| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་གུ་ཧཱ་ས་མཱ་ཛ་ཏནྟྲ་བི་བ་རཱ་ཎཱཾ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། གང་འདི་སྐུ་དང་གསུང་དང་ཐུགས། ་ཤེས་རབ་ཐབས་ཀྱི་བདག་ཉིད་བརྟན།། དེ་ཡི་བདག་གྱུར་དམིགས་མེད་པ།། འཇམ་དཔལ་དེ་ལ་ཕྱག་འཚ་ལོ།། བློ་དམན་གྱུར་ཀྱང་ངང་ཙམ་གྱི།། ཡང་དག་བསྐུལ་ནས་འགྲོ་བ་རྣམས།། ངམ་པའི་ལམ་ལ་འཇུག་གྱུར ་པ།། སྐལ་བཟང་འབྲས་བུ་ལ་སྤྱོད་འགྱུར།། དེས་བདག་ཡེ་ཤེས་ཞལ་སྔ་ཡི།། མུན་ངག་རང་ཉིད་ཀྱིས་དྲན་ཕྱིར།། བློ་གྲོས་བླུན་ཡང་འདུས་པའི་དོན།། འདིར་ནི་ཅི་ནུས་བྲི་བར་བྱ།། རྟོགས་དཀའ་བ་དང་དོན་ཆེ་བའི།། ཚིག ་ཉུང་འགའ་ཙམ་ཅུང་ཟད་ཅིག། རྣམ་པར་དབྱེ་བ་དེ་ལསྟྲ་ནི།། ལྷག་མ་གོ་སྐེ་རང་ཉིད་གོ། གང་ཡང་ལྷག་དང་ཆད་པ་འམ།། ཉེས་སྨྲས་འདི་ན་ཅི་སྣང་དེ།། བཤད་མཛད་གཞུང་ནི་མ་རྟོགས་པས།། བདག་བློ་ཉིད་ཀྱིས ་ཉེས་པ་ཡིན། དེས་ན་མཁས་པས་བླ་མ་ཡི།། སྐྱོན་ཡིན་པར་ནི་མི་བརྟགས་ཏེ།། སློབ་མའི་བློ་དམན་ཉེས་པ་ཡིས།། རྟོགས་པའི་བཤང་མཛད་སྐད་མི་བྱ།། འདི་སྐད་ཅེས་བྱ་བ་ནི་འོག་ནས་བཤད་པའི་རྒྱུད་ཀྱི་དོན ་མ་ལུས་པ་བློ་ལ་རྣམ་པར་གནས་བཞིན་པ་བསྔོས་པ་ལ་ལྟོས་པ་ཡིན་ནོ།། བདག་གིས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་བདག་ཉིད་འོང་དཔག་ཏུ་མེད་པ་མངོན་པར་རྔོ་གོས་པ་སངས་རྒྱས་པ་ཉིད་ཀྱིས་གཅིག ་ཏུ་རྒྱུད་དེ་ཐོས་པ་ལ་སྦྱོར་བ་མ་ཡིན་པ་དང་། གཏམ་འདི་ནི་བདག་གིས་དངོས་སུ་ཐོས་པ་ཡིན་གྱི། བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་ངེས་པར་བཟུང་བ་སྟེ། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས ་པ་འོག་ནས་འབྱུང་བའི་ཚིག་དང་འགལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཐོས་པ་ཞེས་བྱ་བ་ནི་སྒྲ་སོ་སོར་སྣང་པའི་བདག་ཉིད་ཀྱི་རྒྱུད་རྟོགས་པའོ།། དྲིས་པ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱིས་རྡོ་རྗེ་འཆ ་བབའི་ངོ་བོ་ཉིད་ཡོནི་བས་ན་རྡོ་རྗེ་ཆོས་ཀྱི་མཉན་པ་ལ་སོགས་པ་འགལོ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ནི་སེམས་ཅན་ཁམས་ངང་བསམ་པ་སྣ་ཚོགས་པ་རྣམས་གདུལ་བའི་ཐབས་ཀྱི་དབང་གིས་གཅིག་པུ་ཉིད ་ཀྱང་དཔག་ཏུ་མྱེད་པའི་ཚུལ་གྱིས་འཇུག་པར་མཛད་དེ། བལྟམས་པ་དང་མངོན་པར་བྱུང་བ་དང་། དཀའ་བ་སྦྱོང་བར་མཛད་པ་དང་། མངོན་པར་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ལྟ་བུའོ།། དེ་སྐད་དུ ་མོས་པ་སྣ་ཚོགས་བསམ་པ་ཐ་དད་པའི།། སེམས་ཅན་དབྱིང་གིས་ཁྱད་པར་མང་པོ་འཁྲུངས།། གཅིག་པུའང་ཆུ་ཡི་སྣོད་ནི་དུ་མ་རུ།། ཟླ་བའི་གཟུགས་བརྙན་འཆར་བ་དག་དང་མཚུངས་ཞེས་བཤད་པའི།། དུས་གཅིག་ན ་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ཁོ་ན་ཐོས་སོ་ཞེས་བྱ་བའི་དོན་ཏེ། ཡང་མ་ཡིན་གྱི། འདི་ནི་དུས་གཅིག་ན་སྟེ། གཞན་དུ་ནི་གཞན་དག་གོ་ཞེས་མང་དུ་ཐོས་པ་ཉིད་དུ་སྟོན་པས་ཚིག་མཆོག་ཏུ་གཟུང་བར་བྱ་བ་ཉིད་ཡིན་ནོ། ་ཞེས་བཤད་པར་བྱའོ།། བྱང་ཆུབ་ལ་བརྟེན་པར་དུ་ཆོས་ནི་འདས་པ་ལ་སྩོགས་པ་དྨ་ལྟར་གྱིང་པར་དགོངས་ཤིང་། ཐམས་ཅད་ལན་གཅིག་ཡང་དག་པར་རིག་པར་ཡིན་ཏེ། དེས་ན་ཐོས་པ་མང་བར་གྲུབ་པ་ཡིན་ན་ནས ་བྱ་བར་དགོངས་སོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུགས་ལ་སོགས་པའི་ཡོནྟ་ཏཱནཱ་དྲུག་སྟེ། འདིར་ནི་མེ་ལོང་ལྟ་བྱ་དང་། མཉམ་བ་ཉིད་ལ་སོགས་པའི་རང་བཞིན་ལ་སེལ་བ་ཞེས་བཤད་དེ། དེ་གང་ལ་མངའ ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བཤད་དེ།། ཉོན་མོངས་བདུད་ལ་སོགས་པ་བཅོལྔ་པའི་ཕྱིར་རོ།། དེ་ཡང་། ཉོན་མོངས་པ་ཤེས་རབ་ལ་རག་ལས། དེ་བསྡུ་ཤེས་རབ་བཅོམ་པར ་བཤད་ཅེས་གསུངས་པའི་ཕྱིར་ཕུང་པོ་དང་འཆི་བདག་དང་། ལྷའི་བུ་དང་། ཉོན་མོངས་པའི་བདུད་དེ། བཞི་པོ་འཇོམས་པའི་ཤེས་རབ་ཀྱི་ངོ་བོ་ལ་བཅོམ་པ་ཞེས་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་འདས་ཏེ། ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་བླ་ན་མེད་པའི་ཆོས་སྟོན་པ་དང་རྗེས་སུ་མཐུན་པའི་གནས་ཀྱི་ཁྱད་པར་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གོགསུང་དང་ཐུགས་རྣམས་ནི་གཞན་ངག་གི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ།། དེ་ཉིད་ནི་རྡོ་རྗེ་སྟེ། མི་ཕྱེད་པ་དང་འཆེ་བ་མེད་པ་དང་། ཡང་དག་པའི་དོན་གྱི་ངོ་བོ་ཉིད་ཀྱི་ཚད་མའོ།། དེ་ཉིད་ནི་སྙིང་པོ་སྟེ། དེ་རྣམས་ཀྱི། ་རིགས་ཀྱིན་ལ་འབྱོར་པས་བྱའོ།། དེ་བཞིན་དུ་འདའི་འོག་མ་རྣམས་ལ་ཡང་ཅི་རིག་པར་ཤེས་པར་བྱར།། ཐམས་ཅད་དུ་ཡང་ཡེ་ཤེས་སེམས་དཔའ་དང་། དེའི་ཐུགས་ཀར་མཚན་མ་ལ་སོགས་པ་ཟླ ་བའི་གདན་ལ་བསྒོམ་པར་བྱའོ།། རྡོ་རྗེ་ལ་སོགས་པ་སྒྲས་ནི་མི་ཕྱེད་པ་ལ་སོགས་པར་བཤད་པར་བྱའོ།། དེ་བས་ན་དེ་ལྟར་བརྟགས་ནས་རང་སྙིང་དྲི་མ་མེད་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་སྨོས་པ་ཡིན་ནོ།། ་ཡང་སྔགས་བཟླས་པ་དང་འབྲེལ་པའི་དོན་གསུངས་པ་ནི། དཀྱིལ་འཁོར་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོའི་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ངོས་བཞི་པོ་རྣམསུ་སངས་རྒྱས་ལྔ་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད ་ལ་སོགས་པ་སྟེ། ཇི་སྐད་དུ་གསུངས་པའི་ཆོ་གས་དགོད་པར་བྱའོ།། དེ་ནས་ཡེ་ཤེས་ཀྱི་ས་བོན་དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སྤྲོ་བ་ལ་སོགས་པ་དང་ལྡན་པ་ཡི་གེ་གསུམ་དང་སྤེལ་བར་བཟླས་བརྗོད་བྱའོ།། སིངས ་རྒྱས་དེ་དག་དང་དཀྱིལ་འཁོར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་དཀྱིལ་འཁོར་གྱི་བདག་པོ་དེ་ཉིད་གཅིག་པུའི་ས་བོན་དེ་དེ་བཞིན་དུ་ཟླས་པར་གྱུར་པར་བསྒོམ་པར་བྱ་སྟེ། དེ་ལས་བྱང་ཆུབ་ཐོབ་པར་འགྱུར་རོ།། བྱེ་བྲག་རྣམ ་པ་གཉིས་སུ་བསྒྲགས་ཞེས་བྱ་བ་ནི་དེ་ཉིད་བཤད་པ་ཡིན་ནོ།། སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ལ་དོན་འདི་ཡིན་ཏེ། སྐུ་གསུམ་ཞེས་བྱ་བ་དེ་ཁོ་ན་ཉིད་གསུམ་ཟློས་པ་ནི་རིམ་གྱིས་སམ་ཅིག་ཅེར་སྤྲོ་བོ་འདི་ལ་ནི ་དང་ལྷན་ཅིག་བདག་གིས་ཐོས་སོ་ཞེས་བྱ་བའི་དོན་ཏོ།། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་རྣམས་ཀྱི་དྲུང་ནས། མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྟོན་ཏེ། དེ་ལས་ཀྱང་མཱི་གཡོ་བ་དང་། རྡོ་རྗེ ་དང་། བྱམས་པ་ལ་སོགས་པ་ནི་དཀྱིལ་འཁོར་པ་ཉིད་དུ་བཀག་པ་ཡིན་ནོ།། དྲིས་པ་རྒྱུད་འདིར་སོ་སོར་ངེས་པ་ཉིད་དུ་བསྟན་ན། སེམས་དཔའ་དེ་རྣམས་ཇི་ལྟར་ན་བརྗོད་ཀྱིས་མི་ལང་བ་ཡིན། དེ་ལྟ་མོད་ཀྱི། དེ་རྣམས་རེ་རེ་ཉིད ་རང་རང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་པོར་གྱུར་པས། གཙོ་བོ་ཉིད་ཡིན་པས་ན་གྲངས་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ།། དེ་བས་ན་དེ་དག་ལ་སོགས་པ་ཞེས་བྱ་བའི་སྒྲས་སྨོས་པ་ཡིན་ནོ།། དེ་ལ ་གཉིས་སུ་མེད་པའི་རྡོ་རྗེ་གང་གིས་གཟུགས་ལ་ཡང་དག་པར་བལྟ་ཞིང་སོ་སོར་ཤེས་པ་དེ་ནི་དམ་ཚིག་རྡོ་རྗེ་སྟེ། མིག་རྣམ་པར་དག་པའི་ངོ་བོ་ཉིད་སའི་སྙིང་པོའོ།། ཆོས་ཀྱི་བརྡའི་དབང་གིས་ན་དམ་ཚིག་སྟེ། རྡོ་རྗེའི ་སྒྲས་ནི་སའི་སྙིང་པོ་ལྟ་བུ་ཉིད་ཏིང་ངེ་འཛིན་འདིར་བཤད་པ་ཡིན་ནོ།། དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པའི་སྒྲས་ཀྱང་ཉེ་བར་དགོད་པ་ལྔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་དམ་ཚིག་གི་ཁྱད་པར་ཡིན་པ་འམ། སྒྲ་དེ་དག་བརྡར ་བརྟགས་པ་ཡིན་པའི་ཕྱིར་ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་རིམ་པ་ཅི་ལྟ་བ་བཞིན་དུ་བཤད་པ་ཡིན་ནོ།། འདི་དག ་གིས་ནི་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་གསུངས་པའི་རིམ་པ་སྟོན་པར་གྱུར་པ་ཡིན་ནོ།། གང་ཡང་དམ་ཚིག་རྡོ་རྗེ་ལ་སོགས་པན ་སྒྲའི་ཚིག་གདོན་མི་ཟ་བར་གྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའི་སྡེ་ཚོགས་སུ་ཚིག་གི་སྦྱོར་བས་དེའི་རིགས་ཀྱི་བདག་པོ་རྣམ་གྱི་ཉེ་བར་གདགས་པར་སྒྲིབ་པ་རྣམ་པར་སེལ་བ་ལ ་སོགས་པ་བསྟན་ཏོ།། ཞེས་བཤད་མོད་ཀྱི་དེ་རྣམས་ཀྱི་དཀའ་བར་འབྱིན་པ་འདིས་ཀུན་ཏུ་བཟང་པོ་ལ་སོགས་པའི་རིམ་པ་ལས་རྒལ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བརྗོད་པར་བྱའོ།། ཡང་རིགས་དང་འབྲེལ ་བཔ་ཉིད་དུ་བསྟན་པ་དགོས་པ་མ་ཡིན་ནམ་ཞེས་ཟེར་ན་མ་ཡིན་ཏེ། འདི་ནི་འདིའི་རིགས་ལས་སྐྱེས་པ་ཡིན་ནོ་ཞེས་དེ་ལྟ་བུ་འདིར་ངེས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། མན་ངག་ལ་ངེས་པ་ཡོད་པར་རྟོགས་སོ་ཞེས ་ཟེར་ན་མ་ཡིན་ཏེ། བརྟགས་པ་འདི་ནི་ཉོན་མོངས་པ་ཡིན་པའི་ཕྱིར་ཏེ། འདི་ནི་འོག་ནས་རིགས་ཀྱི་ངེས་པ་བསྟོན་བཞིན་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་བྱ་བར་དགོངས་སོ།། སའི་སྙིང་པོ་ལ་སོགས་པ་འདི་དག ་ཀྱང་ནང་གི་སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་ནོ། དེ་བྱིན་གྱིས་བརླབས་པ་ཉིད་ཉེ་བར་སྒྲུབ་པ་ལ་དགོས་པ་ཡིན་གྱི། དཀྱིལ་འཁོར་བ་ཉིད་ཀྱིས་ནི་མ་ཡིན་ཏེ། རྒྱུད་ལས་རང་གི་མཚན་མ་དང་། ་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་གདོན་པ་བསྟནྡ་པ་མེད་པའི་ཕྱིར་རོ།། ས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་བཞིའི་སྒྲས་ནི་ས་དང་། སྙིང་རྗེ་དང་། ཐབས་ལ་སོགས་པ་རྣམ་པར་དག་པ་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར ་མོ་དང་། སྒྲོལ་མ་དང་། ལྷ་མོ་བཞི་རིམ་བཞིན་དུ་གསུངས་པ་ཡིན་ནོ།། ནུ་མཁའ་རྡོ་རྗེ་དང་ཞེས་བྱ་བ་ནི་ཆོས་འབྱུང་བར་ཁང་པ་རྩེག་མ་ལ་སོགས་པ་རྟེན་དང་བརྟེན་པའི་གཟུགས་ཅན་མཁའི་རྣམ་པར་དག་པའི་དོན ་བསྟན་པ་ཡིན་ནོ།། ནམ་མཁའ་ནི་རྡོ་རྗེ་སྟེ། དམིགསུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ།། འདི་རྡོ་རྗེ་འཛིན་པ་ཡིན་པར་ནི་མི་འདོད་པ། བཞུགས་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པར ་བཤིང་པའི་ཕྱིར་རོ།། ཡང་ན་དེ་བདག་ཉིད་དང་ལྷན་ཅིག་བྱེད་པ་པོ་ཉིད་དུ་ལྡན་པ་མ་ཡིན་ཏེ། འདིར་བརྗེ་བ་མཛད་དུ་ཟིན་ཀྱང་། ཐ་མི་དད་དེ། དཔེར་ན་མི་བསྐྱོད་པ་ལ་སྩོགས་པ་གང་ཡང་། ན་དཱ་གི་ནཱི། ནཱ་མཁའི་རང་གི་ངོ་བོ་རྡོ་རྗེ ་འཛིན་ཞེས་ཚོས་པ་འབྱུང་བའི་ཕྱག་རྒྱའི་ཁྱད་པར་བཤད་པ་དེར་ཡང་ནང་གི་ནམ་མཁའི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པས་དེ་སྐད་བཤད་ངོ་ཞེས་ཁོང་དུ་ཆུད་པར་བྱའོ།། ཡང་ན་ནང་གི་ན་མཁའི་ངོ་ཡཱ་ཡིན་ལ་རྡོ་རྗེ་སྟེ། དེ་བཞིན ་གཤེགས་པ་ལ་སོགས་པ་འཛིན་པར་བྱེད་པས་ན་རྡོ་རྗེ་འཛིན་པའོ་ཞེས་བཤད་པར་བྱའོ།། གཟུགས་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་དྲུག་གིས་ནི་སྦྱིན་པའི་རང་བཞིན་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་གཟུགས་རྡོ་རྗེ་ལ ་སོགས་པའི་ལྷ་མོ་དྲུག་པོ་ཉིད་རིམ་གྱི་བཤད་པ་ཡིན་ནོ།། ད་ནི་བཤད་ཟིན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་སུ་བསྡུས་པ་བཤད་པའི་ཕྱིར། དེ་དག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་སོགས་པའི་སྒྲ་ནི་འདིར་གཙོ་བོའི་ཚིག་། དེ་བས་ན་རང་རང་གི་དཀྱིལ་འཁོར་བགྱི་བདག་པོར་གྱུར་པའི་གཙོ་བོ་ཉིད་ཀྱིས་ན། ཐམས་ཅད་ལ་བརྗོད་ཀྱིས་མི་ལྟུང་བ་ཉིད་དུ་བཤད་པ་ཡིན་ནོ།། ད་ནི་དེ་བཞིན་གཤེགས་པ ་ནམཁའི་དབྱིངས་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་སྟོན་པ་ཡིན་ཏེ། འདི་ནི་མི་སྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་པོ་ཅི་རིགས་པར་སེམས་དང་། ཞེ་སྡང་དང་། ཆོས་ཀྱིསྐུ་དབྱིངས་ལ ་སོགས་པའོ་ཡེ་ཤེས་རྣམ་པོར་དག་པའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ།། སོགས་པ་ཞེས་བྱ་བའི་སྒྲ་ནི་འདིར་སྔ་མ་བཞིན་སྦྱར་བར་བྱའོ།། དེ་ཉིད་ཀྱིས་ནཱ་ན་མཁའི་དབྱིངས་ཐམས་ཅདངྒེ་དང་མཉམ་པ་ཞེས་བྱ་བས་དེ ་རྣམས་ཚད་མེད་པ་ཉིད་དུ་ཉེ་བར་མཚོན་པའི་དོན་བཤད་པ་ཡིན་ནོ།། དེ་ལྟར་ན་གཞིར་གྱུར་པོ་ན་མཁའ་རྡོ་རྗེ་མ་གཏོགས་པ་ལྷོ་ཉི་ཤུ་ཙོ་གཅིག་དང་། འབྱིན་པའི་སྔགས་ཀྱིས་དབང་གིས་ཁྲོ་བོ་བཞིའི་ལེའུ་ལས ་བཤད་པ་དེ་ཉིད་དེ། ཉི་ཤུ་རྩ་ལྔ་མངོན་པར་རྟོགས་པ་ལ་ཉེ་བར་དགོས་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་རྣམ་པར་དག་པ་དགོས་པ་མ་ཡིན་པའི་ཕྱིར་དང་། ལུས་བསྐྱེད་པའི ་ཚོགས་པའི་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ།། ད་ནི་རིམས་ཀྱིས་མངོན་པར་རྟོགས་པ་སྟོན་པར་མི་མཛད་པ་ནི་ཤེས་རབ་ཀྱིས་མངོན་པར་རློམ་པ་རྣམས་ཀྱི་དྲེགས་པ་བསལ་བར་བྱ་བའི་ཕྱིར། དངོས་གྲུབ་ནི་སློབ་དཔོན ་ལ་རག་ལས་པ་ཡིན་ནོ།། ཞེས་བསྟན་པོར་བྱ་བའི་ཕྱིར་གོ་རིམ་འཚལ་པས་མངོན་པར་སྟོན་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཐུགས་ལ་བཞུགས་སོ་ཞེས་བྱ་བོའི་མཐར་ཐུགས་པའི་ཚིག ་བཞིས་གཉིས་པ་གསོལ་བའི་ཚིག་དང་མཐུན་པ་ཡོན་ཏེ། སེམས་ཅན་རྣམས་སྟོང་དུ་གྱུར་པ་ཉིད་དུ་བྱ་བའི་ཕྱིར་དབང་བསྐུར་བ་སྦྱིན་པའི་དོན་དུ། པདྨའི་ནང་དུ་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་ཤེས་རབ་དང ་ཐབས་ཡང་དག་པར་ནཉེས་པ་བཤུད་པ་ཡིན་ཏེ། རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། འདོད་ཆགས་ཆེན་པོ་ནི་རྒྱ་ཆེ་བའི་བདེ་བའོ།། དེའི་ཐབས་དང་ཤྱེ་རབ ་ཀྱི་བདག་ཉིད་ཅན་གྱི་སེམསུ་གང་གིས་ཁྲིད་པའི་ཏིང་ངེ་འཛིན་དེ་ལ་རྡོ་རྗེ་འཆང་བ་ལྟ་བུར་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པའི་དཀོད་པ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་ཞེས ་བྱ་བ་ནི་ཤེས་རབ་ཡང་དག་པར་མཉེས་པར་བྱ་བའི་ཕྱིར་དེ། འདོད་ཆགས་ཅན་ཕལ་ཆེར་ནི་བུད་མེད་ཀུན་དགའ་བ་ཉིད་དང་པོར་བྱེད་པ་ཡིན་ལ། བཅོམ་ལྡན་འདས་ཀྱང་འགྲོ་བ་འདུལ་བའི་ཐབས་ཀྱི་ཆོ་ག་མཁྱེན ་པ་ཉིད་ཀྱིས་ཤེས་རབ་ཡང་དག་པར་མཉེས་པར་མཛད་པ་ཡིན་མོ་ཞེས་བྱ་བར་དགོངས་སོ།། གཞན་དག་ནི་གཟུགས་ལ་སོགས་པ་བསྐྱེད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་བཀོད་པ་ཞུགས་པར ་མཛད་པ་ཡིན་ནོ།། ཞེས་ཟེར་མོད་ཀྱི།། དེ་ནི་མི་རིགས་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྫོགས་ཤིང་ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཐུགསུ་ཆུད་པ་ལ་ནི་གཟུགས་ལ་སོགས་པ་མ་བསྒྲུབས་པ་མེད་པའི་ཕྱིར་རོ།། ལ་ལ་ནི་སངས ་རྒྱས་སྤྱན་ལྟ་བུ་ཞེས་པ་འདིར་སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡིན་པར་དོན་གྱིས་ཤེས་པར་བྱ་སྟེ། དེ་ཡང་ཉིད་ཀྱི་སྐུ་མདོག་དང་ལྡན་པའོ།། ལ་ལ་ནི་སྤྱན་ལྟ་བུའོ།། ལ་ལ་ནི་གཟུགས་རྡོ་རྗེ་ལྟ་བུས་མངོན་པར་བྱུང ་ནས་རྒྱ་ཆེ་བའི་བདེ་བས་འཇུག་ཅིང་།། བསྒྲུབས་པར་བྱ་བའི་རང་གི་རིག་པར་ཞུག་སོ་ཞེས་ཤེས་པར་བྱའོ།། དེ་བཞིན་དུ་འདིའི་འོག་ནས་མི་བསྐྱོད་པ་ལ་སོགས་པ་ཡང་རང་རང་གི་རིགས་དང་རྗེས་སུ་མཐུན་པ་མཱུ་མ་ཀཱི་ལ་སོགས ་པ་ལྟ་བུར་ཅི་རིགས་པར་བྱུང་ནས་ཞུགསོ།། ཞེས་མཐུན་པར་ཤེས་པར་བྱའོ།། ཡང་གདོན་མི་ཟ་བར་གྲུབ་པ་ནི་ལ་ལ། སྒྲོལ་མ་ལྟ་བུ་སྟེ་སྐུ་འདོག་སེར་པོ་དང་ལྡན་པ་དང་ལ་ལ་ནི་རེག་གི་ངོ་བོ་ལྟ་བུ་སྟེ། ཉིད་ཀྱི་སྐུ་འདོག་ལྗང ་གུ་དང་ལྡན་པར་ཕྱུང་ནས་ཞུགསོ་ཞེས་བྱ་བ་ནི་ཁྱད་པར་རོ།། སྐུ་མདོག་གཉིས་ཀྱིས་ཕྱུང་བའི་དགོས་པ་ནི་བསམ་པ་སྣ་ཚོགས་པའི་སེམས་ཅན་གྱི་ཁམས་གདུལ་བའི་ཕྱིར་ཡིན་ཏེ། ཇི་ལྟར་ཨིནྡྲ་ནཱི་ལ་ལྟར་སྣང་བ་ནི་མི ་བསྐྱོད་པའི་མངོན་པར་བྱང་ཆུབ་པའི་གནས་སྐབ་སོ།། རྒྱུད་གཞན་དག་ལས་ནི་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ་སྐུ་མདོག་སེར་པོ་ཞེས་བཤད་ལ། འདིར་ཡང་རེག་བྱ་ལས་སྐྱེས་པ་ཉིད་བདེ་བ་ཆེན་པོ་གཙོ་བོ་སྟེ། མངོན་པར ་བྱང་ཆུབ་པའི་རྒྱུད་ཡིན་ནོ་ཞེས་སྟོན་པའི་ཕྱིར་རེག་བྱ་ཡིན་ནོ།། ལྷ་མོ་དགུའི་མཐར་ཐུག་པར་བཤད་ཀྱི་ཆོས་ཀྱི་དབྱིངས་རྡོ་རྗེ་མ་གསུངས་པ་ནི་གཟུགས་ཀྱི་ཕུང་པོ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པར་དག་པ ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཉིད་ཡིན་པ་འམ། སའི་ཁམས་ཀྱི་གཟུགས་ལ་སོགས་པ་རྣམ་པར་དག་པའི་སྤྱན་ནི་གཟུགས་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་འབྱིན་པ་དང་། འཇུག་པ་དག་ལས་ཤེས་པར་བྱ ་སྟེ། བཅོམ་ལྡན་འདས་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་རོ།། དཔེར་ན་རྩ་བའི་རྒྱུད་ནི་བཅོམ་ལྡན་འདས་མི་སྐྱོད་པ་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པ་ཡིན་ལ་འདིར་ནི་རྣམ་པར་ཤེས ་པའི་ཕུང་པོ་རྣམ་པར་དག་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་ཁ་ན་མ་ཐོབ་པ་མེད་པ་ཡིན་ནོ།། ཇི་ལྟར་ན་རྒྱལ་བ་རྣམས་ལྷ་མོའི་གཟུགས་འཛིན་པས་ཕྱུང་ངོ་ཞེས་བྱ་བ་བྱུང་བ་ཙམ་གསུངས་ན་དེ་རྣམས་ནི ་རང་གི་རིག་པར་ཞུགས་པར་ཇི་ལྟར་གསུངས། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཞུགས་པར་གྱུར་ཏོ།། ཞེས་སྔར་གསུངས་པ་དེ་འདིར་ཡང་རྗེས་སུ་སྦྱར་བར་བྱ་སྟེ། ཕྱི་རོལ་ལ་བྱ་བ་ཡིན་པས་ཉེས་པ་མེད་དོ།། ཕྱི་རོལ་ཏུ ་གནས་པའི་བུད་མེད་ཀྱི་གཟུགས་ཀྱི་ཚོགས་མཆོག་ཏུ་བདེ་བའི་རྒྱུར་འགྱུར་བ་མ་ཡིན་ཏེ། ལྷ་མོའི་གཟུགས་རྣམས་འཁྲུད་པའི་རང་གི་རིག་པའི་ནང་དུ་ཞུགས་པར་ཤུགས་ཀྱིས་ཤེས་པར་བྱའོ།། དེ་བས ་ན་འདི་ཉིང་ལེའུ་བཅོ་བརྒྱད་པ་ལས་བཤད་དེ། འདོད་ཚགས་ཆེན་པོའི་ཚུལ་ཉིད་ཀྱིས།། ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ།། ལྷ་མོ་དགུ་ནི་སྤྲོས་ནས་སུ།། བསྒྲུབ་པར་བྱ་བའི་ལུས་ལ་དགོད་ཅེས་བྱ་བར་གནས་སོ།། སེམས ་ཅན་རྣམས་གཞུག་པའི་ཕྱིར་གནས་རྣམ་པར་དག་པ་བསྟན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། བཙུན་མོའི་བྷ་ག་ལ་ཞེས་བྱ་བ་ནི་བཙུན་མོ་དང་ཡང་དག་པར་འདུས་པའི་བྷ་ག་ལ་སྟེ། དབང་ཕྱུག ་ལ་སོགས་པ་དང་ལྡན་པོས་གཅིག་པུ་ཉིད་ཡིན་ཡང་། མང་བ་པའི་ཚིག་ཏུ་གསུངས་པ་ཡིན་ནོ།། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རང་གི་ཁར་གཙུག་པའི་བདེ་བར་གཤེགས་པ་མ་ལུས་པ་ཞུགས ་པ་མངོན་དུ་འགྲོ་བའི་ཟླ་བ་ཞུ་བའི་གཟུགས་རྡོ་རྗེ་ལམ་ནས་བྱུང་བ་བྱང་ཆུབ་ཀྱི་སེམས་ནི་ངམ་ཚིག་ཆེན་པོ་སྟེ། དེ་ཡོང་སུ་གྱུར་བའི་དཀྱིལ་འཁོར་རོ།། འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བས་རྡུལ་དང ་བྲལ་བའོ།། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་ནི་གྲུ་བཞིའོ།། དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་བཞིར་གྱུར་པས་ན་བསལ་བའོ།། སྲབ་དང་བར་དུ་གཅོད་པའི་གནས་མེད་པས ་དེའི་ངོ་བོ་ཉིད་དོ།། སངས་རྒྱས་མཁྱེན་པའི་ཡེ་ཤེས་བརྙེས་པས་སྣ་ཚོགས་གཟུག་སོ།། དེ་བཞིན་གཤེགས་པའི་གཟུགས་བརྙན་གྱིས་རྣམ་པར་སྤྲས་པས་ན་ཀུན་ཏུ་སངས་རྒྱས་ཀྱི་སྤྲིན་གྱིས་ཀུན་ཏུ་ཁྱབ་པའོ།། དེ་བཞིན་གཤེ ་པ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་བསྔོ་བ་དང་། གནས་པ་དང་བསྟན་པར་གྱུར་པས་ཀུན་ཏུ་རྩོལ་བས་ན་འོད་ཟེར་འཕྲོ་བ་མང་པོ་འཁྲུགས་ཅེས་བྱའོ།། ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པས་ན། གསལ་བ་ལ་སོགས ་དཀྱིལ་འཁོར་ལྡན་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ངོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འབྲེལ་བས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ།། ཐར་པའི་གནསུ་གྱུར་པས་ནི་གནས་ཏེ། ཆོས་འབྱུང་བའི ་བཤད་པའོ།། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱུང་བ་ལྷར་ངེས་པར་སྣང་བ་དང་། དང་པོའི་རྡོ་རྗེ་འཆིང་བ་གཉིས་ལྷག་པར་མོས་པའི་སྟོབས་ཀྱིས་མཚུངས་པར་བསམ་གཏན་ལས་བྱུང་བའི་དཀྱིལ་འཁོ་འདི་ཡིན ་བཔར་བཤད་།། དྲིས་པ། བསྐྱེད་པའི་རིམ་པ་ལས་བྱུང་བའི་རྣལ་འབྱོར་པ་བཞི་ཅར་ལ་ཡང་རང་གི་ཉེ་བར་ལེན་པ་ཇི་ལྟ་བའི་རྒྱུར་གྱུར་པར་ལས་བྱུང་བར་བསྒོམས་པའི་དཀྱིལ་འཁོར་འདི་ཡིན་པ་དེ་བཞིན་དུ་ལས ་དང་པོའི་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ལ་མཆིད་པ་དམ་པ་ལ་སོགས་པ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བའི་ངོ་བོའི་རྒྱུ་མཐུན་པ་ཆེན་པོ་ལ་སོགས་པར་རྣམ་པར ་དག་པར་བྱ་བའི་ཕྱིར་རོ།། རང་གི་རིག་པའི་ཆོས་འབྱུང་བའི་ནང་ཆུང་པའི་ཁང་པ་བརྩེགས་མའི་དབུས་ན་གནས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་ས་བོན། ལྷའི་རང་གི་ངོ་བོ་ཙམ་དུ་ངེས ་པར་སྣང་བ་བསམ་པར་བྱ་བའི་འཁོར་ལོའི་ཉེ་བར་ལེན་པ་ཡིན་ནོ།། ཡེ་ཤེས་ཅུང་ཟད་བབས་པས་ནི་ཆོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་མཐུན་མཚམསུ་རང་གི་སྔགས་ཟློས་པ་ནི་རང་གི་ལྷའི་ས་བོན་སྔར་བསྒོམས་པ་བརྟགས ་པ་ཡིན་པའི་ཕྱིར་རོ།། ཡོ་ཤེས་ལ་དབང་ཐོབ་པ་ངག་ཀྱང་ཉེ་བར་ལེན་པའི་རྒྱུ་དེའི་སྟོབས་ཀྱིས་རྟེན་དང་བརྟེན་པར་ངེས་པར་སྣང་བ་ལ་ཤིན་ཏུ་གོམས་པར་བསླབས་པའི་དབང་ལས་བྱུང་བའི་ཉེ་བར་ལེན་པའི་རྒྱུས་ཨོཾ་ལ ་སོགས་པའི་ཡི་གེ་གསུམ་གྱི་ཆའི་ལྷན་ཅིག་བྱེད་པའི་རང་གི་སེམས་ལས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ལ་རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པས་སྤྲོ་བ་དང་བསྡུ་བའི་རྒྱུར་གྱུར་པ ་འཁོར་ལོ་བཞག་ལ། ཅུང་ཟད་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ཡིན་ཏེ། ཐུན་མཚམས་ཀྱི་ངེས་པ་དེ་ལ་རྟག་པ་ཡིན་པའི་ཕྱིར་རོ།། ཡང་དག་པའི་ཡེ་ཤེས་ལ་དབང་དུ་གྱུར་པ་ཡང་ཤིན་ཏུ་གོམས་པར་བརླབས་པས ་ལྷུན་གྱིས་གྲུབ་པར་འཇུག་པས་རྡུལ་ཕྲ་རབ་རེ་རེ་ཞིང་ཡང་འཁོར་ལོ་དམ་པ་གསུམ་ཆུང་ཅིང་། ཕན་ཆུན་དུ་གཟུགས་བརྙན་དུ་གྱུར་པའི་བདག་ཉིད་ཀྱི་གཟུགས་ཅན་བདག་ཉིད་ཐམས་ཅད་དུ་གཏོགས་པ། སྐད་ཅིག་མའི ་རྐྱེན་དང་བྲལ་བ། དྲི་མ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ། བདེ་བའི་ང་རྒྱལ་གྱིས་རྒྱས་པར་བསྒོམ་པར་བྱ་ཞིང་འགྲོ་བའི་དོན་བྱའོ།། ལྷུན་གྱིས་གྲུབ་པར་ཐོབ་ཅིང་། སྐད་ཅིག་མ་རེ་རེའི་སྦྱོར་བ་ལ་གནས་པའི ་རྟག་པར་གྱུར་པ་ཡིན་ཏེ། ཞར་ལ་འོངས་པར་ཆོག་གོ།། སེམས་ཅན་རྣམས་གསང་བའི་དཀྱིལ་འཁོར་དུ་གཞུག་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞག་པར་གྱུར་ཏོ་ཞེས་བྱ་བ་ནི་སེམས ་ཅན་རྣམས་ཞེས་བྱ་བར་ལས་ཀྱི་ཚིག་ཏུ་བལྟ་བར་བྱ་སྟེ། གསོལ་བ་གདབ་པ་གཉིས་པའི་ཚིག་གི་དོན་ནི་ང་ཡིན་པའི་ཕྱིར་རོ།། དེ་ནི་སེམས་ཅན་རྣམས་ལ་གཞུག་པ་ཙམ་གྱིས་དེ་ཁོ་ན་ཉིད་སྔགས་ཀྱི་སྦྱོར་བ་དང་བཅས་པ་དང ་གསང་བ་དང་བཅས་པ་ཡི་གེའི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་སྦས་པ་ཡང་སྨྲ་བར་རིགས་པ་མ་ཡིན་པས་དབང་བསྐུར་བྱོར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ལེ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལ་སོགས ་པ་ལས་བྱུང་བ་དང་། སྒྲུབ་པ་སྟེ། གཉིས་ཀ་ཡང་མཆོག་ཏུ་བདྲེ་བ་བསྐྱེད་པའི་རྒྱུར་གྱུར་པ་ལ་རྒྱལ་བ་ལྔ་པོ་བཞུགས་པའོ།། དེ་ལྟར་ནི་འདི་ཐམས་ཅད་ཐོབ་པ་དེ་ནི་རིགས་པ་མ་ཡིན་ཏེ། སྔར་གྱི་འདོད་ཚོགས་ཆེན་པོའི་ཚུལ ་ཞེས་བྱ་བའི་ཏིང་ངེ་འཛིན་གཅིག་པུ་ཉིད་ལས་གཞན་དག་ནི་མ་ཐོས་པ་ཡིན་པའི་ཕྱིར་དབང་བསྐུར་བ་རྩོམ་པ་ལ་ཏིང་ངེ་འཛིན་གང་སེམས་ཅན་རྣམ་པར་དག་པའི་རྒྱུ་དང་། དབང་བསྐུར་བ་དག་ནི་བཅུ་བདུན་པ་ལས། དེ ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱུག་ན་རྡོ་རྗེ་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ ་ཡིན་ནོ།། དེ་དང་ལྷན་ཅིག་པ་ཉིད་དུ་ཚིག་བཞི་པ་འདིའི་དོན། མཆོག་ཏུ་ཟློས་ཚུགས་ཕུན་ཚོགས་དཔག་མེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་བཞིས་ཀུན་ཏུ་བཟང་པོའི་སྒྲུབ་པོའི་ཐབས་ལས་བཤད་པ་ཡིན་ནོ།། ང ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གནས་པར་གྱུར་ཏོ་ཞེས་བྱ་བའི་ཕྱིར་གྱི་ཚིག་གཉིས་པས་གསོལ་བ་གདབ་པ་གཉིས་པ་དང་། ཡང་དག་པར་སྦྱར་བ་ཡིན་ནོ།། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང་འབྲེལ་པ་སྐུ་བསྟན ་པས་སྟོན་པའི་རྣམ་པ་གཉིས་བཤད་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་སྟོང་པ་ཉིད་དང་ཐུགས་རྗེ་དབྱེར་མི་ཕྱེད་པ་ནི་བཅོམ་ལྡན་འདསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན ་དབྱངས་ལ་སོགས་པར་སྣང་བ་ཡང་དག་པར་རིག་པ་མཐར་ཐུག་པས་འབྲས་བུའི་ཚུལ་རྡོ་རྗེ་འཆང་བའི་ཡུལ་སོ་སོར་སྣང་བ་དང་བྲལ་བས་གང་གིས་བྱེད་པའི་ཏིང་ངེ་འཛིན་དེ་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལ་སྙོམས་པར་ཞུགས ་པའོ།། ཕྱེད་པའི་ཚིག་གི་དོན་ནི་ངེས་པ་མེད་པ་ཡིན་པས་ན། དང་པོའི་དོན་དྲུག་པར་བྱས་པ་ཡིན་ནོ།། ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པོའི་རྗེས་ཐོགས་པ་ཉིད་ལའོ།། དེ་བཞིན་ག ་པ་ཐམས་ཅད་ཀྱི་བདག་པོ་འདི་ནི་ན་མཁའི་ཁམས་དང་མཉམ་པ་ཉིད་ཡིན་པས་ན་མཁའི་དབྱིངསོ།། དེ་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལས་བཞེངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ ་དང་དབྱངས་དང་། མཚན་ཡོངས་སུ་གྱུར་ནས་ཟླ་བ་གཉིས་ཀྱི་རྣམ་པར་ཞུ་བར་གྱུར་པ་ལ་ནི་དེ་བཞིན་གཤེགསོ་པ་ཐམས་ཅད་ཀྱི་རྡོ་རྗེའི་སྒྲར་གསུངསོ།། དེའི་ངོ་བོ་ནི་འདིའི་རང་བཞིན་དུ་གནས་པར་གྱུར་ཏོ།། འདི ་དག་གིས་བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པའི་ཚོགསུ་བཅད་པས་བཤད་པ་ཡིན་ནོ།། རྒྱུད་འདིར་དབྱངས་དང་གསལ་བྱེད་ཡོངསུ་གྱུར་པའི་ཟླ་བ་གཉིས་སོ།། ཞེས་བྱ་བ་ལ་ཉེས་པ ་མེད་དུ་ཟིན་ཀྱང་སྟོང་པ་ཉིད་དང་ཐུགས་རྗེ་ཆེན་པོ་དབྱེར་མི་ཕྱེད་པའི་བྱང་ཆུབ་ཀྱི་སྙེམས་ཀྱི་བདག་ཉིད་ཅན་དུ་གྱུར་པར་བཅོམ་ལྡན་འདས་ཉེ་བར་དམིགས་སྟེ། དེ་ཡང་གདོད་མ་ནས་མ་བསྐྱེས་པོའི་ཕྱིར་ཨཱ་ནི་ཆོས ་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པས་ནོ།། ཨ་ལོ་སོགས་པའི་ཡི་གེ་ནི་དངོས་པོ་མ་ལུས་པར་རབ་ཏུ་འགོག་པའི་ངོ་བོ་ཉིད་ང་རྒྱལ་སྟོན་པ་ཉིད་ཀྱིས་སྟོན་ཏེ། དེ་བས་ན་འདི་ལྟར་བསྐྱེད་པའི་རིམ ་པས་རྒྱུར་གྱུར་པ་ཡིན་པར་བཅོམ་ལྡན་འདས་སྟོན་པར་མཛད་པ་ཡིན་ནོ།། ངོ་བོ་ཉིད་ཀྱིས་སྟོང་པར་གྱུར་པ་ལ་ལར་རྣམ་པར་ལ་སོགས་པར་ངེས་པར་སྣང་བའི་ཚུལ་རིང་གི་སེམས་སོ་སོར་རྟོགས་པ་ཡི་གེ ་ནཱི་ཟླ་བའི་དཀྱིལ་འཁོར་བྷཱིརྦྷ་སྟེ། དེ་ཉིད་ནི་ལ་ལར་བསྡུ་བར་བྱ་སྟེ། ཤེས་རབ་དམ་དཔར་ངེས་པར་སྣང་ཞིང་མཆོག་ཏུ་བང་བ་བསྐྱེད་པའི་རྒྱུར་གྱུར་པའོ།། སྟོང་པ་ཉིད་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས ་གི་ངོ་བོ་བསྣུན་པར་མི་ནུས་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱང་ངོ་བོ་ཉིད་དུ་གྱུར་པའི་ཐུགས་རྗེའི་བདག་ཉིད་ཅན་གྱི་བཀའ་ལ་སོགས་པར་ངེས་པར་སྣང་བ་ནི་རྣཾ་བའི་དཀྱིལ་འཁོར་གཉིས་པའི་རྒྱུའོ།། དེ་ཉིད་ཐབས་སུ་སྨྱུང ་བའི་བདག་ཉིད་ཅན་འགྲོ་བའི་དོན་གྱི་བྱ་བོའི་སྟོབས་ཀྱིས་ཡོངས་སུ་གྱུར་པ་ཡིན་ནོ།། དེ་བས་ན་རྒྱུད་གཞན་ལས་བཤད་པའི་དོན་གྱི་རྗེས་སུ་མཐུན་པ་མེད་པས་འདུས་པ་དང་རྗེས་སུ་མཐུན་པའི་ཡི་གེ་ཉིད་ཀྱིས་ཀྱང་གྱུར ་པ་ཉིད་དོ།། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སངས་རྒྱུས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ།། ཚོགས་བཞི་པ་དང་འབྲེལ་པའི་ལྟེ་བྱེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དབང་བསྐུར་པོའི་རྗེས་ཐོགས་ཉིད་ལའོ།། ན་མཁའི་དབྱིངས་ཐམས་ཅད་ན་གནས་པའི་ཞེས་བྱ་བ་ནི་རང་གི་རིག་པའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེག་མོའི་དབུས ་ན་གནས་པའོ།། རྡོ་རྗེ་སེམས་དཔའ་བྱོན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་དབང་བསྐུར་བ་ཐོབ་པས་ཡིན་གྱིའི་ཤིང་མ་ཐགས་པའི་རྐྱེན་གྱི་སྤོབས ་ཀྱི་ནི་མ་ཡིན་ཏེ། གྲོལ་བ་ཉིད་དུ་ཐལ་བུར་གྱུར་པའི་ཕྱིར་རོ།། དབྱངས་ལ་སོགས་པར་ངེས་པར་སྣང་བ་ཡོངས་སུ་གྱུར་པའི་གཟུགས་ཅན་གྱི་རྣམ་པ་གཞན་དུ་གྱུར་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་རྗེས་ཐོགས་ཉིད་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནཱི་རེ་རེ་ཞིང་ཡེ་ཤེས་ལྷའི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ་རྗེའོ། ་དེ་རྣམས་ཀྱིས་དམ་ཚིག་ནི་རྒྱལ་བ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དེ་ཉིད་དེ། དེ་ཉིད་རྡོ་རྗེ་འཆང་བའོ།། དེ་འབྱུང་བ་ནི་བསྐྱད་པ་སྟེ། ཏིང་ངེ་འཛིན་གང་ལས་ཟླ་བ་གཉིས་ཡང་དག་པར་རིག་པ་རྩེ་གཅིག ་པའི་མཚན་ཉིད་ཅན་དབྱེར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པ་ནི་ཐུགས་རྩེ་གཅིག་ཏུ་མཛད་པའོ།། རིག་པ་དང་ཡང་དག་པར་འདུས་པའི་སྐྱེས་བུའི་གཟུགས་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན།། རིག ་པའི་སྐྱེས་བུ་ཆེན་པོའི་གཟུགས་ཏེ། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། སྔགས་ཀྱང་ཡིན་པས་ན་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྔགས་ཏེ། དེ་རྣམས་ཀྱི་བྱིན་གྱིས་བརླབས་ནི་རྒྱུད་དེ་བྱིན་གྱིས་བརླབས་པར་གྱུར་པའོ།། བཅོམ་ལྡན་འདས་དེ་ཉིད་ཅེས་བྱ་བ་ནི་གང་འདི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྔར ་བག་སོ།། ཞལ་གསུམ་པ་ལྟ་བུར་ཞེས་བྱ་བ་ནི་ད་པོ་དང་ནག་པོ་དྲུང་དམར་པོ་ལྟ་བུའོ།། འདི་དག་ཀྱང་ང་རྒྱལ་དེ་ལྡན་ཞེས་བྱ་བ་ནས་བརྣམས་ཏེ། རྒྱལ་བ་སྦྱང་བྱེད་ཉིད་ཊཱི་སྒྱུརྒྱུ་བསམ་ནས་བྱ་བའི་བཱར་གྱི་ཀཱཥྨ་། ་དང་སྦྱོར་རོ།། ལྔ་པའི་རྗེས་ཐོགས་ཀྱི་ཚིག་བསྟན་པའི་ཕྱིརརོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བ་བ་དང་ཡོད་བདེ་བ་ཐོབ་པའི་རྗེས་ཐོགས་ཉིད་ལོའོ།། མི་བྱཱ་སྤྱོད་པ་ལ་སོགས་པ་ཞེས་བྱ་བ་ནི་མ ་བསྐྱོད་པའི་རིགས་གཏོགས་ཤིང་། དེ་ས་བོན་ལུས་སྨྱོས་པའི་སེམས་ཅནྡོ་ལ་འདིར་མི་བསྐྱོད་པའི་སླར་གཟུང་གི་བསྒོམ་པའི་སྟོབས་ཀྱིས་བྱུང་བ་ནི་མ་ཡིན་ཏེ། དེ་ནི་རྫོགས་པ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གཞན་དོག་ལ ་ཡོད་ཤེས་པར་བྱ་སྟེ། དེ་ཐོགས་མ་བྱས་པ་ལ་སོགསོ་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེའི་མཐར་ཐུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དོན་ནི་འདི་ཡིན་ཏེ། སེམས་ཅན་རིགས་དེ་དང་དྲི་ཟླ་བ་ཞུ་བར་གྱུར་པའི་དེ་ཁོ་ན་ཉིད ་ཉིད་ཀྱིས་དབང་བསྒྱུར་ཞིང་ས་བྱོན་དེ་ཡོངས་སུ་གྱུར་པའི་མཚན་མའི་རིམ་གྱིས་དེ་དང་དེ་བཞིན་གཤེགས་པར་གྱུར་ནས་ཐུགས་ཀོ་ནས་ཞེས་བྱ་བའི་རིག་པའི་ཆོས་འབྱུང་བ་ནས་སོ།། ཆེད་ཀར་བརྗོད་པས་ན་ཆེང་དུ་བརྗོད ་བའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། གདུལ་བྱའི་དབང་གི་སྣ་ཚོགས་པའི་གཟུགས་ཅན་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཉིད་ཟླ་བ་ཞུ་བ་ཞེས་བྱ་བ་རབ་ཏུ་འཐུང་བའོ།། འདི་ནི་དེ་བཞིན་གཤེགས་པ་ཐམས ་ཀྱི་ཡིན་བྱས་ནུ་དེ་བཞིན་གཤེགས་པ་ཀུན་གྱིའོ།། གཞན་གྱི་སྤྱོད་ཡུལ་མ་ཡིན་བསྡུ་ན་གསང་བའོ།། རྟག་པའི་དོན་གྱིས་མ་རིག་པའི་ཚུལ་ཅན་དང་གིས་འབྱུང་བའི་ཆོས་ཀྱིས་སྤངས་པ་ཡིན་པས་ན་རབ་ཏུ་མྱི ་རྟོག་ཅེས་བྱའོ།། དེ་ཉིད་ཀྱིས་ན་དྲི་མ་མེད་པས་ན། རྟོག་པ་མེང་པ་ཞེས་བྱའོ།། འདིས་ནི་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སྨྲ་བཅང་བ་ལྔས་བཤད་པའི་གདོན་པ་བཤད་པ་ཡིན་ནོ།། ་ད་ནི་བཅོམ་ལྡན་འདས་ཕུལ་ཆེར་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་ཆོས་སྟོན་པར་མཛད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། ཚིག་དང་པོ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་མཆོད་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའོ།། སངས་རྒྱས་པེ་ནཱི་ནི་མཁྭའི་དབྱིངས་ཁྱབ་པའོ།། དེ་ཉིད་ནི་དེ་ཁོ་ན་ཉིད་བྷི་དམ་ཚཱ་གླུ་སྟེ། རྡོ་རྗེ་འཆང་བའོ།། དེ་ཉིད་ནི་རིནྡ་ཐང་མེད་པཱ་ན་རིན་པོ་ཆེའོ།། དེའི་སྤྲིན་གྱིས་ཞེས་བྱ ་བར་སྦྱར་རོ།། འདུས་པ་ནཱ~ཾ། འདུ་བར་མཛད་བྱ་སྟེ། བཤད་མ་ཐུག་པའི་གསོང་བ་ལོས་ཟུང་བ་ནི་རྒྱུ་སྟེ། འདི་ནི་བསྐྱེད་པའི་རིམ་པའི་གསོལ་བའོ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་སྙིང་པ ་གང་དུ་བཏུས་པ་དེ་ནི་འབྱིན་པའི་སྔགས་ཀྱི་ཚོགས་སམ། དེའི་དོན་ཡིན་པས་ན་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི ་ཕྱིར་རོ།། དེ་ཉིད་ཅེས་བྱ་བ་ནི་འབྲས་བུ་ཡོངས་རྫོགས་པའི་ཚུལ་ཏེ། ཉི་ཤཱུ་རྩ་ལྔ་པའི་བདག་ཉིད་ཅན་ནོ།། འདི་ནི་འབྲུས་པཡོང་སྨྲ་རྟོགས་པའི་གསོལ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། ་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་ནི་རྒྱུད་གཞན་དག་ཏུ་མངོན་པར་སངས་རྒྱས་པའི་ས་འོག་མ་པ་རྣམས་འཁོར་བར་བྱེད་པ་སྟེ། དེ་རྣམས་ནི་དེ་ཁོ་ན་ཉིད་མ་རྟོགས་པ་ཡིན་པའི་ཕྱིར་རོ།། དེ་ཡང་། གོང་མ་གོང ་མའི་ཁྱད་པར་གྱིས།། རྣལ་འབྱོར་པོ་ཡང་སྦྱིན་འབྱིན་ཏོ་ཞེས་བྱ་བའི་ཚུལ་གྱིས་སོ།། བྱང་ཆུབ་སེམས་དཔའ་གཞན་ལྟ་ཅོ་སྨོས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་བསྐུལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ ་གཞན་དུག་ལྟ་ཤིན་ཏུ་སྨོས་ཀྱང་ཅི་དགོས་ཏེ། ཆོས་འདི་ནི་ཐེ་ཚོམ་གྱི་རྒྱུར་གྱུར་པ་ཡིན་ནོ་ཞེས་པའོ།། ཡང་ན་དངོས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐེ་ཚོམ་གྱི་རྒྱུར་གྱུར་པ་མ་ཡིན་ཏེ། འོན་ཀྱང་ཆོས་ཉིད ་ཀྱིས་ཤིན་ཏཱཾ་ཟབ་པར་བསྟན་པའི་མཆོག་གི་ཚིག་འདི་ཡིན་ནོ།། སྤྱི་ཙམ་གྱིས་དམ་པ་ནི་ངོ་མཚར་དུ་གྱུར་པའོ།། མི་སྲིད་པར་ཤེས་པ་ནི་རྨད་དུ་གྱུར་པའོ།། ཡང་ན་ངོ་མཚར་དུ་གྱུར་པ་ནི་རྒྱུའོ།། མང་དུ་གྱུར་པ་ནི ་འབྲས་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབོས་པ་ནི་དེ་ཁོ་ན་ཉིད་མཉམ་པའི་སྣོད་དུ་རུང་བར་མཛད་པའོ།། གང་གིས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སྟེ། ་རྗེ་གང་ཡིན་པ་ལས་བྱུང་བྱའི་དམ་ཚིག་ནི་ཡོངས་སུ་དག་པའི་ཟླ་བ་དང་ཉི་མ་དང་ཆུ་དང་སྨན་ལ་སོགས་པའོ།། དེ་ལས་བྱུང་བ་གང་ཡིན་པ་སྟེ།། གང་གི་ཚེ་མིག་གི་དབང་བསྐུར་བ་ལ་སོགས་པ་ལ་དེས་རིགས་པའི་པདྨའི ་ཁོངས་ན་གནས་པའི་འཁོར་ལོ་ལ་དབང་བསྐུར་བ་ལ་སོགས་པས་སློབ་མ་རྣམ་པར་སྦྱངས་ཏེ། སྣོད་དུ་རུང་བར་བྱས་ནས་ཡང་དག་པར་བསྟན་པར་བྱའོ།། ཞེས་པའི་དོན་ཏོ།། འདི་ནི་དབང་པོའི་རྣལ་འབྱོར་བསྟན་པའི ་གཞུང་ཡིན་ནོ།། ད་ནི་དཀྱིལ་འཁོར་གྱི་མཆོག་སྨྱོན་པར་བྱེད་པ་དཀྱིལ་འཁོར་འབྱིན་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཚིག་བདུན་པས་སྟོན་ཏོ། ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། དེ་ཉིད་ནི་འོད་གསལ་བ ་ཡིན་པས་ན་སྒྲོལ་མའོ།། དེ་ཉིད་ནི་མི་ཕྱེང་བས་རྡོ་རྗེར་གྱུར་པའི་ཏིང་ངེ་འཛིན་རྡོ་རྗེ་འཆང་བ་ལྟ་བུའི་ཏིང་ངེ་འཛིན་དེ་ཉིད་ལ་སྙོམས་པར་ཞུགས་པའོ།། ཞེ་སྡང་ནི་དགྲ་བོའི་རྒྱུད་དང་དེ་ལས་ཡང་དག་པར་བྱུང་རལ་གྲི་ལ ་སོགས་པ་འཛིན་པའི་མཚན་ཉིད་ལ་ཁྲོ་བོ་ཞེས་བྱ་བའི་ཞེ་སྡང་པ་ཉིད་ནི་ཁྲོ་བོ་མཱ་ཡིན་ཏེ། ཁྲོ་བར་མ་གྱུར་ཀྱང་དགྲ་བོའི་རྒྱུ་སྲིད་པའི་ཕྱིར་རོ།། དེ་ཉིད་ནི་རིགས་ཀྱང་ཡིན་ཞིང་བརྟན་པའི་བདག་ཉིད་ཅན་གྱི་མགྲིན ་པོ་སྟེ། དེའི་བདག་ཉིད་ཅན་གྱི་སྔགས་སོ།། དེ་ཉིད་ནི་གྲངས་མེད་པའི་རིགས་ཀྱི་བདག་ཉིད་ཅེན་ཡིན་པས་ན་མཆོག་གོ། མི་གཡོ་བསོ་ན་སྙིང་པོའོ།། འདོད་པའི་འབྲས་བུ་རབ་ཏུ་སྩོལ་བ་ཉིད་ཀྱིས་ན་སྙིང་པོའོ།། ་འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་ནི་ཁྱད་པར་མེད་ཀྱང་ཡོངས་སུ་གྱུར་པའི་བྱེ་བྲག་གིས་བསྟན་པའོ།། དེ་ཉིད་ཀྱི་ཕྱིར་དེ་ཉིད་ཅེས ་བྱ་བ་ལ་སོགས་གསུངས་པ་ཡིན་ནོ།། མི་བསྐྱོད་པ་ཉིད་ཕྱག་རྒྱ་ཆེན་པོས་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བས་ན་ཕྱག་རྒྱ་ཆེན་པོར་སྦྱོར་བའོ།། དེ་ཉིད་དཔག་ཏུ་མེད་པའི་སྦྲུལ་གཟུགས་ཀྱི་ཐབས་ཀྱི ་མཆོག་གི་འཇུག་པའི་མཛད་པས་ཁྱབ་པའི་ཕྱིར་ཏེ། ལས་ཡིན་ཡང་གསུམ་པར་བྱསོ།། ནག་པོ་དང་། དཀར་པོ་དང་། དམར་པོའི་ཚུལ་དུ་ཞེས་བྱ་བ་ལ། ནག་པོ་ནི་རྣམ་པ་ཐམས་ཅད་དོ།། ཞལ་གཡས་པ་ནི ་དཀར་པོའོ།། གཡོན་པ་ནི་དམར་པོའོ།། ཚུལ་འདིས་ན་དེ་ཉིད་དཱུར་བཞུག་སོ།། ཞེས་བྱ་བ་སྟེ། བདག་ཉིད་ཀྱི་ནང་དུ་ཐིམ་པར་གྱུར་པའོ།། འདི་དག་ཐམས་ཅད་ནི་ཆོ་ག་འདི་ཡིས་སེམས་ནི་བརྟུན་པོ་དང་ཞེས་བྱ ་བྱ་ནས་དངོས་པོ་ཐམས་ཅད་ཀྱིས་ནི་དབྱུང་བར་བྱ་ཞེས་བྱ་བའི་བར་གྱི་གཞུང་དང་སྦྱོར་བར་བྱའོ།། དེ་བཞིན་གཤེགས་ཐ་བ་ཐམས་ཅད་ཀྱི་དམ་ཚིག་ནི་གཟུགས་བརྙན་དུ་ཤེས་པ་འབྱུང་ཞིང་། སྐྱེ་བ་གང་དུ ་རྡོ་རྗེའི་བདག་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་མེ་ལོང་ལྟ་བུའི་ཚུལ་ཉིད་དུ་གྱུར་པ་དེ་ཉིད་ལ་སྙོམས་པར་ཞུགས་ཏེ། ཕྱུང་ངོ་ཞེས་བྱ་བར་སྦྱར་རོ།། གཏི་མུག་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས ་འདས་པའོ།། དེ་ལ་འཇིག་རྟེན་པ་ནི་མི་ཤེས་པའི་མཚན་ཉིད་དང་། འཇིག་ཚོགས་ལ་ལྟ་བུའི་མཚན་ཉིད་དོ།། དེའི་གཉེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱོགས་མེད་པར་དངོས་པོ་ཐམས་ཅད་ལ ་བདག་གོ་ཞེས་བྱ་བ་དེ་ལྟ་བུའི་ཚུལ་གྱི་ང་རྒྱལ་ནི་གཏི་མུག་ཆེན་པོ་སྟེ་གཉིས་པའོ།། དེ་ཉིད་ནི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མྱ་བཞིན་དུ་སྦྱར་བྱ་བར་བྱའོ།། དཀར་པོ་ནི་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་དོ།། ཞལ་གཡས་པ་ནི་ནག་པོའོ།། གཡོན་པ་ནི་དམར་པོའོ།། དེ་ཉིད་ཀྱིས་ན་ཛཱི་ན་ཛཾ་ཀཱ་ཅེས་བྱ་བ་དང་། སྐུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚི་གསུཾ་བཅང་བས་བཤད་པ་ཡིན་ནོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རིན་པོ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེའི་འབྱུང་བ་ནི་དངོས་པོ་མ་ལུས་པ་ལས་སྐྱེས་པའོ།། དེ་ཉིད་ནི་མི་ཕྱེད་པའི་དཔལ་ཡིན་པས་ན། རྡོ་རྗེ་དཔལ་ཏེ། ཏིང་ངེ་འཛིན་གང ་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པར་འགྱུར་བ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི།། ནོར་བུ་ཡཱིངྒ་བཞིན་ཉིད་རིགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ།། སླེར ་བོ་ནི་རྣམ་པ་ཐམས་ཅད་ངོ་།། ཞལ་གཡོན་པ་ནི་དཀར་བའོ།། གཡས་པ་ནི་ནག་བོའོ།། དེ་ཉིད་ཀྱིས་ན་རཏྣ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད ་འདོད་ཆགས་ཆེན་པོ་སྟེ། ཕྱོགས་མེད་པ་ཅན་ཡིན་པའི་ཕྱིར་རོ།། དེའི་འཐུང་བ་ནི་སྨྲ་བ་སྟེ། སོ་སོར་རྟོགས་པའི་རྣམ་པའོ།། དེ་ཉིད་ནི་མི་ཕྱེད་པར་ཏིང་ངེ་འཛིན་གང་དུ་གྱུར་པ་དེ་ལྟ་སྙོམས་པར་ཞུགས ་ནས་ཡེ་ཤེས་སྔ་མ་བཞིན་དུ་སྦྱར་བར་བྱའོ།། པདྨ་རྣམ་པར་དག་པ་ནི་འདིར་འདོད་ཆགས་ཏེ། དེ་ཉིད་ནི་རིགསོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ།། སེམས་ཅན་གྱི་དོན་ལ་སོ་སོར་རྟོག་ཅིང་གཟིགས་པས་ན་འཛེགས ་རྟེན་ཏེ། དེ་ལ་དབང་ཕྱུག་ཏུ་གྱུར་པའོ།། དེ་ཉིད་ན་རིག་པའི་བདག་པོ་ཆེན་པོ་སྟེ། འོད་དཔག་ཏུ་མྱེད་པའོ།། དེ་ཉིད་ནི་ཕྱོག་རྒྱ་ཆེན་པོར་སྦྱོར་བའོ།། དེ་ཉིད་ནི་ཐབས་ཀྱི་མཆོག་སྟེ། སྔ་མ་དང་འདྲའོ།། དམར་པོ་ནི་རྣམ་པ་ཐམས ་ཅད་དོ།། ཞལ་གཡོན་པ་ནི་དཀར་པོའོ།། མ་ལ་རྟེནག་པ་མ་པའི་གྱིས་ཅེས་བྱ་བ་ལ་སོགས་པའི་ཚོགས་སུ་བཅུད་པོ་སྨོས་པ་ཡིན་ནོ།། ཕྲག་དོག་ལ་སྤྱོད་པ་རྣམས་ལ་དེ་རྣམ་པར་དག་པའི་ཐབས་བསྟན་པའི་ཕྱིར། དམ ་ཚིག་གིས་སྙིང་རྗེ་ཆེན་པོས་བསྐྱེད་པའི་ཕྲག་དོག་གིས་དགུག་པ་མཛད་ནོས་ཉམས་སུ་བླངས་པའི་ངོ་བོ་ཉིད་དོ།། དེ་ཉིད་ནི་རིགས་སོ།། ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་དང་འདྲའོ།། ལྗང་གུ་ནརྀ་རྣམ་པ་ཐམས་ཅད ་དོ།། ཞལ་གཡས་པ་ནི་དཀར་པོའོ།། གཡོན་པ་ནི་ནག་པོའོ།། དེ་ཉིད་ཀྱིས་ན་པྲཛྙཱ་དྷྲྀཀ་ཅེས་བྱ་བ་དང་། ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་སྨོས་པ་ཡིན་ནོ།། རལ་བ་ཐོར་ཚུགས་འཆིང་བའི་ལྷ་ཞེས་བྱ་བ་ལ ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་སྒྲོལ་མས་རང་གི་བདག་པོར་ནང་དུ་ཆུད་པས་བསྐྱེད་པའི་ཕྲག་དོག་གི་ངོ་བོ་ཉིད་ཀྱི་འཁོར་ལོའི་གཙོ་བོས་ཕྱི ་དང་གསང་བའི་མཆོད་པ་རྣམས་ཀྱིས་ཁྱད་པར་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་གང་དུ་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་དུ་ཏིང་ངེ་འཛིན་སྔ་མ་རྣམས་ལ་ཡང་ཧཱི་རིགས་པར་སྦྱར་བར་བྱའོ།། ་ཡང་ན་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསོང་དང་ཐུགས་དེ་རྣམས་ཀྱི་སྨྲ་བ་ནི་དམིགས་སུ་མེད་པའོ།། ཡང་ན་གང་བདག་ཉིད་ཀྱིས་འགྲོ་བ་རྣམས་ཀྱིས་དོན་བྱའོ།། གཞན་དག་གིས་ནི་མ་ཡིན་ནོ་ཟློས་ཕྲག ་དོག་རྣམ་པར་དག་པའི་ངོ་བོ་རྣམ་པ་ཐམས་ཅད་དུ་བྱེ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་ཉིད་ནི་རྡོ་རྗེ་དང་འདྲ་བར་གང་དུ་གྱུར་པའི་ཏིང་ངེ་འཛིན་གདོན་མི་ཟ་བར་གྲུབ་པའི་བདག་ཉིད་ཅན་ལ་དེ་སྐད་ཅེས་བྱ་བ་སྟེ། དེ་ལ ་སྙོམས་པར་ཞུགས་ཞེས་བྱ་བ་ནི་བཤད་ཟིན་ནོ།། བྱུང་ཕྱོགས་ཀྱི་གྲཝཪྵ་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་སྟེ། བཛྲ་ར་ཏི་སེ་རབ་བསྐུལ་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ནོ།། ལག་ཏུ་འཁོར་ལོ་བསྒོམ་པར་བྱ་ཞེས་བྱ་བ་ལ ་སོགས་པ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཆོ་ག་བསྟན་པའི་ཕྱིར། འཁོར་ལོ་བཟེད་དང་ཨུཏྤལ་དམར་པོ་ཞེས་བྱ་བ་ལ་སོགས་པས་བཤད་པ་རྣམས་ནི་ཕྱག་མཚན་གྱི་གཙོ་བོ་ལ་སོགས་པའི་ངེས་པ་ཡིན་ཏེ། ་པའོ།། མི་བསྐྱོད་པ་རྗེས་སུ་མཉེས་པའི་ཏིང་ངེ་འཛིན་ལས་བྱུང་བས་ན། མི་བསྐྱོད་པའི་རིགས་དང་འབྲེལ་པ་ནི་མཱ་མ་ཀཱི་སྟེ། རིགས་ཀྱི་རྣམ་པར་བཞག་པ་འདི་ལྟ་བུ་ནི་གཞན་དག་ལ་ཡང་སྦྱར་བར་བྱའོ།། འདི་རྣམས ་ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅོན་མཱ་མ་ཀཱི་ཕྱུང་བའོ།། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ།། ཤཱར་ཕྱོགས་ཀྱི་གྱུར་ཞེས་བྱ་བ་ནི་པདྨའི་ནང་ན་མཚམས་གང་དུ་མཱ་མ་ཀཱི་བཞུགས་དེ་ཉིད་ཀྱི་མཚམསུ་བཞུགས་པ་སྟེ། ་དེ་ཡང་བདེན་བྲལ་གྱི་མཚམས་ཉིད་ཡིན་ནོ།། ལ་ལས་ལྷོ་ཕྱོགས་ཀྱི་མཚམས་ཞེས་སྨོས་པ་ནི་གོ་སླ་བ་ཉིད་ཡིན་ཏོ།། དེ་ཉིད་ཀྱིས་ན་བདེན་བྲལ་མཚམ་སུ་བསམ་ཞེས་བྱ་བ་སྨོས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི ་རྣམ་པར་སྣང་མཛད་དེ། དེ་ནི་སྤྱན་ལ་རྗེསུ་མཉེས་པར་བྱེད་པ་ཡིན་ཏེ། དེ་ཉིད་མི་ཕྱེད་པར་གང་དུ་གྱུར་པའི་མེ་ལོང་ལྟ་བུར་དེ་ཉིད་ལ་ཏིང་ངེ་འཛིན་དུ་མཛད་པ་སྟེ། བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང ་མཛད་དེ་དེའི་བཙུན་མོའི་མཆོག་ཅེས་བྱ་བ་ལ་སོགས་པ་ནི་སྟྭ་མྲ་དང་འདྲའོ།། ལྷོ་ཕྱོགས་ཀྱི་གྲཝ་ར~ཾ་ཞེས་བྱ་བ་ནི་མེའི་མཚམ་སོ།། དེ་ཉིད་ཀྱིས་ན་མཻ་ཧ་ར་ཏི་ཞེས་པས་ལྷ་མོ་སྤྱན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་རྗེས་སུ་མཉེས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ།། ནུབ་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་རླུང་གི་མཆིམས་སུའོ།། དེ་ཉིད་ཀྱིས་ན་རཱ་ག་རི་ཏི་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་གདོན་མི་ཟ་བར་གྲུབ་པ་སྟེ། དེའི་སྒྲོལ་མས་རང་གི་བདག་པོར་ནང་དུ་ཆུད་པས་བསྐྱེད་པའི་ཕྲག་དོག་གི་ངོ་བོ་ཉིད་ཀྱི་འཁོར་ལོའི་གཙོ་བོས་ཕྱི ་དང་གསང་བའི་མཆོད་པ་རྣམས་ཀྱིས་ཁྱད་པར་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་གང་དུ་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པ་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་དུ་ཏིང་ངེ་འཛིན་སྔ་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ།། ་ཡང་ན་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སྨྲ་བ་ནི་དམིགས་སུ་མེད་པའོ།། ཡང་ན་གང་བདག་ཉིད་ཀྱིས་འགྲོ་བ་རྣམས་ཀྱིས་དོན་བྱའི།། གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཕྲག ་དོག་རྣམ་པར་དག་པའི་ངོ་བོ་རྣམ་པ་ཐམས་ཅད་དུ་བྱེ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་ཉིད་ནི་རྡོ་རྗེ་དང་འདྲ་བར་གང་དུ་གྱུར་པའི་ཏིང་ངེ་འཛིན་གདོན་མི་ཟ་བར་གྲུབ་པའི་བདག་ཉིད་ཅན་ལ་དེ་སྐད་ཅེས་བྱ་བ་སྟེ། དེ་ལ ་སྙོམས་པར་ཞུགས་ཞེས་བྱ་བ་ནི་བཤད་ཟིན་ནོ།། བྱུང་ཕྱོགས་ཀྱི་གྲཝར་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་སུ་སྟེ། བཛྲ་ར་ཏི་སེ་རབ་བསྐུལ་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ནོ།། ལག་ཏུ་འཁོར་ལོ་བསྒོམ་པར་བྱ་ཞེས་བྱ་བ་ལ ་སོགས་པ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཆོ་ག་བསྟན་པའི་ཕྱིར། འཁོར་ལོ་བཟེད་དང་ཨུཏྤལ་དམར་པོ་ཞེས་བྱ་བ་ལ་སོགས་པས་བཤད་པ་རྣམས་ནི་ཕྱག་མཚན་གྱི་གཙོ་བོ་ལ་སོགས་པའི་ངེས་པ་ཡིན་ཏེ། ་འདི་རྣམས་དང་ཅི་རིགས་པར་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནཱི་བཙུན་མོའི་མཆོག་ཡིན་པ་འམ། དེ་རྣམས་ཀྱིས་བཙུན་མོའི་མཆོག་སྟེ། དེའི་བདག་ཉིད་ཅན ་ཕུན་སུམ་ཚོགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཉིད་དུ་གྱུར་པའི་ལྷ་མོ་འདི་རྣམས་ཀྱང་མཆོད་པའི་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པར་ཤེས་པར་བྱ་སྟེ། གང་སྐུའི་བློ ་བོ་ཉིད་ཀྱིས་སྐུ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་གྱི། དཀྱིལ་འཁོར་གྱི་ས་ལ་སཾ་སོགས་པ་རྣམ་པར་དག་པའི་བཙུན་མོ་ཉིད་དུ་ནི་མ་ཡིན་ཏེ། རྣམ་པར་དག་པ་དང་འགལ་བ.རོ་ཐལ་བར་འགྱུར་རོ།། ། ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བགེགས་འཇོམས་པ་བྱེད་པའི་སྒོ་སྲུངས་གདོན་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ་དེའི་དཀྱིལ་འཁོར་ནི་སྒྱུའི་དཀྱིལ་འཁོར ་དེ་བྱིན་གྱིས་རློབ་པ་ནི་དགུག་པའི་ལས་ཀྱིས་བྱང་ཆུབ་སྐྱེད་པོ་ལ་ཆགས་པར་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྐུ་དང་གསུང་དང་ཐུགས་ཀྱི་ཆོས་རྟོགས་བར ་བྱ་བའི་ཚུལ་རྣམ་པ་སྣ་ཚོགས་པ་དང་། གཅིག་པ་ལ་སོགས་པ་དང་བྲལ་བར་དྲན་པ་དེ་ལ་ཉེ་བར་འཇོག་ཅིང་། དེ་རྣམས་ལ་དད་པ་རྣམ་པར་དག་པ་སྟེན་པ་པོའི་ཚུལ་ནི་གཤིན་རྗེ་མཐར་བྱེད་ཅེས་བྱའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་ནི་ལེ་ལོ་ཅན་གྱི་གདུལ་བྱའི་སེམས་ཅན་རྣམས་གདུལ་བའི་དབང་གིས་བསྙེངས་པར་བྱའོ།། དེས་ན་ཤར་ཕྱོགས་ཀྱི་སྦྱོར་ཞེས་བྱ་བ་ནི། སྐུ་གསུང་ཐུགས ་ཀྱི་ཆོས་རྣམས་ལ།། གཅིག་དང་དུ་མ་ལི་སོགས་བྲལ་བ།། དེ་དྲན་དེར་ནི་དད་པ་གང་།། ཤར་གྱི་སྒོར་ནི་རྟོགས་བྱར་འདོད་ཅེས་བྱའོ།། དེ་ཉིད་ཀྱིས་ནོ་ཡ་མུནྟ་ཀྲྀཏྟ་ཅེས་བྱ་བ་གཤིན་རྗེ་གཤེད་ཅེས་བྱ་བ་ལ་སོགས ་བའི་ཚིགསུ་བཅད་པ་གཉིས་སྨྲས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རང་གི་ངོ་བོ་ཉིད་གནས་པའི་རྒྱུའོ།། དེ་ཉིད་ཀྱིས་ན་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རང་གི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་སྟེ། དེའི་ཏིང་ངེ་འཛིན་གང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མི་བསྐྱོད་པ་ལྟ་བུ་དེ་ཉིད་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ ་ཐམས་ཅད་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ།། དེ་བྱིན་གྱིས་རློབ་པ་ནི་འཇུག་པའི་ལས་ཀྱིས་སོ།། ལྷག་མ་རྣམས་ནི་སྔ་མ་དང་འདྲའོ།། དངོས་པོ་ཕྱུང་བའི་ཕྱིན་ཅི་ལོག་གིས་བག་ཆགས ་བཅོམ་པ་དང་མི་སྐྱེ་བའི་བྱ་བའི་ཕྱིར་དང་མ་བྱུང་བའི་དེ་ཁོ་ན་ཉིད་ཀྱི་བག་ཆགས་བསྐྱེད་པ་དང་གནས་པར་བྱ་བའི་ཕྱིར། བརྩོན་འགྲུས་རྣམ་པ་བཞི་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་སྤེལ་བ་དང ་སྦ་བར་སྤྲོ་བར་བྱའོ།། དེ་རྣམ་པར་དགུ་པ་རྟེན་པ་པོའི་ངོ་བོ་སྟེ་ཤེས་རབ་མཐར་བྱེད་དོ།། རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། དེ་ཉིད་ནི་སྔ་མ་བཞིན་བསྙེངས་པར་བྱེད་པའོ།། དེས་ན་ལྷོ་ཕྱོགས་ཀྱི་སྦྱོར་ཞེས ་བྱ་བཱ་ནི་བྱུང་དང་འབྱུང་འགྱུར་ཞེས་བྱ་བ་ལ་སོགས་པས་བརྩོན་འགྲུས་བཞི་བཤད་པའི་རྟེན་དུ་གྱུར་པ་ནི་ལྷོ་ཕྱོགས་ཀྱི་སྒོ་སྟེ། ཐར་པའི་སྒོར་འཇུག་པར་ངེས་པ་ཉིད་ཅེས་བྱ་བའི་དོན་ཏོ།། དེ་བས་ན་པྲོཛྙཱམྦྷ་ཀྲྀཏ་ཅེས་བྱ་བ ་བླ་མཱ་འད་ཅེས་བྱ་བ་ལ་སོགས་པོ་སྨོས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེའི་ངོ་བོ་ཉིད་ཀྱི་ཆོས་ནི་རྡོ་རྗེ་ཆོས་སོ།། དེ་ཉིད་ནི་རིན་པོ་ཆེ་སྟེ་མངོན་པར་ཤེས་པ་ལ་སོགས ་པ་ཡོན་ཏནཱ་རྣམས་ཀྱི་འབྱུང་གནསུ་གྱུ་པཱའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་འོད་དཔག་ཏུ་མེད་པ་ལྟ་བུར་སྙོམས་པར་འཇུག་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཆང་བ་ནི་འོད་དཔག་ཏུ་མེད ་པ་སྟེ། དེའི་དཀྱིལ་འཁོར་ནི་གསུང་གི་དཀྱིལ་འཁོར་རོ།། དེའི་བྱིན་གྱིས་བརླབས་པ་ནི་དགུག་པ་དང་གཞུག་པའི་སེམས་ཅན་གྱི་ཁམས་རྣམས་ཀྱང་རང་གི་གནས་ནས་མི་འགྲོ་བར་མངོན་པར་ཞེན་པས་འཇུག ་པའི་ཕྱིར་འཆིང་བའི་ལས་ཅན་གྱི་སྟེ། ལྷག་མ་རྣམས་ནི་སྔ་མ་དོང་འདྲའོ།། ཕུང་པོ་ལྔ་པོ་ལ་གཟུང་བ་དང་འཛིན་པའི་ནུས་པའི་དབྱེ་བ་དང་བྲལ་བའི་ཚིག་མ་ཡིན་པའི་བདག་ཉིད་ཅན་ཡིན་པས་ན། འདུན་པ ་དང་སྤྲོ་བ་ལ་གནས་པའི་བློ་གློས་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ནི་རྫུ་འཕྲུལ་ལོ།། དེའི་རྐང་པ་ནི་རྒྱུ་རྣམསོ།། དེ་རྣམས་ལ་འདུན་པ་ལ་སོགས་པས་དམིགས ་པར་བྱེད་པ་ལས་མི་བརྗེད་པའི་མཚན་ཉིད་ཅན་གྱི་དྲན་པ་དང་བརྩོན་འགྲུས་རྩོམ་པ་ལ་ཉེ་བར་གནས་ཤིང་། དམིགས་པ་བརྗེད་པའི་གཉེན་པོ་ལ་ཀུན་ཏུ་སྤྱོད་པས་འདུན་པ་མེད་པ་ལ་སོགས་པ་རྣམ་པར ་འཇིག་པར་འགྱུར་རོ།། དེ་ཡང་དྲན་པ་དང་འདུན་པ་ལ་སོགས་པའི་ཡུལ་རྣམས་ཀྱི་ཆོས་བཀག་པས་བསླང་བའི་རྟེན་པ་པོའི་ངོ་བོ་ནི་པདྨ་སྟེ། དེ་ཉིད་ནི་འདུན་པ་མེད་པ་ལ་སོགས་པ་མཐར་བྱེད་པ་ཡིནོ།། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་འོད་དཔག་ཏུ་མེད་པ་སྟེ། དེ་ལྟ་བུའི་ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་ཞེས་བྱ་བ་འདུན་པ་སོགས་པའི་ཡུལ་ལ་དྲན་པའི་རྟེན་དུ་གྱུར་པ་ནི་ནུབ་ཀྱི་སྒོ་ཡིན་ཏེ། དེར ་ཞེས་བྱ་བའི་དོན་ཏོ།། དྭེ་བསྟྲ་པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྐུ་དང་གསུང་ཐུགས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། དེ ་ཉིས་ནི་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལོ་མི་སྐྱོད་པ་ལྟ་བུར་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་ལ་སོགས་པའི་དཀྱིལ་འཁོར ་རོ།། དེ་རྣམས་རྫི་བྱིན་གྱིས་བརློབ་པ་ནི་དགུག་པ་དང་གཞུག་པ་དང་། བཅིང་པས་ལྡེ་ལོ་ལྔ་མངོན་པར་ཞེན་པའི་སེཾས་ཅན་གྱིས་ཁམས་རྣམས་ལ་དགའ་བའི་བྱ་བས་བྱིན་གྱིས་རློབ་པའོ།། ལྕུག་མྱ་ནི ་སྔ་མྱ་དང་འདྲའོ།། རྣམ་པར་མི་རྟོགས་པའི་སྦྱོར་བཤད་པའི་དངོས་པོ་རྣམས་ལ་ཏཱིང་ངེ་འཛིན་སེམས་ཅ་གཅིག་པའི་མཚན་ཉིད་ཅན་གྱི་སེམས་རབ་ཏུ་དང་བ་ལ་སྤྲོ་བས་དམིགས་ཤིང་། བརྗེད་པ་མེད་པས་ཡོངས་སུ་བསྐོར ་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་མངོན་སུམ་དུ་བྱེད་པའི་སྟོབས་དང་ལྡན་པའི་རྟེན་པ་པོའོ།། མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པས་ན། བགེགས་མཐར་བྱེད་དོ།། བྱང་གི་སྒོར་ཞེས་བྱ་བ་ནི་མ་དད་པ་ལ ་སོགས་པའི་བགེགས་རྣམ་ས་མཐར་བྱེད་པའི་ཏི་ངོ་འཛིན་སྟོབས་དང་ལྡན་པའི་རྟེན་དུ་གྱུར་པའི་སྒོ་སྟེ། དྭེར་བཞུགས་ཞེས་བྱ་བའི་དོན་ཏོ།། དེ་བས་བཱིགྷྣཱནྟ་ཀྲྀཏ་ཅེས་བྱ་བཱ་ལ་སོགས་པ་སྨོས་པ་ཡིན་ནོ།། རྣམ་པར་སྣང་མཛད ་ཐུགས་གཙོ་འོད་དཔག་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་དབང་བསྐུར་བཤད་པ་ཡིན་ཏེ། རྩ་བའི་ཕྱག་མཚན་ལ་སོགས་པའི་ངེས་པ་ཡང་། བྲི་བའི་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་ནས། ཁྲོ་བོ ་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ།། གསུང་གི་དཀྱིལ་འཁོར་དང་། ཐུགས་ཀྱི་དཀྱིལ་འཁོར་ཡང་དེ་བཞིན་དུ་ཤེས ་བར་བྱའོ།། དཀྱིལ་འཁོར་དེ་རྣམས་མཉེས་པར་བྱེད་པའི་ཕྱིར་ཐུན་མོང་གི་དམ་ཚིག་སེམས་དཔའ་ནི་བགེགས་མཐར་བྱེད་དོ།། ཅིག་ཤོས་དག་ཀྱང་རང་རང་གི་དཀྱིལ་འཁོར་མཉེས་པར་བྱེད་པའི་ཕྱིར་དམ་ཚིག་སེམས་དཔར ་འགྱུར་མོད་ཀྱི།། འོན་ཀྱང་ངང་པ་ལ་སོགས་པའི་དབང་པོ་མཉམ་པ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་མཉེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་ལ་ཐོགས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དད་པས ་བཀུག་ལ་ངང་པ་དང་ལྡན་པ་ནི་བརྩོན་འགྲུས་རྩོམ་མོ།། བརྩོན་འགྲུས་རྩོམ་པ་རྣམས་ནི་དྲན་པ་ཉེ་བར་འཇོག་གོ། དྲན་པ་འཇོག་པ་རྣམས་ནི་དགུག་པ་ལ་སེམས་མཉམ་པར་འཇོག་གོ།། མཉམ་པར་འཇོག་པའི་སེམས་ཀྱིས ་ནཱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དབང་པོ་རྣམས་ཀྱི་རིམ་པ་འདི་ནི་གཤིན་རྗེ་གཤེད་ལ་སོགས་པ་ལ་མཚུངས་པ་ཉིད་ཡིན་ནོ།། དེ་ལྟར་ན་བཞི་པོ་ནི་དམ་ཚིག་གི་སེམས་དཔའ་ཡིན་ནོ།། དེ་ལྟར་ཁྲོ་བོ་རྣམས ་ཀྱི་འཁོར་ཕུན་སུམ་ཚོགས་པ་མངའ་བ་ཡིན་པས་ན། འདིར་རྣམ་པར་དག་པ་བཤད་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་དང་། ལྷ་མོ་རྣམས་ཀྱི་འཁོར་རྣམས་ཀྱི་རྣམ་པར་དག་པ་ནི་སྔར་བཤད་པ་ཉིད་ཡིན་ནོ།། གདོན ་པའི་སྔགས་དེ་རྣམས་ཀྱི་བཤད་པ་ནི་བཤད་པ་ལས་གསལ་བ་ཉིད་དུ་འབྱུང་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་གསང་བ་ནི་རྡོ་རྗེ་འཆང་བའོ།། དེ་བས་ན ་གསང་བ་ཡང་ཡིན་ལྔ་འདུས་པ་ཡང་ཡིན་ཏེ། ཚོགས་པར་བཤད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེའི་བྱིན་གྱིས་བརླབས་པ་སྟེ། དེ་སྟོན་པར་བྱེད་པའི ་ལེའུའི་གཞུང་རྫོགས་སོ།། ། ལེའུ་དང་པོའི་འགྲེལ་པའོ།། །། ད་ནཱི་དེ་ནས་ཞེས་བྱ་བ་ལ་སོགས་པས་གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟོན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི ་ཞེས་བྱ་བ་ནི་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྒྲའི་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་མཆོག་གོ།། དེ་ཉིད་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བའོ།། དེ་ཅི་ཞིག་ཅེ་ན། བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། ་འདི་ལས་གོང་ན་མེད་པས་ན་བླ་ན་མེད་པའོ།། འདིར་འོག་ནས་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་བྱ་བ་མན་ཅད་འདིར་འོང་། དེ་ཡང་རིགས་པས་དམིགས་སུ་མེད་པ་ཡིན་ཏེ། དེ་ནི་ངོ་བོ་ཉིད་གཅིག་པ་གཉིས་སུ་མེད་པ ་ཚུལ་ཉིད་དམིགསུ་མེད་དོ་ཞེས་བྱ་བར་དགོངས་སོ།། དེ་ལྟར་ན་འདི་ནི་རྡོ་རྗེ་སེམས་དཔའི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་རིམ་པ་བོར་ཏེ། སེམས་ལུས་ལྟ་བུ་དང ་ཞེས་བྱ་བའི་ཉེ་བའི་རིམ་པ་འདི་ཉིད་ལ་བརྟེན་ནས། ཐུགས་ཀྱི་འོག་ཏུ་སྐུའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཀྱི་བྱང་ཆུབས་ཀྱི་སེམས་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་གང་དུ་མངོན་པར་རྟོགས་ཤི ་སྣང་བའི་རྡོ་རྗེའི་བདག་ཉིད་ཅན་དུ་གྱུར་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། མེ་ལོང་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་དང་བྲལ་ཞིང་གཟུགས་ཀྱི་ཕུང་པོ ་དང་།། ཁམས་དང་སྐྱེ་མཆེད་རྣམས་ནི་མེ་ལོང་ལྟ་བུ་དང་གཟུང་དང་འཛིན་པ་རྣམས་སྤངས་པ་ཞེས་བྱ་བ་གཉི་གས་བདག་མེད་པར་བཤད་པ་ཡིན་ནོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་ཆོས་ལ་བདག་མེད་མཉམ་ཉིད་པས་ཞེས ་བྱ་བ་གསུངས་པ་ཡིན་ནོ།། རང་སེམས་ཞེས་བྱ་བ་ནི་ཁྱད་པར་གཞན་ཡང་གསུངས་པ་ཡིན་ནོ།། གཟོད་ནས་མ་སྐྱེས་པ་ཞེས་བྱ་ནི་གདོང་མ་ཉིད་ནས་བརྟགས་པའི་རྣམ་པར་མི་སྐྱེས་པའོ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཞེས ་བྱོ་བ་ནི་དེ་ཉིད་བརྟན་པར་བྱས་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྱོད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཟད་པར་མི་འགྱུར་ཞིང་། ཉམས་པར་མི་འགྱུར་ལ། ་ཆོས་ཀྱི་དབྱིངས་ཀྱི་སཾ་ཡེ་ཤེས་ཀྱི་བདག་ཉིད་གང་དུ་མི་ཕྱེད་པའི་གཟུགས་སུ་བཞུགས་པོ་དེ་ནི་མི་བསྐྱོད་པ་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཏོ་ཞེས་དོན་གྱི་བཤད་པའོ།། དངོས་པོ་འདི་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གྱི་བདག ་ཉིད་ཅན་གྱི་དངོས་པོ་རྣམ་སོ།། མ་སྐྱེས་པས་ཞེས་བྱ་བ་ནི་དངོས་པོ་མེད་པའོ།། རང་གི་མཚན་ཉིད་འཛིན་པས་ན་ཆོས་སོ།། དེ་མེད་པས་ན་ཆོས་ཉིད་མེད་པའོ།། དེ་ལྟ་ན་ནི་མེད་པའི་སྟོང་པ་ཉིད་དུ་ཐལ་པོར་འགྱུར་རོ།། ཞེ་ན། ་ནཱ་མཁྱུ་ལྟ་བར་བདག་མེད་པ་ཞེས་བྱ་བ་གསུངས་ཏེ། དམིགས་མེང་བའི་ཡེ་ཤེས་ཅམ་སྐྱེས་བྱ་བའི་དོན་ཏོ།། རིན་ཆེན་བཟུང་ལྡན་གྱི་བྱང་ཆུབ་ཀྱི་ཚུལ་གསུངས་པ། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བདྲུག་མེད་པ་ཉིད་རྡོ་རྗེ་སྟེ། མཉམ་པ་ཉིད་ཀྱི་རྣམ་པོ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་བྱ་བའི་དོན་ཏོ།། ཆོས་རྣམས་ཐམས་ཅད་དངོས་མེདོ་ཅིང་ཞེས་བྱ་བ་ནི་ཞེས་བྱ་བའི་ཚུལ་གྱིས་སོ།། ཆོས་ཀྱི ་མཚན་ནི་གླེང་གི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད་གཟུགས་ནི་གཟུགས་རུང་བའོ།། ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམ་པར་སྤངས་པའོ།། དེ་ཡང་བྱ་བ་དང་ནི་ཉེར་འདྲེན་ཀུན། ཕྱུང་པོ་ལ་སོགས་ཁྱད་པར་དུ་མཚན་ཉིད ་དེ་ཡང་དེ་ཉིད་དེ།། དེས་ན་འདི་ཡང་མཚན་ཉིད་བྲལ་ཞེས་བ་ཤད་པའོ།། དེ་ཉིད་ཀྱིས་ནུ་བོ་དག་མེད་ཆོས་ལས་ཏེ། ཆོས་རྣམས་བདག་མེད་པ་མ་ཡིན་པར་དགག་པ་ལ་བརྟན་པའི་མཉམ་པ་ཉིད་ཀྱི་སེམས་ལས་ཀུན ་བྱུང་བ་སྟེ། དེ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། འོད་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། ཡེ་ཤེས་ཉིད་འོད་ཟེར་ཡིན་ཏེ། དེས་ན་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པས་ན་སྒྲོན་མའོ།། ་དེ་ཉིད་རྡོ་རྗེ་ལྟར་གཉིས་སུ་མེད་པའི་གཟུགས་ཅན་ཡིན་པའི་ཏིང་ངེ་འཛིན་གང་ཡིན་པོ་དེ་ནི་ཚེ་དཔག་མེད་ལྟ་བུར་ཞེས་བྱ་བའི་དོན་ཏོ།། མ་སྐྱེས་པ་སྟེ་བེམ་པོའི་ཆོས་རྣམས་ལ་ངོ་བོ་མེད་པ་ཞེས་པ་བཏགས་པའི ་དངོས་པོ་མེད་ཅིང་དེ་ལ་སྒོམ་པ་ཡང་མེད་པའོ།། འོ་ན་ད་ལྟར་ཅི་ཞིག་ཡོད་ཅེ་ན། ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས་ཞེས་བྱ་བ་གསུངས་ཏེ། དམིགསུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་སོ།། དེ་ལྟར་སྔར་བཤད་པའི ་དངོས་པོ་སྟེ། གཉིས་སུ་མེད་པའི་རརླུང་བཞིན་དུ་རབ་ཏུ་བསྒྲགས་ཤིང་། སོ་སོར་རྟོག་གོ་ཞེས་པའོ།། གདོན་མི་ཟ་བར་གྲུབ་པའི་བྱང་ཆུབ་ཀྱི་ཚུལ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅིང་ཟིལ་གྱི་གནོན ་པཔ་ནི་བདག་ཉིད་ཀྱི་སེམས་ཅན་གྱི་དོན་བྱའོ་ཞེས་ཕྲག་དོག་རྣམ་པར་དག་པའི་ངོ་བོ་བྱ་བ་བསྒྲུབ་པའོ།། དེ་ཉིད་ནི་རྡོ་རྗེ་སྟེ། གཉིསུ་མེད་པའི་བདག་ཉིད་ཅན་ཡིན་ཏེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་བྱ་བར ་སྦྱར་རོ།། ཆོས་རྣམས་རང་བཞིན་འོད་གསོལ་བ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་ནོ།། གཟོང་གནས་དག་པ་ཞེས་བྱ་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་གི་ངོ་བོས་གདོང་མ་ཉིད་ནོས་དག་པ་ཡིན་གྱི། ད་ལྟར་ནི་མ ་ཡིན་ནོ།། དེ་ཉིད་ཀྱིས་ན་སྟོན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ཞེས་གསུངས་པ་ཡིན་ནོ།། ནམ་མཁའ་བཞིན་བྱ་བ་ནི་དམིགསུ་མེད་པའོ།། བྱང་ཆུབ་མེད་ཅིང་ཞེས་བྱ་བ་ནི་འདི ་ལས་ཐ་མི་དང་བའོ།། མངོན་པར་རྟོགས་པ་མེད་ཅེས་བྱ་བ་ནི་ལམ་ཐ་དད་པར་གྱུར་པ་ཡང་ཡོད་པ་མ་ཡིན་ཏེ། བྱང་ཆུབ་དང་ལམ་གཉི་ག་ཡང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་གོམས་པར་བསླབས་པའི ་གནས་སྐབསུ་མི་གསལ་བ་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་ལམ་གྱི་བདེན་པ་ཞེས་བཤང་ལ། གསལ་བའི་གནས་སྐབས་སུ་ནི་འབྲས་བུ་ཞེས་བྱའོ།། དེ་ཉིད་ཀྱིས་ན་འདིར་ཞི་བ་དང་སྦྲིད་པའི ་དྲོ་བོ་འདིར། ཆོས་ཉིད་ཀྱིས་ན་དབྱེ་བ་འགའ་ཡང་མྱེད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་དུ་གྱུར་པ་སྔོན་དུ་འགྲོ་བའི་ཆེད་དུ་བརྗོད་པའི་ཐབས ་ཀྱིས་སྔར་བཤད་པའི་དོན་སྟོན་པ་ཡིན་ཏེ། ཨེ་མ་འོ་སངས་རྒྱས་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་ཀྱི་སེམས་གཉིས་ཐ་མི་དོད་པས་དེ་ལ་ཕྱག་འཚལ་བ་གསུངས་པ་ཡིན་ནོ།། དེ་བཞིན་དུ་འདིའི་འོག་མ་རྣམས ་ལ་ཡང་བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པར་ཤེས་པར་བྱའོ།། བྱང་ཆུབ་སེམས་ནི་རབ་བསྐོར་བ་ཞེས་བྱ་བ་ནི་འོག་ནས་གདུལ་བྱའི་དབང་གིས་བྱ་བ་འདིར་འོང་། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཡིན་པས་ནི་བྱུང ་རྒྱུ་བ་སེམོ་སོ།། སྙིང་པོ་ཞེས་བྱ་བ་ནི་ཉེ་བར་བླང་བར་བྱའོ།། གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་ལག་སོ་ཞེས་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ཏེ། ཡོངས ་རྟོགས་པ་ཞེས་བྱ་བ་ནི་ཀུན་ནས་འདྲི་བའི་བསམ་པའོ།། ཐུགས་ཀྱིས་མཁྱེན་ནས་ཞེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཉིད་ཀྱིས་སོ།། སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ནི་བརྟགས་པའི་རྣམ་པའི་སེམས་དགག ་པའོ།། ལུས་སེམས་ལྟ་བུ་དང་། ཞེས་བྱ་བ་ནི་བརྟགས་པའི་བེམ་པོའི་ལུས་དགག་པ་སྟེ། འདིས་ནི་སེམས་དང་ལུས་ཁྱད་པར་མེད་པར་བཤད་པ་ཡིན་ནོ།། སེམས་ཚིག་ཏུ་བརྗོད་པ་ཞེས་བྱ་བ་ལ་སོགས་པས་ནི་ངག་དང ་སེམས་དཀྱང་ཁྱུད་པར་མེད་པར་གསུངས་པ་ཡིན་ནོ།། དེ་ལྟར་ན་དེ་ནི་ཁམས་གསུམ་པོ་རྣམ་པ་བཅས་པ་ནི་ཤེས་པ་ཙམ་གྱི་ངོ་བོ་ཉིད་ཡིནོ་ཞེས་སྟོན་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཉན་པ་པོ་དེ ་རྣམས་དངོས་པོའི་ངོ་བོ་ཉིད་ནི་ལྟར་གནས་པ་བཞིན་དུ་དེ་ཉིད་རྗེསུ་བརྗོད་པ་ཡིན་པར་སྡུད་པར་བྱེད་པས་སྨྲས་པ་ཡིན་ཏེ། དེ་བཞིན་གཤེགས་བྱ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐྱེ་དང་གསུང་དང་ཐུགས་ནཱ་མཁའ་ལྟ་བུར ་ཞེས་བྱ་བ་གཉིསུ་མེད་པའི་ཡེ་ཤེས་ཀྱི་ཚུལ་དུ་ཡང་དག་པར་སྦྱར་ནས། ཆེང་དུ་བརྗོད་པ་ཞེས་བྱ་བ་ཆེང་ཀཱར་བརྗོད་པ་བརྗོད་དོ་ཞེས་བྱ་བ་སྨྲསོ་ཞེས་བྱ་བའི་དོན་ཏོ།། དེ་གང་ཞིག་ཡིན་ཞེ་ན། ཨ་མའོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། བརྟགས་པའི་རྣམ་པ་མེད་པ་ལ་སོགས་པ་གང་ཡིན་པ་དེའི་སྐྱེ་བ་མེད་པོའི་ཚུལ་གྱིས་ན་དངོས་པོ་གནས་པར་གྱུར་པ་ནི་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་སྐྱེ་བའི་དེ་ནི་རབ་ཏུ་བསྒྲགས་ཤིང ་བཤདོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་འདིས་ནི་ཆོས་ཉིད་ཀྱིས་སྤྱིར་བྱང་ཆུབ་ཀྱི་སེམས་བཤད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་དྲུག་པོའི་བྱང་ཆུབ་ཀྱི་སེམས་རེ་རེ་གནས་གསུངས་པ་ཡིན་ཏེ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཏིང་དུ་འཛིན་གླུང་དུ་རྡོ་རྗེ་དང་འདྲ་བར་གྱུར་པ་དེ་ལ་རྡོ་རྗེ་འཆང་བ་ལྟ་བུ་ཉིད་དུ་སྙོམས་པར་ཞུག་སོ་ཞེས ་སྒྱུར་རོ།། དངོས་བོ་མང་བ་ནས་བྱ་བ་ནི་མང་པར་དཤཱག་པུའི་རྡུལ་དུ་བ་སྒོམས་པ་རྣམས་ཀྱི་དངོས་པོ་མེང་བའོ།། དེ་ནི་གཟུང་གི་ལ་སོགས་པའི་ཚུལ་དུ་རྣམ་བྱེར་གརྟགས་པའི་བསྒོམ་པ་དེ་ཡང་བསྒོམ་བྱ་མ་ཡིན ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ།། དེ་ལྟར་ཞེས་པའི་ཕྱིར་དངོས་པོ་དེ་ཉིད་ཡང་དག་པར་རིག་པ་ཡིན་པར་བཤད་པས་དངོས་པོ་མེད་པར་འགྱུར་ཏེ། བརྟགས་པ་ནི་དངོས་པོ་མེད་པ་ཡིན ་པའི་ཕྱིར་རོ།། མ་ཡིན་པར་དགག་པ་ལ་བརྟེན་པས་ནཱི་དེ་ལས་ཟུང་ཡང་དག་པར་རིག་པར་བཤད་པ་དོན་དམ་པར་སྤོང་བ་ལྔས་གང་ཐ་དད་པར་གྱུར་པའི་བསྒོམ་པ་པོའི་བྱ་བར་མངོན་པར་འདོད་པ་ནི་བསྒོམ་པ་ཡིན་ལ ་གདུལོ་བྱའི་དབང་གིས་ཕབ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཚུལ་གྱིསོ།། དེ་ལ་ལེའུ་འདིའི་དོན་ཉིད་ནི་སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་གཉིས་ཀྱིས་བཤད་པ་ཡིན་ནོ།། ་ལེའུ་གཉིས་པའི་འགྲེལ་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་གསུམ་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲོ་བ་ཉིད་རྟེན་དང་བཅས་པ་ཉིད་ཡིན། ་བས་ནི་སྦྱིན་ནོ།། དེའི་བཀོད་པ་ནི་ཆོག་སོ།། དེ་ཉིད་ནི་རྡོ་རྗེ་ཞེས་པ། རྡོ་རྗེ་སེམས་དཔའ་སྟེ་ཏིང་ངེ་འཛིན་དེ་ལཱ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་བྱིན་གྱིས་རློབ་པའི་གསང་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ ་སོགས་པ་སྟེ། ཨོཾ་ཞེས་བྱ་བ་ནི་ལྷའི་སྐུའོ་ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་དེ། དེ་ཉིད་ནི་ཛྙཱ་ན་སྟེ་ཡེ་ཤེསོ།། དེ་ཉིད་ནི་བཛྲ་སྟེ་རྡོ་རྗེ་ཡིན་ནོ།། སྭ་བྷ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་བདག་ཉིད་ཅན་ནི་བང་གོ་ཞེས་བྱ་བའོ།། དོ་ཡང་དངོས ་ལས་སྟོང་པ་གཞན་མ་ཡི་མ། དེ་མེད་པར་ཡང་དངོས་པོ་མེད་ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཇི་སྐད་བཤད་པ་ལྟ་བུའོ།། གཞིའི་དཀྱིལ་འཁོར་བསྟན་པ་ནི་ན་མཁའི་དབྱིངས་ཞེས་བྱ་བ་སྟེ་ཆོས་འབྱུང་བའོ།། དེའི་དབུས་གནས་པར ་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་བྷྲཱུཾ་གཱི་འཁོར་ལོ་ལས་ཐུང་བའི་རིན་པོ་ཆེའི་ཅོད་པན་གྱིས་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ་འཁོར་རོ།། དེ་ཡང་བྷྲཱུཾ་གྲི་འཁོར་ལོ་ལས་བྱུང་རིགས་བཅས་པའི།། ་རྣམ་པར་སྣང་མཛད་ཡན་ལག་ལས་ཡང་དགེ་འབྱུང་ཞེས་ཇི་སྐད་བཤད་པའོ།། སངས་རྒྱས་ཉིད་འབར་བ་སྟེ། དེ་དང་མཉམ་པའི་འོད་ཟེར་མངའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱིས་ན་འོད་ཟེར་སྣ་ལྡུས་ཀུན ་དུ་ཁྱབ་ཅེས་བྱའོ།། དེ་ཡང་ཐུབ་དབང་འོད་ཀྱི་དཀྱིལ་འཁོར་སྣ་ཚོགས་པའི་ཟེར་གྱིས་ཕྱོགས་ཚོགས་མ་ལུས་ཀུན་ཏུ་ཁྱབ་ཅེས་ཇི་སྐད་བཤད་པའོ།། ཀུན་ནས་ཡོངསུ་ཟླུམ་པོར་ཏེ་ཞེས་བྱ་བ་ནི་བྱི་དང་ནང་ཟླུམ་པོ་སྟེ། ་དབུ་སུ་ཟུར་བཞི་པ་ཉིད་ཡིན་ནོ།། འདོད་པར་བྱ་བ་ཡིན་པས་ན་འདོད་པའོ།། དེ་ཉིད་ནི་རྣམ་པར་དག་པ་ཉིད་ཀྱི་ཚུལ་གྱིས་གོམས་ཤིང་བརླབ་པར་བྱ་བ་ཡིན་པས་ན་ཡོན་ཏན་ནོ།། ལྔ་ནི་གཟུགས་ལ་སོགས ་པ་སྟེ་དེས་ཁྱབ་པའོ།། མཆོད་པ་རྣམ་པ་ལྔ་ནི་ལྷ་བཤོས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བརྒྱན་པའོ།། དེའི་ཕྱིར་གཟུགས་ལ་སོགས་པ་ཡུལ་རྣམས་རྣམ་པར་དག་པ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྨོས་པ ་ཡིན་ནོ།། ད་ནི་མདོར་ན་དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དྲུག་པོའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ཏེ། གཟུགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུའོ།། དབུས་སུ་ཞེས་བྱ་བ་ནི་དབུས་མའི་གངན ་ལའོ།། བསྒོམ་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱིས་སམ། རྡུལ་ཚོན་གྱིས་སོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ལྷའི་སྐུའོ།། སྐུ་གསུང་ཐུགས་ཀྱིས་མཚན་པའོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའོ།། དེ་དག་ནི་འདིའི་འོག་མ་རྣམས་ལ ་ཤེས་པར་བྱའོ།། སྒྲ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའིའོ།། ཕྱག་རྒྱ་ཞེས་བྱ་བ་ནི་སྐུ་མདོག་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའོ།། ལམ་ཞེས་བྱའི་སྒྲ་ནི་ཕྱག་མཚན་གྱིས་ཕྱག་རྒྱ་འམ་རྡུལ་ཚོན་གང་ལ་ཡང ་རུང་བ་བསྒོམ་པར་བྱའོ།། འདི་དག་ཀྱང་གོང་མ་དོང་འོགེ་མེ་གཉིས་ཀ་ལ་སྦྱོར་བར་བྱའོ།། ཚོགས་གཉིས་དང་ལྡན་པ་ནི་རྡོ་རྗེ་འཆིང་ཡི་སོ་ཞེས་བྱ་བ་ནི་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་རྣམ་པོར་དག་པའི་ངོ་བོ་ལྷ་མོ་དང་ལྷ་པོར ་སྣང་བའི་ཡང་ད་ག་གྷའི་སྦྱོར་བ་དང་ལྡན་པ་ཡིས་སོ།། འདི་ཡང་གོང་མ་དང་འོག་མ་གཉིས་ཀ་ལ་ཡང་སྦྱར་བར་ཤེས་པར་བྱའོ།། འདིར་ནི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་གཉིས་ཉེ་བར་གྱུར་པ་དང་ལྡན་པ་ནི་རྡོ་རྗེ་འཆང་རྣམ ་པར་སྣང་མཛད་ཀྱི་སྐུ་མདོག་དང་། མྱི་བསྐྱོད་པའི་ཕྱག་མཚན་དང་ལྡན་པའོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ།། དེ་གཉིས་ཀྱིས་ནཱ་འདིའི་འོག་ནས་འདིའི་སྐུ་མདོག་ལ་སོགས་པ་མི་སྟོན་ཏོ།། ཨིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་བྱ་བ་ནི་མི ་བསྐྱོད་པའི་སྐུ་དང་རྩེ་བའི་ཞལ་ནི་སྔོན་པོ་ནི་བསྒོམ་པར་བྱའོ་ཞེས་བྱེ་བའི་དོན་ཏོ།། ཤེལ་དོང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་སྐྱེ་མདོག་ལ་སོགས་པ་སྟོན་པ་ཡིན་ནོ།། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། རལ་པའི་ཅོད་པན་མཛད་དང་ཞེས་བྱ་བ་ལ་སོགས་པོ་ཐམས་ཅད་སྨོས་པ་ལྟ་བུའོ།། འཛམ་བུ་ཆུ་བོའོ་ཞེས་བྱ་བ་ལ་སོགས་པས་ནི་རིན་ཆེན་དཔལ་གྱི་སྐུ་མདོག་ལ་སོགས་པ ་གསུངས་པ་ཡིན་ནོ།། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་བྲི་བའི་དཀྱིལ་འཁོར་གྱི་རྗེ་སུ་འབྲངས་པས་རིན་པོ་ཆེ་མར་ཀ་ཏ་ཉིད་གཟུང་བར་བྱའོ།། དེ་ཉིད་ཀྱིས་ན་མ་ར་ཀཽ་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། པདྨ་རཱ་ག་ཞེས་བྱ ་བལ་སོགས་པས་ནི་འོད་དཔག་ཏུ་མེད་པའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ།། འོད་ཟེར་སྣ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་གདོན་མི་ཟ་བར་གྲུབ་པའི་སྐུ་མདོག་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ནི་དེ་ནས ་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་ལྷ་རྣམས་བྱིན་གྱིས་བརླབས་པའི་སྔགས་གསུངས་པ་ཡིན་ཏེ། ཆོས་རྣམས་ཀྱི་དབྱིངས་ནི་མ་ལུས་ཏེ། རླུང་བཞིན་གྱིས་འོད་གསལ་བའི་སྟོང་ཉིད་ཡིན་ལ། ་དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགསོ་ཞེས་བྱ་བར་སྦྱོར་རོ།། དེ་ཡང་གཟུང་འཛིན་ལྔ་སོགས་རྣམ་བྲལ་བས་ཞེས་བྱ་བ་ལྔ་སོགས་པ་སྨོས་པ་ཡིན་ནོ།། དུ་ནི་རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ལ་སོགས་པས ་སེམས་ཉེ་བར་གཡེང་བ་ཞི་བར་བྱའི་ཕྱིར།། ཕྲ་མོའི་ནས་འབྱོ་ར་བསྒོམ་པ་གསུངས་པ་ཡིན་ཏེ། རིན་ཚོན་ཞེས་བྱ་བ་ནི་རང་གི་ལྷའི་མཚན་མའི་རིན་པོ་ཆེའོ།། སྣའི་རྩེ་མོ་ཞེས་བྱ་བ་ནི་ལྷ་མོའི་གསང་བའི་ཆུ་སྐྱེས་ཀྱི་སྣ་རྩེའོ།། ་རྟག་པར་ཞེས་བྱ་བ་ནི་ཅི་སྲིད་སེམས་རྩེ་གཅིག་པར་གྱུར་གྱི་བར་དུའོ།། བརྟན་པར་རེད་ནས་ཞེས་བྱ་བ་ནི་བརྟན་པའི་མཚན་ན་ཤེས་ནས་ལེགས་པར་རིན་པོ་ཆེའི་མཚན་མ་སྤྲོ་བར་བྱའོ།། སྤྲོ་བའི་མཚན་མ་བསྟན་པའི ་ཕྱིར་སངས་རྒྱས་འབར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ཀྱི་སྤྲིན་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རིན་པོ་ཆེའི་མཚན་མ་འབའ་ཞིག་ཏུ་མ་ཟད་ཀྱི་མཚན་མ་གཞོན་དང་གཞན་དག་ཀྱང་སྤྲོ་བར་བྱའོ།། ། ་ཞེས་བསྟན་པའི་ཕྱིར། འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རལ་གྲི་འཛིན་པའི་ཕྱག་མཚན་ནི་རལ་གྲིའོ།། སྤོ་བའི་བདག་ཉིད་ཅན་གྱིས་ཞེས་བྱ་བ་ནི་དེ་དག་དབྱེར་མི་ཕྱེད་པའི་བློ་ཡོད་པས་སོ།། ཡང་ན་སྔམ ་གྱི་ཕྱག་མཚན་ཐམས་ཅད་ཀྱང་མཆོག་ཏུ་གྱུར་པ་ཡིན་པས་ན་རིན་པོ་ཆེ་ཞེས་བྱ་ལ། དེ་ལས་ཀྱང་བརྟན་པར་བྱས་ནས་མཚན་མ་ལྔ་པོ་ཉིད་སྤྲོ་བར་བྱའོ་ཞེས་བཤད་པའི་ཕྱིར། འཁོར་ལོ་རྡོ་རྗེ་ཞེས་བྱ་བཱ་ལ་སོགས་པ་གས ་སོ།། འདིར་ཡང་མཛོད་འཛིན་ནི་རིན་པོ་ཆེའོ།། མཚོན་ཆ་ནི་རལ་གྲིའོ།། དོན་འདིས་ན་ཡང་ནཱ། རང་གི་མཚན་མོ་བླ་མོ་ནི་ཞེས་བྱ་བ་ལ་སོགས་པ་ཚིགོས་བཅུད་གཉིས་སྤྲོས་པ་ཡིན་ནོ།། དཱ་ནི་ན་མཁྱེའོ་དབྱིངས་ཞེས་བྱ་བ ་སོགས་པས་སྦྱངས་རྒྱས་ནཱམཱཉྫུ་གདན་གསུངས་པ་ཡིན་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེག་མའི་དབུས་ན་གནས་པའོ།། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ནཱི་མཱི་བསྟོང་པའི་དཀྱིལ་འཁོར་ཏེ། ཉི་མའི་དཀྱིལ་ལཥྚ ་ལ་བྲི་བར་བྱའོ།། གསལ་བའི་དཱཀྱི་ལཱ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ནཱ་ཐམས་ཅད་ཉི་མའི་དཀྱིལ་འཁོར ་ངག་ལ་བས་མ་ཞེས་བྱ་བའི་སྤྱིའི་ཚིག་འདི་ལ། སྔར་གྱི་ཤར་གྱི་པདྨ་ཟླ་བའི་དབུསུ་བསམ་ཞེས་དགར་བའི་ཚིགས་ཏུ་གསུངས་པ་ཡིན་ནོ།། པདྨའི་དཀྱིལ་འཁོར་འོད་པར་ནི་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར ་དེ་ཉི་མ་ལ་གནས་པར་བསྒོམ་པར་བྱའོ།། བཟླས་པ་བསྒོམ་པས་ཞེས་བྱ་བ་ནི་སྔགས་བཟླས་པ་དང་། བསྒོམ་པ་དང་ལྡན་པའི་རྣལ་འབྱོར་པས་སོ།། རིན་ཆེན་དཀྱིལ་འཁོར་འདྲ་བར་ནི་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། ཉི་མ ་དཀྱིལ་འཁོར་ལ་གནས་པར་རིན་པོ་ཆེ་ལ་བརྩོན་པས་བསྒོམ་པར་བྱའོ།། སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་ཞེས་བྱ་བྱ་ནི་མི་བསྐྱོད་པ་ལ་སོགས་པ་བཞི་དང་འབྲེལ་བའི་སྐུ་མདོག་དང་སྦྱོར་བས ་དཀྱིལ་འཁོར་རང་གི་ངོ་བོའི་བདག་ཉིད་ཅན་ལྗང་གུ་གང་ཡིན་པ་དེ་ལ་དེ་སྐད་སྐད་ཅེས་བྱ་སྟེ། གླངོན་མི་ཟ་བ་གྲུབ་པ་ཡིན་པར་བཤད་ལ། དེའི་ཡང་ཉི་མོའི་དཀྱིལ་འཁོར་ཉིད་དུ་ཡང་དག་པར་བྱུང་ཞིང་ལྡན་པར་བྱའོ་ཞེས་བྱ ་བའི་དོན་ཏོ།། དྲིས་པ་རྣམ་པར་སྣང་མཛད་འབའ་ཞིག་ལ་གསལ་བའི་དཀྱིལ་འཁོར་ཉིད་ཡིན་པར་གསུངས་ན་དེ་མི་བསྐྱོད་པ་ལ་སོགས་པའི་གདན་ཉི་མའི་དཀྱིལ་འཁོར་ཡིན་པར་མངོན་པར་འདོད་དོ།། ཅི་ལྟར་ཤེས ་ཞེ་ན། དེ་བརྗོད་པར་བྱ་སྟེ། གཱསལྕི་བ་ལ་སོགས་དཀྱིལ་འཁོར་ལྡན་ཞེས་གླེང་གཞིའི་ལེའུ་ལས་གསུངས་ལ། དེར་སོགས་པ་ཞེས་སྨོས་པས་ནཱི་ཉི་མྱའི་དཀྱིལ་འཁོར་ཉིད་ཡིན་པར་འདོད་དོ།། འདིར་ཡང་རྣམ ་སྣང་མཛད་ཀྱི་གདུན་ནི་ཟླ་བའི་དཀྱིལ་འཁོར་ཡིན་པས། གསལ་བུའི་དཀྱིལ་འཁོར་ཞེས་བྱ་བའི་སྒྲས་ངེས་པ་ཉིད་དུ་གསུངས་ལ། དོན་གྱིས་ན་མི་བསྐྱོད་པ་ལ་སོགས་པ་བཞིའི་གདན་ནི་ཉི་མའི་དཀྱིལ་འཁོར་ཉིད ་ཡིན་པར་ཤེས་སོ།། ང་ནི་འདི་དག་ཅེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདི་དག་གིས་སངས་རྒྱས་ཐ་མི་དད་པར་གསུངས་པ་ཡིན་ཏེ། དཀྱིལ་འཁོར་འདི་དག་ནི་སངས་རྒྱས་རབ་མཆོག་གི་སྐུ་དང་གསུང་ད ་ཐུགས་བསྒོམ་པ་ལ་གཅིག་པ་ཉིད་ཀྱིས་སྟངས་རྒྱས་རབ་མཆོག་གོ།། རྡོ་རྗེ་ལས་བྱུང་བའི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལས་ཡང་དག་པར་བྱུང་བའོ།། ཐམས་ཅད་འཛིན་པའི་ཚུལ་ནི་ཐམས་ཅད་མཁྱེན་པཱ་ཉྀད་རྒྱལ ་ཡིན་ལ། ཚུལ་ཉིད་ཀྱང་ཐམས་ཅད་མཁྱེན་པ་སྟེ། དེ་ཐོབ་པའོ།། ལྕེའུ་གསུམ་པའི་འགྲེལ་པའོ།། །། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པར་བྲི་བའི་དཀྱིལ་འཁོར་བསྣུན་པོའི་ཕྱིར་གསུངས ་པ་ཡིན་ཏེ། གཞུང་འདིས་ནི་ཏིང་ངེ་འཛིན་གསུམ་དང་ལྡན་པའི་སློབ་དཔོན་དཀྱིལ་འཁོར་གྱིས་སའི་དབུས་ན་གནས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྡོ་རྗེ་དྲིལ་བུ་འཛིན་པའི་སློབ་མ་རྣམས་ཀྱིས ་འོག་ནས་བཤད་པའི་བསྟོད་པའི་རྒྱལ་པོས་གསོལ་བ་བཏབ་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་སྟོན་ཏེ། འདི་ཚིགསུ་བཅད་པ་དང་པོས་ནི་སྤྱིའི་གསོལ་བ་འདེབས་པ་སྟོན་ཏོ།། ཚིགསུ་བཅད་པ་གཉིས་པ་ནི་སྐུའི ་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏུབ་པ་ཡིན་ནོ།། ཚིགས་སུ་བཅད་པ་གསུམ་པས་ནི་གསུང་གི་དཀྱིལ་འཁོར་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ།། ཚིག་སུ་བཅད་པ་བཞི་པ་ནི་ཐུགས་ཀྱི་དཀྱིལ་འཁོར ་སྤྲུལ་པར་གསོལ་བ་བཏབ་པ་ཡིན་ནོ།། དེ་ལྟ་བས་ན་དེ་ལྟར་སྦྱོར་གནས་སློབ་དཔོན་ནི། སངས་རྒྱས་ཀུན་བདག་གཟུགས་ཅན་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས ་བཤད་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་སྐུའི་དཀྱིལ་འཁོར་ཁོང་དུ་ཆུད་པར་བྱའོ།། ཞེས་ཤེས་པར་བྱ་བའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར ་ཉིད་བཤད་པ་གསུངས་པ་ཡིན་ཏེ། སེམས་ཀྱི་རྡོ་རྗེ་རབ་འདྲ་བ་ཞེས་བྱ་བ་ནི་རང་གི་གཟུགས་ཅན་ནོ།། གང་འདི་ཐུགས་ཀྱི་དཀྱིལ་འཁོར་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་དག་པ་གསུམ་དང་ལྡན་པས་སྐུ་ལ་སོགས་པའི་རང་གི ་ངོ་བོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྒྱུ་དང་གསུང་དང་ཐུགས་རྣམས་ཀྱི། དཀྱིལ་འཁོར་ཞེས་བྱ་བ་གསུངས་པ་ཡིན་ནོ།། དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་སྲང་བུའི་མཚན་ཉིད་སྟོན་ཏོ།། ལུས་ངག་སེམས་ནི་བསྒོམས་པ་ཡིས ་ཞེས་བྱ་བ་ནི་ལུས་ལ་སོགས་པོ་ལྟར་བསྒོམས་པསོ།། སེར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞོན་དུ་ཡོངསུ་མུ་སྦྱང་བུའོ།། ལྤགས་པར་བཀལ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་བསྒྲོལ་བའོ།། ཚང་མ་ཞེས་བྱ་བ་ནི་ཚུར་འཁོར་ལོའི ་ཉིས་འགྱུར་ལ་སྦོམས་སྒྲོའི་ཉི་ཤྲཱི་ཆའོ།། མཛེས་པ་ཡིས་ཞེས་བྱ་བོ་ནི་མུདུ་པ་མེད་པ་དང་། མི་ལྷོང་པས་སོ།། འདིའི་དོན་ནི་དཀྱིལ་འཁོར་གྱི་ཆོ་ག་ལོས། རྟག་པ་ལ་སོགས་རང་དངོས་ཞེས་བྱ་བ་ནཱས་བརྩམས་ཏེ། སྲང་བུ་འཛིན ་པས་དཀྲི་བར་བྱ་ཞེས་བྱ་བའི་བར་ལས་ཤེས་པར་བྱའོ།། ཐིག་གདོབ་པའི་ཆོ་ག་ཡང་དེ་ཉིད་ལས་ཤེས་པར་བྱའོ།། ཁྲུ་ནི་བཅུ་གཉིས་ཚད་དུ་བྱ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་གྱི་དཀྱིལ་འཁོར་ནི་ཚད་ངེས་པ་མེད་པ་ཡིན་ཏེ། ་ཇི་སྐད་དུ་སེམས་ཅན་བསམ་པའི་དབང་གིས་ནི། ཚང་ལ་སོགས་པའི་ངེས་པར་བྱས་ཞེས་བཤད་པ་ལྟ་བུའོ།། ཕྱག་རྒྱ་དགོད་པར་བྱ་ཞེས་བྱ་བ་ནི་མཚན་མའི་ཕྱག་རྒྱ་དགོད་པ་ལ་བྱའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའི་ཕྱག ་རྒྱུ་དགོད་པར་བྱ་བ་ནི་མ་ཡིན་ཏེ། དེ་མཐོང་བས་ཐོས་པ་དང་མི་ལྡན་པ་རྣམས་གོལ་ཏེ་མི་ཤེས་པར་འགྱུར་བ་སྲིད་པས་ན་ངན་འགྲོར་འགྲོ་བར་ཐལ་བར་འགྱུ་རོ།། དེ་སྐད་དུ་མུ་སྟེགས་རྣམས་ལ་ཕན་པའི་ཕྱིར།། སངས་རྒྱས་བཙུན ་མེ་རབ་ཏུ་སྨྲས་ཞེས་གསུངས་པ་ལྟ་བུའོ།། དེ་དབུས་རྡོ་རྗེ་བྲི་བ་ནཱི་ཞེས་བྱ་བ་ནི་ཐུགས་རྣམ་པར་དག་པའི་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་བྲི་བར་བྱ་སྟེ། དཀྱིལ་འཁོར་འདི་ནི་ཐུགས་གཙོ་བོར་བྱས་པ་ཡིན ་པའི་ཕྱིར་རོ།། དེ་བཞིན་དུ་སྐུ་ལ་སོགས་པ་རྣམ་པར་དག་པ་འཁོར་ལོ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་མཚན་ཏེ། དེ་རྣམས་རང་གི་གདན་ལ་ཅི་ལྟོ་བ་བཞིན་དུ་བྲི་བར་བྱའོ་ཞེས་བསྣུན་པའི་ཕྱིར། འཁོར ་ལོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། སྤྲིན་གྱི་དབུས་དང་འདྲ་བའི་འོད་ཅེས་བྱ་བ་ནི་དབུས་སུ་སྦྱིན་གྱི་འོད་དང་འདྲུ་བ་སྟེ། འཁོར་ཕུན་སུམ་ཚོགས་པར་བསྟན་པས་རྣམ་པར་དག་པ་ལོ་ཉེ་བར་དགོས་པ་ཉིད་ཡིན་པའི་ཕྱིར། ་དང་མཚན་མ་དང་ཏིང་ངེ་འཛིན་གྱི་ངོ་བོ་གདོན་པ་སྟོན་པས་གཟུགས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་པ་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་རྒྱུའི་ཚོགས ་xxx། xxx ་xxx། xxx ་སྟོང་པ་ས་བྱཱ་ནཱི་ཛྭ་ལཱ་ས་ཐ་ནི་ཀྱི་གྶགྶ་གྱིས་གདོན་པ་ས་ཙྪ་བ་དུན་ཏོ།། དོན་དི་ཉིད་ཀྱིས་ནཱ་སྨྲ་།། ། ་ཧྲཱི་ཧྲཱིདྷི་བྷཱ་ས་ཀྱིས་སྷོ་གྀམྦྷ་པའི་ཚོགས་སུ་བཅང་པོ་ཟླས་པ་མིན་ནཱ~ཾ།། ད་ནི་ཧྲཱི་དྷཱ་མི་སྟོན་པར་སྦྱིན་པ་ནི་བྱུང་མིང་རབ་ཏུ་མ་ས་པའདྲ་བ་ནས་ཧྲཱིམ་གས་ཧཱུ~ཾ་སསྨྲ ་སྣརོརྻོ། ནས། སྤྱོ་ས་སྔོན་ཏཱསྭཱརྨཱམྦ་གྣེ་བྷ་ནས་ཡྀསས་ཧཱ། ཧཱུ~ཾ་རྩཝ་བྱིན་ནི་ཕྱི་ཕཱུ་ཥྚ་དྷི་ལྱཱ་ཀྱི་མིན་ཏེ། འདི་ངས་པདག་གས་མ་བྱུ་དེ།། དྭེ་གས་བྷེ་ཥྚ ་xxx། xxx ་སྟོན་པའི་ཕྱིར་དེ་ནུ་ནུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ཀུན་གྱི་ཀུན་ཏུ་སྤྱོད་པ་སྟེ། དེ་དང་མཆོག་གི་ཆོས་ཏེ། འདི་དག་ནི་དོན་དུ་གཉེར་བ་ཡིན་པས་ན་དོན་ཀྱང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་བའོ།། རྣམ་པ ་མི་རྟོག་པའི་དོན་ནི་ཐེ་ཚོམ་དང་བྲལ་བའི་དོན་ཏེ། དེ་ལས་བྱུང་བ་ནི་གནས་པའོ།། སྔར་ནི་འདོད་ཆགས་ཞེ་སྡང་གཏི་མུག་རིགས་ཏེ། ཕྱིས་དེ་རྣམ་པར་དག་པར་གྱུར་པ་ཡིན་ལ་དེ་ཡང་དངོས་གྲུབ་སྒྲུབ་པར་བྱེད་དོ་ཞེས་སྦྱར ་བྱར་བྱའོ།། ཐེག་པ་མཆོག་ནི་བླ་མེད་པ་སྐྱེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་བླ་ན་ཡོད་པ་དང་བཅས་པ་ཡིན་ལ། ཐེགས་པ་ཆེན་པོ་ནི་འདི་ནི་བླ་ན་མེད་པའོ་ཞེས་བྱ་བར་དགོངསོ།། རིགས་ཛ་ནི་ཞེས་བྱ་བ་ལ་སོགས ་ནི་རིགས་ལ་སོགས་པའི་ངེས་པའི་བཟློག་པོ་ཡིན་ཏེ། དེ་སྐད་དུ། དངོས་གྲུབ་ཐབས་ཤེས་ལས་བྱུང་ན། རིགས་སོགས་ངེས་པས་ཅི་ཞིག་བྱ་ཞེས་བཤད་པའི་ཕྱིརརོ།། ཡང་གང་ཞིག་འགྲུབ་པར་མི་འགྱུར་ཞེ་ནཱ། སྙིང་ནས ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་། སངས་ཏེ། དངོས་གྲུབ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ཞེས་པར་དགོངསོ།། སངས་རྒྱས་གཙོ་བོའི་ཡུམ་ངག་ལ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ།། རྣམ་པར ་མི་རྟོག་བློ་ཅན་གྱིས་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་དང་། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་མཁས་པའོ།། རིགས་ངན་ལ་སོགས་པ་ཁྱད་པར་དུ་སྨོས་པ་ནི་ཐེ་ཚོམ་མེད ་སྤྱས་ས་སྨྱ་རྫུ་ཀྱ་དྲུ་ན་རྦནཱ་ན། སྨ་ན་རྨཱན་ཀྵ་མྦུ་ས་ས་བྷཱུ་ས་ག་མྦྷ། ་དགེ་བ་དང་མི་དགེ་བའི་རྣམ་པ་དག་ཅེས་བྱ་བ་ལ་སོགས་པ་དེ་དང་བཤད་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཅི་ལོང་མངོན་པར་འདོད་པའི་སྒྲུབ་པ་ལ་ཚུགས་པོའི་ཉན་པ་པོ་ལ་རྣམས་ངན་འཁོར་འགྲོ ་བར་མ་སྦྱར་ཊཱིག་སྒྱུམ་དུ་ཤེས་བཞིན་དུ། སྒྲིབ་པ་རྣམ་པར་སེམ་བུ་ལ་བཞེས་པ་མནར་གྱིས་བསྲུང་བའི་ཡོངསུ་བཟློགས་པ་གསུངས་པ་ཡིན་ཏེ། ཆོས་ཉིང་རིག་པ་འདི་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བྱ ་དག་པ་ཞེས་བྱི་བ་ནི་དྲི་མ་མེད་པའོ།། སྙིང་པོའི་ཆོས་ཀྱི་དོན་གང་ཡིན་པར་ཁྱད་པར་ཅན་རྟོགས་ཤིང་བསྒྲུབས་པ་དེ་ལུས་ཡང་དག་པར་བྱུང་བའོ།། ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ན་ཉིད་མ་ཤེས་པས་ཆོས ་ད་ཤིན་ཏུ་རྙེད་པར་དཀའ་བ་ཉིད་དུ་བསྟན་པའི་བྷི་རོ།། འཇིགས་པ་ལ་སོགས་སྟོན་པར་མཛད་པ་མཱ་སྨིན་བུས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནཱ་མཁའ་ལྷུར་མཉམ་པ་ཉིད་དེ་ཉིད་གཉིས་སུ་མེད་ཅིང ་རྡོ་རྗེ་སྟེ་མི་ཕྱེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གང་ཡིན་པ། དེ་ལ་སྙོམས་པར་ཞུག་སོ་ཞེས་བྱ་བར་སྦྱོར་རོ།། དགྱེས་པས་ཁྱབ་པ་ནི་གཟེངས་མཐོ་བར་གྱུར་པའོ།། ཨེ་མའོ་ཆེས་ཨེ་མའོ་ཆོས་ཞེས་བྱ་བ་ནི་དགའ་བས ་དམ་སྟེ། གཉིས་སུ་མེད་པའི་ཚུལ་ཡིན་ཡང་སྣ་ཚོགས་པའི་གཟུགས་ཅན་དུ་གྱུར་པ་ནི་ངོ་མཚར་ཡིན་ནོ།། ཆོས་ནི་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སྟེ། དེས་དོན་དག་པར་འགྱུར་བའི་བདག་མེད་པའོ་ཞེས་མཚམས ་སྦྱར་བའོ།། རྣམ་པར་མི་འགྱུར་ཞེས་བྱ་བ་ནི་དུས་གསུམ་ཆར་དུ་ཏྲ་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡིན་པའི་ཕྱི་རོ།། སྣང་བ་མེད་ཅེས་བྱ་བ་ནི་སྣང་བ་ལ་བྱེད་པ་པོ་མེད་པའ་མེད་པའི་ཕྱི་རོ།། དབྱིངས་གྱུར་པ་ཞེས་བྱ་བ་ནི་བསྐྱེད ་པོའི་ས་བོན་ཞེས་བྱ་བའི་དོན་ཏོ།། སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྟེ། དེའི་གནས་ནི་གཞིའོ་ཞེས་བྱ་བར་མཚམས་སྦྱར་རོ།། ལེའུ་ལྔ་པའི་འགྲེལ་པའོ།། ། ལེའུ་དྲུག་པར་སྐུ་དང་གསུང་ཐུགས་བྱིན ་གྱིས་བརླབས་པའོ་སྔགས་པ་ཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་སྔགས་རྗོད་པའི་དུས་སུ་མི་བསྐྱོད་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ།། ་ཞེས་བསྟུན་བུའི་ཕྱི་རེ། མི་བསྐྱོད་པ་རྡོ་རྗེའི་སྒྲས་ནི་སྟོན་པ་པོ་གསུངས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཅི་རིགས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྒྲ་དང་གསུང་དང་ཐག ་གང་ཡིན་པ་དེ་ཉིད་ནི་གསང་པོའི་རྡོ་རྗེ་སྟེ། རྣམ་པར་དག་པའི་ངོ་བོ་ཉིད་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་མི་བསྐྱོད་པའི་རང་བཞིན་དུ་འདིརརོ་མངོན་པར་འདོད་དེ། དེ་ལ་སྙོམས་པར་ཞུག་སོ་ཞེས་སྦྱར་བར་བྱའོ།། ཐུགས ་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བ་ལ། ཐུགས་ཀའི་ཟླ་བའི་གདན་དང་། རིན་པོ་ཆེའི་དབུ་རྒྱན་མངའ་བའི་ཐུགས་རྡོ་རྗེ་སྟེ། དེའི་བྱིན་གྱིས་བརླབ་པའི་སྔགས་ཞེས་བྱ་བའི་དོན་ཏོ།། རྡུལ་དང་བྲལ་བྲ ་གནས་རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པའོ།། མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་དགོད་པ་སོ་སོར་རྟོགས་པའི་རྣམ་པོའོ།། རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལ་སྟེགས་པ་སྟེ། དེ་ནི ་དེ་བཞིན་གཤེགས་རྣམས་ཀྱི་གསང་བའོ།། དེ་ཉིད་ནི་ཁམས་གསུམ་བྱིན་གྱིས་རློབ་པར་བྱེད་པ་ཡིན་པས་ན་གནསོ།། གནས་ཀྱིས་ཞེས་བྱ་བ་ནི་སྔགས་ཀྱིས་སྟེ། ཡི་གེ་ཧཱུཾ་ལ་སོགས་པ་རྣམ་པར་བསྒོམ་ཞིང་བསྐྱེད་པར ་བྱ་བ་གང་ཡིན་པའོ་ཞེས་མཚམས་སྦྱར་རོ།། སྔགས་ཉིད་ནི་མཚནུ་ཏཽ། ངོས་མཚན་པར་བྱས་པ་ནི་སྒྱིང་ཁ་ན་གནས་པའི་མཚན་མའི་དབུས་ན་གནས་པའི་ཟླ་བ་ལ་གནས་པའི་ས་བོན་གྱིས་མཚན་བཱ་ཞེས་པའི་དོན་ཏོ།། ་མཆོག་རབ་འདི་ཡིས་ཞེས་བྱ་བ་ནི་དེ་ལྟར་བཤད་པའི་སྔགས་ཀྱི་སོ།། བསྒྲུབ་པ་ཉིད་དུ་བྱོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་སྟེ། བསྐྱེད་པར་བྱ་བ་ནི་མ་ཡིན་ནོ།། ཞེས་ཁོང་དུ་ཆུད་པར་བྱ་སྟེ། ཡི་གེ་ཧཱུཾ་ལེ་སོགས་པའི ་ས་བོན་རྣམས་ལས་སྔར་བྱུང་བ་ཉིད་ཡིན་པའི་ཕྱིརོ།། དེ་ནི་འདི་ལྟར་དྲི་མེད་རང་སྙིང་ཟླ་བའི་ཞེས་བྱ་བ་ནས་བརྩམས་ཏེ། མཚོན་ཉིད་དག་དང་བྲལ་བར་དམིགས་ནས་ནི་ཞེས་བྱ་བའི་བར་གཞུང་དང་སྦྱར་བར་བྱའོ།། ཡེ་ཤྭེ ་སྒྲོན་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་རིན་ཆེན་འབྱུང་བ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཞེས་བྱ་བར་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ཉིད་ནི་འདི་ཉིད་ཀྱི་རྗེསུ་གཉིས་པར་བྱེད་པའི་བདག་ཉིད་ཅན་ཡིན་པ ་ཕྱིར་རོ།། གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་ལྟ་བུ་སྟེ། དེ་ཉིད་ནི་མཆོད་པའི་དབང་དུ་བྱས་པ་ཡིན་པོའི་ཕྱིར་རོ།། དེ་ལ་འདི་ནཱི་པང་ནང་རང་གི་ས་བོན་འོད་རྣམས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ ་ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲི་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་བཱ་རི་ཡིན་པར་བལྟ་བར་བྱའོ།། དེ་ནི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་པའི་བདེ་བར་གཤེགས་པའི་ཆོ་གས་རྣམས་ཡང་དག་པར་བསྐུལ་པའི ་འོད་ཟེར་དང་། ཚིག་སུ་བཅད་པ་ལ་སོགས་པ་བསྟན་པོའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ལ་དམིགས་པ་ནི་ངེས་པར་བསམ་པའོ།། དེའི་ཚུལ་གྱིས་རྣམ་པར་སྙིང་པོའི་ས་བོན་ལས་བྱུང ་བའི་མཆོད་པའི་ལྷ་མོ་རྣམས་ཀྱི་འོད་ཟེར་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། གང་དང་ཞེས་བྱ་བ་ནི་ཡང་དག་པར་བསྐུལ་བའི་ཚིགསུ་བཅད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡང་དག་པར ་བསྐུལ་བ་དང་ལྡན་པའི་རྣལ་འབྱོར་པ་ནི་ངེས་བྱིན་བརླབས་ཏེ། ཡང་དག་པའི་དངོས་གྲུབ་བོསྒྲུབ་པར་བྱའོ་ཞེས་བཤད་པར་བྱའོ།། དེ་ལྟར་ན་བྱེ་བྲག་གི་བློ་མི་བྱའོ་ཞེས་བཤད་པ་ནི་སེམས་ལ་དམིགས་པ་ཞེས་པ ་སྟེ། སེམས་ཀྱི་ཚོར་བའི་དམིགས་པ་གང་ཡིན་པ་ནི་བཤང་མ་ཐག་པའི་ཚུལ་གྱིས་ངེས་པར་བསྒོམ་པའོ།། དེའི་ཚུལ་ནི་བདག་མེད་པའོ།། དེའི་འོག་ཏུ་ངག་དང་ཞེས་བྱ་བ་ནི་བྱིན་གྱིས་རློབ་པའི་སྔགས་ཀྱི་ལུས ་ཀྱི་རྣམ་པར་ལྟ་བུའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་བྱིན་གྱིས་བརླབ་པར་བྱ་ཞིང་བསྒྲུབས་པར་བྱ་བའོ།། སྦྱོར་བ་རྣམ་གསུམ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཤེས་རབ་ཀྱི་ཡང་དག་པར་སྦྱོར་བ་ན་མཁ ་དང་འདྲ་བར་མཉམ་པ་ཉིད་དེའི་ངོ་བོ་ཉིད་འགྲོ་བ་རྣམས་ཀྱི་གནསོ།། དེ་ཡང་གོང་གི་ཕྱིར་ལུས་ལ་སོགས་པ་དམིགས་པ་ན། ངོ་བོ་ཉིད་ཀྱིས་བརྟགས་པ་དམིགས་སུ་མེང་ངོ་།། དེ་བས་ན་སྔགས་ཀྱི་ལུས་སྦྱོར་བ་ལ་ཐ་དད་པའི ་རྒྱུར་གྱུར་པས་བྱང་ཆུབ་མེད་ཅིང་བསྒོམ་པ་མེད་ཅེས་བྱ་བ་སྟེ། དེའི་རང་བཞིན་ཉིད་དུ་འགྱུརརོ་ཞེས་བྱ་བར་དགོངསོ།། སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྣམ་པས་སྔགས་ཀྱིས་བྱིན་གྱིས་བརླབ་པའོ།། དེ ་ལོ་ཆོ་ག་འདི་ནི་དྲིའི་ཐུགས་ཀའི་འོད་ཀྱི་ཚོགས་རྣམས་ཀྱི་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། དེ་ནི་ཕྲ་མོའི་རྣལ་འབྱོར་ཁ་བསླང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའི་དབྱིངས་ཀྱི་དབུས་གནས ་པར་ཞེས་བྱ་བ་ནི་རིག་པའི་ཆོས་འབྱུང་བའི་ནང་དུ་ཆུང་བའི་ཁང་པ་བརྩེགས་པའི་དབུས་སུ་མའི་གདན་ལ་ཞུགས་པའོ།། སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་གཟུགསུ་བསྒོམ་པའོ།། དེ་དང་པོར་གྱུར ་རྡོ་རྗེ་འཛིན་པའི་ཕྲ་མོའི་སྦྱོར་བ་ཡང་དག་པར་བརྩམ་པར་བྱའོ།། འདི་ཉིད་ཀྱི་ཁྱད་བསྟན་པའི་ཕྱིར། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། སངས་རྒྱས ་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རྣམ་པར་བསྒོམས་ཏེ་ཞུ་བར་གྱུར་པ་དེའི་སྟེང་དུ་དེའི་རྗེསཾ་ལ་གནས་ཞེས་བྱ་བ་མི་བསྐྱོད་པའི་ས་བོན་ཡི་གེ་ཧཱུཾ་རིམ་གྱིས་བཞག་པར་བྱའོ།། རྡོ་རྗེ་འཛིན་པའི་ས་བོན་ཡོང་འདི་བཞིན་དུ་བར་ལྟ་བར ་བྱའོ||འདིའི་འོག་མ་རྣམས་ལ་ཡང་ས་བོན་དགོད་པ་རང་གི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ།། སྤྱན་གྱིས་ཚུལ་དུ་སྦྱོར་བ་ལ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་པ་དང་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ།། ། ་རྡོ་རྗེ་པདྨ་རྣམ་པར་བསྒོམ་ཞེས་བྱ་བ་འདི་ཡང་གོང་མ་དང་འོག་མ་གཉི་ག་ལ་སྦྱར་བར་བྱའོ།། རིན་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། དང་པོའི་སྦྱོར་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པ་ནས་རྗེས་སུ ་མཉེས་པའི་མཐར་ཐུགས་པའི་བར་རོ།། འདི་དག་ཀྱང་གོང་མ་དང་གཉི་ག་དང་སྦྱར་བར་བྱའོ།། པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་གཙོ་བོར་གྱུར་པའོ།། འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི ་ཟ་བར་གྲུབ་པའི་རྣལ་འབྱོར་ཅན་གྱིའོ།། སངས་རྒྱས་ཚུལ་ཞི་བར་སྤྲོ་ཞེས་བྱ་བ་ནི་འདྲེས་པ་ལ་སོགས་པ་བསྒོམ་པའི་རྗེས་ལ་ཐོགས་ལ་ས་བོན་ཡོངས་སུ་གྱུར་པ་ལས་རང་གི་ལྷ་གདོན་པར་བྱའོ།། འཁོར་ཞེས་བྱ་བ ་ནི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་འབྱིན་པའི་རིམ་པས་གདོན་པའོ།། ཨུཏྤ་ལ་མཐིང་ཁའི་ཞེས་བྱ་བ་ལ་སོགས་པས་ནི་བདག་པའི་ལྷའི་མཚན་མ་ལ་ཕྲ་མོའི་རྣལ་འབྱོར་བྱའོ་ཞེ་སྟོན་པ་ཡིན་ནོ།། ་འདི་ཡང་འདིར་སྔ་མ་ངག་ལ་ཡང་སྦྱར་བར་བྱའོ།། དེ་ཉིད་ཀྱིས་ནི་ཡང་རང་གི་མཚན་མ་པྲ་མོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ཟས་སུ་བཤང་གཅི་ཞེས་བྱ་བ་ལ་སོགས་པས་བརྗོད་མོ་གཙང་བའི་ཁྱད་བར་མེད་པར ་སྟོན་པ་ཡིན་ནོ།། གོ་འཕང་ལས་བྱེད་ཅེས་བྱ་བ་ནི་འདོད་པའི་ལས་བྱེད་པའོ།། ལུས་དང་ངག་སེམས་ལས་འདས་པའོ།། ཞེས་བྱ་བ་ནི་བེམ་པོའི་ལུས་ལ་སོགས་པ་རྣམ་པར་འདས་པའོ།། ལེའུ་དྲུག་པའི་འགྲེལ་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལྡེའུ་བདུནཱ་པཱ་གསུངས་པཱ་ཡཻན་ཏེ། དམ་ཚིག་རྐྱེན་པོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཏེ་དེ་ཉིད་ནི་དེ་ཁོ་ན་ཉིད་དོ།། དེའི་བདག་ཉིད་ཅན་གྱི་སྔགས་སྤྱོད་པ་སྟེ། དེ་ཉིད་ནི་མཆོག ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་སྟོན་པར་བྱེད་པའི་ལེའུ་གསུངསོ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་ནི་སྔགས་པ་རྣམས་ཀྱི་གསང་སྔགས་བསྒྲུབ་པོ་ལ་སློབ་པའོ།། སློང་མོ་ཟ ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་བརྟུལ་ཞུགས་ཀྱི་ཚུལ་གྱི་སློང་མོ་དགག་པ་སྟོན་ཏོ།། ཡན་ལག་མ་ཉམས་ཞེས་བྱ་བ་ནི་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པའོ།། འདོད་པའི་ཡོན་ཏན་བསྙེན་ཞེས་བྱ་བ་ལ་སོགས ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་བསྟེན་པ་ཉིད་ཀྱིས་བྱང་ཆུབ་ཏུ་འགྱུར་གྱི། སྡུག་བསྔལ་བསྟེན་པས་ནི་མ་ཡིན་ནོ་ཞེས་སྟོན་ཏོ།། བྱང་ཆུ་ཉི་མ་ཞེས་བྱ་བ་ནི་སངས་རྒྱས་རྣམ་སོ།། རྣམ་གསུམ་ཞེས་བྱ་བ་ནི་མཆོག་དང་འབྲིང་དང་། ཐ་མའི ་དབྱེ་བས་སོ།། མཆོད་པར་བྱིད་པས་ཞེས་བྱ་བྱཱ་ནི་ཐཱ་དད་པཪྵ་མི་རྟོག་པའོ།། རཱིནྡ་ཆེན་འབྱུང་གནས་ཞེས་བྱ་བཱ་ནཱི་མི་བསྐྱོད་པ་སྟེ། སྤྲོས་པའི་ཚུལ་གྱིས་བཤད་ན་དྲ་ཉིད་སྒྲའི་དབང་དུ་བྱས་པ་ཡིན་ནོ།། འདོད་ཆགས་ཆོས་འབྱུང་གནས ་ཞེས་བྱ་བ་ནི་རིན་ཆེན་ལུང་ལྡན་ནོ།། དོན་ཡོད་རྡོ་རྗེ་མཆོག་འཛིན་པ་ཞེས་བྱ་བ་ནི་འོ་དཔག་ཏུ་མེད་པའོ།། རང་གི་རིགས་ཞེས་བྱ་བི་ནི་སྡེ་མ་ཡང་ཤེས་པར་བྱའོ།། མི་བསྐྱོད་པ་ཞེས་བྱ་བ་ནི་ཆོས་ཀྱི་བརྡས་ནི་དོན་ཡོད་པར་གྲུབ་པ་ཡིན་ཏེ། ་དེ་ལྟ་ན་འདི་ནི་རྣམ་པར་སྤྲོས་པའི་ཚུལ་བསྟན་ནས། རྣམ་པར་སྤྲོས་པོ་མེད་པའི་ཚུལ་དུ་རྡོ་རྗེ་སེམས་དཔའ་གསུངས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་ཞེས་གསུངས་པ་ཡིན་ནོ།། སེམས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། ་འདི་ཉིད་ནི་སངས་རྒྱས་ཐམས་ཅད་བཟློག་པའི་དབྱེ་བས་རྣམ་པར་སྤྲོས་པ་ནི་གསང་བའི་སྙིང་པོ་བཏུས་པའི་ཚུལ་ཡིན་ནོ།། ལྷ་ཉིད་དུ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པར་རོ།། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞེས་བྱ་བ་ནི ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་དབྱེ་བ་བསྒོམ་པས་སོ།། དེ་ལ་སྤྱོད་པའི་ཆོ་ག་འདི་ནི་ལངས་ནས་དག་པའི་སེམས་དཔའི་རང་གི་ལྷའི་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་གསུམ་གྱིས་བཤད་པོ་ཡིནོ།། ་སངས་རྒྱས་རྗེ་སུ་དྲན་པར་སྦྱོར་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་དྲན་པ་བཅུ་དྲུག་སྟོན་ཏེ། སྔར་མཐོང་བའི་དོན་ལ་ཕྲ་མོའི་རྣལ་འབྱོར་གྱི་གནས་སྐབསུ་མཚན་མ་རྣམ་པ་ལྔ་བྱུང་ནས། སྤྲོ་བ་ལ་སོགས་པའི ་ཚུལ་གྱིས་ཕྱིས་དྲན་པར་བྱ་བ་ཡིན་པས་ན་རྗེ་སུ་དྲན་པའོ།། སངས་རྒྱས་ཏེ་རྣམ་པར་མ་སྣང་མཛད་ཀྱི་རྗེས་སུ་དྲན་པ་ལ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱིས་བསྒོམ་པར་བྱའོ།། ཆོས་ཏེ་འོད་དཔག་ཏུ་མེད་པའི ་རྣམ་པ་རྗེསུ་དྲན་པ་བསྒོམ་པ་ལ་ནི་སྐུ་དང་གསུང་དང་ཐུགས་ཀྱང་བསྒོམས་ཞིང་རྗེ་སུ་དྲན་པར་བྱའོ།། རྡོ་རྗེ་སྟ་མི་བསྐྱོད་པོ་རྗེ་སུ་དྲན་པ་བསྒོམ་པ་ལ་ནི་རིགས་ཏེ། གཅིག་དང་གསུམ་དང་ལྷ་ལ་སོགས་པ་རྗེ་སུ་དྲན་པའི་སྦྱོར་བ ་བསྒོམ་པར་བྱའོ།། ཁྲོ་བོ་སྟེ་གཤིན་རྗེ་གཤེད་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པ་ལ་ནི་དམ་ཚིག་ཅེས་བྱ་བ་འོག་ནས་བཤད་པའི་རྣམ་པ་གཞན་གྱི་རྗེསུ་དྲན་པའི་ཡང་དག་པར་སྦྱོར་བ་བསྒོམས་ན་བྱང་ཆུབ་འཐོབ་པར ་འགྱུར་རོ།། གལ་ཏེ་རྗེསུ་མཐུན་པའི་མཚན་ཉིད་དང་ལྡན་པ། རྙེད་ན་ཕྱི་རོལ་གྱི་རིག་མའི་རྣམ་པར་དག་པ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བྱིན་གྱིས་བརླབ་པའི་གནས་གསུམ་གྱིས ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བེརླབ་པས་སོ།། སྤྱན་ཞེས་བྱ་བ་ནི་རང་སྣང་བའི་རིག་པའོ།། རྡོ་རྗེ་དང་པདྨའི་རྣམ་པར་དག་པ། གསུངས་པ་ནི་ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཡཾ་གེ་ཧཱུཾ་གིས་རྡོ ་པདྨ་འདབ་མ་བརྒྱད་པར་གྲུབ་པ་ལྔ་བརྟག་པར་བྱའོ།། ཡི་གེ་ཨོཾ་ནི་རྡོ་རྗེའི་ནོར་བུའི་ཆ་གྲུབ་པར་བྱ་བའི་བྷི་རོ།། ཡི་གེ་ཕཊ་སེར་པོ་ནི་གཉི་གའི་དབབ་པ་ནོད་པ་ལའོ།། ཡི་གེ་ཨཿནི་སྣ་ཚོགས་པདྨའི་ལྟེ་བ་གྲུབ་པ་ལ་སྦྱར་རོ།། བཤད་མ ་ཟག་པའི་རྗེསུ་དྲན་པ་བཅུ་དྲུག་ཏུ་ཕྱེ་བ་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་གཟུགས་ཞེས་བྱ་བ་ནི་སྣའི་རྩེ་མོར་གནས་པའི་མཚན་མའི་ལྟ་བའི་འཁོར་ལོ་ལ་བདག་པོ ་རྣམ་པར་སྣང་མཛད་སྤྲོ་བར་བྱ་སྟེ། འདི་ནི་ཉེ་བར་མཚན་པ་ཡིན་གྱི། བསྡུ་བ་ལ་སོགས་པ་ཡང་བལྟ་བར་བྱའོ།། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་འམ་ཡཱ ་ན་རྡོ་རྗེ་སེམས་ད་པའོ།། རང་གྲི་ཁུ་བའི་ཐིགས་པ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཐིགས་པ་སྔོན་དུ་འགྲོ་བའི་སངས་རྒྱས་དང་། རྡོ་ཛྷ་སེམས་དཔའ་བསྒོམ་པར་བྱའོ།། དམ་ཚིག་རྗེས་དྲན་པའི་རབ་ཏུ་དབྱེ་བ་ནི་དཀྱིལ་འཁོར ་རྗེ་སུ་དྲན་པ་ཡིན་ནོ།། རང་གི་ཁུ་བ་དག་དབྱུང་ཞེས་བྱ་བར་སྦྱོར་ཏེ། དེ་ལས་བྱུང་བའི་དཀྱིལ་འཁོར་ཡིད་དཐུང་བར་བྱའོ།། དཀྱིལ་འཁོར་ཚུལ་དུ་བྱ་བ་ནི་དཀྱིལ་འཁོར་གཞན་གཅིག་ཏུ་སྤྲོ་བའི་བདག་ཉིད་ཅན་ནོ།། ཕུང་པོ་ལྔ ་ཡིས་རབ་ཏུ་རྒྱས་ཞེས་བྱ་བ་ནི་རྣམ་པར་དག་པའི་གཟུགས་ལ་སོགས་པའི་ཕུང་པོས་གང་བའོ།། སེམས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་སེམས་རྗེས་སུ་དྲན་པའོ།། མཁའ་དང་མཚུངས་པར་སྤྱོད་པར་འགྱུར་བ་ཞེས་བྱ་བ ་ནི་ན་མཁའ་དང་མཉམ་པར་ཀུན་ཏུ་རྒྱུ་བའི་ངང་ཚུལ་ལོ།། སྐུ་དང་གསུང་དང་ཐུགས་གཅིག་ཏུ་བསྡུས་པའི་རྗེསུ་དྲན་པ་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་ར ་བཞིན་གྱི་སྒྱུ་དང་གསུང་དང་ཐུགས་ཏེ། དེ་རྣམས་ཀྱི་རྗེས་སུ་དྲན་པ་ནི་བསྒོམ་པའོ།། སྔགས་ཀྱི་རྡོ་རྗེའི་སྐུ་གང་ཡིན་པ་ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་ཅན་གྱི་སྐུ་གང་ཡིན་པའོ།། ཇི་ལྟ་བུ་ཞེ་ན་གསུངས་ཞེས ་བྷ་བ་སྟེ་བྱིན་གྱིས་བརླབ་པའི་ཚིགས་པ་ཊ་བྷཱུ་སྟུག་སོ།། བྷཱུ་ཡིས་རྣམ་བསྒོམས་པས་ཞེས་བྱ་བ་ནི་རྣམ་པར་དག་པའི་སྐུས་རྣམ་པར་བསྒོམས་པའོ།། བདག་གི་ཡང་ལུས་དེ་དང་འདྲ་བར་འགྱུར་ཞེས་བྱ་བར་སྦྱོར་རོ།། ཡང་དམ ་ཚིག་རྗེ་སྡེ་སྱཱ་དྲན་པའི་དབྱེ་བྱ་གསུངས་པ་དེ་ནི་དེ་ལ་ཞེ་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་རང་གི་སོར་སྣང་འ། པ་\ུ0f7f་ཝཾ་ཨོཾ་གྱིས་བྱིན་བརླབས་རླུང་དང་ནི་ཞེས་བྱ་བ་ལ་སོགས་པ་ཥྚ་ཤུད་པའི་རིམ་གས་སོ།། བས་ངན ་ཞེས་བྱ་ནི་རློ་གཅིག་པར་བྱའོ།། མ་སྐྱེས་པ་ཞེས་བྱ་བ་ནི་བྱིས་པས་བརྟགས་པའི་རྣམ་པསོ།། བྱང་ཆུབ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་ནི་རང་ལས་ཐ་དད་པཟློག་པར་བྱེད་པ་ཡིན་ནོ།། དེ་ཉིད་ནི་རང་བཞིན་གྱིས་འོད ་གསལ་བའི་ཡེ་ཤེས་གཅིག་པུ་མཐོར་ཐུགས་པའི་གནས་སྐབསུ་མ་རིག་པས་ལྡོངས་པ་ལས་ལྡོག་པའི་དབྱེ་བས་བྱང་ཆུབ་མངོན་པར་རྫོགས་པ་ལ་སོགས་པའི་ངོ་བོར་བརྟགས་པ་དང་། གཞན་གྱི་དབང་དང་ཡོངསུ ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རིགས་པ་སྣ་ཚོགས་པ་བཞིན་དུ་རབ་ཏུ་ཤེས་ཤིང་སྟོན་པ་ཡིན་ལ། དོན་དམ་པར་ནི་དེ་ཐམས་ཅད་དབྱེར་མེད་པ་ཉིད་ཡིན་ནོ།། དེ་ཉིད་ཀྱང་ཤིན་ཏུ་གོམས་པའི་དབང་གིས ་གཉིས་སུ་མེད་པའི་ཚུལ་གྱིས་གསལ་བར་འགྱུར་བ་ཡིན་ནོ།། མཚན་མེད་ཅེས་བྱ་བ་ནི་ཕྱི་རོལ་གྱིས་མཚན་མ་མེད་པའི་ཕྱིརརོ།། རིགས་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་ནི་ཞེ་སྡང་གི་རིགས་མཆོད་པ་རྗེསུ་དྲན་པའོ།། ་ཚྭ་འདི་ཉིད་ལ་ཞེས་བྱ་བ་འདིར་ནི་ཉིན་མཚན་གྱི་སྦྱོར་བས་ཞེས་བྱ་བར་ཤེས་པར་བྱའོ།། སྤྱིའི་དངོས་གྲུབ་གཞན་རྣམས་ནི་འདི་ཉིད་ཀྱི་ནང་དུ་འདུས་སོ་ཞེས་པ་སྟོན་པའི་ཕྱིར། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུང ་སོ།། 8གང་གཞན་ཕྲ་མོ་ཞེས་བྱ་བ་ནི་རིག་པ་འཛིན་པ་དང་། མི་སྣང་བ་ལ་སོགས་བློའི་དངོས་གྲུབ་རྣམས་སོ།། དེ་ལྟར་ན་རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་ནི་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་དུ་དེ་དང་དྭེར་སྤྲོ་བ་ལ་སོགས ་པ་རབ་ཏུ་སྟོན་པ་ཉིད་ཀུན་ཏུ་བཟོང་པོ་ལ་ས་བཤད་པ་ཡིན་ནོ།། ལེའུ་བདུན་པའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པས་བརྒྱད་པ་དམ་ཚིག་ལེའུ་གསུངས་པ་ཡིན་ཏེ། ཐར་པའི ་ལམ་ནི་རབ་སྟོན་པ་ཞེས་བྱ་བ་ལ་ཐར་པའི་བྱང་ཆུབ་སྟེ། དེའི་ལམ་ནི་དཀྱིལ་འཁོར་གྱི་རྣམ་པའི་ལམ་གྱི་བདེན་པ་སྟེ། དེ་རབ་ཏུ་སྟོན་པ་ཞེས་བྱ་བའི་དོན་ཏོ།། གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ། ལན ་གསུངས་པ་ནི་དེ་ནུས་རྒྱལ་པོ་རྡོ་རྗེ་འཛིན་ཅེས་བྱ་བ་སོགས་པ་གསུང་སོ།། རྡོ་རྗེ་རིན་ཆེན་འཛིན་ནས་བྱ་བ་ལྔ། རྡོ་རྫུགས་རིན་པ་ཆེ་སྟེ། ངེ་འཛིན་པ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་མི་ཕྱེད་གསུམ་གནས་པ་ནས། ་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ལ་མི་བྱེད་པས་གནས་པའོ།། བྱོལ་སོང་སྐྱེ་གནས་བརྟག་ཅེས་བྱ་བ་ནི་བཤད་པའི་ན་ཚོད་ཀྱི་ཚང་ལས་ལྷག་པ་དང་། མ་ཚང་བའང་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། བསམ་གཏན ་གྱི་གནས་སུ་གསུངས་པ་ནི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྟེ། གཙང་ཞིང་ཞེས་བྱ་བ་ལ་སོགས་པ་ནི་གཙང་སྦྲ་དང་ལྡན་པའོ།། རྒྱལ་བ་ཉིད་སྐྱེས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལས་བྱུང་བའོ།། དེ་ཡང་ཙན་ངན ་བྱུང་པོ་ལ་སོགས་དྡྷིས་ཐུགས་ཤིང་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ།། རིགས་ལྷའི་ཚོགས་བྱ་བ་གསུངས་པ་ནི་ནུ་མའི་ཞེས་བྱ་བ་ལ་སྩོགས་པོ་སྟེ། ནུབ་མཱའི་བྱུ་ཞེས་བྱ་བ་ལྱཱ་ནི་སྦྲིང་ཁ་རོ།། གླང་པ་རྒྱུས ་ཀྱི་བར་ཞེས་བྱ་བ་ནི་སྤྱི་བོར་རོ།། རླུང་བའི་བར་ཞེས་བྱ་བ་ནི་བཱཪྵ་གཉིས་ཀྱི་མཚམས་ལ་སོགས་པར་རོ།། ལྟེ་བ་དང་རྐང་པ་དང་གསང་བར་རྒྱལ་བའི་ངོ་བོ་ཉིད་ཀྱི་ས་བོན་རིགས་ལྔའི་དགོད་པ་བྱའོ།། ཆོ་ག་ཤེས་པས་ཞེས་བྱ་བ་ནི་ལྷ་མོ ་བསྐྱེད་པའི་ཡན་ལག་བཞི་ལ་སོགས་པའི་ཆོ་ག་ཤེས་པའོ།། དེ་ཉིད་བསྟན་པ་ནི་ན་མཁའི་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བ་སྟེ། ཁང་པ་བརྩེགས་པའི་དབུས་ན་གནས་པའོ།། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་ཤེས་རབ་བོ།། ་དེ་ཉིད་ཀྱི་བདག་ཉིད་ནི་ཡེ་ཤེས་སེམས་མ་ཕྱག་མཚན་གྱི་ལྟེ་བའི་ཟླ་བའི་དབུས་སྨྲ་དེའི་སྙིང་ཁར་བསྒོམ་པར་བྱའོ།། དེ་ལྟར་སོ་སོར་བསྐྱེད་ནས་བདག་དང་ལྷན་ཅིག་ཏུ་བྱའོ་ཞེས་གསུངས་པ་ནི་ཞི་བུ་རྡོ་རྗེ་ཞེག་བྱ་བ་ལ་སོགས་པ ་གསུངས་སོ།། ཞི་བ་རྡོ་རྗེ་འཛིན་ཅེས་བྱ་བ་ནི་རྣལ་འབྱོར་པའོ།། འདོད་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་འདིད་ན་དེ་ལོ་བརྟེན་པའོ།། ཤེས་རབ་དེ་ཉིད་ཁྱད་པར་དང་བཅས་པར་གསལ་བར་གསུངས་པ་ནི་རིན་ཆེན་ཞེས་བྱ་བ་ལ་སོགས ་པསྟེ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཇི་ལྟར་མཛེས་པ་བཞིན་དུ། མཆོད་རྟེན་ཞེས་བྱ་བ་ཁང་པ་བརྩེགས་མ་བསྒོམས་ལ། དྭེར་ཡེ་ཤེས་ཀྱི་རྒྱུ་མཚོ་ཞེས་བྱ་བ་ཤེས་རབ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གནས་སུ་གྱུར ་བ་དེ་ཡིན་པར་རྣམ་པར་བསམ་པར་བྱའོ།། དེ་ནི་འདི་ལྟར་དེ་བཞིན་རང་གི་ལྷར་འདྲ་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ།། ད་ནི་མཆོད་པའི་ཆོ་ག་གསུངས་པ་ཡིན་ཏེ། དེ་བདག་གི་བ་སྤུ་ཞེས་བྱ་བ་ལ་སོགས་པ་ལ། ཨཏྤ་ལ ་ཞེས་བྱ་བ་ནི་ཐབས་ཀྱི་ཆ་རྣམ་པ་ལྔའོ།། པདྨ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་ཤེས་རབ་ཀྱི་ཚེ་རྣམ་པ་ལྔའོ།། དེ་ནི་འདི་ལྟར་གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་ལྔས་ཡོངསུ་རྒྱས་པར་བཤད་པ་ཡིན་ནོ།། ཛཱ་ཏྲི་རྣམ་གསུམ་ཞེས ་བྱ་བ་ནི་དམན་པ་དང་བར་མ་དང་མཆོག་གི་གནས་ཀྱི་དབྱེ་བའི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེའོ།། མེ་ཏོག་ཀར་ནི་ཀར་དང་ཞེས་བྱ་བ་ལ་སོགས་པའི་མེ་ཏོག་བཞིས་ནི་སྤྱན་ལ་སོགས་པ་བཞི་ཡིན་པར་འདོང་ངོ་།། དེ་ལྟར་ན ་ལྷ་མོ་བཅུ་པོ་འདི་དག་གིས་མཆོད་པའི་སྤྲིན་ཀུན་སྤྲོ་བ་ལ་སོགས་པའི་ཚུལ་གྱིས་རབ་ཏུ་བརྟག་པར་བྱའི། མེ་ཏོག་ཇི་ལྟ་བ་ཉིད་དུ་ནི་གཟུང་བར་མི་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། མེ་ཏོག་ཅེས་ནི་གང་ལ་བགྱི ་ཞེས་བྱ་བ་ལ། ལྷ་མོ་དགུ་དང་མ་མཁའི་དབྱིངས་ཞེས་གསུངས་པའི་ཕྱིར་རོ།། མཆོད་པའི་ཁྱད་པར་ཉིད་གསུངས་པ་ནི་དཔག་ཚད་ཅེས་བྱ་བ་ལ་སོགས་པའོ།། མཚན་མ་ཡང་མཆོད་པའི་དོན་དུ་སྤྲོ་བ་ལ་སོགས་པའི་ཚུལ་གྱིས ་བསྒོམ་པར་བྱའོ་ཞེས་གསུངས་པ་ནི་པདྨ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ།། གསང་བའི་མཆོད་པ་གསུངས་ནས། ཕྱིའི་མཆོད་པ་ཡང་དབུལ་བའི་རྣམ་པར་དག་པ་གསུངས་པ་ནི་རིན་ཆེན་ན་བཟའ་ལ་སོགས་པ་ཞེས་བྱ་བ་ལ་སོ། ་བ་སྟེ། ཕྱིའི་ཡང་སེམས་ཅན་གྱིས་ལྷག་པར་སྤྲུལ་པས་སྦྱིན་པའི་ཕྱིར་མཆོད་པ་བྱའོ།། ཞེས་བྱ་བའི་དོན་ཏོ།། ཐབས་ལ་མཁས་པའི་རྣལ་འབྱོར་པས་འདོད་པའི་མཆོག་ལ་སྦྱོང་བས་ཀྱང་མཆོ་ག་དབུལ་བར་བྱའོ་ཞེས་གསུངས ་པ་ནི་བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ལ་སྟེ་རྣམ་པར་དག་པའི་འདོད་པའི་བློ་ཅན་རྣམས་ལ་དབང་པོ་གཉིས་རེག་པའི་ཡང་དག་པར་སྦྱོར་བ་དེ་དབྱེར་མི་ཕྱེད་པར་བསྒོམ་པས་དབུལ་བྱའོ་ཞེས་བྱ ་བར་སྦྱོར་རོ།། དམ་ཚིག་ལྔ་པོས་མཆོད་པ་གསུངས་པ་ནི་ན་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་བའི་ཁང་པ་རྩེགས་མའི་ནང་དུ་ཆུད་པར་དཀྱིལ་འཁོར་བཀོད་པ་སྟེ། ལྷའི་ཚོགས་ཀྱིས་བདག་ཉིད་ཅན ་རྣམ་པར་སྣང་མཛད་ཡོངསུ་གྱུར་པའི་དཀྱིལ་འཁོར་བསྒོམ་བུར་བྱའོ།། དེའི་དབུས་སུ་བདག་གིས་ལུས་དེ་བཞིན་གཤེགས་པའི་རང་བཞིན་དུའོ།། དེ་ཉིད་ཀྱིས་ན་བླ་མའི་རང་བཞིན་གྱི་དམ་ཚིག་རྣམས་ཀྱིས་མཆོད་པར་བྱའོ།། ་བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་བློ་དང་ལྡན་པའོ།། དེ་ལྟར་ན་འདི་དག་ཐམས་ཅད་ནི་པད་ནང་རང་གི་ས་བོན་འོད་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་རྫོགས་པར་བྱའོ།། དམ་ཚིག་གིས་ཡོངས ་སུ་གཅོད་པ་དམ་ཚིག་གི་ལེའུའོ།། ལེའུ་བརྒྱུད་པའི་འགྲེལ་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་དགུ་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག ་ཉིད་དུ་བྱས་པའོ།། དེ་ཉིད་ནི་རྡོ་རྗེ་གསུམ་པོ་མི་ཕྱེང་བའི་དཀྱིལ་འཁོར་ཡིན་ཏེ། དེ་ལྟ་བུར་གྱུར་པ་དེ་བཤད་པའོ།། བསམ་གཏན་ལས་བྱུང་བའི་ལས་ཀྱི་ཆོ་ག་གསུངས་པ་ནི་ན་མཁའི་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས ་དཀྱིལ་འཁོར་ཉེས་བྱ་བ་ནི་རྣམ་པར་སྣང་མཛད་ཡོངས་གྱུར་པའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྡོ་རྗེ་མི་བསྐྱོད་པ་རབ་ཏུ་བསྒོམས་ནས། དེའི་ལག་ཏུ་རྡོ་རྗེ་བསྒོམས་པར་བྱའོ།། དེ་ལྟར་ཅི་རིགས་པར་ལྷ་བཅུ་དགུ་དང་ལྡན ་པའི་འཁོར་ལོ་བསམས་ལ། བསྒྲུབ་པར་བྱ་བ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ། དམྱལ་བ་ལ་སོགས་པར་མངོན་པར་ཕྱོགས་པ་ལ་བལྟས་ཏེ། དེ་ལས་གདོན་པར་འདོད་པའི་སྙིང་རྗེ་ཆེན་པོས་ནོན་པའི་རྣལ ་འབྱོར་པས་བསྡུ་བའི་དངོས་པོ་རྣམ་པ་བཞིས་བཅོས་པར་མི་ནུས་པ་རྣམས་ལ། ཁ་སྦྱར་དབྱེ་བ་ལ་སོགས་པའི་ཆོ་གས་རྡོ་རྗེས་ཕྱེ་མར་བརླག་པར་བྱའོ།། ཞེས་ཁོང་དུ་ཆུད་པར་བྱའོ།། བདེ་བའི་ཁྱད ་པར་ལ་ཆགས་པས་མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ།། དེ་བཞིན་དུ་གཞན་དག་ཏུ་ཡང་ཤེས་པར་བྱའོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི། གདུག་པ་རྣམས་ཏེ། དེ ་བསང་པའོ།། དེ་ཡང་རྣལ་འབྱོར་པ་འདི་ལྟ་བུ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ལྟ་བུ་ཁང་པར་དུ་འཕགས་པའི་སྔགས་ཀྱི་སྦྱོར་བའི་བསྒྲུབ་པས་བསད་པའི་མཐུས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི ་སྨྲས་སུ་སྐྱེ་བར་འགྱུར་ཏེ། བསོད་ནམས་དེའི་སྟོབས་ཀྱིས་རྣལ་འབྱོར་པ་དེ་ཡང་དེ་བཞིན་དུ་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་རོ།། དེ་ལྟར་ན་འདི་ནི་ཞེ་སྡང་གི་རིགས་ཀྱི་ངོམ་ཚིག་དེ་ཁོ་ན་ཡིན་པར་ཤེས་པར་བྱའོ།། ་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ཞེས་བྱ་བ་ནི་གཏི་མུག་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་ལ་ཡང་ཆོ་ག་འདི་ལྟ་བུར་ངམ་ཆོག་འགལ་བ་མེད་དོ།། ཞེས་བྱ་བའི་དོན་ཏོ།། སེར་སྐྱས་བསྒྲུབས་པའི་ཡི་དགས་ལ་སོགས ་བའི་འགྲོ་བ་དགག་པར་བྱ་བའི་ཕྱིར། མ་བྱིན་པར་ལེན་པ་རྣམ་པར་དག་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ།། སངས་རྒྱས་ཐམས་ཅད་ཅེས ་བྱ་བ་ན་དཀྱིལ་འཁོར་བའི་ལྷ་རྣམས་རྣམ་པར་བསྒོམ་པར་བྱ་བ་སྟེ། འདི་ངག་ཀྱང་ཐམས་ཅད་དུ་ཤེས་པར་བྱའོ།། རིན་ཆེན་ཀུན་གྱི་ཞེས་བྱ་བ་ནི་རྫས་རྣམས་ཀྱི་སྟེ། སྦྱོར་བ་ཡིས་ཞེས་བྱ་བ་ནི་རྒྱུས་སོ།། རྡོ་རྗེའི་གཟུགས་ན ་སངས་རྒྱས་ཀྱི་གཟུགས་ཏེ། རབ་ཏུ་བརྟག་པ་ནི་དེའི་ངོ་བོ་ཉིད་དུ་སེར་སྣ་ཅན་ཐམས་ཅད་།། དེ་ལས་ནོར་རྣམས་ཐམས་ཅད་སྐུ་ལ་སོགས་པའི་རྡོ་རྗེས་དབྲོག་པོར་བསྒོམ་པར་བྱའོ།། དེ་ལས་ནོར་ཐམས་ཅད་ཕྲོགས ་ནས་ཀྱང་། ཡང་དེ་ནོར་དང་ལྡན་ཞིང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སྦྱིན་པ་པོར་འགྱུར་ཞིང་རྣལ་འབྱོར་པ་རྣམས་ལ་ཡང་འདི་ལྟ་བུའི་བསོད་ནམས་ཀྱི་ཚོགས་སྐྱེ་བར་འགྱུར་ཏེ། བསམ་པ་ཡོངསུ་དག་པ་ཡིན་པ ་ཕྱི་རོ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། དགེ་བའམ་ཡོད་ན་མི་དགེ་བ།། ཐམས་ཅད་དགེ་བ་ཉིད་དུ་གྱུར་ཏེ། གང་ཕྱིར་དེ་ཡིད་དབང་གྱུར་ཡིན་ཞེས་བཤད་པ་ལྟ་བུའོ།། གཏི་མུག་ལ་སོགས་པའི་དམ ་ཚིག་གི་དེ་ཁོ་ན་ཉིད་འདི་ནི་ཞེ་སྡང་གི་རིགས་ཀྱི་རྣལ་འབྱོར་པ་རྣམས་ལ་ཡང་དགག་པ་མེད་པ་ཡིན་ནོ།། ཕྲག་དོག་ཅན་གྱི་སྐྱེས་བུ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། འདོད་པས་ལོག་པར་གཡེམ་པའི་སྤྱོད་པ ་རྣམ་པར་དག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། པདྨའི་དཀྱིལ་འཁོར་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཏོ།། བུད་མེད་ལྟ་བུར་ཡང་དག་པར་སྦྱོར་བར་ཁམས་གསུམ་ན་གནས་པ་ཐམས་ཅད་བསྒོམ་པ ་བྱའོ།། དམ་ཚིག་བཞིའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་དུས་བཞིའི་སྦྱོར་བ་འམ། ཕྱག་རྒྱ་བཞིའི་སྦྱོར་བ་དང་། དབང་པོ་གཉིས་ཀྱི་སྦྱོར་བས་བུད་མེད་དེ་དག་ཐམས་ཅད་ཉེ་བར་སྦྱང་བར་བྱའོ་ཞེས་པའོ།། ་གལ་ཏེ་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས་བུད་མེད་འགའ་ཞིག་རྗེས་སུ་ཆགས་པར་གྱུར་ན་དེའི་ཚེ་འདི་ལ་ཡང་རྣམ་པར་དག་པ་འདི་ཉིད་ཀྱིས་དེས་ཉེ་བར་ལོངས་སྤྱད་པར་བྱའོ།། འདི་ནི་འདོད་ཆགས་ཀྱི་རིགས་ཀྱི་དམ ་ཚིག་སྟེ། སྦྱོར་བ་གཞན་དག་ལ་ཡང་ཤེས་པར་བྱའོ།། དེ་ལྟར་ན་ལུས་ཀྱི་ལས་རྣམ་པ་གསུམ་རྣམ་པར་དག་པ་བསྣུན་ནུས། རྫུན་དུ་སྨྲ་བ་རྣམ་པར་དག་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ ་ཡིན་ཏེ། རྡོ་རྗེ་ཐོགས་མེད་ཅེས་བྱ་བ་ནི་གདོན་མི་ཟོ་བར་གྲུབ་པ་སྟེ། གཞན་དག་ལ་ཕན་པར་བྱ་བའི་ཕྱིར། ལྷའི་ཁྱིར་ལོ་དང་ལྡན་པའི་རྫུན་དུ་སྨྲ་བ་དེ་ཉིད་ནི་རྡོ་རྗེའི་ཚིག་སྟེ། དེ་ཉེ་བར་མཚོན་པའི་ལྷ་ཐམས་ཅད་ཀྱི ་གཟུགས་བསྒོམ་པར་བྱའོ།། ན་མཁའི་གསུང་ཞེས་བྱ་བ་ནི་གསུང་གི་རང་བཞིན་གྱི་དམིགས་སུ་མེད་པའི་ཡེ་ཤེསོ།། དེ་ཉིད་ཀྱིས་ནི་ཤིན་ཏུ་དྲི་མི་མེད་པའོ།། འདི་ནི་དམ་ཚིག་དགུག་པའི་ཕྱིར་རིགས་ཀྱི་དམ་ཚིག་དེ་ཁ ་ན་ཉིད་དེ། སྦྱོར་བ་གཞན་དག་ལ་ཡང་སྦྱར་བར་བྱའོ།། ཚིག་རྩུབ་མོ་སྨྲ་བ་ལ་སོགས་པའི་རྣམ་པར་ངག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ནི་འདའ་བར་མི་བྱ་བོའི་མཉམ་པ་ཉིད་ཀྱི་ངོ་བོ་ཉིད ་དེའི་དཀྱིལ་འཁོར་རོ།། དེ་ལྟར་དཀོན་མཆོག་དཔལ་བདག་པོར་རབ་ཏུ་བསྒོམས་ལ། སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལྷ་རྣམས་ཀྱིས་ཕན་ཚུན་རྩུབ་མོའི་ངག་ལ་སོགས་པ་འདི་དག་སྟེ། ཚིག་དེ་གདུལ་བྱའི་སྐྱེ་བོ ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། སྤྲོ་བར་བྱའོ།། སོགས་པའི་སྒྲ་ལ་སོགས་པ་འདི་དག་གིས་ནི་སྟོང་པ་ཉིད་དུ་ཅོད་པ་ལ་སོགས་པ་གཟུང་སྟེ། ངེས་ལྷ་རྣམས་ཀྱི་འཁོར་ལོ་བསྟན་ན་བླ་ན་མེད་པའི་ཡེ་ཤེས ་འཐོབ་པར་འགྱུར་རོ།། དེ་ལྟར་ན་འདིས་ནི་ངག་གི་ལུས་རྣམ་བཞི་རྣམ་པར་དག་པ་གསུངས་ནས་ནི་སེམས་རྣམ་པར་དག་པ་ནི་ལུས་དང་ངག་གི་ལས་ཡིན་ལ། སེམས་རྣམ་པར་དག་པར་བྱེད་པ་ནི་གཞན་དག་མེད་དེ།། ་དེ་བས་ནུ་བདག་ཉིད་དེ་རྣམ་བཱར་དག་པར་བྱེད་པ་ཡིན་ནོ།། སེམས་རྣམ་པར་དག་པ་དེ་ཡང་དེ་དང་དེར་མང་དུ་གསུང་པ་ཉིད་ཡིན་ནོ།། གནོད་སེམས་ལ་སྩོགས་པ་ཡིད་ཀྱི་མི་དགེ་བ་རྣམ་པ་གསུམ་རྣམ་པར་དགུ་པ་ནི་འདིར་མི ་གསུང་སོ།། དོན་འདི་ཉིད་ཀྱིས་ནི་རྗེས་སུ་མཐུན་པའི་འགྲོ་བའི་དོན་རྣམས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་སྨྱོས་པ་ཡིན་ནོ།། མ་འོངས་པའི་འགྲོ་བ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ངོ་མཚར ་ལ་སོགས་པ་བརྗོད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངམ་ཚིག་གི་རྡོ་རྗེ་ནི་གདོན་མི་ཟ་བར་གྲུབ་པའོ།། དཔལ་ནི་སྒྲིབ་པ་ཐམས་ཅད་སེལོ་བ་སྟེ། དེ་ལ་སོགས་པ ་པ་བས་སྟེ། དེ་ནས་རྡོ་རྗེའི་ཚིག་འདི་སྨྲས་ཞེས་བྱ་བར་སྦྱར་རོ།། རྨད་བྱུང་ཆེན་པོ་ཞེས་བྱ་བ་ནི་གལ་ཏེ་འདིས་ནན་ཏན་དུ་བྱས་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ།། དག་པ་ལས་ཞེས་བྱ་བ་ནི་འགལ་བའི ་ལས་རྣམ་པར་དག་པ་ཡིན་པའི་ཕྱི་རོ།། ཀུན་རྫོབ་ཅེས་བྱ་བ་ནི་སྦྱོར་བ་འདི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང་། གཟུང་བ་ལ་སོགས་པ་སྤྲོས་པ་སྣ་ཚོགས་པ་དེ་ནི་ཀུན་རྫོབ་ཡིན་ནོ།། ཇི་སྐད་དུ་སུ་མོ་ཅུ་པ་ལས་ཀྱང་། ་བདག་དང་ཆོས་སུ་ཉེར་འདོགས་པོ།། སྣ་ཚོགས་དག་ནོ་གང་བྱུང་བ།། དེ་ནི་རྣམ་པར་ཤེས་པར་གྱུར་ཅེས་བཤད་པའི་ཕྱིར་རོ།། ལེའུ་དགུ་པའི་འགྲེལ་པའོ།། ། མིའུ་ནུ་པར་དེ་བཞིན་ག་ཤེས ་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པར་བསྐུལ་བ་བསྟན་པ་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ན་ཡང་མི་གནས་མཉམ་པ་ཉིད་ཅེས་བྱ་བ་ནི་མཉམ་པ་ཉིད་ཀྱིས་གང་ན་ཡང་མི་གནས་པ་སྟེ། རྟེན་དང ་བརྟེན་པ་པོར་གྱུར་པས་མཉམ་པ་ཉིད་དུ་གྱུར་པ་མེད་པར་ཐལ་བྱར་འགྱུར་བའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་བོ།། དེ་ཉིད་ཀྱི་སྔགས་ཀྱི་ཚུལ་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པ་ལྟ་བུའོ།། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་པའོ།། ཞི་བ་ལ་སོགས་པའི་སྒོ་ནས་བསྐུལ་བས་དེ་ཁོ་ན་ཉིད་ཀྱི་ལས་མཛད་པས་ན་རིག་པོའོ།། དེ་ཡང་ཇི་སྐད་དུ་ཞི་བ་ལ་སོགས་པས་རབ་བསྐུལ་བའི་ལས་རྣམས་བྱེད་པར་རིག་པར་བཤད་པ་ལྟ་བུའོ།། སྔགས ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་རྣམས་ཀྱི་སྙིང་པོ་ཀུན་དུ་བསྐུལ་བ་ནི་དྲག་པོས་ཀྱང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སྐུའི་སྒོ་ནས་རྩོམ་པའི་སྔགས་ཀྱི ་རྣམ་པར་དག་པ་སྟོན་ཏེ། གསུང་དང་ཐུགས་སུ་ཡང་མངོན་པར་བརྗོད་པ་ནི་དེ་དང་ཐ་མི་དད་པའི་ཕྱིར་རོ།། དེ་བཞིན་དུ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་སྒོ་ནས་སོ།། གསུང་གི་སྒོ་ནས་ཀྱང་སྔགས་རྣམ ་པར་དག་པ་གསུངས་པ་ནི་ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་སྟེ། ཚིག་མེད་ཅིང་ཚིག་དང་ལྡན་པ་མེད་དུ་ཟིན་ཀྱང་། ཚིག་གི་ཉེ་བར་དགོད་པས་གསུངས་པའོ།། འདར་ཞིང་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་ཆེ་བའི་བདག ་ཉིད་གསུངས་པ་ཡིན་ཏེ། སྔགས་འདི་ལྷ་མོ་དྲུང་རྡོ་རྗེ་ཅན་གྱིས་རྣལ་འབྱོར་པས་བཟླས་ན། འདི་ལྟ་བུའི་མཐུ་འདི་སྙེད་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ།། ང་ནི་རྒྱལ་བ་སྐྱེད་པར་བྱེད་པོའི་ཡུམ་གྱི་སྐུ་སྐྱེད་པར་བྱེད་པའི་རྒྱུད་རྩུབ ་གཉིས་ཀྱིས་རྗེས་ཐོགས་ལ། ཧཱུཾ་དང་ལྡན་པའི་རྡོ་རྗེ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་བཀོད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀོད་པའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་དཀྱིལ ་འཁོར་རོ།། དེའི་ཞེས་བྱ་བ་ནི་དབུས་མེའི་ཟླ་བའི་གདན་ལ་ཟླ་བ་གཉིས་སུ་ཡོངསུ་གྱུར་པ། དེའི་སྟེང་དུ་ཡི་གེ་ཧཱུཾ་ཡོངསུ་གྱུར་པའོ།། རང་གི་གཟུགས་སུ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ཡོངསུ་གྱུར་པའི་རྡོ་རྗེའི་གཟུགས་དང་གཅིག ་ཏུ་བྱས་པའོ།། ཇི་སྐད་དུ་དཔལ་མཆོག་དང་པོའི་སྙིང་པོ་ལས་བྱུང་བ་ཞེས་བྱ་བ་ནས། དང་པོའི་སྙིང་པོའི་མགོན་བཅས་བསྒོམས་ནས་ནི་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ།། སངས་རྒྱས་ཀྭི་ན་ཞེས ་བྱ་བ་ལ་སོགས་པས་ནི་དེའི་ང་རྒྱལ་སྤངས་ནས་དེ་ལས་རྡོ་རྗེ་འཛིན་པ་བསྐྱེད་པར་གསལ་བར་མཛད་པ་ཡིན་ནོ།། ཇི་སྐད་དུ། ང་རྒྱལ་དེ་ལྡན་མཐུའ་ཡས་སྤྲུལ་པ་ཡིན། ཞེས་བྱ་བ་ལ་སོགས་པས་བཤང་པཱ་ཡིན་ནོ།། དཱ་ནི་དཀྱིལ ་འཁོར་གདོན་པའི་ཕྱིར། དང་པོ་སྟོང་པ་ཉིད་བྱང་ཆུབ་སྟེ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པར་གསུངས་པའི་ཐུན་མོང་གི་བསྙེན་པའི་དོན་དུ་པདྨོའི་ནང་དུ་དཀྱིལ་འཁོར་སྤྲུལ་པ་གསུངས་པ་ནི་རང་གི་དཀྱིལ་འཁོར་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དེ་རཱི་སྔགས་ཀྱིས་ཞེས་བྱ་བ་ནི་བདག་པོའི་ས་བོན་ཉིད་ཀྱིས་རང་གི་དཀྱིལ་འཁོར་སྤྲུལ་པ་ཡིན་གྱི། ལྷ་རྣམས་ཀྱི་སྤྱི་བོའི་ས་བོན་གྱིས་ནི་མ་ཡིནྡྲ་ཎི། ཐཱ་མི་དུང་པར་ཉེ་བར་གཟུང་བ་ལ་ཐ་དད་པར ་ཐལ་བར་འགྱུར་ཞིང་སྔགས་གཅིག་བཟླས་པས་ཐམས་ཅད་ཀྱི་སྔགས་བཟླས་པར་མི་འགྱུར་བའི་ཉེས་པར་ཐལ་བར་འགྱུ་རོ།། དེ་སྐད་དུ་རང་གི་སྙིང་པོ་ལས་བྱུང་མ་ལུས་པའི།། རང་གི་དཀྱིལ་འཁོར་པའི་གཟུགས་བསམས་ལ ་ཞེས་བཤང་པོ་ཡིནོ།། དེ་ནི་བཤད་མ་ཐག་པའི་དག་པོའི་བསྐུལ་བ་དང་། འབྲེལ་པའི་དོན་སྟོན་ཅིང་མངོན་པར་རྟོགས་པ་ཡང་གསུངས་པ་སྟོན་ཏེ། རང་སྔགས་སྐྱེས་བུ་ཞེས་བྱ་བ་ནི་རང་གི་ས་བོན་གྱི་བདག་ཉིད་ཅན་གྱིས ་སྐྱེས་བུ་བསམ་ལ། གནས་བཞི་རྣམས་ཞེས་གསུངས་པ་ནི་ལྷ་མོའི་ལྦུ་བ་དང་། དབུ་དང་། ལྐོག་མ་དང་། ནུ་མ་གཉིས་ཀྱི་བར་དུའོ།། གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ལ་སོགས་པ་སྟེ། ཞལ་གསུམ་ལྟ་བུའི་སྦྱོར་བས་ཁ ་དོག་གསུམ་དུ་རབ་ཏུ་བསྒོམ་པར་བྱའོ།། འདི་དག་གིས་ནི་ཕྱག་རྒྱ་བཞི་གསུངས་པ་ཡིན་ནོ།། སྙིང་ཁའི་དབུས་སུ་ཞེས་བྱ་བ་ནི་རང་རང་གི་མཚན་མའི་དབུས་སུ་ཆུད་པའོ།། ཕྲ་མོའི་དཀྱིལ་རྣམས་ནི་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་བསམ་པའོ།། ད་ནི་ཇི་སྐད་དུ་རང་སྙིང་ཟླའི་རྡོ་རྗེ་ལྟ་བའི་དབུས་སུ་གནས་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེའི་ཞེས་བྱ་བ་ནི་མཚན་མའི་འོ།། དབུས་སུ་བསམ་པར་བྱ་བ་ནི ་རང་རང་གི་ས་བོན་གྱི་ཡི་གེ་སྟེ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཚིག་བསམ་པར་བྱའོ།། རྗེས་སུ་མཐུན་པའི་ས་བོན་ཡོངསུ་གྱུར་པའི་མཚན་མ་ཕྲ་མོ་བསྟན་པའི་ཕྱིར་གསུངས་པ་ནི་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ།། རྟག ་ཏུ་ཞེས་བྱ་ནི་ཐུན་མཚམས་བཞིར་རོ།། སྦྱོར་བྱས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་སྟེ། དེ་ལས་བྱུང་བྱའི་སྒྲ་ལ་སོགས་པའི་རྡོ་རྗེ་གསུམ་རྣམ་པར་བསམ་པར་བྱའོ།། རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས་ཞེས་བྱ་བ་ནི་འོད་ཟེར ་གཟུགས་ཅན་དགུག་པའི་རྡོ་རྗེ་ལྕགས་ཀྱི་རྡོ་རྗེའི་དབྱེ་བ་སྟེ། ལྕགས་ཀྱུ་ངེས་ལྷ་རྣམས་ཀྱི་སྙིང་ཁར་དགུག་པའི་ཕྱིར། བརྡབ་པར་བྱ་འམ། ལྷ་རྣམས་ཉིད་རབ་ཏུ་བསྐུལ་པོར་བྱའོ།། དོན་འདི་ཉིད་རབ་ཏུ་བསྒྲེ་བའི་ཕྱིར་གསུངས ་པ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་ངོ་བོ་ཉིད་ནི་པདྨའི་རིག་སོ།། སོགས་པ་ཞེས་སྨོས་པ་ནི་འཁོར་ལོའི་རིགས་ཏེ། འདི་དག་ཅང་རྡོ་རྗེའི་བདག་ཉིད་ཅན་ཡིན་ལ། རང་རང་གི་མཚན་མ་ལྕགས་ཀྱུ་དང ་སྙིང་ཁར་བསྐུལ་བ། དགུག་པའི་ཕྱིར་བསྒོམ་པར་བྱའོ།། རོལ་མོ་ལས་བྱུང་བ་ཞེས་བྱ་བ་ནི་ཀུན་དུ་གཟིགས་པ་ལ་སོགས་པ་སེམས་ཅན་གྱིས་དོན་གྱི་བྱ་བ་ནི་རོལ་མོ་སྟེ། འདི་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ།། ཞག་བདུན་ཞེས ་བྱ་བ་ལ་སོགས་པས་ནི་ཐེག་པའི་ཚོ་བ་ཉིད་སྟོན་ཏོ།། དོན་ནི་འདི་ཡིན་ཏེ། དམ་ཚིགསོ་གསུམ་གྱི་རྣལ་འབྱོར་པ་བཤད་མ་ཐག་པའི་ཡི་གེ་ལྔའི་སྔགས་ཟློས་པ་དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅང་བ་དང་། ་སྒྲོགས་ལ་སོགས་པ་འདིས་བསྐུལ་ན། དམ་ཚིག་པས་འདས་པའི་འཇིགས་པས་སངས་རྒྱས་རྣམས་གཟིགས་པ་མཛད་པ་ཉིད་དུ་ཡང་འགྱུ་རོ་ཞེས་པའོ།། དེ་ལྟར་བཤད་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལྔ ་སོགས་པ་གསུངས་ཏེ། སྔགས་ཀྱི་སྐྱེས་བུ་ནི་ལྷ་རྣམ་སོ།། རྡོ་རྗེ་གསུམ་ནཱི་སྒྲ་ལ་སོགས་པའི་རྡོ་རྗེའོ།། ཡེ་ཤེས་ནི་ཡེ་ཤེས་སེམས་དཔའ་སྟེ། དེས་རྫོགས་པའོ།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི ་བདག་ཉིད་ཅན་དུ་ལྟ་བར་བྱའོ།། འདི་དག་ཀྱང་མཆོག་གི་བསྙེན་པ་ཉིད་ཡིན་ནོ།། དངོས་གྲུབ་ཕྲ་མོ་དག་ལ་ཡང་གཅིག་དང་གཉིས་དང་གསུམ་རྫོགས་པར་བྱ་སྟེ། གཅིག་པུ་ནི་སྙོམས་པོར་ཞུགས་པ་མ་ཡིན་པ་ངག་ཀྱང་བསྒོམ་པར་བྱ ་ཞེས་ཤེས་པར་བྱའོ།། རིག་མའི་དབང་ཕྱུག་ཅེས་བྱ་བ་ནི་རང་སྣང་བའི་ཤེས་རབ་བོ།། ཞུགས་པ་ལ་ཞེས་བྱ་བ་ནི་བསྒོམ་པའོ།། རྡོ་རྗེའི་སྦྱོར་བ་ནི་རྡོ་རྗེ་དང་པདྨ་སྟེ་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ།། འདི་ནི་ཞེས་བྱ་བ་ནི་རིགས་ལྔའི ་ཚོགས་ཐ་མི་དད་པར་བསྒོམ་པར་བྱ་ཞིང་། འཇིག་རྟེན་གྱི་ཁམས་ཐམས་ཅང་ན་བུད་མེང་ཇི་སྙེད་ཡོད་པོ་དེ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྦྱོར་བས་ཉེ་བར་སྦྱང་བར་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་ནི་སྐུ་མདོག་དང་དབྱིབས་ཀྱི་བདག་ཉིད ་ཅན་ནོ།། སོགས་པའི་སྒྲས་མཚན་མའི་ཕྱག་རྒྱ་དང་། ཕྱག་རྒྱ་བཞི་ལ་སོགས་པ་གཟུང་བར་བྱའོ།། ལྕེའུ་བཅུ་པའི་འགྲེལ་པའོ།། ། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལྡེའུ་བཅུག་པུ་གསུངས་པ ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ནི་སྔགསོ་ཡིན་ལ། དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་དང་། དེའི་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་ས་བོན་ཏེ། དེ་ལས་བྱུང་བའི་རིག་པའི་སྐྱེས་བུ་སྟེ། དེ་སྟོན་པར་བྱེད་པའི་ལེའུ་བཅིག་པ་འདི་གསུ ་པའོ།། རྡོ་རྗེ་གསུམ་གྱི་ཡི་གེ་ནི་ཨོཾ་ལ་སོགས་པའོ།། དེ་ཉིད་ནི་སྔགས་ཀྱི་མཆོག་སྟེ། དེས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལྷ་རྣམ་པར་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཟླ་བ་ཞུ་བ ་ལ་གླུ་ཡིས་བསྐུལ་བ་ལ་སོགས་པ་གཞན་དག་ཏུ་གསུངས་པ་འདིར་སྦྱར་བར་བྱའོ།། དེ་ཉིད་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེ་དག་ནི་སྲིང་བ་བར་མ་དོའི་སེམས་ཀྱི་དབང་ཉིད་ཀྱི་སྐུ ་རྡོ་རྗེ་ལ་སོགས་པའི་རྣམ་པར་དག་པའི་ངོ་བོར་གསུངས་པ་ནཱ་ཨོཾ་ནཱཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཡཾ་གཱི་ཧཱུཾ་ནི་ཐུགས་རྡོ་རྗེའི་རྡོ་བ་ཉིད་ཡིན་དུ་ཟིན་ཀྱང་ཕན་ཚུན་ཐ་དད་པ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། སྒྲ་གྲས ་ཐུགས་ཡིན་པསྡུ་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ།། འཁོར་ལ་སོགས་པའི་རིམ་གྱིས་གཞལ་ཡས་ཁུང་གི་ས་བོན་ཟླ་བ་ལ་གནས་པའི་ཡིན་གེ་བྷྲཱུཾ་བཤད་པའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྡོ་རྗེ་ཀུན་ལས་སྐྱེས་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་ཁ་བཞི་པ་སྣ་ཚོགས་པདྨ་ལ་གནས་པའོ།། ཇི་སྐད་དུ་དབུས་གནས་པ་པདྨ་དེར་ནི་སྣ་ཚོགས་རྡོ་རྗེ་མཛེས་ཞེས་སྨོས་པ་ཡིན་ཏེ། དེར་སྐྱེས་པ་ཞེས་བྱ་བའི ་དོན་ཏོ།། སྔགས་ཀྱི་བཟླས་བརྗོད་དང་འབྲེལ་བྱའི་ཡི་གེ་གསུམ་པོ་གང་ནི་དང་བཅས་པ་གསུངས་པ་ནི་རྡོ་རྗེ་དཀྱིལ་འཁོརན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དང་གསལ་བའི་ཆོས་ཀྱི་དཀྱིལ་འཁོར་རྣམས་ཏེ། ཟླ་བྱོའི ་དཀྱིལ་འཁོར་དེ་དག་ལཱ་གནས་པ་ནི་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་སྒྲུབ་བསྒོམ་ཞིང་བཟླས་པར་བྱའོ།། ལྕུག་མ་ཡེ་ཤྱེས་སེམས་ངོ་པའི་དཔ་ཆེན་གྱི་དཀྱིལ་འཁོར་ལ་གནས་པའོ།། དེ་ཡང་རྡོ་རྗེ་གསིལ་ཆོས་འཁོར་ལ ་དེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ཆུང་།། གནས་སུ་དེ་ནི་བརྟན་པོར་བྱས་ནས་ནི། ཡེ་ཤེས་སྐུ་ནི་སྤྲོས་ཤིང་བཟླས་བརྗོད་བྱ་ཞེས་བཤད་པའོ།། ཡང་ན་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་ནི་མི་ཕྱེད་པ་ཉིད་ཡིན ་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ།། འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཉིད་ནི་བམ་པོ་མ་ཡིན་པས་ན་གསལ་བའི་དཀྱིལ་འཁོར་རོ།། མི་བསྐྱོད་པའི་དཀྱིལ་འཁོར་ཉིད་ནི་ཆོས་བདག་མེད་པའི་ངོ་བོ་ཉིད་ཡིན་པས ་ན་ཆོས་ཀྱི་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་འཁོར་ལོ་ལ་གནས་པ་ནས་རིམ་པ་ཇི་ལྟ་བྱ་བཞིན་དུ་ཡི་གེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ཆོ་ག་བཞིན་དུ་ཟློ་བར་བྱའོ།། གང་ཡང་ཕན་ཚུན་དབྱེ་བ་མེད་པའི་བསྟན་པའི་ཕྱིར་རྡོ ་རྗེའི་དཀྱིལ་འཁོར་དབུས་གནས་པར་ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཉིད་ངོ་།། ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམ། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་ངོ་།། ཡི་གེ་ཨ་ནཽ་རྣམ ་པར་བསམ། ཆོས་ཀྱིས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པོའི་དཀྱིལ་འཁོར་ཉིད་དོ།། ཧཱུཾ་གི་རྣམ་པར་བསྒོམ་པར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ། ཕནྡོ་ཚུན་ཐ་མི་དུད་པི་ཡིན་པ་མང་དུ་སྨྲས་ཟིན་པ་ཡིན་པའི་ཕྱིར་རོ།། བཤད ་མ་ཐག་པའི་ཡི་གེ་བྷྲཱུཾ་ཡོངསུ་གྱུར་པའི་ཁང་པ་རྩེགས་མ་གསུངས་པ་ནི་ཡི་གེ་བྷྲཱུཾ་གྱི་གནས་བསྒོམས་སྟེ་ཞེས་བྱ་བ་སྟེ། འཁོར་ལོ་ལ་སོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་བྱ་བར་ཤེས་པར་བྱའོ།། ད་ནི་སྔར ་བཤད་པའི་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་གསུམ་པོ་ཧོ་ཞེས་བྱ་བའི་དབུས་གནས་གསུང་པ་ནི་སྙིང་པོ་དུས་གསུམ་སངས་རྒྱས་ཀྱི་ཞེས་བྱ་བ་ཡིན་ཏེ། དེ་གང་ཡིན་ཞེ་ན། སྐུང་གསུང་དང་ཐུགས་ཀྱི་ངོ་བ་ཡོ ་གསུམ་པོ་རྡོ་རྗེ་འཛིན་པའི་ཡབ་དང་སུམ་གྱི་རང་བཞིན་ཏེ། མཉེས་པར་བྱེད་པ་ནཱི་ཡི་གེ་ཧོ་དམར་པོ་གཉིས་ཞེས་བྱ་བའི་བར་དུའོ།། ཡང་ཇི་སྐད་དུ་འོད་ལྡན་ཧོ་དང་སྤེལ་པ་ཆོ་ག་བཞིན་ཞེས་སྨོས་པ་ཡིན།། ་གྷང་སྔར་རྡོ་རྗེ་གསུམ་གྱི་གནས་བསྒོམ་པ་ཞེས་གསུངས་པ་དེའི་དོན་གནས་ནི་ཡི་གེ་གསུམ་གྱི་མོ་ཆེན་ཉིད་ཅན་ཏེ། སྐུ་རྡོ་རྗེ་ལ་སོགས་བསྐྱོང་པའི་ས་བོན་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ནི་སངས་རྒྱས་སྒྲ ་ཞེས་བྱ་བ་ནི་སྐུ་རྡོ་རྗེའིའོ།། མཆོག་ནི་བསྐྱེང་པའི་ས་བོན་བསྒོམ་པར་བྱའོ།། དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་ལ་ནི་ཡི་གེ་ཨ་ཛང་པོ་ཧཱུཾ་ས་བོན་ཡོན་པར་གསུངས་པ་ནི་ཨཱ་ནཱི་ཞེས་བྱ་བ་ལ་སོགས་པའོ།། ཡེ་ཤེས་ནི ་བྱ་བ་ནི་རྣལ་འབྱོར་པས་བསྐྱེད་པའོ།། དམ་ཚིག་ཅེས་བྱ་བ་ནི། དམ་ཚིག་སེམས་དཔའ་བསྐྱེད་པར་བྱེད་པའི་མིག་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་དམ་ཚིག་དང་བཅས་པ་སྟེ། རྡོ་རྗེ་གསུམ་པོ་འདི་དག་ནི་སྔགས་ཀྱི་རིག ་པ་ཞེས་བྱེ་བར་བསྒྲགས་པོའོ།། དངོས་གྲུབ་ཕྲ་མོའི་ཁྱད་པར་ལས་དུམྦྷ་བུ་བསྟན་པའི་ཕྱིར། དབེན་ཞིང་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། གསོལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར།། དེར་རང་གི་སྟེགས་ཀྱི་དམ ་ཚིག་ནི་རྣམ་པར་སྣང་མཛད་ཏེ། དེ་བསྐྱེད་པའི་ཆོ་གསོ་བསྐྱེད་ལ། ཡི་གེ་ཨོཾ་གཅིག་མཚན་མ་ལ་གནས་པོ་སྙིང་ཁར་བཞག་པར་བྱའོ།། འདིས་ནི་སྐུ་རྡོ་རྗེ་དང་འོང་མཉམ་པར་འགྱུར་གྱི། སྐུའི་རྡོ་རྗེ་ཡོངསུ་རྫོགས་པར ་འགྱུར་བ་ནི་མ་ཡིན་ཏེ། སྔར་ཡོངསསུ་རྫོགས་པ་ནི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་པ་གང་གི་མཚན་མས་ཀྱང་ཕྱིས་ཉེ་བར་སྒྲུབ་པ་ལ་སོགས་པ་དང་བྲལ་བའི་ཕྱག་རྒྱ་གཅིག་དང་ལྡན་པའི་ལྷ་ཉིད་གཅིག་པུ་སྙོམས་པར ་འཇུག་པ་མ་ཡིན་པའི་ཆོ་གྲ་བཞིན་དུ་བསྒོམས་པ་ལས་སྐུ་རྡོ་རྗེ་རྟག་པ་ལས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། དེ་བཞིན་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། དེ་བས་ནཱ་དངོས ་གྲུབ་ཐོབ་པའི་མཚན་མ་མཐོང་ནས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་སྨོས་པ་ཡིན་ནོ།། འོད་དཔག་ཏུ་མེད་པ་དང་མཉམ་པའི་དངོས་གྲུབ་གསུངས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱི ་འཁོར་ནི་རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་རོ།། དྲིར་སྔགས་ཀྱི་སྐྱེས་བུ་འོད་དཔག་ཏུ་མེད་པ་ཆོ་ག་བཞིན་དུ་བསྐྱེད་ལ་དེའི་ངག་གི་ལམ་སྟེ། ལྐོག་མར་པདྨའི་ལྟེ་བ་ལ་གནས་པ་ཟླ་བ་ལ་བརྟེན་པའི་ཡི་གེ་ཨཿཆོ་ག་ཇི་ལྟ་བ་བཞིན་དུ ་བཞག་གོ།། དེ་ཉིད་ནི་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་འཇིག་རྟེན་ངོབང་ཕྱུག་སོ་སོར་རྟོག་པའི་བདག་ཉིད་ཅན་ནོ།། དེ་ཉིད་ནི་མཆོག་སྟེ་དེ་བསྒོམ་པའོ།། དེ་ཡང་འོད་དཔག་ཏུ་མེད་པ་བསྒོམ་པས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ་ཐུགས་རྡོ་རྗེའི་རྟོག་པའི་དངོས་གྲུབ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ལ་ཡི་གེ་ཧཱུཾ་གནས་པ་ཞེས་བྱ་བ་ནི་རང་གི་སྙིང་ཁར་རྡོ་རྗེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ།། ་མི་སྣང་བའི་དངོས་གྲུབ་གསུངས་པ་ནི་ཡེ་ཤེས་པཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་ཐ་མ་ཤེས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བསམས་ལ། དེའི་གནས ་བཞིར་ཡི་གེ་ཁཾ་ལྷ་མོ་མེད་པའི་མཚན་མ་ཟླ་བ་ལ་གནས་པ་བསྒོམ་པར་བྱའོ།། ནམ་མཁའ་རྡོ་རྗེ་ནི་ཡེ་ཤེས་ཀྱི་དམ་ཚིག་སྟེ་ན་མཁའི་སྙིང་པོའི་རྟོག་པར་འགྱུར་བའོ།། འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་གསུངས ་པབ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སྩོགས་པ་སྟེ། རང་སྔགས་སྐྱེས་བློ་ནི་འཕགས་པ་འཇམ་དཔལ་སྟེ། དེ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ། དེའི་སྙིང་ཁར་རང་གི་མཚན་མའི་དབུས་ཡི་གེ་ཧཱུཾ་ཞེས་བྱ་བ་ཆོ ་ག་བཞིན་དུ་བསྒོམ་པར་བྱའོ།། ཚིག་འདི་ཉིད་ཀྱིས་བྷི་ཞེས་བྱ་བ་ཡང་བསྒོམ་པར་བྱས་ནས། ཕན་ཡོན་ཇི་སྐད་དུ་བཤད་པ་འཐོབ་པར་འགྱུར་རོ།། ཏིང་ངེ་འཛིན་གྱི་ཁྱད་བར་གཞན་དག་གསུངསྡུ་པ་ནེ་ན་མཁའི ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། མི་བསྐྱོད་པ་རྣམ་པར་བསམས་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་དེའི་ཐུགས་ཁོར་ཡི་གེ་ཨོཾ་བསུམ་པར་བྱའོ།། སྦྱོར་བའི་ཁྱད་པར་གཞན་གསུངས་པ་ནི་ན་མཁའི་དབྱིངས་ཞེས་བྱ་བ ་ལ་སོགས་པ་སྷོ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ།། རིན་ཆེན་ཨོཾ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡི་གེ་ཨོཾ་སྟོ་ང་ཆོ་གོ་བཞིན་དུ་བསྒོམས་ན་ཇི་སྐད་བཤད་པའི་ཕན་ཡོན་འཐོབ་པར ་འགྱུར་རོ།། ཏིང་ངེ་འཛིན་གཞན་དག་གསུངས་པ་ནི་ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་དབང་པོ་ནི་འོད་དཔག་ཏུ་མེད་པའོ།། ཆོས་ཀྱི་ཨོཾ་ནི་པདྨའི་རིགས་ལྟ་བུ་སྟེ། དེ་སྙིང་ཁར་བསམ་པར་བྱའོ།། ་ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཨུཏྤ་ལ་ནཱི་དོན་ཡོད་གྲུབ་པ་སྟེ། དེ་བསྒོམས་ལ། དེའི་ཐུགས་ཀའི་མཚན་མར་ཟླ་བ་ལ་དམ་ཚིག་ཨོཾ་རབ་ཏུ་བསྒོམ་པར་བྱའོ།། དེ་ལྟར་རིགས་ལྔ་ཅུ་ར་ལ་ཡང་ཡི་གེ་ཨོཾ་གྱི ་བསྒོམ་པ་བསྟན་ནས། སྐུ་དང་གསུང་དང་ཐུགས་གསུམ་ཅར་ཅིག་ཅར་བསྟན་པའི་ཕྱིར། ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ཨོཾ་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི ་ངོ་བོ་ཉིད་དེ་གནས་གསུམ་ཙུརརྱ་དུ་ཡང་ཡི་གོ་ཨོཾ་མཚན་མའི་ཟླ་བ་ལ་གནས་པ་ཆོ་ག་བཞིན་དུ་བསྒོམ་པར་བྱའོ།། གནས་གསུངས་པ་ནི་རྣམ་པར་དབེན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་དུ་ལ་ལར་དྲི་མེད་ཆུ་ནི་ཕུན ་ཚོགས་ཤིང་ཞེས་བྱ་བ་ལ་སྩོགས་པ་སྨོས་པ་ཡིན་ནོ།། མངོན་པར་ཤེས་པ་རྣམ་པ་ལྔ་བསྒྲུབ་པར་བྱ་བའི་ཕྱིར། བསམ་གཏན་ལས་བྱུང་བའི་ལས་ཀྱི་ཚེགས་གསུངས་པ་ནི་མི་བསྐྱོད་ཡེ་ཤེས་རྡོ་རྗེ་སོགས་ཞེས་བྱ་བ་ལ ་སོགས་པ་འོ།། དེ་ལོ་མི་བསྐྱོད་པ་མོ་གི་བཞིན་དུ་བསམས་པ་ལ་མིག་དང་རྣ་བི་དང་། སེམས་དང་ཡོད་དང་། ལུས་ཏེ། གནས་ལྔར་རང་གི་སྔགས་ཀྱི་རྩེ་མོ་ལྔ་པའི་རྡོ་རྗེ་ལྔ་བསྒོམ་པོར་བྱའོ།། དེ་རྣམས་ལ་ཡང་རྣོ་བ་ལ་གམས ་བྱཱཥྚི་སྦྱར་བཤད་པའི་ཡྱ་གེ་བྷྲཱུཾ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམས་ལ་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བས། རང་སྔགས་ནས་བྷ་དང་གཱི་སྱཱ ་བོན་ཡོངསུ་གྱུར་པའི་འཁོར་ལོ་གནས་ལྔའི་སྦྱོར་བས་བསམས་པར་བྱའོ།། སྔར་བཤད་པའི་གནས་ལྟར་གཏོག་པའི་འཁོར་ལོ་ལྔ་ལ་ཡི་གེ་བློ་ཚེ་གྲི་བཞིན་དུ་བསྒོམས་ན་མངོན་ཤེས་ལྔ་དང་འདྲ་བར་འགྱུ་རོ།། ཞེས་བྱ་བའི ་དོན་ཏོ།། དེ་བཞིན་དུ་མཚན་མ་གཞན་དག་ལ་ཡང་ཅི་རིགས་པར་སྦྱོར་བར་བྱའོ།། ཡི་གེ་བྷྲཱུཾ་གི་རྗེ་ལ་འཁོར་ལོ་ལ་སོགས་པ་ཁང་པ་རྩེགས་མའི་རྒྱུ་ཡིན་པར་གསུངས་པ་ནི་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། ་སངས་རྒྱས་འཇུག་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་སྤྱོ་བ་ལ་སོགས་པོ་སྔོན་དུ་འགྲོ་བའི་རང་གི་རིགས་པ་དང་། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལསོ།། སངས་རྒྱས་གནམ་དང་འདྲ་བ ་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྟེན་དང་གཅིག་ཏུ་གྱུར་པ་ཡིན་གྱི་འདིར་འདྲ་བའི་སྒྲ་མཚུངས་པའི་ཚིགས་ནི་མུ་ཡིན་ཏེ། འདི་ནི་སྦྱོར་བ་ཡང་དྲུག་པར་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། ཕྲ་མོའི་རྣལ་འབྱོར་ལ ་ཐིག་ལེ་བསྒོམ་པ་གསུངས་པ་ནི་སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་གྱི་སྙིང་ཁར་ཡི་གེ་ཨོཾ་ཆོ་ག་བཞིན་དུ་བསམས་ལ། ཡི་གེ་ཨོཾ་དེ་ཉིད་ལ་སེམས་ཐོག་ལེ ་གྱུར་པ་ཞེས་བྱ་བ། འགོག་པ་རྡོ་རྗེར་གྱུར་པ་སྟེ། རབ་ཏུ་རྒྱུ་བ་འགོག་པར་བ་བསྒོམ་པར་བྱའོ།། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཕྲ་མོའི་མི་བསྐྱོད་པ་ལ་སོགས་པ་ལ་སྦྱར་བར་བྱའོ།། འགོག་པའི་རྡོ་རྗེ་ཡེ་ཤེས་ཞེས་བྱ་བ ་ན་མི་གཡོ་བའི་དམ་ཚིག་གི་ཡེ་ཤེསྷོ།། འདི་དག་ནཱི་ཐེག་ལེའི་རྣལ་འབྱོར་གྱི་སྒྲར་མི་བཤད་དེ། སྤྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ།། ཡང་དངོས་གྲུབ་ཕྲ་མོ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོས་སྔར་བཤང་པའི་སྐུ་དང་གསུང ་དང་ཐུགས་ཀྱི་བདག་ཉིད་ཅན་ཡི་གེ་ཨཽ་བསམས་ན་ཆུ་རིང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། རྡོ་རྗེ་རུ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་དུ་འདིར་འོད་དཔག་ཏུ་མེང་པ་དང་། མི་བསྐྱོད་པ་དག་ལ་ཡང ་ཤེས་པར་བྱའོ།། ལྷག་པར་མོས་པའི་དབང་གིས་ནི་བསྐུལ་པ་འམ་བསྐལ་པ་གསུམ་དུ་གནས་པར་འགྱུརརོ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པ་མང་བར་བཤད་པའི་ཕྱིར་ཡང་གསུངས་པ་ཡི་ནོ།། ལེའུ་བཅུ་གཅིག་པའི་འགྲེལ ་པའོ།། ། དེ་ནས་ཞེས་བྱ་བ་ལ་སོགས་བྱས་ནི་ལེའུ་བཅུ་གཉིས་པ་གསུངས་ཏེ། མེ་ཞེས་བྱ་བ་ལ་སོགས་པས་མི་སྣང་བའི་དངོས་གྲུབ་གསུངས་པ་ཡིན་ཏེ། ཡི་གེ་མཾ་ལུས་འཇམ་པའི་རྡོ་རྗེ་དང་སྒྲ་དང་གསུ ་དང་ཐུགས་ཀྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདིར་ཡང་སྔར་བཤད་པའི་ཡི་གེ་ཁཾ་ཡན་ལག་ཐམས་ཅད་བསྒོམས་ནི། ཚངས་པ་ལ་སོགས་པས་ཀྱང་མཐོང་བར་མི་ནུསོ།། སྤོ་བ་ཡང་སྐུ་དང་གསུང་དང ་ཐུགས་ཀྱི་བདག་ཉིད་ཅན་གྱི་ས་བོན་གྱིས་བྱའོ།། སྔགས་ཡོངསུ་གྱུར་པའི་མཚན་མའི་རིལ་བུའི་མི་སྣང་བའི་དངོས་གྲུབ་གསུངས་པ་ནི་རྡོ་རྗེ་མི་ཕྱེད་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ལྔ་ནི་རྡོ་རྗེ་མི་བྱེད་པ་གསུམ་ལས ་བྱུང་བའི་ཚིག་ལྔ་གང་ཡིན་པ་དེའི་རིལ་བུ་གསེར་དང་། དངུལ་དང་ཟངས་ཀྱིས་དཀྲིས་པ། རང་གི་ས་བོན་ལས་བསྐྱེད་པ། ཙ་ན་ཀའི་འབྲུའི་ཚོད་ཙམ་བྱས་ལ། དེ་ལོ་སངས་རྒྱས་ཐམས་ཅད་ཀྱི་མི་ཕྱེད་པའི་དཀྱིལ་འཁོར་གྱིས་འཁོར་ལོ ་ཡང་དག་པར་རྫོགས་པ་ལྟ་བུར་སེམས་བསྒོམས་ལ། དེ་ནས་བར་སྣང་ལས་བྱུང་བའི་རིལ་བུ་ལྔར་བསྐྱེད་ནས། ཨོཾ་ལ་སོགས་པ་ས་བོན་ཙམ་དང་ལྡན་པའི་ལྷ་དེ་སྤྱིའི་རྣལ་འབྱོར་པའི་ཟློས་པས་ཁར་བཅུག་ནས་བསྒོམས་ན། ཇི ་སྐད་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ།། འདིར་གང་དང་གུང་མ་གསུངས་པ་དེ་ནི་སྔ་མ་དང་ཕྱི་མས་ཁ་བསྐང་བར་བྱའོ།། འཁོར་ལོའི་དངོས་གྲུབ་གསུངས་པ་ནི་འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི ་སྔགས་ཀྱིས་ཞེས་བྱ་བ་ནི་འཁོར་ལོ་ཅན་གྱིས་ལྷའི་སྔགས་དང་། དེའི་རྣལ་འབྱོར་པས་འཁོར་ལོ་ལྕགས་སམ། སྭ་འམ་གཞན་གང་ཡང་རུང་བ་ལས་བསྐྱེད་པ། རང་གི་བདག་པོ་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་རྫོགས ་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་བཞུགས་པའི་གནས་སུ་གྱུར་པར་བསྒོམས་ནས། སྔར་བཤད་པའི་ཁྱད་པར་གྱི་རིགས་དང་རྗེས་སུ་མཐུན་པའི་ལྷའི་རྣལ་འབྱོར་པ་གཅིག་གིས་འཁོར་ལོའི་དངོས་གྲུབ་དེ་ལག་ཏུ ་རྣམ་པར་བསྒོམས་ན། ཇི་སྐད་དུ། བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ།། འདིར་ཡང་གོང་མ་དང་འོག་མའི་ཁ་བསྐང་བ་ལ་ལྟོས་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་དང་པདྨ་དང་རལ་གྲི་ལ་ཡང་བསྐྱེད་བ་ལ་སོགས་པ ་རིགས་པར་སྦྱར་བར་བྱའོ།། རིན་པོ་ཆེ་ལ་སོགས་པ་རང་རཱ་གཱི་སྔགས་ལས་གྲུབ་པ་ཡིན་ནོ།། སྦྱོར་བ་འདིའི་རྗེས་སུ་འབྲངས་ནས། སྔར་བཤད་པའི་རིལ་བུ་རྣམས་ཀྱི་རང་གི་ས་བོན་གྱིས་བསྐྱེད་པའི་ཚད་ཀྱི་ལྷའི་རྣལ་འབྱོར ་ལ་སོགས་པ་འདྲ་བར་སྔར་མ་བཤད་པ་གསུངས་པ་ནི་ཨོཾ་ནི་རིལ་བུ་ཞེས་བྱ་བ་ལ་སོགས་པའོ།། ད་ནི་སྔར་བཤད་པའི་ལྷའི་རྣལ་འབྱོར་པ་སྔར་བཤད་པའི་རིམ་པས་བསྐྱེད་པའི་འཁོར་ལོ་གྲུབ་པ་རང་གི་ལག་པར ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྔར་མ་གསུངས་པ་དེ་ཁ་བསྐང་བར་བྱ་བའི་ཕྱིར། མཁའ་དབྱིངས་གསལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བར་ཟླ་བའི་གདན་ལ་བཞུགས་པའི་སྔར་བཤད་པཱི ་རྣམ་པར་སྣང་མཛད་བསྒོམས་ལ། སྔར་བཤད་པའི་འཁོར་ལོ་ལག་པས་འཛིན་པ་རབ་ཏུ་བསྒོམས་ན། ཇི་སྐད་དུ་བཤད་པོའི་ཕུན་ཡོན་འཐོབ་པར་འགྱུར་རོ།། འཁོར་ལོ་ཆེན་པོའི་རིགས་ཞེས་བྱ་བ་ནི་འཁོར་ལོའི་རིགས ་ཀྱི་རྒྱུ་དང་ལྡན་པའི་ལྷ་རྣམས་ཀྱང་འདི་བཞིན་དུ་བསྒོམས་ལ། མཚན་མ་འདྲི་བསྐྱེད་ཅིང་ངེ་འཛིན་པ་ལ་སོགས་པས་ཡེ་ཤེས་མཆོག་སྟེ། མཆོག་གི་ཡེ་ཤེས་བསྒྲུབ་པ་ཡིན་ནོ།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་རྣལ་འབྱོར་པའི ་དེ་བཞིན་དུ་རྡོ་རྗེ་ལ་སོགས་པ་ལ་ཡང་གཟུང་བར་བྱ་བར་གསུངས་པ་ནི་ན་མཁའི་དབྱིངས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ནི་སྔ་མ་དང་འདྲའོ།། རྩེ་གསུམ་པ་ལ་སོགས་པ་ལ་ཡང་སྐྱེས་པ་ལ་སོགས ་པ་གསུངས་པ་ནི་ཏཱི་ཤཱུ་ལ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ཁྱད་པར་གྱིས་ཞེས་བྱ་བ་ནི་བདག་པོའི་རྗེ་སུཾ་མཐུན་པའི་ཚུལོ་དུའོ།། ད་ནི་དགུག་པའི་སྦྱོར་བ་གསུངས་པ་ནི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དགུག་པ་ཞེས་བྱ་བ ་ནིརྡོ་རྗེ་དགུག་པའོ།། ། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུར་བསམ་ཞེས་བྱ་བ་ནི་སྐུ་དང་གྲུ་སུང་དང་ཐུགས་བྱིན་གྱིས་བརླབ་པོ་དང་ལྡན་པའོ།། ད་ནི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་ཡང་དག་པར་རྫོགས་པའི ་ལྷའི་སྐྱེས་བུར་བདག་ཉིད་བསམས་ལ། སྦྱོར་བ་གསུམ་དང་ལྡན་པའི་ལྷག་ཀྱི་བསྒོམས་ཏེ། སྐུ་ལོ་སོགས་པའི་ངོ་བོ་དགུག་པའི་ཕྱིར་བཏང་བར་བྱའོ།། དགུག་པར་བྱ་བ་ཡང་རླུང་གི་དཀྱིལ་འཁོར་ལ་གནས་པར་བྱས་འདི་ནི་སངས ་རྒྱས་ཀྱིས་དགུག་པའི་སྦྱོར་བ་གང་འདོད་པ་དེ་ཉིད་ཀྱིས་དགུག་པ་ལ་འགལ་བ་མེད་དོ།། དེ་ལྟ་མོད་ཀྱི་རྣམ་པར་སྣང་མཛད་ནི་ཉེ་བར་མཚོན་པའི་དོན་ཙམ་དུ་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་འཁོར ་ལོ་ཆེན་པོ་བསམས་ལ། དགུག་པའི་ལྕགས་ཀྱུ་དང་ལྡན་པའི་རྒྱལ་བ་དེ་ངགི་གནས་བསམས་ནས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྕགས་ཀྱུ་དགུག་པ་འབའ་ཞིག་དུ་མ་ཟད་ཀྱི། གཞན་ངག་གིས་ཀྱང་འགྱུར་རོ་ཞེས ་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་པདྨོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི་བསྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལྕགས་ཀྱུ་ལ་སོགས་པ་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་པར་བྱ་བ་དགུག་པ ་ལ་བརྩོན་པ་བསྒོམ་པར་བྱའོ།། ཞེས་བྱ་བར་སྦྱར་རོ།། མཐུ་ཆེན་པོ་དང་ལྡན་པའི་བཟའ་བའི་ཁྱད་པར་རྣམ་པར་སྦྱང་བར་བྱ་བའི་ཕྱིར། རྣམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ ་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་གྱི་སྐུའི་རྡོ་རྗེར་ལྷག་པོར་མོས་པའི་དབང་གིས་བདག་ཉིད་བསམས་ལོ། ལྕེ་ཉིད་ལ་འོག་ནས་བཤད་པའི་རིམ་གྱིས་རྡོ་རྗེ་དེའི་སྦྱོར་བསོ་དེ་ཉིད་དུ་བསྒོམ་ནི་གསུངས་གི་རྡོ་རྗེ་དང་འདྲུ་བར་འགྱུརརོ།། འདི་དག་ཀྱང ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་མཆོད་པ་ལ་བསྟོད་པའི་མཆོད་པའི་རྗེས་ཐོགས་ལ་བྱའོ་ཞེས་གསུངས་པ་ནི་གསང་གསུམ་ཞེས་བྱ་བ་ལ་སོགས་པའོ།། སྐུ་ལ་སོགས་པའི་རྡོ་རྗེ་ཅན་ནི་ཕྱག་རྒྱ་བཞི་ལ ་སོགས་པ་དང་ལྡན་པར་བསྟན་པའི་ཕྱིར་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཐམས་ཅད་དང་ལྡན་པའི་སྐུའི་རྡོ་རྗེའི་ལ་སོགས་པས་བྱིན་གྱིས་བརླབས་པ་སྙིང་ཁར་ཡེ་ཤེས་སེམས་དཔའ་དང ་ལྡན་པ། དབུ་རྒྱན་ལ་རང་གི་རིགས་ཀྱི་བདག་པོ་འཆང་བའི་སྐུ་རྡོ་རྗེར་བདག་ཉིད་རྣམ་པར་བསྒོམས་ལ་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྕེ་རྣམ་པར་དག་པ་གསུངས་པ་ནི་རྡོ་རྗེའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྟེ། ལྕེའི ་གནས་སུ་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངསུ་གྱུར་པས་ཧཱུཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། བདུད་རྩི་ལྔའི་སྦྱོར་བས་སྦྱང་པ་ལ་སོགས་པའི་ཆོ་གས་བཟའ་བར་བྱའོ།། དེས་ནི་རྡོ་རྗེ ་གསུམ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྤྱང་པའི་ཆོ་ག་བསྟན་པ་ནི་ཡི་གེ་ཨོཾ་ལས་བྱུང་བའི་ཐོད་པ་བསམས་ལ། ཡི་གེ་ཨོཾ་སྟེང་དུ་བསྒྲིམས་ཏེ། དེའི་ནང་དུ་དམ་ཚིག་བཟའ་བར་བྱ་བའི་རྫས་བཞག་པར་བྱའོ་ཞེས ་ཤེས་པར་བྱའོ།། ཡི་གེ་ཧཱུཾ་ཡང་འདྲིར་བར་སྣང་ལ་རྡོ་རྗེའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་རྣམས་དང་ལྡན་པ་ཐོད་པར་གནས་པར་བྱའོ།། དེ་ནི་འབྱར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པའི ་ཚིགས་སུ་བཅད་པ་དང་སྤྱི་རུ་བཨཱརྱ་ཤེས་པར་བྱའོ།། རྡོ་རྗེ་དམ་ཚིག་གསུམ་ནི་བཤད་མ་ཐག་པ་སྟེ། གྲུབ་པ་ཉིད་མཆོག་ཡིན་ནོ།། དེས་ནི་སྐུ་གསུམ་རྡོ་རྗེ་ཅན་དུ་གྱུར་ཞེས་བྱ་བ་སྟེ། འདི་ནི་འདིའི་ཕན་ཡོན་གསུངས་པའོ།། དུ ་ནི་སྔར་བཤད་པའི་འཁོར་ལོའི་རིགས་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཕན་ཡོན་གསུངས་པ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། གྲུབ་པ་ནི་མུ་སྟེགས་པའི་རྒྱུད་གཞན་དག་གི་མན་ངག་གིས ་གྲུབ་པ་ལས་གཙོ་བོར་འགྱུར་བའོ།། སྔར་བཤད་པའི་མངོན་པར་ཤེས་པ་ལྔ་གྲུབ་པའི་ཕན་ཡོན་གསུངས་པ་ནི་གཾ་གཱའི་ཇི་སྙེད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ།། ད་ནི་ཡན་ལག་བཞི་པོའི་འབྲས་བུ་དང་བཅས་པ་བསྟན་པ ་ཕྱིར། བསྙེན་པའི་དམྦུ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེའི་བྱེ་བྲག་ཅེས་བྱ་བ་ནི་ཆུ་ངུ་དང་། བར་མཱ་ད་། ཆེན་པོའི་དབྱེ་བས་སོ།། བསྡུད་པར་བྱེད་པའི་ཚིག་འདི་ཉིད་ཆུང་དང་ཆེན་པོ་ལ་སོགས་པའི་དབྱེ ་བས་རྣམ་པར་དབྱེ་བ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཏིང་ངེ་འཛིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་བདག་པོ་སྟེ། དེའི་སྦྱོར་བས་བྱང་ཆུབ་ཀྱི་མཆོག་བསྒོམ་པར་བྱའོ།། ཞེས་བྱ་བ་འདི་ནི ་བསྙེན་པའི་ཡན་ལག་བསྐུལ་བའི་གླུའི་རྗེས་ཐོགས་ལ་སྔ་མ་དང་འདྲ་བའི་ལྷ་བསྐྱེད་པའི་མཚན་ཉིད་རྒྱུ་མཐུན་པའི་འབྲས་བུ་ཆུ་ངུ་བཤད་པ་ཡིན་ཏེ། འདི་སྐད་དུ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ནས་དྷམ ་དྷཱ་ཏུ་སྭ་བྷ་བ་ཨཏྨ་ཀོ་ཧཾ་ཞེས་བྱ་བའི་བར་ཇི་སྐད་བཤད་པ་དང་། དེ་བཞིན་དུ་གཞན་དག་ལས་སེམས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནས་བརྩམས་ཏེ། བཤེས་བསྙེན་དམ་པས་རྒྱུ་མཐུན་བྱས་ཞེས་བྱ་བའི་བར་དུ་བཤད་པའོ།། 1 ་བར་སྒྲུབ་པའི་ཡན་ལག་དང་། རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་དུ་གསུངས་པ་ནི་ཉེ་བར་སྒྲུབ་པ་ལ་སོགས་པ་སྟེ། ཉེ་བར་སྒྲུབ་པའི་དངོས་གྲུབ་ཀྱི་མཆོག་ནི་གང་རྡོ་རྗེའི་བདག་ཉིད ་ཅན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དཔྱད་པའོ།། དེ་ཡང་ཇི་སྐད་དུ་དེ་འོག་རང་སྙིང་ས་བོན་འོད་རྣམས་ཀྱིས་རང་གི་མིག་སོགས་ས་སྙིང་ལ་སོགས་པས་ཇི་བཞིན་བཀང་ནས་ཞེས་བཤད་པ་ཡིན་ནོ།། དེ ་བཞིན་དུ་སྨིན་ལས་ཐམས་ཅད་མཁྱེན་ཉིད་གྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ས་བོན་རྣམས་ཀྱི་ས་ནི་ཞེས་བྱ་བའི་བར་གྱིས་བཤད་པ་ཡིན་ནོ།། བསྙེན་པའི་ཡན་ལག་ནི་ཆོས་དང ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་སྟེ་སྐུ་གསུམ་པར་དག་པའི་ངོ་བོ་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་དང་ཚིགསུ་བཅད་པ་རྣམས་ཀྱི་གང་དེ་བཞིན ་གཤེགས་པ་རྣམས་དང་། སྔགས་ཀྱི་བདག་པོ་རྣམས་ལ་བསྐུལ་ཞིང་།། ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་རློབས་པའི་སྔགས་ཀྱིས་བསྒོམ་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས་བཤད་དོ།། དེ་གང་ཇི་སྐད་དུ། རང་སྙིང ་དྲི་མེད་ཟླའི་ཞེས་བྱ་བ་ནས། མཚན་ཉིད་ངག་དང་བྲལ་བར་དམིགས་པར་བྱ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་སྐྱེས་བུ་བསྐྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མའི་ཤེས་རབ་ཡན་ལག་འདུ་ཤེས་བྱ་བའི་བར་གྱིས་བཤད ་པ་ཡིན་ནོ།། སྒྲུབ་པོ་ཆེན་པོའི་ཡན་ལག་དབང་བསྐུར་བའི་ཚུལ་དབང་གི་འབྲས་བུ་ཆུང་ངུ་གསུངས་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། རང་གི་སྔགས་ཀྱི་རྡོ་རྗེ་ཅན་གྱི་བདག་པ ་གཟུགས་ཕྱག་རྒྱ་ཆེན་པོ་རང་གི་དབུ་རྒྱན་ལ་བསམས་ན་ཡེ་ཤེས་རྡོ་རྗེ་སྟེ། རྣལ་འབྱོར་པ་འགྲུབ་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཇི་སྐད་དུ་ཕྱོགས་ཚོགས་ཀུན་ན་བཞུགས་པའི་ཐུབ་པའི་ཚོགས་ཞེས་བྱ་བ་ནས ་རང་གི་རིགས་ཀྱི་གཙེས་བརྒྱུན་ཅོད་པན་གྱུར་ཅེས་བྱ་བའི་བར་དང་། དེ་བཞིན་དུ་དབང་འབྲས་ཆུང་ངུ་གྲུབ་པ་ལ་ཞེས་བྱ་བ་ནས། རིགས་ཀྱི་གཙོ་བོ་དབུ་རྒྱན་མཆོག་ཅེས་ལ་བར་གྱིས་བཤད་པ་ཡིན་ནོ།། བསྙེན་པ་ཉིད་ཁྱད་པར ་དུ་དབྱེ་བ་གསུངས་པ་ནི་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡེ་ཤེས་བདུད་རྩི་ནི་སྲིད་པ་བར་མ་དོའི་སེམས་རྗེསུ་ཞུགས་པ་སྔོན་དུ་འགྲོའ་བའི་ཟླ་བ་ཞུ་བ་སྟེ། དེ་ཉིད་ཀྱིས་བསྙེན་པ་བྱའོ།། དེ་ཡང་ཇི་སྐད་དུ་ཨོཾ་ཨཱཿཧཱུཾ ་ཞེ་བྱ་བའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པས་སྨོས་པ་ཡིན་ནོ།། བསྙེན་པ་ལ་སོགས་པ་བཞི་པོ་འདི་དག་དང་། རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་རྣམས་ནི་དཀྱིལ་འཁོར་གྱི་བདག་པོའི་ལྷར་གཏོགས་པ་ཡིན་པས ་ནམཆོག་གི་སྒྲས་ཁྱད་པར་དུ་བྱས་པ་ཡིན་ནོ།། དེ་ལྟར་གཡེང་བ་མ་ལུས་པ་བསལ་བར་མི་ནུས་ཤིང་། ཡེ་ཤེས་ཤིན་ཏུ་བྱེང་བའི་རང་བཞིན་མ་ཡིན་པས་ན། ཆུང་ངུའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་པས་ཤེས་པར་བྱའོ།། དེ ་ལྟར་བདག་པོའི་ལྷར་གཏོགས་པའི་ཡན་ལག་བཞི་པོ་འབྲས་བུ་དང་བཅས་པས་གཅིག་བཤད་པ་ཡིན་ནོ།། ད་ནི་དཀྱིལ་འཁོར་གྱི་ལྷ་མ་ལུས་པར་གཏོགས་པས་སྤྱིའི་བསྙེན་པ་དང་། རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་ནི་ཡེ་ཤེས ་ཁྱད་པར་གྱི་དབང་གིས་ཆེན་པོའི་སྒྲས་ཁྱད་པར་དུ་ཕྱེ་སྟེ། གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་པདྨའི་ནང་དུ་ཟླ་བ་ཞུ་བ་གཅིག་པུ་དེར་འདི ་ངག་ཡོངས་གྱུར་པ་ལས་བདག་པོའི་ས་བོན་ནོ།། དེ་ལས་ཀྱང་དེ་ཉིད་དུ་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བསྐྱེད་པའོ།། དེ་ལས་ནི་བཛྲ་དྷྲྀཀ་ཅེས་པ་སྩོགས་པའི་སྔགས་ཀྱིས་གདོན་པ་སྟེ། འདི་ནི་རྡོ་རྗེ་བན ་སྟེ། དེ་ཡང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པ་ཡིན་གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། དེ་ལྟར་ན་རྡོ་རྗེ་བཞི་པོས་བསྙེན་པ་ཆེན་པོ་བྱའོ།། ་འདི་ཉིད་ནི་སྤྱིའི་བསྙེན་པ་སྟེ། རྒྱུ་མཐུན་འུ་པའི་འབྲས་བུ་ཆེན་པོའོ།། དེ་ཡང་ཐུགས་ཀའི་ཟླ་བའི་སྔགས་ཀྱིས་འོད་རྣམས་ཀྱིས་ཞེས་བྱས་ནས་བརྩམས་ཏེ། ལྷ་ཐམས་ཅད་ཀྱི་གདོན་པ་བཤད་པ་ཡིན་ནོ།། དེ་བཞིན ་དུ་གཞན་དུ་ག་ལས་ཀྱང་ཐུགས་ཟླ་བའི་རལ་གྲིའི་སྙིང་པོའི་འོད་ཟེར་གྱི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བཤད་པ་ཡིན་ནོ།། དེ་བཞིན་དུ་ཉེ་བར་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ནི ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྤྱིའི་ཡིན་པར་ཤེས་པར་བྱའོ།། དེ་ཡང་ཇི་སྐད་དུ་རང་ལ་བཤད་པ་ལྟ་བུར་དབང་བསྐུར་ཞིང་། ཆོ་ག་ཡིས་ནི་མངོན་པར་མཆོད་པར་བྱ་ཞེས་བཤད་པ་དང་། དེ་བཞིན་དུ་འཁོར་ལོ་ནི།། ་མིག་དང་སྐུ་སོགས་བྱིནི་བརླབ་ཅིང་། རྒྱུ་མཐུན་པ་ནི་ཆེན་པོ་ལས། སྔོ་བཞིན་དབང་བསྐུར་དེ་བསམ་བྱ་ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་ཡན་ལག་བཞི་པ་འབྲས་བུ་དང་བཅས་པ་གཞན་དག་ཀྱང་རྗེ་སུ་མཐུན་པར་བ ་བར་བྱའོ།། ཡན་ལག་བཞི་པོ་ཆུང་ངུ་དང་ཆེན་པོ་འདི་གཉིས་ཀྱི་བར་ན་གནས་པས་ན་བར་མའི་སྒྲས་ཁྱད་པར་དུ་ཕྱེ་བ་ཡིན་ཏེ། ཤེས་རབ་མངོན་པར་འདུས་བྱས་པ་ལ་ཡང་བསྙེན་པ་དང་། རྒྱུ་མཐུན་པ་ལ་སོགས་པ་རང་ཉིད ་ཀྱིས་སྦྱར་བར་བྱའོ།། དེ་ཉིད་ཀྱིས་ན། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་སྨོས་པ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་དུ་རྒྱུ་མཐུན་སོགས་བར་མ། རུང་སྣང་ཤེས་རབ་རྣམ་པར་སྦྱང ་ཞེས་བཤད་པ་ཡིན་ནོ།། གནས་ལྷུར་ཞེས་བྱ་བས་ནི་རིགས་ལྷའི་ཚོགས་དགོད་པ་སྟེ། ཤེས་རབ་ཉིད་བསྟན་པ་ཡིན་ནོ།། ཡེ་ཤེས་རྡོ་རྗེ་ཡི་གེ་ཨི་ཞེས་བྱ་བ་ནི་རྡོ་རྗེའི་ནོར་བུའི་ཆ་ཡི་གེ་ཨོཾ་ལས་བྱུང་བར་ཤེས་རབ་ཀྱི ་གནས་སྐབསུ་བསྒོམ་པར་བྱ་བའི་ཕྱིར་དྲན་པར་བྱའོ།། སྡོམ་པ་ཞེས་བྱ་བུ་ནི་ཇི་སྐད་དུ་ཤེས་པའི་ངེས་པའོ།། ད་ནི་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པའི་ཚོག་སུ་བཅད་པ་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ ་སྡོག་པ་གསུངས་ཏེ། གང་གིས་སྒོ་གྲུབ་པར་བྱུང་པའི་དུས་གསུམ་གྱི་སངས་རྒྱས་དེ་ནི་སྒྲུབ་པ་སྟེ། དེའི་འབྲས་བུ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར། ཉེ་བར་སྒྲུབ་པའི་སྐུ་བྱིན་གྱིས་བརླབ་པའོ།། དེ་ཉིད་ཀྱིས་ངན་འགྲོ་རྣམས་ལ ་སྒྲིབ་གཡོགས་བྱེད་པས་ན་སྡོམ་པའོ།། དེ་ཉིད་ནི་ཚིགསུ་བཅད་པ་གསུམ་པོ་གང་ཡིན་པའི་ཡུལ་ཡིན་པས་དེ་ནི་ཉེ་བར་སྒྲུབ་པའི་སྡོམ་པའི་ཡུལ་ལོ།། དེ་ཉིད་གསུངས་པ་ནི་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས ་པའོ།། སྒྲུབ་པའི་སྡོམ་པའི་ཡུལ་ཞེས་བྱ་བ་ནི་སྔ་མ་དང་འདྲ་སྟེ། སྒྲུབ་པ་ནི་སངས་རྒྱས་རྣམས་སོ།། དེའི་སྡོམ་པ་ནི་གསུང་བྱིན་གྱིས་བརླབ་པའོ།། དེ་ཉིད་གང་གི་ཡུལ་ཡིན་པ་དེ་ལ་ནི་དེ་སྐད་ཅེས ་བྱའོ།། དེ་ཉིད་ནི་ཆོས་ཀྱིས་གསུང་ལམ་ཞེས་བྱ་བ་ལ་སོགས་པ་ཚོགསུ་བཅད་པ་གསུམ་གསུངས་པ་ཡིན་ནོ།། སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ལོ་ཞེས་བྱ་བ་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་སྟེ་སངས་རྒྱས་རྣམ ་སོ།། དེའི་སྡོམ་པ་ནི་ཐུགས་བྱིན་གྱིས་བརླབ་པ་ལོ་སོགས་པ་སྟེ། སྔ་མ་བཞིན་ནོ།། དེ་ཉིད་ནི་ཚིགསུ་བཅད་པ་གསུམ་གསུམ་པའི་གསུམ་ཡིན་པ་ལས་ཚིགསུ་བཅད་པ་གཉིས་པ་གསུམ་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས ་ཞལ་སྔ་ནས་ཀྱི་དོན་ཙམ་བླངས་ནས་སྦྱར་བ་ཡིན་ནོ།། ད་ལྟར་སངས་རྒྱས་རྣམས་ལ་བསྐུལ་བས་ཉིད་ཀྱི་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙེངས་པས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པ་ཉིད་དུ་མཛད་དོ།། ཞེས་བསྟན་པའི ་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དྲག་ཤུལ་གྱིས་སྒྲུབ་པ་ཡང་ལེའུ་བཅུ་པར་གསུངས་པའི་བསྐུལ་བའི་ཚིགསུ་བཅད་པ་འདི་སྦྱར་བར་བྱ་བ་ཉིད་ཡིན་ནོ།། ཞེས་བྱ་བར་དགོངསོ།། ལེའུ་བཅུ་གཉིས ་པའི་འགྲེལ་པའོ།། །། ལེའུ་བཅུ་གསུམ་པར་སྔགས་ཀྱི་བཟླས་པའི་མཚན་ཉིད་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་དང་སྔགས་རྣམས་ཐམས་ཅད་ཀྱི་སྐུ་ལ་སོགས་པའི ་ཚུལ་གྱི་མཚན་ཉིད་ནི་རྡོ་རྗེ་བཟླས་པའོ་ཞེས་བྱ་བར་སྦྱར་རོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པས་ནི་སྤྱིའི་བཟླས་པ་གསུམ་པ་ཡིན་ཏེ། སྔགས་ཀུན་ཉིད་ནི་དོན་ཡིན་ཏེ། དེ་རྣམས་ཀྱི་བཟླས་པ་ལ་རྡོ་རྗེ་གསུམ་གྱི་མི ་ཕྱེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་འདི་ལྟར་རྡོ་རྗེ་དབྱེ་བ་གསུམ་སྟེ། དེའི་མཐར་ཡིན་པར་ཁོང་དུ་ཆུད་པར་བྱའོ།། དེའི་བཀོད་པ་ཡང་ཡིན་ཞིང་རྡོ་རྗེ་གསུམ་ཡང་ཡིན་པས་ནི་དེ་སྐད་ཅེས་བྱའོ།། སྐུ་གསུང་ཞེས་བྱ་བ་ལ་སོགས ་པས་ནི་སྔགས་བཟླས་པའི་རིམ་གྱིས་སྤྲོས་པ་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེའི་ས་བོན་ལས་ནི་སྐུ་རྡོ་རྗེ་ཉིད་སྤྲོའོ།། གསུང་དང་ཐུགས་ཀྱི་ས་བོན་ངག་ལས་ནི་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་ཉིད་སྤྲོ་བར་བྱའོ་ཞེས་བྱ་བོའི་དོན་ཏོ།། ་འདི་ཉིད་ནི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་བསྒོམས་ནས། དེ་རྣམས་ལ་གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། མཆོད་པའི་མཆོག་བརྟག་ཅིང་སྤྲོ་བ་ལ་སོགས་པ་བྱའོ།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་དམིགས ་སུ་མེད་པའི་ཡེ་ཤེས་ཀྱིས་གཉིསུ་མེད་པའི་བཟླས་པ་དང་སྤྲོ་བ་ལ་སོགས་པས་ན་མཁའ་མ་ལུས་ཁྱབ་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་དུ་བྱའོ་ཞེས་བྱ་བའི་བར་དུའོ།། ཡང་རྣམ་པ་གཞན་དུ་ན་ཅིག་ཅར་སྤྲོ་བ ་གསུངས་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་སོ་སོ་ལས་ཅིག་ཅར་ཉིད་དུ་སྐུ་ལ་སོགས་པའི་རྡོ་རྗེ་སྤོ་བར་བྱའོ།། དེ་རྣམས་ལས་ཀྱང་གཞན་དག་དང་། དེ་བཞིན་དུ་གཟུགས་ལ་སོགས་པ ་རྣམས་སམ། དེའི་དཀྱིལ་འཁོར་རྣམས་ཀྱིས་ཐམས་ཅད་དུ་ཁྱབ་པར་སྤྲོ་བ་ནི་བསྒོམ་པར་བྱའོ།། དུས་གང་ག་ཡེ་ཤེས་སེམས་དཔའ་སྤྲོ་བ་གསུངས་པ་ནི་ལུས་དང་ངག་སེམས་ཞེས་བྱ་བ་ལ་སོགས་པ ་སྟེ། སྐུ་དང་གསུང་ཐུགས་བདག་མེད་ཚུལ་ཅན་དེ་བཞིན་གཤེགས་པ་ལྔ་པོ་ནི་ཕྱོགས་གཉི་ག་ལ་ཡང་ཡེ་ཤེས་ཀྱི་སེམས་ཀྱིས་ཞེས་བྱ་བ་ཡེ་ཤེས་སེམ་དཔའི་ས་བོན་གྱིས་ཅིག་ཅར་ཉིད་དུ་རབ་ཏུ་སྤྲོ་བར་བྱའོ།། དུས་གང ་གི་ཆ་སྤྲོ་བར་བྱ་བ་དེ་གསུངས་པ་ནི་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་བརྗོད་པའི་དུས་སུ་བཤད་མ་ཐག་པའི་ཚུལ་གྱིས་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ།། དེ་བས་ན་ཡང་བཟླས་ལ་འབད ་པའི་སེམས་ཉིད་ནི་ཞེས་བྱ་བ་ལ་སོགས་པའི་ཚོགསུ་བཅད་པ་གསུམ་སྨྲས་པ་ཡིན་ནོ།། རྫོགས་ནས་ཞེས་བྱ་བ་ནི་སྔགས་བརྗོད་པའི་མཐར་སྐུ་ལ་སོགས་པ་དེ་རྣམས་ཅིང་རང་གིནསུ་བསྡུ་བར་བསམ་པར་བྱའོ།། དེ་ཉིད ་ཀྱིས་ན་ཡོངས་སུ་སྦས་པའི་རིག་མའི་མཆོག་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེ་ལྟར་སྔོགས་སོ་སོར་བརྗོད་པ་འདི་ལྟ་བུར་བྱའོ།། ཞེས་ཅིར་བཤད་ནས་སྐུ་ལ་སོགས་པའི་བཟླས་པའི་མཚན་ཉིད ་སོ་སོར་བསྟན་པ་གསུངས་པ་ནི་སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་རྣམས་བེམ་པོའི་དངོས་པོའི་ངོ་བོ་ཉིད་དུ་ཡང་དག་པར་རིག་པའི་ཚུལ་གྱིས་རྣམ་པ་དཔྱད་ཅིང་རྣམ་པར་འཇོག ་ནི་སྒྲ་རྡོ་རྗེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། དེ་ཉིད་ནི་སངས་རྒྱས་ཀྱི་སྐུ་ཞེས་བྱ་བར་བཤད་དེ། འདི་ནི་སྐུའི་བཟླས་པ་ཡིན་པར་བཤད་དོ།། གསུང་གི་བཟླས་པ་གསུངས་པ་ནི་གསུང་གི་དམ་ཚིག་རྫོགས་བྱུང ་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། སྒྲའི་ཡེ་ཤེས་ནི་སོ་སོར་སྣང་བའི་བདག་ཉིད་ཅན་ཏོ།། དེ་སྒྱུ་མ་ཡིན་ཞིང་ཚིག་མ་ཡིན་པ་ཉིད་དུ་རྣམ་པར་དཔྱད་པའོ།། སེམས་གནས་པ་རྡོ་རྗེ་ཉིད་དེ་གནས་པ་མེད་པ་ཉིད་དུ་ན ་དཔྱད་པ་འདི་ནི་སེམས་རྣམ་པར་དག་པའི་བཟླས་པ་ཡིན་ནོ།། དོན་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྗེསུ་རྟོགས་པའི་བཟླ་པས་རྟོག་པའི་ངོ་བོ་ཉིད་དང་བྲལ་བ་དང་། རྣམས་པ་ཐམས ་ཅད་དང་ལྡན་པའི་མཛེས་པ་དུས་གསུམ་གྱི་སངས་རྒྱས་རྣམ་པར་དཔྱད་པ་ན་ནི་རིན་ཆེན་བཟླས་པ་སྟེ། རིན་ཆེན་འབྱུང་ལྡན་གྱིའོ།། གདོན་མི་ཟ་བའི་བཟླས་པ་གསུངས་པ་ནི་སངས་རྒྱས་ཞིང་ནི་ཞེས་བྱ་བ་ལ་སྩོགས་པ་སྟེ། ་གྷཞུད་ཅིང་བྱོན་པ་ཞེས་བྱ་བ་ནི་སྤྲོ་བ་དང་། བསྡུ་བའོ།། དེ་ཉིད་ནི་རྡོ་རྗེ་མཆོག་སྟེ། དམིགསུཾ་མེད་པའི་ངོ་བོ་ཉིད་དོ།། ཁྲོ་བོ་ལ་སོགས་པའི་བཟླས་པ་གསུངས?་པ་ནི་ཁྲོ་བོའི་ཞེས་བྱ་བ་ལ་སྩོགས་པ་སྟེ། ཁྲོ་བོའི་དམ་ཚིག ་རྡོ་རྗེ་ཡིས་ཞེས་བྱ་བ་ནི་མངོན་སྤྱོད་ལ་སོགས་པའི་ལས་རྣམས་ཁྲོ་བོའི་བསྒོམ་པ་ལས་བྱུང་བ་ལ་ནི་རྣ་བས་གཅིག་ནས་གཅིག་ཏུ་ཐོས་པར་ཁྲོ་བོའི་སྔགས་ཀྱི་ཡི་གེའི་ཚིག་ཐོས་པར་བྱའོ།། ཞེས་བྱ་བར་སྦྱར་རོ།། རང་གི་རྡོ་རྗེ། ་དཀྱིལ་འཁོར་གྲགས་ཞེས་བྱ་བ་ནི། ཟླས་པའི་དཀྱིལ་འཁོར་གྱིས་སྒྲ་སྩོགས་པ་ཞེས་བྱ་བའི་དོན་ཏོ།། འདོད་པའི་དོན་གྱིས་མྱོས་གྱུར་པ་ཞེས་བྱ་བ་ནི་འདོད་པའི་དོན་གྱིས་ཉོན་མོངས་པར་གྱུར་ཅིང ་མ་པར་སྒྱུར་བའོ།། ཀུམ་ཏུ་སྒྲུབ་ཅིང་ཕན་པར་དགའ་ཞེས་བྱ་བ་ནི་ཐམས་ཅད་ལ་སྐྱོབ་པའི་དོན་དུ་ཕུན་ཚོ་ལྟ་བར་བྱེད་པའོ།། སེམས་ཅན་གཏི་མུག་གནས་ནཱི་གྷཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད ་ཧཱུ~ཾ་ཙ་ཞིང་རྣམ་པར་འཛོ་ལཾ་བསྤྱད་པ་འདི་ནི་གཏི་མུག་རློམ་པར་དག་པའི་ཚུལ་གྱིས་བཟླས་བཻ་རོ།། དོད་ཆགས་ཉིད་ནི་རྣམ་པར་དྲུག་པ་ཡིན་པས་ནི་རྡོ་རྗེ་།། དེ་ལས་བྱུང་བསྣུ་ན་སྡུགས་ཀྱི་བདུག་ཉིད་ཅན་གྱི ་སྒྱོག་ན་པ་སྤུའི་རྒྱུས་ཀྱིས་ཡང་ན་གནས་ནས་སྐྱེས་པར་བྱ་ནས་ཤེས་པར་བྱ་།། བསྤྲིང་རྣམ་པར་དག་བ་སློད་ནི་\ུ0f7f། དེ་ལས་བྱུང་བ་མ་སེམས་སྤྲུ་ལ་སྩོགས་པོའི་ཚུལ་སྦྱིས་ཡིད་དག ་ང་དུ་རླུང་ཤྠ། ཛ~ཾ་གནས་། ན་པ་དག་པ་ཧཱུ~ཾ། རྣམ་པ་ཤཱ་ཎྜི་བཅུ་ནས་བྱུ་སྦྱར་རོ།། དམ ་ས་རྒྱུ་པོ་རློ་མ་མགས་། ས་པ་དུ་གིསལ་ཚུ་། ་མོངས་སྤྱོད་ཅེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དགུ་པ་དང་ལྡན་པའི་སེམས་ཀྱི་ལོངས་སྤྱོད་ཀྱིས་སོ།། རིག་པའི་རྒྱལ་བློ་རྡོ་རྗེ་ནྡན་ཞེས་བྱ་བ་ན་སའི་སྣང་པོ་ལ་སོགས་པའོ།། མ་ནད་དག། ་གིས་གནས་ཞེས་བྱ་བ་ནི་སྐྱེས་པ་དང་། བྱུང་མེད་དག་གི་གནས་སྐབས་དང་བྲལ་བའི་ཡེ་ཤེས་ཀྱི་གནས་སོ།། ཞེ་སྡང་གནས་ཞེས་བྱ་བ་ལ་འདིའི་དོན་ནི་ཁྲོས་པའི་གནས་སྐབས་སུ་ཞེ་སྡང་གི་ངོ་བོ་ཉིད་ལས་སྐྱེས་པ་སྟེ། ་མི་བསྐྱོད་པའི་རིགས་ལས་སྐྱེས་པ་ནི་མ་ཡིན་ནོ།། བསོད་ལ་རྟག་ཏུ་བརྩོན་པ་དག་ཅེས་བྱ་བ་ནི་གདུལ་བྱའི་སྐྱེ་བོའི་བསམ་པའི་དབང་གིས་མྱུར་བར་ཐ་མལ་པའི་གཟུགས་ལས་རབ་ཏུ་འཕོ་བར་བྱེང་བའི་ཕྱོགས་དེ་ཉིད ་ཀྱིས་རབ་ཏུ་འགྲུབ་པར་འགྱུརརོ།། མཆོག་གི་ཆོས་ཅན་ལ་ཞེས་བྱ་བ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་སྔགས་ཀྱིས་བཟླས་བརྗོད་ལ་སོགས་པ་བྱེད་པའོ།། ཐིག་ལེའི་རྣལ་འབྱོར་གསུངས་པ་ནཱི་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ ་སོགས་པ་སྟེ། ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དབུས་སུ་བསལ་བའི་དཀྱིལ་འཁོར་གྱིས་དབུས་ཀྱི་འཁོར་ལོ་ལ་གནས་པར་བསྒོམ་པར་བྱའོ།། འཁོར་ལོ་དེའི་དབུས་སུ་ཞེས ་བྱ་བ་སྟེ། ཟླ་བ་ལ་འཁོར་ལོའི་དོན་ཞེས་བྱ་བ་ནི་མཚན་མ་འཁོར་ལོའི་ལྟེ་བའི་ཟླ་བ་ལ་གནས་པའི་རང་གི་ས་བོན་ཐེག་ལེའི་གཟུགས་ཅན་དུ་རང་གི་སེམས་དང་གཉིས་སུ་མེད་པར་བསྒོམ་པ་རྣམ་པར་སྣང་མཛད ་ཐ་མི་དང་བའི་རྔ་བ་ཉིད་དོ།། དེ་ལྟ་བུའིང་བ་ཉིད་ཀྱི་བརྒྱུན་མོའི་བྷ་ག་རྣམས་ལ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པ་ཐམས་ཅད་དུ་གཏོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་རབ་ཏུ་སྣང་ཞིང་འབྱུང་བར་ངེས ་པར་འབྲེལ་པས་ན་གཅིག་པུ་ཉིད་ཡིན་ཡང་ཚིག་མང་པོར་བྱས་པ་ཡིན་ནོ།། བཞུགས་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྤྱོད་པ་ཐམས་ཅད། འདོད་ཆགས་ལ་སོགས་པ་མངོན་པར་བྱང་ཆུབ་པའི་ངོ་བོ་ཉིད་དུ་མཛད། ་བས་ན། འདི་ཉིད་ནི་དེ་བཞིན་གཤེགས་པའི་མཛད་པ་ཡིན་གྱི། སྔོན་བྱུང་བ་གཙོ་བོར་མཛད་པ་ནི་མ་ཡིན། འདས་པ་ལ་སོགས་པ་རྣམས་ཀྱང་ད་ལྟར་བྱུང་བ་ཉིད་ཀྱིས་དེ་ཡང་དག་པར་རིག་པ་ཡིན་པའི་ཕྱིར། ཇི་སྐད་དུ། ་གཅིག་ནས་གཅིག་ཏུ་མངོན་སུམ་དུ།། རྒྱུ་ནི་འབྲས་བུ་ཉིད་གྱུར་པའི།། ད་ལྔར་བྱུང་བའི་གཟུགས་གང་ཡིན།། དེ་ནི་རྣལ་འབྱོར་པ་ཡིན་ཤེས་ཞེས་བཤད་པའོ།། བརྗོད་ཀྱི་མི་ལང་བའོ་ཞེས་བྱ་བ་ལ་སོགས་པས་ནི་འཁོར ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་ཡང་བརྗོད་པར་ནུས་པ་མེ་ཡིན་བསྡུ་ན་བརྗོད་ཀྱིས་མི་ལང་བ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ།། བྱང་ཆུབ་ནི་རྣམ་པ ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་སྟེ། དེར་དེ་ཉིད་ལ་སེམས་དཔའ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའོ།། སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ལ་ཞུགས་པས་ནི་སེམས་དཔའ་ཆེན་པོ་སྟེ། དེ་རྣམས ་ངེས་པ་མེད་དོ།། རྡོ་རྗེ་ཞེས་བྱ་བ་ཡེ་ཤེས་ཀྱི་ས་བོན་ཟློས་པ་ནི་རྣམ་པ་ཐམས་ཅད་དུ་ཅིག་ཅར་སྤྲོ་བར་བྱ་སྟེ། འདི་ནི་ངེས་པ་ཡིན་ནོ།། དེ་ལྟར་དབྱེ་བ་རྣམ་པ་གཉིས་སྤྲོ་བར་བྱ་སུ་ནཱས། མཆོད་པ་ལ་ཡང་རང་གི་རིགས་ཉིད ་ཀྱི་ལྷ་མོས་མཆོད་པར་བྱེད་ཀྱིས། རིགས་ཀྱི་བདག་པོ་གཞན་གྱི་མ་ཡིན་ནོ་ཞེས་གསུངས་པ་ནི་སྐྱེ་སྨོས་ཞེས་བྱ་བ་ལ་སོགས་པ་སྟེ། སྤུ་ནི་རྣམ་པར་སྣང་མཛད་དེ། སྐུའི་ངོ་བོ་ཉིད་ཀྱི་སྤྱན་ལ་སོགས་པས་མཆོད་པར ་བྱད་དོ།། དེ་བཞིན་དུ་ཐུགས་ལ་སོགས་པ་ལའང་སྦྱར་བར་བྱའོ།། སྤྱན་ཡང་སྤྲོ་བའི་དུས་སུ་རང་གི་དཀྱིལ་འཁོར་གྱི་བདག་པོ་དང་ལྡན་པར་སྤྲོ་བར་བྱེད་དོ།། དེར་ཡང་ས་རྣམ་པར་དག་པ་ལོ་རང་གི་གསང་བའི་པདྨར་སྤྲུལ་པའི ་བདག་པོ་མ་ལོང་ལྟ་བུར་རྣམ་པར་དག་པ་རྣམ་པར་སྣང་མཛོད་ཀྱི་འབྱིན་པའི་སྔགས་ཀྱིས་དེའི་ནང་དུ་ཆུད་པ་དང་ལྡན་པ་དང་མེ་ལོང་ལྟ་བུར་རྣམ་པར་དག་པའི་དངོས་པོར་ཐལ་བས་སྤྱན་དེ་མེ་ལོང་ལྟ་བུར་རྣམ་པར་དག ་བ་ཉིད་དུ་བྱའོ།། དེ་བས་ན་མེ་ལྕོང་ལྟ་བུར་རྣམ་པར་དག་པའི་རྣམ་པོར་སྣང་མཛད་ཉིད་ནི་དེ་རྣམ་པར་དག་པས་རྣམ་པར་དག་པ་ཡིན་པའི་ཕྱིར། དེའི་ངོ་བོ་ཉིད་དང་ལྡན་པའི་གསང་བའི་མཆོད་པས་མཆོད་ཀྱི་གཞན ་ངག་ནི་མ་ཡིན་ནོ་ཞེས་བྱ་བར་རིགསོ།། ཡང་ན་གཅིག་པུ་ཉིད་ས་རྣམ་པར་དག་པ་ཡིན་དུ་ཟིན་ཀྱང་། རྣམ་པར་སྣང་མཛད་ཉིད་དེའི་རིགས་ལས་བྱུང་བ་ཡི་བས་ན་ཕྱིའི་མཆོད་པས་མཆོད་པ་ལ་ཉེས་པ་མེད་དོ།། དགོངས ་པ་འདི་ཉིད་ཀྱིས་ནཱ་ལྷ་མོ་རྣམས་ནི་སངས་རྒྱས་རྣམས་ཀྱི་བཙུན་མོའི་མཆོག་ཅེས་བཤད་པ་ཡིན་ནོ།། དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པ་མཆོད་པ་ལ་ཅི་རིགས་པར་བཤད་པར་བྱའོ།། ད་ནི་ལས ་རྣམ་པ་བཞི་བསྟན་པའི་ཕྱིར་དཀྱིལ་འཁོར་གྱིས་འཁོར་ལོས་སྒྲུབ་པ་རེ་ཤིག་བསྟན་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལྔ་རྣམས་ཞེས་བྱ་བ་དེ་བཞིན་གཤོགས་པ་རྣམས ་བསྒོམ་པར་བྱ་ལ། དེ་རྣམས་ཀྱི་དབུས་སུ་གང་གྱུར་པ་དེ་ནི་བདག་པོ་སྟེ། རྡོ་རྗེ་གསུམ་དང་ལྡན་པའི་བདག་པོའི་གཟུགས་སུ་བསམས་ལ། རང་སྔགས་རྡོ་རྗེའི་ཞེས་བྱ་བ་བདག་པོའི་དཀྱིལ་འཁོར་གང་ཡིན་པའི་དཀྱིལ་འཁོར ་བ་རྣམ་པར་སྣང་མཛད་ལ་སོགས་པའི་ཚུལ་དེ་རྣམས་ཀྱིས། དཀྱིལ་འཁོར་གྱི་གཟུགས་རྣམ་པ་བཞི་པོ་དཀར་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་ཀུན་ཏུ་བརྟགས་ལ་སྙིང་པོའི་དོན་ཡེ་ཤེས་ཀྱི་ས་བོན་ལ་སོགས་པ ་བསྒོམ་པར་བྱའོ།། འདི་དག་ཀྱང་དཀྱིལ་འཁོར་ཐམས་ཅད་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་ལྟར་ན་དཀྱིལ་འཁོར་དེ་རྣམ་པར་བསྒོམས་ལ། རྡོ་རྫུན་པ་བཞི་ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞིར་བྱའོ།། གཞན ་དག་ཀྱང་ནུས་པ་རྣམས་ལས་སེམས་ཅན་གྱི་བྱམས་པའི་དབང་གིས་རེ་རེའི་ལས་ཀྱི་ངེས་པ་གསུངས་པ་ནི་ཞི་བ་ལ་སྦྱིན་གྱི་ཚུལ་ཞེས་བྱ་བ་ལ་སོགས་པ་སྟེ། ཞི་བའི་ལས་ལ་བདག་པོའི་ལྷ་དཀར་པོའི་ཚུལ་དུ་བསམ་པར ་བྱ་བ་དང་། རྒྱས་པ་ལ་འོད་དཔག་ཏུ་མེད་པའི་ཚུལ་སེར་པོའི་གཟུགས་སུ་བསམ་པ་དང་། དབང་ལ་རྣམ་པར་སྣང་མཛད་ནས་ཞེས་བྱ་བ་སྒྲའི་དགོད་པའི་ཚུལ་གྱིས་ན། དོན་ཡོད་པར་གྲུབ་པའི་ཚུལ་དམར་པོའི་རྣམ་པར་གཟུང ་བབར་བྱའོ།། མངོན་སྤྱོང་ལ་ནི་ཁྲོ་བོའི་ཚུལ་ཏེ། ནག་པོར་གནས་པའོ།། དེ་ལ་མངོན་སྤྱོད་ཀྱི་ལས་རྣམས་ཀྱི་ཡུལ་གསུངས་པ་ནི། མ་དང་སྨྲ་བའི་སེམས་ཅན་དང་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ཀྱི་ཆོ་ག་གསུངས་པ་ནི། ་ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་གསུམ་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་ཁ་སྦྱར་དབྱེ་བར་བྱ་བའི་ཕྱིར། སངས་རྒྱས་སྐུའི་བདག་ཉིད་ཅན་དུ་རྣམ་པར་བསྒོམ་པར་བྱའོ།། ཁ་སྦྱར་དབྱེ་བ་ནི་མཱ་བཤད།། ་ཁ་བཞི་པ་ཞེས་བྱ་བ་ནི་མདུང་རྩེ་མོ་གཅིག་ལ་རྩེ་མོ་བཞིས་བསྐོར་བར་གནས་པའི་ཁ་བཞི་པར་འགྱུར་བ་ལ་བྱའོ།། སྣ་ཚོགས་རྡོ་རྗེ་ཡིན་པར་གཟུང་བར་མི་བྱའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔར་བྱུང་བའི་རྡོ་རྗེ་འཛིན ་པ་རྡོ་རྗེ་རྩེ་ལྔ་པ་ཡོངསུ་གྱུར་པའི་མི་བསྐྱོད་པ་ཁྲོས་པར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ།། རྡོ་རྗེ་ཡོངསུ་གྱུར་པ་ཡང་རྡོ་རྗེའི་མཚན་མ་མངའ་བའི་ལྷ་རྣམས་ཀྱི་ཡིན་ཏེ། དེ་ལས་གཞོན་དག་པས་ཀྱང་རང་རང་གིས ་མཚན་མ་ཡོངསུ་གྱུར་པ་ཉིད་ལས་བྱུང་བ་ཡིན་ནོ།། མངོན་སྤྱོད་ཀྱི་ལས་ཀྱི་རྩོལ་བ་ལ་ནི་སྐུ་མདོག་དང་། དབྱིབས་མི་སྡུག་པར་བྱ་བ་འདི་ནི་ཁྱད་པར་ཡིན་པར་ཤེས་པར་བྱའོ།། སངས་རྒྱས་འཁོར་ལོ་ཞེས་བྱ་བ་ནི ་དེའི་འཁོར་རྣམས་སོ།། དེ་ལྟར་ཁྲོས་པའི་མི་བསྐྱོད་པ་དེའི་ཡང་ཕྱག་གཡས་པར་སངས་རྒྱས་ཀྱི་འཁོར་ལོའི་བདག་ཉིད་ཅན་སྟོབས་ཆེན་པོ་ཡོད་པའི་རྡོ་རྗེ་འདི་བཞག་པར་བྱའོ།། དེ་ནས ་སེམས་ཅན་རྣམས་ཞི་བའི་བྱེ་བྲག་གིས་བསྡུས་ཏེ། གོང་བུའི་ཚུལ་དུ་བྱས་ནས་རང་གི་ལུས་ལ་བཞུག་པར་བྱའོ།། དེ་ནས་སངས་རྒྱས་རྣམས་ཁྲོས་པར་གྱུར་པས་འཁྲུགས་པ་ཇི་སྐད་དུ་བཤད་པའི་གཟུགས ་དང་ལྡན་པ་གདུག་པ་རྣམས་གསོད་པ་ལ་སྤྲོ་བར་བྱའོ།། དེས་ན་བསྒྲུབ་པར་བྱ་བ་དེ་འཆི་བར་འགྱུར་རོ།། སངས་རྒྱས་ལ་ཡང་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་སྒྲུབ་པར་བྱ་བའི་དོན་གྱི་ཆོ་གའོ་ཞེས་བྱ་བ་ནི་ལྷག་མའོ། ་བྲི་བའི་དཀྱིལ་འཁོར་དུ་བགེགས་བསལ་བ་གསུངས་པ་ནི་ན་མཁོའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་རང་གི་སྦྱོར་བ་དང་རྗེས་སུ་མཐུན་པའི་དགོད་པས་མི་སྤྱོད་པའི་ཁང ་པ་ཅིག་མ་ལ་ལྷའི་འཁོར་ལོ་དང་ལྡན་པར་ཇི་སྐད་དུ་འཇམ་གསུངས་པའི་ཚུལ་གྱིས་བསྒོམ་པར་བྱའོ།། རྡོ་རྗེ་འཛིན་པ་དང་། སྤྲོ་བ་དང་། བསྡུ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ།། དེ་ནས་འཁོར་ལོའི་ས་བཞིར ་ཇི་སྐད་དུ་བཤད་པའི་ཆོ་གས་བགེ་གས་བསལ་ལ་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འགྲོ་བར་བྱའོ།། དེ་ཡང་ཛཾ་སྐད་དུ་འཇམ་རྒྱལ་ཁྲོས་པས་བལྟས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན ་གཤིན་རྗེ་གཤེད་ཀྱི་འཁོར་ལོ་གསུངས་པ་ནི་ན་མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེ་གཤེད་བདུག་པོར་གྱུར་པའི་འཁོར་ལོས་དགྲ་རྣམས་གསོད་པར་བྱེད་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། ་ཞེས་བྱ་བའི་དོན་ཏོ།། བསྲུང་བའི་འཁོར་ལོ་ལ་སོགས་པ་གསུངས་པ་ནི་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ལ་སོགས་པས་སམ། རང་གི་འདོད་པའི་ལྷའི་ཡོན་ཏན་ནམ། ཡང་ན་གཙུག་གཏོར ་གྱི་བཀའི་འཁོར་ལོ་སྟེ། ཐེག་པ་དམན་པ་ལ་སོགས་པའི་བགེགས་རྣམས་དང་བྱང་ཆུབ་བསྲུང་བའི་ཕྱིར་རབ་ཏུ་སྦྱར་བར་བྱའོ།། དེ་ཡང་ཧཱུཾ་མཛད། ཡང་ན་གཙུག་ཏོར་རམ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད ་པ་སྟེ། འདི་དག་ཀྱང་གསལ་བར་བདག་གིས་མ་བཤད་དོ།། རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་པོ་རྩེག་མ་གསུངས་པོ་ནི་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་འབྱུང་བའི་ནང་དུ་ཆུད་པའོ།། ཆོས ་ཞེས་བྱ་བ་ནི་ཁང་པ་བརྩེག་མར་བསམས་ལ། དེར་གང་ན་རབ་ཏུ་བརྟག་པར་བྱའོ།། དེ་ཡང་རིགས་བཅས་པའི། རྣམ་པར་སྣང་མཛད་ཡན་ལག་ལོས་ཡང་དག་བྱུང་ཞེས་སྨོས་པ་ཡིན་ནོ།། དེ་བཞིན་དུ་ཉི་ཟླ་མགོན ་བཅསོ་སྒྲའི་གནས་རྣམས་དང་ཞེས་སྨོས་པ་ཡིན་ནོ།། རྡོ་རྗེའི་ང་རྒྱལ་དུ་བྱ་བ་གསུངས་པ་ནི་མམཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གིས་སྔགས་ཀྱི་ཡོ་གེའི་གནས་ཀྱི་རྡོ་རྗེའི་མང་དུ་ཆུད་པ་སྤྲོ་བ་ལ ་སོགས་པའི་ཚུལ་གྱིས་བསམས་ལ། དེ་དང་གཅིག་པར་ང་རྒྱལ་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ང་རྒྱལ་དེ་ལྡན་ཞེས་སྨོས་པ་ཡིན་ནོ།། དེ་ཉིད་ལས་རྡོ་རྗེ་འཛིན་པ་བྱུང་བ་བཤད་ཅིང་ལས་ཀྱི ་ཚོགས་གསུངས་པ་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པར་ཞེས་བྱ་བ་ནི་དབང་བསྐུར་བའི་རིམྦྷ་གྱིས་མི་བསྐྱོད་པའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། དཀྱིལ་འཁོར་གྱིས ་འཁོར་ལོ་ཅན་རྣམ་པར་སྣང་མཛད་ལ་སོགས་པ་དང་། མཱ་མ་ཀཱི་ལ་སོགས་པ་ཡང་རྣམ་པར་བཞག་སྟེ། དེའི་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱི་ཆུ་དེ་བཞིན་གཤེགས་པའི་ཚོགས་ཀྱི་ཆུའི་སྟེང་ནས་བཅག་པར་བྱའོ།། རྐང་པ ་མཉམ་གཞག་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཐམས་ཅད་མཉམ་པ་ཉིད་ཀྱིས་སོ།། དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྤྱན་ལ་སོགས་པའི་སྤྱི་བོའི་སྟེང་དུ་རྐང་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྒྱུ ་བར་བྱའོ།། འཇམ་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱི་པདང་འདྲ་བའི་ལྷའི་སྤྱི་བོའི་སྟེང་དུ་རྐང་པ་བཞག་ནས་བཅག་པར་བྱའོ།། ཞེས་ཤེས་པར་བྱའོ།། ཚིག་གནོན་པོའི་སྦྱོར་བ་གསུངས ་ནིདབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་སེར་བཾ་ཡི་གེ་ལཾ་ལས་བྱུང་བ་མཚམས་བཞིར་རྡོ་རྗེ་ནི་གསུམ་པས་མཚན་པ་ལ་གནས་པར་བསྒོམས་ནས། ལས་ཀྱི ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་སྣ་ཚོགས་པདྨ་ལ་གནས་པས་གནོན་པ་དང་། ཡི་གེ་སུམ་ལས་བྱུང་བའི་རི་རབ་སྤྱི་བོར་བསྒོམ་པར་བྱའོ།། བསྒྲུབ་པར་བྱ་བའི་སྤྱི་བོར་ཇི་སྐད་དུ་བཤད་པའི་རི་རབ་ལ་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར ་ལ་གནས་པའི་སྣ་ཚོགས་པདྨ་དེ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཆོ་གྲ་བཞིན་དུ་གཞལ་ཡས་ཁང་ན་གནས་པ་ཁྲོས་པོའི་ལྷ་སྔགས་ཟློས་པ་ཁཾ་དོག་སེར་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དཔུང་གནོན་པ་གསུངས ་པ་ནི་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། དམུག་གི་སྤྱི་བོར་སྔ་མ་བཞིན་དུ་རི་རབ་དང་། རྡོ་རྗེ་གསུམ་པའི་དཀྱིལ་འཁོར་པ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ།། དཔུང་ཕུར་བུས་གདབ ་པ་གསུངས་པ་ནི་ཧཱུཾ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་ཕུར་བུ་སྟོང་རྩེ་མོ་ལྔ་དང་ལྡན་པ། འོག་རྩེ་གཅིག་པ། སོར་བརྒྱད་པའི་ཚད་དུ་བསམས་ལ། བསྒྲུབ་པར་བྱ་བའི་མིང་གི་ཡི་གེ་དང་པོ ་ལས་སྨྲས་པའི་གཟིགས་བརྙན་གྱི་སྙིང་ཁར་ཕུར་བུ་དེས་རྡོ་རྗེ་ཕྲེར་བུས་གདབ་པ། ཨོཾ་གྷུ་གྷཱཿགྷུཿཏ་ཡ་ཞེས་བྱེ་བ་ལ་སོགས་པའི་ཕྲེང་བའི་སྔགས་ཀྱིས་བྱས་པར་བསམ་པར་བྱའོ།། ཡུལ་ཕྱོགས་སུ་ཉེ་བར་འཚེ་བ ་ཞི་བ་གསུངས་པ་ནི་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་སྟེ། བར་སྣང་ལ་རྡོ་རྗེ་རྩེ་མོ་ལྔ་པ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན། བསྐལ་པ་བསྲེག་པ་ལྟར་ཞེས་བྱ་བ་ནི་འཕྲོ་བས་ན་མཁའི་ཁམས་ཁྱབ་པར་གྱུར ་པའི་རྡོ་རྗེའི་ལྷ་རྣམས་ཀྱིས་ཡུལ་དེ་ཁྱབ་པ་སྟེ། དེ་བས་ན་ཉེ་བར་འཚེ་བ་སྲེག་པར་བྱེད་པའི་སྤྲོ་བ་ལ་སོགས་པའི་ཚུལ་བསམས་ནས། འོད་ཟེར་དེ་ལས་བྱུང་བའི་ལྷ་མོའི་སྤྲིན་རྣམས་ཡེ་ཤེས ་ཀྱི་བདུད་རྩིའི་བུམ་པ་ཐོགས་པས་དབང་བསྐུར་བ་སྟེ། ཉེ་བར་འཚེ་བས་བསྲེགས་པའི་ཡུལ་དེར་ཆོ་ག་ཇི་ལྟ་བ་བཞིན་དུ། ཞི་བའི་སྔགས་ཟློས་པའི་རྣལ་འབྱོར་པས་སྦྱིན་པར་བྱའོ།། དེ་ལྟར་ཆོ་ག་གཞན་དུ་ལས་བྱས ་ན་ནོར་ཕུན་སུམ་ཚོགས་པར་ཡང་འགྱུར་ཞེས་པ་གསུངས་པ་ནི་བས་མ་གཏན་རྡོ་ཛྷཻཾ་ཞེས་བྱ་བ་ལ་སོགས་པའོ།། གཞན་ཡང་ནང་གསེལ་བའི་ཆོ་ག་གསུངས་པ་ནི་དེར་ནི་སངས་རྒྱས་སྤྲིན་དང་ནི་ཞེས་བྱ་བ་ལ་སོགས ་པའོ།། བགེགས་མེད་པར་བྱས་པའི་ཡུལ་དུ་ཉེ་བར་འཆེ་བའི་ཉེས་པ་དགག་པའི་ཕྱིར་ཕུར་བུའི་ཆོ་ག་གསུངས་པ་ན་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་ཐབ་སྦྱོར་ཉིད་སྐུ་སྟོང་ཐབས་དང་ཤེས་རབ་ཀྱི ་བདག་ཉིད་ལ་སྐུ་སྨང་རྡོ་རྗེ་རྩེ་གཅིག་པའི་གཟུགས་ཅན་གྱི་རྡོ་རྗེ་ཕུར་བུ་བྱས་ལ། ཕུར་བུ་གདབ་པའི་སྔགས་ཀྱིས་ཕྱོགས་བཅུར་སྤྲོས་ནས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་སྐུ་སྟོང་བགེགས་རྒྱལ་སྨད ་རྩེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཞི་བའི་ལས་ཀྱི་དབྱེ་བོ་གསུངས་པ་ནི་མངངས་བཟང་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ་ལ་གནས་པའི་རྣམ་པར་སྣང་མཛད་དང་ལྷ་མོ་རྡོ་རྗེ་ཅན་ཨོཾ་ཨཱཿཛི་ན ་དྲྀཀ་ཆེ་གྱི་མོ་ཤཱནྟིཾ་ཀུ་རུ་ཧཱུཾ་ཞེས་བྱ་བའི་སྔགས་ཟློས་པ་འམ། གདོན་པའི་སྔགས་ལ་གནས་པ་འམ། རང་གི་ས་བོན་གྱི་ཡི་གེ་གཅིག་ཏུ་ཟློས་པར་བསམས་ལཱ། དེའི་ཡེ་ཤེས་སེམས་དཔའི་སྙིང་ཁའི་ཟླ་བར ་ཞི་བའི་དོན་དུ་བཞག་པར་བྱའོ།། སྤྱན་གྱི་རྣམ་པར་སྤྲོས་པ་རྣམས་ཨོཾ་རུ་རུ་སྥུ་རུ་ཛོ་ལ་ཏྲིཥྛ་སིདྡྷ་ལོ་ཙ་ནེ་སརྦྦཱནྟ་སཱ་དྷ་ནི་ཆེ་གེ་མོའི་ཤཱནྟིཾ་ཀུ་རུ་སཱ་ཧཱ་ཞེས་བྱ་བའི་སྔགས་ཟློས་པ་རྣམས་ཀྱིས་སམ། བསྒྲུབ་པར ་བྱ་བའི་མིང་དང་ལྡན་ཞིང་ཡི་གེ་གསུམ་དང་སྤེལ་བའི་འབྱིན་པའི་སྔགས་སམ། རང་གི་ས་བོན་ཟློས་པ་རྣམས་ཀྱིས་ན་མཁའི་ཁམས་གང་བ་བསམ་པར་བྱའོ།། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང ་ཅོཙེ་རིག་པར་སྦྱར་བར་བྱའོ།། དེ་ནས་དེ་རྣམས་ཡང་དག་པར་བསྡུས་ནས། སྤྱན་ལ་སོགས་པ་བདུད་རྩིར་གྱུར་པའི་འོད་ཟེར་གྱི་གོང་བུའི་གཟུགས་ཀྱིས་ནང་གི་ཡན་ལག་ཚིམ་ཞིང་རྒྱས་པར་བྱ་བའི་ཕྱིར་དབབ ་པར་བྱའོ།། བཽ་སྤུའི་བུ་ག་རྣམས་ལས་ཀྱང་སངས་རྒྱས་ཀྱི་སྐྱོན་དེ་རྣམས་ཉིད་ཀྱིས་བདག་ཉིད་བདུད་རྩིའི་བུ་པ་བསྣམས་ཏེ། ནད་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་དབང་བསྐུར་བ་དེ་ལ་སྩོལ་ཏོ།། རྒྱུས་པ་གསུ ་པ་ནི་ན་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁང་པ་རྩེག་མའི་ནང་ན་གནས་པའི་དབང་ཆེན་གྱི་དཀྱིལ་འཁོར་ལོ་བཞུགས་པ་ཉི་མའི་གདན་ཅན་འོད་དཔག་ཏུ་མེད་པ་སོར་པོ་བསམས་ལ། ཨོཾ་ཨཱཿཱ་རོ ་ལིག་ཆེ་གེ་མོའི་པུཥྚིཾ་ཀུ་རུ་ཧཱུཾ་ཞེས་བྱ་བའི་སྔགས་ཟློས་པའི་ལྷའི་འཁོར་ལོ་དང་ལྡན་པ་བསམས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་རྒྱས་པ་དོན་དུ་གཉེར་བ་བཞག་པར་བྱའོ།། གོས ་དཀར་མོ་ལ་སོགས་པ་སྤྲོས་པ། ཨོཾ་ཀ་ཊེ་བི་ཀི་ཊེ་ནི་ཀ་ཊཾ་ཀ་ཊྭཱ~ཾ་ཀུ་ཊེ་ཆེ་གེ་མྱོའི་པུཥྚིཾ་ཀུ་རུ་ཨོཾ་ཞེས་བྱ་བའི་སྡིགས་ཟློས་པ་དང་། མངོན་པར་འདོད་པའི་ནེར་གྱི་ཆར་འབེབས་པ་རྣམས་ཀྱིས་ན་མཁའི་ཁམས་གང་བར་བྱའོ།། དེ ་ནས་དེ་ཡང་དག་པར་བསྡུས་ལ་སྔ་མ་བཞིན་དུ་འོད་ཟེར་གྱི་གོང་བུ་མངོན་པར་འདོད་པའི་ནོར་གྱི་ཚོར་འབེབས་པ་བསྒྲུབ་པར་བྱ་བའི་ལུས་དང་། ངག་དང་། ཡིད་ཀྱི་གནས་ལ་དབབ་པར་བྱའོ།། བ་སྤུའི་བུ་ག་རྣམས་ལས ་ཀྱང་རིན་པོ་ཆེའི་སྤྲིན་ཅན་གྱི་འོད་དཔག་ཏུ་མེད་པ་སྤྲོ་བར་བྱའོ།། དེ་ནས་སངས་རྒྱས་པར་འདོད་པ་དེ་ཉིད་ལ་དབང་བསྐུར་བ་རབ་ཏུ་སྩོལ་ཏོ་ཞེས་བྱ་བའི་བུར་དུ་སྔ་མ་བཞིན་དུ་ཐམས་ཅད་སྦྱར་བར་བྱའོ།། དབང་དུ་བྱ་བའི ་ཆོ་ག་གསུངས་པ་ནི་ནཱ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་ཟླ་གམ་བསམ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་གྱི། རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ནོ་མ་ཡིན་ནོ།། དེ་བས་ན་ཁང་པ ་ཅིཅེག་མའི་དབུས་སུ་རྡོ་རྗེ་ན་མཁོའོ་མཆོག་ཅེས་བྱ་བ་དོན་ཡོད་གྲུབ་པ་དམར་པོའི་མདོག་ཅན་སྔགས་ཇི་ལྟ་བ་བཞིན་དུ་ཟློས་པ་མཛེས་པར་བ་སེམས་ལ། སྔ་མ་བཞིན་དུ་ཐམས་ཅད་རྗེསུ་དཔག་ཏེ་ལས་རྣམས་བྱའོ།། ་སྔགས་སྤྱད་པའི་མངོན་སྤྱོད་དང་རྗེ་སུ་འབྲེལ་བའི་ལས་གསུངས་པ་ནི་ན་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། མེའི་དཀྱིལ་འཁོར་ནི་གྲུ་གསུམ་འབར་བའི་དཀྱིལ་ཅན་ཏེ། དེར་གནས་པའི་དགྲ་པོ་ལ་སྲིན་པོ་ལ་སོགས་པས ་རྣམ་པར་གཅེས་པར་གྱུར་པར་བསམས་ལ་ཁྲོས་པའི་ལྷའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་སྤེལ་བའི་སྔགས་བཟླས་པར་བྱ་ཞིང་། མཱ་མ་ཀཱི་དང་ཤེས་རབ་མཐར་བྱེད་ལ་སོགས་པ་བསྒྲུབ་པར་བྱ་བ་དང་། སྤེལ་བའི ་རང་རང་གི་དབྱུག་པའི་སྔགས་ཟློས་ཤིང་། བསྒྲུབ་པར་བྱ་བའི་རྣམ་པ་གཞིག་པར་བརྩོན་ལ། སྤྲོ་བ་ལ་སོགས་པའི་ཚུལ་དུ་ཇི་སྐད་བཤད་པའི་ཆོ་གས་བསྒོམ་ཞིང་མངོན་པར་འདོད་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི ་དག་ཀྱང་བསལ་བར་མ་བཤད་དོ།། ད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་ལ་སོགས་པ་བཤད་པ་དྲན་པར་བྱ་བའི་ཕྱིར་དང་། མ་བཤད་པ་རྣམས་བཤད་པར་བྱ་ཕྱིར། རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་སངས་རྒྱས་གསུམ་པོ་ཉིད་ནི་སྐུ་ངང་གསུང་དང་ཐུགས་ཉིད་གཙོ་བོ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར་གསུངས་པ་ན་ཡིན་ལ། མངོན་པར་རྟོགས་པ་ལ་དགོས་པའི་ཁྲོ་བོ་རྣམ ་ཀྱང་བས་མ་གཏན་དང་བྲི་བའི་དཀྱིལ་འཁོར་དག་ལ་སྲུང་བའི་ཕྱིར་དགོས་པ་དང་། དྲག་ཤུལ་གྱི་ལས་ལ་སོགས་པ་ལས་ཀྱི་དབང་དུ་བྱས་ནས་འདོད་པའི་རྒྱལ་པོ་ལ་སོགས་པ་གསུངས་པ་ནི་ཊཀྐིའི་ཡེ་ཤེས་བྱ་བ ་ལ་སོགས་པ་སྟེ། ཕྱག་བཞི་ཞེས་བྱ་བ་ནི་ཤེས་རབ་དམ་པ་འཁྱུད་བའི་ཕྱག་གཉིས་མ་གཏོགས་པའོ།། འདི་རྣམས་ཀྱི་ཞལ་དབུས་མ་དང་། སྐུ་ནི་ནག་པོའི་ཞལ་གཡས་པ་ནི་དཀར་པོའོ།། གཡོན་པ ་ནི་དམར་པོའོ།། གཙུག་ཏོར་གྱི་ནི་སྐུ་དང་དབུསོ་མའི་ཞལ་ནི་སོར་པོ་ཡིན་ལ། གཡས་པ་ནི་ནག་པོའོ།། གཡོན་པ་ནི་དཀར་པོ་སྟེ་ཁྱད་པར་ནི་དེ་ཡོད་ངོ་།། ཡི་གེ་གཅིག་ཅེས་བྱ་བ་ནི་གཙུག་ཏོར་བདུན་ཆར་ཡང་ས་བོན་གཅིག ་པུ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ལས་ཀྱི་ཚོགས་ཀྱི་དབང་དུ་བྱས་པའི་ཁྲོ་བོ་གསུངས་པ་ནི་གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་རྣམས་ནི་ཞེས་བྱ་བ་ནི་ལས་ཀྱི་ཚོགས་དང་རྗེས་སུ་མཐུན་པ་རྣམས ་གྱིས་སོ།། རྡོ་རྗེ་འཛིན་པ་མངོན་དུ་གྱུར་པས་ལྷག་པར་གྲུབ་པར་བསྟན་པའི་ཕྱིར་དོན་དེ་ཉིད་བཟླས་ཏེ་བསྟན་པ་ནི་ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ ་སྟེ། དེ་རབ་ཏུ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལྔས་རྣམ་པར་སྣང་མཛད་ཚོ་ག་བཞིན་དུ་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔར་རྡོ་རྗེ་སེམས་དབར་གྱུར་པས་རྡོ་རྗེ་སེམས་དཔའ ་ཉིད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་འམ། མི་བསྐྱོད་པ་ཉི་མིའི་དཀྱིལ་འཁོར་ལ་བཞུགས་པར་བསམས་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་སྒྲས་གཉིས་ཀ་ལ་ཡང་བཤད་པ་ཡིན་པའི་ཕྱིར་རོ།། སངས་རྒྱས་གསུམ་པོ ་བཤད་ནས། སྤྱན་ལ་སོགས་པ་གསུངས་པ་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་དཀྱིལ་འཁོར་འོད་མཆོག་ཅན་ཞེས་བྱ་བ་ནི་ཐུགས་རྣམ་པར་དག་པའི་མཱ་མ་ཀཱིའི་དཀྱིལ་འཁོར་ཏེ། རིགས་ཀྱི་བདག ་རྣམ་པར་དག་པོའོ།། དེ་ལྟར་ན་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་ནོ།། ན་མཁའ་རྡོ་རྗེ་མཆོག་ཅེས་བྱ་བ་ནི་མཱ་མྱ་ཀཱི་སྟྭ~ཾ། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའོ།། ཨུཏྤལ་མཐིང་ཁཱ་ཞེས་བྱ་བ་ནི་འདིར ་ཨུཏྤལ་དམར་པོ་ཡིན་པར་བཞེད་དེ། དཱི་ཡང་འཁོར་ལོ་བཟང་དང་ཨུཏྤ་ལཱྀ་དམར་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གསུང་རྣམ་པར་དག་པ་གོས་དཀོར་མོའི་དཀྱིལ ་འཁོར་རོ།། རྡོ་རྗེ་ཆོས་མ་ཞེས་ན་བྱ་བ་ནི་གློས་དཀར་མོའོ།། ཨུཏྤལ་དམར་པོ་ཞེས་བྱ་བ་ནི་ཆོས་ཀྱི་བརྡས་སྔ་མ་བཞིན་དུ་པདྨ་ཡིན་པར་བཤད་།། དངོས་གྲུབ་དཀྱིལ་འཁོར་ཞེས་བྱ་བ་ནི་གདོན་མི་ཟ་བར་གྲུབ་པ་རྣམ་པར ་དག་པ་སྒྲོལ་མེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་རོ།། དེ་ལྟར་ལྷ་མོ་རྣམས་བཤད་ནས། ཁྲོ་བོ་རྣམས་གསུངས་པ་ནི་ཉི་མོའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། མེ་ལོང་ལྟ་བུ་རྣམ་པཱུར་དག་པ་ལས་ཡང་དག ་པར་བྱུང་བའི་བདག་པོ་ནི་གཤིན་རྗེ་གཤེད་དེ། གཤིན་རྗེག་གང་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་དབང་བསྐུར་བ་ཡིན་པོར་སྔར་བཤད་པ་ཡིན་ཏེ། དེ་རྣམས་ནི་དེའི་རིགས་དང་ཡང་དག་པར ་འབྲེལ་པ་ཡིན་པའི་ཕྱིར་རོ།། དེ་ཡང་རྣམ་པར་སྣང་མཛད་ཐུགས་གཱཙོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། འདོད་པའི་རྒྱལ་པོ་ལ་སྩོགས་པ་གསུངས་པ་ནི་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ ་སོགས་པ་སྟེ། འདི་དག་ནི་མི་བསྐྱོད་པས་དབོང་བསྐུར་བ་ཉིད་དེའི་རིགས་ལས་བྱུང་བ་ཡིན་པའི་ཕྱིར་རོ།། རིག་པའི་འཁོར་ལོ་ཞེས་བྱ་བ་ནི་གཙུག་ཏོར་འཁོར་ལོ་སྒྱུར་བའོ།། འདི་དག་ནི་བསྲུང་བ་ལ་སོགས་པའི་བྱ་བ་རྣམ ་ལ་ཡང་སྦྱར་བར་བྱའོ།། རྡོ་རྗེ་ཡེ་ཤེས་བསྒྲུབ་པ་ཉིད་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། འགོག་པ་ནི་བགེགས་རྣམས་ཉེ་བར་གཅོད་པའོ།། ཁྲོ་པོའི་འཁོར་ལོ་དེ་ལས་ཁྲོ་བོའི་དཀྱིལ་འཁོར་ངོས་སངས ་རྒྱས་ཀྱི་འཁོར་ལོ་ངེས་པར་འཛིན་པ་ནི་དཀྱིལ་འཁོར་པའི་ལྷའི་འཁོར་ལཱྀ་དང་ལྡན་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་མི་ཕྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་མཱི་ཕྱེད་པའི་དཀྱིལ་འཁོར ་ཏེ། དེ་འགྲུབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ལེའུ་བཅུ་གསུམ་པའི་འགྲེལ་པའོ།། ། ལེའུ་བཅུ་བཞི་པར་ཞི་བ་ལ་སོགས་པའི་ལས་རྣམས་བསྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཞི་བའི་ངོམ་ཚིག་མཆོག་ཅེས་བྱ་བ་ནི་ཞི་བའི་རྒྱུར་གྱུར་པའི་དམ་ཚིགས་ནི་སྤྱན་ཏེ། དེའི་མཆོག་ནི་རྣམ་པར་སྣང་མཛད་ཡིན་པས་མིང་དེ་སྐད་ཅེས་བྱའོ།། སྤྱན་ལྟ་བུ་ཉིད་དུ་ནི་མི་ཡིན་ནོ་ཞེས་བྱ་བ། ་དོན་ཏོ།། དེ་བཞིན་དུ་འདིའི་འག་མ་རྣམས་ལ་ཡང་རིགས་ཀྱི་བདག་པོའི་ཏིང་ངེ་འཛིན་བཟུང་ནས། རིགས་དེ་ལས་བྱུང་བའི་སྔགས་བརྗོད་པ་ཅི་རིགས་པར་ཤེས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མན ་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་སྤྱན་ཏེ། འདི་དག་གིས་ནི་སྒྲའི་བདག་ཉིད་ཅན་གྱིས་སྔགས་དང་སྤྱན་གཉིས་ཐ་མི་དད་པར་གསུངས་པ་ཡིནོ།། ་དེ་བཞིན་འདིའི་འོག་མ་རྣམས་ལ་ཡང་སྒྲུབ་བར་བྱའོ།། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་དྲུག་ཤུལ་བསྒྲུབ་པར་རྣམ་པར་དགོད་པ་རྣམས་ལ་ཇི་སྐད་བཤད་པའི་ཆོ་གས་ཞི་བ་བསྐྲད་པར་བྱའོ།། ཞི་བའི་ལས་ནི་འདིའི་བྱ་བའི ་གཙོ་བོ་ཡིན་པར་བཤད་ཀྱི་གཞན་དག་ལ་ཡང་ཁྱབ་པར་མཛོད་པ་ཡིན་ནོ།། དེ་ཡང་འདི་ཉིད་ནི་སྐུ་མ་དོག་སེ་པོ་བསྡམ་ཞིང་གདན་དང་གཞལ་ཡས་ཁང་ལ་སོགས་པའི་དབྱེ་བས་ཇི་ལྟར་མོས་པ་བཞིན་དུ་རྒྱས་པ ་ལ་སོགས་པའི་ལུས་རྣམས་ཀྱི་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། ལྷ་ཐམས་ཅད་ནི་ལས་ཐམས་ཅང་མཛད་པ་ཡིན་པའི་ཕྱིར་རོ།། ལས་འདི་དག་ལ་ཆོ་ག་གང་གིས་སྦྱར་བར་བྱ་བ་དེ་ནི་ལེའུ་བཅུ་གསུམ་པ་ཉིད་དུ་བཤང ་པ་ཡིན་ཏེ། དེའི་རྗེསུ་འབྲངས་ནས་གཞན་དག་ལེ་ཡང་ཤེས་པར་བྱའོ།། རྡོ་རྗེ་དམ་ཚིག་བསྐུལ་མཛད་མ་ཞེས་བྱ་བ་ནི་བསླང་བའི་ཚིགསུ་བཅད་པས་ནུར་ནུར་པོར་གྱུར་པ་ལས་རྡོ་རྗེ་འཆང་བ་སློང་བར་བྱེད་པའོ།། ཤི ་སོས་པར་བྱེད་པ་ཞེས་བྱ་བྱ་ནི་སྤྱན་གྱི་སྦྱོར་བ་ཆོ་ག་བཞིན་དུ་བྱས་ལ་རང་གི་སྔགས་དང་། བསྒྲུབ་པར་བྱ་བའི་མིང་དང་སྤེལ་ཞིང་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བཟླས་ལ། ཤི་བ་སྔ་མ་བཞིན་དུ་རང་གི ་སྙིང་ཁར་བཞག་ནས་རང་གི་སྙིང་ཁ་ནས་གྲུབ་པའི་རྡོ་རྗེའི་ལྕགས་ཀྱུ་ཕྱུང་ལ། དེས་ཤི་བ་དེའི་རྣམ་པར་ཤེས་པ་སྲིད་པ་བར་མ་དོའི་བདག་ཉིད་ཅན་ནམ། སྐྱེ་གནས་སུ་ཆུད་པ། དྲི་མ་མེད་པའི་མར་མེ་མི་གཡོ་བ་ལྟ་བུར་བཀུག ་ནས་སྙིང་གི་དབུས་དེར་བཅུག་ལ། མྱོ་ཧ་ར་ཏི་ཞེས་བྱེ་བའི་སྔགས་བཀོད་ནས། སྔགས་ཀྱི་འོད་ཟེར་རྣམས་ཀྱིས་ལུས་དེ་མི་སྣང་བར་བྱས་ལ། བསྒྲུབ་པར་བྱ་བ་དེའི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པ་སྤྱན་ལྟ་བུར་ཡོངས་སུ ་གྱུར་པར་བསམས་ལ། ཕུང་པོ་ལ་སོགས་པ་གང་བར་བྱས་ཏེ། དེའི་ལུས་ལ་འཕྲེང་བའི་སྔགས་འདིས་ཕྱི་དང་ནང་དུ་བར་མཚམས་མེད་པར་ཁྱབ་པར་གྱུར་པར་བསྒོམ་མོ།། དེ་ནས་སྔགས་ལོས་སྣ་མོ་བཞིན་དུ་སྤྲོས་པའི ་འོད་ཟེར་གྱི་གྲོང་བུ་ག་དབབ་པ་ལ་སོགས་པར་བྱས་པ་གྱུར་བྱས་ཤི་བ་འཚོ་བར་བྱེད་པ་ཡིན་ནོ།། མཱ་མ་ཀཱིའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུམ་གསུངས་ཏེ། འདིའི་མཛད་པ་གསུངས་པ་ནི ་རྡོ་རྗེ་སྲུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡོང་སྤྱན་བཞིན་དུ་བསྒྲུབ་པར་བྱའོ།། སྙིང་ཁར་དགོང་པའི་སྦྱོར་བ་ལ་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ།། གལ་ཏེ་རོ་ལངས་ལ་སོགས་པ་བསྒྲུབ་པ་ལ་ནི་རང་གི་ལྷའི ་སྦྱོར་བ་དང་། ཇི་ལྟ་བ་བཞིན་དུ་ལྡན་པས། རང་གི་མགོ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསྒྲེང་ནས་གནས་པ་མགོ་བོར་བསམས་ལ། དེའི་ལྟེ་བར་མཱ་མ་ཀཱི་རྣམ་པར་བསྒོམས་ནས། ་ཡེ་ཤེས་ཀྱི་ལྷ་མོ་ཐུགས་ཀའི་ཟླ་བ་ལ་གནས་པ་ཕྲེང་བའི་སྔགས་བཀོད་ལ་དེ་ལས་བྱུང་ཞིང་ཟློས་པ་རྡོ་རྗེ་ཕྱེ་མོ་སྤྲོས་པས་ཡན་ལག་ཐམས་ཅད་རྡོ་རྗེའི་གོ་བསྐོན་པར་བདབ་ཉིད་བསྒོམས་ན་སྲུང་བ་གཞིག་ཏུ་མེད་པར་འགྱུར་རོ།། ་ལས་རྣམས་རྟག་ཏུ་རབ་བསྒྲུབ་པ་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ལས་རབ་ཏུ་སྒྲུབ་པར་བྱེད་པའོ།། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ།། དེ་ནི་འཇིགས་པས་ཉེན་པ་རྣམས་ལ་ཡང་འདི་ནི་སྟོབས་བྱེད་པ་ཡིན་ནོ།། དེ་བས ་ནུ་གདོན་ཐམས་ཅད་ཀྱིས་འཇིགས་པ་རྣམས་ལ་ལས་ཐམས་ཅད་དུ་འདི་ཉིད་ཀྱི་བཤད་མ་ཐག་པའི་ཆོ་གས་བསྲུང་བར་བྱའོ།། གོས་དཀར་མོའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ།། རྒྱས་པ་ནི་རྒྱས་པར་གྱུར་པ་ཉིད་དོ།། སྟབས་ནི་སེམས་ཅན་ཉིམ་ཆུང་བ་རྣམས་ལ་གང་སྟོབས་མཛད་པ་དང་། མཛོད་ཆེན་པོ་དང་ལྡན་པ་སྟེ། ཞི་བ་ལ་སོགས ་པ་མཛད་པ་གང་ཡིན་པའོ།། དེ་ཡང་ཇི་ལྟར་གདན་སེར་པོ་ལ་སོགས་པའི་གོས་དཀར་མོའི་སྦྱོར་བ་བྱས་ལ། སྟོབས་དང་མི་འཇིགས་པ་ལ་སོགས་འདོད་པ་རྣམས་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷའི་མོའི་སྙིང ་ར་ཀོད་པ། རང་གི་ཕྲེང་བའི་སྔགས་གདོན་པར་བྱ་ཞིང་སྔགས་མྦྷ་བཞིན་སྤྱོ་དང་། འད་ཟེར་རྩཝ་གུང་བུ་ཧྨ་བཱ་དང་། དབང་བསྒྱུར་བ་ལ་སོགས་པ་བསྒོམ་པར་བྱའོ།། དེ་ནས་བསྒྲུབ་པྣ། ་བྱ་བ་རྒྱས་པར་འགྱུར་རོ།། བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་བསྒོམ་པ་སྔོན་དུ་འགྲོ་བའི་སྔགས་གདོན་པ་ཉིད་ཀྱི་སྟེ། ཕྱི་རོལ་ལྔ་ལྟོས་པ་མེད་པར་རོ།། སྒྲོལ་མའི་སྔགས་གསུངས་པ་ནི ་དོ་ནས་ཞེས་བྱ་བྲུ་ལ་སོགས་པ་སྟེ། སངས་རྒྱས་རྡོ་ཛྷ་དང་སྟེ་རྒྱུནུ་བཻ་ལཱ་སོགས་པ་དབང་དུ་བྱུང་བ་ཡིན་ནོ།། དྷི་ལཱ་རྙོ་ག་ནི་འདི་ཡིན་ཏེ། སྒྲོལ་མའི་སྦྱོར་བ་སྒྱུ་མངག་དང་རྒྱུན་ལ་སོག་སྡེ་པ་དམྦཱར་པོ་དང ་ལྡན་པ། ཆོ་ག་དྷཱི་ལྟ་ཐཱ་བགྷྣཱན་དུ་བྱས་ལ་ཡེ་ཤེས་ཀྱྀ་ལཱཾ་མོའི་སྒྱིང་ཁའི་ཟླ་བརྱ་སྟུགས་ཊཱི་ཕྱིང་པོ་ཁ་དོག་དམར་པོ་མགོ་གྱེན་དུ་བཀྲེས་པ་བཀྲྀདངྐ་ནསྭཱ་དྨོའི་འོད་ཟེར་རྣམས་དང་། ཡེ་ཤེས་ཀྱི་ལྷ་མོའི་སྣོང་ཁའི ་པདྨ་ལ་གནས་པའི་ཡི་གེ་ཏཱཾ་གྱི་འོདི་ཟེར་རྣམས་དང་། རང་གི་མཚན་མི་དམར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱ་བའི་སྐྱེས་བུ་དེའི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པའི་སྙིང་ཁྭའི་གནས་སུའོ།། བུད ་མོམཽད་གཅིག་ན་ནི་པདྨར་ཡང་དག་པར་བསྐུལ་ལ། རང་གི་སྙིང་ཁའི་སྔགས་ཀྱི་ཕྲེང་བ་སྐྱེས་གནས་ལས་བྱུང་སྟེ། བསྒྲུབ་པར་བྱའོ་བའི་ཁོར་བཅུག་ལ། དེའི་སེམས་ཟླ་བ་དམར་པོ་ལྟ་བུ་བླངས་ནས་ཕྱིར་ལོག་སྟེ། ཡེ་ཤེས་ཀྱི་ལྷ་མས ་པདྨའི་ལམ་ནས་ཞུགས་པར་གྱུར་པར་བསམས་ལ་ཟླས་བརྗོད་བྱའོ།། བསྒྲུབ་པར་བྱ་བ་ཡང་སྙིང་ཕྲོགས་ཤིང་བརྒྱལ་བར་གྱུར་པས། རང་གི་རྐང་པའི་དྲུང་དུ་འབབ་པར་གྱུར་པར་བསམས་མོ།། དེ་ལྟར་ན་འདི་བྲན་དང་འདྲ་བར་འགྱུརོ།། ་འདིར་ཡང་སྭཱ་ཧཱའི་གནས་སུ་དབང་དུ་བྱེད་པའི་གནས་སྐབས་ལ་ཡི་གེ་ཧོ་ཞེས་བྱ་བ་དང་སྦྱར་བར་བྱའོ།། གལ་ཏེ་མངའི་མཚན་མ་དང་ལྡན་པའི་ལྷ་མོས་ལས་འདི་བྱེད་ན་དེའི་ཚེ་མངའ་དེས་སྐྱེས་པའི་སྙིང་ཁ་དང་། ལྐོ། དབྱུག་པ་དང་། ་མེད་ཀྱི་པདྨ་ཕུག་ལ་ལྷག་མ་རྣམས་ནི་སྔ་མ་བཞིན་དུ་བྱའོ་ཞེས་ཁྱད་པར་དུ་བྱ་བ་དག་དཔག་པར་བྱའོ།། གལ་ཏེ་ཡང་གཞན་དག་དབང་དུ་བྱེད་ན། དེས་ཚེ་དབང་དུ་བྱེད་པར་འདོད་པ་དྲི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨར་ཟླ ་བ་ལ་བཀོད་ལ། ལེའུ་བཅུ་གསུམ་པ་ལས་གསུངས་པའི་སྟོབས་དབབ་པ་ལ་སོགས་པའི་ཆོ་ག་བྱས་ལ། དེ་ནས་ལས་འདི་ངག་ཐམས་ཅད་ཀྱིས་ཀྱང་ཁ་བསྐང་བར་བྱའོ།། གཤིན་རྗེ་གཤད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས ་བྱ་བ་ལ་སོགས་པའོ།། དེ་ལ་ཆོ་ག་ནི་འདི་ཡིན་ཏེ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་བཟླས་པ་ལས་གསུངས་པའི་ཆོ་གས་དཔག་ཏུ་མེད་པ་བཟླས་ལ། དེ་ནས་ལྷས་རྗེས་སུ་གནང་ཞིང་བཟླས་བརྗོད་འབུམ་བྱས་ནས། ཇི་སྐད་དུ ་གསུངས་པའི་བུད་མེད་ཀྱི་ཐོད་པ་བླངས་ལ། དེའི་དབུས་རླུང་གི་དཀྱིལ་འཁོར་ལ་གནས་པའི་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། དེའི་ལྟེ་བར་དགུག་པར་བྱེད་པའི་མ་བུད་མེད་ཀྱི་གཟུགས་བརྙན་གུར་ཀུམ་ལ་སོགས་པས་བྲིས་ནས། ་དེའི་སྙིང་ཁར་ཕྱེང་བའི་སྔགས་འདི་ཆེ་གེ་མོ་ཨཱ་ཀར་ཥ་ཡ་ཞེས་བྱ་བ་དང་། བསྒྲུབ་པར་བྱ་བའི་མིང་དང་། སྤེལ་ཞིང་སྭཱཧཱའི་གནས་སུ་དགུག་པའི་གནས་སྐབས་སུ་ཡི་གེ་ཛཿཞེས་བྱ་བ་བྲི་བ་བྱས ་ལ་དགུག་པར་བྱའོ།། ཐོད་པ་དེ་ཡང་རྣལ་འབྱོར་པའི་གཡས་བརྐྱང་བས་གནས་པས་ན། རྐང་པ་གཡོན་པ་བསྐུམ་པས་མནན་ལ་སྔགས་འདི་ལནི་གཉིས་སམ་གསུམ་དུ་བརྗོད་པར་བྱའོ།། རང་རང་གི་སྔགས་ལས་བསྐྱེད ་བའི་སྔར་བཤད་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རླུང་གི་དཀྱིལ་འཁོར་ལ་གནས་པ་དེ་དགུག་པར་བྱའོ།། འོང་བའི་ཚེ་ཡང་འཚེ་བ་བཟློག་པར་བྱ་བའི་ཕྱིར། སྤྱན་གྱིས་ཇི་སྐད་དུ་གསུངས་པའི་ཚིག་དང་ཞི་བའོ།། ་མ་ཀཱི་ཡང་ཇི་སྐད་དུ་གསུངས་པའི་ཚོ་གས་བསྲུང་བར་སེམས་པར་བསྒོམ་པར་བྱ་སྟེ། དེ་ལྟར་ན་དེ་ནི་བུད་མེད་དགུག་པ་ཡིན་ནོ།། སྐྱེས་པ་དགུག་པོ་ལ་ནི་སྐྱེས་པོའི་ཐོད་པ་ལ་གཡོན་བརྐྱང་བས་རྐང་པ་གཡས་པས ་མནན་པར་བྱ་སྟེ། ཁྱད་པར་ནི་དེ་ཡོད་དེ། བགེགས་མཐར་བྱེད་ཀྱི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་རྣམས་ཀུན་གྱི་སྦྱོར་བ་དང་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཚོགས་བསྒྲུབ་པ་ལ་བཅོམ་ལྡན ་འདས་འདི་ཉིད་སྦྱར་བར་བྱ་སྟེ། བྱ་བ་ཐམས་ཅད་མཛད་པ་ཡིན་པའི་ཕྱིར་རོ།། ཁྱད་པར་ཡང་གསུངས་པ་ནི་རྡོ་རྗེ་བསྐྲད་པའི་ལས་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ།། ཚུལ་བཞིན་ཞེས་བྱ་བ་ལ་ཆོ་ག་ནི་འདི་ཡིན་ཏེ། ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པ་ས་རོ་བསྲེགས་པའི་མེས་ཚིག་པའི་སོལ་བ་དང་། མྱོས་པར་བྱེད་པའི་ཤིང་གིས་སོལ་བ་དང་། བ་བླ་དང་། ཨ་རིཥྚའི་འང་བ་མ་དང་། དུག་དང་། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག ་རྣམས་གཅིག་ཏུ་བྱས་ཏེ་བཏགས་ལ།། ཁའི་གཤོག་སྒོའི་སྨྱུ་གུས་དུར་ཁྲོད་ཀྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་ཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བར་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ནས། ་དེའི་སྙིང་ཁར་ཕྲེང་བའི་སྔགས་ཆེ་གེ་མོ་ཨུཙྪ་ཊ་ཡ་ཞེས་བྱ་བ་འདི་དང་། བསྒྲུབ་པར་བྱ་བའི་མིང་དུ་སྤེལ་བ་བྲིས་ལ། གཉི་ག་ཡང་དགུག་པར་བྱའོ།། བསྐུལ་བའི་ཚིགས་དང་ལྡན་པར་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལྷ། རས ་དེ་མ་མོའི་གནས་ལ་སོགས་པར་བརྐོ་ས་ལ་སྤོ་བར་བྱའོ།། དེ་ལྟར་ན་སངས་རྒྱས་ཀྱི་དཔུང་དག་ཀྱང་སྐྱེད་པར་འགྱུར་རོ།། འདིར་ཡང་སྔོན་དུ་བསྙེན་པ་ལ་ཕྲེང་བའི་སྔགས་སྒྲ་ཇི་ལྟ་བ་བཞིན་དུ་བཟླ་བར་བྱའོ།། ལས་ཀྱིས་ཆེ་ནཱི་མ་ཧཱ ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཞེས་བྱ་བ་བཏོན་ལ། དེའི་གནས་སུ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བྱའོ།། སྭཱ་ཧཱའི་གནས་དང་བསྐྲད་པའི་གནས་སྐབས་སུ་ཡི་གེ་ཧཱུཾ་ངམ་ཕཊ་དུམ་གཉི་ག་དང་སྦྱར་བར་བྱའོ།། དེ་བཞིན་དུ ་གཞན་དག་ལ་ཡང་ལས་དང་རྗེས་སུ་མཐུན་པར་ས་བོན་གཞན་དག་ཡིན་པར་བལྟ་བར་བྱའོ།། དེ་ཡང་ཞི་དང་རྒྱས་དང་དབང་དང་དགུག། སྡང་དང་བསྐང་དང་མངོན་སྤྱོད་ལ། ཨོཾ་སྭཱ་ཧཱ་ཧོ་ཛཿཧཱུཾ་ཧཱུ~ཾ་ཕཊ། སྔགས་ཀྱི་མཐར ་ཡང་བསྐུལ་བར་བྱ་ཞེས་བཤད་པ་ཡིན་ནོ།། ཡང་ན་ཞེས་བྱ་བའི་སྒྲས་ནི་མིང་ཡང་སྤེལ་བར་བྱ་བ་དང་། ཐོག་མ་དང་ཐ་མར་བསྐུལ་བར་བྱ་བ་འདི་བྱའོ་ཞེས་བྱ་བ་ནི་རྣམ་པ་གཞན་ཡིན་ནོ།། སྔགྶ ་ཀྱི་ཚིག་རེ་རེ་ཞིང་མིང་དང་སྤེལ་བར་བྱའོ།། ཞེས་བྱ་བ་འདི་ཡང་རྣམ་པ་གཞན་པ་གཅིག་ཡིན་ནོ།། གཞན་གྱིས་མི་ཐུབ་པའི་སྔགས་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་དེ་ལ་ཆོ་ག་ནི ་འདི་ཡིན་ཏེ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་པར་སྲིན་པོ་ལ་སོགས་པས་ཟིལ་གྱིས་མནན་པའི་བསྒྲུབ་པར་བྱ་བའི་ལུས་ལས་སྲིན་པོ་ལ་སོགས་པ་ཡིད་ཀྱིས་བཀུག་སྟེ། རྐང་པ་གཉིས་ཐབས་དང་ཤེས་རབ་ཏུ ་གྱུར་པས། མི་བསྐྱོ་པས་ཀུན་ཏུ་གཅིར་ལ་མཉེ་བར་བྱ་ཞིང་། ཆེ་གེ་མོ་རཀྵ་སིདྡྷི་བྷྱོ་མོ་ཙ་ཡ་ཞེས་བྱ་བའི་བསྐུལ་བའི་ཆོག་དང་ལྡན་པའི་སྔགས་ཀྱི་ཚིག་དང་ལྡན་པར་སྔགས་ཀྱི་ཚིག་གདོན་པར་བྱའོ།། དེ་ནས་ངུ་ཞིང་ཡན་ལག ་གཅོག་པ་ལ་སོགས་པ་ཡང་ཆེས་པ་སྟོན་པ་སྔོན་དུ་འགྲོ་བས་གཏོང་བར་འགྱུར་རོ།། འདི་ཉིད་ནི་སྦྲུལ་ལ་སོགས་པའི་དུག་ལ་ཡང་སྦྱར་བར་བྱའོ།། ཡང་ན་དེས་འཛིན་པ་ཉིད་དུ་འདོད་ན། དེའི་ཚེ་དེའི་སྦྱོར་བ་ཉིད་ཀྱིས་མར ་ཀྱི་ངོའི་ཚེས་བརྒྱད་དམ། བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བས་བགེགས་ཏེ་ཤི་བ་འམ། མཚོན་གྱིས་བསད་པ་གང་ཡང་རུང་བའི་ཐོད་པ་ལ་ཡི་གེ་ཧཱུཾ་ལས་བྱུང་བ། འཇིག་སུ་རུང་བའི་མཆེ་བ་གཙིགས་པ། སྒྲ་གྱེན་དུ་བཛེས ་པ། ལག་པ་གཡོས་པར་རོ་ལངས་ཀྱི་ཆ་གྲཱི་ཐོགས་པ། གཡོན་པ་སྡིགས་མཛུབ་བྱེད་པའི་སྲིན་པོ་བྲིས་ལ། དེའི་སྙིང་ཁར་དུག་དང་རུས་པའི་ཕྱེ་མ་དང་། མཐེའུ་ཆུང་གི་ཁྲག་གིས་ཆེ་གེ་མོ་གྲྀཧྞ་ཧཱུཾ་ཕཊ་ཞེས་བྱ་བའི་ཚིག་དང ་ལྡན་པའི་སྔགས་བྲི་བར་བྱའོ།། ཐོད་པ་གཉིས་པར་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་། རོ་བསྲེགས་པའི་ས་དང་། ཐལ་བ་དང་། སོལ་པོ་རྡོ་རྗེ་ཆུ་དང་བསྣོས་པས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། དེའི་སྙིང ་ཁར་དུག་དང་རུས་པའི་ཕྱེ་མོ་དང་། མཛུབ་མོའི་ཁྲག་དང་། མིང་དོང་སྔགས་སུ་བཅས་པ་བྲིས་པའི་ཏཱ་ལའི་ལོ་མ་བཅུག་ལ། གཉི་ག་ཡང་བཀུག་སྟེ། བསྒྲུབ་པར་བྱ་བའི་གཟུགས་བརྙོན་དེའི་འོག་ཏུ་བཞག་པོ་བྱས་ལ། ངེས ་མནན་ཅིང་བཟུང་བར་བསམས་ལ། བ་སྒྱིངས་པ་དང་བཅས་པས་སྔགས་དུར་ཁྲོད་དུ་ནམ་ཕྱེད་ན་བཟླས་བརྗོད་བྱའོ།། དེས་ན་འདི་དེས་བཟུང་བར་འགྱུར་རོ།། བྲི་བའི་འདི་ཉིད་ཀྱིས་ནི་སྦྲུལ་ལ་སོགས་པས་ཀྱང་འཛིན་པ་ཡིན་ནོ།། རྟ ་མགྲིན་གྱི་སྔགས་བཤད། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དུག་བསལ་བའི་ཆོ་ག་ནི་འདི་ཡིན་ཏེ། རྟ་མགྲིན་སྐུ་མདོག་དཀར་པོའི་རྣལ་འབྱོར་པས་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ ་བཀོད་དེ། དེའི་འོད་ཟེར་རྣམས་ཀྱིས་ཡན་ལག་ཐམས་ཅད་ལ་གནས་པའི་དུག་རབ་ཏུ་སྦར་ལ། ལག་པ་གཡས་པར་ཡི་གེ་ཧཱུཾ་ལཾས་བྱུང་བའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་དཀར་པོ་འོད་ཟེར་རྣམ་པར་འཕྲོ་བ། བདུད་རྩི ་འབབ་པར་བསམས་ལ། དེས་མིང་གི་ཡི་གེ་དང་པོ་ལས་བྱུང་བ་བསྒྲུབ་པར་བྱ་བའི་ལུས་ལས་དུག་ནག་པོས་ཁྱབ་པ་གཞན་དུ་བླངས་ལ། བདུད་རྩི་དཀར་པོའི་འོད་ཟེར་བསྡུས་པས་བསྒྲུབ་པར་བྱ་བ་དུག་དང་བྲལ་བར ་བསྒོམ་པར་བྱའོ།། མིང་དང་བཅས་པའི་ཕྲེང་བའི་སྔགས་ཟློས་པ་ཤིང་ཁྱབ་པར་ཡང་བྱ་བ་སྟེ། དེ་ནས་དུག་དང་བྲལ་བར་འགྱུར་རོ།། ཁྲོ་བོ་དབྱུག་སྔོན་གྱི་སྔགས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་ནི ་ཆོ་ག་ནི་འདི་ཡིན་ཏེ། དབྱུག་སྔོན་གྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལཱ་ཤུ་ཆེན་པོ་དང་། དུར་ཁྲོད་ཀྱི་སོལ་བ་དང་། གྲོག་མཁར་གྱི་ས་དང་ཕུབ་མ་དང་། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་ལས་གཟུགས་བརྙན་བྱས་ལ། དུར ་ཁྲོད་རིས་ལ་དུག་དང་། ཁྲག་དང་རྣམས་ཀྱིས་རྡོ་རྗེ་བརྒྱ་གྲམ་ལ་གནོས་པའི་མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་སྦྲེལ་ཏེ། མངོན་སྤྱོད་ཀྱི་གནས་སྐབས་སུ་སཱ་ཧཱའི་གནས་སུ་ཡི་གེ་ཧཱུ~ཾ་བཀོད་ལ་སོགས་བྲིས ་དེའི་སྙིང་ཁར་བཅུག་ན་ས་བཀུག་སྟེ། ཟོད་པ་གཉིས་ཀྱི་ནང་དུ་གཞུག་པ་བྱས་ལ། ཤིན་ཏུ་ཁྲོས་པ་དང་། རྐང་པ་གཡོན་པོས་མནན་ཏེ། རྡོ་དང་རུས་པ་དང་། ནིམ་པའི་འདབ་མའི་སྦྱིན་སྲེག་ཉི་མའི་གུང་ངམ་ནམ་ཕྱེད་ན་བྱ་ཞིང་བཟླས ་བརྗོད་བརྒྱ་རྩ་བརྒྱད་བྱ་བ་ཉིན་ཞགེ་བདུན་གྱི་བར་དུ་བྱས་ན་འཆི་བར་འགྱུ་རོ།། དེ་ལྟར་ན་ཡང་གྲུབ་པར་མ་གྱུར་ན། དུར་ཁྲོད་དུ་སྔོན་ལ་མཚན་ཕྱེད་ཀྱི་དུས་སུ་རོ་བསྲེགས་པོའི་ཐལ་བ་ལས་མོ་ཐབ་གྲུ་གསུམ་བྱོས་ལ། ནིམ་པའི ་ཤིང་གིས་མེ་སྦྱར་ནས་བཀུག་སྟེ། དྭེའི་དབུས་སུ་ཤིན་ཏུ་ཞལ་རྣམ་པར་འགྱུར་བའི་ཁྲོ་བོའི་རྒྱལ་པོ་བསྣམས་ལ། གཟུགས་བརྙན་གྱི་རྐང་པ་གཡོན་པ་ནས་བརྩམས་ཏེ། མཚོན་རྣོན་པོ་སུ་བཅད་ལ། ཁྲོ་བས་ནོན་པས་རྩེ ་གེ་མོ་མཱ་ར་ཡ་ཞེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་སྔགས་ཁྲོ་བོའི་ཚིག་གིས་བཟླས་བརྗོད་བྱ་ཞིང་དེའི་ཞལ་དུ་སྦྱིན་སྲེགས་བྱའོ།། དེ་ནས་མཚན་མོ་དེ་ཉིད་ལ་དོ་འཆི་བར་འགྱུར་རོ།། ཁྲོ་བོ་སྟོབ་ས་པོ་ཆེའི་སྔགས ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སྔར་བཤད་པའི་ཆོ་གས་བཟླས་བརྗོད་འབུམ་བྱས་ལ། ཇི་སྐད་དུ་གསུངས་པའི་སྦྱོར་བས་ཞི་བ་ལ་སྩོགས་པའི་ལྟ ་ཐམས་ཅད་ཀྱིས་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཆུའི་དཀྱིལ་འཁོར་འབེབས་པར་བྱེད་ཅེས་བྱ་བ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ།། ཆར་བ་འབེབས་པའི་གནས་སྐབས་སུ། སྟོབས་པོ་ཚྭའི་རྣལ་འགྱུ། ་ཐམས་ཅུད་དམར་པོར་བསམས་ལ། བཟློས་བརྗོད་འབྲུམ་བྱས་ནས། ཁམ་པོར་སོ་མྱ་བཏང་བ་ལཱ་རལོ་གྲིའི་འཁོར་ལོ་རྩིབས་བརྒྱད་ལ་གནས་པའི་པདྨ་འདབ་མ་རྒྱད་པ་རམས་ཀྱི་ཁུ་བས་མདུང་ཅན་མའི་སྔགས ་ཤཱུ་ལི་ནཱི་ནཾ་སྭཱ་ཧཱ། ཞེས་བྱ་བ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ནཱ~ཾ་དང་སྤེལ་བ་བྲིས་ལ། སོ་མ་བཏང་བའི་ཁམ་ཕོར་གཉིས་པས་ཁ་སྦྱར་བྱས་ཏེ། སྲད་བུ་སྔོན་པོས་ཀུན་ཏུ་དཀྲིས་ལ། མདུང་ཅན་མས་ཀླུ་བཀུག་སྟེ། ལེགས ་བར་མཆོད་ལ། ཀླུ་གནས་པའི་མཚོ་ལ་སོགས་པར་ཁ་སྦྱར་གྱི་ཁ་བོར་དེ་གཞུག་པར་བྱའོ།། གཞན་དུ་ན་སྐྱེ་བོ་མེད་པའི་ས་ཕྱོགས་སུ་མའི་དཀྱིལ་འཁོར་ལ་རླུང་། དེའི་སྟེང་དུ་ཆུ་དེར ་བུདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་ལྟེ་བ་ལ་ཆུ་ལྷ་སྐྱེས་བུའི་གདོང་དང་ལྡན་པ། གདེངས་ཀ་བདུན་པོ་ལག་ན་ཀླུའི་ཞུགས་པ་ཐོགས་པ་བྲི་བར་བྱའོ།། ཤར་ཕྱོགས་ཀྱི་འདབ་མ་ལ་ནི་མཐའ་ཡས་ཏེ། ལྗང་དབུ ་སྦྱོར་ནི་ནོས་ཧེ། ཎ་ཀྵ། ནུབ་ཏུ་ནི་འཇོག་པ་སྟེ། དམར་པོའོ།། བྱང་དུ་ནི་ཀར་ཀོ་ཊ་སྟེ་ནག་པོའོ།། མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་གཉིས་སུ་ནི་པདྨ་དང་། པདྨ་ཆེན་པོ་སྟེ་སྐྱེ་བའོ།། རླུང་གི་ཕྱོགས་སུ་ནི་དུང་སྐྱོང་སྟེ་སེར ་པོའོ།། དབང་ལྡན་གྱི་ཕྱོགས་ནི་རིགས་ལྡན་ཏེ། སྣ་ཚོགས་པའི་མདོག་ཅན་ནོ།། དེ་ལྟར་ཀླུའི་དཀྱིལ་འཁོར་བྲིས་ནས། ཡི་གེ་ནཱ~ཾ་གྱིས་ཀླུ་ཐམས་ཅད་བསམས་ལ། སྔོ་ཞིང་བསྐུ་བ་དང་། འོ་མོ་དང་། བྷ་རམ་ལ་སོགས་པ ་ཀླུ་ལ་འོས་པའི་བཤོས་སྦྱིན་པར་བྱ་སྟེ། ཛཿདང་སྤེལ་བའི་ཡི་གེ་ནཱཾ་གྱིས་བཀུག་ལཾ། རང་རང་གི་གནས་སུ་ཞུགས་པར་བསམས་ནས་ལེགས་པར་མཆོད་དེ་འདི་སྐད་དུ། ཀླུ་ཆེན་པོ་ཁྱེད་རྣམས་ཀྱིས་བདག་ལ་དགའ ་བ་དང་། བཅོམ་ལྡན་འདས་ཀྱི་བཀོས་ཆར་ཕོབ་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཀླུ་རྣམས་ཆར་གྱི་རྒྱུན་རབ་ཏུ་འབེབས་པར་བསམས་ཤིང་། བཟླས་བརྗོད་བྱས་ན་དེ་ནས་ཀླུ་དེ་རྣམས་བཅོམ་ལྡན་འདས་ཀྱི་བཀས་ཆ ་འབེབས་པར་འགྱུར་རོ།། དེ་ལྟར་ན་ཡང་ཆར་མྱི་འབེབས་ན། མེ་ཐབ་ཟླུམ་པོར་སྟོབས་པོ་ཆེ་དེ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ། སྤྱན་དྲང་བ་ནས་སྔོན་དུ་འགྲོ་བས་འོག་ནས་བཤད་པའི་སྦྱིན་སྲེགས་གི་ཐབ་ཀྱི་ཚོ་གས་ཀླུ་ཐམས ་ཀྱི་ལྕེའི་དབུས་སུ་ཡིག་ནཱཾ་བཀོད་ལ་མཆེད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་བུ་རམ་དང་། འོ་མ་དང་། མར་གྱིས་དགང་བླུགས་གསུམ་བྱིན་ཏེ། བུ་རམ་ལ་སོགས་པ་ཅི་འདོད་པར་སྦྱིན་སྲེག་བྱའོ།། དེ་ནས་ཚིམ་པས་ཆར ་འབེབས་པར་འགྱུར་རོ།། དེ་ལྟ་ན་ཡང་ཆར་འབེབས་པར་མི་བྱེད་ནི་མངོན་སྦྱོང་བྱ་སྟེ། རྣམ་པ་ཐམས་ཅད་དུ་ནག་པོའི་སྟོབས་པོ་ཆེའི་རྣལ་འབྱོར་པས་གྲོག་མཁར་དང་། ཆུ་བོའི་ངོགས་གཉིས་ཀྱིས་བཤང་བ་དང་། གཅི་བ་དང ་བསྣོས་པ་ལས་ཀླུའི་གཟུགས་བརྙན་བྱས་ཏེ། དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་། སྐེ་ཚེ་དང་ལྡན་ཚ་དང་། ཡུངས་མར་གྱིས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ཏེ། ་འདབ་མ་བརྒྱད་དུ་ཀླུ་བརྒྱད་ཁྱད་པར་གྱི་སྙིང་པོ་འམ། ཡི་གེ་ནཱཾ་གྱིས་སོ་སོའི་སྔགས་སྤེལ་ཏེ། དེའི་ལྟེ་བ་ལ་ཆུ་ལྷའི་བ་ཉིད་ཇི་ལྟ་བ་བཞིན་དུ་བྱིས་ལ། བཀུག་ནས་གཟུགས་བརྙན་དེའི་ཁར་བཅུག་ལ། ཡན་ལག་ཐམས་ཅད ་ཚ་བ་གསུམ་དང་། སྒོ་ཚེ་ལ་སོགས་པས་བྱུགས་ཏེ། མེ་ལ་གདུངས་ནས་སྔགས་བརྗོད་ན་ངེས་པར་ཆར་འབེབས་སོ།། དེ་ལྟར་ན་ཡང་ཆར་མི་འབེབས་ན་དེ་བཞིན་དུ་ཡང་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ཏེ། བསྟོད་གཡོགས་དང ་སྤད་གཡོགས་དང་། ཟེའུ་ཀ་སྔོན་པོ་བགོ་བ་འམ། གོས་དམར་པོ་ཅིག་བགོ་བ་འམ། གཅེར་བུས་ཉི་མའི་དཀྱིལ་འཁོར་འབར་བ་ལ་གནས་པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་རྐང་པ་གཡོན ་པས་དཀྱིལ་འཁོར་དེ་ན་གནས་པའི་ཀླུ་གན་རྒྱལ་དུ་འདུག་པ་མནན་པ་དང་། སྐྲག་སྟེ། གདེངས་ཀ་བསྒྱིངས་པ་ཁ་གྱེན་དུ་བལྟས་པས་ཡི་གེ་ཕུ། ཞེས་བྱ་བས་ན་མཁའ་ཁྱབ་ཅིང་ཁྲག་སྐྱུག་པའི་ཆར་འབེབ་པས་རྒྱ ་མཚོར་བྱེད་པར་གྱུར་པར་བསམས་ལ། ཚིག་རེ་རེའི་མཐར་ནཱཾ་དང་སྤེལ་བའི་ཕྲེང་བའི་སྔགས་བཟླས་པར་བྱ་སྟེ། དེས་ན་དེ་རྣམས་ཆར་འབེབས་པར་འགྱུར་རོ།། དེས་ཀྱང་ཆར་འབེབས་པར་མ་གྱུར་པ། མེ་ཐབ་གྲུགས ་བྱས་ལ། དེའི་དབུས་སུ་སྟོབས་པོ་ཆེ་བསམས་ནས། སྨེ་ཤ་ཅན་ལས་མྱེ་བླངས་ཏེ། ཡི་གེ་ཕུ། ཞེས་བྱ་བས་སྦར་ཏེ་ཀླུའི་གཟུགས་བརྙན་དུག་དང་། ལན་ཚྭ་དང་། དྲ་དུ་ར་དང་། སྐེ་ཚེ་ལས་བྱས་པ་ཕྲེང་བའི་སྔགས་ཟློས ་ཤིང་ལག་པ་གཡོན་པས་མཇུག་མའི་རྩེ་མོ་ནས་བརྩམས་ཏེ། མཚོན་རྣོན་པོས་བཅད་ལ་སྦྱིན་སྲེག་བྱ་སྟེ། བཤང་བཱ་དང་གཅི་བས་ལུས་ལ་བྱུགས་ཤིང་། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱོས་ན། ཆར་འབེབས་པར་འགྱུར ་དེ་ལྟ་བུས་ཀྱང་ཆར་འབེབས་པར་མ་གྱུར་ན་ཉེས་པ་འདི་ནི་སྟོབས་པོ་ཆེ་ཉིད་ཀྱི་ཡིན་ནོ་ཞེས་པ་སྟེ། སྔར་བཤད་པའི་རྫས་རྣམས་ཀྱི་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། དཔལ་གནོད་མཛེས་ཀྱི་སྦྱོར་བ་དང ་ལྡན་པས་དགུག་པ་སྔོན་དུ་འགྲོ་བ་དང་།། རླུང་པ་གཡོན་པས་དེ་བཞིན་དུ་མནན་ཏེ། མ་ཧཱ་པཱ་ལ་བཪྵཱ་པ་ཡ་ཤྲཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པར་ཧཱུཾ་བཞི་དང་ལྡན་པའི་གནོད་མཛེས་རྒྱ་ལྔ་པོའི་སྔགས་བཟླས་བརྗོད་བྱའོ།། ་དེ་ནས་ཁྲོ་བོ་དཔལ་གནོད་མཛེས་མངོན་སྤྱོད་ཀྱི་ཐབ་ཁུང་ལ་བཞུགས་པ་ཞལ་གདངས་པའི་ལྕགས་ལ་ཡི་གེ་ཧཱུཾ་བསམས་ཏེ། གཟུགས་བརྙན་གཏུབ་ཅིང་དེའི་ཞལ་དུ་སྦྱིན་སྲེག་ཁྲི་བྱའོ།། དེ་ནས་སྟོབས་པོ་ཆེ་ཆར་འབོབ ་པར་མཛད་པར་རྗེས་སུ་མྱོང་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་ར་ཏུ་གྲགས་པ་ཡིན་ནོ།། དེ་ནས་ཀླུ་ཐམས་ཅད་དང་། སྟོབས་པོ་ཆེལ་ཞི་བ་ལྕེ་བྱ་བའི་ཕྱིར། མེ་ཐབ་ཟླུམ་པ་ལ་གནས་པཱའི་སྤྱན་དཀར་པོ་ཞི་བའི་ལྟ་དུ ་དེའི་སྔགས་དང་། ཞི་བོའི་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྨིག་བླུགས་ཁྲི་དབུལ་བར་བྱའོ།། དེ་བས་ནཱ་བཅོམ་ལྡན་འདས་ཡུལ་འདི་ནི་སངས་རྒྱས་རྣམས་ཀྱི་ཞི་བ་བསྐྱེད་པ་ཡིན་ནོ།། འདོད་པའི་རྒྱལ་པོའི་སྡིག ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡོ་སི་ཞེས་བྱ་བ་ནི་ཊཀྐིའི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་གཤིན་རྗེ་གཤེད ་ཀྱི་སྦྱོར་བར་གསུངས་པའི་ཆོ་གས་ཐོད་པར་གཞག་སྟེ་བཀུག་ལ་ཐོད་པ་དེ་གཡོན་བརྐྱང་པའི་གཡས་པའི་རྐང་པས་མནན་ནས་ཊ་ཀྐིའི་སྔགས་སྤེལ་བ་དང་བཅས་པར་བཟླས་བརྗོད་བྱའོ།། སྔ་མ་བཞིན་དུ་རྡོ་རྗེ་ལྕགས ་ཀྱུ་དགུག་པར་ཡང་བྱའོ།། མི་གཡོ་བའི་སྔགས་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྭ་སྦྱར་ལུས་སུ་ཞེས་བྱ་བ་ནི་ཆུང་མ་དང་བཅས་པའོ།། དེ་ཡང་མི་རྒམ་ཐར ་རྣལ་འབྱོར་པས་སྐྱེས་པའི་ཐོད་པ་སྐྱོན་མེད་བླངས་ལ་དེར་རྐང་པ་གཡས་པའི་སོར་མོའི་ཁྲག་དང་། ལན་ཚྭ་དང་ཡུངས་མར་དང་། སྐེ་ཚེ་ལ་སོགས་པས་ལྷ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་རང་གི་ཆུང་མ་དང ་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། ཐོད་པ་དེ་རྐང་པ་གཡས་པས་མནན་ནས། སྔ་མ་བཞིན་དུ་ལྕགས་ཀྱུས་བསྒྲུབ་པར་བྱ་བ་དགུག་བཞིན་པར་བསམས་ལ་བསྐུལ་བ་དང་བཅས་པར་སྔགས་བརྗོད་པར ་བྱའོ།། དེ་ནས་ཆུང་མ་དང་བཅས་པ་ཉིད་དུ་ཁུགས་པར་འགྱུ་རོ།། གནོད་མཛེས་ཀྱི་སྔགས་བཤང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱིས་རྣལ་འབྱོར་པས་མཚན་ཉིད་དང ་ལྡན་པའི་བུད་མེད་ཀྱི་ཐོད་པ་བསྒྲུབ་པར་བྱ་བའི་བུ་མོ་རྐང་པ་གཡོན་པཱའི་སྦྱིན་ལག་གི་ཁྲག་གིས་བྲིས་པ་དེའི་བྷ་གར་རྐང་པ་གཡོན་བྱས་མནན་ཏེ། སྣ་མུ་བཞིན་དུ་ལག་པ་གཡས་པར་གནས་པའི་ལྕགས ་ཀྱུས་སྙིང་ཁར་ཕུག་སྟེ། ཞགས་པས་བཅིངས་ལ། ཕྲེང་བའི་སྔགས་ཚིག་རེ་རེ་ཞིང་ངམ། སྔགས་བསྐུལ་པའི་ཚིག་དང་བཅས་པར་ཟླ་ཞིང་དགུག་པར་བྱའོ།། དགུག་པར་བྱ་བར་གཏོགས་པ་ནི་བསྒྲུབ་པར་བྱ་བའི ་སེམས་འགག་ཅིང་རྣམ་པར་འཇིག་པར་བསྒྲུབ་པར་བྱ་བའི་ལས་རྣམས་ཀྱང་མངོན་སྤྱོད་ཉིད་དུ་གཏོགས་པ་ཡིན་ནོ།། དེ་ནས་ཕཊ་ཅེས་བྱ་བ་འདི་ཡང་གལ་ཏེ་མ་བོར་དུ་ཟིན་ཀྱང་ཉེས་པ་མེད་དོ།། དེ་ལྟར་སྔགས་ཀྱི་རྒྱུད་དང ་ལྡན་པའི་ལས་གསུངས་ནས་བསམས་གཽཏན་ལས་སྐྱེས་པ་ཉིད་ཀྱི་དགུག་པ་གསུངས་པ་ནཱ་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏོ།། དམ་ཚིག་ཆེན་པོའི་སེམས་དཔའི་ནི་ཐུགས་རྡོ་རྗེ་སྟེ། དེ་འབྱུང་བ་དཔེར་མེད་པར ་གང་ལས་གྱུར་པ་དེ་ལ་དེ་ཅེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཛིན་པོ་ལྟ་བུའི་ཏིང་ངེ་འཛིན་ཏོ།། དམ་ཚིག་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྐུ་ལ་སོགས་པ་ལསོ།། གསུང་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག ་གོ། དེ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཚིག་དེ་གསུང་དེ་ཉིད་ཕྱུང་ངོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། འདིའི་སྐུ་གསུམ་ལ་རྡོ་རྗེ་སེམས་དཔའང་རྣམ་བསྒོམ་ཞིང་ལྷག་པར་མོས་པར་བྱའོ།། དེ་བྱས་ནས་རླུང ་གི་སྙིང་ཁུ་ནས་རྡོ་རྗེ་ལྕགས་ཀྱུ་དང་ཞུགས་པ་ལ་སོགས་པ་དང་ལྡན་པའི་ལྷ་རྣམས་སྤྲོས་པས་སངས་རྒྱས་རྒྱས་རྣམས་ཀྱི་བར་དུ་ཡང་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་སྐུ་ནི་རྣམ་པར་སྣང་མཛད་།། ་གསུང་ནི་འོད་དཔག་ཏུ་མེད་པ་སྟེ། དེ་དག་ལས་གང་ཡང་རུང་བའི་སྦྱོར་བས་འཁོར་ལོའོ་ཞེས་བྱ་བ་ལྷའི་དཀྱིལ་འཁོར་གྱིས་རབ་ཏུ་སྦྱར་བ་ཡིས་ཞེས་འཁོར་ལོའི་ལྕགས་ཀྱུ་དང་པདྨའི་ལྕགས་ཀྱུས་གོ་རིམས་ཇི་ལྟ་བ་བཞིན ་དུ་རྡོ་རྗེ་སེམས་དཔའ་ཡང་དགུག་པར་འགྱུར་རོ།། གང་གིས་ཞེ་ན་ཅི་རིགས་པར་རྡོ་རྗེ་གསུམ་དང་འབྲེལ་བའི་འཁོར་ལོ་དང་། པདྨ་དང་རྡོ་རྗེ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་ཉིད་དུ་ལྷག་པར ་མོས་པས་སྔགས་རྣམས་ཐམས་ཅད་དེ། ལྷ་ཐམས་ཅད་དགུག་པར་བྱའོ།། མི་བསྐྱོད་པ་ལ་སོགས་པ་རྣལ་འབྱོར་པ་གསུམ་གྱིས་དགུག་པའི་ཆོ་ག་གསུངས་ནས། གཞན་རྣམས་ཀྱིས་ཀྱང་གསུངས་པ་ནི་ཐམས་ཅད ་ཅེས་བྱ་བ་ལ་སོགས་པ་སྟེ། རང་གི་སྔགས་ཀྱི་སྐྱེས་བུ་སྟེ། རང་གི་འདོད་པའི་ལྷ་འཁོར་ལོ་དང་ལྡན་པར་བསྒོམས་ལ། རང་གི་སྙིང་ཁ་ནས་འདོད་པའི་རྒྱལ་པོའི་བཀའ་དང་། རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི ་ལྷའི་སྤྲོས་པའི་ལྕེའི་སྦྱོར་བས་བུ་མོ་དགུག་བྱར་བྱའོ།། དགུག་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་གནས་པའི་དགུག་པ་འདི་དག་ཐམས་ཅད་ལ་ཡང་སྦྱར་བར་བྱའོ།། རླུང་གི་དཀྱིལ་འཁོར་དེར་ཟླ་བའི་དཀྱིལ ་འཁོར་རྣམ་པར་སྣང་མཛད་ཀྱི་རང་བཞིན་བསྒོམས་ལ། ཤཾ་ཅི་ཞེས་བྱ་བ་སྦྱིན་དང་། མཱ་མ་ཀཱི་སྔར་བཤད་པའི་བསྲུང་བ་ལ་སོགས་པའི་ཆོ་གས་བཀུག་བཞིན་པ། བདུད་རྩིའི་རྒྱུད་འཛག་པར་བསམ ་པར་བྱའོ།། དགུག་པའི་སྔགས་ཀྱང་ལན་ལྔ་བཅུའི་བར་དུ་བརྗོད་ན་ངེས་པར་དགུག་པར་འགྱུར་རོ།། འདོད་པའི་རྒྱལ་པོའི་སྦྱོར་བས་དགུག་པ་གསུངས་པ་ནི་རྡོ་རྗེ་ཀྱོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། ་མི་ཕྱེད་པའི་ལྕགས་ཀྱུ་ནི་འདོད་པའི་རྒྱལ་པོའི་མཚན་མའོ།། དེས་ཉེ་བར་མཚོན་པའི་གཟུགས་ཆེན་པོ་ཞེས་བྱ་བ་འདོད་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་བསམས་ལ། ན་མཁའ་བུ་མོ་ཞེས་བྱ་བ་ལྷ་ལ་སོགས ་པའི་བུ་མོ་དགུག་པར་བྱའོ།། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་ལ་གནས་པར་བསྒྲུབ་པར་བྱ་བ་དགུག་པར་བྱའོ་ཞེས་བསྟན་ཏོ།། གནོད་མཛེས་ཀྱི་སྦྱོར་བས་ཀྱང་དགུག་པ་གསུངས་པ ་ནཱི་རླུང་གི་ཞེས་བྱ་བ་ལྀ་སོགས་པ་སྟེ། རང་གི་ཁྲོ་བོ་ནརྀ་རྡོ་རྗེར་གྱུར་ཅིང་འདའ་བྱར་བྱ་བ་མ་ཡིན་པ་དང་།། རྡོ་རྗེ་སོ་འོག་ནས་པ་དགུ་ཅེས་བྱ་བ། གནོད་མཛེས་རྒྱལ་པོ་བསམས་ལ། ཤཱུ་ལ་དང་རྡོ་རྗེ་ཀྱོ་བ་ལ ་སོགས་པ་དང་ལྡན་པའི་ལྷ་རྣམས་སྐྱེས་པས་ལྷ་མ་ཡིན་ལ་སོགས་པའི་བུ་མོ་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མཚན་མ་ཐོབ་པ་སོ་ལྷ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པས་བཅག ་གམ། རྡོ་རྒྱུས་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ནས་དེར་ཡང་རྡོ་རྗེ་ལྕགས་ཀྱུ་དང་ལྡན་པའི་ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཏེ། དེ་ལས་བྱུང་བའི་ལྷ་རྣམས་སྤྲོས ་པས་ན་མཁའི་ཁམས་བཀང་ལ། ཡང་དག་པར་བསྡུས་ནས། གནས་བརྟན་པར་གྱུར་ཅིང་རྗེས་སུ་མཉེས་པར་བྱས་པ། ཇི་སྲིད་ཟླ་བ་གཏང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་སྟེ། དེས་ན་འགྲུབ ་པར་འགྱུརརོ།། དེ་ནས་ཚངས་པ་ལ་སྩོགས་པ་རང་གི་མིང་བྲིས་པ་ཙམ་གྱིས་འོང་བར་འགྱུར་རོ།། རྣམ་པའི་མཆོག་ནི་ཀུན་ལྡན་པ་ཞེས་བྱ་བ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་འཇམ ་པའི་རྡོ་རྗེར་བདག་ཉིད་ལྷག་པར་མོས་པའི་དབང་གིས་བསྒོམས་ནས་གནོད་སྦྱིན་མོ་དགུག་པར་བྱ་སྟེ། སྤྱི་བོར་གཤིན་རྗེ་གཤེད་དང་། རྡོ་རྗེ་ལྕགས་ཀྱུ་སྤྲོ་བའི་བདགུ་ཉིད་ཅན་བསྐུལ་པ་བསྲེགས་པའི་འཁོར་ལོ ་ཆེན་པའི་གཟུགས་ཅན་བསྒོམས་ནས། གནོད་སྦྱིན་མོ་དེ་བཀུག་ལ་ཉེ་བར་སྤྱད་པར་བྱ་སྟེ། གནོད་སྦྱིན་མོའི་སྔགས་དང་། རྒྱུད་ཅེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་ནོ།། སྔགས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན ་པོའི་དབྱེ་བ་སྟེ། དེ་ལྟར་ནུ་ཐམས་ཅད་ཀྱང་རྣམ་པོ་ཐམས་ཅད་དུ་རང་རང་གི་སྔགས་ཀྱི་དབྱེ་བ་གང་ཡིན་པ་དེས་དགུག་པར་བྱའི།། ལྷ་གཞན་དག་གི་སྔགས་ལ། ལྷ་གཞན་པའི་རྣལ་འབྱོར་གྱིས་དགུག་པར་མི་བྱོ་ཞིང་། དེ་བཞིན་དུ ་ལས་གཞན་ངག་སངྒེ་མི་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ།། གལ་ཏེ་དེ་ལྟར་མི་བྱེད་ན། དེའི་ཚེ་སྦྱོར་བ་མ་ཚང་བས་ན། དངོས་གྲུབ་པ་འམ་བདག་ཉིད་འཇིག་པར་འགྱུར་བ་ཐོབ་པར་འགྱུར་རོ།། སྦྱོར་བ་འདི་དག་ཐམས་ཅད་ལ་ཡང ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངེས་པར་བསྐུལ་བར་མཛད་པ་བསྒོམ་པོར་བྱའོ།། གང་གི་བྱོར་དེ་ཉིད་ནི་སྔགས་རྣམས་ཐམས་ཅད་དེ་ལྷ་རྣམས་ཀྱི་རྒྱལ་པོ་སྟེ་གསལ་བར་མཛད་པ་རང་གི་རིག་པའི་ཆོབོ་ཉིད་ཡིན་པའི་ཕྱིར ་དང་། དེ་རྣམ་པར་དག་པ་ཡང་ཐམས་ཅད་ཀྱི་རྗེ་སུ་འགྲོ་བ་ཡིན་པའི་ཕྱིར་རོ།། དེ་མངོན་དུ་ཕྱོགས་པ་མེད་པར་ནི་ཐམས་ཅད་རྣམ་པར་མ་དག་པར་འགྱུར་བ་ཡིན་པས་ཐམས་ཅད་དུ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་གྱིས་བསྒོམ ་པར་བྱའོ་ཞེས་བྱ་བའི་བར་དུའོ།། ལྷ་མོ་སྒྲོལ་མའི་དབྱེ་བ་རལ་པ་གཅིག་མ་ཞེས་བྱ་བ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་རྣམ་པར་འཕྲུལ་པའི་ཡེ་ཤེས་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། དེ་ཉིད ་ནི་མི་ཕྱེད་པའི་བདག་ཉིད་ཅན་དུ་ཏིང་ངེ་འཛིན་གང་ལོས་གྱུར་པ་དེ་ནི་གདོན་མི་ཟ་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། དམ་ཚིག་ཆེན་པོའི་རྒྱས་པའི་རྡོ་རྗེ་གདོན་མ་ཟ་བར་གྲུབ་པ་སྟེ། དེའི་མཆོག་གང་ཡིན་པ་དེ་ནི་མདུང་ཅན་མ་སྟེ། སྐུ་དང ་དབུས་མའི་ཞལ་སྔོ་བ། གཡས་པ་དཀར་བ། གཡོན་པ་དམར་བ། ཕྱག་གཡས་པ་གཉིས་ཀྱིསོ་གྲི་དང་རལ་གྲི་རྣམས་པ། གཡོན་པ་གཉིས་ན་ཐོང་བ་དང་རིན་པོ་ཆེ་བསྣམས་པ། ཕྱག་གཉིས་ཀྱིས་ཐབས་ལ་འཁྱུད་པ། ཞལ་གྱི་མ ་བཅུང་ཟད་གཙིགས་པ་ཕྱུང་ངོ་།། འདིར་དགུག་པའི་ཆོ་ག་ནི་འདི་ཡིན་ནོ།། རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལ། རལ་པ་གཅིག་མའི་རྣལ་འབྱོར་ཆོ་ག་བཞིན་དུ་བྱས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང་། ནཱཾ་ག་གེ་སར ་དུ་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོ་སྙིང་ཁར་སྔགས་དང་སྤེལ་བ་དང་བཅས་པ་སྔ་མ་བཞིན་དུ་བྲིས་ལ་བཀུག་སྟེ། གཡས་བརྐྱང་བའི་རྐང་པ་གཡོན་པས་མནན་ལ་བསྐུལ་བ ་དུད་བཅས་པའི་སྔགས་བརྗོད་ན་ཁུགས་པར་འགྱུར་རོ།། ཁྱོ་གཉེར་མའི་སྔགས་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུ་མཁའི་དམ་ཚིག་སོ་སོར་རྟོགས་པ་གང་ལས་བྱུང་བ་རྡོ་རྗེའི ་བདག་ཉིད་ཅན་གང་ཡིན་པ་དེ་ནི་འོད་དཔག་ཏུ་མེད་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ།། ཁྲོ་གཉེར་མའི་ཕྱག་མཚན་ལ་སོགས་པ་ནི་གོས་དཀར་མོ་དང་འདྲུ་བ་ལས། དམར་སྐྱའི་མདོག་ཅན་ཐོད་པའི་ཕྲེང་བ་དང་ལྡན་པ་ཅུང་ཟད་མཆེ་བ་དང ་ལྡན་པ་ཕྱུང་ངོ་།། དམྦྷ་ཚིག་ལ་སོགས་པས་ཞེས་བྱ་བ་ནི་སྟེ་མ་བབྱིན་དུ་སྦྱོར་བའི་དམ་ཚིག་ལ་སོགསོ་པས་དགུག་པར་བྱའོ་ཞེས་བྱ་བར་ཤེས་པར་བྱའོ།། བསམ་གཏན་འབའ་ཞིག་གིས་དགུག་པ་གསུངས་པ་ནི་འགོག་ཞེས་བྱ་བ་ལ ་སོགས་པ་སྟེ། འགོག་པ་ནི་སེམས་ཀྱི་ཀུན་ཏུ་རྒྱུ་བོ་དང་བྲལ་བའོ།། དེ་ཉིད་ཀྱིས་མི་བྱེད་པའི་བཟླས་པ་རྩེ་གཅིག་པར་རྫོགས་པར་གྱུར་པས་མི་གཡོ་བར་བསྒྲུབ་པར་བྱ་བ་ཙམ་དུ་གྱུར་པའི་རྩེ་གཅིག་པ་གཉིས་སུ་མེད་པའི་སེམས ་བྱས་ལ། སྔགས་དང་རྒྱུད་ལ་སོགས་པས་ལུས་ལ་སོགས་པ་དང་མི་ལྡན་པའི་བསྒྲུབ་པ་བྱ་བྱའང་འགུགས་སོ་ཞེས་བྱ་བའི་དོན་ཏོ།། སྔགས་བཟླས་པས་ཀྱང་སྔགས་པ་ལས་རྣམས་བྱེད་དོ།། ཞེས་ཕྱོགས་གཞན་དག་གསུངས་པ ་ནི་ཡང་ན་ཞེས་བྱ་བ་སོགས་པའོ།། བསྒྲུབ་པར་བྱ་བའི་ཁྱད་པར་གསུངས་པ་ནི་རྡོ་རྗེ་སློབ་ངོ་བོན་ཞེས་བྱ་བ་ལ་སོགས་པའོ།། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཁོ་སྦྱར་དབྱེ་བ་གསུངས་པ་ཡིན ་ཏེ། དེ་ནི་བདག་གིས་མ་བཤད་དོ།། ཁྲག་དང་ཆུ་ཡིས་གཤེར་བ་འམ་ཞེས་བྱ་བས་འདི་སྐད་སྟོན་ཏེ་སྔ་མ་ལས་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་མ་མོའི་གནས་དང་། དུར་ཁྲོད་ལ་སོགས་པར་སྒྲིའི་རྩེ་མོ་ཐུར་དུ་བཀྲོལ་བ ་ཁྲོ་བོའི་སྤྲིན་སྤྲོས་ལཱ། ཁྲག་ལ་སོགས་པས་ཐམས་ཅད་གཤེར་བར་བྱས་པའི་གོས་བགོས་ནས། སྔར་བཤད་པའི་ཆོ་གས་བསྒྲུབ་པར་བྱ་བའི་མཚན་མ་མནན་ནས། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་འཆི་བར་འགྱུར་རོ།། ཁྱོ ་རྣམས་ནི་གདུག་པའི་ལས་བསྒྲུབ་པའི་ཕྱིར་དང་། ལས་ཐམས་ཅད་མཛད་པའི་ཕྱིར་ཁྲོ་བོའི་རྒྱལ་པོས་སྦྱར་བར་བྱ་ཞེས་གསུངས་པ་ཡིན་ནོ།། ཁྲོ་བོའི་མཆོག་གིས་བཅིངས་པ་ཡིས་ཞེས་བྱ་བོ་ནི་ཁྲོ་བོའི་མཆོག་གི་རྣལ་འབྱོར ་པས་བདག་ཉིད་ཇི་སྐད་དུ་བཤད་པའི་གོས་བགོས་ལ་ཞེས་བྱ་བའི་དོན་ཏོ།། ཕུ་རོ་བུའི་ཆོ་ག་གསུངས་པོ་ནི་མེའི་རུས་པ་ཞེས་བྱ་བ་ལ་སོགས་པའོ།། དོན་ནི་འདི་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་པས་སྐེ་ཚེ་དང་། དུག་དང་། ལན་རྩ ་དང་། ཡུངས་མར་གྱིས་དུར་ཁྲོད་ཀྱིས་རས་ལ་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་རྣོན་པོ་བྲིས་ལ། དེའི་ལྟེ་བར་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། རོ་བསྲེགས་པའི་ཐལ་བ་དང་། སོལ་བ་དང་། ཆུ་བོའི་རིགས་གཉིས་ཀྱིས ་དང་། ཕུབ་མ་དང་། བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་བསྡུས་ལ། བཤང་བ་དང་གཅི་བས་སྦས་ཏེ། གཟུགས་བརྙན་བྱས་པའི་སྙིང་ཁ་ར་རས་དེ་བཅུག་ལ་བཀུག་སྟེ་ཁ་སྦྱར་དབྱེ་བ་བྱས་ནས་དགྲའི་སྒོར་སྦས་ནས་མིའི་རུས་པ་ལས ་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཚད་དག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཕུར་བུས་བཏབ་ན། དེ་ནས་ཇི་སྐད་དུ་གསུངས་པ་བཞིན་དུ་འགྲུབ་པར་འགྱུར་རོ།། བསད་པའི་ཆོ་གར་བསྟན་པ ་བཤད་ནས། གནས་ནས་སྤོ་བའི་ཆོ་ག་གསུངས་པ་ནི་ཡང་ན་ཐོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱད་པར་དུ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་བསྐྱེད་པ་ལ་དེ་དང་རྗེས་སུ་མཐུན་པའོ།། དོན་ནི་འདི་ཡིན་ཏེ། ཁྲོ་བོའི་སྦྱོར་བ་གང ་ཡང་རུང་བ་དང་ལྡན་པས་ཇི་སྐད་དུ་བཤད་པའི་ཐོད་པ་ལ་བབ་པ་དང་། ཨ་རིཥྚའི་འདབ་མའི་ཁུ་བ་དང་། རྐང་པོ་གཡོན་པའི་སྲིན་ལག་གི་ཁྲག་གིས་མཚན་པའི་རླུང་གི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་བསྒྲུབ་པར་བྱ ་བའི་གཟུགས་བརྙན་བྲིས་ལ་དེའི་སྙིང་ཁར་དེའི་མིང་དང་སྤྲུལ་བའི་སྔགས་བྲིས་ནས་བཀུག་སྟེ། བརྒྱ་རྩ་བརྒྱད་བཟླས་པའི་སྔགས་ཀྱིས་མངོན་པར་བཟླ་ཞིང་། རྡོ་རྗེའི་ཆོག་གིས་སྔགས་བཟླས་བརྗོད་བྱས་ལ། དགྲོའི་སྒོ་ལ ་སོགས་པར་སྦས་ན། དེ་ནས་སྐྲོད་པར་འགྱུར་རོ།། ཏཱ་ལའི་ལོ་མ་ལ་སོགས་པ་ལ་ཡང་ཆོ་ག་འདི་ཉིད་ཀྱིས་གཟུགས་བརླན་བྱས་ལ། སྒོ་འམ། གཞན་དག་ཏུ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ།། སྐུ་དང་གསུང་དང་ཐུགས་ཀྱི ་ཕུར་བུར་མངོན་སྤྱོད་བྱ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུངས་དང་ཐུགས་གང་གིས་འཆིང་པོ་དེ་ནི་ངེས་པར་འཆིང་བ་སྟེ། ཕུར་བུའི་སྔགས་སོ།། དེ་གང་ལས་མི་ཕྱེད་པར་གྱུར་པ་མི་བསྐྱོད་པ་ལྟ ་བའི་ཏིང་ངེ་འཛིན་དེ་བྱས་ནས། བདུད་རྩི་ཐབ་སྦྱོར་གྱི་ཕུར་བུའི་སྔགས་འདི་ཕྱུང་ངོ་།། འདིར་ཡང་སརྦྦ་དུཥྚཱཾ་ཞེས་བྱ་བ་དང་། སརྦྦ་པཱ་པཾ་ཞེས་བྱ་བའི་ཚིག་གཉིས་སྟོན་ལ། བསྒྲུབ་པར་བྱ་བའི་མིང་དང་སྦྲེལ་བར་བྱའོ།། ཆེ་གེ་མོའི ་ཀཱ་ཡ་བཱཀྵིཏྟ་ཞེས་བྱ་བོ་འདི་ལྟར་ཡང་སྤེལ་བར་བྱའོ།། དེ་ལྟ་བུའི་སྦྱོར་བ་ནི་བགེགས་མཐར་བྱེད་དམ་གཞན་དག་གི་སྦྱོར་བྱས་ལ། མའི་རུས་པ་འམ། སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་བུ་སྟོང་བགེགས་ཀྱི་དགྲའི་གཟུག ་ཅན་སྨད་རྩེ་མོ་ཙནྡ་གྱི་གཟུགས་སུ་བསམས་ལ། སྔགས་འདི་བསྒྲུབ་པར་བྱ་བའི་མིང་ང་སྤེལ་བ་མངོན་པར་བཟླས་ཏེ། དེ་ནས་ངེས་བསྒྲུབ་པར་བྱ་བའི་གཟུགས་བརྙན་སྔ་མ་བཞིན་དུ་བྱས་པཱ་ལ། ཕུར་བུས་གདབ་པར ་བྱའོ།། ཡང་ན་མིའི་རུས་པ་ལ་སོགས་པ་ཕྱིའི་ཕུར་བྱེ་དང་སྔགས་སྤངས་ལ། བསམ་གཏན་ཙམ་གྱིས་ཐམས་ཅད་བསྐྱེད་ནས་ཕུར་བུ་ས་གང་པོ་པར་བྱའོ།། ཁམས་གསུམ་པའི་འམ་བདག་ཉིད་ཀྱི་ལུས་ལ་སོགས་པ ་ལེའུ་བཅུ་པ་གསུངས་པའི་དྲུག་ཤུལ་བསྒྲུབ་པ་ལ་སོགས་པའི་དུས་སུ་ཕུར་བུའི་ཆོ་ག་གསུངས་པ་ནི་འོད་འཕྲོ་འཁྲུག་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལས་བྱུང་བ་ཤེས ་རབ་མཐར་བྱེད་ངམ། ཁྲོ་བོའི་རྒྱལ་པོ་གཞན་གང་ཡང་རུང་བ་སྐུ་སྟོང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན། སྐུ་སྨད་རྩེ་མོ་ཅན་དུ་མཉམ་པར་བཞག་ལ་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་འོག་ནས་བཤད་པའི་སྔགས ་དང་ལྡན་པ་བསྣམས་ལ། དེས་ཐུགས་ཀྱི་ཕུར་བུས་ཕུར་བུ་གདུབ་པོ།། དེ་བཞིན་དུ་རྣམ་པར་སྣང་མཛད་རྒྱ་ཆེན་ནམ་ཞེས་བྱ་བ་སྐུ་ལ་གཱཤིན་རྗེ་གཤེད་ཀྱི་ཕུར་བྱས་གདབ་བོ།། དེ་བཞིན་དུ་འདོད་ཆགས་རྡོ་རྗེ ་ཙན་ནི་གསུང་གི་རྡོ་རྗེ་སྟེ། པདྨ་མཐེར་བྱེད་ཀྱི་ཕུར་བུ་གདབ་པར་བྱའོ།། ཐུགས་རྡོ་རྗེ་ལ་སྩོགས་པ་ལ། རིགས་དེ་དང་འབྲེལ་བའི་ཕུར་བུས་གདབ་པ་ཡིན་པར་ཇི་ལྟར་ཤེས་ཤེ་ན། ལེའུ་བཅོ་བརྒྱད་པ་ལས་རིགས་ཀྱི་དབྱེ་བའི་སྦྱོར་ཏེ ་ཡིས། རྡོ་རྗེ་ཕུར་བྲུས་ཕུར་བྲི་གང་བཙོས་གསུངས་པའི་ཕྱིར་རོ།། འདི་དག་གིས་ནི་རེ་ཞིག་ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ལྷ་འཇིག་རྟེན་ལས་འདས་པའི་ཕུར་བུས་གདབ་པར་བྱ་བ་ཡིན་ལྔ། དགླེགས་མཐར་བྱེད་ཀྱིས་ནི ་སྔར་བཤད་པའི་རིམ་གྱིས་གདུག་པ་ཅན་ཐམས་ཅད་བུར་བུས་གདབ་པའི་འཇིག་རྟེན་པ་དེ་བྱའོ་ཞེས་གསུངས་པ་ནི་རྡོ་རྗེ་བདུད་རྩི་འཁྱིལ་བ་ཡིས་ཞེས་བྱ་བ་ལ་སོགས་པའོ།། ཕུར་བུ་རྣམས་ཀྱི་རང་གི་ངོ་བོ་གསུངས་པ་ནི་སྙིང་ཁ ་ནསྠཱ་ནཾ་ཞེས་བྱ་བ་ལ་སོགས་པའོ།། བཤྨང་མ་ཐག་པའི་རྣམྲ་པཱུརརྱ་སྣང་མཛཱ་ལ་སོགས་པའི་ཕུར་བུའི་སྔགས་གསུངས་པཱ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམྦྷ་པར་སྣང་མཛད་ཀྱི་སྔགས་ཕྱུང་བྱའི་དུས་སུ། གང་གི་ཕྱིར ་སྐུའི་རྣམ་པར་འཕྲུལ་པ་ལ། ཁྱད་པར་མེང་པ་ཡིན་པས། རྡོ་རྗེ་འཛིན་པ་ཉིད་ལ་རྣམ་པར་སྣང་མཛད་དུ་གསུངས་པ་ཡིན་ཏེ། དེ་ཡང་རྣམ་པར་སྣང་མཛད་ལྟ་བུ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ།། སྐུའི་དམ་ཆོག ་ཚང་ངམ་དུ་བྱ་ཞིང་དྲངས་ལ་གནོན་ཅིང་མི་གཡོ་བར་བྱས་ལ། རུད་དང་མི་ཕྱེད་པར་བྱས་པའི་ཕུར་བུའི་སྔགས་ཀྱིས་བྱས་པ་གང་ཡིན་པ་དེ་བྱུང་བའོ།། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། སྐུ་ལ་སོགས ་པའི་ཕུར་བུའི་ཆོ་ག་འདི་ནི་བདག་གིས་གསལ་བར་མ་བཤད་དོ།། ལེའུ་བཅུ་བཞི་པའི་འགྲེལ་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་བཅོ་ལྔ་པ་གསུངས་པ་ཡིན་ཏེ། དབང ་བསྐུར་བ་ཐམས་ཅད་ཤེས་པ་ན། ཀུན་མཁྱེན་པའོ་ཞེས་བྱ་བར་སྦྱོར་རོ།། ལུས་ཀྱི་ཚོགས་གསུངས་ནས། རིགས་རེ་རེ་ཞིང་དངོས་གྲུབ་ཆེན་པོ་བཤད་པ་ལས། རེ་ཞིག་མཱི་བསྐྱོད་པའི་རིགས་ཀྱི་ཆོ་ག་གསུངས་པ་ནི་སྨེ་ཤ ་ཙན་ཞེས་བྱ་བ་ལ་སྩོགས་པ་སྟེ། ནུ་ཚོད་ཀྱི་ཁྱད་པར་སྨོས་པ་ནི་ཞི་བར་མཚོན་པ་ཙམ་དུ་ཟད་ཀྱི་ཇི་སྲིད་ཤུཀྵ་ཡོད་པ་དེ་སྲིད་ཀྱི་བར་དུ་བཟུང་བ་ལ་འགལ་བ་མེད་དོ།། དཀྱིལ་འཁོར་གླུ་བཞི་ལྷམ་པར་བྱ་ཞེས་བྱ་བྱཱ་ནི་བཤད ་བདང་གཙོ་བ་ལ་སོགས་པ་ལ་ཐེ་ཚོམ་རྣམ་པར་བསྐུལ་བར་བྱ་བའི་ཕྱིར་སྟེ། དེ་ལྟར་བྱས་པའི་དཀྱིལ་འཁོར་དུ་གཞལ་ཡས་ཁང་དུ་མྱོས་པར་བྱའོ།། དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པ་འོད་དག་ནི་རིགས ་གསུམ་ཆར་ལ་ཡང་སྦྱར་བར་བྱའོ།། འཁོར་ལོའི་རིགས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ་ནི་སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ ་ནི་བསམ་གཏན་གྱིས་བདག་ཉིད་ཅན་གྱི་སྔགས་བཟླས་པས་སོ།། སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་གཅིག་པར་འགྱུར་བའོ།། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས ་ཞེས་བྱ་བ་ནི་མི་བསྐྱོབ་པ་ལ་སྱཱ་ཤ་ཅན་གྱི་བྲུ་མོ་དང་སྦྱར་བར་བྱའོ།། བཙོ་བླག་མཁྱེན་གྱི་བུ་མོ་ནི་མདོག་དཀར་བས་འཁོར་ལོའི་རིགས་ལ་སྦྱར་བར་བྱའོ།། ཨུཏྤལ་མཐིང་ཁྭའི་མདོག་འདྲ་བྱ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ལ ་སྨེ་ཤཱ་ནྡན་གྱི་བུ་མོ་དང་སྦྱོར་རོ།། སྦྱོར་བའི་ཆོ་ག་ཞེས་བྱ་བ་ནི་བཙེ་བླུག་མཁན་གྱི་བུ་མོ་ཕང་པར་བཞག་པ་ལ་སོགས་པའོ།། རྡོ་རྗེ་སེམས་དཔའ་དང་མི་བསྐྱེད་པ་སྦྱོར་བ་ཅིག་པ་དེ་ནི་མྱི་བསྐྱོད་པའི་རྣལ་འབྱོར་པར་འགྱུར། ་པདྨའི་རིགས་ལ་ཡང་དངོས་གྲུབ་གསུངས་པ་ནི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་རྣམས་ཐམས་ཅད་འཛིན་པ་ནི་འོད་དཔག་ཏུ་མྱེད་པའི་རྣལ་འབྱོར་པ་སྟེ། ཆོ་ག་བཞིན་དུ་གར་མཁན་གྱི་བུ་མོ་སྐུ་མོ་བཞིན་དུ་ཕུང་པར་བཞག་ན་དེ ་རྗེ་ཆོས་དང་འདྲ་བར་འགྱུར་རོ།། དེ་ཇི་ལྟ་བུ་ཞེ་ན། ས་བཅུ་ལ་གནས་པར་འགྱུར་ཞེས་བྱ་བ་གསུངས་ཏེ། གཟུགས་རྡོ་རྗེ་ལ་སོགས་པ་མྱོ་བཅུ་འབྲས་བུར་གྱུར་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངོ་བོ་ཉིད་རབ་ཏུ་དགའ ་བ་ལ་སོགས་པའི་ས་བཅུ་རྣམ་པར་དག་པའི་ཚུལ་ལ་ནི་ས་བཅུ་ཞེས་བྱ་བ་སྟེ། དེ་རྣམས་ལ་རབ་ཏུ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྨེ་ཤ་ཅན་གྱི་བུ་མོ་ལ་སོགས་པ་མེད་དུ་ཟིན་ཀྱང་གཞན་དག་བཟུང་བ་ལ་འགལ་བ་མེད ་པར་གསུངས་པ་ནི་བྲམ་ཟེ་རྒྱལ་རིགས་ཞེས་བྱ་བ་ལ་སོགས་པའོ།། དེ་ཡང་སེམས་ཅན་བསམ་པ་ལ་བརྟེན་ནས། ཚང་ལ་སོགས་པ་ངེས་བྱས་ཡིན།། ཐབ་ཤེས་ལུས་བྱུང་དངོས་གྲུབ་ལ།། རིགས་སོགས་ངེས་པས་ཅི་ཞིག་བྱ་ཞེས་བཤད ་པ་ཡིན་ནོ།། དེ་ལྟ་བུའི་མཆོག་གི་སེམས་ཀྱིས་ཉི་མ་མུ་ནུབ་པ་ནས་བསྒྲུབ་པ་ཀུན་ཏུ་བརྩམས་ན། ཉི་མ་འཆར་བའི་དུས་སུ་སྐྱེས་བུ་དམ་པ་འགྲུབ་པར་འགྱུར་རོ།། ཇི་སྐད་དུ་བཤད་པའི་བུ་མོ་བདག་གིར་བྱ་ཞིང་།། གནོན་པའི་ཆོ་ག་གསུང ་པ་ནི་དེ་ནས་ཞེས་བྱ་བ་སོགས་པ་སྟེ། དམ་ཚིག་ཆེན་པོ་ནི་མེ་ལོང་ལྟ་བུའོ།། དེ་ཉིད་རྡོ་རྗེ་ཁྲོ་བོའི་རྒྱུར་གྱུར་པས་ན། རྡོ་རྗེ་ཁྲོ་བོ་སྟེ། དེ་ཏིང་ངེ་འཛིན་དུ་མཛད་ནས་གཤིན་རྗེ་གཤེད་ཀྱི་སྔགས་ཕྱུང་བའོ།། དུག་ནི་ཞེས་བྱ་བ་ལ་སོགས་པ་ལ ་ཆོ་ག་ནི་འདི་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བྱས་སྔོན་དུ་བསྙེན་པ་ཇི་ལྟ་བ་བཞིན་དུ་བྱས་ནས། ཁྲོས་པས་མངོན་སྤྱོད་ཀྱི་ཐབས་གྲུ་གསུམ་དུ་ཚེར་མའི་མེ་ལ། ཡི་གེ་ཧཱུཾ་དང་ལྡན་པའི་ལྗགས་མངའ་བོའི་གཤིན་རྗེ་གཤེད ་ཀྱི་ཞལ་དུ་བསྲེག་ཅིང་དབྱབ་པར་བྱ་སྟེ། ཨོཾ་ཧྲཱིཿཥྚྲྀཿབིཀྲྀ་ཏཱ་ནྱེ་ན་བུ་མོ་ཆེ་གེ་མྱོ་སྟཾ་བྷཱུ་ཡཱ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་ལ་ཉི་མའི་གུང་ངམ། ནམ་ཕྱེད་ན་ཉི་མ་གསུམ་དུ་དུག་དང་ཁྲག་ལེ་སོགས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱ་སྟེ། ་དེ་ན་དེ་རིངས་པར་འགྱུར་རོ།། བཅུ་བཞི་འམ་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་ནི་འདི་ཡིན་ཏེ། མར་གྱི་ངོའི་ཉིན་ཞིག་གང་ཡང་རུང་བ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དུར་ཁྲོད་ཀྱི་སོལ་བ་ལ་བཟླས་བརྗོད་སྟོང་རྩ་བརྒྱད ་བྱས་པས་བདག་ཆེ་གེ་མོ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་སྔགས་སྲིན་པོ་ལ་སོགས་པའི་མིང་དང་བཅས་པ་བྲིས་ནས། དེ་ཉིད་ཀྱིས་ཁྱེར་ཏེ་འོངས་ནས་སྟེར་བར་འགྱུར་རོ།། སྦྱོར་བའི་ཁྱད ་པར་གཞན་དག་བཤད་པ་ནི་དགྲ་བོའི་གཟུགས་བརྙན་བཤད་མ་ཐག་པའི་རིམ་པས་མངོན་པར་བཟླས་པའི་དུར་ཁྲོད་ཀྱི་སྩོལ་བས་དུར་ཁྲོད་ཀྱི་ས་གཞི་ལ་བྲིས་ཏེ། བཀུག་ནས་དེའི་མིང་པ་བཅབ་རྣམ་པར་བསྒོམས་ལ། དེ་ཡང ་མཚོན་ཆ་ལྟ་བུར་བསམས་ཏེ། མགུལ་པར་རི་མོ་བྲིས་ན། དེས་མགོ་འཆད་པར་འགྱུར་རོ།། ཐོ་བ་ལ་ཡང་སྔ་མ་བཞིན་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དེའི་ངོ་བོ་ཉིད་དུ་ལག་པར་བསམས་ལ། མདུན་དུ་ལྷག་པར་མོས་པའི ་བསྒྲུབ་པར་བྱ་བའི་ལུས་ལ་བསྣུན་ན་ངེས་པར་བཅོམ་པར་འགྱུར་རོ།། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོའི་རྣལ་འབྱོར་པས་རང་གི་ལག་པར་འོད་ཟེར་གྱི་ཚོགས་འཕྲོ་བའི་རྡོ་རྗེ་ཧཱུཾ་ལས་བྱུང་བ། ཧཱུཾ་དང་བཅས་པ་རྩེ་མོ་ལྔ་པ་རྡོ་རྗེ་འབར ་བབསྒོམས་ལོ།། དེ་བཞིན་དུ་བསྒྲིབ་པར་བྱ་བའི་ལུས་ལྔ་དབབ་པར་བྱའོ།། དེ་ནས་གདུག་པ་རྣམས་འཇིག་པར་འགྱུར་རོ།། རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་སྦྱོར་བས་མངོན་པར་བཟླས་པའི་རྡོ་རྒྱུ་སུ་ལྕེ་སོགས་པ ་བསྒྲུབ་པར་བྱ་བའི་གཟུགས་བྲིས་ལ། ཧཱུ~ཾ་ལས་བྱུང་བའི་སྟ་རེ་བསམས་ལ་ནས། ངེས་མེད་པ་བཅད་པར་འགྱུར་རོ།། ཆར་ཆེས་པ་བཅད་པར་གསུངས་པ་ནི་ལས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཁ་དོག་སེར་པོའི་རྡོ་རྗེ་འཛིན་པའི ་སྦྱོར་བས་ཆར་དབབ་པའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སེར་པོ་འབར་བ་མངོན་པར་འདོད་པའི་ཕྱོགས་ཁེབས་ནས་གནས་པར་བསམས་ནས། དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་བསྐལ་པའི་མེ་ལྟ་བུ་མགྲོ་སྟེང་དུ་བལྟས ་པ་རྣམ་པར་བསམས་ནས། དེའི་ལྟེ་བནྡེ་དེ་ཉིད་ཀྱི་སྦྱོར་བ་འདུག་སྟེ། རང་ཉིད་ཀྱི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་སེར་པོ་རྣམས་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པར་བསམས་ན། དེ་ལྟ་བུས་ནི་མངོན་པར་འདོད་པའི་གནས་ལས ་ཕྱི་རོལ་ཏུ་འབབ་པར་འགྱུར་རོ།། གལ་ཏེ་ཐམས་ཅད་དུ་བཟློག་པར་འདོད་ན། འདི་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པར་རྣམ་པར་བསམས་ལ། འོད་ཟེར་འབར་བའི་ཚོགས་ཀྱི་ཀླུ་ཐམས་ཅད་ཡོངས་སུ་བསྐུམས་པར་བསམས་པར ་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ།། རྩེ་གཅིག་པ་ཉམས་སུ་མྱོང་བ་དང་བཅས་བཅས་པར་བསྒོམ་པར་མི་ནུས་པ་དག་ལ། བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔར་བཤད་པའི་བྲི་བུའི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་པདྨ་འདབ ་མ་བརྒྱད་པོ་ཀླུ་བརྒྱད་རང་གི་ས་བོན་གྱིས་དེའི་ལྟེ་བ་ལ་ཡི་གེ་ཕཊ་གཉིས་དང་སྤེལ་བའི་ལྷ་བྲིས་ལ། བཀུག་སྟེ་རས་གཉིས་པ་ལ་འབར་བ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་སེར་པོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་བསྒྲེང་པ། ཡི་གཱི་ཧཱུཾ་གིས ་བྱིན་གྱིས་བརླབས་པ་བྲིས་ལ། དང་པོའི་རས་བཀན་སྟེ། བཏིང་བའི་སྟེང་དུ། དེ་ཁ་སྦུབ་སྟེ། ཁ་སྦྱར་དུ་བྱས་ནས། རྡོ་ལེབ་ཀྱིས་མནན་ལ་བཞག་པར་བྱ་སྟེ། དེ་ནས་ཆར་འཆད་པར་འགྱུ་རོ།། ཉེ་བར་འཆེ་བ་ཐམས་ཅད་ཞི་བར་བྱ ་པའི་ཕྱིར། བགེགས་མཐར་བྱེད་ཀྱི་སྦྱོར་བ་གསུངས་པ་ནི་དཀྱིལ་འཁོར་དག་ནི་ཞེས་བྱ་བ་ལ་སོགས་པ་སྟེ། མཆེ་བའི་ཕྱག་རྒྱ་ནི་བགེགས་མཐར་བྱེད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་ནས་དགུག ་པའི་དགྲ་སྟེ། དེའི་སྔགས་སྔར་གསུངས་པ་ལས། མ་ཧཱ་གོ་ཎ་པཱ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཞེས་བྱ་བ་བོར་ལ། བསྒྲུབ་པར་བྱ་བའི་མིང་གཞུག་པ་དང་སྤེལ་ཏེ་སྔ་མ་བཞིན་དུ་རྗེས་སུ་དྲན་པར་བྱ་ཞིང་བསྒོམ་པར་བྱའོ།། དེས་ན ་རླུང་ལ་སོགས་པ་བཟློག་པར་འགྱུར་རོ།། ཕན་ཡོན་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ།། སྔགས་དེ་ཉིད་དམ་གཞན་དག་ལ་སྭཱ་ཧཱ་ཞེས་བྱ་བ་བོར་ལ་ལས་དང་རྗེས་སུ་མཐུན་པར་ཕཊ་ཅེས་བྱ་བ་གཞུག་པར ་བྱའོ་ཞེས་གསུངས་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ།། མངོན་པར་རྟོགས་པ་དང་ཉེ་བར་འཚམ་པའི་དོན་གསུངས་པ་ནི་ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་སེམས་དཔའ་ནི ་སྲིད་པ་བར་མ་དོའི་སེམས་སྔོན་དུ་འགྲོ་བའི་ཟླ་བ་ཞུ་བ་སྟེ། དེའི་མཐུས་དཀྱིལ་འཁོར་གྱི་དབུས་སུ་མངོན་པར་འདོད་པའི་ལྷའི་གཟུགས་གནས་བཞིར་གཞག་པའི་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀླུས་སྐྱོང་པའི་ཚེ ་ག་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་དེ་ལྟའི་གླུའི་ངོ་བོ་རུ་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། པདྨ་དང་རྡོ་རྗེ་ངག་གི་རྣམ་པར་དག་པ་གསུངས་པ་ནི་པདྨ་ཞེས་བྱ་བ་ལ་སོགས་པ་སྟེ། ་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་འམ་རང་གིས་རིགས་གང་ཡང་རུང་བ་ལ་པདྨར་རྡོ་རྗེ་ཞུགས་པས་རབ་ཏུ་རྒྱས་པར་བྱས་ལ། བསྐྱོད་པའི་ལས་ལ་གནས་པ་དེ་ནི་པདྨའོ།། རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཇི་སྐད་དུ་བཤད ་པའི་འོད་དང་ལྡན་པའི་ཧཱུཾ་ལས་བསྐྱེད་དེ། རབ་ཏུ་བསྒོམ་པར་བྱའོ།། དེ་སྐད་དུ་ཧཱུཾ་གིས་པདྨ་འདབ་བརྒྱད་རྣམ་པར་སྤྲུལ་ཅེས་བྱ་བ་དང་། ཧཱུཾ་གིས་རྡོ་རྗེ་ལས་བྱུང་དྲི་མེད་པའི་ཞེས་བྱ་བ་སྨོས་པ་ཡིན་ནོ།། དེ་ནས་སྐུ་ལཱ་སོགས་པའི ་ངོ་བོ་གྲུ་གསུམེ་དང་ལྡན་པའི་ཆོས་འབྱུང་བར་ཟླ་བ་ཞུ་བའི་གཟུགས་སུ་ཆོ་ག་བཞིན་ཕབ་ན། ཇི་སྐད་དུ་བཤད་པའི་ཕན་ཡོན་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ནི་རང་ལུས་ཞེས་བྱ་བ་ལ་སོགས་པའོ།། འདི་ཉིད་དུ་གསུང ་བའི་དབང་བསྐུར་བའི་ངོམ་ཚིག་གསུངས་པ་ནི་བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་ཞེས་བྱ་བ་ནི་བསྐྱེད་པ་ལ་སོགས་པའི་རིམ་གྱིས་སྦྱངས་པའི་རང་གི་རིགས་ཀྱི་བུ་མོ་མཚན་ཉིད་དང་ལྡན་པ་རྙེད་ན། ཤིན ་ཏུ་དབེན་པར་ཇི་སྐད་དུ་བཤད་པའི་མཆོད་པའི་ཆོ་ག་བྱས་ལ། དེ་ལས་བྱུང་བའི་གསང་བ་ཟླ་བ་ཞུ་བ་ཞེས་བྱ་བ་འབར་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་བཟའ་བར་བྱའོ།། དེ་ནས་ཇི་སྐད་དུ་བཤད་བྱའི་པཱན་ཡོན་ཐོ ་པར་འགྱུ་རོ།། མི་སྣང་བའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ་ནི་བཤང་བ་འམ་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་རིགས་ཀྱི་བུ་མོ་དང་སྙོམས་པར་ཞུགས་པའི་འཁོར་ལོ་ཙན་ཏེ། མི་སྣང་བའི་དངོས་གྲུབ་འཐོབ་པའི་ཕྱིར། མ ་མ་ཐོབ་པསྡུ་བ་ཤུང་བ་སོགས་པ་འམ། བཟའ་བྱ་སྟེ། འབྲས་ཅན་ལ་སོགས་པའི་བཟའ་བ་རྣམས་ཁུམ་བྱོར་ཁ་སྦྱར་གྱི་ནང་དུ་བཅུག་ལ་ཡི་གེ་གསུམ་མམ། རང་གི་སྔགས་ཀྱིས་བནྡྷ་རྩཝ་བརྒྱད ་མངོན་པར་བཟླས་ལ་འབྱུར་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཟོས་ནཱ། སངས་རྒྱས་ཉི་མ་དག་གིས་ཀྱང་མཐོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི་ནི་འབར་བྱའི་ཨཱཾ་གྱིས་བྱིན་བརླབས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ་སྔར་བཤད་པའི་རིལ་བུའི་དངོས་གྲུབ་ཀྱི་སྦྱོར་བ་ལ། ཅི་འདོད་པའི་རིལ་བུ་དཀྲི་བའི་རྗེས་གཞུག་པ་གསུངས་པ་ནི་བ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། ལྷའི་ཁྱད་པར་གང་ཡང ་རུང་བའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པའི་སྔོན་དུ་བསྙེན་པ་བྱས་ནས་མཚན་མ་ཐོབ་པ་དང་། བཤང་བ་ལ་སྩོགས་པའི་རྗེས་ཐམས་ཅད་ཀྱིས་མ། ཇི་སྙེད་པོ་དང་ལྡན་པའི་ལྕགས ་གསུམ་གྱིས་རིལ་བུ་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱའོ།། དེ་ནས་ཇི་སྐད་དུ་གསུངས་པའི་ཕན་ཡོན་འཐོབ་པར་འགྱུར་རོ།། ད་ནི་དབང་བསྐུར་བའི་ངེས་པའི་དོན་གསུངས་པ་ནི་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ལི ་སོགས་པ་སྟེ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ།། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེ་གཉིས་ཀྱི་སྦྱོར་བས་མཉེས་པར་འགྱུར་བ་ནི་དགའ་བར་འགྱུར་བ་སྟེ། དབང་བསྐུར་བ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་རྡོ་རྗེ་ཅན་ཞེས་བྱ ་བ་ནི་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་ནི་གོ་རིམ་ཇི་ལྟ་བ་བཞིན་སྦྱར་ཏེ། ཇི་སྐད་དུ་འབྲས་བུས་རྒྱུ་ནི་རྒྱས་བཏབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། སངས་རྒྱས་བྱང་ཆུབ་རབ་དབྱེ་བས་ཞེས་བྱ་བ་ནི་མི ་བསྐྱོད་པས་སོ།། རྡོ་རྗེ་ཅན་ཞེས་བྱ་བ་ནི་སངས་རྒྱས་བཞི་པོ་རྣམས་མཉེས་པའོ།། རྡོ་རྗེ་ཅན་ལ་སོགས་པ་བཅུའི་དབུ་རྒྱན་ལ་ནི་གཙུག་ཏོར་ཏེ། རང་རང་གི་རིགས་ཀྱི་བདག་པོ་རྣམས་བཞག་པར་བྱའོ།། ཁྲོ་བོ་བཅུ་པོ་རྣམས ་ལ་རང་རང་གི་བདག་པོ་དེ་ཉིད་བཞག་པར་བྱའོ།། རིག་པའི་རྒྱལ་པོ་ཆོས་མཆོག་རྣམས་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་རྣམས་ལ་དཀོན་མཆོག་དབུལ་གྱིས་དབང་བསྐུར་བར་བྱའོ།། རིག་པའི་རྒྱལ་མོ་ནི་རིག་འཛིན་མ་སྟེ། ་དེ་རྣམས་ལ་ཆེ་དཔག་ཏུ་མེད་པ་རབ་ཏུ་བསྒོམས་པར་བྱའོ།། ལས་ཐམས་ཅད་བྱེད་པ་ནི་ཙྭི་བགྱི་སྟེ། དེ་རྣམས་ལ་གདོན་མི་ཟ་བར་གྲུབ་པ་བསྒོམ་པར་བྱའོ།། སྔགས་རྣམས་ནི་ལྷ་ཆེན་པོ་དང་། ཁྱབ་འཇུག་ལ་སོགས ་པ་སྟེ། དེ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་འཛིན་པ་བསྒོམ་པར་བྱའོ།། གནོད་སྦྱིན་མྱ་རྣམས་ལ་ནི་གཱཤིན་རྗེ་གཤེད་ལ་ཀྱིས་དབང་བསྐུར་བྱར་བྱའོ།། རྒྱུད་གཞོན་དག་ལེས?་གསུངས་པའི་གང་དེ་བཞིན་གཤེགས་པའི་ཅོད ་པན་ཉིད་སྤྲུལ་བར་བྱ་བའི་ཕྱིར་གསུངས་པ་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་རྣལ་འབྱོར་པ་ཐམས་ཅད་ལ་དཀྱིལ་འཁོར་གྱི་ལྷ་སྤྱི་བོར་བསྒོམ་པར་བྱའི། ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ།། དཀྱིལ་འཁོར་དུ ་ཞུགས་པའི་སློབ་མ་ལ་དབབ་པར་བྱ་བྱའི་ཕྱིར་དང་། སྤྱིར་སྦྱོར་བ་ཤེས་པར་བྱ་བའི་བྱིཪྻ། སྦྱོར་བ་སྤྱད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་དང་བཟླས་པའི་སྦྱོར་བ་ཡིས་ཞེས ་བྱ་བ་ནི་འོག་ནས་བཤད་པའི་ཧཱུ~ཾ་ལ་སོགས་པ་དང་། བསྐུལ་བའི་སྦྱོར་བས་སོ།། དེ་ལྟར་གྱུར་པའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་དོང་བསམ་གཏན་གྱིས་བསྐུར་བས་ལས་སྣ་ཚོགས་བྱེད་དོ་ཞེས ་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་ཀུན་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ཆོས་བཀྱི་བཟུངས་ཆེན་པོ་ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་མོས་པས་ཨཿལས་བྱུང་བའི་འོད་དཔག་ཏུ་མེད་པར་སྣོངད་བསམས་ལ། གནས ་གསུམ་དུ་ཡི་གི་ལི་ལས་བྱུང་བའི་དབང་ཆེན་དང་། རྒྱུ་དོང་རླུང་གི་དཀྱིལ་འཁོར་ལཱ་ཧཱུཾ་ཧཱ་ཨ་ཞེས་བྱ་བར་རིགས་རྣམས་ཀྱི་རྟག་པ་དེ་རྣམས་ཀྱིས་སློབ་མའི་སེམས་དང་དྲག་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། ཞེས་བྱ་བའི ་དོན་ཏོ།། དེ་ལྟར་བྱས་ནས་དེའི་རྐང་པའི་འོག་ཏུ་མེའི་དཀྱིལ་འཁོར་ལ་གནས་པའི་ཛྷཻཿཞེས་བྱ་བོ་ཉེ་བར་གྱུར་པར་བསམས་ལ། ཡི་གེ་ཛྷཻཿལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཀྱིས་རྐང་པ་ནས་རྐན་གྱི་བུ་གོའི་བར་ཞུགས ་ཤིང་རབ་ཏུ་འབར་བར་གྱུར་པར་བསམ་པར་བྱས་ནས། དེ་ནས་རིགས་གསུམ་གྱི་ཡི་གེའི་བདག་ཉིད་ཅན་དང་བསྐུལ་བར་བྱ་སྟེ། ཨཱ་བེ་ཤ་ཡཾ་སྟཾ་བྷ་ཡ་ར་ར་ར་ར་ཞེས་བྱ་བ་ལ་སོགས་པའི་སྔགས་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་དང་བཅས ་པས་བརྗོད་པར་བྱའོ།། དབབ་པའི་ཆོ་ག་འདི་རྒྱུན་དུ་བྱཱ་སྟེ། དེ་ནས་བཅོམ་ལྡན་འདས་དེར་འབབ་པར་མཛད་དོ།། དེ་ནས་བབས་པའི་རང་གི་ལྕེ་ལ་ཡི་གེ་ཨཱཏྨདམར་པོ་རྣམ་པར་འཕྲོ་བ་བསམས་ལ། བྷུ་ཧཱི་བཛྲཱ་ཞེས་བརྗོད་པར་བྱའོ།། ་དེ་ནས་དེ་དགེ་བ་དང་མི་དགེ་བ་རྣམས་སྟོན་པར་འགྱུརརོ།། དེ་ནས་དབབ་པ་དེ་བརྟན་པོར་བྱས་ལ་ཏིཥྛ་བཛྲ་ཞེས་བྱ་བ་དེ་ལ་བརྗོད་དོ།། དེ་ནས་མེ་ཏོག་འཁོར་ལོར་དོར་བར་བྱའོ།། འདི་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས་དེ་ནས་སློབ ་མ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཤིག་ཅེས་བྱ་བ་ཡིན་པར་བལྟ་བར་བྱའོ།། བསྐུལ་དང་ཞེས་བྱ་བ་ལ་སོགས་པ་ལ། སྙིང་ཁ་དང་། ལྐོག་མ་དང་། སྤྱི་བོར་དཔུང ་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པོའི་ཡི་གེ་གསུམ་པོ་ནི་ལྷ་ཆེན་པོ་སྟེ། འཕགས་པའི་ངོ་བོ་བསྐུལ་བ་སོགས་པ་བྱ་བའི་ཕྱིར། མེའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཛྫཿནི་འཕགས་པའི་ས་བཞི་པོའོ།། རྡོརྗེ ་གྲུབ་པ་ཞེས་བྱ་བ་ནི་བརྟན་པའི་སེམས་ཀྱིས་སོ།། རྟུག་པ་ཞེས་བྱ་བ་ནི་བདེ་ཆེན་པོའོ།། དཱ་ནི་ཅུང་ཟད་ཡེ་ཤེས་བབས་པས་བུ་མོ་དང་ཁྱེའུ་ལོ་བཅུ་གཉིས་པ་དཀྱིལ་འཁོར་གྱི་ཁང་པར་བཅུག་ནས། ཆོ་ག་བཞིན་དུ་དབབ ་པར་བྱ་སྟེ། སྒོ་བཅང་ནས་དེ་གཉིས་དང་དཀྱིལ་འཁོར་བྲི་བར་བྱའོ་ཞེས་གསུངས་པ་ནི་བུ་མོ་ལ་གྲངས་བཅུ་གཉིས་མ་འམ། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚོགས་ཞེས་བྱ་བ་ནི་སྲད་བུ་བྲི་བ་དང་། ཚོན་དགྱེ་བ་ལ་སོགས ་པའོ།། སྔར་བཤད་པའི་སྔགས་ཀྱི་ཡི་གེ་བསྟན་པའི་ཕྱིར། དེ་ལ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ས་བོན་རྣམས་ལྷའི་བདག་ཉིད་ཅན་དུ་གསུངས་པ་ནི་ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བདག ་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སློབ་མ་གཞུག་པ་ལ་སོགས་པ་ནི་འདིར་ཡང་ལས་དང་པོ་པའི་རྣལ་འབྱོར་པ་བཞིན་དུ་བྱའོ་ཞེས་གསུངས་པ་ནི་སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ད་ནི་བདུད་རྩི ་ཐབ་སྦྱོར་གྱི་རྟོག་པས་གདུག་པ་རྣམས་ཚར་བཅད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་ཡང་བྱ་བའི་ཆོ་ག་ནི་སྔར་བཤད་པ་ཉིད་ཡིན་པ་ལས་དེ་ལ་ཡང་ཁ་བསྐང་བར་བྱ་བའི་ཕྱིར་འདི་ཉེ་བར་བཀོད་པ ་ཡིན་ཏེ། འདི་རྣམས་དང་ལྷན་ཅིག་པ་ཉིད་ཀྱིས་ཅི་རིགས་པར་དེར་སྦྱོར་བ་རེ་རེ་དང་རིམས་བཞིན་བྱའོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་གྲུ་གསུམ་ཞེས་བྱ་བ་ནི་བདུད་རྩི་ཐབ་སྦྱོར་གྱི་རྣལ་འབྱོར་པས་ཆོ་ག་ཇི་ལྟ་བ་བཞིན་དུ་མེའི ་ཐབ་བྱས་ལ། རྫས་འདི་རྣམས་ཀྱིས་བསྐུས་ནས་དེར་མེའི་ལྷ་བསམས་ཏེ། དེའི་ཞལ་དུ་ཇི་སྐད་དུ་བཤད་པའི་རྫས་ལས་བྱས་པའི་གཟུགས་བརྙན་ལ། མི་ཐབ་དེའི་དབུས་སུ་བསྒོམ་པའི་བདུད་རྩི་ཐབ་སྦྱོར་གཉིས་པའི་ཞལ ་དུ་མིང་སྤེལ་བ་དང་བཅས་པར་ཡང་དང་ཡང་དུ་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ་ཞེས་དེ་ལྟར་སྦྱར་བར་བྱའོ།། ཁྲོས་ནས་བསྲེག་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཐབ་དང་འདྲ་བར་སྦྱིན་སྲེག་བྱ་བའོ།། ཆུ་བོ་འབབ་པའི་འགྲམ ་གཉིས་ས་ཞེས་བྱ་བ་ནི་ཆུ་བོའི་འགྲམ་གཉི་གའི་ངོགས་ཀྱི་ས་ལ་སོགས་པ་ལྔ་གཟུགས་བརྙན་བྱས་ལ། མགོ་བྱང་ཕྱོགས་སུ་བསྟན་ཏེ། གན་རྒྱལ་དུ་བཞག་ལ། སྦྲུལ་དང་སྡིག་པ་ལ་སོགས་པའི་ཆར་མའི་དུག་གིས་སྦྱིན་པ ་རྣམས་ཀྱིས་བར་མཚམས་མེད་པར་དབུག་པར་བྱ་ཞིང་བསྒྲུབ་པར་བྱ་བའི་མིང་དང་བསྐུལ་བའི་ཚིག་དང་བཅས་པོའི་སྔགས་གསང་བསྟོད་པ་དང་བཅས་པར་བརྗོད་ཅིང་། ཏིལ་གྱི་འབྲས་བུ་ཙམ་དུ་དགང་བར་བྱའོ།། སྐེ་ཆེ ་ལ་སོགས་པ་ཐམས་ཅད་དུ་གཟུགས་བརྙན་ལ་སོགས་པ་ལ་གཞུག་པར་བྱའོ།། ལྀ་གེ་ཞེས་བྱ་བ་ནི་རུས་པའི་ཕྱེ་མ་ལ་སོགས་པ་ལ་བྱས་ནས་སྔ་མ་བཞིན་དུ་རྐང་པས་མནན་ལྔ། ཆེ་གེ་མོ་རཱཀྵ་སེ་གྲ་ཧ་ཡ་ཞེས་བྱ་བའི ་བསྐུལ་ཚིག་དང་བཅས་བཨཱརྱཱ་སྔགས་བཟླས་པར་བྱའོ།། ཚ་བ་ཆེན་པོས་བཏབ་པར་འགྱུར་བ་ཞེས་བྱ་བ་ནི་བསྐོལ་བའི་དབང་གིས་སོ།། འདིར་ལས་ཀྱི་ཚོགས་ཀྱི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཤད་པ་གསུངས ་པ་ནོ་དེ་ལཱ་ཞེས་བྱ་བ་ལ་སོགས་པའོ།། སྦྱིན་སྲེག་ཡང་ན་བསམ་གཏན་དག་ཅེས་བྱ་བ་ནི་བཤང་མོ་ཐག་པ་དང་འོག་ནས་འཆུད་པའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གདུག་པ་རྣམ་པར་འཇིག་པར་མཛད་པ། ཁྱོ ་བསྐྱེད་པའི་རྒྱུར་གྱུར་པ་བསམས་ལ། གདུག་པ་འཇིག་པར་བྱེད་པའི་བསམ་གཏན་ཆོ་ག་བཞིན་དུ་རྟག་པར་བྱའོ།། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ནི་བདག་གིས་བམ་བཤད་དོ།། ་སྲིན་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་རྣམས་ཀྱིས་གདུག་པ་ལ་རྣམ་པར་གཅེས་པར་ཆོ་ག་བཞིན་དུ་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་དག་ཀྱང་སྔ་མའི་སྦྲུལ་ལ་སོགས་པའི་སྦྱོར་བ་ལ་སྦྱར་བར ་བྱའོ།། དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པས་གལ་ཏེ་བསྒྲུབ་པར་བྱ་བ་སྔགས་ཀྱི་ལྷ་མེ་ལ་སོགས་པས་བསྲུང་བ་མཛད་པ་དག་ཀྱང་སྲིད་པས་དེའི་ཕུར་བུ་གདབ་པར་བྱའོ་ཞེས་གསུངས་པ་ནི་བསྲུངསྔོ་པ་ལ་སོགས ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྲུང་བར་བྱེད་པའི་ལྷ་ལ་སོགས་པ་བཀུག་ལེ། ཁ་སྦྱར་དབྱེ་བ་བྱ་སྟེ། སྔ་མ་བཞིན་དུ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་ཆོ་ག་བཞིན་དུ་ཨོཾ་གྷཿགྷོཿགྷུཿཞེས་བྱ་བ་ལ་སོགས་པའི་སྔགས་བཟླས ་ཞིང་ཕུར་བུས་གདབ་པར་བྱའོ།། འདི་ནི་ཞེས་བྱ་བ་ནི་བསྲུང་བ་ལ་སོགས་པའི་ཁ་སྦྱར་དབྱེ་བོ་མཱཾ་པཱ་ནཽ་དམ་ཚིག་ཤིན་ཏུ་འདའ་བྱོར་དཀའ་བོའོ།། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཱཤད་དོ།། བསམ་གཏན་ཉིད ་ནུས་པ་གསུངས་པ་ནི་སྟོན་པ་སངས་རྒྱས་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པོ་ཡིན་ཏེ། གཉིས་སུ་མེད་པའི་ཕྱིན་ཅི་མ་ལོག་པ་དངོས་པོའི་སྟོབས་ཀྱིས་གནས་པ་ནི་གང་ལ་ཇི་ལྟར་མོས་པ་དེ་བཞིན་དུ་འབྱུང་བར་འགྱུར་རོ ་ཞེས་བྱ་བར་དགོངས་སོ།། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་དག་པོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། མ་སྐྱེས་པའི་ཞེས་བྱ་བ་ནི་རྟོག་པའི་བདག་ཉིད་བསད་པ་ལ་སོགས་པའི ་ཚུལ་གྱིས་ནི། ངོ་བོ་ཉིད་ལས་གཉིས་སུ་མེད་པའི་ཚུལ་དུ་བྱུང་བར་བསྟན་ཏོ་ཞེས་བྱ་བ་སྟེ། མདོར་བསྟན་པའོ།། ད་ནི་སྔར་བཤད་པའི་སྦྲུལ་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་ཕྱོགསུ་གཏོགས་པའི་ལས་ཕྲན་ཚེགས་རབ་ཏུ ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ་ཁྲོ་བ་ལ་སོགས་པའི་བྱ་བ་གཙོ་བོ་ཡིན་པས་ལས་ཕྲན་ཚིགས་ཀྱི་རྡོ་རྗེ་གསང་པོ་སྟེ། ཁཾ་ཞེས་བྱ་བས་རྡོ་རྒྱུས་ལ་སོགས་པ་དང་། རོ་བསྲེགས ་པའོ་སོལ་པོ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་ཙམ་གྱིས་མི་སྡུག་པ་ལ་སོགས་པའི་གཟུགས་ཅན་གྱིས་སྦྲུལ་བྲིས་ལ། དེའི་ཁར་ཁཾ་ཞེས་བྱ་བ་མེའི་མདོག་དང་ལྡན་པ་དུག་གི་བདག་ཉིད་ཅན་བསྲེགས་པ་རང་གི་སྦྱོར་བ་ལ ་གནས་ནས་བསྒོམ་པར་བྱའོ།། དེས་ནི་སྦྲུལ་དེ་གནས་ལས་བསྐྱོད་པར་འགྱུར་རོ།། ཧྲི་ཞེས་བྱ་བ་ཡང་དེའི་ཁར་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱི་ཁམས་གསུམ་ནུ་གནས་པའི་དྲགྷྲྀ་རྣམས ་བཀུག་ལ། སྦྲུལ་གྱི་ཁར་གཞུག་པར་བྱའོ།། དེ་ནས་ཡི་གེ་ཁཾ་གྱིས་སྦྲུལ་དེ་བསྐུལ་ལ། གང་བཟུང་བར་བྱ་བ་དེ་ཉིད་བཟུང་བར་བསམས་ན་འཇིགས་པར་འགྱུར་རོ།། སྡིག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་འབྱུང ་བའི་མཚན་ཉིད་ཀྱི་ཞེས་བྱ་བ་ནི་སྔ་མོ་བཞིན་དུ་ལས་ཐམས་ཅད་ཁཾ་ལ་སོགས་པ་བྱས་ལ། ངོ་ཉིད་ཀྱིས་ཀྱང་འཛིན་དུ་བཅུག་ན་གདུག་པ་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ ་ལ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་དང་ལྡན་པའི་འཁོར་ལོ་ཆི་བྲིས་བརྐང་པ་དཀར་པོ་ལ། ལྟེ་བར་ཡི་གེ་ཨོཾ་འོད་ཟེར་གྱི་ཚོགས་ཀྱིས་ཁྱུཟླ་བར ་བསམས་ལ། དེས་དུག་ཉིད་ནག་པོར་བྱུང་བར་དྲངས་ཏེ། གཽནས་གཞན་དུ་བརྩལ་ནས། དུག་སྤངས་ཏེ། དཀར་པོ་འཇུག་པས་ཁྱབ་ཅིང་ན་མཁའ་ལ་སོགས་པ་དུག་སྤྲོ་བར་བྱའོ།། དུག་གསོ་གསུངས་པ་ནི་དེ་ལྟ་འདི་ནཱ~ཾ་ཞེས ་བ་ལ་སྩོགས་པ་གསུངས་པ་ཡིན་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་ཁོར་ལོའི་དབུས་སུ་གནས་པའི་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་བསྒྲུབ་པར་བྱ་བའི་སྙིང་ཁར་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ལས་སྐྱེས་པའི་འོད ་དཀར་པོའི་སྤྲིན་གྱི་ཚོགས་བསིལ་བའི་དེའི་ལུས་ཁྱབ་པར་བྱསྩལ། དེ་ཉིད་ཀྱི་སྙིང་ཁ་དང་། ལྐོག་མ་དང་། དཔྲལ་བ་དང་། མྱུགེའི་གནས་སུ་དྲུག་ལྗང་དགེ་པར་བསྡུས་པར་གྱུ་རུ་པིར་ལན་གུཉིས་ལན་གསུམ་གྱི་བར་དུ ་བསམས་ལ། ཡང་ཐམས་ཅད་སྙིང་ཁར་བསྡུས་ཏེ་སྐྱུགས་བུའི་ཚུལ་དུ་ཁ་དོག་ནག་པོར་བྱུང་བར་བསམ་མོ།། འབྲས་ལ་སོགས་པ་དུག་དང་ཉེ་བའི་དྲུག་གཞིག་པར་བྱ་བའི་ཕྱིར་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུང ་པ་སྟེ། གང་གཞན་ཞེས་བྱ་བ་ནི་གཡོན་པ་དང་། ཤ་བ~ཾ་ཀྲ་ལ་སོགས་པའོ།། བསམ་པ་ཙམ་གྱིས་ཞེས་བྱ་བ་ནི་བཤད་མ་ཐག་པ་བཞིན་དུ་འོང་དཔག་ཏུ་མེད་པའི་རྣལ་འབྱོར་བྱ་བ་སྟེ། ལག་པ་གཡས་པར་ཡི་གེ་ཨཿལས་བྷྱ ་བའི་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་ཡང་ཡི་གྷེ་ཨཿའོད་ཟེར་ལྔས་རྒྱས་པར་བསམས་ལ། དེས་བྱ་བ་པར་བྱའོ།། སྱཱདཱ་པཱ་ནི་དམ་ཚིག་གཱནག་ཅེས་བྱ་བ་ལ་སྩོགས་པ་ལྔ་ཨཿལཱས་བྱུང་བའི་འོད་ཟེར་རྣམས་ཀྱིས ་བསྡུད་པ་ན་དུག་དང་བཅས་པ་ཡིན་པའི་ཕྱིར་ནག་པོ་ཡིན་ལ་སྤྲོས་པ་ནྱ་ཡང་འདིར་གཞན་དག་དུ་དུག་གསལ་བ་ཡིན་པའི་ཕྱིར། དཀར་པོའི་མདོག་དུ་གྱུར་པ་ཡིན་ནོ།། འདི་དག་འདིའི་སྔ་མ་རྣམས་ལ་ཡང་ཤེས་པར ་བྱའོ།། གདོན་པའི་སྔགས་ཀྱིས་ཀྱང་ནད་ལྀ་སོགས་པ་བྱས་ལ་བུར་བྱའོ་ཞེས་གསུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏོ། གལ་ཏེ་འདི་ལྟ་བུའི་སྔགས་ཀྱི་ཡི་གེའི་ཚིག་ནི་མོས་པའི་དབང་དུ་གསུངས་པ་ཡིན་ཏེ། ་དེའི་རྣལ་འབྱོར་ཉིད་ཀྱིས་ལས་བྱའོ་ཞེས་བྱ་བའི་དོན་ཏོ།། ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་ཨོཾ་ཨཿཛཱི་ན་ཛི་ཀ་ནད་ཆེ་གེ་མོ་ཨ་བ་ན་ཡ་ཧཱུཾ་ཞེས་བྱ་བ་ལ་སོགས ་བའི་རྣམ་པར་བྱ་བ་སྟེ། དེ་ལ་སོགས་པའི་རྣམ་པ་ཇི་ལྟ་ཇི་ལྟ་བ་དེ་བཞིན་སྦྱར་བར་བྱའོ།། ནད་ཡང་སྤྲེའུ་ལ་སོགས་པ་དང་འདྲ་བར་བསྒྲུབ་པར་བྱ་བཱི་ལུས་ལ་སོགས་པ་ལས་བྱུང་བར་བསམས་ལ། རང་གི་ལག་པ ་ན་འདུག་པའི་འཁོར་ལོ་ལ་སོགས་པས་སྤྲེའུ་ལ་སོགས་པ་དེ་རྣམས་ཀྱི་ལུས་ལ་སོགས་པ་ཕྱེ་མར་བརླག་པར་རྡོ་ག་འཕང་རང་གི་རྣལ་འ་བྱོར་ལ་གནས་པའི་རྣལ་འབྱོར་པས་བསྒོམ་པར་བྱའོ།། རང་གི་ལུས་ཞེས་བྱ་བ་ལ ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པཱ་སྐུ། སྐུ་མདོག་ནག་པོར་ཆོ་ག་བཞིན་དུ་བསྒོམས་ལ། དེ་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུ་ཁྱབ་པར་བྱས་ལ། སྤྲེའུ་ལ་སོགས་པའི་ནང་དེ་རྣམས ་ཀྱི་ལུས་རང་གི་རྣལ་འབྱོར་ལག་ན་གནས་པའི་ཕྱག་མཚན་གྱིས་ཕྱེ་མར་བརླག་པར་བྱ་ཞིང་སྔགས་བརྒྱ་རྩ་བརྒྱད་ཐུན་མཚམས་བཞིར་བཟླས་བརྗོད་བྱའོ།། དེ་ནས་ཡང་བདག་ཉིད་ཁོ་དོག་དགར་པོར་བསྒོམས་ལ། སྤྲོ་བ་ལ་སོགས ་བུ་བྱེད་བཞིན་དུ་སྔ་མ་བཞིན་དུ་ནད་པ་ལ་དབང་བསྐུར་བ་ལ་སོགས་པ་བཞིན་དུ་བྱ་ཞིང་ཞི་བ་བྱའོ།། དེ་ནས་ངེས་པུར་ལས་ལུས་བྱུང་བའི་ནད་ཀྱང་ཉིན་ཞག་བདུན་གྱིས་མེད་པར་འགྱུར་རོ།། ཡང་ན་བདག་གི་སྔགས་རྒྱལ ་གྱིས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྦྱོར་བས་ཀྱང་ཅི་རིགས་པར་ནད་རྣམས་བསལ་བར་བྱའོ།། ད་ནི་རྨི་ལམ་གྱི་མཚན་མ་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཏེ། འདི་ནི་རྨི་ལམ་ཆེན ་པོའི་དམ་ཚིག་ཅེས་བྱ་བ་ལ་སོགསྡེ་པཱ་གང་མངོན་པར་འདོད་པའི་འབྲས་བུ་འཐོབ་པའི་ལྟས་སོ།། རྨི་ལམ་གྱི་མཚན་མ་བསྟན་ནས་མཚན་མ་དེ་ལ་མངོན་པར་ཞེན་པ་བཙལ་བར་བྱ་བའི་ཕྱིར་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ ་ལ་སོགས་པ་ཡིན་ཏེ། དམ་ཚིག་གི་སྙིང་པོ་ཞེས་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པའི་ངེས་པའི་ཡེ་ཤེས་སོ།། སེམ་ལ་དམིགས་པ་ནི་སེམས་ལ་ངེས་པར་བརྟགས་པ་སྟེ། ཁམས་གསུམ་པ་འདི་དག་ནི་རྣམ་པར་ཤེས་པ་འདི ་ཉིད་དོ་ཞེས་བྱ་བའོ།། རྣམ་པ་དེ་ལྟ་བུ་ཡིན་པས་ན་སེམས་ནི་ཆོས་ཐམས་ཅད་དེ་རྨི་ལམ་དུ་དམིགས་པའི་སངས་རྒྱས་ཐོབ་པ་ལྟ་བུ་སྟེ། ཁམས་གསུམ་པའི་ཚུལ་ཡང་དེའི་བདག་ཉིད་དུ་རབ་ཏུ་གནས་པ་ཡིན་ནོ།། དེ་དག་ཀྱང་ན་མཁའི ་མཚན་ཉིད་ཅན་གྱིས་སེམས་ལ་གནས་པར་འགྱུར་རོ།། ཞེས་གསུངས་པ་ནི་ན་མཁའ་རྡོ་རྗེ་ལ་གནས་སེམས་ཞེས་གསུངས་པ་ཡིན་ནོ།། དེ་བས་ན་བཏགས་པའི་ངོ་བོ་ཉིད་ཀྱི་ཆོས་མེད་ལ། དེ་མེད་པས་ན་ཆོས་ཉིད་ཀྱང་མེད ་པའོ།། དེ་ནི་འདི་དག་གསུན་པ་དང་སངས་རྒྱས་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་པ་ཐོབ་པར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་རྣམས་ངོ་བོ་མེད་པཱ་ལ་ཞེས་བྱ་བ་ནི་བཏགས་པའི་ཚུལ་དང་བྲལ་བའི ་ཆོས་རྣམས་ལ། ཆོས་ཀྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ།། ནམ་མཁའ་ལ་ནི་ན་མཁའ་བསྒོམ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཉིད་ཀྱིས་བསྒོམ་པའོ།། དེ་སྐད་དུ་འཕགས ་པ་བྱམས་པས་ཀྱང་། འདི་ནི་བཏགས་པ་དགགས་པ་སྟེ། རང་གི་ངོ་བོ་བཟློག་པ་མིན་ཞེས་གསུངས་པ་ཡིན་ནོ།། ཆོས་གང་གིས་ཞེ་ན། བེམས་པོའི་ཚུལ་གྱི་ནམ་མཁའ་དང་ཡེ་ཤེས་གཅིག་པ་ཉིད་ཀྱིས་ཕྱིར་རོ།། མི་ལྡན་པ ་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། ནམ་མཁའ་ལ་ཡང་ང་ནི་ཐམས་ཅད་དུ་སོང་བའོ་ཞེས་བྱ་བ་ལས་གོས་པ་བཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ།། ་ནམ་མཁའ་ལ་བརྟག་ཏུ་མེད་ཅེས་བྱ་བ་ལ་སོགས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ།། དེའི་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་སེམས་ཀྱིས་ངོ་བོ་ཉིད་དེ་ལ་བརྟག་པའི་བདག ་ཉིད་ཅན་གྱི་སྐྱེ་བ་མེད་པ་སྟེ། དངོས་སུ་ནུ་གཉིས་སྒྲ་མེད་པར་འབྱུང་བ་ཉིད་ཡིན་ནོ།། ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ། ངོ་བོ་ཉིད་ནི་གཟུང་བ་ལ་སོགས་པའི་འཏོགས་པའི་ཚུལ་ཏེ་དེ་དང་བྱུལ་བའོ།། ཡང་ན་མཐའ་ནི། གཟུང་བ ་བཛིན་པའི་རྣམ་པ་ནི། བྱི་ཡིས་མཚན་ཉིད་ཡོད་མིན་ཏེ།། དེ་བས་མཚན་ཉིད་སྟོང་པའི་ཕྱིར།། དངོས་པོ་མེད་པར་བཤད་པ་ཡིན་ཞེས་འབྱུང་བ་ཡིན་ནོ།། རྨ་ལམ་དེ་ནི་ཞེས་བྱ་བ་ལ་སྩོགས་པས་ནི་རྨི་ལམ་དང་གཉིད་མ་ལོག ་པའི་གནས་སྐབས་དང་སུ་ནི་ཁྱད་པར་མེད་པར་གསུངས་པ་ཡིན་ནོ།། ནཱ་མཁའི་ཁམས་ཀྱི་རྣཾས་འབྱུང་བའི་ཞེས་བྱ་བ་ན་ནམཁའ་ཁྱབ་པ་རྣམས་ལའོ།། སུ་འབྱུང་བ་ཞེས་བྱ་བ་ནི་མངོན་པར་འབྲེལ་བར་གྱུར་པའོ།། སེམས ་མཁའ་ལྟ་གླནས་སོ་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱིས་སོ།། ན་མཁའ་ནི་གང་ལ་ཡང་མི་གནསོ་ཞེས་བྱ་བ་ནི་དམྱིགས་སུ་མེད་པ་ཉིད་དུ་གྱུར་པས་ན། རྟེན་དང་བརྟེན་པར་གྱུར་པ་ནི་བཏགས་པ་ཙམ་ཡིན་པའི་ཕྱིར་རོ།། རང་གི ་སེམས་ཀྱི་ཆོས་ཉིད་ལ་གནོས་པ་ཞེས་བྱ་བ་ནི་རང་གིས་སེམས་ཀྱིས་ཆོས་ཉིད་ནི་སྟོང་པ་ཉིད་དེ། གཟུང་བ་ལ་སོགས་པ་དང་བྲལ་བའོ།། གང་འཕགས་པ་བྱམས་པས། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདི ་སྟོང་པ་ཉིད་ཅེས་བཤད་པ་ཡིན་ནོ།། དེས་ནུས་པ་ནཱ་སྟོང་བ་ཉིང་ངུ་རོ་གཅིག་པ་སྟེ། དུ་སམྦྷས་ཤཱི་བྱུང་རྨཱ་སྨཱ་བྱུར་ལཱ་བྱཱ་ཤྠམྦྷ་རོ།། 9ཥྨཱ་བའི་འཕྲུལ་པའོ།། དེ་ནས་ཞེས་བྱ་བ་ལ་སོགས ་པབྱས་ནི་ལེའུ་བཅུ་དྲུག་པ་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ཅེས་བྱ་བ་ནི་རྣམ་པར་དགོད་པ་མེ་ལོང་ལྟ་བུའོ།། ཆོ་ག་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཆོ་གས་དཀྱིལ་འཁོར་རྫོགས་པའི་དབུས་མའི་གདན་ལ་རྣམ་པར་སྣང་མཛད ་ཀྱི་ཕྱག་རྒྱ་འཁོར་ལོའི་གཟུགས་སུ་བྱི་བར་བྱའོ།། མི་བསྐྱོད་ལ་སོགས་ཞེས་བྱ་བ་ནི་སྔར་གྱི་རྣམ་པར་སྣང་མཛད་ཀྱི་དབུས་སུ་མི་བསྐྱོད་པའི་རྡོ་རྗེ་བྲིས་ལ། ལྷག་མ་རྣམས་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།། བཤིང་གཅི ་ལ་སོགས་ཞེས་བྱ་བ་ལ། ཚེན་དང་ཐིག་ལ་སོགས་པ་དང་། བཟའ་བུ་ལ་སོགས་པ་ལ། ཆོ་ག་ཇི་ལྕི་བ་བཞིན་དུ་སྦྱར་བར་བྱའོ།། གསུང་གི་དཀྱིལ་འཁོར་བཤུད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས ་པབ་སྟེ། ཏིང་ངེ་འཛིན་ཅེས་བྱ་བ་ནི་སོ་སོར་རྟོག་པའི་རྣམ་པའོ།། རྡོ་རྗེ་བསྒོམ་པས་ཞེས་བཱ་བ་ནཱི་འོད་དཔག་ཏུ་མེད་པ་ལྀ་སོགས་པ་སློབ་དཔོན་དང་སློབ་མ་གཉིས་ཀྱིས་བཟུང་བའི་སྣང་བུ་སྔར་བྱ་ཤད་པས་ཐིག་བཏབ་ལ་ཝཾ ་བར་བྱའོ།། རང་གི་སྐུའི་དཀྱིལ་འཁོར་གནས་ཞེས་བྱ་བ་ནི་གཟུགས་དང་ལྡན་པའི་སྐུའི་དཀྱིལ་འཁོར་ཉིད་ཡིན་དུ་ཟིན་ཀྱང་། འདོད་ཆགས་རྣམ་པར་དག་པའི་དབང་གིས་གསུང་གི་རྡོ་རྗེའི་ཡོན་ཏན་འཐོབ་པ་ཡིན་ནོ།། ནུབ ་ཕྱོགས་ཀྱི་འོད་དཔག་ཏུ་མེད་པའི་གནས་སུ་ནི་མི་བསྐྱོད་པའི་ཕྱག་རྒྱུ་བྲིས་ལ། ལྷག་མ་རྣམས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།། ཞེས་གསུངས་པ་ནི་དེ་ཉིད་ཅེས་བྱ་བ་ལ་སྩོགས་པ་གསུངས་པ ་ཡིན་ནོ།། གསང་བའི་མཆོད་པོ་ཞེས་བྱ་བ་ནི་གར་མཁན་གྱི་བུ་མོ་བླངས་ལ་ཇི་སྐད་དུ་བཤད་པའི་མཆོད་པ་བྱའོ་ཞེས་ཤེས་པར་བྱའོ།། དེ་ལྟར་ན་སྐུ་དོང་གསུང་གི་དཀྱིལ་འཁོར་དེ་དག་བཤད་པ་ཡིན་ནོ།། ཐུགས་ཀྱི་དཀྱིལ ་འཁོར་ནི་ལེའུ་བཞི་པར་བཤད་པ་ཡིན་ནོ།། ད་ནི་ལྷ་གཞན་དག་གི་དཀྱིལ་འཁོར་དག་ཀྱང་བསྒྲེས་ནས་བསྟོན་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དཀྱིལ་འཁོར་གྱི་དབུས་སུ་གང་གི་གཟུགས ་བྲིས་པ་དཀྱིལ་འཁོར་དེ་ཉིད་ཀྱི་ཡིན་པར་འགྱུར་རོ།། དེ་སྐད་དུ་གང་ཞིག་དབུས་སུ་གནས་པར་གྱུར་པའི།། འཁོར་ལོ་དེ་ཡང་དེའི་ཡིན་པར་འགྱུར་ཞེས་བཤད་པ་ཡིན་ནོ།། དཀྱིལ་འཁོར་ཐམས་ཅད་བསྐྱེད་པ་ལ་སོགས་པ ་ལ་ཐུན་མོང་དུ་གྱུར་པའི་ཐུགས་ལ་སོགས་པ་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་བཤད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་དཀྱིལ་འཁོར་དེའི་སྔགས་ནི་སྙིང་པོ་རྣམས་ཏེ། དེའི ་ཐིག་གདབ་པའི་ཕྱིར། ཡི་གེའི་གནས་ཡིན་ནོ།། ཞེས་མཚམས་སྦྱར་བར་བྱའོ།། ཡེ་ཤེས་བབས་པའི་ཐོབ་པའི་རྣལ་འབྱོར་པའི་བྲི་བའི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ནི་མཚོན་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས ་ཀྱི་སེམས་དཔྱས་ཞེས་བྱ་བ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཀྱིས་མཐུ་ཐོབ་པས་ཚུན་དབྱེ་བ་དང་། ཐིག་གངབ་པ་ལ་སོགས་པ་བདག་ཉིད་ཀྱིས་མི་བྱ་སྟེ། བྱསྠཱ་ན་བྱང་ཆུབ་རྙེད་པདྨ་དཀའ་བར་འགྱུར་རོ།། ་དེ་ལྟ་ན་གོ་དཀྱིལ་འཁོར་ཇི་ལྟར་བྲི་བར་བྱ་ཞེ་ན། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེའུ་དང་བུ་མོ་ལ་སྔགས་ཀྱི་ལྷ་རྣམ་པར་སྣང་མཛད་དང་། སྤྱན་ཕུབ་སྷོ། མིག་ལོ་སོགས་པ་བྱིན་གྱིས་བརླབས་པཱའི ་གནས་བསམས་ལ། བླ་མ་དང་སྐྱོབ་མའི་ཚུལ་ཅན་དེ་གཉིས་ཀྱིས་སྐུའི་དཀྱིལ་འཁོར་བྲི་བར་བྱའོ།། དེ་ཉིད་ཀྱིས་གསུང་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པོ་ནི་རྡོ་རྗེ་ཆོས་ཞེས་བྱ་བ་ལ་སོགས་པའོ།། ཐུགས་ཀྱི་དཀྱིལ ་འཁོར་གྱི་ཡང་ཆོ་ག་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྐད་དུ་ཡེ་ཤེས་དབབ་པ་ལེགས་ཐོབ་པས་ཞེས་བྱ་བ་ནས་བརྩམས་ཏེ། ཐུགས་ལའང་མི་བསྐྱོད་མཱ་མ་ཀཱི་ཞེས་བྱ་བ་ལ་སོགས་པས ་བཤུད་པཱ་ཡིན་ནོ།། ཡུལ་དང་དུས་གཞན་དག་ཏུ་རྣམ་པར་བསྒོམ་བཞིན་དུ་འཁོར་ལོ་བཀུག་ནས་འདི་ཉིད་ཀྱི་ནང་དུ་ཆུད་པར་བྱ་བ་གསུངས་པ་ནི་བཀུག་ནས་ཞེས་བྱ་བ་ལ་སོགས་པའོ།། ཁྲོ་བོའི་རྒྱལ་པོས་ཞེས་བྱ ་བ་ནི་གཤིན་རྗེ་གཤེད་ཀྱིས་སོ།། འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། སྒོ་སྲུངས་གསུམ་པོ་གཞན་ངག་གིས་ཀྱང་གཞུག་པ་དང་བཅིང་བ་དང་མཉེ་བར་བྱ་བ་བྱས་ལོ། དུས་གསུམ་གྱི་སངས་རྒྱས་ནང་དུ་ཆུད་པའི ་བདག་ཉིད་ནྡན་གྱི་འཁོར་ལོ་མཆོད་པར་བྱའོ།། དེ་ནི་རང་གི་འཁོར་ལོ་གསལ་བསྒོམས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། གཤིན་རྗེ་གཤེད་ལ་སོགས་པས་དགུག་ཅེས་བྱ་བའི་བར་གྱིས་བཤད་པ ་ཡིན་ནོ།། གཏོར་མའི་ཆོ་ག་གསུངས་པ་ནི་སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་དག་ནི་བདག་གིས་མ་བཤད་དོ།། ལས་དང་པོ་པའི་རྣལ་འབྱོར་པའི་ཐིག་གླང་པ་པའི་ཚིག་གསུངས་པ་ནི་ཐིག་གི་ཞེས་བྱ་བ ་ལྔ་སོགས་པ་སྟེ། སྐུའི་དཀྱིལ་འཁོར་བྲི་བཱའི་དུས་སྟེ། སློབ་དཔོན་བདག་ཉིད་སྲད་བུའི་མཐའ་གཅིག་འཛིན་པའི་རྣམ་པར་སྣང་མཛུད་དུ་བསམས་ལ། སློབ་མ་སྲད་བུ་མཐའ་གཉིས་པ་འཛིན་པའི་རྡོ་རྗེ་སེམས་དཔའ་འམ། བདུད ་རྩི་ཐབ་སྦྱོར་དུ་བསམ་པར་བྱའོ།། ལས་ཀྱི་གནས་ཞེས་བྱ་བ་ནི་ཐིག་མངོན་པར་སྦྱར་བ་ལ་སོགས་པའོ།། དེ་དག་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ལས་གསལ་བ་ཉིད་དུ་ཤེས་པར་བྱའོ།། སྲད་བུ་དེ་དང་ཚོན་ལ་སངས་རྒྱས་ལྔའི་བདག ་ཉིད་ཅན་ལྷ་ཉིད་ཤུ་རྩ་ལྔའི་གཟུགས་སུ་དབྱེ་བར་བྱའོ་ཞེས་གསུངས་པ་ནི་སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ།། དེ་བས་ན་དེའི་མདོག་ས་བོན་ལས་བྱུང་བའི་མི་བསྐྱོད་པ་ལ་སོགས་པར་སྣང་ཞེས ་བྱ་བ་ལ་སོགས་པོ་སྨོས་པ་ཡིན་ནོ།། ང་ནི་སྔར་བཤད་པའི་གཏོར་མ་ཕུལ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་བསྐོར་བར་བྱའོ་ཞེས་གསུངས་པ་ནི་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། གནོད་མཛེས་ཡིན་པར་བཤད་དོ།། དེ་ཉིད་ཀྱིས་ན་ཕྱོགས་སྐྱོང་རང་རང་སྦྱོར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་གྱུར ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ཞི་བའི་སྒྲུབ་པས་སྤྱན་རས་ཀྱིས་མྱི་འཚོ་བའི། སངས་རྒྱས་རྣམས་ཀྱིས་སྤྱན་རས་ཀྱིས་ངོཙའ་བའི་ཕྱིར་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་གསུང་ཐུགས ་ཞེས་བྱ་བ་ནཱི་གནོད་མཛེས་རྒྱལ་པོ་སྟེ། སངས་རྒྱ་ས་ལཱྀའི་དབུ་རྐྱེན་ལ་བདུག་པོ་གཉིས་པ་བསྒོམ་པར་བྱའོ།། ཡང་ན་སྭཱ་གསུ་ཐུགས་ཀྱི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། སངས་རྒྱས་རྣམས་ཀྱི་གནས་ལྔ་པོ་མན ་བོང་ངོ་།། སྒྲོག་མ་དང་། སྙིང་ཁ་དང་། ལྟེ་བ་དང་། རྐེད་པའི་གསང་བར་བསྒོམ་པའོ།། རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིའོ།། བུམ་པ་དགོད་པའི་ཆོ་ག་བསུངས་པ་ནི་རྡོ་རྗེ་བུམ་པ་བཞག་པ་ཞེས ་བྱཱ་བྱཱ་ལ་སོགས་པཱ་སྟེ། རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པ་ལ་དཀྱིལ་འཁོར་བྷི་ལྷ་རྣམས་དང་། འབྲེལ་པའི་སྔགས་དཀྱིལ་འཁོར་པའི་ལྷ་སོ་སོའི་བཟླས་པ་བྱས་པའི་རང་བཞིན་ནོ།། རྒྱུད་ནི་འདབ་མ་ལ་སོགས ་པོའོ།། བདག་པོ་ནི་དཀྱིལ་འཁོར་བ་སོ་སོ་སྟེ། དེ་རྣམས་ཀྱིས་རྗེས་སུ་འབྲང་བའི་ཡི་གེ་རྣམས་ཀྱིས་སོ།། རང་བྲིས་པ་ནི་རང་རང་གི་མཚན་མས་མཚན་པ་དང་། བདུད་རྩི་ལྔ་དང་། འབྲུ་དང་གོས་ལ་སོགས་པ་དང་ལྡན ་པ་བཟླས་ཤིང་རུང་གི་སྦྱོར་བ་དང་ལྡན་པཱ་ཇི་སྐད་དུ་བཤད་པའི་གནས་རྣམས་སུ་དགོད་པར་བྱའོ།། དྭེ་བས་ན་མགྲིན་བཟང་པོ་གོས་ཀྱིས་དཀྲིས། ཨུ་མ་ལ་སོགས་འདུབ་མར་ལྡན་ཞེས་བྱ་བཱ་ལ ་སོགས་པ་སྨོས་པ་ཡིན་ནོ།། སྦྱིན་སྲེག་གི་ཆོ་ག་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ་ནི་དང་པོ་མེ་ལྷ་ལ་ཇི་སྐད་བཤད་པའི་སྦྱིན་བླུགས་ཕུལ་འདེའི་འོག་ཏུ ་དེའི་དབུས་སུ་རང་གི་ལྷའི་སྐུ་བསམས་ཏེ། དེའི་ཞལ་དུ་སྲེག་རྫས་བསྟབ་པར་བྱའོ།། དེ་བས་ན་ཀུན་ནས་སོར་བཞི་དོར་ནས་ནི། ཁ་ཁྱེར་དེའི་ཚང་པདྨ་ཁ་བྱེ་བའི་ཁ་ཁྱེར་ལ་ས་ཁྲུ་ཟབས་སུ་ཁྲུ་ཕྱེད་པ། འཁོར་ལོ་ལྟ་བུ་ལས་ཀུན་བྱེད ་ཅེས་བྱ་བ་ལ་སྩོགས་པ་སྨྲས་པ་ཡིན་ནོ།། སློབ་མ་གཞུག་པའི་ཆོ་ག་གསུངས་པ་ནི་རྣམ་པར་སྨང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ལྷག་བྱ་རོ་མོས་པས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་སློབ་མ་ལ་གནས་རྡོ་ལྟ ་བཱ་བཞིན་དུ། རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་བསམ་པར་བྱ་སྟེ། ཨ་ཞེས་སྨོས་པ་ནི་དེ་ཉེ་བར་མཚོན་པའི་དོན་དུ་གསུངས་པ་ཡིན།། སླེབ་མ་རྡོ་རྗེ་གཟུང་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པའོ།། འདི ་ཉིད་གསུངས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ།། འདིར་འོད་དཔག་ཏུ་མེད་པ་མ་བཤད་པ་ནི་སྔར་ཨ་ཞེས་བྱ་བ་ཉིད་ཀྱིས་དེ་སྟོན་པ་ཡིན་པའི་ཕྱིར་རོ།། དེ་ཡང་སློབ་མའི་སྤྱིའི་སྡོམ་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ་སྒོར་ནི་ཕྲེང་ཐོགས་ཡང་དག་མཆོད། དེ་བཞིན་ཡོན་ནི་ཕུལ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། སློབ་མ་གཞུག་པས་ཡི་གེ་ལྷ་གསུངས་པ་ནི་ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའོ།། གཤིན་རྗེ་གཤེད་ལ་སོགས་པའི་སྔགས་དང་། འདྲ ་ཉིད་ཀྱིས་སློབ་མ་དགུག་པ་ལ་སོགས་པ་བྱའོ།། དེ་བས་ན་གཤིན་རྗེ་གཤིང་སོགས་རང་སྔགས་ནི། དམ་པས་དགུག་ཅིང་གཞུགས་པར་བྱེ་ཞེས་བྱ་བ་ལ་སོགས་པ་སྨོས་པོ་ཡིན་ནོ།། སློབ་མ་དབང་བསྐུར་གསུངས་པ་ནི་དེ་ལ་འདི་ནི ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཇི་སྐད་དུ་བཤད་པའི་བུམ་པ་གང་བ་བསྣམས་པ་ན་མཁའི་ཁམས་ཡོངས་སུ་གང་བར་རབ་ཏུ་བསྒོམས་ལ། སངས་རྒྱས་དེ་རྣམས་ཡུངས་ཀར་ལྟ་བུའི་རྡོ་རྗེ་གསུམ ་གྱིས་འོད་ཟེར་གྱིས་བསྐུལ་བར་བྱའོ།། དེ་ནས་དེ་ལ་དབང་བསྐུར་བ་སྩོལ་བར་འགྱུར་རོ།། སྤྱན་ལ་སོགས་པ་བུ་པ་ཐོགས་པས་འདི་ལ་དབང་བསྐུར་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་ཡང་ནཱ་ཞེས་བྱ་བ་ལ་ས~ཾ་ཊཿསྟེ། རྡོ་རྗེ་སེམས ་དཔའ་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་མོས་པར་བྱས་པའི་ཏིང་ངེ་འཛིན་གྱིས་སོ།། དམ་ཚིག་གི་མཆོག་རྣམས་ནི་ཞེས་བྱ་བ་ནི་སྤྱན་ལ་སོགས་པས་སོ།། སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་ཇི་ལྟ་བའི་ལྷག ་པར་མོས་པས་རྣམ་པར་སྣང་མཛད་ལྟ་བུར་བསམ་མོ།། ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་དེ་དྲན་པར་བྱ་བའི་ཕྱིར་གསུངས་པ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དགོད་པར་བྱ་ཞེས་བྱ་བ ་ནི་ཡི་གེ་གསུམོ།། དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ་འདི་ནི་དབང་བསྐུར་བ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དབང ་བསྐུར་བ་ལེན་པའི་སྔོན་རོལ་དུ་སློབ་མའི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་གསུངས་པ་ནི་དེ་ལ་འདི་ནི་སློབ་མ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཚིགས་སུ་བཙོད་པས་གསོལ་བ་བཏབ་པའི ་རྗེས་ཐོགས་ལ། སློབ་དཔོན་གྱིས་དབང་བསྐུར་བར་བྱའོ།། ཞེས་གསུངས་པ་ནི་དེའི་ཚེ་དེ་ལ་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའོ།། ལཱུའི་གཟུགས་ཀྱིས་སྦྱོར་བས་སློབ་མའི་སྙིང་ཁར་བྱུདག་པོ་བཞུག་པརྱ་བྱ་ཞིང་དེ ་ནས་སྔགས་ཀྱི་ས་ཡི་གེའི་ཚིག་དང་། དམ་ཚིག་ཇི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་ལྷའི་གཟུགས་ཀྱི་ཞེས་བྱ་བ་ལ་སྩོགས་པ་ཡིན་ནོ།། དབང་བསྐུར་བ་ན་མིང་ལ་སོགས་པ་དཀྱིལ་འཁོར་ཚིག་ལས ་ཤེས་པར་བྱའོ།། དཀྱིལ་འཁོར་ང་ནི་བསྟན་པར་བྱ་ཞེས་བྱ་བ་ནི་མགོ་དབྱེ་བ་བྱས་པ་ཡིན་ཏེ། དེ་ཉིད་ཀྱིས་ན་མིག་ཏུ་འབར་བཅས་ཨོཾ་བསམས་ལ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོའི་བདག་པོ་ནས་བརྩམས ་ཏེ། བདུད་རྩི་ཐབ་སྦྱོར་བར་དུའོ་ཞེས་བྱ་བའི་བར་དུ་བཤད་པ་ཡིན་ནོ།། དེ་ནས་དམ་ཚིག་གསང་བ་བསྒྲག་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་གསལ་བར་མ་བཤད་དོ།། སློབ་མ་ལ་སྔགས་འདོད་པའི ་ལཱུའི་ཏིང་ངེ་འཛིན་ཆོ་ག་བཞིན་དུ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡི་ནོ།། གསད་བ་སྦྱིན་ལ་ཞེས་རྫས་སྨན་སྔ་ལྔ་འབྱའི་དམ་ཚིག་གི་ཆོ་ག་ཡིན་ཏེ། འདི་དགཱ་ནི་བདག་གིས་མྲ་བཤད་དོ།། ་སྲོག་གཅོད་པ་ལ་སོགས་པ་བཞི་པོ་འདི་དགེ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་འདའ་བར་བྱ་བར་མ་ཡིན་ཞིང་། རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་འགྲོ་བའི་དོན་གྱི་སྤྱོད་པ་དང་མཚམ་པ་ཡིན་ནོ།། གླང་པོའི་ཤ་ལ་སོགས ་བཔ་ནི་སྔགས་མཉེས་པར་བྱེད་པ་རྣམས་ཀྱིས་བསྟེན་བྱར་བྱའོ།། བཟའ་བ་ལ་སོགས་པའི་ཁྱད་པར་དེ་ཉིད་འབར་བ་ལ་སོགས་པ་མངོན་སུམ་དུ་གྱུར་པར་བྱ་བས་སློབ་མ་ལ་ཡིད་ཆེས་པར་བྱ་བ་བསྟན་པར་བྱ་སྟེ། ་འབར་བར་བྱ་བ་ལ་སོགསོ་བ་ལ་དགོས་པའི་ཡི་གྲི་ཨོཾ་གསུངས་པ་ཡིན་ནོ།། དེ་ཡང་རང་གི་སྦྱོར་བ་ལ་གནས་ཏེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་ཤིང་། ཡི་གེ་རཾ་ལས་བྱུང་པོའི་མིའི ་དཀྱིལ་འཁོར་གྲུ་གསུམ་ལ་གནས་པཱ་ལ་ཡི་གེ་ཨ་ལས་བྱུང་བའི་ཐོད་པར་ཤ་དང་བདད་རྩི་འདི་དག་ཐམས་ཅད་སངས་རྒྱས་ཀྱི་འཁོར་ལོ་དང་ལྡན་པར་བསམས་ལྔ་དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བར་སྣང ་ལ་བསྒོམས་ཏེ། དེ་ལས་བདུད་རྩིའི་རྒྱན་འཛག་པ་ཐོད་པར་གནས་པར་བྱས་ལ། རྡོ་རྗེ་ཡང་ཐོད་པར་བྱས་ལ། དེ་ཐམས་ཅད་བྱིན་གྱིས་བརླབས་ལ། ཆོ་ག་བཞིན་དུ་སྦར་བར་བྱ་སྟེ། ཡེ་ཤེས་ཀྱི་བདུད ་རྩིའི་ངོ་བོ་ཉིད་དེ་ཁོ་ན་གསུམ་གྱིས་མངོན་པར་བཟླས་པ་བྱས་ལ་ལྷ་རྣམས་དང་ལྷན་ཅིག་ཉེ་བར་ལོངས་སྤྱད་པར་བྱའོ།། དེ་བས་ན་འབར་བའི་ཨོཾ་གྱིས་བྱིན་བརླབས་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ནོ།། དེའི་ཕུན་ཡོན་གསུངས་པ་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པའོ།། ཁཾ་ཕོར་ཁུ་སྦྱར་ཞེས་བྱ་བ་ནི་ཐོད་བྱ་སྟེ། བཟོའ་བ་ལ་སོགས་པ་འདི་དག་ཀྱང་མཱ་ངག་གཞུག་པའི་སྦྱོར་བ་ལ་ཡོང་བརྗོད་པའི ་བྱའོ།། དེ་ཉིད་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱའོ།། དེ་ཉིད་གསུངས་པ་ནི་དེ་ལས་འདི་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། མངོན་པར་འདོད་པའི་ལྷའི་རྣལ་འབྱོ་དང་ལྡན་པས་མདུན་དུ་ནེམ ་མཁའི་དབུས་སུ་ཧྲཱིཿཞེས་བྱ་བ་འོད་སྤྲོ་བ་ད་བཅས་པའི་སྔགས་བསམས་ལ། ནམ་མཁའ་ལ་བསྒོམས་པའི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དང་། དེར་ཧྲཱིཿཞེས་བྱ་བས་དབབ་ལ་དེ་ཡོངས་སུ་གྱུར ་བ་ལས་དེའི་བྱིན་གྱིས་བརླབས་ཀྱིས་ཨཱ་ཁཾ་དྷིཿཞེས་བྱ་བའི་ཡི་གེ་བསམས་ལ། དེ་ཡོངསུ་གྱུར་པའི་མངག་གཞུག་པ་རིགས་དང་རྗེསུ་མཐུན་པར་བགེགས་མཐར་བྱེད་ལ་སོགས་པ་གསུམ་ལས་གང་ཡང་རུང་བར ་བསམ་པར་བྱའོ།། དེ་ཉིད་གསུངས་པ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། ཞེས་བྱ་བ་ནི་བགེག་མཐར་བྱེད་དོ།། ལྷག་མ་གཉིས་པོ་ནི་པདྨ་མཐར་བྱེད་དང་། གཤིན་རྗེ་མཐར་བྱེད་ཡིན་ནོ།། དེ་དག་ལས་གང ་ཡང་རུང་བའི་གཟུགས་སུ་མངག་གཞུག་པ་བསམས་ལ། དེ་ཉིད་ལ་ཨཱ་ཁཾ་དྷཱིཿཞེས་བྱ་བས་རིམ་པ་ཇི་ལྟ་བ་བཞིན་དུ་དེའི་སྒྲ་གསུང་ཐུགས་བྱིན་གྱིས་བརླབས་ལ། འོག་ནས་བཤད་པའི་གསང་བའི་གནས་དེའི་སྙིང ་ཁའི་ཕྱོགས་སུ་བཞག་པར་བྱའོ།། གསང་བའི་གནས་དེ་གང་ཡིན་ཞེ་ན། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་པ་དང་། འོད་དཔག་ཏུ་མེད་པ་དང་། རྣམ་པ ་སྣང་མཛད་ཟླ་བ་ལ་གནས་པ། རིམ་པ་ཇི་ལྟ་བ་བཞིན་དུ་བགེགས་མཐར་བྱེད་ལ་སོགས་པའི་གཟུགས་ཅན་གྱིས་མངག་གཞུག་པའི་སྙིང་ཁར་བཞག་པར་བྱའོ།། དེ་ནོས་ཡི་གེ་ཨཱཿདང་། སྡུག་བསྔལ་དྲག་པོ་འབྱིན ་པཱའི་མདུང་རྩེ་ཆེན་པོ་ལ་སོགས་པས་དྲག་ཤུལ་གྱིས་མངག་གཞུག་པ་དེ་ཇི་ལྟར་ལྷག་པར་མོས་པར་ལྟ་བུར་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར། ཡེ་ཤེས་སེམས་དཔའ་དེ་སྤྱན་དྲང་ཞིང་བསྐུལ་བར་བྱའོ།། དེ་ནས ་རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་གྲུབ་པའི་མངག་གཞུག་པ་དེས་སྒྲུབ་པ་པོ་དེ་སངས་རྒྱས་ཀྱི་ཞིང་ལོ་སོགས་པར་ཁྱེར་ནས་ཆོས་ཐོས་པར་བྱེད་ཅིང་། སངས་རྒྱས་ཉིད ་ཐོབ་པའི་རྒྱུར་འགྱུར་རོ།། མི་བསྐྱེད་པ་ལ་སོགས་པའི་རིགས་དང་མཐུན་པའི་རྣལ་འབྱོར་པ་གང་ཡང་རུང་བས་མངག་གཞུག་པ་འདི་བསྒྲུབ་པར་བྱའོ་ཞེས་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ ་ཡིན་ནོ།། དམ་ཚིག་བཞི་པོ་ཡང་ཐུན་མོང་ཡིན་ནོ།། ཞེས་གསུངས་པ་ནི་དམ་ཚིག་བསྐུལ་བ་ཞེས་བྱ་བ་ལ་སོགས་པ་ཨི་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བྱིན་གྱིས ་བརླབས་པ་ནི་སྔགས་དེ་བྱིན་གྱིས་བརླབས་པས་བསྐུལ་བ་ཡིན་ནོ།། དམ་ཚིག་གཏོད་པ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བའི་ཕྱིར་མདུང་རྩི་ལ་སོགས་པ་ཕྱག་ན་བསྣམས་པའི་དྲི་བཞིན ་གཤེགས་པ་ལ་སོགས་པ་ཁྲོས་པ་རྣམས་སྤྲོས་པའོ།། དམ་ཚིག་སྨྲ་བ་ནི་སྤྲོས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་ཡང་དག་པར་གསུངས་པའོ།། དམ་ཚིག་འཆིང་བ་ནི་འོད་ཟེར་རྣམས་ཀྱི་དེ་བཞིན ་གཤེགས་པ་ཐམས་ཅད་ཡང་དག་པར་བསྡུས་ཏེ་ས་བོན་དེར་གཞུག་པའོ།། ད་ནི་མངག་གཞུག་པ་དེའི་མཐུ་གསུངས་པ་ནི་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས ་པའི་གཟུགས་རྨད་དུ་བྱུང་བར་ཡང་མངག་གཞུག་པ་དེས་བྱེད་པ་ཡིན་ནོ།། འཇམ་པའི་རྡོ་རྗེའི་སྦྱོར་བས་ཡང་དབང་དུ་བྱ་བའི་སྦྱོར་བ་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། འཇམ་པའི་རྔོ ་རྗེརྣལ་འབྱོར་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། མངའ་ལྔ་དབུ་རྒྱན་གྱིས་རྩེ་མོར་ཞུགས་པའི་ཁུ་ཚུར་གཟུང་ལ། མདའ་དམར་དེ་རྣམས་ཀྱི་མགོ་དང་། དཔྲལ་བ་དང་། ཁ་དང་། སྙིང་དང་། ལྟེ་བ་རྣམས ་བསྒྲུབ་པར་བྱ་བ་བསྐུལ་བར་བྱའོ།། དེ་ནས་དེ་བརྒྱལ་བར་གྱུར་པ་བཞིན་དུ་རྐང་པ་གཉིས་ཀྱི་དྲུང་དུ་འགྲེལ་བར་ཁམས་པར་བྱའོ།། དེ་ལྟ་བུ་འདི་ནི་མཚན་མ་ཐོབ་པར་ཟླ་བ་བྱེད་ཅིག་བྱ་བ་ཡིན་ནོ།། སློབ་མ ་དཀྱིལ་འཁོར་དུ་གཞུག་པའོ་གདོང་གཡོགས་དགྲོལ་བའི་ཆོ་ག་གསུངས་པ་ནི་ན་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། སློབ་མ་ཁང་བྱ་བརྩེགས་མཱའི་ནང་དུ་ཆུད་པར་ཆོ་ག་ཇི་ལྟ་བ་བཞིན་བསམས་ལ། ་ཧཱུཾ་ཨཿོཾ་ཞེས་བྱ་བ་ཐུགས་རྡོ་རྗེ་ལ་སོགས་པ་དང་། ཡེ་ཤེས་སེམས་དཔའ་སྟེ། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས། ཨོཾ་གྱིས་བྱིན་གྱིས་བརླབས་པའི་མིག་གིས་དཀྱིལ་འཁོར་དེ་བསྟན ་བར་བྱའོ།། དེ་བསྒོ་ན། མོག་རབ་ཏུ་འབུར་བཅས་ཨོཾ་བསམས་ལ། ཞེས་བྱ་བུ་ལ་སོགས་པ་ཚོགས་སུ་བཅད་པ་གཉིས་སྨོས་པ་ཡིན་ནོ།། བཀྲེས་པ་ལ་སོགས་པ་སེལ་བའི་སྦྱོར་བ་གསུངས་པ་པཾ་ནི ་བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། དེའི་ཁར་ཡི་གེ་བཟའ་བར་བྱ་བའི་རྫས་རྣམས་ཀྱི་གནས་སུ་གྱུར་པ། བུམ་པ་ལྟ་བུ་བསམས་ལྔ། ་དེའི་ལྕེ་ལ་ཡི་གེ་ཨོཾ་བསམསོ་ཏེ། བཟའ་བས་གང་བའི་ཡི་གེ་བ་ཁ་ཐུར་དུ་བལྟས་པའི་ནང་དུ་ཆུད་པ་ལས་བདུད་རྩིའི་རྒྱུན་གྱིས་ཚིམ་པར་བྱེད་ཅིང་། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད ་བར་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ས་བོན་ལ་སོགས་པ་བཤད་པའི་ཕྱིར་གསུངས་པ་ནི་དེ་ནུས་ཞེས་བྱ་བ་ལ་སོགས་པ་སྟེ། དཔའ་བོ་རྡོ་རྗེ་བསྐྱེད་པའི ་རྒྱུའི་ཕྱིར་སྟེ། དཔའ་བོ་རྡོ་རྗེ་ཞེས་བྱ་བའི་སྒྲས་ནི་མི་བསྐྱོད་པ་ལ་བྱ་བར་བཤད་ལ། དེ་དང་པོར་རྡོ་རྗེ་འཛིན་པར་གྱུར་བས། ཡི་གེ་དྷཱིཿལས་བྱུང་བའི་རྡོ་རྗེ་སེར་པོའི་རིམ་གྱིས་དཔའ་བོ་རྡོ་རྗེ་ཕྱག་རྒྱ་བཞི་དང་ལྡན་པ་ཟླ་བའི ་གདན་ལ་བཞུགས་པ། རལ་པ་དོང་ཐོར་ཚུགས་དང་བཅས་པ། མི་བསྐྱོད་པས་དབང་བསྐུར་བ། ཕྱག་མཚན་གྱི་གཙོ་བོ་རྡོ་རྗེ་སེར་པོ་མངའ་བ་དང་། རལ་གྲི་བསྣམས་བྱ། ཕྱག་གཡོན་པ་གཉིས་ནཱ། པདྨ་དང་ནོར་བྷ ་བསྣམས་པ། ཕྱག་ལྷག་མས་རང་རིགས་པའི་རིག་མ་ལ་འཁྱུད་པ་སྐུ་མདོག་སེར་པོ་ཇི་ལྟ་བ་བཞིན་དུ་བསྒོམས་ལ། མངོན་པར་འདོད་པའི་ལས་བརྩམས་པར་བྱའོ།། སྐུལ་བྱེད་མ་བསྐྱེད་པའི་ཆོ་ག་གསུངས་པ་ནི ་དེ་ནས་ཞེས་བྱ་བོ་ལ་སོགས་པ་སྟེ། དང་པོ་རྒྱུ་རྡོ་རྗེ་འཛིན་པར་གྱུར་པས་ཡི་གེ་ཧཱུཾ་ནཱ་མ་ལས་བྱུང་ཞིང་པདྨ་དཀར་པོ་ལས་སྐྱེས་པ་པདྨ་དང་རལ་གྲི་དང་། ནོར་བུ་དང་། འཁོར་ལོ་བསྣམས་པ། རིན་པོ་ཆེའི་ཅོད་པན ་ཅན་རང་སྣང་བའི་ཐབས་ལ་ཡང་དག་པར་ལྡན་པ། ཕྱག་རྒྱ་བཞི་དང་ལྡན་པོའི་སྐུལ་བྱེད་མ་བསྒོམས་པར་བྱའོ།། བཅོམ་ལྡན་འདས་ཡུམ་འདི་ནི་བྱང་ཆུབ་སེམས་དཔའི་གཟུགས་ཅན་ཡིན་པས་ན། ཟླ་བའི ་དཀྱིལ་འཁོར་ཉིད་ལ་བཞུགས་པར་བསྒོམ་པར་བྱ་སྟེ། གང་འདིར་ཉི་མའི་དཀྱིལ་འཁོར་ཞེས་འབྱུང་བ་ནི་གལ་ཏེ་མ་དག་པ་ཡིན་པར་བལྟ་བར་བྱའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་དབུ་རྒྱན་ལ་བསྒོམས་ལ། ་ལས་ཀྱི་ཁྱད་པར་གྱི་ཕྱིར་སྔགས་ཀྱི་ཚིག་དགོད་པར་བྱའོ།། གནོད་མཛེས་བསྐྱེད་པའི་ཆོ་ག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་རྡོ་རྗེ་འཛིན་པར་གྱུར་པསོ་ཛཾ་ལས་བྱུང་བའི་པྱི་ཛ་པུ་ར་ལས་བྱུང་བ། ་གསེར་གྱི་མདོག་ཅན་པི་ཛཱ་པུ་རྱ་དང་། རལ་གྲི་དང་།། རིན་པོ་ཆེ་དང་། པདྨ་བསྣམས་པ། རང་སྣང་བའི་རིག་མ་ལ་འཁྱུད་པ། ཕྱག་རྒྱ་བཞི་དང་ལྡན་པ། ཟླ་བའི་གདནཱ་ལ་བཞུགས་པ། མི་བསྐྱོད་པའི་ཅོར་པན་ཅན ་བསམ་པར་བྱའོ།། རྡོ་རྗེ་བསྒོམས་པས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་བསྒོམ་པས་སོ།། གནོད་སྦྱིན་གཟུགས་འཛིན་པ་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་ནོར་གྱིས་འགེངས་པ་ཡིན་གྱི། མཆེ་བ་ལ་སོགས་པ་དང་། ་ལྡན་པ་ནི་མ་ཡིན་ནོ།། སངས་རྒྱས་ལྔ་ཞེས་བྱ་བོ་ནི་མི་བསྐྱོད་པ་དང་། རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པ་དང་། རྣམ་པར་སྣང་མཛད་དང་། གི་དོན་མི་ཟ་བར་གྲུབ་པ། མགོ་བོ་དང་། དཔྲལ་བ་དང་། ཁ་དང་སྙིང་ཀ ་དང་། ལྟེ་བ་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ།། རྡོ་རྗེ་བདུད་རྩིའི་ཆུ་ཞེས་བྱ་བ་ལ་མན་ངག་ནི་འདི་ཡིན་ཏེ། མངོན་པར་འདོད་པའི་ལྷའི་རྣལ་འབྱོར་པས། དེ་བཞིན་གཤེགས་པ་ཐམས་ཅད ་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་དཀྱིལ་འཁོར་རང་གི་རིག་མའི་པདྨ་སྤྲུལ་ལ། དེའི་དབུས་མའི་གདན་ལ་ལྷ་ཐམས་ཅད་དང་ལྡན་པའི་གནོད་མཛེས ་བསམས་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཆུ་གནོད་མཛེས་དེའི་ཁྭའི་ལཱྀ་རྡོ་ལ། ཡི་གེ་ཛྫ་བསྡམས་ལ། ལྷའི་བྱསམ་གཏན་གྱི་གནས་ལ་གནས་ཏྱེ། ཨོཾ ་ཨཱཿཛཱ་ཛྙཱ་ནཾ་དེ་ཧི་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ།། དེ་ནས་དེའི་དབུ་རྒྱནྡ་ལ་མི་བསྐྱོད་པ་བསྒོམས་ཏེ་གྲཤེགསུ་གསོལ་བར་བྱའོ།། གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་གསུངས་པ་ནི་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། ཁང་བརྩེགས་མའི་ནང་དུ་ཆུད་པའི་མངོན་པོར་འདོད་པའི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ན་མཁའི་དབྱིངས་ཐམས་ཅད་གང་བར་བསམས་ལ། ཡི་གཻ་ཀྵིཾ་ལས་རྡོ་རྗེ ་གསུམ་གྱིས་ངོ་བོ་ཉིད་ཀྱི་གནོད་སྦྱིན་མོ་ཅིག་དཔལ་འབྱུང་པོ་འདུལ་བ་ལ་སོགས་པའི་ལུང་ལས་བཤད་པའི་གཟུགས་དང་ལྡན་པ་གཤིན་རྗེ་གཤེད་ཀྱི་ཅོད་པན་མདུན་དུ་བསམས་ལ། དེར་ཡེ་ཤེས་སེམས ་དཔའ་དགུག་གོ།། ལས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་དང་། དབྱེ་བ་དང་། སྦྱིན་པའི་ལས་ཀྱི་དབྱེ་བ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ལྟ་ན་ཡང་གྲུབ་པར་མ་གྱུར་ན། ཚར་གཅད་བར ་བྱའོ།། དེ་ཡང་དེའི་སྙིང་ཀར་ཁྲོ་བོའི་སྔགས་བསྒོམས་ལྷ། དེ་ཡང་འཁྱུད་ནས་རྡོ་རྗེའི་སྦྱོར་དྲག་ཤུལ་ཅན་གྱི་བརྩམ་པར་བྱ་ཞིང་། དྲག་ཤུལ་བསྒྲུབ་པའི་ཆོ་ག་བཞིན་དུ་སྦྱར་བར་བྱའོ།། ཡང་ན་ལས་གསུམ་རྡོ ་རྗེའི་བྱེ་བྲག་གིས་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ཉིད་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརློབ་པར་བསྒོམ་པར་བྱའོ།། ཞེས་བྱ་བར་སྦྱར་བར་བྱའོ།། ད་ནི་དངོས་གྲུབ་དམན་པ་གྲུབ་པ་ག་རྣམས་ཀྱི་ཆེ་བའི་ངོ་བོ་བཤ ་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གང་དངོས་གྲུབ་དམན་པ་ཐོབ་པ་རྣམས་ལ། དེ་ཉིད་ཡོངསུ་སྨིན་པའི་དབང་གྱིས་སྐུ་དང་གསུང་དང་ཐུགས་ཀུན་ཏུ་གྲུབ་པའི་སངས་རྒྱས་འཛམྦུ་ཆུ ་བོའི་གསེར་གྱི་འོད་དང་འདྲ་བར་འགྱུར་རོ།། དེ་ཉིད་གསུངས་པ་ནི་མི་སྣང་བའོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གནོད་སྦྱིན་གྱི་རྒྱལ་པོ་ལ་སོགས་པའི་དངོས་གྲུབ་ཡོད་པ་ལ་ནི་ནོར་ལ་དབང་བའི་བདག་པོར་གྱུར་པའི ་དབང་གིས་རིག་པ་འཛིན་པ་དག་གིས་དབང་པོར་འགྱུར་རོ།། ཕན་ཡོན་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པོ་གསུངས་པ་ཡིན་ནོ།། རང་སྣང་བའི་རིག་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པའི་ཆོ་ག ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་རིག་པའི་ཚུལ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་ལ་སོགས་པ་རང་གི་ངོ་བོས་མངོན་སུམ་ཉིད་དུ་བྱ་བ་ཡིན་ནོ།། དེ་ལ་ཉེ་བར་མཚོན་པོའི་དོན་དུ་རྣམ ་པར་སྣང་མཛད་གསུངས་པ་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་བཞིན་དུ་ཐམས་ཅད་བྱ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཚུལ་གྱི ་རྣལ་འབྱོར་ཏེ། རྣལ་འབྱོར་དེ་བྱས་ལ་ཆོ་ག་གང་ཡིན་དེ་གསུངས་པ་ནི་ལོ་གྲངས་བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ།། སྤྱན་ནི་རང་སྣང་བའི་རིག་མི་སྟེ། དེའི་གོ་འཕང་ནི་གསང་བའི་པདྨ་ཡིན་པས། དེ་དང་ཡང ་དག་པར་ལྡན་པའི་རང་གི་གསང་བའི་རྡོ་རྗེས་བསྒོམ་པར་བྱའོ།། རིག་པ་དེ་ཡང་མངོན་པར་སྦྱངས་པོ་དང་ལྡན་པ་ཉིད་དུ་བྱའོ་ཞེས་གསུངས་པ་ནི་ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དུས་བཞིར་ཞེས ་བྱ་བ་ནི་བསམས་པའི་ཁྱད་པར་གྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། མངོན་པར་བརྩོན་པས་ནི་ཉིན་དང་མཚན་དུ་བྱ་བ་ཡིན་ནོ།། བསྲུང་བྱ་བའི་དམ་ཚིགས་གསུངས་པ་ནི་རྟག་ཏུ་གཞན་གྱིས་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ།། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ཆོ་ག་གསུངས་ནས། འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པ་དག་གིས་རྣལ་འབྱོར་པའི་ཡོང་གསུངས་པ་ནི་འདོད་ཆགས་རྡོ་རྗེའི་ཀྱོ་བ་མོ་ཞེས་བྱ་བ་ལ་སོགས་པ་ཡིན། ་ནོ།། འཇམ་པའི་རྡོ་རྗེ་ལི་སོགས་པའི་རྣལ་འབྱོར་པས་ཀྱང་ཇི་ལྟར་མོས་པ་བཞིན་དུ་རིག་པའི་བརྟུལ་ཞུགས་འདི་བྱའོ་ཞེས་གསུངས་པ་ནི་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྡོ་རྗེ་ཅན་གྱི་ཡི་གེ་གསུམ་ཞེས ་བྱ་བ་ནི་དེ་ཁོ་ན་ཉིད་གསུམ་གྱི་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་གས་སོ།། ལྷག་མ་རྣམས་ནི་གོ་སླའོ།། ལེའུ་བཅུ་དྲུག་པའི་འགྲེལ་པའོ།། ཇི་སྐད་གསུངས་པའི་དམ་ཚིག་བསྲུངས་པ་ལས་མངོན་པ ་འདོད་པའི་དངོས་གྲུབ་དུ་འགྱུར་རོ།། ཞེས་བསྟན་པའི་ཕྱིར་ལེའུ་བཅུ་བདུན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བར་བྱ་བའི་ཕྱིར། གསོལ་བ་བཏབ ་པ་ཡཱནྡྷ་ཡ། ཁྲོག་མེ་དང་ཟླུ་མ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ནི་ཡེ་ཤེས་རྗེའོ།། སྒྱུ་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་དབྱིངས་སོ།། ཆོས་ཐམས་ཅད་དྲི་མྦྷ་མེད་བྱར་ཐུགས་རྗོད་པས་ན་མཁས་པ ་ཆེན་པོའོ།། སྒྱུ་གསམྦྷ་ལ་སོགས་པའི་མཆོག་ཏུ་གྱུར་པས་ནཱ་རྡོ་རྗེ་གསུམ་མཆོག།། དཀྱིལ་ལ་བྱོ་གསུམ་གྱི་བདག་ཉིད་ཅན་ཡིན་པས་མང་ཀྱིལ་འཁོར་གསུ་མོ།། རྡོ་རྗེ་དབྱངས་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པ་གསུངས་ཤིག་ཅེས ་བརྗོད་དེ་ཕྱུ་ལཆལོ།། འདིས་ནི་རྡོ་རྗེ་སེམས་དཔའ་ལམ་བསྐྱེད་པའི་བདག་ཉིད་ཀྱི་བསྟོད་པ་ཡི་ནོ།། མི་ལོང་ལྟ་བྱུ་ལ་སོགས་པའི་རྡུལ་གྱིས་རིགསུ་བཅད་པ་གསུངས་པ་ནི་རྣམ་པོར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ།། རྣམ་པ ་དག་པའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་བརྙེས་པས་ན། འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། དེ་ལྟར་ཚིགས་སུ་བཅད་པ་རེ་རེས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བསྟན་ནས་འདི་དག་ནི་སྟོན་པའི ་སྤྲོས་པ་མེད་པས་སྐབསུ་གསུངས་པ་ཡིན་ནོ།། ཆོས་ཀྱི་དབྱིངས་ཉིད་ནི་ཡི་གེ་ཆེན་པོ་ཡིན་ལ། དེ་ཡང་སངས་རྒྱས་ཐམས་ཅད་དང་འབྲེལ་བའོ།། དེ་ཉིད་ནི་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བཱསུ་བཤད ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དམ་ཚིག་བཞི་ནི་སྲོག་གཅོད་པ་ལོགས་པ་བསྲུང་བར་བྱའོ།། ཤ་ལྔ་ལ་སོགས་པ་ནི་བཟའ་བར་བྱ་བའི་དམ་ཚིག་གོ།། སྐུ་རྡོ་རྗེའི་དམ་ཚིག་གསུངས ་ནས་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་གི་ཡང་སོ་སོའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་བཞི་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤུང་བར་བྱའོ།། དམ་ཚིག་འདི་དག་བསྲུང་བ་ནི ་དེ་ཉིད་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། ཞེས་པའོ།། ཇི་ལྟར་ཞེ་ན། ཉེ་བར་བསྡུ་བ་ནི་སྒོ་གསུང་ཐུགས་ཀྱི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པ་ཡིནོ།། རང་སངས་རྒྱས་ཀྱི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ ་སོགས་པ་སྟེ། འདི་ནི་རིང་སངས་རྒྱས་ཀྱི་རང་གི་ངོ་བོ་ཙམ་ཞིག་བཤད་པ་ཡིན།། དེ་ཐོབ་པའི་རྒྱུའི་ཚོགས་པ་དག་ཀྱང་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཚོགས་པ་བཞིན་དུ་ཤེས་པར་བྱའོ།། འདིར ་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྒྱུའི་ཚོགས་པ་ཉིད་དུ་སྦྱར་བ་ནི་མ་ཡིནོ།། དེའི་ཚུལ་དུ་རྟོགས་པ་མ་ཡིན་པས་རང་སངས་རྒྱས་ཀྱི་དངོས་གྲུབ་ཡིནོ།། ཉན་ཐོས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ཡེ་ཤེས་སྤངས། ་པ་རྣམས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་བྲལ་བའི་ཉན་ཐོས་རྣམ་སོ།། གཱཏི་མུག་ལམ་གྱིས་ཞེས་བྱ་བ་ལ། གཏི་མུག་ནི་བདག་དང་གཞན་གྱི་ཆར་རྟོག་པ་དང་བྲལ་བྱ་སྟེ། དེའི་ལམ་གྱི་ལུས་གང་བསྒོམ་པའོ།། ་ཉན་ཐོས་ལ་སོགས་པ་རྣམས་ལ་འཇིགས་པ་བསྐྱེད་པར་བྱེད་པ་ཡིན་པས་ནི་འཇིགས་ཤིང་མི་སྡུག་པ་སྟེ། དེས་ཕན་ཚུན་དུ་སངས་རྒྱས་ཉིད་དུ་འགྱུར་བའོ།། དེ་ལ་ཆོག་ནི་དེ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཡི་གེ་ཨོ་ལས ་བྱུང་བའི་ཚངས་པ་དེའི་ལུང་དང་རྗེསུ་མཐུན་པར་གདོང་བཞི་ལ་སོགས་པ་དང་ལྡན་པ། རྡོ་རྗེ་འཛིན་པས་དབང་བསྐུར་བ་བསྒྲུབས་ལ། ཇི་སྲིད་མངོན་པར་འདོད་པའི་དུས་ཀྱི་བར་དུ་འདུག་ནས། དེའི་འོག་དུ་སྐུ་རྡོ་རྗེ་ལ་སོགས་པར ་མོས་པ་ལས་དེའི་དོན་སྒྲུབ་པར་འགྱུར་བའི་སྐུ་རྡོ་རྗེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་དྲུག་པོའི་དུམ་ཚིག་ལ་ཡང་ཡི་གེ་ཨཱ་ལས་བྱུང་བར་ཆོ་ག་བཞིན་དུ་སྦྱར་བར་བྱའོ།། དེ་བཞིམ ་ཁྱབ་འཇུག་གི་དམ་ཚིག་ལ་ཡང་ནི་སྡང་གི་རིག་སྐྱེ་ཀྱི་རྒྱུད་དང་ལྡན་པ་ཡི་གེ་ཧཱུཾ་ལྔས་བྱུང་བར་བལྟ་བར་བྱའོ།། འདི་རྣམས་ཉེ་བར་བསྡུ་བའི་རིགས་དབྱེ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའོ།། གནོད་སྦྱིན་མོ་རྣམ ་ཀྱི་ངོ་བོ་ཉིད་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཤེ་དང་ཁྲག་ཟ་བོའི་རང་བཞིན་ཅན་ནི་ཕལ་ཆེར་གནོད་སྦྱིན་མོ་ཡིན་ཏོ།། དེ་ནས་དེ་དེ་བཞིན་དུ་མཆོད་ལ། ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ་ཞེས་དགོངསོ།། དེ་བཞིན ་དུཀྵའི་དབང་པོ་ལ་སོགས་པ་རྣམས་ཀྱི་བུ་མོའི་རང་གི་ངོ་བོ་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིནོ།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པས་ཀྱང ་དམ་ཚིག་འདི་དག་ཐམས་ཅད་ཆོ་ག་བཞིན་དུ་སྤྱད་པར་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་རྣམ་གསུམ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ།། ཚིག་གི་ལས་ཞེས ་བྱ་བ་ནི། རྫུན་དུ་སྨྲ་བ་ལ་སོགས་པ་རྣམ་བཞིའོ།། ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན་ཞེས་བྱ་བ་ནི་གནོད་སེམས་ལ་སོགས་པ་རྣམ་པ་གསུམ་དུ་བཤད་པའོ།། དེ་ལྟར་ཐམས་ཅད་བསྙེན་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུ་རོ།། ་དེ་བས་ན་འདི་ནི་ཀུན་ནས་སྤྱད་པ་ལ་སྤྱོད་པས་ན། ཀུན་ཏུ་མཛེས་དགའ་སྟེ། བཅོམ་ལྡན་འདས་ཕྱོགས་མེད་པར་འཇུག་པའོ།། ད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས ་པ་ཡིན་ཏེ། ཁ་ཕྱི་རོལ་ཏུ་བལྟོས་པས་སངས་རྒྱས་ལ་སོགས་པ་ལ་ཕྱག་བྱས་པ་ལ་སོགས་པ་དབོ་རྣལ་འབྱོར་པས་བྱང་ཆུབ་ཡང་དག་པར་འཐོབ་པར་མི་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། འོ་ན་ཇི་ལྟར་ཕྱག་བྱ་ཞེ་ནོ། དེ་ནས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་འབྲེལ་པའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དུ་རང་ཉིད་རྡོ་རྗེ་གསུམ་གསུམ་བསྒོམས་ལ། སྔགས་ལས་ཐ་དད་པའི་བློ་དང་བྲལ་པོས་ཕྱོག་བྱའོ།། འདི་ཉིད ་བཤང་བར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པར་བྱས་ལ་ཕྱག་བྱ་བའི་བདག་ཉིད་ཅན་དུ་བསམས་ལ། བདག་ཉིད་ཀྱང་དེའི་ངོ་བོ་ཉིད་དུ་གྱུར་པ ་དང་། བསམ་གཏན་གྱི་ཕྲག་བྱའོ་ཞེས་བྱ་བ་ནི་དམ་ཚིག་གོ། ད་ནི་ཆེན་པོའི་ཡན་ལག་བཞི་བྱས་ནས། བདུད་རྨྱི་མྱང་བར་བྱའོ་ཞེས་བསྟན་པར་བྱ་བོའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་སངས ་རྒྱས་དག་ཞེས་བྱ་བ་ནི་དཀྱི་ལོ་འབྱོར་རམ། ཆོས་འབྱུང་གི་ནང་དུ་ཆུད་པ་རྣམས་ལཱ་འབར་པོ་ལ་སོགས་པའི་ཆོ་གས་བསྒྲུབ་ས་པཱའི་བདུད་རྩི་དབུལ་བར་བྱའོ།། དེ་ཡང་ཇི་སྐད་དུ་འབར་བའི་ཨོཾ་གྱིས་བྱིན་བརླབས་བྱ་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། རྣལ་འབྱོར་པས་དུས་བཞིར་བྱེ་བ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སྩོགས་པ་ཡིན་ཏེ། རྡོ་རྗེ་ཐམས་ཅད་ནི་རྣམ་པར་འཁྲུལ་པ་སྟེ། དེ་རྣམས་ཀྱི་མི་སྣང་བ་ནི་རྣམ་པར་འཇིག་པ་རྣམ ་པོར་དག་པའི་ངོ་བོ་སྟེ། དེ་ཉིད་ནི་དམ་ཚིག་ཡིན་ཏེ་དེ་ཕྱུང་བའོ།། སྤྱད་ཅེས་བྱ་བ་ནི་ཕྱིའི་བུད་མེད་རང་སྣང་བའི་རིག་མའི་བདག་ཉིད་དུ་བྱས་ལ་གསལ་བར་སྣང་བའི་བདག་ཉིད་ཐུན་བཞིར་སྤྱད་པར་བྱའོ།། རྫུས་ཞེས་བྱ་བ་ནི ་དེ་ལས་ཟུང་བའི་དམ་ཚིག་རྡོ་རྗེས་ཆོ་ག་བཞིན་དུ་བླང་བར་བྱའོ།། ཡང་ན་རྫས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་སྤང་བར་བྱའོ།། རིག་པ་འཛིན་པའི་དམ་ཚིག་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ངང ་རྒྱན་དག་ལ་བསམ་གཏན་བསམ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་རིག་པ་འཛིན་པ་གྲུབ་པ་མགོ་ལ་བསམ་པར་བྱའོ།། ལས་དང་པོ་པ་རྣམས་ཀྱི་དམ་ཚིག་བཤད་པའི་ཕྱིར་གསུངས་པ་ནི ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་རྡོ་རྗེ་ཞེས་བྱ་བ་ནི་ཉེ་བར་མཚོན་པོ་རྩམ་དུ་ཟད་དེ་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པའོ།། ཕྱི་རོལ་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ལྟ་བུར་རང་གི་ཁ་ཟས་ལ་བསམ ་པར་བྱའོ།། རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཧཱུ~ཾ་དགོད་པའི་རྡོ་རྗེའོ་ལྕེ་དམ་པར་རྣལ་འབྱོར་པ་བདག་ཉིད་བྱ་བ་སྟེ་དེ་ནས་དེ་བཟའ་བྱའོ།། འདི་དག་ཀྱང་། མདོར་བསྟན་ཆོ་ག་སྤྱད་པར་བྱ་ཞེས་བྱ་བ་སྟེ། མདོ་ནམ་དུ་བྱས་པའི་བྱ་བ་ཞེས་བྱ་བའི ་དོན་ཏྭོ།། འདི་དག་ཐམས་ཅད་ནི་ལྷ་རྣམས་ཀྱི་འཁོར་ལོ་ལ་སོགས་པར་བསམ་པར་བྱའོ།། དེ་ཡང་ཇི་སྐད་དུ། ཀུན་ཏུ་མཉྩ་མ་ཞིང་རྣམ་པར་དགྲ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ད་ནཱི་བཱནོམ་ལྡན་འོད་སྣ ་ཡིད་ཀྱིས་མཛད་བྱ་གསུངས་པ་ནི།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་འཛིན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ཉིད་ནི་སྙིང ་བོ་སྟེ། དེ་ཁོ་ན་ཉིད་དོ།། ངའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་མཉམ་པ་ཉིད་ལ་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པའི་རྗེས་ཐོགས་ལ། དེ་རྣ་བཞིན་གཤེགས་པ་རྣམས་ཀྱིས ་བཀའ་སྩལ་པུ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དམིགས་སུ་མེད་པ་སྟེ་དེ་བཞིན་ཉིད་དེ་དེའི་ངོ་བོ་ཉིད་དོ།། རང་གཱི་རང་བཞིན་ལས་མི་འགྱུར་བས་ན་མི་འགྱུར་བའི་གནས་སོ།། དེ་བས་ན་རྟོག་པའི་བདག་ཉིད་ཅན་དེ་ཉིད་ནི་ངོ་བ ་ཉིད་མེད་པའི་མི་འགྱུ་རུ་བའི་གནས་ཏེ། ཚིག་ལ་སོགས་པའི་ཚུལ་དང་བྲལ་བར་རྣམ་པར་བརྟགས་ནས་ཅང་མི་གསུང་བར་བཞུགས་སོ།། བཅོམ་ལྡན་འདས་འདི་ནི་ཐུགས་དེ་ལྟ་བུར་གྱུར་པ་ཡིནྡ་ལ་སྐུ་ཉིད་མི་འགྱུར་བ ་ཡིན་ཏེ། འདི་ཉིད་ནི་ཕྱིན་ཅི་ལོག་གི་ཚུལ་གྱིས་མ་སྐྱེས་པའོ།། གསུང་དང་ཐུགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།། དེ་ལྟར་ན་གསུང་དང་ཐུགས་ཀྱི་བྱེ་བ་རྫས་ཅན་གྱིས་མཚན་ཉིད་དང་བྲལ་བ་ཡིན་ཏེ། སྐུ་ཡང་དེ་བཞིན ་དུ་ཤེས་པར་བྱའོ།། སྒོ་ལ་སོགས་པའི་དེ་ཡང་དམིགས་སུ་མེད་པར་རྟོག་པ་ལས་ཡང་དག་པར་འབྱུང་བའོ།། དེ་བས་ན་ཁམསུ་གསུམ་པོ་འདི་ནི་ཕྱིན་ཅི་ལོག་པ་སྟེ་དེ་ལྟར་གྱུར་པས་ཡང་དག་པར་ཤེས་པས། ཡང ་པར་བསྡུས་ཤིང་བསྡམས་པ་ཡིན་ནོ།། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་རྗེས་ཐོགས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ་ཡིན་ནོ།། དེ་ཅིའི་སླད་དུ་ཞེ ་ན་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདི་ལྟར། རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཉིད་དེ། དེ་རྣམས་ཀྱི་སྤྱོད་པས ་འགྲོ་བའི་དོན་གྱིས་རྗེསུ་འགྲོ་བ་ཡིན་པས་ན་སེམས་ཅན་གྱི་དོན་གྱི་རྗེས་འགྲོ་བའོ།། འདི་སྐད་སྟོན་ཏེ། གང་དེ་བཞིན་གཤེགས་པ་གཞན་རྣམས་ཀྱིས་འཇིག་རྟེན་གྱི་བརྩོན་པའི་དབང་དུ་མཛད་ནས། ཕྱི་རོལ ་ལ་བརྟེན་པས་ཆོས་ཉིད་སྟོན་པ་ཡིན་ལ། དེ་བསྟ་ན་རྡོ་རྗེ་འཛིན་པས་ཀྱང་།། དེ་བཞིན་དུ་སྟོན་པར་མཛད་པར་རིགས་ཏེ། བྱིན་ཅི་ལོག་གིས་ཀུན་འབྱུང་བས། ཅིའི་ཕྱིར་དེ་ལ་རྟོག་པ་མཛད་ཅེས་བྱའོ།། དེ་ཡང་དེ་བཞིན་གཤེགས་པོ་རྣམ ་ཀྱིས་བཀའ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན་བྱ་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསོལ་པ་ཚངས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཚངས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག ་རྟེན་པའི་མངོན་པར་ཤེས་པའི་ཡེ་ཤེས་ཙམ་ཡོད་པར་གྱུར་པས་ཀྱང་། ཆོས་ཀྱི་དེ་ཁོ་ན་ཉིད་མྱ་ལུས་པར་མི་ཤེས་པ་རྣམས་འདི་ལྟར་རྣམ་པར་རྟོག་སྟེ། རྡོ་རྗེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དེ་ཁོ་ན་ཉིད ་མི་མཁྱེན་པར་ཅིའི་ཕྱིར་བཅོམ་ལྡན་འདས་ནི་ཆོས་རྣམས་སྟོན་པར་མཛད་ཅེས་དེ་རྣམས་བློ་ལ་སེམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ་ཚངས་པ་ལ་སོགས་པ་སྐད་ཅིག་མ་དེ་ལ་འཁྲུལ་པ་འདིར་འགྱུར་མོད་ཀྱི། དེ་ལྟར་ན་ཡང་ཆོས་ཉིད་ཇི་ལྟར་གནས་པ་བཞིན་དུ་བསྟན་པར་བྱའི། སེམས་ཅན་རྣམས་བསླུ་བར་ནི་མི་བྱ་སྟེ། དེས་ན་ཚངས་པོ་ལ་སོགས་པས་ཀྱིང ་རྣམ་པར་དཔྱོད་ན་ཤེས་བྱ་བར་འགྱུར་རོ།། ངེད་ཀྱིས་མི་ཤེས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཟབ་པ་ཉིད་དུ་བཤང་པ་ཡིན་ནོ།། སྐུ་གསུམ་གྱི་རྡོ་རྗེ་ཆོས་ཉིད་ཉེ་བར་གཟུང་ནས་བྱ་བ་ནི་དེ་ལྟ་བུའི་ཆོས་ཉིད་ཉེ་བར་གཟུང་ན། དེ་ལྟ ་བུ་ཉིད་ཀྱི་བྱ་བ་འབྱུང་བར་འགྱུར་ལ། ཆོས་ཉིད་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་ཡིན་ནོ།། དེ་བས་ན་ཞི་བ་དང་ནི་སྲིད་པའི་ངོ་བོ་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། སྨྲ་བར་བྱེད་པ་ཞེས ་བྱ་བ་ནི་དམྱིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྟོག་པས་ཀུན་རྫོབ་ཏུ་བཤད་པའོ།། སྒྱུ་མ་ཡིན་ཞེས་བྱ་བ་ནི་དངོས་སུ་ན་ཚིག་ལ་སོགས་པའི་ཚུལ་དང་བྲལ་བ་ཡིན་པའི་ཕྱིར་རོ།། འདི་བདག་ཉིད་གསལ ་བོར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་རྫས་ཐོགས་ལ། རྡོ་རྗེ་འཛིན་པས་གསུངས་པ་ནི་རང་གི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཞུས་པ་དང་། ལན ་ཀྱི་རིམ་གྱིས་ཆོས་ཉིད་དམིགས་མྱང་བའི་ཚུལ་ཉིད་དུ་གསུངས་པ་ཡིན་ནོ།། ཞེས་བྱ་བ་ནི་མདོར་བསྡུས་པའོ།། གང་དུ་སྐུ་དང་གསུང་དང་ཐུགས་མང་ཅི་སྲ་བྱ་བ་ནི་སྒྲ་ལ་སོག་སྡེ་པ་ན་མཁའ་དང ་འདྲ་བ་ཉིད་ཡིན་པའི་ཕྱིར་རོ།། དེར་གཟུགས་སུ་རྣམ་པར་བསྒོམ་ས་ཞེས་བྱ་བ་ནི།། དེའི་ཚུལ་གྱིས་དེ་ཉིད་ལ་རང་ཉིད་སོ་སོ་རེ་སྣང་བའི་རིག་པ་འབྱུང་བའི ་ཕྱིར་རོ།། ད་ནི་དབང་བསྐུར་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཡོངསུ་གྱུར་པའི་རྡོ་རྗེའོ།། སྤྱི་བོར ་རྡོ་རྗེ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྤྱི་བོར་མི་བསྐྱོད་པ་བསྒོམས་པའོ།། རྡོ་རྗེ་འཁོར་ལོ་འཛིན་པོ་ཞེས་བྱ་བ་ལ། དབུ་ལ་རང་གི་རྡོ་རྗེ་མི་བསྐྱོད་པ་འཛིན་པ་སྟེ། དེའི་རྟེན་སྐུའི་རྡོ་རྗེ་འཁོར་ལོ་འཛིན་པ་བསམ་པར་བྱའོ་ཞེས་སྦྱར་བར ་སྦྱར་རོ།། དེ་བཞིན་དུ་རིག་པའི་སྐྱེས་བུའི་གཟུགས་གཞན་དག་ལ་ཡང་རིགས་དབྱེ་བས་དབང་བསྐུར་བའི་ངེས་པ་བསམ་པར་བྱའོ། ཞེས་གསུངས་པ་ནི་ཐམས་ཅད་རིགས་ཀྱིས་བྱེ་བྲག་གིས་ཞེས་བྱ་བོ་ལ་སོགསོ་བ་ཡིན་ནོ།། ་མཆོག་འགྱུར་ཞེས་བྱ་བ་ནི་དེ་ལྟོ་བུས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། བསྒྲུབ་པར་བྱ་བ་འགྲུབ་པ་ན་བསྲུང་བར་བྱ་ཞིང་ཏིང་ངེ་འཛིན་གྱིས་ཀྱང་ཚིམ་པར་བྱས་ལ། སྐྱོན་བསམ་པར་བྱའོ།། ཞེས་བྱ་བ་གསལ་བར། ་བྱ་བའི་ཕྱིར། གསང་བློའི་དབྱིངས་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་སྤྱན་དང་མཱ་མ་ཀི་དག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྡོ་རྗེ་གསུམ་གྱིས་མཚན་མོའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ།། ཞེས ་བྱེ་བ་པོ་དྲན་པར་བྱ་བའི་ཕྱིརརོ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དང་གསུང་དང་ཐུགས་ཉིད་ནི་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་འངའི་མི་བྱ་བ་ཡིན་ནོ།། ཆོ་ག་བཞིན་དུ་ཐམས་ཅད་ཅེས་བྱ་བ་ནི་ཇི་སྐད ་བཤད་པའི་བསྐྱེད་པ་ལ་སོགས་པའི་ཆོ་གས་ཕྱག་རྒྱ་ཆེན་པོའི་དོན་ཐམས་ཅད་བརྟག་པར་བྱའོ།། ལག་པ་ཕྱག་རྒྱ་མི་བཅིང་ངོ་ཞེས་བྱ་བ་ནི་དཱི་ཡང་རྣམ་པར་གཡེང་བའི་ཚུལ་ཡིན་པའི་ཕྱིར་ཏེ། དགུག་པ་ལ་སོགས་པ་ཡིད ་ཉིད་ཀྱིས་བྱའོ།། ཆོ་ག་བཞིན་ཞེས་བྱ་བ་ནི་འབར་བ་ལ་སོགས་པ་བྱས་ནས་སོ།། བཟའ་ཞེས་བྱ་བ་ནི་བཤད་གཙོ་ལ་སོགས་པ་ཉིད་དོ།། བདུད་རྩི་ལྔ་ལ་སོགས་པའི་སྦྱོར་བ་རྣམས་ངེས་པར་བྱ་བ་ཉིད་དུ་བསྟན་པར་བྱ་བའི་ཕྱིར ་ཡང་ཉེ་བར་དགོད་པ་སྨོས་པ་ཡིན་ཏེ། དེ་བཞིན་དུ་འདིའི་འོག་མ་རྣམས་ཡང་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ།། ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་ནི་མདོར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་སྐྱེ ་མཆེད་རྣམ་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནཱི་འདི་སྐད་སྟོན་ཏེ། མིག་ལ་སོགས་པའི་གནས་རྣམས་ཉིད་དུ་སའི་སྙིང་པོ་ལ་སོགས་པ་བཞག་པར་བྱའི་གཟུགས་རྡོ་རྗེ་ལ་སོགས་པ་ལྟར་དཀྱིལ་འཁོར་པ་ནི་མ་ཡིན་ནོ།། རྡོ་རྗེ ་འཛིན་པ་དེ་ཉིད་ཡིན་ཞེས་བྱ་བ་ལྔ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་འཛིན་པས་ན་རྡོ་རྗེ་འཛིན་པ་སྟེ། ན་མཁའི་དབྱིངས་ཡིན་གྱི་སྟོན་པ་པོ་ནི་མ་ཡིན་ནོ།། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ཁྱད་པར་དུ་འཕགས་སོ།། ། ་ཞེས་བྱ་བ་ནི་གསང་བ་འདུས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་ས་འོག་མ་པའི་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ལས་ཁྱད་པར་དུ་འཕགས་པ ་ཡིན་ནོ།། དེ་ཡང་གང་གི་ཕྱིར་གསང་བ་འདུས་པའི་སློབ་དཔོན་ནི་ཚེ་འདི་ཉིད་ལ་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། ད་ནི་དེ་ལྟ་བུའི་སློབ་དཔོན་ལ་བརྙས་པ་བྱས་པའི་སེམས་ཅན ་རྨོངས་པ་ནི་དམྱལ་བར་འགྲོ་བར་འགྱུར་རོ།། ཞེས་སེམས་ཤིང་བྱམས་པ་ལ་སོགས་པ་ཅང་མི་སྨྲ་བར་གྱུར་པ་ཡིན་ནོ།། དེ་ནོས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། ཁྱེད་རྣམས་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནས ་བསམ་གཏན་དཀྱིལ་འཁོར་རོ།། ཞེས་བྱ་བའི་བཱར་ནཱི་དབང་བསྐུར་བ་དང་འབྲེལ་བ་ཡིན་ཏེ། བདག་གིས་མ་བཤད་དོ།། ཁྲོ་བོ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ་འདིར་རིམ་པ་ནི་འདི་ཡིན་ནོ།། ཆོ་ག་བཞིན་དུ་རྡོ་རྗེ་འཛིན་པ་ཡི་ངསུ་གྱུར་པ་ལས། ཡི་གེ་ཧྲཱིཿཞེས་བྱ་བཱ་ལས་བྱུང་བའི་མདུང་རྩི་གསུམ་པ་ལས་བྱུང་བ། ཉི་མའི་གདན་ནོ་ཁ་དོག་ནག་པོ་ཞལ་གསུམ་པོ་ཕྱག་གཡས་པ་གཉིས་ན། ་རྡོ་རྗེ་དང་རྩེ་གསུམ་བསྣམས་པ། གཡོན་པ་གཉིས་ན་ཐོད་པ་དང་ནོར་བུ་བསྣམས་པ་ཕྱག་གཙོ་བོ་གཉིས་ཀྱི་རྡོ་རྗེ་མཁའ་འགྲོ་ལ་འཁྱུད་པ། རྡོ་རྗེ་གསུམ་ལ་སོགས་པས་བྱིན་གྱིས་བརླབ་བྱའི་རྡོ་རྗེ་མཁའ་འགྲོ་བསམས་ལ ་བསྒྲུབ་པར་བྱ་བའི་ཤ་ལ་སོགས་པས་ན་མཁའི་ཁམས་གང་བར་བསམས་ཏེ། འོད་ཟེར་ལྔའི་འོད་དང་ལྡན་པའི་རང་གིས་ལྕེ་རྣམ་པར་འགྱུར་བ་བསྒོམས་ལ་བསྒྲུབ་པར་བྱ་བའི་ཁྲག་ལ་སོགས་པ་ཧཱུཾ་ཧྲི་ཁཾ་ཞེས་བྱ་བའི་སྔགས ་ཀྱིས་ཕབ་ལ་ཐོད་པ་ལས་བཏུང་བར་བྱའོ།། སྦྱོར་བ་འདི་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཕུར་བུས་གདབ་པར་ཡང་བྱའོ།། ཞེས་གསུངས་པ་ནི་རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་བསྒྲུབ་པར་བྱ་བའི་ཁྲག་ལ་སོགས་པ་དྲངས ་པར་འགྱུར་རོ།། དམ་ཚིག་བཟའ་བའི་རྫས་ག་སེལ་བར་བྱ་བ་ནི་བཟ་འ་བ་འམ་ཞེས་བྱ་བ་ལ་སོགས་པ་སྟེ། ཚི་ག་བཞིན་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པས་སོ།། མཆོད་པའི་ཡོ་བྱད་མཆོགས་ལྔ ་ཡིས།། མཆོད་པས་ཞེས་བྱ་བ་ནི་དཔའ་བོ་ལྔ་ལ་སོགས་པོས་ལྷ་རྣམས་ལ་མཆོད་པར་བྱའོ།། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་ལས་ལ་གནས་པར་གྱུར་ནས་བྱང་ཆུབ་ཀྱི་སེམས་རྒྱས་པས་ན་མཁའི ་ཁམས་བཀང་ལ། དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ཕྲ་རབ་ཀྱི་ཚོགས་དེ་བཞིན་གཤེགས་པའི་བཀོད་པར་བསྐྱེད་ནས་ལྷ་མོའི་པདྨར་བཅུག་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བསམས་ལ། རང་གི་ཁར་དྲངས་ཏེ་སྤྱད་ལ། ་དེས་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་དང་། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ།། སེམས་ཅན་ཁམས་རྣམས་མཐའ་ཡིས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བདག་གིས་མ་བཤད་དོ།། དམ་ཚིག་འཛིན་པ་ཞེས་བྱ་བ་ནི་རྒྱུད་ལས ་གསུངས་པའི་དམ་ཚིག་གི་སྤྱོད་པ་དང་དེ་ཁོ་ན་ཉིད་ཤེས་པར་བྱས་པའོ།། དམ་ཚིག་གསུམ་གྱི་རྡོ་རྗེས་སྤྱད་ཅེས་བྱ་བ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་ཆོ་ག་བཞིན་དུ་སྤྱད་པར་བྱའོ།། སྐུ་གསུང་ཐུགས་ཀྱི ་ལྗོངས་སྤྱོད་ཅེས་བྱ་བ་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་ཟླ་བ་ཞུ་པའི་གཟུགས་སོ།། དེར་གསུང་གནས་གསུམ་ནི་ཆོས་འབྱུང་བའོ།། རྡོ་རྗེ་ནི་རྡོ་རྗེ་སྟེ། དེ་གཉིས་ལས་བྱུང་བའི་བདེ་བ་ཆེན་པོ་སྐྱེས་པ་དེ་བདག་གིས ་བསྒྲུབ་པར་བྱ་ཞིང་བཟའ་ཞིང་དང། བ་ཡིན་ནོ།། ཞེས་བྱ་བ་དེ་ལྟ་བུའི་བསམ་པ་དང་ལྷག་པར་མོས་པས་བསྒོམ་པར་བྱ་སྟེ། མངོན་པར་ཞེན་པ་བརྟན་པོར་བྱ་བའི་དོན་ཏོ།། རྣལ་འབྱོར་པ་བསྒོམ་པས་དུབོ་པ་ལ། སྐྱོ་བ་བསལ ་པའི་འི་ཆོ་ག་གསུངས་པ་ནི། མཐོ་གང་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱི་བོའི་སྟེང་དུ་མཐོ་གང་ཙམ་གྱིས་སྤགས་པར་བདུད་རྩི་ལྔའི་དཀྱིལ་འཁོར་མཐོ་གང་ཙམ་པ་ཉིད་གདུགས་དཀར་པོ་ལྟ་བུ་ཡོངས་སུ་བརྟགསོ་ལ། དེའི ་དབུས་སུ་ནི་གནས་པའི་ཁ་དོག་ལྔ་པའི་ཨོཾ་གྱི་བོད་ཀྱིས་ཞུ་བར་གྱུར་ནས་ཟླ་བ་ལྟ་བུའི་བདུད་རྩིའི་རྒྱུན་ཉིད་རྐན་གྱི་ཕྱོགས་སུ་བབས་པས་སྐུ་རྡོ་རྗེ་ལ་སོགས་པ་རྩ་སྦུབས་མ་ལུས་པའི་རྒྱུ་བ་ནས་ཆོ་ག་བཞིན་དུ་ཚོམ་པར་བྱའོ།། འདི་དག ་བྱུང་རང་གི་སྙིང་པོ་རྙེད་ཉིང་ངེས་རྟོགས་པས་ནུས་བྱ་བ་ལ་སོགས་པའི་ཚོགས་སུ་བཅང་ས་དང་སྦྱར་བར་བྱ།། ཕྱི་རོལ་ཏུ་ལྟ་བ་ཡི་ཞེན་པའི་མྱ་ཚུད་རྗེན་གྱི་ལས་ལཾ་སོག་ཙྪ་བ་དགག་པ་གསུངས་པ་ནི། མཆོད་རྟེན ་གིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་ཞིག་ཕྱི་རལ་ལ་ཞེན་པའི་བློས་མཆོད་རྟེན་ལ་སོགས་པ་བྱེད་པ་དེ་ལ་ནི་བསོད་ནམས་ཅུང་ཟད་དུ་འགྱུར་མོད་ཀྱི། དེ་ལ་དམིགས་པས་མངོན་པར་ཞེན་པ་ནི་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ནཱི་མ་ཡིན་ནོ་ཞེས་ཤེས་པར་བྱའོ།། དུག་བསལ་བའི་ཆོ་ག་གསལ་བར་བྱ་བའི་ཕྱིར་གསུངས་པ་ནི་བྷྲཱུཾ་ཞེས་བྱ་བ་ལ་སོགས་པའོ།། འདིར་ཆོ་ག་ནཱི་འདི་ཡིན་ཏེ། ཡི་གེ་བྷྲཱུཾ་ལས་གཙུག་ཏོར་འཁོར་ལོས་སྒྱུར ་བོ་དཀར་པོའི་རྣལ་འབྱོར་རམ། རྣམ་པར་སྣོང་མཛོད་ཀྱི་རྣལ་འབྱོར་བྱས་ལ་ལག་པ་གཡས་པོར་ཡི་གཾ་བྷྲཱུཾ་ཉིད་འཁོར་ལོ་རྩིབས་བརྒྱུད་པ་དཀར་པོ་ལ་ངོའི་ལྟེ་བར་ཡཱཾ་གེ་ཙྪ་བོ་ཟེར་དཀར་པོ་དང་ལྡན་པ་རྣམ ་བསམས་ལ། དུག་གིས་ཁྱབ་པའི་ལུས་ལ་གནས་པའི་དུག་ལ་འོད་ཟེར་གཞུག་ཅིང་འབྱིན་པས་བྱ་བ་ཅིང་བསལ་བར་བྱའོ།། དོན་འདི་ཉིད་ལྷག་པར་བཅུག་ལ། རྟ་མགྲིན་ལ་བཤད་པའི་ཆོ་གས་དུག་དྲང་བར་བྱའོ། ་ཞེས་སྦྱར་བར་བྱའོ།། དེ་བཞིན་དུ་གནོན་པ་ལྔ་ཡང་ཁ་དོག་སེརུ་པོའི་རྣལ་འབྱོར་ལ་སོགས་པ་བྱ་སྟེ། སྔ་མ་བཞིན་དུ་ལས་རྣམས་ཅི་རིགས་པར་བྱའོ།། གྲོ་ག་ལ་སོགས་པ་ལ་བྲི་བར་བྱ་བ་འམ། བསྒོམ་པར་བྱ་བའི ་བསྲུང་བའི་འཁོར་ལོའི་ཆོ་ག་བཤད་པའི་ཕྱིར་གསུངས་པ་དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་བདག་གིས་མ་བཤད་དོ།། ཨཉྫ་ནའི་ཁྱད་པར་བཤད་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ་འདི་དག་ལ་དམིགས་ནས་ཆོ་ག་བཞིན་དུ་བཟློས་བརྗོད་འབུམ་བྱས་ཏེ། སྙོམས་པར་ཞུགས་པ་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས། ལམ་གྱི་བཞི་མདོ་ལོ་སོགས་པར་མར་གྱི་ངོའི་ཚེས་བཅུ་བཞི་ལ་མཚན ་ཕྱེད་ཀྱི་དུས་སུ་ཐོད་པའི་སྟེང་དུ་འདུག་སྟེ་ཐོད་པ་དེ་ལས་གཞན་པ་གཉིས་རྐང་པ་གཉིས་ཀྱི་འོག་ཏུ་བཞག་ནས་དཀྱིལ་འཁོར་བྲིས་ལ། ཁ་སྒྲུབ་པའི་ཐོད་པ་གསུམ་གྱི་སྟེང་དུ་གནས་ཏེ། བདུད་རྩི་ལྔ་ལ ་སོགས་པ་དང་བཅས་པའི་ཏིལ་མར་ཆེན་པོས་གང་བའི་ཁྲག་དང་བཤང་བ་ལ་སོགས་པས་བསྒོས་པའི་ཨརྐའི་ཤིང་བལ་གྱི་སྡོང་བུ་པདྨའི་སྦྲུལ་མས་དཀྲིས་པས་མེ་མར་སྦར་ནས་ཐོད་པ་གཉིས་པར་རང་གི་སྔགས་བཟླས ་པའི་དྲུད་པ་བཅུག་ལ། དེ་ཉིད་དུ་བཤཱད་མ་ཐག་པའི་ཕྲེང་བའི་སྔགས་ཀྱི་བརྒྱ་རྩ་བརྒྱད་མངོན་པར་བཟླས་པ་བྱས་ཏེ། མིག་ཏུ་བྱུག་པར་བྱའོ།། དེ་ནས་སྐུ་ལ་སོགས་པའི་དངོས་གྲུབ་གསུམ་དུ་འགྱུར་རོ།། ཆོས་ཀྱི་རྣམ་གྲངས་འདིའི ་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ།། ལན་གསུངས་པ་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ།། དེས་མ ་གསུངས་སོ་ཞེས་བྱ་བ་ནི་མར་མེ་མཛད་ལ་སོགས་པའི་བདག་ཉིད་མཛད་ནས་མ་གསུངས་པ་སྟེ། སྤྲོས་པ་མེད་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། མར་མེ་མཛད་ལ་སོགས་པ་ནི་ཐ་མི་དད ་པ་ཉིད་ཡིན་ལ། སྤྲོས་པའི་ཚུལ་གྱིས་ནི་ཁྱད་པར་ཡོད་དོ་ཞེས་བྱ་བར་དགོངས་སོ།། སྡུག་བསྔལ་གསུམ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་སྡུག་བསྔལ་ལོ།། དེའི་ཚེ་འབྱུང་བའི་སེམས་ཅན་འདི་ལྟ་སྟེ། སེམས་ཅན་རྣམ་པ་གཉིས ་དང་། འབྱུང་པོ་རྣམས་སྡུག་བསྔལ་གསུམ་དང་ལྡན་པར་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ངུ་བ་ཡིན་ནོ།། དེ་ནས་དེ་རྣམས་བཟློག་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་འགའ་སྩལ་པ་ནི་ཡི་གེ་འི་ཐུན ་མྱོང་སྟེ། ཞེས་བྱ་བ་ལ་སོགས་པའོ།། ཡི་གེའི་ཚིག་འདི་ནི་ཐུན་མོང་ཉིད་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་དེའི་ཚེ་གསང་བའི་ཡི་གེ་དེ་མི་ཤེས་པ་དེ་བཞི་ནི་ད། བདག་ཅག་རྣམས་ཀྱིས་ཀྱང་མངོན་པ ་རྫོགས་པར་སངས་རྒྱས་པ་ན། ཐུན་མོང་དུ་གྱུར་པའི་ཕོངས་པ་དེ་ལ་ཅིའི་ཕྱིར་མྱ་ངན་བྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཁྱེད་རྣམས་ཀྱིས་ཅིའི་ཕྱིར་གསང་བའི་ཡི་གང་རྣམས་མཁྱེན་པར་མ་གྱུར་ད ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ། གསུང་བའི་ཡི་གེ་གསུམ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཡི་གེ་དེ་རྣམས་ནི་སྐུ་ལ་སོགས་པ་རྣམ་པར་དོག་པའི་ངོ་བོ་ཉིད་ཡིན་ཞིང་དེ་ཁོ་ན་ཉིད་དུ་གྱུར་པ་ཐམས ་ཅད་མཁྱེན་པའི་རྒྱུ་ཡིན་ལ། བདག་ཅག་རྣམས་ནི་དེའི་ཚེ་མངོན་པར་རྫོགས་པར་སྤངས་མ་རྒྱས་པ་ཡིན་ཏེ། དེས་ན་བདག་ཅག་རྣམས་ཀྱིས་མི་ཤེས་པ་ཡིན་ནོ།། རྡོ་རྗེ་གསུམ་ཡི་གེ་སྔགས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ལ ་སོགས་པ་བསྒོམས་པར་བྱའོ།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་བར་སྐབས་འདིར་ཀཱ་ལིར་གྱུར་པའི་རྡོ་རྗེ་འཛིན་པ་ལ། ལྷ་མོ་རྣམས་ཀྱིས་བླངས་པའི་ཚིགས་སུ་བཅད་པ་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསང ་སོ། དྲེ་བས་ན་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ནི་གླུའི་སྒྲ་ཡིས་བསྐུལ་བར་བྱས་པར་བསྣམ་ཞེས་སྨོས་པ་ཡིན་ནོ།། རིག་མའི་པདྨའི་ནང་དུ་སྤྲུལ་པའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན ་གྱི་ཁམས་སྣོད་དུ་རུང་བར་བྱ་བའི་ཕྱིར། དབྱང་བསྐུར་བ་སྦྱིན་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དམ་ཚིག་གི་འཁོར་ལོས་ཞེས་བྱ་བ་ནི་ཡི་གེ་ཧཱུ~ཾ་ཡོངས་རིསུ་གྱུར་པའི་རྡོ་རྗེ་འཛིན་པའི་བདག་ཉིད་ཀྱིས་ནམ ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ནི་ཆོས་འབྱུང་བར་ཁང་པ་རྩེག་མ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པའི་ཚུལ་གྱིས་དབང་བསྐུར་བ་སྦྱིན་པའི་དོན་དང་། རབ་ཏུ་ལྡན་པས་ཟླ་བ་ཞུ་བས་གང ་བར་གྱུར་པའོ།། འདི་ནི་སེམས་ཅན་ཐམས་ཅད་ཀྱི་དབང་བསྐུར་བའོ།། དེ་ཡང་ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་དང་། དེས་ནི་དེ་རྣམས་དེ་འོག་དབང་བསྐུར་བྱ་ཞེས་སྨོས་པ་ཡིན་ནོ།། དེ་ནས་སེམས་ཅན་དེ་རྣམས་རྡོ་རྗེའི་ཡེ་ཤེས ་ཅན་དུ་གྱུར་ཏོ།། དེ་ཡང་ཇི་སྐད་དུ་སའི་སྙིང་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། འདོད་པའི་ཁམས་ན་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་རྟོགས་པར་བྱ་བའི་ངོ་བོ་ཉིད་ལས་ཐ་དད་པར་གྱུར་པའི ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དགག་པ་ཡིན་ཏེ། ཆོས་ཐམས་ཅོད་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱིས་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ།། དེ་ཡང་ཇི་སྐད་དུ་ཞི་བ་དང་ནི་སྲིད་པའི་ངོ་བོ་འདི་རེ་ཞེས་བྱ་བ ་ལ་སོགས་པ་སྨོས་པ་ཡིན་ནོ།། ཁམས་གསུམ་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་དུ་རང་རང་གི་ངོ་བོ་ཐ་མི་དད་པར་གནས་སོ་ཞེས་བྱ་བའི ་དོན་ཏོ།། ལུས་དང་བྲལ་བས་ངག་དང་སེམས་ཉེ་བར་དགོད་པ་སྟེ། དེ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེ་བཞིན་དུ་འདིའི་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། དེ་སྐད་ཅེས ་བཀའ་སྩལ་ནས་ཞེས་བྱ་བའི་མཐར་ཐུག་པའི་ལེའུ་བཅུ་བདུན་གྱིས་ནི་རྩ་བའི་རྒྱུད་རྫོགས་པ་ཡིན་ནོ།། ལེའུ་བཅུ་བདུན་པོའི་འགྲེལ་པའོ།། ། དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱད་ཀྱི་འགྲེལ་པ་རྫོགས ་སོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྩ་བའི་རྒྱུད་ཀྱི་བཤད་པའི་ངོ་བོར་གྱུར་པ་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་གསུངས་པ་ཡ་ནཱ་ཏ། ཇི་སྐད ་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐོར་བ་དང་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དེ་དག་བསྟན་པའི་ལེའུ་བཅུ་བདུན་པ་ལས་བཤད་པའོ།། དངོས་པོ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་རང་གི་ལུས་ལ ་སོགས་པ་རྩེ་གཅིག་པ་སྟེ། འདི་ནི་བྱེད་པ་པོའི་ཁྱད་པར་རོ།། ཇི་ལྟ་བ་དང་ཞེས་བྱ་བ་ནི་ལུས་ལ་སོགས་པ་ལྷའི་བདག་ཉིད་ཅན་ཏེ། འདི་ནི་ལས་ཀྱིས་ཁྱད་པར་རོ།། དུས་ཇི་བཞིན་པར་ཞེས་བྱ་བ་ནི་གླེང་གཞིའི་ལེའུ་ལ་སོགས་པ ་ལས་གསུངས་པའི་རིམ་གྱིས་ཏེ། འདི་ནི་བྱ་བའི་ཁྱད་པར་རོ།། མཐོང་བ་ནི་སྐུའི་རྣམ་པས་སོ།། ཐོས་པ་ནི་གསུང་གི་རྣམ་པས་སོ།། ཁོང་དུ་ཆུད་པ་ནི་ཐུགས་ཀྱི་རྣམ་པས་ཏེ། སོ་སོ་རང་རིག་པའི་ཚུལ་གྱིས ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ།། རྡོ་རྗེ་གསུམ་གྱི་ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་ལ་གཽ་རིམ་ཇི་ལྟ་བ་བཞིན་དུ་བཞུགས་པ་འདི་ནི་སྐུ་གསུང་ཐུགས་ཀྱི་ངེས་པ་སྟེ། དེ་ནི་ངོ་མཚར་ཆེའོ།། དེའི་དོན་ནི་འདི་ཡིན་ཏེ། རྣལ ་འབྱོར་པ་རྣམས་ཀྱི་སྐུ་རྡོ་རྗེའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྐུ་རྡོ་རྗེ་ཉིད་ལ་རྣམ་པར་གནས་ལ་སྡུད་པ་ན་ཡང་རང་གི་སྐུ་རྡོ་རྗེ་ཉིད་ལྔ་རབ་ཏུ་འཇུག་གི་གཞན་དུ་ནི་མ་ཡིན་ཏེ། དེ་བཞིན་དུ་གཞན་དྲག་ལ་ཡང་སྦྱར་བར་བྱའོ།། ་དེ་བས་ན་འདིས་ནཱི་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁེམས་གསུམ་པ་ཐམས་ཅད་ཀྱི་ལས་ཞེས་བྱ་བ་ལ་སོགས་པ་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདས་མ་ཐག་པའི་དོན་སྟོན་པ་ཡིན་ནོ།། ་དུས་ས་གསུམ་རྡོ་རྗེའི་ངོ་བོ་ཉིད་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་སེམས་ཅན་ཐམས་ཅད་ཡང་དག་པར་འབྱུང་བ་ཡིན་ལ་དེ་བས་དེ་རྣམས་ནི་དོན་དམ་པར་སངས་རྒྱས་ཉིད་ཡིན་པར་གསུངས་སོ།། བྱང་ཆུབ ་རྡོ་རྗེའི་གནས་ཐོབ་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ན་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། ཞེས་གསུངས་པ་དང་། དེ་བ་ཞིན་དུ་སྲིད་དང་ཞི་བའི་ངོ་བོའི་ཆོས་ཉིད་དག། འདིར་ནི་དབྱེ་བ་འགའ་ཡང་ཡོད ་མཱིན་ཏེ།། གཟུང་བྱ་ལ་སྩོགས་རྣམ་བྲལ་བས།། དེ་ཕྱིར་ཐམས་ཅད་དུ་ནི་རྟག་ཏུ་འགྲུབ་ཅེས་བཤད་པས་སོ།། ཨེ་མའོ་འཁོར་བ་དག་གི་རྒྱུན།། ཨེ་མའོ་མཆོག་ཏུ་མྱ་ངན་འདས།། ཞེས་བྱ་བ་ནི་འཁོར་བའི་རྒྱུན་ཉིད་ནི་དེ་ཁོ་ན་ཉིད་ཞེས་བྱ ་བ་ནི་མྱ་ངན་འདས་པའོ།། ཞེས་བྱ་བ་ནི་ངོ་མཚར་ཆེའོ།། དེ་ཡང་འཁོར་བ་དང་ནཱི་མྱ་ངན་བླངས།། འདི་གཉིས་ཡོད་པ་མ་ཡིན་ཏེ།། འཁོར་བ་ཡོངས་སུ་ཤེས་པ་ནཽ།། མྱ་ངན་འདས་ཞེས་བཤད་པ་ཡིན་ཞེས་འབྱུང་བའོ།། གསང་བ་ཞེས ་འདིར་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ་ཡིན་ཏེ། ཞུས་པ་འདི་རྣམས་ཀྱི་དོན་ནི་འོག་ནས་བཤད་པ་ལས་འདི་ཉིད་གསལ་བར་སྟོན་པར་འགྱུར་རོ།། ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་ཞེས་བྱ་བ་ལ་སྡིགས་པ་ནི་རང་རང་གི་ལུས་དང་ངག་ཡིད་རྡོ་རྗེ་རྣམས་ཀྱིས་སོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་ཞེས་བྱ་བ་ནི་ཡང་དྲུག་པར་རྟོགས་པའི་བདག་ཉིད་ཅནྡ་གྱི་རྡོ་རྗེ་ཅན་སྐུ་ལ་སོགས་པའི ་ལྕེའི་བདག་ཉིད་ཅན་དུ་ཡང་དག་པར་གཟུང་ཞིང་ཡང་དག་པར་རྟོགས་པ་ལ་རྩེ་གཅིག་ཏུ་བྱས་ནས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པའི་གསུང་དང་རྗེས་སུ་མཐུན་པར་ངོ་ཉིད་ལ་བྱང་ཆུ་བ་སེམས་དཔ ་དེ་རྣམས་རྗེས་སུ་འཇུག་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་སྐུ་རྡོ་རྗེ་ལ་སོགས་པ་རང་རང་གི ་ལུས་རྡོ་རྗེ་ལ་སོགས་པས་དམྱིགས་ན། ལུས་ལ་སོགས་པའི་ངོ་བོ་ཉིད་རྡོ་རྗེ་འཆང་གི་བདག་ཉིད་ཡིན་པར་རྟོགས་ཤིང་མངོན་དུ་བྱས་ནས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། བྱིན་གྱིས་བརླབས་ནས་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཉན་པ་པོའི་སློབ་མ་ཉིད་དུ་གྱུར་པར་མཛད་ཅེས་བྱ་བའི་དོན་ཏོ།། འདི་ཉིད་ནི་ཆོས་སྟོན་པར་མཛད་པའི་དུས་ཡིན་ནོ།། ད་ནི་ཞུས་པ་རྣམས་ཀྱི་ལན་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ནི་རྣམ་པ ་གསུམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་འབྲེལ་པ་ཇི་ལྟ་བུ་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་ལྔ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྔ་པཾ་ལས་ནི་སྒྲུབ་པ་པོ་གསུངས་ལ། དགུ་པ་ལས་ནི་དམ་ཚིག་བཞི་གསུང ་སོ།། བཅུ་བདུན་པོ་ཞེས་པ་ནི་བཅུ་བདུན་པ་ལས་ནི་བཾ་སྲུང་བར་བྱ་བའི་དམ་ཚིག་གོ།། བཅུ་གསུམ་པཾ་ལས་ནི་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་གསུངས་སོ།། དེའི་དོན་ནི་འདི་ཡིན་ཏེ། ལྔ་པ་ལས་བཤད་པའི་སྒྲུབ་པ་པོ་ནི་ལེའུ་དགུ ་པ་ལ་སོགས་པ་ལས་གསུངས་པའི་དོན་དང་འབྲེལ་ཏེ། དེ་བསོ་ན་འདི་ནི་བཅོམ་ལྡན་འདས་ཀྱིས་གང་བསྟན་པར་མཛད་པ་དེ་ཉིད་ནི་སྒྲུབ་པ་ཆེན་པོའོ།། བཞི་པར་ནི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ། སློབ་དཔོན་གྱི་ལས་དེ་ཡང་བཅུ ་དྲུག་པ་ལས་བརྟུལ་ཞུགས་དང་དཀྱིལ་འཁོར་གསུངས་སོ།། བརྒྱད་པ་ལས་ནི་དེ་ཁོ་ན་ཉིད་དང་རྗེས་སུ་འབྲེལ་བའི་མཆོད་པ་གསུང་ས་ཏེ་དེ་ཉིད་ནི་སྡོམ་པའོ།། བཅུ་གཉིས་པ་ལས་ནི་ཐུན་མོང་གི་དངོས་གྲུབ་གསུངས་སོ།། བརྒྱད་པ ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བརྒྱད་པའི་སྒྲ་སྨོས་པའི་ཕྱིར་གཞུང་ལྷག་པ་ཡིན་པས་ན་དྲུག་པ་ཡིན་པར་བརྒྱད་ལ། དེ་ལ་དྲུག་པ་ལས་ནི་རྗེས་སུ་གཉིས་པ་དང་ཉེ་བར་སྒྲུབ་པ་གསུངས་སོ།། གཉིས་པ་ལས་ནི་དམ་ཚིག་ཅེས་བྱ་བ ་བྱང་ཆུབ་ཀྱི་སེམས་གསུངས་སོ།། བཅུ་པ་དང་བཅུ་བཞི་པ་ལས་ནི་དྲག་པོའི་སྦྱོར་བ་གསུངས་སོ།། བདུན་པ་ལས་ནི་སྒྲུབ་པའི་སྡོམ་པ་རྗེས་སུ་དྲན་པའི་ངོ་བོ་ཉིད་གསུངས་སོ།། གསུམ་པ་ལས་ནི་བསྙེན་པའོ།། བཅུ་གཅིག་པོ་ལྔ ་ནི་དངོས་གྲུབ་ཀྱི་ཞིང་རི་བོ་ལ་ལ་སོགས་པའོ།། དེ་ཉིད་དུ་བཅུ་ཞེས་བྱ་བའི་སྒྲ་ནི་མི་མངོན་པར་བྱས་ནས་ལེའུ་དང་པོ་བཟུང་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལྷ་རྣམས་འབྱིན་པ་ལ་སོགས་པ་གསུངས་པ ་ཡིན་ནོ།། བཻ་ཙ་ལྔ་པ་ལས་ནི་བསྐྱེད་པའི་རིམ་པ་དང་འབྲེལ་པའི་ལྷའི་དཀྱིལ་འཁོར་བསྐྱེད་པའི་བསྒྲུབ་པའི་གོ་རིམས་ཀྱི་སྦྱོར་བ་གསུངས་སོ།། བསྙེན་པ་རྡོ་རྗེའི་ཆོ་ག་བཞི་ཞེས་བྱ་བ་ནི་རྡོ་རྗེ་བཞིས་བསྙེན་པ་བྱའོ་ཞེས་སྟོན་ཏོ།། མཆོག ་ཏུ་གྱུར་པ་གཞུང་ཉིད་དོ།། ཞེས་བྱ་བ་ནི་དངོས་གྲུབ་མཆོག་དང་འབྲེལ་པའི་གཞུང་ངོ་།། སློབ་མ་བཟང་པོ་ལ་སངས་རྒྱས་ལ་སོགས་པ་དང་འབྲེལ་བར་སྟོན་པ་ཉིད་ནི་དེའི་འཁོར་བ་ལས་ཡེངསུ་གྲོལ་བ་ཞེས་བྱོ་སྟེ། དེ་དག་ཐམས་ཅད ་ནི་ལེའུ་དེ་དང་དེ་དོག་ལས་ཅི་རིགས་པར་གསུངས་སོ་ཞེས་བྱ་བ་ནི་རྒྱུད་ཀྱི་འབྲེལ་པ་ཡིན་ནོ།། རྣལ་འབྱོར་ཞེས་འདིར་ཅི་ལ་བགྱི་ཞེས་བགྱི་བའི་ལན་བསྟན་པར་བྱ་བའི་ཕྱིར་ཤེས་རབ་ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་དེ་ལྟར་དང་པོ་རྒྱུད་ཀྱི་འབྲེལ་པ་གསུངས་ནས། དྲ་ནི་རྒྱུད་ཅེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར་རྒྱུད་ནི་རྒྱན་ཞེས་བྱ་བར་གྲགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་དང་རང་བཞིན་རྒྱུ ་ཡིན་ཞེས་བྱ་ལ་རང་བཞིན་ནི་རྣམ་པ་འམ་འབྱུང་གནས་ཏེ། ཁྱད་པར་གྱི་རྒྱུ་ལ་རང་བཞིན་ཞེས་བྱའོ།། ཞེས་བྱ་བའི་དོན་ཏོ།། རང་བཞིན་དེ་ཉིད་ཀྱི་འབྲས་བུ་ནི་མི་འཕྲོག་པ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་དང ་འབྲས་བུ་དབྱེར་མེད་པས་སོ།། བཞིའི་དོན་རྣམ་པར་དབྱེ་བ་ནི་ཐབས་ཞེས་བཤོཟོང་པ་སྟེ་ཞེས་བྱ་བ་ཡིན་ཏེ་ཆོས་འབྱུང་བའི་གཞལ་ཡས་ཁང་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་རྒྱུན་གསུམ་པོ་དེ་དག་ལ་ནི་རྒྱུན་ཅེས་བྱའོ།། རྒྱུ་ན་ལས ་རབ་ཏུ་སྟོན་པོའི་ཕྱིར་རོ།། གལ་ཏེ་རྒྱུད་འདི་ལས་གཞན་དག་ཀྱང་སྟོན་པ་དེ་དག་གསུམ་པོ་འདི་དག་གི་ནང་དུ་འདུས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རིགས་གསུམ་ཞེས་བསྟན་པ་གསུངས་ཏེ། དངོས་པོ་གང་ཡིན་པ་དེ་དག ་ནི་སེམས་སུ་རིགས་གཅིག་ལ་དེ་རྣམ་པར་སྤྲོས་པ་རྣམས་སྐུ་ལ་སོགས་པའི་དབྱེ་བ་ལས་ནི་རིགས་གསུམ་དུ་འགྱུར་ལ་རིགས་ལྔའི་སངས་རྒྱས་ཀྱི་དབྱེ་བ་ལས་ནི་རིགས་ལྔར་འགྱུར་རོ།། དེ་རྣམས་ཉིད་རྣམ་པར་ཕྱེ་བའི་དབྱེ་བ ་ལས་ནི་རིགས་བརྒྱར་འགྱུར་བ་འདི་ནི་ཉེ་བར་མཚོན་པ་ཙམ་སྟེ། རྣམ་པ་འདི་ཉིད་ཀྱིས་ན་རིགས་རྣམས་ཀྱི་དབྱེ་བ་ནི་མཐའ་ཡས་སོ།། དེ་བས་ན་རིགས་འདི་དག་དང་འདི་ལྟ་བུ་གཞན་དག་ཀྱང་རྒྱུ་དང་འབྲས་བུ་དང་བཞི་སྟེ། གསུམ ་དུ་ཇི་ལྟར་རིགས་པར་འདིའི་ཁོངས་སུ་གཏོགས་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་རྩ་བའི་རྒྱུད་བཤད་ནས་རྒྱུད་ཕྱི་མའི་ལེའུ་བཅོ་བརྒྱད་པར་བཤད་པའི་དོན་བསྟན་པའི་ཕྱིར། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུང ་ཏི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལེའུ་བཅུ་བདུན་པར་གསུངས་པའི་བཀའ་དང་བཅས་པར་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གང་གསུངས་པ་དེ་ཉིད་ནི་རྒྱུད་ཕྱི་མ་ཡིན་པར་འདོད་དེ་སྟོན་པ་པོས་དོན་ཇི་ལྟ་བུ ་གསུངས་པ་དེ་དང་འདྲ་བར་བཤད་པའི་ཚུལ་ཉིད་ནི་རྒྱུད་ཕྱི་མ་ཞེས་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་རྣམ་པ་དུ་རུ་བཤད་ཅེས་བྱ་བ་ལ་སོགས་པ་དྲིས་པ་བཞི་ལ་ལན་བཞི་བསྟན་པར་བྱ་བའི་ཕྱིར་དེ་ཉིད་རྣམ་པ་ལྔ་རུ་བཤད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་རྣམ་པ་གསུམ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཉིད་ལ་བྱ་སྟེ། དྲོན་འདི་ནི་སྔར་སྐུ་གསུང་ཐུགས་ནི་རྣམ་པ་གསུམ། གསང་པོ་ཞེས་བྱ་བསྟན་པ་ཡིན་ཞེས་འདྲི་ཉིད ་ཀྱི་ནང་ནས་བཤད་ཟིན་མོད་ཀྱི་འོན་ཀྱང་ཡང་དྲིས་པའི་རིམ་པའི་སྒོ་ནས་རིགས་ལྔའི་དབྱེ་བས་དེ་ཁོ་ན་ཉིད་ལ་སོགས་པའི་ཆོས་ཀྱི་མཚོན་པ་མཛད་པ་ནི་དེ་ཉིད་དྲན་པའི་ཕྱིར་གསུངས་པ་ཡིན་པས་ན་འདི་ལ་ཟློས་པའི་ཉེས ་པ་ཡོད་པ་མ་ཡིན་ཏེ་བཅོམ་ལྡན་འདས་ནི་སེམས་ཅན་གྱི་བསམ་པའི་དབང་གིས་བསྟན་པར་མཛད་ཟིན་པའི་དོན་ལ་ཡང་མིང་གི་རྣམ་པ་གསུངས་པ་ནི་སྲིད་པ་ཡིན་ནོ།། ཆེ་བའི་ལྷ་ནི་བདག་པོར་གྱུར་པའི་ལྷ་སྟེ་ཐུགས ་རྣམ་པར་དག་པའི་རང་བཞིན་དོན་དམ་པར་རིགས་གཅིག་པའི་ངོ་བོ་ཉིད་དོ།། གསང་བ་ཞེས་བྱ་བ་ནི་བརྡ་ལ་བྱའོ།། བྱང་ཆུབ་སེམས་ཞེས་གང་ལ་བགྱི། ཞེས་འདིར་སྨྲས་པའི་ལན་བསྟན་པའི ་ཕྱིར་ཐོག་མ་ཐ་མ་མེད་ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་དང་དངོས་མེད་མི་ཟད་ཅེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེ་བའི་རྫས་དང་བྲལ་བའོ།། སེམས་གཙོ་བོ་ཞེས་བྱ་བ་ནི་མིག་གཡོར་གྱི་ཚུལ་གྱིས ་ཁྱབ་པའོ།། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ནོ།། དེ་བཞིན་རིགས་པའི་སྐྱེས་བུ་ཅི་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། མི་ཕྱེད་པས་ནི་ཞེས་བྱ་བ་ལས་ཐབ་དང་ཤེས་རབ་ནི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཀྱི་གཉིས་སུ་མེད་པའི་ངོ་ཚུལ་དུ་ངོ་བོ་ཉིད་གཅིག་པས་མི་ཕྱེད་པས་སོ།། ཕྱེ་བའི་དངོས་ཞེས་བྱ་བ་དེ་དག་ཉིད་རྣམ་པར་དབྱེ་བའི་དབྱེ ་བས་ཕྱེ་བས་སོ།། བཛྲ་དྷྲྀཀ་ཅེས་གང་ལ་བགྱི་ཞེས་བྱ་བ་ལ་སོགས་པ་དྲིས་པ་ལྔ་ལ་ལན་ལྔའི་ཚོགསུ་བཅད་པ་བསྟན་པ་ནི་རྒྱུ་ལྔ་དང་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྒྱུ་ལྔ་ནི་རྒྱུར་གྱུར་པའོ།། འབྲས་བུ་ལྔ་ནི་འབྲས་བུར་གྱུར ་པ་སྟེ། རྡོ་རྗེའི་རྩེ་ལྔ་ནི་སངས་རྒྱས་ལྔའི་བདག་ཉིད་ཅན་ཡིན་ལ། དེ་ཉིད་སྟེང་དང་འོག་གི་ཆས་རྒྱུ་དང་འབྲས་བུ་རྣམ་པར་དག་པོའི་གཟུགས་ཅན་ནི་རྡོ་རྗེ་ཞེས་བྱ་ལ་དེ་འཆང་བར་མཛད་པས་ནི་རྡོ་རྗེ་འཛིན་པའོ།། ཆོས་ཀྱི་དབྱིངས ་རྣམ་པར་དག་པ་ནི་རྣམ་པར་ཤེས་པ་སྟེ། དེ་ཉིད་ནི་ཡིད་ཅེས་ཀྱང་བྱའོ།། ཡོད་དང་མེད་དང་དབུས་ལས་འདས་ཞེས་བྱ་བ་ནི་ཡོད་པ་དང་མེད་པའོ་ཞེས་བྱ་བའི་རྣམ་པར་རྟོགས་པ་དང་བྲལ་ཞིང་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི ་མེ་ལོང་རྣམ་པར་དག་པའི་གཟུགས་ཅན་ཡིན་ལ། དེ་ཉིད་ནི་སེམས་ཅན་ཀུན་གྱི་ལུས་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའོ།། དེ་ནི་འདི་ལྟར་ཛི་ན་ཛིཀ་ཅེས་བྱའོ།། ཛི་ན་ཞེས་བྱ་བའི་སྒྲ་ཉིད་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། ་སྐྱེས་ལས་རྒྱལ་བ་ཞེས་བྱ་བར་གསུངས་ཏེ། ཛི་ནའི་སྒྲ་ནི་སྐྱེ་བ་ལ་བྱ་ལ་དེ་ལས་རྒྱལ་བར་མཛད་པཱསྟྲ་ནི་ཛཱི་ན་ཛིཀྵ་ཅེས་བྱ་སྟེ། བརྟགས་པའི་བདག་ཉིད་དུ་མི་སྐྱེའོ།། ཞེས་བྱ་བའི་དོན་ཏོ།། དོན་རྣམས་ཐམས་ཅད་ཅེས་བྱ་བའི ་དྲོན་ཐམས་ཅད་ཀྱི་གང་མཉམ་པ་ཉིད་དེ་ལྔས་ཀུན་ཏུ་འབྱུང་བ་ནི་དེ་རྣམ་པར་དག་པའི་སེམས་ཉིད་ནི་རིན་པོ་ཆེ་དེ་ཡིན། དེ་ཡང་ཚོར་བ་པོས་རང་རིག་པས་ངེས་པར་ཚོར་བ་ཡིན་པས་ན། ཚོར་བ་རྣམ་པར་དག་པའི་ཡིད་ལ ་རིན་ཆེན་འཛིན་ཞེས་བྱ་བའོ།། མཚན་གཞི་མཚན་ཉིད་དངོས་པོས་ནི་ཞེས་བྱ་ལ། མཚན་གཞི་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ།། མཚན་ཉིད་ནི་དེའི་བརྟག་པའོ།། དངོས་པོ་ནི་རྣམ་པར་རྟོག་པའི་ངོ་བོ་དྲུག་པ་ཡིད་དེ། ་ངེས་རྣམ་པ་ཐམས་ཅོད་དུ་གང་རྟོག་ཅིང་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་སྟེ། དེ་རྣམ་པར་དག་པ་ཉིད་ཀྱི་མཚན་མར་མཚོན་པར་བཤད་མ་ཐག་པ་གང་ཡིན་པ་དེ་ནི་ཨ་རོ་ལིཀ་ཅེས་བྱའོ།། རྣམ་པར་ཤེས་རབ ་མཐར་ཕྲིན་བྱེད་ཅེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་ལ་རབ་ཀྱི་མཐར་ཕྱིན་པར་སློབ་པར་བྱེད་པའི་རྣམ་པར་ཤེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་གང་ཡིནྡྲ་པ་དེ་ནི་ཤེས་རབ་ཅེས་བྱ་ལ། ་དེ་འཛིན་པར་བྱེད་པས་འདུ་བྱེད་སེམས་པ་རྣམ་པར་དག་པའི་ཡིད་ནི་ཤེས་རབ་འཛིན་ཅེས་བྱ་བར་བཤད་དོ།། ད་ནི་དེ་བཞིན་གཤེགས་པ་ནི་འདིར་གང་ལགས་ཞེས་བྱ་བའི་ལན་འདིར་བསྟན་པའི་ཕྱིར། རིགས་ནི་རྒྱུད་ཅེས་བྱ་བར་བཤད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འཇིགས་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གཉིས་སུ་མེད་པའི་ངོ་བོ་ཉིད་ལྔ་ནཱི་རྣམ་པཪྵ་འཇིག་པ་མེད་དེ། སྐྱེ་བ་མེད་པ་གང་ཡིན་ཞེས་པ་ནི་སྐུ་དང་གསུང་དང་ཐུགས ་ཀྱི་ཆོ་སྣ་རྣམས་ནི་གཅིག་དང་དུ་མའི་སྦྱོར་བར་སྐྱེ་བ་མེད་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི། རྣམ་བྱར་དག་པ་ཉིད་ཀྱི་སྐྱེ་བ་མེད་པའི་ཕྱིར་རོ།། རིགས་ནི་ལྔ་པོ་འདི་ངག་སྟེ་ཞེས་བཤད་པའོ།། སྔགས་ཀྱི་སྒོ་ནས་སངས་རྒྱས ་རྣམས་ཀྱི་རྣམ་པར་དག་པ་སྔར་བཤོད་ནས། ད་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཕུང་པོའི་སྒོ་ནས་རྣམ་པར་དྲག་པར་གསུངས་པོ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་རྒྱུ་ལ་རྒྱུ་ཉིད་དང་། འབྲས་བུ་ཉིད་དུ་གང་མངོན་པར་ཞེན་པོ་སྟེ། ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་གསུངས་པའོ།། གཉིས་པོ་དེ་དག་གི་འཇིག་པའི་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་དེ་ནི་ཞེ་སྡང་ཡིན་པར་བཤད་དེ་རྒྱུ་དང་འབྲས་བུ་དག་ཐ་མི་དད་པར་མངོན་པར་ཞུགས་པའི་ཡེ ་ཤེས་ལ་ནི་ཞེ་སྡང་ཞེས་བྱ་བའི་དོན་ཏོ།། བེམ་པོས་བཅིངས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ཀྱི་ཕུང་པོ་དེ་ཉིད་སེམས་མེད་པས་བཅིངས་པའི་རང་བཞིན་ཡིན་ལ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཏི་མུག་ཅེས་བྱ་བར་བཤད ་དེ་ཐམས་ཅད་དུ་རང་རིག་པའི་ང་རྒྱལ་གྱི་རབ་ཏུ་འཇུག་པ་ནི་གཏི་མུག་ཆེན་པོ་ཞེས་བྱ་བའི་དོན་ནོ་ཚུར་བ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་སྟེ། དྲེགས་པ་དང་ང་རྒྱལ་ལ་སོགས་པ་རྗེས་སུ་མྱོང་བའི་ངོ་བོའོ།། དེ་རྣམ་པར་དག་པས་ཐམས་ཅད་བདག ་མཉམ་མོ་ཞེས་བྱ་བའི་ང་རྒྱལ་གྱི་ངོ་བོ་ཉིད་ཀྱིས་མཉམ་པའི་བདག་ཉིད་ཅན་ནི་རིན་ཆེན་འབྱུང་ལྡན་ནོ།། འདུ་ཤེས་ནི་འདུ་ཤེས་ཀྱི་ཕུང་པོའོ།། དངོས་ལ་ཆགས་པའི་མཚན་ཉིད་ཅན་ཞེས་བྱ་བའི་མཚན་མར་ཉེ་བར་འཛིན་པའི་བདག་ཉིད་ཅན་ཏེ། ་དེ་རྣམ་པར་དག་པའི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་འདོད་ཆགས་ཀྱི་བདག་ཉིད་ཅན་ནི་འོད་དེ་དཔག་ཏུ་མེད་པའོ།། འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་རྣམ་པར་དག་པ་འདའ་བའི་ངོ་བོ་ཉིད་ནི་དོན་ཡོད་གྲུབ་པའོ།། རྐྱེན་གྱིས་དྲངས ་པའི་བདག་ཉིད་ཅན་ཞེས་བྱ་བའི་བདག་ཉིད་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱའི། གཞན་དག་གིས་ནི་མ་ཡིན་ནོ་ཞེས་ནན་ཏན་བྱེད་པས་དྲངས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ཞེས་བྱ་བའི་དོན ་ཏོ།། བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ།། ཞེས་བསྟན་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་གཅིག་ཏུ་མཉམ་པའི་ངོ་བོ་ཉིད་ཡིན་པས་སེམོས་ཡང ་དག་པར་བཟློག་པར་བྱ་བའི་ཕྱིར། སྲིད་པ་ཀུན་འབྱུང་ཞེས་བྱ་བ་གསུངས་ཏེ། དེ་ནི་སྲིད་པ་དང་མཉམ་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་དགོངས་སོ།། ད་ནི་འདི་ལས་འདོད་དང་ཐར་པ་རབ་བསྒྲུབ་པ་ཞེས་གསུངས ་པའི་འདོད་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་ནོ།། སྣ་ཚོགས་འདྲ་བ་ཡིན་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་དང་མཉམ ་པ་ཉིད་ཀྱི་རང་བཞིན་ནོ།། མངོན་ཕྱོག་ས་ཞེས་བྱ་བ་ནི་རང་རིག་པུ་ལ་མངོན་པར་ཕྱོགས་པའོ།། ལུས་ལས་སྐྱེས་ཞེས་བྱ་བ་ནི་བྱེམུསྭ་པ་དང་སྙིང་རྗེ་ལ་སོགས་པ་བསྒོམས་པ་ལས་ཡང་དག་པར་བྱུང་བའོ།། ད་ནི་མོ་ཧ་ཞེས་ནི་གང ་ལ་བགྱི་ཞེས་བྱ་བ་ལ་སོགས་པ་དྲོས་པའི་ལྷའི་ལན་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་རྣམས་གང་རང་གི་ངོ་བོ་ཉིད་ལྷག་པར་མོས ་པའི་ང་རྒྱལྔ་དེ་ལ་ནི་རྨོངས་པ་ཞེས་བྱ་བའོ་ཞེས་བཤད་འོ།། གང་ཕྱོགས་ངེས་པ་མེད་པའི་ངོ་བོས་ཕན་ཚུན་འཐུག་ཅིང་འཛེར་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ཉིད་ནི་ཞེ་སྡང་ངོ་།། གང་གི་མཚན་ཉིད་ངོ་བོ་ཉིད་གཉིས་སུ་མེད་པ ་ལ་ཞེན་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་ཉིད་ནི་འདོད་ཆགས་སོ།། གང་འདི་ལྟར་མི་ཆོད་ཅིང་མི་ཤིགས་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དེ་ནི་རྡོ་རྗེ་ཞེས་བཤད་དེ། བཞི་པོ་དེ་དག་ནི་དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག་ནི་གཅིག་ཏུ་གྱུར། ་པ་སྟེ། འདི་དག་ནི་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པ་ལྷ་མོ་བཞིའི་སྔགས་ཀྱི་དོན་གསུངས་པ་ཡིན་ནོ།། བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ།། ཞེས་གསུངས་པའི་སྒྲའི་དོན་ཕུན་སུམ་ཚོགས་པ་ཇི་ལྟར་ལགས་ཞེས་བྱས ་པ་འདིའི་ལྡན་བསྟན་པར་བྱ་བའི་ཕྱིར་བུད་མེད་བདེ་མཆོག་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་གསུངས་ཏེ། མོ་ཧ་ར་ཏཱི་ལ་སོགས་པ་འདི་དག་ནི་བདེ་མཆོག་གི་རྒྱུར་གྱུར་པས་ན་བདེ་མཆོག་སྟེ། དེ་ཉིད་ལ་ཕུན་སུམ་ཚོགས་པའོ ་ཞེས་བྱ་བའི་དོན་ཏོ།། གཏི་མུག་ལ་སྩོགས་པ་གསུམ་ལ་རྡོ་རྗེ་དགའ་བ་ཁོངས་སུ་གཏོགས་པར་བསྟན་པར་བྱ་བའི་ཕྱིར་གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དགའ ་བ་ནི་ཐམས་ཅད་ཀྱིས་རྗེས་སུ་འགྲོ་བ་སྟེ། རྒྱུ་དེས་ན་གཏི་མུག་ལ་སོགས་པའི་ཐབས་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའོ།། ཞེས་བཤད་ཅིང་གསུངས་པར་གྱུར་པ་ཡིན་ནོ།། ད་ནི་ཡ་མཱནྟ་ཀྲྀཏ་དོན་ནི་གང་ཞེས་བྱ་བ་ལ་སོགས་པ ་ཁྲོ་བོའི་སྔགས་བཞིའི་དོན་ཞུས་པའི་ལེན་བསྟན་པར་བྱ་བའི་ཕྱིར། མི་འཇིགས་པ་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཆོས་རྣམས་ནི་གཅིག་དང་དྲི་མ་ལ་སོགས་པའི་ཕྱིན་ཅི་ལོག་གི་ཚུལ ་མིས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་ན་མི་འཇིགས་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ། བཏགས་པའི་བདག་ཉིད་ཅན་ཉིད་ནི་འཇིགས་པ་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་ལུས་ལ་སོགས་པའི་དངོས་པ་འདི་དག་ཐམ ་ཀྱི་མི་འཇིགས་པའི་ངོ་བོ་ནི་དམ་ཚིག་སྟེ། ལུས་ལ་སོགས་པར་གཏོགས་པའི་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་ཡུལ་ལ་དང་པོ་རྣམ་པར་དག་པའི་ངོ་བོ་ཉིད་ནི་གཤིན་རྗེ་མཐར་བྱེད་ཅེས ་བྱ་བ་སྟེ། གང་གི་ཕྱིར་ཕྱིན་ཅི་ལོག་ནི་གཤིན་རྣོ་ཞེས་བྱ་ལ་དེའི་མཐའ་རྣམ་པར་འཇིག་པར་བྱེད་པའོ་ཞེས་བྱ་བར་དགོངས་སོ།། རྣམ་ཤེས་མིན་བདག་ཅེས་བྱ་བ་ནི་དོན་དམ་པར་མི་འགྱུར་བའི་ཚུལ་གྱིས་དག་པར་གྱུར་པ་འཛིན་པ ་པོའི་ངོ་བོ་ཉིད་དུ་མི་འགྱུར་བའི་ཆོས་རྣམས་ནི་བྱང་ཆུབ་པོའི་བདག་ཉིད་དོ།། དེ་ལྟ་བུའི་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེའི་ཚུལ་གྱིས་ན་ཤེས་རབ་མཐར་བྱེད་ཅེས་བྱ་སྟེ། ཉེས་པ་སྐྱེས་པ་རྣམས་སྤོང་བའི་ཕྱིར་དང་། ་མ་སྐྱེས་པ་རྣམས་ནི་མི་བསྐྱེད་པ་དང་། དེ་བཞིན་དུ་ཡང་དག་པར་བྱང་ཆུབ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར་དང་། སྐྱེས་པ་རྣམས་གནས་པར་བྱ་བའི་ཕྱིར་དང་། དད་པ་དང་ལྡན་པའི་བརྩོན་འགྲུས་རྣམ་པ་བཞི་པོ་དེ་རྣམ ་པར་དག་པའི་རང་བཞིན་རྒྱལ་བ་ཉིད་ནི་ཤེས་རབ་མཐར་བྱེད་ཅེས་བྱ་བ་སྟེ། འདི་ལྟ་བུའི་ཤེས་རབ་ཀྱི་ཉེས་པ་རྣམས་མཐར་བྱེད་པའི་ཞེས་དགོངས་སོ།། བརྗོད་མེད་བདག་ཉིད་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་ཉིད་ནི་བརྟག ་པར་མི་ནུས་པས་ན་བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཆོས་རྣམས་ཏེ། དེ་བས་ན་འདི་ལྟར་མིང་དང་གཟུགས་བློ་དངོས་པོ་མེད་ཅེས་བྱ་བ་སྟེ། གཟུགས་ལ་སོགས་པར་སོ་སོར་སྣང་བའི་བློ་དངོས་པོ་མེད་པ་སྟེ། མེད་པར་གྱུར ་པའི་དངོས་པོ་ལ་ནི་ཡུལ་མེད་དོ་ཞེས་བྱ་བའི་བར་དུའོ།། དེ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ཀྱི་དམ་ཚིག་གང་ཡིན་པ་དེས་ན། པདྨ་མཐར་བྱེད་ཅེས་བྱ་བ་སྟེ། བརྗོད་དུ་མེད་པའི་བདག་ཉིད་ཅན་གྱི་ཕུང་པོའི་ཡུལ་རྣམས་ལ་འདུན ་པ་དང་། བརྩོན་འགྲུས་ལ་སོགས་པས་དེ་རྣམས་ལ་སྐྱེས་བུ་དྲན་པ་དང་། བརྩོན་འགྲུས་རྩོམ་པར་གྱུར་པ་སྟེ། འདི་ནི་དངོས་པོའི་ཆོས་རྣམས་དང་བྲལ་བར་བྱུང་བའི་འདུན་པ་ལ་སོགས་པའི་ཡུལ་རྣམས་དྲན་པའི་པདྨ་ཞེས་བྱ ་ལ། དེ་ཉིད་འདུན་པ་མེད་པ་ལ་སོགས་པའི་ཉེས་པ་མཐོར་བྱེད་པས་ན། བཅོམ་ལྡན་འདས་པདྨ་མཐར་བྱེད་ཅེས་བྱའོ།། མི་རྟོག་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་འདི་ལྟར་ཞི་བ་ཉིད་ཡིན་པས་འཛིན་པ་པོ་ལ་སོགས་པའི་སྤྲོས ་པ་དང་བྲལ་བའི་ཕུང་པོ་ལྔ་རྣམས་ཡིན་ལ་དེ་ཉིད་འདིར་རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། རྗེས་སུ་འདའ་བར་མི་བྱ་བའི་ངོ་བོ་ཉིད་ཡིན་ལ། ཚུལ་དེས་ན་བགེགས་མཐར་བྱེད་ཅེས་བྱ་སྟེ་སྔར་བཤད་པའི་མི་རྟོག་པའི་ཆོས་རྣམས་ལ ་རྣལ་འབྱོར་པ་དྲན་པ་དང་ལྡན་པས་སེམས་རྩེ་གཅིག་པའི་ངོ་བོ་ཉིད་དངོས་པོའི་དེ་ཁོ་ན་ཉིད་ལ་དམྱིགས་པའི་ཏིང་ངེ་འཛིན་ནི་ཤེས་རབ་ཀྱི་རིགས་ལས་བྱུང་བ་རྫོགས་པར་གྱུར་པ་སྟེ། དེ་རྣམ་པར་དག་པའི་ངོ་བོ་ཉིད་ནི་ཁྱབ ་བདག་བགེགས་མཐར་བྱེད་པ་ཡིན་ཏེ། མ་དད་པ་ལ་སོགས་པའི་བགེགས་རྣམས་མཐར་བྱེད་པའོ་ཞེས་བྱ་བའི་དོན་ཏོ།། ད་ནི་ངེས་པར་བཤད་པ་བཞི་པོ་རྣམས་ཀྱིས་དོན་ཉིད་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི ་ངོ་བོ་ཉིད་ཡིན་པས་དེ་དག་ཤེས་པ་ལས་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་མི་འཇིགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཤིན་རྗེ་གཤེད་ཀྱི་བྱ་བ་གསལ་བར་བསྟན ་པར་བྱ་བའི་ཕྱིར། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ཅེས་བྱ་བ་ནི་ཐམས་ཅད་དུ་སོང་བའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་གཏི་མུག་ཆེན་པོའོ།། དེ་ཡང་གཏི་མུག་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་ཏེ། གཏི ་མུག་ཆེན་པོའི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རྣམ་པར་དྲུག་པའི་གཏི་མུག་ལ་བསླབས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། གཏི་མུག་ཟད་ཕྱིར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེའི་ཕྱི་ན་ཅི་ལོག་གི་རབ་ཏུ ་འཇུག་པ་འབྱུང་བ་ཟད་པར་བྱེད་པའི་སྒོའི་དབང་དུ་མཛད་པ་ནི་གཤིན་རྗེ་མཐར་བྱེད་ཅེས་བཤད་དོ།། དེ་ཉིད་ཀྱིས་ན་ལུས་མཐར་བྱེད་ཅེས་བྱ་སྟེ། འཇིག་ཚོགས་ལ་ལྟ་བ་མཐར་བྱེད་ཅིང་། རྣམ་པར་འཇིགས་པར་མཛད་པ ་དང་། འཛིན་པ་པོ་དང་བྲལ་བ་ཉིད་ཀྱི་ནི། ཤེས་རབ་མཐར་བྱེད་ཅེས་བྱ་བ་ཡང་དེ་ཉིད་དོ།། ཤེས་རབ་མཐར་བྱེད་ཀྱི་བྱ་བ་བསྟན་པའི་ཕྱིར། ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཉེས་པ་ཞེས་བྱ་བ་ནི་ཞེ་སྡང་ཆེན་པོ ་སྟེ། བདག་དང་གཞན་དུ་རྣམ་པར་འབྱེད་པ་དང་བྲལ་བའོ།། ཉེས་པོ་དེ་ཉིད་ལ་ཉེ་བར་སྤྱོད་པར་གྱུར་པ་ནི་ཞེ་སྡང་ཆེན་པོའི་བདག་ཉིད་མི་བསྐྱོད་པ་ཡོངས་སུ་དག་པའི་བདག་ཉིད་ལ་བསླབ་པ་ལས་སྐྱེ་ཞེས་བྱ་བའི་དོན་ཏོ།། ་ཉེས་པ་ཟད་ཕྱིར་ཞེས་བྱ་བ་མྱི་བསྐྱོད་པ་དེ་ལས་ཞེ་སྡང་ཁ་ཕྱིར་བལྟས་པའི་ཞེ་སྡང་གི་རབ་ཏུ་འཇུག་པ་འབྱུང་བ་ཟད་པར་མཛད་པའི་སྒོའི་དབང་དུ་མཛད་ནས་ཤེས་རབ་མཐར་བྱེད་ཅེས་གསུངས་སོ།། དེ་ཉིད་ཀྱིས་ནི་སེམས་ནི་མཐར ་བྱེད་ཅིང་ཞེས་པ་སྟེ། དེ་ཉིད་ཀྱིས་ནི་སེམས་ནི་ཞེས་བྱ་བ་ནི་འཛིན་པའི་བདག་ཉིད་ཅན་གྱི་སེམས་ཏེ། དེ་མཐར་བྱེད་པའོ།། དེ་ཉིད་ཀྱིས་ན་ཉོན་མོངས་མཐར་བྱེད་དེ། འཛིན་པ་པོའི་བདག་ཉིད་ཀྱི་རྒྱུར་གྱུར་པའི་ཉོན་མོངས་པ་གཞན ་གྱིས་མི་ཐུབ་པས་ན་དེ་འགོག་པར་མཛད་པའི་ཕྱིར་རོ།། དེ་བཞིན་དུ་པདྨ་མཐར་བྱེད་ཀྱི་དགོས་པ་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་འདི་དཔག་ཏུ་མེད་བྱའི་བྷདག་ཉིད་ཅནྡ ་གྱི་འདོད་ཆགས་ཆེན་པོའོ།། དེ་ཡང་རྣམ་པར་དག་པའི་ཆགས་པ་ལ་བསྒྲུབས་པ་ལས་སྐྱེ་བར་གྱུར་པ་སྟེ། དེ་ཡང་འོད་དཔག་ཏུ་མེད་པ་དེ་ནི་ཕྱིན་ཅི་ལོག་གི་ཆགས་པ་དང་འདྲེས་པའི་དོགས་པ་སེལ་བའི་མཆོག་ཡིན་པས། འདི ་ནི་པདྨ་མཐར་བྱེད་ཅེས་བྱའོ།། ངག་མཐར་བྱེད་ཅེས་བྱ་བ་ནི། ངག་གི་ངོ་བོ་འགོག་པར་མ་ཛ་པའོ།། དེ་ཉིད་ཀྱིས་ན་སྙོམས་པར་འཇུག་པ་མཐུར་བྱེད་པར་གྱུར་པ་ནི་རྒྱུ་མགྲིན་ཏེ། སྨེ་བ་པོ་དང་བརྗོད་པར་བྱ་བ་གང་ཡིན་པའི་སྙོམས ་པར་འཇུག་པ་ནི་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་དུ་འདུས་པ་སྟེ། དེ་རབ་ཏུ་འཇིག་པར་བྱེད་ཅེས་བྱ་བའི་དོན་ཏོ།། བགེགས་མཐར་བྱེད་ཀྱི་ཡང་སྦྱོར་བ་བསྟན་པའི་ཕྱིར། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན ་མོངས་པ་དང་ལས་ཀྱི་སྒྲིབ་པ་མ་ལུས་བཟང་པར་བྱེང་ནུས་པའི་ཡེ་ཤེས་ཉིད་བྱུ་བ་ཐམ་སྭཱ་རད་བྱེད་པས་བགེགས་མཐར་བྱེད་ཅེས་བྱ་བའི་དོན་ཏོ།། ཉོན་མོངས་རྗེཉྀ་སྒྲིབ་པ་ཡིན་ལ་དེ་རྣམ་བྱུ ་དག་པ་ནི་གཉིས་སུ་མེད་པར་ལྷག་པར་མོས་པ་ལས་ཐམས་ཅད་རྣམ་པར་དག་པར་གྱུར་ལ་དེ་ནས་ལས་ལས་སྐྱེསྨྲ་པའི་ཡང་། འབྲུས་བུ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། རྣམ་པ་དེ་འདྲའི་སེམས་ལྡན་ལུས་དེང་ནི། ་ངག་གིས་ལས་རྣམས་ཙྪི་ཡང་རུང་བ་དག། ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ།། རྫོགས་པའི་སངས་རྒྱས་ཀུན་གྱི་དེ་གསུངས་སོ།། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ།། རྡོ་རྗེའི་བདག་ཉིད་ཅན་དེ་དགྲ་ཇི་ལྟར་འབྱུང་བ་དེ ་ཡང་བསྟན་པར་བྱ་བའི་ཕྱིར་གཟུངས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གབང་བ་ནི་དེའི་རྣམ་པར་སོ་སོར་ཤེས་པའོ།། ཆགས་པ་ནི་དེ་ལ་རྗེས་སུ་ཕྱོགས་པའོ།། རྣམ་པ་ནི་འདྲ་བར་བསྐྱེད་པའོ།། མ་ག་ཡོ་བྱཱ་ནི་དྲན ་པའི་ཚུལ་མི་གཡོ་བ་དེ་ཉིད་དུ་བརྟན་པར་གྱུར་པའོ།། རྒྱུ་ཉིད་ནི་དེ་ཉིད་ཀྱི་གཉིས་སུ་མེད་པའི་རང་བཞིན་གྱིས་འབྲས་བུ་དང་མི་ཕྱེད་པར་སློབ་པའོ།། འབྲས་བུ་ཉིད་ནི་དེ་ཉིད་ཀྱི་རྒྱུའི་རྣམ་པཱ་དང་། གཉིས་སུ་མེད་པའི་བདག ་ཉིད་གིསལ་བར་གྱུར་པ་སྟེ། ང་ནི་འདིར་རྡོ་རྗེ་རྣམས་ཨོཾ་ཀྱིས་བསྐྱེད་པའོ།། དེ་ནི་ཁྲོ་བོའི་གནས་སྐབས་བཤད་པ་ཡིན་པས་ན། འདོད་པའི་རྒྱལ་པོ་ལ་སོགས་པ་ཡང་བཤད་པོ་བྱ་བའི་ཕྱིར། འདོད་པའི་རྒྱལ་བ་ཞེས་བྱ ་སོགས་པ་གསུངས་ཏེ། འབྱིན་པའི་སྔགས་ཀྱི་སྐབས་ན་མེད་པས་འདི་དག་དཀྱིལ་འཁོར་པ་མཱ་ཡཱན་པརརྱ་དགོངས་སོ།། སའི་སྙིང་པོ་དང་། ས་རྡོ་རྗེ་ལ་སོགས་པ་རྣམས་ཞུས་པ་མེད་ཀྱང་ཐེ་ཚོམ་མེད་པའི་དོན་དུ། མིང་ལ་སོགས ་པ་བསྟན་པར་བྱ་བའི་ཕྱིར། དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ནི་སའི་སྙིང་པོའོ།། དེ་ལ་སོགས་པ་དྲུག་ནི་མིག་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དོ།། དེ་དག་ཀྱང་གཟུགས་ཡོངས་སུ་དག ་བྱ་ཉིད་ཡིན་པས་འབྱུང་བ་ལས་གྱུར་པ་ཉིད་དུ་རྣམ་པར་གྲགས་སོ།། རིག་པའི་རྒྱལ་པོ་ཞེས་བཤད་དོ།། ཞེས་བྱ་བ་ལ་སོགས་པ་ལ་རིགས་པའི་རྒྱལ་པོའི་སྒྲ་དང་དེ་ཉིད་ཡིན་པར་བཤད་དོ།། སྣ་ལ་སོགས་པ་ཞེས་བྱ་བ་ལ ་སོགས་པ་ལས་རྡོ་རྗེ་ལ་སྩོགས་པ་ནི་སྤྱན་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། ན་མཁའ་རྡོ་རྗེ་དང་བཅས་པ་ནི་འབྱུང་བ་རྣམ་པ་ལྔ་ཉིད་དུ་རྣམ་པར་གྲག་སོ།། གཟུགས་རྡོ་རྗེ་ལ་སོགས་པའི་ཡང་མིང་ལ་སོགས་པ་བསྟོན་པར ་བྱ་བའི་ཕྱིར། གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་བདག་པོ་ཐམས་ཅད་ནི། འདོད་ཆགས་དེ་ཉིད་དོན་སེམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་བདག་པོའི་སྒྲས་ནི་གཟུགས་རྡོ་རྗེ ་ལོ་སོགས་པ་འབྱུང་བ་ལས་གྱུར་པའི་ལྷ་མོ་དྲུག་ཡིན་པར་རྣམ་པར་བཤད་དེ། འབྱུང་བ་ལས་གྱུར་པ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐབས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ།། གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མ ་དྲུག་པ་དེ་དག་ཉིད་ཀྱི་འབྱིན་པའི་སྔགས་བསྟན་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས ་པ་རྣམས་ཏེ་སྐུ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལས་དབྱུང་བར་བྱ་སྟེ། དེ་བས་ན་འདི་དག་ནི་དཀྱིལ་འཁོར་པ་ཉིད་ཡིན་གྱི། འདོད་པའི་རྒྱལ་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ།། ད་ནི་ཀུན་ཏུ་སྤྱོད་པ ་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ཐེ་ཚོ་བས་ད་ང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ཐབས་དང་ཤེས་རབ་ལས་བྱུང་ཞིང་སྐྱེས་པ་ནི་དཀྱིལ་འཁོར་གྱི་འཁོར ་རྣམ་པ་ཐམས་ཅད་དག་པར་ལྷག་པར་མོས་པས་ཕུང་པོ་ལ་སོགས་པ་གཉིས་སུ་མེད་པའི་སྦྱོར་བ་ངེས་པར་བྱས་ལ་སྔགས་པས་འཇིགས་པ་ཐམས་ཅད་དང་བྲལ་ཞིང་མི་འགྱུར་བའི་སེམས་ཀྱིས་སེང་གེ་དང་འདྲ་བར ་གནས་པར་བྱའོ།། རྣལ་འབྱོར་པ་དེ་ལ་གནས་པས་ནི་མི་བྱ་བ་ལ་སོགས་པ་ཅི་ཡང་མེད་དེ། སྔགས་པས་འདི་དག་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་འདི་ཉིད་ནི་མཉམ་པར་མཱ་བཞག་པ་སྟེ། སྨྱོན་པ་ལ་སོགས་པའི ་ཚུལ་གྱི་སྦྱོར་བ་ལ་ཀུན་ཏུ་སྤྱོད་པ་ཞེས་བཤད་དོ།། དེ་བསོ་ན་སྦྱོར་བ་འདིས་གང་སྤྱོད་པ་དེ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པས་ཀུན་ཏུ་སྤྱད་པ་ལ་སྤྱོད་པ་ཞེས་བཤད་དོ།། དེ་སྐད་དུ། ཕྱིན་ཅི་ལོག་རྟོག་རྣམ་གྲོལ་ན།། བྱ་བ ་མ་ལུས་པ་ནི་རྫོགས་པར་བྱ་ཞེས་བཤད་པས་སོ།། དེ་བཞིན་དུ་སྔགས་ཀྱི་སྤྱོད་པ་ཅི་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། རྐྱེན་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར ་ཤེས་པ་གང་འབྱུང་བར་འགྱུར་བ་དེ་ནི་ཡིད་ཀྱི་སྒྲར་བཤད་ལ། དེ་ཉིད་རྣམ་པར་དག་པས་འཁོར་བ་ལས་སྐྱོབ་པས་ན་མནྟ་སྟེ་སྔགས་སོ།། དེས་འཇིག་རྟེན་གྱི་སྤྱོད་པ་ལས་རྣམ་པར་གྲོལ་བའི་དམ་ཚིག་དང་། སྡོམ་པ་ཡོངས ་སུ་བསྲུང་བའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བའི་དོན་ཏོ།། འདིར་ནི་བཟླས་པ་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་རང་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཉིད་ཀྱི་གསང་སྔགས་བཟླས་པའི་ཆོ་གར་བཤད་པས། རྣམ་པར་བརྟགས་པའི་དབྱེ་བས་སྔགས་བརྗོད་ལ། སྤྲོ་བ་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ།། ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡེ་ཤེས ་སི་མྱས་དཔའི་ས་བོན་ཏེ། བྱང་ཆུབ་བདག་མེད་པའི་ངོ་བོ་ཉིད་ཀྱིས་སོ།། བདག་མེད་བཟླ་ངྒེ་ཞེས་བྱ་བ་ནི་འཛིན་པ་པོའི་རང་བཞིན་དང་བྲེལ་བྱ་སྟེ། དེ་ལྟ་བུའི་སངས་རྒྱས་ལྔ་པོ་སྣ་ཚོགས་རྡོ་རྗེའི་བདག་ཉིད་ཙུན་ཅིག་ཅར་སྤྲོ ་བསྡུའོ།། གཟུངས་ཞེས་བྱ་བ་ནི་གནས་པ་བརྟན་པར་བསྒོམ་པར་བྱའོ།། སྣ་ཚོགས་བཞིན་ཞེས་བྱ་བ་ནི། རང་ཉིད་དངོས་པོ་ཐམས་ཅད་ངོ་བོ་ཉིད་དུ་མོས་པ་སྟེ། ཇི་སྐད་དུ་ཡང་ན་བཟླས་ལ། སེམས་ཉིད་ནི་དངོས་ཀུན་བདག ་ཉིད་རང་གི་སེམས་དབང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་པའི་ངོ་བོ་ཡེ་ཤེས་ཀྱི་ས་བོན་ཏེ། དུས་གསུམ་ལ་ནི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་ཡང ་བཟླས་པའོ།། དེ་ནས་ཡང་སྤྲོ་བ་ལ་སོགས་པ་བྱ་བ་ནི་སྔགས་བཟླས་པའི་ཆོ་གའོ།། བཟླས་པ་ཞེས་བྱ་བའི་སྒྲ་ནཱི་སྨྲ་བ་ཡིན་པར་བཤད་པས་ངག་འདི་དག་ཐམས་ཅད་ཀྱང་སྔགས་ཀྱི་སྒྲར་བཤད་དེ། དེ་ཁོ་ན་ཉིད་བསྐུར་བའི ་ངོ་བོ་ཉིད་དུ་གྱུར་པས་སྔགས་དང་རྣལ་འབྱོར་པའི་ཐམས་ཅད་དུ་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པ་ཡིན་པའི་ཕྱིར་རོ།། དམ་ཚིག་སེམས་དཔའ་དང་འདྲ་བར་ཡེ་ཤེས་སེམས་དཔའ་ཡང་བསྒོམ་པར་བྱའོ།། ཞེས་བསྟན ་པབཔར་བྱ་བའི་ཕྱིར། ཇི་ལྟར་ཐུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སངས་རྒྱས་རྣམས་ཀྱི་སྤྲོ་བས་ཀྱང་དབང་བསྐུར་བ་ལ་སོགས་པ་དེ་བཞིན་དུ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་རྣམས་སྤྱི་བོར་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་སྤྱི་བོ་ན་ཡང་གང་གི་རིག་པ་གང་དང་གང་ཡིན་པ་ལྷན་ཅིག་ཏུ་སྦྱོར་བར་འགྱུར་བུ་ནི་རྡོ་རྗེ་འཆང་བཞིན་དུ་དེ་ཐམས་ཅད་ཀྱི་ཡང་ལོངས་སྤྱོད་རྣམ་བཞིར་ཤེས་པར་བྱའོ།། དེ་བསྟན་པའི་ཕྱིར་བདག་བྱིན་བརླབ ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་དེ་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བ་ནི་བདོག་ལ་བྱིན་གྱིས་བརླབ་པའོ།། སོགས་པའི་སྒྲས་ནི་ཐུགས་ལ་སོགས ་པའི་བྱིན་གྱིས་བརླབ་པའོ།། དེ་བས་ན་འདིས་ནི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་གསུངས་པ་ཡིན་ནོ།། འདི་དག་ཀྱང་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། ཐམས་ཅད་ལ་ཡང་དཀྱིལ་འཁོར་གྱི་བདག་པོ་གཙོ་བོ་རྣམས་ཀྱི ་བཞིན་དུ་བསྟན་པར་བྱའོ།། ཕྱག་རྒྱ་གང་ལྷ་བགྱི་ཞེས་བྱ་བྱ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། དཔའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་པོ་ཕྱག་རྒྱ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་སྟེ། ་རྗེས་སུ་མཐུན་པས་རིགས་ཀྱི་བོདག་པོས་རྒྱས་གདབ་བོ།། འབྲས་བུ་ཞེས་བྱ་བ་ནི་མི་བསྐྱོད་པས་སོ།། རྒྱུ་ནི། རྡོ་རྗེ་འཆང་བ་སྟེ། འབྲས་བུ་མི་བསྐྱོད་པ་རྡོ་རྗེ་འཆང་བས་གདབ་བོ།། ཆོས་འབྱུང་བ་ནི་ཇི་ལྟར་བསྒོམ་ཞེས་པ ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ལོངས་སྤྱོད་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོངས་སྤྱོད་བཞི་ནི་བསྙེན་པ་ལ་སོགས་པ་སྟེ། དེ་དང་ལྡན་པའི་རྡོ་རྗེ་ཅན་ལྷ་ཐམས་ཅད་དང་ལྡན་པ་སྐུ་ལ ་སོགས་པའི་ངོ་བོ་ཉིད་ཀྱི་ཟུར་གསུམ་དང་ལྡན་པའི་ཆོས་འབྱུང་བར་བསྒོམ་མོ།། དེ་དབུས་ཞེས་བྱ་བ་ནི་ཆོས་འབྱུང་བ་བསྒོམས་པས་མཚོན་པའི་ཞིང་རྣམ་པར་དག་པར་བྱ་བའི་ཕྱིར་དང་པོ་ཉིད་དུ་འཁོར་ལོ་རྩིབས་བཅུ་པ ་ཁྲོ་བོ་བཅུ་དང་ལྡན་པ་བསྲུང་བའི་ཕྱིར་བསྒོམ་པར་བྱའི། ཆོས་འབྱུང་བའི་ནང་དུ་བསྲུང་བའི་འཁོར་ལོ་བསྒོམ་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ་དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་པའི་སོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང་། ་དེ་བཞིན་དུ་ཧཱུཾ་མཛད་དང་ཡང་ན་གཙུག་ཏོར་རམ་ཞེས་བྱ་བ་ལྔ་སོགས་པ་བཤད་པ་སྭ། འདིར་དབུས་སུ་ཞེས་བྱ་བའི་སྒྲའི་དོགས་པ་ནི་མ་བཤད་དོ།། ཡེ་ཤེས་བདག་ཉིད་བཅུ་ལས་བྱུང་། ཞེས་བྱ ་བ་ནི་དད་པ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཉིད་དོ།། འགོག་པའི་རྡོ་རྗེས་ཞེས་བྱ་བ་ནི། སེམས་མ་འཕྲོས་པའི་མཚན་ཉིད་དོ།། མི་གཡོ་བ་དང་མཚུངས་པ་འཁོར་ཞེས་བྱ་བ་ནི་མྱུར་དུ་འཁོར་བསྡུ་མི་འགུལ་བ་དང ་མཚུངས་པར་འཁོར་བར་བལྟ་བར་བྱའོ།། དེ་བཞིན་སྡོམ་པ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཞེས་བྱ་བ་ནི་རིམ་པ་འདི་གཉིས་ཀྱི་སྒྲུབ་པའི ་རྒྱུའོ།། ནན་ཏཱན་ཞེས་བྱ་བ་ནི་ཉམས་སུ་བླང་བའོ།། དམ་ཚིག་ནི་བསྲུང་བར་བྱ་བ་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ནི་རྩ་བའི་རྒྱུད་དུ་རྒྱ་ཆེར་གསུངས་སོ།། སྡོམ་པ་ཡང་སྔར་བཤད་པ་ཉིད་དོ།། དེ་ཉིད་ནི་རིམ་པ་འི་དབྱེ ་བས་ཕྱེ་བ་ཡིན་ཞེས་བྱ་སྟེ། དབྱེ་བའི་ཁྱད་པར་གྱི་གསུངས་སོ་ཞེས་བྱ་བའི་དོན་ཏོ།། གཟུགས་དང་སྒྲ་སོགས་འདོད་པ་ནི་ཞེས་བྱ་བ་ལྟ་སོགས་པས་ནི་དེ་ཉིད་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ལས་འདོད ་ཆགས་དང་ཞེ་སྡང་དང་ག་ཏི་མུགོ་སྐྱེ་བར་འགྱུར་ལ། དེ་ལ་འདོད་ཆགས་ལ་དེའི་རང་བཞིན་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་བསམ་མོ།། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ནི་མཉམ་པའི་བདག་ཉིད་ཅན་ཡིན་ལ། མཉམ་པའི ་རང་བཞིན་ཉིད་ནི་དམ་ཚིག་སྟེ། རྡོ་རྗེ་འཆང་ཡིན་པས་གཟུགས་ལ་སོགས་པའི་འདོད་པ་དེ་རྣམས་རྡོ་རྗེ་འཆང་བའི་བདག་ཉིད་ཅན་ཡིན་པར་བསྒོམ་པར་བྱའོ།། དེ་ལྟར་གཟུགས་ལ་སོགས་པའི་གཉིས་སུ་མེད་པར་གྱུར་པ་དེ་ཉིད ་བསྟེན་པ་ནི་སྡོམ་པ་ཞེས་བྱ་བ་ཡིན་པར་དགོངས་སོ།། རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པའི་ལེན་གསུངས་པ་ནི་རྣམ་པ་དང་ནི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ།། ། ་རྣམ་པ་མེད་པ་ནི་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཏེ། ཀུན་ཏུ་འགྲོ་བའི་ཡི་གེ་གསུམ་གྱི་བདག་ཉིད་ཅན་དུ་རྣམ་པར་བསམས་ནས། བཟླས་བརྗོད་སྤྲོ་བ་ལ་སོགས་པའི་བྱ་བས་སེམས་ཅན་གྱི་དོན་བྱའོ།། བྱ་བ་ཞེས་བྱ་བ ་ནི་བསོད་པའོ།། འཕྲོག་པ་ནི་རྫས་དབྲོག་པ་སྟེ། དེ་དག་ལ་སོགས་པའི་ལས་རྣམས་བྱའོ།། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ལྷའི་གཟུགས་ལས་དང་རྗེས་སུ་མཐུན་པར་ཞེ་སྡང་ལ་སོགས་པའི་ངོ་བོ་ཉིད་དུ་ཐམས་ཅད ་བསྐྱེད་ལ། གསང་བ་རྣམ་པར་དག་པའི་ཆོ་ག་བཞིན་དུ་ཕྱག་རྒྱས་བཏབ་ན། རྣལ་འབྱོར་པ་རྣམས་ཀྱི་དོན་བྱེད་དོ།། དེས་དེ་ལྟར་ཐུན་མོང་གི་བཤད་ནས། རེ་རེའི་ཞེ་སྡང་ལ་སོགས་པའི་ལས་བསྟན་པར་བྱ་བའི་ཕྱིར། ཞེ་སྡང ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གཙོ་བོར་གྱུར་པའི་འཁོར་ལོར་བསྐྱེད་ལ། ཐམས་ཅད་ཞེ་སྡང་གི་རང་བཞིན་དུ་བསམས་ཏེ་སྤྲོ་བ་ལ་སོགས་པ་རྣམས་བྱེད་པར་བསྒྲུབ་པར་བྱ་བ་གཞིག་པ་ལ ་སོགས་པར་བྱའོ།། འདིའི་ཕན་ཡོན་བསྟན་པའི་ཕྱིར། འདི་ལྟའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཞེ་སྡང་གི་རྣལ་འབྱོར་པའི་ལས་བསྟན་ནས། གཏི་མུག་གི་རྣལ་འབྱོར་པའི་ལས་བསྟན ་པར་བྱ་བའི་ཕྱིར། གཏི་མུག་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་གཏི་མུག་གི་འཁོར་ལོ་ཐམས་ཅད་བསྐྱེད་ལ་བཟླས་པ་ལ་སོགས་པ་བྱ་སྟེ། རྫས་དབྲོག་པ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་མདོར ་བསྡུས་པའོ།། འདོད་ཆགས་ཅན་གྱི་རྣལ་འབྱོར་པའི་ཡང་ལས་བསྟན་པར་བྱ་བའི་ཕྱིར། འདོད་ཆགས་སྦྱོར་བའི་རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་བཞིན་དུ་འདོད་ཚོགས་ཀྱི་ངོ་བོ་ཉིད་དུ་བལྟས ་ལ། བཟླས་པ་དང་སྤྲོ་བའི་ལས་ལ་སོགས་པ་བྱས་ནས། ལྷ་མོའི་རྣམ་པ་ལ་སོགས་པ་བྱའོ་ཞེས་བྱ་བོའི་དོན་ཏོ།། ཞེ་སྡང་ལ་སོགས་པའི་རྣལ་འབྱོར་པའི་ལུས་ཀྱང་རིམ་པ་འདི་ནི་ལེའུ་དགུ་པ་ལས་རྒྱ་ཆེར་གསུངས་པས ་དེ་ཉིད་དུ་ཤེས་པར་བྱའོ།། ཡང་འདི་ལ་ནུས་པ་འདི་ལྟ་བུ་ཡོད་པ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་དཀྱིལ་འཁོར་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ལ་སོགས་པའི་འདོད་པ་ཙམ་གྱིས་བྱེད་ལ། དེ་བས ་ན་གྲུབ་པ་པོ་རྣམས་ཀྱི་དགོད་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་བྱ་བ་དགོངས་སོ།། དཀྱིལ་འཁོར་ཞེས་ནི་གང་ལ་བགྱི། ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པོ ་དཀྱིལ་འཁོར་ཡིན་པར་གསུངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་དང་པདྨ་ལ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་དཀྱིལ་འཁོར་དང་། ལུས་ལ་ཕྱག་རྒྱ་བཞིའི་འཁོར་རོ།། ཕྱག་རྒྱ་དགོད་པ་ཇི་ལྟར་ལགས་ཞེས ་བྱ་བའི་ཚིག་འདིའི་ལྡན་དང་། དཀྱིལ་འཁོར་གྱི་དོན་འདི་བསལ་བར་བྱ་བའི་ཕྱིར་ཕུང་པོ་སྐྱེ་མཆོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལ་སོགས་པ་ཀུན་ནས་རྒྱས་བཏབ་པ་ཉིད་ལྷ་ཐམས་ཅད་ཀྱི་འཁོར་ལོ་ལ་སོགས ་བོའི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དགོད་པ་བསྟན་པར་བྱ་བའི་ཕྱིར། ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་རྩིབས་བཅུ་པའི་ཤར་ལྷོ་ལ་སོགས་པའི་མཚམས ་རྣམས་སུ་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་དང་། སྟོབས་པོ་ཆེ་དང་། མི་གཡོ་མགོན་པོའི་ཕྱག་མཚན་དང་ལྕགས་ཀྱུ་ལ་སོགས་པ་རྣམ་པ་བཞི་རིམ་པ་བཞིན་དུ་དགོད་པར་བྱའོ།། སྟེང་དུ་བལྟས་པའི་རྩིབས་ལ་གཙུག་ཏོར་གྱི ་འཁོར་ལོའི་མཚན་མ་དག་གོ། འོག་ཏུ་བལྟས་པའི་རྩིབས་ལ་གནོད་མཛེས་ཀྱི་རྡོ་རྗེ་དགོད་པར་བལྟ་བར་བྱའོ།། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི་ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ནི་འཁོར་ལོས་བསྒྱུར ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཡིན་པས་དེ་དང་རྗེས་སུ་འབྲེལ་བའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའི་ཚུལ་ནི་ཅི་རིགས་པར་སྦྱར་རོ།། དེ་བས་ན་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཛིན་པ་ལྟ་བུའོ།། ས་ལ་སོ་གས ་བའི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་སྟེ། སྤྱན་ལ་སོགས་པའི་ཕྱག་རྒྱ་ནི།། རང་གི་དཀྱིལ་འཁོར་དུ་གསུངས་སོ།། གཟུགས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པར ་བྱ་བའི་ཕྱིར། མེ་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་པོ་རྣམས་སོ།། བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོའི་རྒྱལ་པོ་ཐམས་ཅད་མངོན་པར་རྒྱས་བཏབ ་པོའི་དེ་རྣམས་ཀྱི་ཕྱག་རྒྱ་ནི་བཤད་ཟིན་པ་ཉིད་དོ།། དཔའ་བོ་གཅིག་ཅེས་བྱ་བ་ནི་རྡོ་རྗེ་དཔའ་བོ་ལ་སོགས་པའོ།། པདྨ་རྣམ་པ་ལྔར་ཤེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་པདྨ་ལ་སོགས་པ་མེ་ཏོག་གི་དོན་ཞུས་པ་དེའི ་སཱུསྨྲ་བསྟན་པར་བྱ་བའི་ཕྱིར་ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷོ་མོ་བཙུ་ནཱི་མེ་ཏོག་གི་སྒྱུར་བཤུད་དེ། འདི་དག་ནི་དྲི་ཉིད་དུ་གསལ་བར་བྱས་པ་ཡིན་ནོ།། གཟུགས་རྡོ་རྗེ་ལ་སོགས་པ་དྲུག་ཀྱང་། ཡི་གཾ་གསུམ་གྱིས ་རཱིབྱིན་པ་ཡིན་པོར་བསྟོན་པའི་ཕྱིར། སྨྱོ་གསུང་ཞེས་བྱ་བ་ལྕེ་སོགས་པ་གསུངས་ཏེ། རིགས་ཀྱི་རིམ་གྱི་ཞེས་བྱ་བ་ནི་རང་གི་རིགས་ཀྱི་ཕྱག་རྒྱས་བཏུབ་པའི་འབྱིན་པར་བསྟན་ཏོ།། མཆོད་རྟེན་ཞེས་ནི་གང་ལ་བགྱི་ཞེས་བྱ ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མཆོད་རྟེན་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། གཞལ་ཡས་ཁང་ལ་མཆོད་རྟེན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་འཁོར་ལོ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སེམས་དཔའ་གང་རེག་པ་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱི་གང་ཡང་དག་པར་བསྐུལ་བའི་སངས་རྒྱས་ཀྱི་འཁོར་ལོ་གཞན ་པ་ལ་ནི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ།། འདིར་ནི་གནས་ཀྱང་གང་ཞིག་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་གྱི་ཡི་གེ་ནི་སྔགས ་ཏེ། དེའི་ངོ་བོ་ཉིད་གནས་ཞེས་བྱའོ།། མགྲོན་པོ་ཇི་ལྟར་བསྐུལ་བར་བགྱི་ཞེས་བྱ་བ་ལ་སོགས་པ་དྲིས་པ་བཞིའི་ལན་བསྟན་པར་བྱ་བའི་ཕྱིར། སྐུལ་བ་ཞེས་བྱ་བ་ལོ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ ་སོགས་པའི་དེ་ཁོ་ན་ཉིད་ཀྱི་ཚུལ་གྱིས་ཇི་ལྟར་མོས་པའི་རྣམ་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སད་པར་བྱ་བ་ནི་བསྐུལ་ཞེས་བཤད་དོ།། ཕྱོགས་བཙུན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བར ་བྱ་བའི་ཕྱིར། འོད་ཟེར་སྤྲོ་བ་ནི་སྟོང་པ་ཞེས་བཤད་དོ།། རྡོ་རྗེ་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཐམས་ཅད་སྤྲོས་པས་གང་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པས་མངོན་དུ་བྱེད་པ་དེ་ནི ་སྤྱན་འདྲེན་པ་ཞེས་བྱ་སྟེ། དེ་དག་གཉིས་ཀ་ལ་ཡང་བསྐུལ་བ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ།། རྡོ་རྗེ་ཅན་གྱི་ངོ་བོ་ཉིད་ཀྱི་འོད་ཟེར་གྱིས་རྡོ་རྗེ་ཐམས་ཅད་ཡང་དག་པར་བསྡུས་ནས་དེའི་གནས་ཏེ། སྙིང་ཁའི་ས་བོན ་གྱི་བདག་ཉིད་ཅན་ལ་གོང་བུའི་ཚུལ་གྱིས་གཞུག་པ་ནི་བྱིན་གྱིས་བརླབ་པ་སྟེ། བཅིང་བ་ཞེས་བྱ་བ་ཡིན་པར་བཤད་དོ།། དབང་བསྐུར་བ་ནི་ཇི་ལྟར་སྩལ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི ་ཕྱིར། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོན་ནམ་ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དབང་བསྐུར་བ་སྦྱིན་པར་བྱ་སྟེ། དབང་བསྐུར་བའི་ཆོ་ག་དེ་ནི་བདག་གིས་མ་བཤད་དོ།། དེ་བཞིན་རིག་པའི་བརྟུལ ་ཞུགས་གང་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ཆོས་ཀུན་གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུའོ།། རྣམ་བྲལ་བར ་ཞེས་བྱ་བ་ནི་ཤེས་རབ་དང་ལྷན་ཅིག་པ་དང་བྲལ་བར་བྱ་བར་མི་བྱའོ་ཞེས་བྱ་བ་སྟེ། འདི་ནི་རིག་པའི་བརྟུལ་ཞུགས་ཞེས་བྱའོ།། བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ལུས་ཀྱི་ཆོས ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྱི་འཁོར་ལོར་གྱུར་པས་བར་སྣང་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་སུ་ཞུ་བའི་བདག་ཉིད་ཅན་དུ་ཡི་གེ ་ལས་བྱུང་བའི་ཐོད་པར་བདུད་རྩི་ལྔ་པོ་ཨོཾ་གྱིས་མཚན་པར་དབབ་བོ།། མཚོན་ཆའི་མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་གྱིས་དྲངས་པའོ།། བཟའ་བའི་སྦྱོར་བ་ཞེས་བྱ་བ་ནི་བཟའ་བའི་ཆོ་གས་ཏེ། དེ་སྐད ་དུ་འབར་བའི་ཨོཾ་གྱིས་བྱིན་གྱིས་བརླབས་རླུང་དང་མེའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། དེ་བཞིན་དཔའ་བོ་ལྔ་གང་ལགས་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱའི་དངོས་གྲུབ་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ་བཤད་མ་ཐག་པའི་ཆོ་གས་དཔའ་བོ་ལྷ་ཞེས་པ་ཤ་ལྔའི་ངོ་བོར་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་ཆོ་གའི་དོན་དུ་སྤྱད་པར་བྱའོ།། དངོས་གྲུབ་ཐུན་མོང་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་འདིའི ་ལན་བསྟན་པར་བྱ་བའི་ཕྱིར། མི་སྣང་ལུ་སོགས་ཞེས་བྱ་བ་ལ་སོགས་པ་གསུངསོ།། སངས་རྒྱ་ས་ཉིད་དུ་སྒྲུབ་པ་ནི་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་སྒྲུབ་པ་ནི་དངོས་གྲུབ་མཆོག་ཡིན་པར་སངས་རྒྱས་ཀྱིས་གསུངས།། ་དེ་ལ་ཐབས་ནི་རྣམ་པ་དུ་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར། ཐབས་ནི་རྣམ་པ་བཞི་པོ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ལ་སོགས་པའི་ཡན་ལག་བཞི་ནི་ཐབས་རྣམ་པ་བཞིའོ།། ་དེ་ལ་བསྙེན་པ་ལ་སོགས་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་ཐུན་མོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུན་མོང་གི་བསྙེན་པ་རྣམ་པ་གཉིས་དང་། མཆོག་གི་བསྙེན་པ་རྣམ་པ་གཉིས་ཏེ། བསྙེན་པ་རྣམ་པ་བཞི ་ནི་བསྙེན་པའོ།། དེ་ལ་ཐུན་མོང་གི་བསྙེན་པ་གཅིག་ནི་རྡོ་རྗེ་རྣམ་པ་བཞིའོ།། མཆོག་གི་བསྙེན་པ་གཅིག་ཀྱང་ཡེ་ཤེས་བདུད་རྩི་དང་སྲིད་པ་བར་མ་པ་གཅིག་ཏུ་གྱུར་ཅིང་མར་མེར་པོར་གྱུར་པ་ལ་སོགས་པའི་རིམ ་གྱིས་བདག་པོའི་ལྷ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི་ཡང་ལྷ་གཙོ་བོའི་ཡན་ལག་ཏུ་གྱུར་པས་མཆོག་གི་བསྙེན་པ་ཞེས་བཤད་དོ།། མཆོག་གི་བསྙེན་པ་གཉིས་པ་འོག་ནས་བཤད་དོ།། ་ད་ནི་ཐུན་མོང་གི་བསྙེན་པ་དང་འབྲེལ་བ་རྡོ་རྗེ་བཞི་བསྟན་པར་བྱ་བའི་ཕྱིར། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཀྱང་ལྕེའུ་བཅུ་གཉིས་པ་ལས་བཤད་པས་དེ་ཉིད་དུ་ཤེས་པར་བྱའོ།། མཆོག་གི་ཡེ་ཤེས ་བདུད་རྩི་ཉིད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་བདུད་རྩིས་མཆོག་གི་བསྙེན་པ་འདི་བྱས་ནས་ཐུན་མོང་གི་བསྙེན་པ་བྱའོ་ཞེས་བྱ་བའི་དོན་ཏོ།། ཐུན་མོང་གི་སྒྲུབ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར་སྦྱོར་བ་དྲུག་གི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏཱཾ། སྒྲུབ་པ་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་ཡན་ལག་དྲུག་གི་སྦྱོར་བ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ།། ཡན་ལག་དྲུག་གི་སྦྱོར་བ་དེ་གང་ཡིན་ཞེ་ན། སོ་སོར་སྡུད་པ་དང་ཞེས་བྱ་བ་ལ་སོགས་པ ་གསུངས་སོ།། དེ་ལ་ས་སོ་སོར་སྡུད་པ་བསྟན་པར་བྱ་བའི་ཕྱིར། དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པ་རྣམས་ནི་རང་རང་གི་བྱ་བ་ལ་དབང་བྱེད ་པས་འདི་དག་བཅུ་ཆར་ཡང་དབང་པོ་ཞེས་བཤད་དོ།། དེ་རྣམས་ཀྱི་རང་རང་གི་ངོ་བོ་ཉིད་ཙམ་དུ་གནས་པ་ལས་གང་འདོད་པ་ལས་སྡུད་པའི་ངོ་བོ་ཉིད་དེ་ནི་སོ་སོར་སྡུད་པའོ།། བསམ་གཏན་གྱི་ངོ་བོ་ཉིད་བསྟན་པར་བྱ་བའི ་ཕྱིར་འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ལྔ་རྣམས་སངས་རྒྱས་ལྔའི་བདག་ཉིད་དུ་བརྟག་པ་དེ་ནི་བསམ་གཏན་ཞེས་བྱའོ།། ཞེས་བྱ་བའི་དོན་ཏོ།། བསམ་གཏན་དེ་ཡང་རྟོག་པ་ལས་སོགས་པའི་ཚུལ ་གྱིས་རྣམ་པ་ལྔར་འགྱུར་ལ། རྟོག་པ་ལ་སོགས་པ་དྲོ་རྣམས་ཀྱི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་གྱིས་བྱུང་བའི་གསང་བ་གང ་ཡིན་པ་དེ་ནི་རྟོག་པ་ཞིས་བཤད་ལ། གསང་བ་དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་ལ་ཀུན་ནས་ལོངས་སྤྱོད་པ་ནི་དཔྱོད་པའོ།། དེ་ཉིད་གསོལ་བའི་ངོ་བོ་ཉིད་དགའ་བའི་བདག་ཉིད་ཅན་ཡིན་པས་དགའ་བའོ།། འདྲ་བ་ཞེས་བྱ་བ་ནི་དེ་ཉིད ་རབ་ཏུ་སྟོན་པའི་ངོ་བོ་ཉིད། དགའ་བ་དེའི་འོག་ཏུ་རྗེས་སུ་གཟུང་པོར་བྱ་བའི་ཁྱད་པར་ནི་ཕྲེང་པོའོ།། དེ་ཉིད་རང་གི་སེམས་ཏེ་ཡེ་ཤེས་དང་ཤེས་བྱའི་རྣམ་པར་དབྱེ་བཟུང་བའི་ངོ་བོ་ཉིད་ནི། སེམས་རྩེ་གཅིག་པོ་ཞེས་བྱ་སྟེ། ་བསམ་གཏན་ལྔ་པའི་རབ་ཏུ་དབྱེ་བའོ།། སྲོག་དང་རྩོལ་བའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་རྣལ་འབྱོར་ལ་གནས་པ་ན་དེར་གལ་ཏེ་སྐྱོ་བར་གྱུར་ན ་སངས་རྒྱས་ཐམས་ཅད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དབུགས་ཏེ། རང་གི་མཚན་མའི་གཟུགས་ཀྱིས་ཤེས་པ་ལྷའི་རང་བཞིན་གྱིས་གོང་བུའི་ཚུལ་གྱིས་རང་གི་རྡོ་རྗེ་ལས་བྱུང་སྟེ། ལྷ་མོའི་སྡེ་རྩེ་བསྒོམ་པར་བྱའོ། ་དེ་ལས་ཉེ་བར་མཚོན་པ་ཙམ་གྱི་དོན་དུ་མཚན་མ་གཅིག་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཁ་དོག་སྣ་ལྔ་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ནི་འདིར་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ།། ་འཛིན་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་རྣལ་འབྱོར་ལ་རླུང་གི་ས་བོ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་མཚན་མའི་ལྟེ་བུ་བསམས་ལ། ་ས་བོན་དེ་ལ་ཐིག་ལ་ཡོད་པར་སྲོག་གི་ངོ་བོ་ཉིད་ལ་སེམས་བཞག་པར་བྱའོ།། རང་གི་དབང་པོ་ཞེས་བྱ་བ་ནི་སྲོག་དེ་ཉིད་མཆོག་ཏུ་ཡང་དག་པར་གཟུང་བར་བྱ་སྟེ། དེ་ལ་འདི་ནི་གཟུང་བ་ཞེས་བྱ་བ་ཡིན་པར་བཤད་དོ།། ་འགོག་པས་སེམས་བསྟན་པར་གྱུར་ན་མཚན་མ་རྣམ་པ་ལྔ་སྟེ། དེ་ལས་འོད་ཟེར་གོང་ནས་གོང་དུ་འཕགས་པའི་མཚན་ཉིད་ཅན་སྨིག་རྒྱུ་ལྟ་བུ་ལ་སོགས་པ་འབྱུང་བར་འགྱུར་རོ།། རྗེས་སུ་དྲན་པའི་ངོ་བོ་ཉིད་བསྟན་པར ་བྱ་བའི་ཕྱིར། བརྟན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་མོའི་སྦྱོར་བ་ལ་གནས་པའི་རྣལ་འབྱོར་པས་བརྟན་པར་གྱུར་པའི་མཚན་ཉིད་དེའི་ལམ་ནས་ན་མཁའི་ཁམས་རྣམས་སུ་ཇི་སྐད་བཤད་པའི་ཆོ་གས ་སྤྲོ་བར་བྱའོ།། དེར་སྤྲོ་བ་ནི་རྗེས་སུ་དྲན་པ་གང་རྣམས་བསྒོམ་པ་དེ་དང་འདྲ་བར་སྤྲོ་བར་བྱ་བ་དེ་ནི་རྗེས་སུ་དྲན་པ་ཞེས་བཤད་དེ། སོ་སོར་སྣང་བ་དེ་ལ་སྐྱེ་ཞེས་བྱ་བ་ནི་མཚན་མ་རྣམ་པ་ལྔ་འབྱུང་བའི་འོག་ཏུ་རྒྱས ་པར་འཕྲོ་བ་སྤྲོ་བ་སོ་སོར་སྣང་བ་དེ་ལ་སྐྱེ་བར་འགྱུར་ཏེ། རྗེས་སུ་དྲན་པ་འདིའི་ངོ་བོ་ཉིད་ནི་ལེའུ་བདུན་པ་ལས་རྒྱས་པར་ཤེས་པར་བྱའོ།། ཏིང་ངེ་འཛིན་གྱི་རང་གི་ངོ་བོ་ཉིད་ནི་བསྟན་པར་བྱ་བའི་ཕྱིར། ཐབས་དང་ཤེས ་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྙོམས་པར་འཇུག་པས་དངོས་པོ་ཐམས་ཅད་གོང་བུའི་ཚུལ་དུ་བསྡུས་ནས། གཟུགས་གཅིག་ལ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི ་འཁོར་ལོའི་དབུས་སུ་རྣམ་པར་བསྒོམ་ལ། དེར་ལྷ་རྣམས་ཀྱི་འཁོར་ལོའི་བདག་ཉིད་དུ་བསྒོམ་པར་གྱུར་པ་ནས་གང་སྐད་ཅིག་ཡུད་ཙམ་གྱིས་ཡེ་ཤི་ས་རྫོགས་པ་དེ་ནི་ཏིང་ངེ་འཛིན་ཅེས་བཤད་དོ།། སོ་སོར་སྡུད་པ ་ལ་སོགས་པ་དྲུག་པོ་རྣམས་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་ནི་སྦྱོར་བའི་ཡན་ལག་དྲུག་གི་རང་བཞིན་ཐུན་མོང་གྲི་བསྙེན་པའི་ཡན་ལ་གཱ ་གཉིས་པ་བསྟན་པ་ཡིན་ནོ།། ད་ནི་ཉེ་བར་སྒྲུབ་པའི་གནས་སྐབས་སུ། སྒྲུབ་པའི་དོན་བསྟན་པར་བྱ་བའི་ཕྱིར། སྙིང་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་ལ་སོགས་པའི་ཐུགས་ཀའི་ཕྱག་མཚན་གྱིས ་ལྟེ་བར་སྙིང་པོ་དེ་ཞེས་པ་སྔགས་ཀྱི་རང་བཞིན་དུ་གནས་པའོ།། ཟླ་བ་རྗེ་རྗེའི་སྦྱོར་བ་བལྟ་ཞེས་བྱ་བ་ནི་མཽ་ཕྱེད་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བལྟ་བའོ།། མཚོན་ཆེ་མཆོག་གི་ཞེས་བྱ་བ་ནི་དེའི་འོད་ཟེར་རྣམས ་ཀྱིས་སོ།། སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རང་གི་དཀྱིལ་འཁོར་ལ་ཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚོགས་ཆོ་ག་བཞིན་དུ་ཤེས ་རབ་དང་སྦྱོར་བ་དང་འདྲ་བར་རང་གི་ཐུགས་སྔགས་ཀྱི་རང་བཞིན་དུ་བྱས་ན། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབ་བོ་ཞེས་བྱ་བའི་དོན་ཏོ།། ཇི་སྐད་དུ་སྙིང་པོ་དེའི་འོད་ཟེར་གྱི་ཚོགས་ཀྱིས་ནི་ཞེས་བྱ་བ་ལ ་སོགས་པོ་སྨོས་པ་ཡིན་ནོ།། དེ་ནས་བྱང་ཆུབ་པའི་ཚིགས་སུ་བཅད་པ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། དེ་ནས་ཐུགས་དེ་སྟེ་ཐུགས་རྡོ་རྗེ་ལ་སོགས་པ་དེས་དྲངས་པས་རྒྱལ་བ་ཐམས ་ཅད་ཀྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་གཟུགས་ཀྱིས་གཅིག་ཏུ་གྱུར་པར་བསྒོམ་པ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ་སངས་རྒྱས་ཀྱིས་ཚོགས་སོ།། དེའི་རྒྱུར་གྱུར་པར་ཉེ་བར་གནས ་པས་ན་ཉེ་བར་བསྒྲུབ་པའོ།། འདིར་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པ་ཡིན་པར་བཤད་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲུབ་པའི་རྣམ་པར་དབྱེ་བ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་སྲིད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་མཚན་ཉིད་དོ།། སྒྲུབ་པ་རྣམ་པ་གཉིས་ནི་ཞི་བའི་སྦྱོར་བ་དང་དྲག་པོའི་སྦྱོར་བའོ།། དེ་ལ་དང་པོར་ནི་ཞི་བའི་སྦྱོར་བ་ཉིད་ཀྱིས་འདོད་པ་ཐམས་ཅད ་ལ་ཉེ་བར་ལོངས་སྤྱོད་པས་ཟླ་བ་དྲུག་གི་བར་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲུབ་པ་ལ་འབད་པར་བྱའོ།། དེ་ལྟར་ན་ཡང་འགྲུབ་པར་མི་འགྱུར་ན། དེའི་ཚེ་ཇི་སྐད་དུ་བཤད་པའི་ཆོ་གས་ལན་གསུམ་གྱི་བར་དུ་བརྩམས་པར ་བྱའོ།། གལ་ཏེ་འདི་ཙམ་གྱིས་ཀྱང་སྒྲུབ་པ་པོ་ལ་ཞལ་སྟོན་པར་མི་མཛད་ཅིང་། བྱང་ཆུབ་ཀྱང་མི་འགྲུབ་ན་དེའི་ཚེ་ལེའུ་བཅུ་པ་ལ་སོགས་པ་ལས་གསུངས་པའི་དྲག་པོའི་སྦྱོར་བའི་ཆོ་གས་བསྒྲུབ་པར་བྱའོ།། དྲག་པོའི་ཆོ་ག ་གཉིས་ནི་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། དེར་ཐུགས་རྡོ་རྗེ་ལ་སོགས་པ་ནི་རིགས་དེ་དང་འབྲེལ་པ་ཤེས་རབ་མཐར་བྱེད་ལ་སོགས་པས་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་པར་བྱ་བའིཕྱིར། རིགས་ཀྱི་དབྱེ་བ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཕུར་བུས་ཞེས་བྱ་བ་ནི་འོག་ཏུ་མདུང་རྩེ་གཅིག་པ་ལ་སྟོང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་གཟུགས་ཀྱིས་སོ།། དེ་ནས་ཞེས་བྱ་བ་ནི་དྲག་པོའི་སྦྱོར་བའི་འོག་ཏུ་དབང་དུ་བྱ་བ་ལ ་སོགས་པའི་སྦྱོར་བ་དག་ཀྱང་བྱའོ་ཞེས་པའོ།། ལེའུ་དང་པོ་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པར་དེ་བཞིན་གཤེགས་པ་ཐམས་ཅད་བུད་མེད་ཀྱི་གཟུགས་སུ་བཅོམ ་ལྡན་འདས་ཀྱི་སྐུ་ལས་མངོན་པར་བྱུང་བར་གྱུར་ཏོ་ཞེས་གསུངས་པ་དེའི་འོག་ཏུ་དེ་རྣམས་ཀྱི་བུད་མེད་ཀྱི་གཟུགས་ཉིད་ཀྱིས་ལེའུ་དང་པོར་རིག་པ་ལ་རབ་ཏུ་ཞུགས་པར་ཡང་ཤེས་པར་བྱའོ་ཞེས་བསྟན་པར་བྱ་བའི ་ཕྱིར། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ཅན་ཏེ། སངས་རྒྱས་རྣམས་ཡང་དག ་པར་བསྡུས་ནས་དེ་ཡོངས་སུ་བསྡུས་པའི་ངོ་བོ་ཉིད་སྤྱན་ལ་སོགས་པ་ལྷ་མོ་དགུའི་གཟུགས་སུ་སྤྲོས་ནས། བསྒྲུབ་པར་བྱ་བ་ཞེས་བྱ་བ་རང་རིག་པའི་ནང་དུ་ཆུད་པར་བསྒོམ་ཞེས་བྱ་བ་སྟེ། ཇི་སྐད་དུ་མཆོག་ཏུ་རྗེས་ཚུགས ་ཕུན་ཆོག་ས་དཔག་མེད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ད་ནི་ཡེ་ཤེས་ཀྱིས་བདུད་རྩིར་གྱུར་པ་ལས་སྤྱན་ལ་སོགས་པ་རྣམས་ཀྱིས་བསྐུལ་བའི་གླུ་དང་། བཅོམ་ལྡན་འདས་ཡང་དག་པར་བླང་བའི་མཆོག ་གིས་བསྙེན་པ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངསུ་གྱུར་པ་ཞེས་བྱ་བ་ནི་ཟུར་བཞིར་འཁོར་བའི་ཚུལ་དུ་གནས་པའོ།། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྤྱན་ལ ་སོགས་པ་ལྷ་མོ་བཞི་སྟེ། གནས་དེར་བསྟན་པར་བྱའོ།། བདག་ཉིད་དབུས་སུ་གནས་བྱས་ལ་ཞེས་བྱ་བ་ནི་བདག་ཉིད་ཟླ་བ་ཞུ་བའི་གཟུགས་སུ་ལྷ་མོ་རྣམས་ཀྱི་དབུས་ན་འདུག་པར་བྱས་པའོ།། འཁོར་ལོ་ཅན་ཀུན་ཞེས་བྱ་བ ་ནི་སངས་རྒྱས་རྣམས་སོ།། བསྡུ་བར་བྱ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནང་དུ་བསྒོམ་པོར་བྱའོ།། དེ་ནས་ཐམས་ཅད་རྡོ་རྗེའི་དངོས་པོར་བདག་ཉིད་བྱས་ལ། བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྒོམས་ནས་ལྷ་མོ་དེ་རྣམས་ཀྱིས་འདི ་ལྟར་བསྐུལ་བའི་གླུ་དབྱངས་ཀྱིས་བསྐུལ་བར་གྱུར་པར་བསམ་མོ།། དུས་གསུམ་རྡོ་རྗེའི་རང་བཞིན་སེམས་ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་རྡོ་རྗེའི་ངོ་བོ་ཉིད་ཀྱི་སེམས་ཡེ་ཤེས་ལྟ་བུ་སྟེ། ཡེ་ཤེས་དང་འདྲ་བ ་ལུས་ཀྱིས་བདག་ཉིད་ཅན་ཏེ། ཐབས་དེ་རྒྱ་ཤེས་རབ་ཀྱིས་ངོ་བོ་ཉིད་ཀྱི་ལུས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལས་དང་རྗེས་སུ་མཐུན་པར་ཁ་དོག་ལ་སོགས་པའི་རྣམ་པར་དབྱེ་བར་འགྱུར་རོ་ཞེས་བསྟན་པར ་བྱ་བའི་ཕྱིར། དྲེགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་མདོག་དེ་ཉིད་ཅུང་ཟད་ཙམ་གྱི་ཁྱད་པར་ཡོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཉམས་ཀྱིས་ཞེས་བྱ་བ་ནི་ཁྲོ་བོ་ལ་སོགས་པའི་ཉམས་ཀྱིས་ཐུགས་ཕྱེ་བ་སྟེ། ་ནད་དང་ཕྱི་རོལ་ཏུ་ཁྲོ་བོ་ལ་སོགས་པར་གསལ་བར་མངོན་པར་སྣང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེ་ལྟ་མོད་ཀྱི་ནང་དུ་བསལ་ལ་ཕྱི་རོལ་འབར་བའི་བདག་ཉིད་ཡིན་པར་བལྟ་བར་བྱའོ།། དབང་བསྐུར་བས་ནི་རངཏྣ་གཱི ་རྒྱུ་ཞེས་བྱ་བ་ནི་དབང་བསྐུར་བས་རང་གི་རྒྱུ་སྟེ། རིགས་ཀྱི་བདག་པོ་འབྱེད་པར་འགྱུར་རོ་ཞེས་པ་སྟེ། མགོ་བོ་ནཱཾ་གནས་པས་རྒྱུ་ཕྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འབྲས་བུ་ཆེ་བ་ཡིན་ཞེས་བྱ་བ་ནི་འབྲས་བུ་ཡང་བཞིའི ་ཚུལ་གྱིས་འབྲས་བུའི་ཕྱེ་བར་གྱུར་པོཡིན་ཏེ། དེ་དག་གི་རྒྱུ་དང་འབྲས་བུ་དག་གི་ཆ་རྣམ་པར་བཞག་གོ་ཞེས་བྱ་བའི་བར་དུའོ།། སྔགས་ཀྱིས་ཆོས་ནི་འབྱུང་འགྱུར་ལ་ཞེས་བྱ་བ་ནི་རང་གི་སྔགས་ཀྱིས་ཆོས་ཞེས་བྱ ་བ་རང་གི་ཤེས་རབ་བསྐྱེད་པ་སྟེ། དེ་བཞིན་རང་གི་ལྷ་འདྲ་རང་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། རིག་པ་ཡང་ཆོས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི། ཆོས་ཀྱི་ཕྱག་རྒྱ་ནཱི་ཡེ་ཤེས ་ཀྱི་ལྷ་མོ་སྟེ། དེས་རིག་པ་འབྱེད་དེ། ཤེས་རབ་ཀྱི་སྙིང་ཁར་ཡེ་ཤེས་སེམས་དཔའ་བུད་མེད་ཀྱི་གཟུགས་སུ་འཛིན་པ་སྟེ། དེ་ལྟ་མོད་ཀྱི་སྐྱེས་པའི་གཟུགས་ཀྱིས་གནས་པ་གསལ་བ་སྟེ། དེས་ན་འདི་ལྟར་ཐབས་ཀྱི་ཆ་ལས ་ཤེས་རབ་བྱེ་བྲག་ཏུ་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། གཙུག་ཏོར་མཉེས་པར་བྱ་བར་གྲགས་ཞེས་བྱ་བ་ལ། གཙུག་ཏོར་ལ་སོགས་པའི་སྒྲའི་དོན་བསྟན་པར་བྱ་བའི་ཕྱིར། འཁོར་ལོ་སྒྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏོ། འཁོར་ལོ་སྒྱུར་བའི་དེ་བཞིན་གཤེགས་པ་དྲུག་པོ་དེ་ཉིད་ནི་གཙུག་ཏོར་ཞེས་བྱ་བའི་སྒྲས་བཤད་དོ།། རྒྱལ་པོ་ཞེས་བྱ་བ་ནི་ཤིན་ཏུ་རྣམ་པར་མཛེས་པས་ན་དེ་ཉིད་ལ་རྒྱལ་པོ་ཞེ་བོས་བྱ་བའི་དོན་ཏོ།། ལོངས་སྤྱོད་བཞི ་ཞེས་བྱ་བ་ནི་སྨྱོ་ན་ལ་སོགས་པ་བཞི་སྟེ། དེ་ནི་རིག་པའི་རྒྱལ་མོ་ཞེས་བྱ་བར་བཤད་དོ།། རྡོ་རྗེའི་བདག་པོ་རྣམས་ནི་གཟུགས་རྡོ་རྗེ་ལ་སོགས་པ་སྟེ། དེ་ནི་འདོད་པ་ཐམས་ཅད་ཅེས་བྱ་བའི་སྒྲས་བརྗོད་པ་ཡིན་པར་ཤེས་པ ་བྱའོ།། ད་ནི་སྐུ་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད་ནི་བསམ་གཏན་ཉིད་ཀྱིས་བྱ་བ་མཆོག་ཡིན་གྱི། ཕྱིའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་བསམ་གཏན་འཁོར་ལོ་ཡིས་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དབང་བསྐུར་བའི་མཐར་ཐུག་པའི་མཆོག་གི་སྦྱོར་བ་འདིས་ཇི་ལྟར་མངོན་པར་འདོད་པའི་སྐུ་ལ་སོགས་པའི་ལྷའི་གཟུགས་རྣམ་པར་བསྒོམས་ལ། ཤེས་རབ་དང་ལྷན་ཅིག་གཉིས་སུ ་མེད་པར་བྱའོ་ཞེས་སྟོན་ཏེ། ཆོ་གའི་སྦྱོར་བ་འདི་ཡིས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་རིག་པ་དང་ངོ་།། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་རིག་པ་དང་བདག་ཏུ་ལྡན་པར་བསྐྱེད་ལ། དཀྱིལ་འཁོར་དབྱུང་བར ་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། སྔར་བཤད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་དང་ལྡན་པའི་སྐྱེས་བུས་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ནས་རྗེས་སུ་ཆགས་པའི་མཐར་ཐུག་པས་བདག་ཉིད་རབ་ཏུ ་བསྒྲུབས་ལ། བདག་དང་འདྲ་བར་དཀྱིལ་འཁོར་གྱི་ལྷ་རྣམས་དབྱུང་བར་བྱ་སྟེ། སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བཱར་དུ་བྱའོ།། བདག་ཉིད་བསྟན་པར་བྱ་བའི་ཕྱིར་བསྙེན་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། མཆོག་གི་བསྙེན་པའི་དུས་སུ་གཙུག་ཏོར་ཆེན་པོ་ཞེས་བྱ་བར་སངས་རྒྱས་གང་ཡང་རུང་བའི་གཟུགས་སུ་དམིགས་སོ།། སྦྱོར་བ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཏིང་ངེ་འཛིན་རྒྱ་མཐུན་པ་ལ་སོགས་པའི ་རིམ་གྱིས་རྗེས་སུ་ཆགས་པའི་མཐར་ཐུག་པའི་དབང་པོའི་སྦྱོར་བ་བྱས་པ་དང་། ཐུན་མོང་གི་བསྙེན་པའི་རྒྱུ་མཆོག་གིས་བྱེད་པས་རྒྱུ་ཐུན་པའི་འབྲས་བུ་བྱས་པའོ།། ཉེ་བར་སྒྲུབ་པ་ནི་བདུ་ད་རྩི་འཁྱིལ་པའི་བར་གྱི ་ལྷ་ཐམས་ཅད་ཀྱི་མིག་ལ་སོགསྔ་པ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་རྣམ་པར་སྨིན་པའི་འབྲས་བུ་བྱའོ།། དེ་ལྟར་སྒྲུབ་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ལྔ། དཀྱིལ་འཁོར་བུའི་ལྷ་རྣམས་ཀྱི་བདུད་རྩི་འཁྱིལ ་བའི་བར་ཐམས་ཅད་ལ་ཆོ་ག་ཤེས་པའི་སྔགས་པས་རང་གི་ལྷའི་སྦྱོར་བ་སྟེ། ཐུགས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ།། དེ་ནས་དབང་གི་འབྲས་བུ་ནི་སྒྲུབ་པ་ཆེན་པོའི་དུས་སུ་བདུད་རྩི་འཁྱིལ་པ་ཉིད་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱི་དབུ ་རྒྱན་ལ་རང་རང་གི་བདག་པོའི་སངས་རྒྱས་ཀྱི་སྐུ་ཆོ་ག་བཞིན་དུ་སྔགས་པས་བཞག་པར་བྱའོ།། དེ་ལྟར་ཉེ་བར་སྒྲུབ་པ་ལ་སོགས་པའི་བདག་ཉིད་ཅན་གྱི་རབ་ཏུ་དབྱེ་བ་གསུངས་ནས། ཕན་ཡིན་བསྟན་པར་བྱ་བའི་ཕྱིར། འདི་ནི་རྡོ་རྗེ་ཅན ་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟ་བུའི་ཐབས་ཀྱི་རྣམ་པར་དབྱེ་བ་རྣལ་འབྱོར་པས་ཤེས་པར་བྱས་ལ། དངོས་གྲུབ་མཆོག་བསྒྲུབ་པར་བྱའོ་ཞེས་པའོ།། སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡང་ཞེས་བྱ་བར་ཤེས་པར་བྱའོ།། ་ད་ནི་མཆོག་གི་བསྙེན་པ་གཉིས་བསྟན་པར་བྱ་བའི་ཕྱིར། བསྒྲུབ་བྱ་སྒྲུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབ་པར་བྱ་བ་དང་། སྒྲིབ་པ་དག་ནི་པདྨ་དང་། རྡོ་རྗེ་དག་ཡང་དོག་པར་འདུས་པ་གང་ཡིན་པ་དེ་ནི་བསྙེན་པ་ཞེས ་བྱ་བར་བཤད་དེ། དངོས་གྲུབ་མཆོག་གི་རྒྱུར་གྱུར་པའི་ཕྱིར་རོ།། དེ་བཞིན་དུ་ཉེ་བོར་སྒྲུབ་པ་ལ་སོགས་པའི་ཡང་དབྱེ་བ་གཞོན་དག་པ་སྟན་པར་བྱ་བའི་ཕྱིར། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་པདྨ ་དང་ལྷན་ཅིག་ཡང་དག་པར་ཞུགས་པའི་འོག་ཏུ་ཡང་དག་པར་རེག་པ་གང་ཡིན་པ་དེ་ནི་ཉེ་བར་སྒྲུབ་པ་ཞེས་བྱ་སྟེ། འོག་ནས་བཤད་པའི་སྒྲུབ་པ་དང་ཉེ་བའི་ཕྱིར་རོ།། ཡང་དེ་དག་ཉིད་གང་ཡིན་པ་ཡི་གེ་ཧཱུཾ་ལས་བསྐྱེད་པ་དཏྟ ་རྣམ་པར་འབྱིན་པའི་ཡི་གེ་ཕཊ་ཁ་དོག་སེར་པོས་བཀག་ལ། ལས་ཀྱི་ཁྱད་པར་གྱི་ངོ་བོ་བསྐྱེད་པ་དེ་ནི་སྒྲུབ་པ་ཞེས་བྱ་བར་བཤད་དེ། འདིས་བདེ་བ་ཆེན་པོ་བསྒྲུབ་པ་ཡིན་པའི་ཕྱིར་རོ།། དེའི་འོག་ཏུ་ངོ་བོ་ཉིད་ཀྱིས་གཉིས ་སུ་མེད་པའི་བདག་ཉིད་ཅན་དུ་གྱུར་པ་སྤྲོས་པ་རྣམས་དང་བྲལ་བས་ཞི་བའོ་བདྲེ་བ་ཆེན་པོ་གང་སྐྱེ་བར་འགྱུར་པ་དེ་ནི་སྒྲུབ་པ་ཆེན་པོ་ཞེས་བཤད་དེ། དངོས་གྲུབ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བུའི་ཐབས་ཀྱི་བསྙེན་པ ་ལ་སོགས་པ་བཞི་བཤད་ནས། དྲི་ནི་ཐབས་ལས་བྱུང་བ་ཇི་ལྟ་བུ་ཞེས་བྱ་བ་འདིའི་ལན་བསྟན་པརརོ་བྱ་བའི་ཕྱིར། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན ་པའི་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ནི་སངས་རྒྱས་ཀྱི་ཐབས་ལས་བྱུང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ནི་ཆོས་རྣམས་ཀྱིས་ཆོས་ཉིད་གཉིས་སུ་མེད་པ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་ལ་རྡོ་རྗེ་འཛིན་པ་ཞེས་བཤད་དོ།། ། ་དེ་བས་ན་དེ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བཀའ་ནི་ཇི་ལྟར་བསྒོ་བར་བགྱི་ཞེས་བྱ་བའི་ལན་བསྟན་པར་བྱ་བའི་ཕྱིར། ལས་དང་རྗེས་སུ་མཐུན་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལས་ཀྱི་མཆོག ་གིས་ཚོགས་རྣམས་ནི། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བ་འདིའི་ལན་བསྟན་པར་བྱ་བའི་ཕྱིར་བསྒྲུབ་བྱའི་ལས་གླང་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གཉི་ག་ཡང ་བདག་གིས་མ་བཤད་དོ།། དེ་ལྟར་ཞུས་པ་ཐམས་ཅད་ཀྱི་ལན་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོ་མོ་རྣམས་བཅུ་དུ་ནས། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྐུ་ལ་སོགས་པ་དང་། ངོ་བོ་ཉིད་གཅིག ་པས་བཞུགས་པའི་རྡོ་རྗེ་འཛིན་པ་ལ། རང་གི་སྐུ་ལ་སོགས་པ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཛིན་པའི་མཐུས ་དེ་རྣམས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བ་ཡིན་ལ། དེ་བས་ན་འདི་ལྟར་དེ་ཉིད་ལ་དམིགས་ནས་བཞུགས་སོ་ཞེས་བྱ་བར་དགོངས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དགའ་བར་གྱུར་ནས། དེ་བཞིན ་གཤེགས་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་ཞུགས་པའི་སྐུ་ལ་སོགས་པའི་ངོ་བོ་ཉིད་སྟོན་པར་མཛད་པ་ལ། བསྟོད་པར་བྱེད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཐམས་ཅད་མཛད་ཅེས་བྱ་བ་ནི་སྔར་བཤད་པའི་སྲོག་གཅོད་པ་ལ་སོགས་པའི་ལས་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་ལ་སོགས་པའི་མི་ཕྱེད་པའི་ངོ་བོ་ཉིད་ཀྱིས་ལས་སྣ་ཚོགས་པ་བྱེད་དེ། སྐུ་ལ་སོགས་པའི་ངོ་བོ་ཉིད ་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། དེ་བས་ན་འདི་ལྟར་ལུས་ཐམས་ཅད་བྱེད་པར་གྱུར་པ་ཡིན་ནོ།། དེའི་ཕྱིར་སྐུ་གསུང་ཐུགས་ནི་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་རྣམ ་པཱར་དག་པ་ཡིན་པས་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ཐོབ་པས་སེམས་ཅན་ཐམས་ཅད་ཉིད་མི་མཉམ་པ་སྟེ། ཐུན་མོང་མ་ཡིན་པའི་སངས་རྒྱས་ཉིད་དང་མཉམ་པ་ཡིན་ཏེ། ་ཇི་སྐད་དུ་སོ་སོའི་སྐྱེ་བོ་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དོ་ཞེས་གསུངསོ།། གཉིས་སུ་མེད་པའི་དགོངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། བ་སྒྲུབ་བྱ་གང་ཡིན་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པ་པོ་ཉིད་ནི་འགའ་ཡང་མུང་མོད་ཀྱི། འོན་ཀྱང་གནས་སྐབས་ཙམ་ལས་དེ་འཁྲུལ་པ་ཙམ་དུ་བཞག་པོ་ཡིན་གྱིས། དེ་ངོས་སུ་སེམས་ཅན་ཐམས ་ཅངད་ནི་རྣམ་པར་སྣང་མཛད་ལྔ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟ་བུའི་ཚུལ་གྱིས་གནས་ན། སྒྲུབ་པ་པོ་གང་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་བྱེད་པ་དེ་ནི་སངས་རྒྱས་ཐམས་ཅད ་ཉིད་ཀྱང་བཅོམ་པར་བྱས་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་རྣམ་པར་བཅོམ་པ་དེས་གཏི་མུག་ཅན་འདི་སྡིག་པས་གོས་པར་ཇི་ལྟར་མི་འགྱུར། གལ་ཏེ་སྡིག་པས་གོས་པར་གྱུར་ན། དེའི་ཚེ་འབྲས་བུ་མངོན་པར་བྱང ་ཆུབ་པའི་མཚན་ཉིད་དུ་གྱུར་པར་ཡང་གང་ཞིག་ཡིན་ཞེས་དྲིས་པ་དང་། ད་ནི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བའི་རྗེ་སུ་དགྱེས་པར་གྱུར་ནས། དེ་ནས་ཞེས་བྱ་བ ་ལ་སོགས་པས་འདིའི་ལྡན་གསུངས་ཏེ། སྒྲུབ་པ་པོ་དེ་ཉིད་ནི་སློབ་དཔོན་ཏེ། སངས་རྒྱས་ཀུན་ནི་དཀྱིལ་འཁོར་དུ་གཏོགས་པ་སྟེ། དེའི་བདག་པོའོ།། དེ་བས་ན་དཔལ་ལྡན་ནོ།། དེ་ལྟ་བུའི་བྱང་ཆུབ་ཀྱིས་རྡོ་རྗེ་ཅན་གྱི་དངོས་པོ་ཐམས ་ཅད་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱིན་པ་དང་། སྡུད་པས་ན་ཐ་དད་པའི་བློས་ནི་མ་ཡིན་པའི་ཕྱིར་རོ།། བསྐྱེད་དང་སྡུད་པར་མཛད་པ་པོའི།། དེ་བས་ན་རྨི་ལམ་དང་འདྲ་བའི་ཚུལ་གྱིས་ལས་ཐམས་ཅད་བྱེད་དོ།། རྒྱུ་དེས་ན་སློབ་དཔོན་དེའི ་སྡིག་པར་མི་འགྱུར་ཏེ། དེ་དང་འདྲ་བར་བསོད་ནམས་སུ་ཡང་མི་འགྱུར་རོ།། དེ་བས་ན་འདི་ལྟར་བསོད་ནམས་དང་སྡིག་པས་མི་གོས་ཏེ། དེའི་ཕྱིར་འབྲས་བུ་ཡང་བྱང་ཆུབ་པའི་མཚན་ཉིད་ཅན་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི ་ཕྱིར། གང་ལ་སྡིག་དང་བསོད་ནམེས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ལྟ་བ་དང་བྲལ་བས་སྡིག་པ་དང་། བསོད་ནམས་སུ་མངོན་པར་རློམ་པ་མེད་པས་དེའི་བྱང་ཆུབ་རྫོགས་པར་འགྱུར་བ་ཉིད་ཡིན་ནོ་ཞེས ་བྱབྱེ་བར་དགོངས།། དེ་བས་ན་འདི་ལྟར་མགོན་པོ་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་དེའི་ཞེས་བྱ་བ་ནི་སློབ་དཔོན་དེས་ལུས་ཅན་ཐམས་ཅད་ཐ་མི་དད་པའི་བློས་བསླུ་བ་ནི་འདུལ་བར་མཛད་པ་སྟེ། གཞན་ཡང ་ལས་གང་ཡང་རུང་བ་ཞིག་བྱེད་པར་འགྱུར་ལ། དེས་བསླུ་བ་ལ་སོགས་པས་མགྲོན་པོ་རྣལ་འབྱོར་པ་དེ་ངན་འགྲོར་སྐྱེ་བར་མི་འགྱུར་ཞིང་སྡིག་པར་མི་འགྱུར་གྱི། སླར་ཞིང་དེ་བཞིན་ཉིད་ཀྱི་སྦྱོར་བ་ལ་བསླབས་པས་བྱང་ཆུབ་ཉིད ་རྙེངསྲ་བར་འགྱུ་རོ།། ལུས་ཅན་མ་རིག་པས་ལྡོངས་པ་དེ་རྣམས་ཀྱང་རྣལ་འབྱོར་པ་དེས་ཇི་སྐད་དུ་བཤད་པའི་འབྲས་བུ་ཆེན་པོའི་མཆོག་འཐོབ་པར་འགྱུརརོ་ཞེས་བསྟན་པར་བྱ་བའི་ཕྱིར། སྔོན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས ་སྔོན་ཤིན་ཏུ་མི་བཟད་པའི་སྡིག་ཅན་གྱི་ལས་བྱས་པས་སྐྱེ་བོ་རྣམས་དམྱལ་བའི་སྡུག་བསྔལ་དུ་སྐྱེས་པ་དེའི་ཚེ། དམྱལ་བ་དེ་རྣམས་ཀྱི་དམྱལ་བ་དང་། མཚམས་མེད་པ་རྣམས་ཀྱི་ཡང་འབྲས་བུ་ཆེན་པོར་འགྱུར་ཞེ་ན་དེ་ནི་མ་ཡིན་ཏེ། ་དྲི་བཞིན་དུ་གྱུར་པས་སྒྲུབ་པ་པོའི་སྙིང་རྗེ་ཆེན་པོ་དང་ལྡན་པོ་ཇི་ལྟ་ཇི་ལྟར་གསུངས་པའི་ཆོ་གས་རྣམ་པར་འཇིག་པར་བྱེད་པའི་འབྲས་བུ་ཆེན་པོའི་སྡིག་པ་དང་བྲལ་བ་ལ་སོགས་པའི་མཚན་ཉིད་ཅན་འབྱུང་བར་འགྱུར་ཏེ། ཇི་སྐད་དུ ་ལེའུ་དགུ་པ་ལས་ཀྱང་མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། རྒྱལ་བའི་སྲས་དེ་སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཆོ་ག་གང་གིས་ལུས་ཅན་རྣམས་བསྒྲུབ་པར་བྱ་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་རྡོ་རྗེ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་སློབ་དཔོན་གྱིས་སྔགས་ལ་སོགས་དང་ལྡན་པའི་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱིས་ཕྱག་རྒྱས་བཏབ་ཅིང་། ཡང་དག་པར་སྦྱར་ནས་སྒྲུབ་ཏུ་རུང་བར ་འགྱུར་རོ།། དེ་ལྟར་བསྒྲུབ་པར་བྱ་བའི་ཡན་ལག་གི་ངོ་བོ་ཉིད་བསྟན་ནས། སྒྲུབ་པ་པོའི་ཡན་ལག་ཀྱང་བསྟན་པར་བྱ་བའི་ཕྱིར། ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་དེས་སེམས ་ཅན་དེ་རྣམས་ལ་མཆོག་ཏུ་ཕན་བཏགས་པ་ཤེས་པར་བྱ་སྟེ། སྦྱོར་བ་འདི་ལྟ་བུས་ལུས་ཅན་འདི་རྣམས་ཀྱི་དགོས་པའི་མཆོག་ཏུ་འགྱུར་རོ།། ཞེས་ཤེས་པར་བྱས་ལ་ཅི་རིགས་པར་ལས་རྣམས་བྱེད་པ་འི་རྣལ་འབྱོར་པ ་རྣམས་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། ཇི་སྐད་དུ་གང་གིས་སྙིང་རྗེ་མ་ཉམས་པ།། དེ་ཡིས་ལས་འདི་བྱ་བར་འོས་ཞེས་གསུངས་པས་སོ།། དེ་བས་ན་དེ་ལྟར་ཤེས་པར་བྱས་ནས་བདག་ཉིད ་ཆེན་པོ་དེས་གཅོད་པ་དང་རྗེས་སུ་གཟུང་བའི་ལས་རྣམས་བྱའོ།། རྣལ་འབྱོར་པ་དེ་ཐམས་ཅད་རྩོམ་པ་ནི་ཅི་ཞིག་བྱ་ཞེ་ན། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེའི་སེམས་བསྐྱེད་པ་ནས་བརྩམས་ཏེ། ་མཆོག་གི་སྒྲུབ་པ་ཆེན་པོའི་མཐར་ཐུག་པའི་བར་གྱི་ལས་རྣམས་བྱས་ལ། སྒྲུབ་པ་ཆེན་པོ་དཀྱིལ་འཁོར་རྫོགས་པར་གྱུར་ནས། དེའི་འོག་ཏུ་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱིས་ཇི་ལྟར་མངོན་པར་འདོད་པའི་ལས་རྣམས་བྱའོ། ་ཞེས་བྱ་བར་དགོང་སོ།། ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་དང་ལྡན་པའི་ཆོས་ཐོས་པས། བྱང་ཆུབ་སེམས་དཔའ་རྣམས་ལེགས་སོ།། ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་ལྟར་གསུངས ་པའི་དོན་གྱི་རྗེ་སུ་སྨྲ་བར་བྱེད་པས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཆོ་ག་ཕུན་སུམ་ཚོགས་པའི་ནུས་པའོ།། ད་ནི་བྱང་ཆུབ་སེམས ་དཔའ་རྣམས་ཇི་སྐད་དུ་བཤད་པའི་དངོས་པོ་ལ་ཞུགས་པ་དེ་ཉིད་དུ་མཁྱེན་ནས། དེ་བཞིན་གཤེགས་པ་རྣམས་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི། རང་རིག ་པ་ཙམ་གྱི་ངོ་བོ་ཉིད་རྡོ་རྗེ་འཛིན་པས་སྔར་གྱུར་པ་ནི་ཞེ་སྡང་རྡོ་རྗེ་ལ་སོགས་པ་བདག་ཉིད་ཆེན་པོ་རྣམས་ཏེ། དེ་ནས་སྔགས་ཀྱི་རྒྱུན་སྡུད་པ་སྤང་ཞིང་དོར་བར་མི་བྱ་སྟེ། ཞེ་སྡང་གི་ལས་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་སོ་སོ་རང་རིག ་པ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ནོ་ཞེས་བྱ་བར་དགོངསོ།། ད་ནི་རྒྱུད་ཀྱི་དོན་ཐམས་ཅད་བསྟན་པའི་སྒོ་ནས། དེ་བཞིན་གཤི་གས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དུས་གསུམ་རྡོ་རྗེ་ཐུགས་ཡིན་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཡིན་པའོ།། སྲིད་དང་ཐར་གྱུར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ནོ།། ་ན་མཁའ་དག་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་དམིགས་སུ་མེད་པའི་ནམ་མཁའ་བཞིན་ནོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྤྲོས་པ་མེད་པའི་ཚུལ ་གྱིས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ལ་ཕྱག་བྱས་པའོ།། སྤྲོས་པའི་བདག་ཉིད་ལས་གཞན་གྱི་དོན་གྱི་སྒོ་ནས་ཀྱང་ཕྱག་བྱ་བ་བསྟན་པའི་ཕྱིར། གང་ཞིག་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདིར་རྣམ་པར་ཤེས་པའི་བར་གྱིས་ནི་ཕུང་པོ་ལྔ་བསྟན་ལ། སྐྱེ་མཆེད་དྲུག་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུའོ།། དབང་པོ་དྲུག་ནི་ཡིད་ཀྱི་དབང་པོའི་མཐར་ཐུག་པ་སྟེ། དེ་དག་གིས་ནི་སྐྱེ་མཚད་བཅུ་གཉིས་གསུངས་པ་ཡིན་ནོ།། ས་ཆུ ་ལ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བ་ལྔ་སྟོན་ཏོ།། དེའི་དོན་ནི་འདི་ཡིན་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དོ།། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་བཅུ་གཉིས་གཟུགས་རྡོ་རྗེ ་ལ་སོགས་པའི་ངོ་བོ་ཉིད་དོ།། ས་ལ་སོགས་པ་རྣམས་ནི་སྤྱན་ལ་སོགས་པ་ཉིད་རྣམ་པར་དག་པ་སྟེ། དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བ་ཉིད་དུ་རྒྱ་ཆེ་ཞིང་ཡངས་པ་སྟེ། སྤྲོས་པའོ་ཞེས་བྱ་བའི་བུར་དུའོ།། དྲི་བས་ན ་དེ་དག་ཐམས་ཅད་ལ་ལུས་དང་ངག་ཡིད་ཀྱི་བདག་ཉིད་ཙྪིན་གྷི་བྱ་བ་རྣམ་པ་གསུམ་གྷིསྠ་རྟག་ཏུ་ཕྱག་འཚལ་ལྷོ་ཞེས་བྱའོ།། གཏི་མུག་ལ་སོགས་པ་རྣམ་པར་དག་པའི་ཚུལ་གྱིས་ཀྱང་ཕྱག་བྱ་བར་བསྟན་པའི་ཕྱིར། གཏི་མུག ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་གསུངས་སོ།། རྡོ་རྗེ་ཆོས་ཅན་ཞེས་བྱ་བ་ནི་འདོད་ཚོགས་རྣམ་པར་དག་པའི་ངོ་བོ་རྡོ་རྗེ་ཆོས་ལ་བྱ་བར་མངོན་པར་འདོད་དོ་ཞེས་ཟེར་རོ།། འདིར་ཁྲོ་བོའི་སྒོ་ནས ་ཀྱང་ཕྱག་བྱས་པ་ཡིན་པར་བལྟ་བར་བྱའོ།། སྤྲོ་བ་ལ་སོགས་པའི་སྒོ་ནས་ཀྱང་བསྟན་པའི་ཕྱིར། སྤྲོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲོས་དང་ཞེས་བྱ་བ་ནི་སྤྲོས་པའོ།། དགའ་བ་ནི་སྡུད་པའོ།། རྣམ་པ་ནི་རང་གི་ལྷའི་རྣམ་པའོ།། ་མི་འགྱུ་རཱུ་བ་ནི་བསྟན་པར་བྱའོ།། རྒྱུ་ནི་རྣམ་པ་བྱེ་བྲག་ལ་སློབ་པའོ།། འབྲས་བུ་སྟེ་དེ་ཉིད་བསལ་བར་གྱུར་པ་དང་། རང་བཞིན་དུ་གཏོགས་པའི་ཆོས་གང་ཡིན་པ་ཅི་ཡདྷི་རུང་བ་དང་། སེམས་སུ་གཏོགས་པའི་ཆོས་གང་ཡང་རུང་བྱ ་དང་། དེ་བཞིན་དུ་གཏི་མུག་དང་། ཞོ་སྡང་དང་། འདོད་ཆགས་དང་། སྒྲིབ་པ་སྟེ། ཉོན་མོངས་པ་མ་ལུས་པའི་ངོ་བོ་ཉིད་ཡིན་ལ། དེ་དག་ཐམས་ཅད་རྣམ་པར་དྲག་པས་ནི་རྡོ་རྗེ་སྟེ། དེ་བས་ན་རྡོ་རྗེ་འཛིན་པ་དང་འདྲ་བ་དེ་ལྔ་ཕྱག་འཚལ་ལོ ་ཞེས་བྱ་བའི་དོན་ཏོ།། འདི་ལ་སྔར་ཤེས་རེ་བ་དང་ཐབས་ལས་བྱུང་བའི་ངོ་བོ་ཉིད་དུ་གསུངས་པ་གསང་བའི་དབང་བསྐུར་བ་དང་ལྡན་པར་བསྒོམ་པ་དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་བྱའོ་ཞེས་བསྟེན་པར་བྱ་བའི་ཕྱིར། གང་ཞིག་ཐོག་མ་མེད ་དངོས་ཞེས་བྱ་བ་ལྔ་སོགས་པ་གསངས་སོ།། ཡན་ལག་བཞིར་སྦྱོར་བ་ཉིད་ཀྱིས་བསྒོམ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་དངོས་གྲུབ་མཆོག་གི་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ཐུན་བཞིར་བསྒྲུབ་པར་བྱའོ་ཞེས ་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཐུན་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྣང་བ་ལ་སོགས་པ་ནི་ལྷ་ལ་སོགས་པའོ།། མཆོག་དང་དམན་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་མཆོག་དང་ཐ་མ་གྲུབ་སྟེ། འདིས་ནི་རིག་པ་འཛིན་པ་ལ་སོགས། ་པ་གྲུབ་པའི་སྒྲུབ་པ་པོས་ཀྱང་རིམ་གྱིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་འགྱུར་རོ།། ཞེས་སྟོན་པ་ཡིན་ནོ།། གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་དང་ལྡན་པ་རྣམས་ཀྱང ་སངས་རྒྱས་ཀྱི་ས་བོན་ལེགས་པར་ཐོབ་པ་ཡིན་པས་ཕྱག་བྱ་བར་འོས་པར་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་ལ་རྗེ་སོགས་པ་གསུངས་སོ།། གང་ཡང་འཁྲུལ་འཁོར་དང་སྔག་ས་ལ་སོགས་པ་དང་ལྡན་པས་ཀྱང་ཞི་བ་ལ་སོགས ་པའི་ལས་རྣམས་གྲུབ་པར་བྱེད་པའི་སྐྱེ་བོ་རྣལ་འབྱོར་གྱི་དབང་ཕྱུག་དེ་ཡང་དགེ་བའི་བཤེས་གཉེན་གྱི་མཐུས་སྡིག་པའི་ལས་རྣམས་དང་བྲལ་བར་གྱུར་པས་ཕྱག་བྱ་བར་བོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་བསྒྲུབ ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁྲུལ་འཁོར་ནི་ལེའུ་བཅུ་བཞི་པ་ལས་གསུངས་པས་སོ།། སྔགས་བཤད་པས་ཞེས་བྱ་བ་ནི་ཇི་ལྟར་རང་གི་སྔགས་ནོ་ལོས་བྱིན་གྱིས་བརླབས་ཏེ། ཁྱད་པར་དེ་རྣམས་ཀྱིས་ཞི་བ་ལ་སོགས ་བློའི་ལས་ཀྱི་ཚོགས་ཀྱི་ཕྱོགས་སྟོན་པ་ཡིན་ནོ།། གང་ཡང་དེ་ལྟ་བུར་གྱུར་པའི་སློབ་དཔོན་མཐོང་བ་དང་། མིང་ཐོས་པ་ལ་སོགས་པར་ཡང་མངོན་པར་དགའ་བྱ་དེ་རྣམས་ཀྱང་ད་པའི་ཁྱད་པར་གྱིས། མི་དགེ་བའི་ལས་རྣམ་པ ་འཇིག་པས། ཕྱག་བྱ་བར་བོས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གིས་གཙོ་བོ་སྒྲུབ་པ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་པོ་གཙོ་བོ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་སློབ ་དཔོན་གྱིས་ཏེ། ཇི་སྐད་དུ་གང་ཞིག་མཐོང་དང་ལྡན་པ་དང་།། ཐམས་ཅད་དུ་ནི་མཆོད་གྱུར་ན།། སངས་རྒྱས་ཐམས་ཅད་མཐོང་བ་དང་།། མཆོད་པ་ཉིད་དུ་གྱུར་པ་ཡིན།། ཞེས་གསུངས་པས་སོ།། དེ་ལྟར་ཚྭགསུ་བཅད་པ ་བཅུ་པོ་དེ་དག་གིས་ནི་བསྟོད་པའི་སྒོ་ནས། རྒྱུད་ཀྱི་དོན་རྗེས་སུ་བཤད་པ་བསྟན་ནས། ད་ནི་ཚིགས་སུ་བཅད་པ་འདི་དག་ཉིད་ཀྱི་དོན་ཆེན་པོ་སྟོན་པའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བསྟོད་པའི་ཚིག་ནི་ཞེས་བྱ་བ་ལ ་སྩོགས་པ་གསུངས་སོ།། གསང་བ་འདུས་བའི་རྒྱུད་འདི་ཐམས་ཅད་ནི་རྒྱུད་གཞན་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདུས་པ་གསང་བ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། དེ་བཞིན་གཤེགས་པ་དེ་རྣམས་ལ་སོགས་པ་ཇི་ལྟར་གསུངས་པའི་དེ་ཉིད་ཀྱི་དོན་མངོན་དུ་བྱ་བའི་ཕྱིར་ཅང་མི་གསུང་བར་གྱུར་ཏེ། ཞེས་བསྟན་པར་བྱ་བའི་ཕྱིར། དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། དེའི་དོན་འདི་ཡིན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་སྐུ་རྡོ་རྗེ་ལ་སྩོགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་ལ་རང ་རིག་པ་ཙམ་ཉིད་ཀྱི་དེ་དང་། ཐ་མི་དད་པར་བཞུགས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་ཉིད་ལ་དེ་མིགས་སོ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་དུ་དེ་དང་གཅིག་པའི་ངོ་བོ་ཉིད་དུ་བསྐྱེད་ནས་ཅང་མི་གསུང་བར་གྱུར ་པའོ།། འདིར་ཡང་སྐུ་ལ་སྩོགས་པ་མང་པོ་ཉིད་ཀྱང་། ཚིག་གཅིག་པར་བྱས་པ་ནི་འདི་རྣམས་ཀྱང་ཕན་ཚུན་དབྱེར་མེད་པར་བྱ་བའི་ཕྱིར་ཡིན་ཏེ། ལུས་ལ་སོགས་པ་འདི་དག་རང་རིག་པ་ཙམ་དུ་གཉིས ་སུ་མེད་པའི་ངོ་བོར་དེ་བཞིན་ཉིད་གང་ཡིན་པ་དེ་སྤྱོས་ནས་གསུངས་པ་ནི་དེ་ཉིད་ངེས་པར་བྱས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང་། གསུང་དང་ཐུགས་དེའི་བདག་ཉིད་ཅན་གང་ཡིན་པ་དེ ་ཉིད་ནི་གསང་བའོ།། དེ་བས་ནཱ་གསང་བ་འདུས་པའི་རྒྱུད་དུ་གསང་བ་ཐམས་ཅད་སྟོན་པའི་རྡོ་རྗེའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ཤིང་སོ་སོར་ཤེས་པ་གང་ཡི་ན་པ་འདི་ནི་ལེའུ་བཅོ་བརྒྱད་པ་སྟེ་དེ་རྫོགས་སོ།། ་དང་ལྡན་རྣམས་ཀྱིས་དྲན་པའི་རྒྱུར་ནི་འདུས་པ་འདིན། ཉུང་ཟད་ཙམ་གྱིས་ཚིག་གང་ཡིན་པ་བཤད་བྱས་པས།། བདག་གི་དགེ་བ་ཟླ་བ་ལྟར་སྣང་གང་ཐོབ་པ།། དེས་ནི་འགྲོ་བ་རྒྱུལ་བའི་ལུམ་མཆོག་ལ་གནས་ཤོག ་དཔལ་གསང་བ་འདུས་པའི་འགྲོ་ལ་པ་སློབ་དཔོན་ཐ་ག་ནའི་ཞལ་སྔ་ནས་མཛད་པའོ།། ། རྒྱ་གར་གྱི་མཁན་པོ་ཨ་ཙཱུརྱཱ་ཤྲཱདྡྷ་ཀ་ར་ཝརྨྨ་དང་། དྷཱརྨྨ་ཤྲཱི་བྷ་དྱཱ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟུང ་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ཤཱབྷྱ།། བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མུར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མར་བསགས་པའི་སྡིག་སྒྲི་བའི་མ་ལུས་ཀུ་མ།། དགེ་འདིས་དྲུག་ལྔའི་མི་ལྕེ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱེང་ཆུབ་སྙིང་པོའི།། ་