་ཡང་རུང ་བའི་གཟུགསུ་དམིག་སོ།། སྦྱོར་བ་ཞེས་པའི་དོན་ནི་ཆུང་ངུ་དང་འབྲིང་པོའི་འབྲས་བུ་བཞིས་དག་པར་བྱས་པ་ལ་སོགས་པ་རྗེས་སུ་ཆགས་པའི་མཐའ་ལ་ཐུགས་པས་དང་པོའི་སྦྱོར་བ་བྱས་ཏེ་ཐུན་མོང་གི་བསྟན ་པ་རྡོ་རྗེ་ཆོ་ག་བཞིས་ཆེན་པོའི་རྒྱུ་ཐུན་པའི་འབྲས་བུ་སྐྱེདདོ།། དེ་བཞིན་དུ་ཐུན་མོང་གི་ཉེ་བར་སྒྲུབ་པ་ལ་སོགས་པའི་རྣམ་པ་གཞན་ཡང་གསུངས་པ། ཉེ་བར་སྒྲུབ་པའི་ཞེས་པ་ལ་སོགསོ་པའོ།། ཉེ་བར་སྒྲུབ་པ ་ནཱི་བདུད་རྩི་ཐབས་ཀྱི་བར་དུ་ལྷ་ཐམས་ཅད་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནི་ཆེན་པོའི་རྣམ་པར་སྨིན་པའི་འབྲས་བུའོ།། དེ་བཞིན་དུ་སྒྲུབ་པའི་ཚེ་ན་ཆོག་ཤེས་པའི་སྔགས་པས་རང་ལྷའི ་སྦྱོར་བ་བྱས་ཏེ། ཐུགས་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་པ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུའོ།། སྒྲུབ་པ་ཆེན་པོའི་དུས་སུ་ཐམས་ཅད་ལ་སངས་རྒྱས་བདག་པོ་མངའ་བདག་གཟུགས་ཞེས་ཏེ། རང་རང་གི་བདག ་པོ་མགོ་ལ་བཞག་པ་ནི་ཆེན་པོའི་བྲལ་བའི་འབྲས་བུའོ།། དེ་ལྟར་ཐུན་མོང་དང་མཆོག་གི་བསྙེན་པ་ལ་སོགས་པའི་བྱེ་བྲག་བརྗེད་ནས་དེའི་ཕན་ཡོན་གསུངས་པ། དེ་ལྟའི་ཞེས་པ་ལ་སོགས་པའོ།། བྱེ་བྲག་ཤེས་པར ་བྱས་ནས་དངོས་གྲུབ་མཆོག་བསྒྲུབ་པར་བྱའོ་ཞེསོ།། དེ་རྣམས་དང་བྲལ་བས་ནི་ཞི་བ་མཆོག་གི་དངོས་གྲུབ་མི་འགྲུབ་ཅེས་སོ།། གང་གིས་ཞེ་ན། བསྐལ་པ་བྱེ་བ་སྟོང་དུ་ཡང་།། སྐྱོབ་པ་སངས་རྒྱས་རྣམས་ཀྱིས་སོ།། ཞེསོ།། ། ་སོ་འོག་མའི་སངས་རྒྱས་རྣམས་ཀྱིས་ཏྱོ། ཐབས་ཁྱད་པར་ཅན་དང་བྲལ་བའི་ཕྱིར་རོ།། དེ་ནི་མཆོག་གཱི་བསྙེན་པ་གཉིས་པ་གསུངས་པ། བསྒྲུབ་བྱ་ཞེས་པ་ལ་སོགས་པའོ།། དེ་ཡང་བསྒྲུབ་པར་བྱ་བ་དང་བསྒྲུབ་པ་པོའི་པདྨ ་དང་རྡོ་རྗེ་རེག་པ་གང་ཡིན་པ་དེ་མཆོག་གི་བསྙེན་པ་ཞེས་གསུངས་ཏེ། མཆོག་གི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ན་མཆོག་གི་ཉེ་བར་སྒྲུབ་པ་ལ་སོགས་པ། རྡོ་རྗེ་པདྨོ་ཞེས་པ་ལ་སོགས་པའོ།། ་དེ་ལ་རྡོ་རྗེ་དང་པདྨ་ཡང་དག་པར་ཞུགས་པའི་འོག་ཏུ་རེག་པ་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། སྒྲུབ་པ་དང་ཉེ་བའི་ཕྱིར་རོ།། ཡང་རྡོ་རྗེ་དང་པདྨ་གཉིས་ཧཱུཾ་གིས་རྫོགས་པའི་ལམ་ཕཊ་སེར་པོས་བཀག་པས་བསྐྱོད་པ་ནི་སྒྲུབ་པས་ཞེས་བྱ་སྟེ། ་བདེ་བ་ཆེན་པོ་འདིས་སྒྲུབ་པར་བྱེད་ཕྱིརརོ།། དེའི་འོག་ཏུ་རང་བཞིན་ཉིད་ཀྱིས་བདེ་ཞིང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་ལྷན་ཅིག་སྐྱེས་པ་སྟེ། སྒྲུབ་པ་ཆེན་པོ་ཞེས་བྱའོ་ཞེས་ཏེ། དངོས་གྲུབ་མཆོག་གི་ངོ་བོའི་ཕྱིར་རོ་ཞེས་སོ།། དེ་ལྟར ་དེས་ཐམས་ཅད་གཞིའི་བྱེ་བྲག་བསྙེན་སྒྲུབ་བཅུ་དྲུག་ཏུ་ཕྱེ་བ་གསུངསོ།། ད་ནི་ཐབས་བྱུང་དངོས་པོ་ཇི་ལྟ་བུ་ཞེས་པའི་ལན་བསྟན་པའི་ཕྱིར། དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ།། ཡང་དག་པའི་དོན་ཕུན་སུམ་ཚོགས་པ ་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི་སངས་རྒྱས་ཀུན་གྱིས་ཐབས་ཀྱིས་ཐོབ་པར་བྱ་བ་ཡིན་ཞེསོ།། ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ཞེས་ཏེ། ཆོས་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཏུ་རོ་གཅིག་པའི ་ཕྱིར་ཆོས་ཉིད་དེ་ཁོ་ན་བསྒྲུབ་བྱ་ཡིན་ནོ།། ཞེསོ།། ད་ནི་ལེའུ་བཅུ་གསུམ་པ་ལ་སོགས་པའི་ལས་བཞིའི་བྱེ་བྲག་བསྟན་པའི་ཕྱིར་དཀྱིལ་འཁོར་ཀུན་ལ་རྣལ་འབྱོར་པས། བཀའ་ནི་ཇི་ལྟར་རྩལ་བར་བགྱི་ཞེས་པའི ་ཡོན་གསུངས་པ། གང་ལས་དོང་ཞེས་པ་ལ་སོགས་པའོ།། དེ་ཡང་རྣལ་འབྱོར་པས་ལས་དང་རྗེ་སུ་མཐུན་པར་སྦྱོར་བ་དམིགསོ་ཞེས་སྟོན་ཏེ། ཁ་དོག་དང་གདོན་ལ་སོགས་པ་དང་ལྡན་པར་རོ།། དེ་ཡང་ཆུང་ངུའམ། ཞེ་ན། ་དཀྱིལ་འཁོར་ཐམས་ཅད་དམིག་ནས་སུ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པར་བྱས་ནས་ཞེས་སོ།། དམ་ཚིག་མི་ཟད་བསྒོ་བར་བྱ་ཞེས་པ་ནི་རིག་པའི་སྔགས་ཀྱིས་བསྒོས་པས་ལས་བྱེད་པར་འགྱུརརོ།། ་ཞེས་སོ།། སྔོན་དུ་སྐྱོང་བའི་རྒྱུ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ།། འདི་ཡུང་རྩ་བའི་རྒྱུད་ལས་རྒྱས་པར་ཤེས་པར་བྱའོ།། དཱ་ནི་ལེའུ་བཅོ་ལྔ་པའི་ཁ་འབྱེད་ཀྱི་དོན་བསྟན་པའི་ཕྱིར། ཐམས་ཅད་རྡོ་རྗེ་ཅན་ཀུན་ལ། ་ལུས་རྣམས་སྣ་ཚོགས་ཇི་ལྟར་བཅོལ་ཞེས་པའི་ལན་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ།། དེ་ཡང་བསྒྲུབ་བྱ་ལ་ཉེས་པ་བསྒོ་བའི་ཕྱིར་ཏིང་ངེ་འཛིན་ཁྱད་པོར་རྣམས་བྱ་བའི་དེ་མོ་ཐག་ཏུ་བསྒྲུབ་བྱའི་ལུས་ལ་ཐུན ་མོམྱོང་དུ་གྱུར་པའི་སྲུངས་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམས་ནས་ཞེས།། དེ་ནས་སྒྲུབ་པ་པོས་བསྒྲུབ་བྱ་དེའི་ལུས་ལ་གནས་པའི་འཁོར་ལོ་ལ་བསྒྲུབ་བྱ་དེའི་ཉེས་པ་བླ་མ་བརླས་པ་ལ་སོགས་པ་བསྒོ་བར་བྱའོ།། ་ཞེས་སོ།། དེ་ནས་དེ་རྣམས་ཀྱིས་གནས་དེ་བཅོམ་ནས་འབྱུང་བར་རབ་ཏུ་བསྒོམས་ནས་དེ་ཐམས་ཅད་དྲངས་ནས་རང་གི་ལུས་ཀྱི་འཁོར་ལོ་ལ་རབ་ཏུ་གཞུག་པར་བྱའོ།། དེ་ནས་ཁང་སྟོང་ལྟ་བུར་བསམས་ལ་རྒྱུད་ལས་གསུང ་པའི་རྫས་སྐེ་ཚེ་དང་། ཆུ་འགྲམ་གྱི་ས་ལ་སོགས་པ་ལ་བསྒྲུབ་བྱའི་གཟུགས་བྱས་ལ་རང་ཉིད་ཁྲོ་བོ་གང་ཡང་རུང་བའི་གཟུགསུ་བསྐྱེད་ནས་གཅེར་བུའམོ་གོས་དང་ལྡན་པར་མཚན་མ་རྐང་པས་མནན་ལ ་བསྒྱིངས་ནས་སྔགས་བཟླ་བར་བྱའོ།། དེ་ནས་ཁྲོ་བོ་བཀའ་ནོད་པའི་ཚོགས་རྣམས་ལ་བཀའ་སྒོ་བ་དེ་རྣམས་གཏང་བར་བྱའོ།། དེ་རྣམས་ཀྱི་བསྒྲུབ་བྱ་བཅིང་བ་ལ་སོགས་པ་བྱས་དགུག་པར་བྱའོ།། དེ་ནས་གཟུགས་བརྙན་ལ་ཕབ ་ནས་གྷ་གྷ་ཞེས་པའི་སྔགས་ཀྱི་སྤྱི་བོ་ལ་སོགས་པར་ཕུར་བུས་གདབ་པར་བྱའོ།། དེ་བཞིན་དུ་ཡམས་ཀྱི་ནད་ལ་སོགས་པོ་ལ་ཡང་ཆོ་ག་དེས་བསལ་བར་བསྟན་པ། ཡམས་ནོད་ཅེས་པ་ལ་སོགས་པའོ།། དེ་བཞིན་དུ་ལས་ཀྱི་དབྱེ་བ ་གཞན་ཡང་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་གསུངས་པའོ།། དེ་ནས་སྦྱོར་བ་ཞེས་པ་ལ་སོགས་པའོ།། མཚན་མ་མནན་བཟླས་པའམ་ཞེས་པ་ནི་བཟླས་མ་ཐག་པའམ། ལེའུ་བཅུ་བཞི་པའམ། བཅོ་ལྔ་པ་ལས་གསུངས་པའོ།། སྦྱིན ་སྲེག་ཁྲོ་བོ་རྣལ་འབྱོར་པ་ཞེས་པ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའོ།། གདུག་པའི་སེམས་ཅན་བསམ་གཏན་གྱིས། བཟའ་བ་རུ་ནི་རབ་ཏུ་བརྟག་ཅེས་པ་ནི་བཅུ་གསུམ་པའམ། བཅོ་ལྔ་པར་གསུངས་གསུངས་པའོ།། དེ་བས ་ན་མངོན་སྤྱོད་ཀྱི་ཆོ་ག་ནི་འམ་གྱིས་འགྲུབ་པ་ཞེས་བྱའོ།། དཱ་ནི་ལས་བཞིའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ཞི་བ་ལ་ནི་ཞི་བའི་སེམས་ཤེས་པ་ལ་སོགས་པ་གསུངས་སོ།། དེ་ལྟར་ཞུགས་པ་རྣམས་ཀྱི་སོམ་ཉི་བསལ་ནས་ད་ནི། ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་སོགས་པ་དང་གཅིག་གི་རང་བཞིན་དུ་གནས་པ་རྡོ་རྗེ་འཛིན་ཆེན་པོའི་སྐུ་ལ་སོགས་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་གསུངས་པ་དེ་ནས་བཅོམ་ལྡན་འདས ་ཞེས་པ་ལ་སོགས་པའོ།། དེ་རྣམས་ཀྱང་རྡོ་རྗེ་འཛིན་པའི་མཐུས་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་པ་དེ་ཁོ་ན་ལ་དམིགས་པ་ཞེས་བྱའོ།། ད་ནི་བྱང་ཆུབ་སེམས་དཔའ་དེ་དག་ཤིན་ཏུ་མགུ་ནས་སྐུ་ལ་སོགས ་པའི་ངོ་བོའི་སྒོ་ནས་སྟོང་པ་དེ་རྣམས་ལ་བསྟོད་ནས་ཁྱད་པར་དུ་ཞོ་སྡང་གི་ལས་འབའ་ཞིག་གི་སྒོ་ནས་ཞུས་པ་དང་ལན་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ།། དེ་ལ་ཐམས་ཅད་མཛད་ལ་ཕྱག ་འཚལ་འདུད་ཅེས་པ་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་ཞེས་སོ།། དེ་ལ་དྲིས་པར་སྐུ་གསུང་ཐུགས་ནི་ཞེས་པ་ལ་སོགས་པའོ།། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་རྣམ་པར་དག་པོ་ཡན ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་སྐུ་ལ་སོགས་པ་ཐོབ་པས་སེམས་ཅན་ཉིད་མཉམ་མེད་དང་མཉམ་པ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་ཞེས་སོ།། འོ་ན་དེ་ཅི་འགོག་ཅེ་ན། བསྒྲུབ་བྱ་སྨྲ་ཡིན ་སྒྲུབ་པོ་གང་ཞེས་ཏེ། སེན་ཐམས་ཅད་སངས་རྒྱས་ཉིད་ཡིན་པས་བསྒྲུབ་བྱ་དང་སྒྲུབ་པོ་མེད་དོ་ཞེས་སོ།། དེས་ན་སྒྲུབ་པའི་དབང་པོ་བདག་ཉིད་ཆེན་པོ་དེས་མངོན་སྤྱོད་ཀྱི་ལས་ཀྱིས་སངས་རྒྱས་ཐམས་ཅད་གསོད་པོ་ཡིས་བ ་ཉིད་ཆེན་པོ་ཇི་ལྟར་སྡིག་པས་མི་གོས་ཏེ། གལ་ཏེ་གོས་པར་གྱུར་ན་འབྲོས་བུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་འགྱུར་ཞེས་ཞུས་པའོ།། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགསོ་བའི་ཚིག་སྔོན་དུ་གསོལ་ནས་དེའི ་ཁན་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པའོ།། སྔོན་གྱི་དོན་ལ་སེམས་དཔའ་དང་། ཡེ་ཤེས་ཀྱི་སྐུའི་ངོ་བོ་དང་། ཤེས་པའི་ཤེས་རབ་ལས་བྱུང་བ་དང་། བདེ་བར་གཤེགས་པ་ཐམས་ཅད་མཉེས་པར ་བྱེད་པའི་ཕྱིར་གོ་རིམ་བཞིན་དུ་སེམས་དཔའ་ཆེན་པོ་དང་། བདག་ཉིད་ཆེན་པོ་དང་། གསུང་དབྱངས་ཆེན་པོ་དང་། མཆོད་པ་ཆེན་པོ་ཞེས་བོས་ནས་ལེགསོ།། ཞེས་ཚིག་སྔོན་དུ་གསོལ་ལོ།། སྒྲུབ་པ་པོ་སློབ་དཔོན་ཏེ།། ་སངས་རྒྱས་ཀུན་གྱི་འཁོར་ལོ་དེར་གཏོགས་པ་སྟེ་དེའི་བདག་པོའོ།། དེ་བས་ནུ་དཔལ་ལྡ་ནོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་རྡོ་རྗེ་ཅན་གྱིས་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱིན་པ་དང་། སྦྲིད་པར་བྱེད་ཀྱི་ཐེ་དད་པའི ་ཟློས་མ་ཡིནོ།། དེ་བྱས་ན་རྨི་ལམ་དང་འདྲ་བའི་ཚུལ་གྱིས་ལས་ཐམས་ཅད་བྱེད་པས་ནཱ་སློབ་དཔོན་དེའི་སྡིག་པར་མི་འགྱུར་ཏོ། ཞེ་སྟེང་གིས་བླང་བ་མ་ཡིན་པའི་ཕྱིརརོ།། དེ་བཞིན་དུ་ཕྱུགས་བསད་པའི་མཆོད་སྦྱིན་སྐྱེ་བུ ་མ་ཡིན་པས་བསོད་ནམསུ་ཡང་མི་འགྱུརརོ།། དེ་བས་ན་བསོད་ནམས་དང་སྡིག་པར་མི་འགྱུར་བ་དེ་ལྟར་ན་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་རྒྱུར་གྱུར་པཱར་བསྟན་པའི་ཕྱིར། གང་ལྔ་ཞེས་པ་ལ་སོགས་པའོ།། ཕྱི་རོལ་གྱི ་བ་དང་བྲལ་བས་ན་སྡིག་དང་བསོད་ནམསུ་མི་འགྱུར་ཏེ། སྙིང་རྗེ་ཆེན་པོས་འདྲེན་པར་བྱེད་པས་བྱང་ཆུབ་ཁོ་ནའི་རྒྱུན་ཡིན་པར་གསུང་སོ།། ཅིའི་ཕྱིར་ཞེ་ན། མགོན་པོ་དེ་ཡིས་ཞེས་པ་ལ་སོགས་པའོ།། མགོན་པོ ་ཡིས་ཞེས་པ་ནི་སྒྲུབ་པ་པོ་དེས་འཇིགས་པར་བྱེད་པའི་ཞེས་ཡང་དག་པར་འཇོག་པར་བྱེད་པའི་ལས་ཀྱིས་ལུས་ཐམས་ཅད་འཇོག་པར་མཛད་ཀྱང་ལས་དེས་དྲན་འགྲོར་སྐྱེ་བར་མི་འགྱུར་ཞིང་དེ་ཉིད་ལ ་གོམས་པར་བརླབས་པས་བྱང་ཆུབ་ཀྱང་རྙེད་སླ་བར་འགྱུར་ཞེས།། རྨོངས་པའི་ལུས་ཅན་དེ་དག་ཀྱང་ཆོ་ག་ཇི་ལྟ་བས་བསད་བས་འབྲས་བུ་མཆོག་ཐོབ་པར་བསྟན་པའི་ཕྱིར། སྔོན་ནི་ཞེས་པ་ལོ་སོགས་པའོ།། སྔོན་ཤིན་ཏུ་མི ་ཟུང་བུའི་ལྔས་བྱས་པས་གལ་ཏེ་དམྱལ་བ་རྣམསུ་སྐྱེ་བར་འགྱུར་བའི་སྐྱེ་བོ་དེ་རྣམས་ཆོ་གླེ་ཇི་ལྟ་བ་བཞིན་བྱས་བའི་མཐུས་སྡིག་པ་དང་བྲལ་བར་བྱས་པས་དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ་ཞེས་ཏེ། དེའི་ཐད་ཀར་འབྲས་བུ་ཆེན ་བོཔོ་སྒྱིད། ཇི་སྐད་དུ། རྡོ་རྗེ་གསང་པོའི་འདི་ལྟ་བུས་སེམས་ཅནྡྲ་ཐམས་ཅད་བསད་ན་ནི། མི་བསྐྱོད་པ་ཡི་རྒྱལ་བའི་ཞིང་དག་ཏུ།། རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་ཞེསོ།། ཆོ་ག་གང་གིས་ལུས་ཅན་རྨོངས་པ་དེ་རྣམས་བསྒྲུབ ་པབར་བྱ་བ་དེ་བསྟན་པའི་ཕྱིར། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འོང་ཞེས་ཏེ། སྒྲུབ་པ་པོས་བསྒྲུབ་བྱ་ད་སྔགས་དང་། ཐབས་དང་སྦྱོར་བ་ལ་སོགས་པ་དང་ལྡན་པ་གཉིས་སུ་མེད་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱིས་རྒྱས་བཏབ་ཅིང ་སྦྱོར་བ་དེས་མཆོག་ཏུ་ཕན་བཏོགས་པར་ཤེས་པར་བྱའོ།། དེ་ལྟར་བསྒྲུབ་ཕྱིར་གཏོགས་པའི་ཆོ་ག་བསྟན་ནས། ད་ནི་སྒྲུབ་པ་པོའི་ཡན་ལག་ཀྱང་བསྟན་པའི་ཕྱིར། ཚར་གཅོད་པ་ཞེས་པ་ལ་སོགས་པའོ།། དེ་བས་ན་ལུས་ཅ ་ཐམས་ཅད་ལ་ཕན་བཏགས་པར་ཤེས་ནས། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ཚར་བཅད་པ་དང་རྗེས་སུ་བཟུང་བའི་ལས་བྱའོ།། ཞེས་ཇི་སྐད་དུ། གང་གི་སྙིང་རྗེ་མ་ཉམས་པ།། དེ་ཡི་ལས་འདི་བྱ་བར་འོས ་ཞེས་སོ།། སྦྱོར་བ་གང་གིས་དུས་སུ་ལས་འདི་བྱ་ཞེ་ན། སྒྲུབ་པ་པོ་ཞེས་པ་ལ་སོགས་པའོ།། དེ་ཡང་སྙིང་རྗེའི་སེམས་བསྐྱེད་པ་དང་པོ་ནིས་བརྩམས་ཏེ་སྦྱོར་བ་དང་པོའི་མཐུར་ཐུག་པར་བྱས་ནས་དཀྱིལ་འཁོར་དབྱུང་བ ་ནས་ཆེན་པོའི་སྒྲུབ་པ་ཆེན་པོའི་མཐར་ཐུག་པར་བྱས་ནས་དཀྱིལ་འཁོར་གྱིས་འཁོར་ལོ་རྫོགས་པས་ལས་ཀྱི་རྒྱལ་བ་མཆོག་གིས་ལས་རྣམས་བསྒྲུབ་པར་བྱའོ་ཞེས་སོ།། ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུག ་རྗེ་ཆེན་པོའི་ཚུལ་གྱི་ཆོས་ཐོས་ནས་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ལེགས་སོ་པཱའི་ཚིག་སྟོན་དུ་གསོལ་ནས་ཇི་སྐད་གསུངས་པའི་དོན་རྗེ་སུ་ཟློས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ།། སྣརུམས་ནྡན ་རྣམས་གཡང་ས་ལས་སྒྲོལ་བ་དང་། ཉོན་མོངས་པས་ནོན་པའི་ལུས་ངག་གི་ལས་མེད་བྱེད་པ་དང་། ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་དང་། ཡུལ་ཚོད་མེད་པ་བསྐུལ་བར་དམ་བཅས་པའི་ཕྱིར་གོ་རིམ ་བཞིན་དུ་མགོན་པོ་དང་། ཐུགས་རྗེ་ཆེན་པོ་དང་། ཆོས་རྣམས་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་ཞེས་གསོལ་ནས་ལེག་སོ་ཞེས་བྱ་བ་བྱིན་ནས་དོན་དེ་རྗེས་སུ་བཟླས་གསུངས་པ། ཨེ་མའོ་ཞེས་པ་ལ་སོགས་པའོ།། ཀུན་ཏུ ་བཟང་པོའི་ཐུགས་རྗེ་ཇི་ལྟ་བར་དྲི་མ་མེད་ཅེས་ན། གདུག་པའི་མི་བཟང་ལས་ཀྱིས་ཀྱང་ཞེས་པ་ནི་བླ་མ་ལ་སྤྱོད་པ་ལ་སོགས་པ་བླ་མ་འབྲའ་ཞིག་གིས་གྲོལ་བའི་སེམས་ཅན་སངས་རྒྱས་ཀྱི་བསྐྲུན་པ། ་ལས་ཉམས་ཤིང་ཕྱོགས་པའི་ལུས་ཅན་རྣམས་སངས་རྒྱས་ཀྱི་འབྲས་བུ་ཚིལ་ཞེས་ཏེ། ཇི་སྐད་དུ། བཤད་པའི་ཆོ་ག་ཕུན་སུམ་ཚོགས་པའི་ནུས་པས་གསོལ་ཞེས་སོ།། ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་བཞིན ་པའི་དོན་ཐུགས་སུ་ཆུད་པར་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་དྲོན་ཁོ་ན་ལ་བློ་བརྟན་པོར་བྱ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། གསང་བ་འདུས་པར་དབང་བསྐུར་བའི་སྔགས་པ་ནི་རྣལ་འབྱོར་གྱི ་རྒྱུད་ལ་སོགས་པ་ལས་ཐམས་ཅད་ཁྱད་པར་དུ་གྱུར་པ་སྟེ། དེའི་ཕྱིར་དེའི་ལུང་ཇི་ལྟ་བ་བཞིན་དུ་ཐོབ་པའི་སྔགས་པས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་ཞེས་ཏེ། ཞེ་སྡང་གི་ལས་ལ་སོགས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་ཞུ ་བྷི་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། བྱང་ཆུབ་རྡོ་རྗེ་ལྷས་བྱུང་བ་ཞེས་ཏེ། དོན་དམ་བཱར་ན་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ལས་བྱུང་ཞིང་རྣམ་པར་སྤྲོས་པ་ནི་ཞེ་སྡང་རྡོ་རྗེ་ལ་སྩོགས་པའོ།། དེ་བས་ན་སྔགས ་ཀྱི་རྒྱུད་ནི་བསྡུས་པ་དག། ཡོངསུ་སྤང་བར་མི་བྱའོ་ཞེས་ཏེ། ཞེ་སྡང་གི་ལས་ལ་སོགས་པ་ཐམས་ཅད་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པས་ན་དོར་བར་བྱ་བ་ཇི་ལྟ་བུ་ཞིག་ཡོད་དེ། བསྒྲུབ་པར་བྱ་བའི་ར ་བཞིན་ཁོ་ན་ཡིན་ནོ་ཞེས།། ད་ནི་རྒྱུད་ཀྱི་དོན་གྱི་ངན་གྱི་སྒོ་ནས་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པའོ།། ་དེ་ལ་དུས་གསུམ་རྡོ་རྗེའི་ཐུགས་ཡིན། འདས་པ་དང་མ་འོངས་པའི་སངས་རྒྱས་དག་པ་དང་མ་དག་བྱ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ཕྱིར། སྲིད་དང་ཐར་གྱུར་ཞེས་པ་ནི་ཤེས་པ་དང་ཐུགས་རྗེས་སྲིད་པ་དང་ཐར་གྱུར་ཏེ། ་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཞེས་པའི་དོན་ནོ།། ཞི་ཞིང་སྒྲིབ་མེད་ཅེས་པ་ནི་རོ་མྱང་བའི་རྒྱུན་གྱིས་ཞི་ཞིང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་རྣམ་པར་བསལ་བ་སྟེ། དེའི་ཕྱིར་ན་མཁའ་དག་པའི་ངོ་བོ ་ཉིད་ཅེས་ཏེ། དམིགསུ་མེད་པས་ན་མཁའ་དང་འདྲའོ་ཞེས།། དེ་ཉིད་ཀྱང་གང་ཞེ་ན། སངས་རྒྱས་ལ་སོགས་པ་ཞེས་ཏེ། རྟག་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡང་སངས་རྒྱས་སུ་འགྱུར་བས་བྱང་ཆུབ་སྟེ་དེ་ཉིད་བདག་པོ་བས་ན ་དབང་ཕྱུག་རྡོ་རྗེ་ཅན་ནོ།། དེ་ལ་ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་སྟེ་བློ་དང་མི་འབྱེད་པས་ཕྱག་འཚལོ།། ཞེསོ།། རྣལ་འབྱོར་པས་ཀྱང་ཐ་མི་དད་པའི་བློས་ཕྱག་བྱའོ།། ཞེས་སོ།། དེས་ན་རྡོ་རྗེ་འཆང་ཆེན་པོའི་སྤྲོས་པ་མེད་པའི ་བདག་ཉིད་རང་གི་ཕུན་སུམ་ཚོགས་པ་ལ་བསྟོད་པའོ།། ང་ནི་སྤྲས་པའི་བདག་ཉིད་གཞན་གྱི་དོན་ཕུན་སུམ་ཚོགས་པས། ལྷ་ཐམས་ཅད་ཀྱི་སྒོ་ནས་བསྙིང་པོ་གསུངས་པ། གང་ཞིག་གཟུགས་དང་ཞེས་པ་ལ་སོགས་པའོ།། རྣམ ་པར་ཤེས་པའི་བྱར་གྱིས་ནི་ཕུང་པོ་ལྔ་བསྟན་ལ་དེ་རྣམ་པར་དག་པའི་རྣམ་པརྱ་སྣང་མཛད་ལ་སྩོགས་པའི་ངོ་བོ་ཉིད་དོ་ཞེས་སོ།། སྐྱེ་མཆེད་དྲུག་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ། གཟུགས་ཀྱི་རྡོ་རྗེ་མྱ ་སོགས་པའི་ངོ་བོ་ཉིད་དོ་ཞེསོ།། དབང་པོ་དྲུག་ཅེས་པ་ནི་རླུང་གི་སྐྱེ་མཆེད་དྲུག་སྟེ། སའི་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་དོ།། ཞེསོ།། སྐུ་ཆུ་མཾ་དང་རླུང་དང་ན་མཁའ་ཞེས་པ་ནི་འབྱུང་བ་ལྔ་བསྟན་སྟེ། སྤྱན་མ་ལ་སོགས ་པའི་ངོ་བོ་ཉིད་དོ།། དེ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བ་ཉིད་དུ་རྒྱ་ཆེ་ཞིང་སྤྲོས་པ་སྟེ། དེ་བས་ན་དེ་ལ་ཡང་གོ་མའི་ཚུལ་གྱིས་བྱེ་བ་རྣམ་པ་གསུམ་གྱིས་ཕྱག་འཚལ་ཞེསོ།། དེ་ལྟར་ཆོས་ཅན་ཉི་ཤུ་རྩ་གཅིག ་དག་པའི་སྒོ་ནས་བསྟོད་ནས། ད་ནི་ཉོན་མོངས་པ་གསུམ་དག་པའི་སྒོ་ནས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་ཁྱད་པར་དུ་བསྟོད་པ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ།། དེ་ལ་གཏི་མུག་རྣམ་པར་དག་པ་ནི་སྐུ་རྡོ་རྗེའོ།། ཉོས ་ཉེས་པ་ནི་ཞེ་སྡང་སྟེ། དེ་རྣམ་པར་དག་པ་ནི་ཐུགས་རྡོ་རྗེའོ།། འདོད་ཆགས་རྣམ་པར་དག་པ་ནི་རྡོ་རྗེ་ཆོས་བཅས་གང་ཞེས་ཏེ་གསུང་རྡོ་རྗེའོ།། དེའི་སྔོན་དུ་སོང་བའི་རྒྱུ། རིག་མའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར་ཞེས ་ཏེདུས་གང་གི་ཚེ་དང་ལྷན་ཅིག་ཏུ་འདྲེས་པའི་དུས་ཚེ་རྣམ་པར་དག་པ་སྟེ། དེ་ནས་བཟུང་སྟེ་རྣམ་པ་སྣ་ཚོགས་པའི་དགའ་བས་མྱོས་པའི་དངོས་པོར་གྱུར་པ་སྟེ། སྲིད་པ་ཇི་སྲིད་ཀྱི་བར་དུ་རོ་མྱང་བའི་བདེ་བ་དང་ལྡན་པའི ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་རྒྱ་ཆེན་པོར་སྤྲོས་པ་དེ་ལ་ཕྱག་འཚལོ་ཞེསོ།། ད་ནི་རང་བཞིན་དང་སེམསུ་གཏོགས་པའི་ཆོས་དག་པའི་སྒོ་ནས་ཁྲོ་བོ་རྣམས་ལ་བསྟོད་པ་གསུངས་པ། དམ་པར ་གཟུང་དང་ཞེས་པ་ལྀ་སོགས་པའོ།། གཟུང་བ་ནི་སྤྲོས་པའོ།། དགའ་བ་ནི་བདུད་པའོ།། རྣམ་པ་ནི་རང་གི་ལྷའི་རྣམ་པར་གྱུར་པའོ།། མི་གཡོ་བ་ནི་དེ་ཉིད་ལ་བརྟེན་པར་གྱུར་པའོ།། རྒྱུ་ནི་དེ་ཉིད་ལ་སློབ་པའོ།། འབྲས་བུ་ནི་དེ ་གསལ་བར་གྱུར་པའོ།། དེ་རྣམས་གོང་དུ་སྨོས་པའི་རང་བཞིན་ལས་བྱུང་བས་ན་རང་བཞིན་དུ་རྗེས་སུ་གཏོགས་པ་ནི་ཆོས་ཏོ།། དོན་དང་མཚན་མར་བཅས་པ་རྣམ་པར་དག་པ་ཁྲོ་བོ་དྲུགོ།། དེ་བཞིན་དུ་སེམསུ་གཏོགས་པའི ་ཆོས་ནི་གཏི་མུག་དང་ཉེས་པ་དང་འདོད་ཆགས་དང་། སྒྲིབ་པ་རྣམས་རྣམ་པར་དག་པས་ཁྲོ་བོ་བཞི་སྟེ། དེ་ཐ~ཾད་ཀྱང་རྡོ་རྗེ་སྟེ། དེ་བས་ན་བྱང་ཆུབ་སེམས་རྡོ་རྗེ་འདྲ་བར་རྒྱ་ཆེན་པོར་སྤྲོས་པ་དེ་ལ་ཕྱག་འཚལོ་ཞེས་པའི ་དོན་ཏོ།། དེ་ལྟར་ལྷའི་ངོ་བོའི་སྒོ་ནས་བསྟོད་ནས། ད་ནི་སྒྲུ་པ་ལ་སོགས་པའི་སྐྱོ་ནས་བསྟོད་པ་གསུངས་པ། གང་ཞིག་ཅེས་པ་ལ་སོགས་དང་པོར་གྲོང་གི་དོན་གསང་བའི་དབང་སྐཱར་བ་དང་ལྗོན་པར་བསྒོམ་པ་དེ ་ཕྱག་འཚལ་བའི་གནས་ཡིན་པར་བསྟན་ཏེ། གང་ཞིག་ཅེས་པ་ནི་སྒྲུབ་པའོ།། ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ་ཞེས་པ་དངོས་པོའི་ཚོགས་ཐམས་ཅད་ཐོག་མ་མེད་པའི་དུས་ནས་དཀྱིལ་འཁོར་གྱི ་འཁོར་ལོ་གོང་དུ་གསུངས་པ་ལྟར་དག་སྟེ། དེ་ཡང་ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་ན་མཁའི་དཀྱིལ་ལྟར་རྣམ་པར་དག་པ་ལས་བྱུང་ཞིང་མཚན་མའི་སྤྲོས་པ་དང་བྲལ་བ་སྒོམ་པར་བྱེད་པའོ།། ཀླུང ་དང་ལྡན་པར་སྒོམ་པར་བྱེད་ཅེ་ན་གསང་བའི་དབང་ཐོབ་ནས་ཁྱད་པར་གྱི་བརྟུལ་ཞུགས་དང་དམ་ཚིག་དང་སྦྱོར་བ་ལ་གནས་ནས་རྟོགས་པ་ནི་ལམ་ཁྱད་པར་ཅན་དང་ལྡན་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱུགྲོ་འཚུལ་ཞེ།། ་ཐབས་ཀྱི་དངོས་པོ་བཞིས་སྒོམ་པར་བྱེད་པ་ཡང་ཕྱག་འཚུལ་བའི་གནས་ཡིན་པར་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ།། དངོས་གྲུབ་མཆོག་ནི་རྡོ་རྗེ་འཆུང་བའོ།། དེའི་ཐབས་ནི་ཀ་ལ་ཏེ་མངའི་ཐམས་དང་འདྲ་བའི་ཕྱི་རོ།། དེ ་དངོས་གང་ཞེ་ན། བསྙེན་པོའི་ཆོ་ག་ཞེས་བྱ་བ་ནི་སཀྵོའི་སྐུའོ།། ཉེ་བར་སྒྲུབ་པ་ནི་མིག་ལ་སོགས་པའི་བྱིན་གྱིས་བརླབས་པའོ།། སྒྲུབ་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ།། དངོས་གྲུབ་ཆེན་པོ་ནི་རིགས་ཀྱི་བདུག་པོས་དང ་བརྒྱན་པའོ།། དེ་ཡང་སྔར་བཤད་པའི་རིམ་པ་བཞིན་དུ་ཕྱེ་བ་རྣམས་ཏེ། དེ་ལ་བློ་མི་འགྱུར་བའི་སྐྱོབ་པའི་དབང་པོ་དེ་ལ་ཡང་བྱང་ཆུབ་རྡོ་རྗེ་དང་འདྲ་བར་ཕྱག་འཚལ་ཞེསོ།། ཐུན་བཞིར་སྒོམ་པར་བྱེད་པའི་སྒྲུབ་པ་པོ་བསམ ་གཏོན་གྱི་སྐལ་པས་ཕྱག་འཚལ་བའི་གནས་ཡིན་པོར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ།། ཐུན་བཞི་ཞེས་པ་ནི་ཐོ་རེངས་དང་། སྔ་དྲྀ་དང་། ཕྱེད་འཕྲེང་དང་། སྲོང་དང་ཕྱག་རྒྱ་བཞིའི་དུས་པས་རྡོ་རྗེ་སྟེ། དེ ་སྒྲུབ་པར་བྱེད་པ་ཞེས་སོ།། དེས་མི་སྦྱང་བ་ལ་སོགས་པའི་དངོས་གྲུབ་ནས་མཆོག་སྟེ། དེ་དག་ཁོ་ན་སྨིན་པའི་དབང་ལས་སངས་རྒྱས་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ།། ཞེས་སོ།། དེ་ལྟ་བུའི་བླ་མའི་དྲིན་གྱིས་མ་ནོར་བའི་ལམ་རྟོགས་པ་དེ ་ལོ་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་ཕྱག་འཚལོ་ཞེསོ།། གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་ས་བོན་ཐོབ་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས ་པའོ། བླ་མ་ལ་ཉན་པ་དང་། ཁ་ཏོན་དུ་འདོན་པར་བྱེད་པ་དང་། ཀློག་པ་དང་། རྟག་ཏུ་ཡིད་ལ་སེམས་པ་དང་། མེ་ཏོག་ལ་སོགས་པས་མཆོད་པ་དང་། ཡི་གེ་འདྲི་བ་དང་། གཞན་འདྲིར་འཇུག་པ་ཡང་དག་པར་ལམ་བྷི་གཞི་ཡིད་ལ ་གནས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱག་འཚལོ་ཞེས།། སྔགས་དང་ཐབས་ལ་སོགས་པས་སྒྲུབ་པར་བྱེད་པའི་སྐྱེ་བོ་རྣམས་སྒྲུབ་པ་པོ་ཡེ་ཤེས་ཀྱི་རྒྱས་བཏབ་པས་སྡིག་པའི་ལས་དང་བྲལ་བས་ཕྱག་འཚལ་བའི་གནས ་ཕྱིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ།། དེ་ཡང་ལེའུ་བཅུ་བཞི་པཱ་ལ་སོགས་པ་ལས་གསུངས་པའི་ཐབས་དང་། སྔགས་དང་། ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་དེ་བཞིན་དུ་རྒྱས་བཏབ་པའི་སྒྲུབ་པའི་དབང ་པོས་ཡང་དག་པར་ཟིན་པའི་སྒྲུབ་པར་བྱ་བ་འདི་དང་ལྡན་པ་དེ་ཡང་ལས་ཀྱི་སྒྲིབ་པ་དང་རྣམ་པར་བྲལ་བས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་བལྟས་ལ་ཕྱག་འཚལོ་ཞེསོ།། གང་ཡང་སྒྲུབ་པའི་དབང་པོ་དེ་ལྟ་བུ་མཐོང་བ ་ལ་སོགས་པས་དགའ་བ་ཡང་དད་པའི་སྟོབས་ཀྱིས་མི་དགེ་བའི་ལས་རྣམ་པར་འཇིག་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ།། གང་ཞིག་ཅེས་པ་ནི་སྐྱེ་བོ་གང་གིས ་ཞེས་པའོ།། གཙོ་བོ་སྒྲུབ་པ་པོ་ཞེས་པ་ནི་གཉིསུ་མེད་པའི་རྣལ་འབྱོར་ལ་གནས་པ་བླ་མ་སྟེ། དེ་གང་ཟག་གང་གིས་མཐོང་བའམ། རེག་པ་འམ། ཡིད་ལ་སེམས་ཤིང་ལེགས་པར་དྲན་པར་བྱེད་པའམ། མིང་ཙམ་ཐོས་ནས་དད་པར་བྱེད་ཅིང ་ཡོན་ཏན་གྱི་ཕྱོགས་གཅིག་ཙམ་ཡང་འཛིན་པར་བྱེད་པ་དེ་ཡང་བླ་མའི་སྟོབས་ཀྱི་དགེ་བས་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲུ་བར་བལྟས་ལ་ཕྱག་འཚལོ་ཞེསོ།། ཇི་སྐད་དུ། གང་ཞིག་མཐོང་བར་གྱུར་པ་དང་། ཐམས་ཅད་དུ་ནི ་མཆོད་གྱུར་ནོ། སངས་རྒྱས་ཐམས་ཅད་མཐོང་བ་དང་། མཆོད་པ་ཉིད་དུ་འགྱུར་བ་ཡིན་ཞེསོ།། དེ་ལྟར་ཚོགསུ་བཅད་བཅུས་བསྟོད་པའི་སྒོ་ནས་རྒྱུད་ཀྱི་དོན་རྗེས་སུ་བསྟན། དུ་ནི་དོན་ཆེན་པོས་བསྟིད་པའི་ཚིག་ནི་ཞེས་པ་ལ ་སོགས་པའོ།། བསྟོད་པའི་ཚིག་ནི་ཞི་བ་འདིས་ཤེས་པ་ནི་དོན་ཞི་བ་རབ་ཏུ་སྟོན་པའི་ཕྱིར་དེ་སྐུད་དོ།། འདྲེན་པ་ཀུན་ཞེས་པཱ་ནི་བདེ་བར་གཤེགས་པ་རྣམས་ཏི། ཐུགས་རྗེའི་ཕྱག་དང་ལྡན་པའི་ཕྱིརརོ།། དེ་རྣམས་བསྟོད་པ ་དང་བྱང་ཆུབ་སེམས་དཔའ་གྲགས་ཆེན་ལ། མགོན་པོ་དེ་དག་ཅེས་ཏེ། བདེ་བར་གཤེགས་པ་རྣམས་ཡིད་རང་ཞིང་མངོན་པར་དགའོ་ཞེས།། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟོད་པ་འདི་བྱས་ན་དེ་དག ་དགའ་ཞིང་དངོས་གྲུབ་གསོལ་བར་འགྱུར་རོ།། ཞེས་པའི་དོན་ཏོ།། ད་ནི་གསང་བ་འདུས་པའི་རྒྱུད་འདི་ནི་རྒྱུད་གཞན་ལས་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར། འདུས་པ་གསང་བ་ཞེས་པ་ལ་སོགས་པའོ།། རྒྱུད་ཐམས་ཅད ་ཀྱི་དོན་འདིར་འདུས་པས་ན། ཀུན་གྱི་བདག་པོ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་ན་རྒྱུད་འདི་ལོགས་པར་གསུངས་པ་ཡིན་ཞེ་ཏེ། སྒྲོ་འདྲོགས་པ་དང་སྐུར་པ་གཉིས་དང་བྲལ་བར་གསུངསོ་ཞེས་པའི་དོན་ཏོ།། དྲ་ནི་དེ་བཞིན་གཤེགས ་པ་པ་ལལ་སོགས་པ་ཐམས་ཅད་ཇི་སྐད་བཤད་པའི་སྟེ། ཁོ་ན་ཉིད་ཀྱི་དོན་ལ་སྦྱར་ནས་ཅང་མི་གསུང་བར་སྦྱར་བ་བསྟན་པའི་ཕྱིར་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའོ།། དེའི་དོན་ནི་འདི་ལྟ་སྟེ། སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཛིན་པའི་སྐུ་རྡོ་རྗེ་ལཱ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཞེས་ཏེ། ས་བོན་གྱི་བསྡུས་ནས་རྣམ་པར་བཅུག་སྟེ། སྐུ་ལ་སོགས་པ་ཡང་དེ ་བཞིན་ཉིད་ན་མཁའ་དང་འདྲ་བར་བརྗོད་དུ་མེད་པས་ན་དེ་ལ་དམིགས་ཏེ་ཅང་མི་གསུང་བར་གྱུར་ཏོ་ཞེས་པའི་དོན་ཏོ།། དེ་བས་ན་འདི་ནི་དཀྱིལ་འཁོར་བསྡུ་བའི་དོན་དུ་ལྟེ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན ་ནི་སྐུ་དང་གསུང་དང་ཐུགས་ཏེ། དེའི་ངོ་བོ་ཉིད་ནི་གསུང་བའོ།། དེ་བས་ན་གསང་བ་ཡང་དེ་འདུས་པ་ཡང་དེ་བས་ན་གསང་བ་འདུས་པའི་བའི་རྒྱུད་ལས་གསང་བ་ཐམས་ཅད་དེ་སྤྲོས་པའི་ངོ་བོ་རྣམས་སྟོན་པས་ན་དེས་བྱིན་གྱིས། ་བརླབ་ཅིང་ཤེས་པར་བྱེད་པ་དང་། མཛེས་པའི་དོན་གྱི་རྒྱལ་པོ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་བཅོ་བརྒྱད་པའོ།། ཞེས་སོ།། གང་ཞིག་གསང་རྒྱུད་ཡང་དག་སྦས་པ་རྣམས་སྦྱིན་པ།། བདེ་གཤེགས ་བློ་མཆོག་ཉི་མའི་འོད་འདྲ་ཕྱི་མའི་རྒྱུད།། ཐོ་ཤལ་བདག་འདས་ག་ལ་སྤབས་ཏེ་བཞག་པར་འོསོ།། འོན་ཀྱང་འགལ་ལ་ཕོན་པ་དམ་པའི་བཀའ་ཡིས་དེ་ནི་ཕྱེ།། དེ་ལས་བྱུང་བའི་དགེ་བ་ཁ་བ་ཟླ་བ་ལྟར ་སྣང་བས།། སྐྱེ་བོ་གསང་བ་འདུས་རྒྱུད་ཡང་དག་དོན་ནི་རབ་ཆུད་དེ།། ལྡིདི་ལ་རིམ་པ་གང་གིས་འགྲོ་བུའི་ལམ་དེ་ཡིས།། རྡོ་རྗེ་འཛིན་པའི་ས་ལོས་ཡང་དག་རོལ་བར་ཤོག། ་ཡང་དག་རིག་བྱེད་ཅེས་བྱ་བ་རྒྱུད་ཕྱི་མའི་རྣམ་པརརྱ་བཤད་པ་སློབ་དཔོན་བི་དྲུ་པ་ངས་མཛད་པ་རྫོགས་སོ།། །། རྒྱ་གར ་གྱི་མཁན་པོ་ཀ་མོ་ལ་གུ་ཧྱ་བིད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་པའོ།། ་