| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨུ་པ་དེ་ཤ་ནི་ཤཱ་ཡ་ནཱ་མ་ཤི་གུ་ཧྱ ་ས་མ་ཛཱ་བྲྀཥྚི། བོད་སྐད་དུ། དཔལ་གསང་བ་འདུས་པའི ་འགྲེལ་པ་མན་ངག་གཏན་ལ་དབབ་པ་ཞེས་བྱ་བ། དཔལ་བྱང་ཆུབ་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཤེས་བྱའི་སྒྲིབ ་སོགས་ངེས་གྲོལ་ཅིང་།། འགྲོ་རྣམས་ཐུགས་རྗེས་ཁྱབ་མཛད་པ།། ཆོས་ཀུན་ན་མཁའི་མཚན་ཉིད་ཀྱི།། ངོ་བོ་ཉིད་གང་ཐུགས་སུ ་ཆུང།། མི་ཕྱེད་རྡོ་རྗེའི་བདག་ཉིད་ལ།། དབྱེར་མེད་དད་པས་ཕྱག་འཚལ་ཏེ།། ཐིག་ལེ་གཡོ་བ་མེད་པ་ཡི།། ངེས་དོན་བླ་མའི་མན ་ངག་དང་།། སློབ་མ་ཉིད་ལ་ཕན་པའི་ཕྱིར།། ལུང་ལ་བརྟེན་ཏེ་ཅི་ནུས་བྲི།། དེ་ལ་རྒྱུད་འདིར་འཇུག་པར་འགྱུར་བའི་གང་ཟག་རྣམས་དང་། ཕྱི་རོལ་པ་རྣམས་ཡིད་ཆེས་པར་བྱ་བའི ་ཕྱིར།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བ་རྒྱ་ཆེར་སྨོས་སོ།། དེ་ལ་ཡང་གཞུང་འདི་ཉིད་གྲུབ་པའི་གང་ཟག་རྣམས་ནི་དེ་ཉིད་ཀྱིས་ཡིད་ཆེས་པར་འགྱུརརོ།། ། ་ཕྱི་རོལ་པ་བློ་སྔོན་དུ་གཏོང་བ་རྣམས་ནི་དགོས་པ་ཁོང་དུ་ཆུད་ནས་འཇུག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ནི། དཔལ་རྡོ་རྗེ་འཛིན་པའི་དོན་དང་མཛད་སྤྱོད ་རྣམས་ཡིན་ལ། རྗོད་པར་བྱེད་པ་ནི་ཚིག་རྣམས་ཡིན་ཏེ། དེས་བརྗོད་པར་བྱ་བའི་དོན་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ།། དེས་ཀྱང་དེ་ཉིད་ཐོབ་པར ་འགྱུར་བ་ནི་དགོས་པའི་དགོས་པ་ཡིན་པ་དང་། འདི་ལ་དེ་དག་གི་ནུས་པ་མེད་པ་མ་ཡིན་པས་འབྲེལ་པ་ཡོད་དེ། དེ་ལྟར་དགོས་པས་ཡན་ལག་དང་བཅས་པ་འདི་མཐོང་ནས་འཇུག་པར་འགྱུར་རོ།། དེ་བས་ན་དོན་འདི ་གཟིགས་ཏེ། ཡང་དག་པར་སྡུད་པར་བྱེད་པས་སྟོན་པ་དང་དུས་ལ་སོགས་པ་རྒྱ་ཆེར་སྨོས་སོ།། དེ་བས་ན་འདི་ལྟར་འགྱུར་ཏེ། ཕྱི་རོལ་པའི་ཀླན་ཀ་སྤང་བ་དང་། ཕྱིས་འབྱུང་བ་དག་ངང་པར་བྱ་བ་དང་། བློ་སྔོན་དུ་གཏོང་བ་དག་ཡིད་ཆེས་པར་བྱ ་བ་དང་། ཡང་དག་པར་སྡུད་པར་བྱེད་པ་བདག་ཉིད་ཀྱི་དོན་ཉིད་ཡིན་པར་བསྟན་པའི་ཕྱིར་དུས་ལ་སོགས་པ་རྒྱ་ཆེར་སྨོས་པ་ཡིན་ནོ།། དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྡུད་པར་བྱེད ་པས་འདི་སྐད་དུ་གང་གི་ཚེ། གང་ཞིག་གང་ན་བཞུགས་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་སོ།། ཞེས་བྱ་བའི་གླེང་བཞི་སྨོས་པ་ཡིན་ཏེ། འདི་དག་ལ་ཡང་ཚིག་གི་རིམ་པའི་དོན་ཇི་ལྟ་བ་ནི། འདིར་བསྙད་པར་མི་བྱའི་མཐར་ཕྱིན་པའི་དོན་ཉིད་ཙམ ་ཞིག་བསྟན་པར་བྱ་བས་གཞན་དག་ཏུ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། དེ་ལ་ཨེ་ཞེས་བྱ་བ་ནཱི་བྷཱ་གྷཱ་སྟེ། དེ་ཡང་ཆོས་ཀྱི་སྒྲའི་བདག་ཉིད་ཀུནྡ་ནས་སྨྱོས་པ་རྣམས་འཇོམས་པའི་བདག་ཉིད་དོ།། བྷ་ཞེས་བྷ་བ་ནྟི་དེའི་ནོར་བུ་སྟེ། དེ་ཡང་ཐིག་ལྡེགས ་བ་མེད་པའི་བདག་ཉིད་ཀྱི་གཟུགས་སུ་རྣམ་པར་གནས།། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཐིག་ལེ་ཆེན་པོའི་བདག་ཉིད་དུ་ཞུགས་ཏེ། དོན་འདི་བདག་གིས་མཐོང་བའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡོད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས ་ཀྱི་རང་བཞིན་རྒྱུ་ཤྲཱིས་རྣམ་པར་མི་རྟོག་པས་སོ་རང་རོག་པའོ་བདག་སྣོད་ཙམ་འོད་གླང་གི་དུས་ན་དུནས་ཤིང་ཐོས་ནི་མ། ཤེས་རབ་མའི་བྷགཋཱ་ཡ~ཾ་གཱི་ཨོཾ་དང་འདྲ་བའི་དབུས་ན་དམ་པའི་དགའ་བུའི་རྒྱུ་མཚན་ཡི་གེ་བྷྱ་མ་རྣམས་པའི་རྩ་ཐིག་ལེ་ལྟ ་བུ་ཡོད་དེ། དེ་དང་སྙིང་རྗེའི་བདག་ཉིད་ཀྱི་ནོར་ཕྲང་བར་གྱུར་པ་ན་རང་བཞིན་གྱིས་དགའ་བའི་བྱེད་རྒྱུ་ཐེག་ལེ་འབབ་པར་འགྱུར་ཏེ། གང་གི་ཚེ་དེ་སྙིང་རྗེའི་བདག་ཉིད་ཀྱི་ནོར་བུ་ལ་གནས་པར་དེའི་ཚེ་རྨྱི་གང་གིས་སེམས་ཀུན་ནས་འདུས་པར་གྱུར ་ཡེ་ཤེས་ཀྱི་གཞིར་གྱུར་པ་ན་དེ་ཁོ་མ་ཉིད་ཀྱི་དོན་དྲུགནས་ཏེ་མཚན་མ་མེད་པ་ལ་རང་བཞིན་གྱིས་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་དུས་ན་གང་ཞིག་བཞུགས་པ་བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ། བྷྱ ་ནི་གོང་དུ་བསྟན་པའི་ཤེས་རབ་མའི་བྷ་ག་སྟེ། དེ་ན་ཐིག་ལྕེ་ཆེན་པོའི་བདག་ཉིད་དུ་བཞུགས་པ་སྟེ། འདིར་བྷ་ག་དང་ལྡན་པས་བྷ་ག་བཱན་ཞེས་མཚ་མོས་སྦྱར་རོ།། དེའི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་དེ་བཞིན ་གཤེགས་པ་ཐམས་ཅད་སྒྲ་དང་གསུང་དང་ཐུགས་ནི་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་སྨོས་ཏེ། དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐུགས་སུ་ཆུད་པ་སྟེ། དེ་ཡང་ཇི་ལྟར་ཆགས་པའི ་བདག་ཉིད་དེ་ལྟར་དེ་བཞིན་ཉིད་ཐུགས་སུ་ཆུང་བའོ།། དེ་ཐམས་ཅིད་ཀྱི་སྐུ་གསུང་ཐུགས་ནི་རྡོ་རྗེ་ལྟར་མི་བྱིད་པ་སྟེ། དེའི་སྙིང་པོ་ནས་བོན་བྱང་ཆུབ་ཀྱི་སེམས་རྗེརྗེའོ།། དེ་ཡང་ཕྱག་རྒྱའི་བདག་ཉིད་དང་། སྒྲའི་བདག་ཉིད་དང་། ་ཐིག་ལེའི་བདག་ཉིད་པས་སྐུ་གསུང་ཐུགས་རྡོ་རྗེ་ཉིད་དོ།། དེ་གང་ན་བཞུགས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བནྡྷནཱ་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལ་བཙུན་མཱཾ་ནི་ཕྱུག ་དེའི་བྷ་ག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་བང་བ་ཅན་དེ་ན་བཞུག་སོ་ཞེས་བྱ་བར་སྦྱར་ཏེ། དེ་ལ་འདིར་བཞུག་སོ་ཞེས་བྱ་བའི་སྒྲ་འདིས་རྒྱུད་ཀྱི་དོན་གཏན་ལ་ཕབ་པ་ཡོངསུ་རྫོགས་པོར་བསྟན་ཏོ།། ཇི་ལྟར་ཞེ་ནོ། འདིར་བྱེད་པ ་ཚིག་གིས་བསྒྲུབས་ཏེ། དེ་ལ་གང་བཞུགས་ཞེ་ན། བཅོམ་ལྡན་འདས་སོ་གང་ལ་བཞུགས་ཞེན། བཙུན་མོའི་བྷ་ག་ལའོ།། གང་ལྟར་བཞུགས་ཞེ་ན། བརྗོད་ཀྱིས་མོ་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་དང་ངོ་།། གང་གི་ཚེ་ནཱ་བཞུགས་ཞེ་ན། དོན་འདི་ལྟར་བདག ་གིས་རྟོགས་ཤིང་ཁོང་དུ་ཆུད་པའི་དུས་ནའོ།། ཇི་ལྟར་བཞུགས་ཞེ་ན། ཐབས་གཅིག་ཏུ་ཞེས་བྱ་བ་སྨོས་ཏེ། དེ་ཡང་འདིར་གནས་གཅིག་པའི་ངོ་བོར་མི་སྦྱར་གྱི་ངོ་བོ་གཅིག་པར་སྦྱར་བར་བྱའོ།། འདི་ལྟར་གང་གི་ཚེ་ཤེས་རབ་མའི་བྷ་ག་ལ་བྱང་ཆུབ་ཀྱི་ངོ་བོ་ས་བོན ་དུ་བཞུགས་པ་དེའི་ཆེ་ན། དེའི་ལུས་ཀྱི་བདག་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་གི་ཕྲིན་ལས་ཀྱི་བདག་ཅིང་དམ་ཚིག་རྡོ་རྗེ་སྟེ། སྒྲིབ་པ་རྣམ་པར་སེལ་བའོ།། པོའི་མིག་གི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མྦུའི་བངག་ཅི ་ལུས་རྡོ་སྡེ་སའི་སྙིང་པོའོ།། རོའི་ལྷོའི་བདག་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་ངོ་བ་འཇིག་རྟེན་དབང་ཕྱུག་གོ།། དེའི་རྣ་བའི་རང་བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ངོ་བ་སེམས་རྡོ་རྗེ་སྟེ་ལག་ན་རྡོ་རྗེའོ།། དེའི་ཡིད་ཀྱི་རང ་བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྡོ་རྗེ་སྟེ་ཀུན་ཏུ་བཟང་བའོ།། དེའི་སྣའི་རང་བཞིན་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་མྦྷ་ཇོ་བོ་བརྒྱལ་བ་རྡོ་རྗེ་སྟེ་ན་མཁའི་སྙིང་པའོ།། །། གཞན་ཡང་སྲ་བའི་རང་བཞིན་ནི་ས་རྡོ་རྗེ ་སངས་རྒྱས་སྤྱན་ནོ།། གཤེར་བའི་རང་བཞིན་ནི་ཆུ་རྡོ་རྗེ་སྟེ་མ་མཱུཀྵིའོ།། བློའི་རང་བཞིན་ནི་མེ་རྡོ་རྗེ་སྟེ་གོགྲོས་དཀུར་མོའོ།། བསྐྱོད་པའི་རང་བཞིན་ནི་རླུང་རྡོ་རྗེ་སྟེ་དམ་ཚིག་སྒྲོལ་མའོ།། དེ་རྣམས་གང་དུ་སྣང་བ་སྟོན་པར་བྱང་པ་ནི་ན་མཁའ་རྡོ་རྗེ་སྟེ་དབྱིངས་ཀྱི ་དབང་ཕྱུག་མའོ།། གཞན་ཡང་གཟུགས་དང་། སྒྲ་དང་དྲི་དང་རི་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི་སེམས་མ་རྣམ་སོ།། དེའི་རྣམ་པར་ཤེས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་པ ་འདུ་བྱེད་དང་། དེའི་ཞེ་སྡང་དང་། གཎྜཱི་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དོག་རྣམས་ཀྱི་ངོ་བོ་ཉིད་ནི། དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་ཏུ་མེད་པ ་དང་། རྡོ་རྗེ་གངོན་མི་ཟ་བེ་རྣམས་ཀྱི་ངོ་བ་ཉིད་དུ་དབྱེར་མོང་པའི་ཚུལ་དུ་བཞུགས་ཞེས་བྱ་བར་སྦྱར་རོ།། འདི་ལྟར་བཞུགས་ཞེས་བྱ་བའི་ཚིག་གཞན་དག་ཏུ་ཡང་ཤེས་པར་བྱའོ།། དེ་ལ་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བྱ་ནི། འགྲང་བར་བྱ་བ་ལས ་འདས་པའོ།། ཡང་བརྗོད་ཀྱི་མི་ལང་བ་ཞེས་བྱ་བ་ནི། རབ་ཏུ་མང་བའི་དོན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པར་བསྟན་པའི་དོན། རྣམ་པ་གཅིག་ཏུ་སྔ་མ་མི་རྣམ་གྲངས་ཡིན་ལ། བསྣན་པ་ནི་ཁྱད་པར་གྱི་དོན་ཏོ།། སངས་རྒྱས་ཀྱིས ་ཞིང་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་ཅེས་བྱ་བ་ནི། ཚད་ལས་འདས་པའི་དཔེ་ཚོན་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཞེས་བྱ་བ་ལ་བྱང་ཆུབ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ།། སེམས་དཔའི ་དེ་འདོད་པའོ།། གོང་དུ་བསྟན་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལ་གནས་པས་སེམས་དཔའ་ཆེན་པོ་ཞེས་བྱ་བའོ།། དེ་དག་སྙེད་དང་ཐབས་གཅིག་ཏུ་བཞུགས་པ་ཡང་གང་ལ་ཞེ་ན། སྙིང་པོ་རྡོ་རྗེ་སྦྱོར་བའི་སྒོ་ལ་བཞུགས་པ་ཞེས་སྨོས ་སོ།། སྙིང་པོ་ནི་བྷ་ག་རྡོ་རྗེ་ནི་མཚན་མ་སྟེ། དེ་དག་སྦྱོར་བའི་དུས་ཀྱི་པདྨ་གང་ཡིན་པ་དེ་ལ་བཞུག་སོ་ཞེས་བྱ་བར་སྔ་མ་བཞིན་ནོ།། རྣམ་གཅིག་ཏུ་ཐབས་ཀྱི་བདག་ཉིད་སྙིང་པོ་རྡོ་རྗེ་དེ་ཤེས་རབ་ཀྱི་བདག་ཉིད་པདྨ་ལ་སྦྱོར་བ་གང་ཡིན་པ་དེན ་བཞུགས་ཞེས་བྱ་བར་སྦྱོར་རོ།། དེ་ལྟར་བཞུགས་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད ་པ་ལྟར་དབྱེར་མི་ཕྱེད་པའི་བདག་ཉིད་པས་རྡོ་རྗེ་ཞེས་སྨོས་ཏེ། གཞན་ནི་སྔ་མ་བཞིན་ནོ།། ས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ལྷ་མོ་རྣམས་ལ་ཕོའི་སྒྲ་སྨོས་པ་ནི་རང་དང་འདྲ་བའི་ཐབས་ཀྱི་ཆ་ཡོད་པས་སོ་ཞེས་ཟེར་རོ།། རྣམ་གཅིག་ཏུ་ཚིག་གི ་བདེ་རིམ་དང་སྦས་པའི་དོན་ཡིན་ཏེ་འགལ་བ་མེད་དོ།། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་དབྱིངས་ཀྱི་དབང་ཕྱུག་མ་ཉིད་ཡིན་སྨོས་ཀྱི་དེ་ཡང་འདིར་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་དུ་འདོད་པས་ལྷའི་རང་བཞིན་ཡིན་ཡང་འཁོར་གྱི་དཀྱིལ ་འཁོར་དུ་མ་བཀོད་པ་ལ་འགལ་བ་མེད་དོ།། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་འདིར་འདུལ་བའི་དབང་གིས་རྒྱུད་གཅིག་ཏུ་གཏོགས་པའི་ཆོས་རྣམས་ཡོངསུ་དག་པའི་ལྷ་ཙམ་ཡིན་གྱི། དེ་དག་རེ་རེ་ཞིང་ཡང་འདི་དག་དང་འདྲ་བའི་ལྷས་ཡོངསུ། ་གང་ལ་གཞན་ཡང་རང་བཞིན་དང་སྤྲུལ་བའི་སྒོ་ནས་མཐའ་ཡས་པའི་ཕྱིར་བརྗོད་ཀྱི་མི་ལང་བ་ལ་སོགས་པ་རྣམས་སྨོས་སོ།། དེ་ལ་དེ་བཞིན་གཤེགས་པ་ན་མཁའི་དབྱིངས་དང་མཉམ་པ་ཞེས་བྱ་བ་ལ་ན་མཁའི་དབྱིངས་འདི་ནི ་ནམ་མཁའི་དབྱིངས་ཉིད་དེ་དེ་ལ་ན་མཁའི་ཁམས་དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། གཞན་ཡང་ཞེ་སྡང་དང་གཏི་མུག་དང་། ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་རྣམས་དང་མཉམ ་ཞིང་དབྱེར་མེད་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་གདོན་མི་ཟ་བར་གྲུབ་པ་རྣམསོ་ཞེས་བྱ་བ་སྦྱར་རོ།། དེ་དག་ལ་སོགས་པ་ན་མཁའི་དབྱིངས་ཐམས་ཅད་དང་མཉམ ་པའི་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ལ་ནོ་མཁའི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་ནུ་མཁའི་དབྱིངས་དང་མཚུངས་པའི་ཕྱིར་རོ།། དེ་དང་མཉམ་པ་ནི་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་སྟེ་དེ་ལས་ཐ་དད་ཏུ་མི་འཇུག་ཅིང ་ང་མཉམ་པར་སྣང་ཞིང་སྤྲུལ་པའི་དོན་ཏོ།། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ན་མཁའི་དབྱིངས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ལ་ཁྱབ་པར་སྣང་བར་གྱུར་ཏོ་ཞེས་བྱ་བོ་ལ་ན་མཁའ་དེ་ཐམས་ཅད་ཀྱང་ངེ ་བས་རྒྱས་པ་ཟླུནསྨྱ་ཙྪ་འཛིནི་ཤེས་རབ་མའི་སའོ།། དབྱི་ས་ཞེས་བྱ་བ་ནི་འདིར་རྩཝའི་དོན་ཏོ།། ས་བླུན་བྱང་ཆུབ་ཀྱི་སེམས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱབ་པ་ནི་དེ་ལྟ་བུར་བསྣུན་པར་གྱུར་ན ་རྣམ་གཅིག་ཏུ་ཤེས་རབ་མའི་བྷ་ག་ལ་ལྷ་མོ་བཞི་ཏེང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གཉིས་སུ་མེད་པའི་ཚུལ་བསྟན་པར་གྱུར་པའོ།། འདི་ནི་གླེང་གཞི་ཕུན་སུམ་ཚོགས་པ་ཡིན་ཏེ་འདི་ལྟར་སྟོན་པ་དང་། གནས་དང་འཁོར་དང་དུས་ཀྱི་རྒྱུད་ཀྱི ་བདག་ཉིད་རྣམས་ཕུན་སུམ་ཚོགས་པ་ནི་གངྒཱ་ཙྪ་ཤད་པར་བྱ་བའི་ཆོས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ཡང་འདིར་ནི་འདི་ལྟར་བྱ་ཆུ་ཅི་སེམས་ཀྱི་བདག་ཉིད་ནི་སྟོན་པའོ།། ཆོས་ཀྱི་འབྱུང་གནས་ནི་གནས་སོ་སྔོན་དུ་བརྗོད་པ་ལྟར་ཡན་ལག་ཡོངས་སུ་རྫོགས ་བ་ནི་འཁོར་རོ།། དེ་དག་འདུས་པའི་སྐབས་ནི་དུས་ཏེ་དེའི་ཚེ་བཟུང་འཛིན་ཐམས་ཅད་དང་བྲལ་བའི་དོན་སོ་སོ་རང་རིག་པ་ནི་རྒྱུད་ཡིན་ནོ།། འདི་ལྟར་ཕུན་སུམ་ཚོགས་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཨེ་བཾ་གི་གཟུགས་ལ་ཐིག་ལེའི ་བདག་ཉིད་དུ་བཞུགས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏེ་གླེང་བསླང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། འདིའི་རིམ་པ་ནི་ཤེས་རབ་ཀྱིས་ང་རྒྱལ་བ་རྣམས་བླ་མ་དང་འབྲེལ་བ་མེད་ན་མི་འགྲུབ་པས་ཇི་ལྟ་བ་མ་ཡིན་པར་བསྟུན་པའོ།། ་འདིར་བཟུང་བ་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པའི་བར་དུ་ཞུས་པ་འདི་ཐོག་མར་བསྟན་པར་བྱ་སྟེ། དེ་ལ་དེ་ནས ་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པའི་དོན་དང་ངེས་པའི་དོན་དང་དབང་དུ་གྱུར་པའི་དོན་དང་བར་ཆད་སྤོང་བ་རྣམས་ལས་འདིར་ནི་བཀྲ་ཤིས་པ་དང་བར་ཆད་སྤོང་བའི་དོན་ཏེ། འདི་ལྟར་གང་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གང་རྣམས་ལ ་སྣང་བར་གྱུར་པ་དེ་ནས་ཞེས་འབྲེལ་བར་སྦྱར་རོ།། བཅོམ་ལྡན་འངས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་སེམས་བདེ་བ་ཆེན་པོའི་བདག་ཉིད་དུ་བཞུགས། ་པ་དེ་བསྐུལ་བར་རིགས་ནས་མཆོད་པོའི་སྤྲིན་གྱིས་མཆོད་ཅིང་ཞུ་བར་གསོལ་བ་གདབ་པར་དགོངས་པ་གཅིག་ཏུ་གྱུར་ཞེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ནི་དེའི་རྣམ་པ་དང་འདྲ་བའི་དོན་ཏེ་འབྲས་བུ་ཆེན ་པོའི་མཚོན་གྱི་ཁྱད་པར་རོ།། དེ་ཁོ་ན་ཉིད་མཆོད་པ་ནི་བྱང་ཆུབ་སེམས་ཀྱི་མཆོད་པའོ།། དམ་ཚིག་ནི་དང་དུ་བླང་ཞིང་སྤྱངད་པའོ།། རིན་པོ་ཆེ་ནི་གཟུངས་ཀྱི་མཆོད་པ་སྟེ་དེ་ལྟ་བུའི་མཆོད་པའི་སྤྲིན་གྱིས་མཆོད་དེ་ཕྱག་བཙལ་ནས་འདི་སྐད ་ཅེས་གསོལ་བ་བཏབ་ཅེས་བྱ་བའི་དོན་ཏོ།། དེ་བསྟན་པའི་ཕྱིར་འདུས་པ་གསང་བ་ལས་བྱུང་། དེ་བཞིན་གཤེགས་པ་ཀུནྡ་གྱིས་གསང་། རྡོ་རྗེ་སྙིང་པོ་འདུས་པ་ཉིད། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་བྱ་བ་སྨོས་ཏེ། ཐབས། ་དང་ཤེས་རབ་གཉིས་སུ་མེད་པ་འདུས་པའི་གསང་བ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ནི། བཅོམ་ལྡན་འདས་སྐུ་བསྐྱེད་པའི་ཐབས་ཀྱི་ཡན་ལག་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཀྱི་ཐུགས་ཀྱི་གསང་བ་ཡིན་ཅིང་ཐུགས་རྗེའི་སྤྱིང ་པ་འདུས་པ་ཡིནཏེ། དེ་ལྟ་བུའི་དོན་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་བཤད་དུ་མམ་ལ་ཞེས་བྱ་བའི་ཐམག་སོ།། དེ་སྐད་ཅེས་གསལ་བ་བཏབ་པ་དང་། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན ་ནགཤེགས་པས་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་ཆོས་ཀྱིས་སྐུའི་བྱིན་གྱི་བརླབས་ཀྱིས་སྤྲས་བོས་ཏེ་དེ་འདི་ལྟ་བུའི་དོན་ནུ་བ་ལེགས་ནི་ལེགས་ན། དེ་ཁོ་ན་ཉིད་ཀྱི་དོན ་འདི་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའི་ཕྱིར་གྱུར་པ་གཞན་ལྟ་ཅི་སྨོས་ཏེ་འདི་ནི་བསྟན་པ་ཤིན་ཏུ་དཀའོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བའི་ཐ ་ཚིག་གོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་རྣམས་ངོ་མཚར་དུ་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཉིད་ཤིན་ཏུ་ཁྱད་པར་དུ་བྱཱ་ལྕགས་ཀྱང་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་འདིར ་སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པར་མི་སྤྱོད་པ་དེ་བྱིན་གྱིས་བརླབས་མཛད་དེ་བཀའ་སྩལ་དུ་གསོལ་ཞེས་བྱ་བའི་ཐ་ཚིག་གོ། གང་གིས་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་ཚིག་འདིས་ཅེས་བྱ་བ་སྨོས་ཏེ། དེ་ལ ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཀྱི་ཅད་ཀྱི་རང་བཞིན་ཏེ་དེའི་རྡོ་རྗེ་ནི་གསང་བའི་དབང་སྐུར་བའི་འབྱུང་ཁུངས་སོ།། དམ་ཚིག་ནི་བདུད་རྩིའི་རང་བཞིན་ཏེ་གསང་བ་བདུད་རྩིའི་དཀྱིལ་འཁོར་གྱི་ལྷའི་བདག་ཉིད ་ངོ།། དེ་འབྱུང་བའི་ཚིག་ནི་གང་གི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བའི་དབང་གི་དམ་ཚིག་སློབ་མ་གང་གིས་ལེན་པ་དེའི་ཚེ་འདི་སྐད་དུ་བླ་མ་རྣམས་ཀྱིས་ཨ་ཧོ་སུ་ཁ་ཞེ་འམ་སུ་པྲ་ཏིཥྛ་བཛྲ་ཧོ།། ཞེས་བསྐུལ་བ་སྟེ། འདིས་ཡང་དག ་པའི་དབང་པོ་དོན་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་དང་། ཡིད་བདེ་བ་མྱོང་བར་བགྱི་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བགྱི་བའི་བར ་དུ་ཞེས་བྱ་བ་སྨོས་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་སྐུའི་དབང་བསྐུར་བའི་འབྲས་བུའོ།། ཡིད་བདེ་བ་མྱོང་བ་ནི་གསུང་དང་ཐུགས་ཀྱི་དབང་བསྐུར་བའི་འབྲས་བུ་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བར ་ངག་ཐོབ་པར་བགྱི་བའི་སླད་དུ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་བོ།། དེ་སྐད་ཅེས་གསོལ་བ་བཏབ་པ་དེ་མཁྱེན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརློབས་པ་མཛད་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱང་ཆུབ ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུག་སོ།། ཏིང་ངེ་འཛིན་དེ་གང་ཞེ་ན། སྔོན་དུ་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་བདག་ཉིད་དུ་བཞུགས་པ་ལས ་འདིས་ཡི་གེ་ཡཾ་ལས་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ་གཞུའི་དབྱིངས་ལྟ་བུ་ལ་ཡི་གེ་ཨོཾ་གྱིས་མཚན་པའོ།། དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་ཁ་དོག་དམར་པོ། གྲུ་གསུམ་དུ་གྱུར་པ་ཡི་གེ་ཧཱུཾ་གིས་མཚན་པའོ།། ་དེའི་སྟེང་དུ་ཡི་གེ་བཾ་ལས་ཡོངསུ་གྱུར་པའི་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་ཀུན་ནས་ཟླུམ་པ་ཡ་གེ་ཨོཾ་གྱིས་མཚན་པའོ།། དེའི་སྟེང་དུ་མ་གེ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མའི་རྣམ་པ་འཕྲོ་བ་དང་། འདུ ་བྱའི་སྦྱོར་བ་ལས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པའོ།། དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་ཡོངསུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ།། དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ལས་ཡོངས་སུ་གྱུར་པའི་རྡོ་རྗེ་སེམས་དཔའ་ན་སྡང་རྡོ་རྗེའི་བདག་ཉིད་ཅན་ནོ།། འཁོར ་ལོའི་སྟོབས་རྣམས་ལ་ཡང་ཁྲོ་བོ་རྣམས་ཇི་ལྟ་བའི་ཆོ་གས་བསྐྱེད་དེ།། དེ་ནས་བཀོའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྒོ་བ་རྫོགས་པ་ཧཱུཾ་གི་ས་བོན་ལས་བྱུང་བའི་རྡོ་རྗེ་གུར་དང་རབས་ཡོངས་སུ་འཁོར་བར་མཛད་དོ།། དེའི་ནས་ཁྲོ་བོ་གདན་དང་བཅས་པ་འོད་དུ ་ཞུ་སྟེ། ཇི་ལྟ་བའི་རིམ་པས་རྡོ་རྗེ་སེམས་དཔའ་རིག་མ་དང་བཅས་པར་གྱུར་པར་མཛད་དེ་དེ་ལས་ཡོངསུ་གྱུར་པའི་ཆོས་ཀྱི་འབྱུང་གནས་སྣ་ཚོགས་རྡོ་རྗེས་མཚན་པའོ།། དེའི་དབུས་སུ་ཡི་གེ་བྷྲཱུཾ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་ལས་བྱུང་བའི ་རྣམ་པར་སྣང་མཛད་རིག་མ་དང་བཅས་པ་ཞུ་བ་ལས་གྲུ་བཞི་གཞལ་ཡས་ཁང་དུ་གྱུར་པར་མཛད་དེ། དྲི་ན་མཁའི་དབྱིངས་འདི་དག་ཐམས་ཅད་རྡོ་རྗེ་ངོ་བོར་གནས་པར་གྱུར་ཏོ།། དེ་ལྟར་གཞིའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་ནས་ཉིད་ཀྱི་ཕྱག་རྒྱ ་བསྐྱེད་པར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མཉམ་པ་ཉིད་དུ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་བཞུགས་ནས། རིགས་པའི་སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བདག་པོའི་བྱིན་གྱིས་རླབས་ཏེ། འདི་ལྟར་དབུས་ཀྱི་སྣ་ཚོགས་པདྨ་གངན་སྟེངས་སུ་ཨཱ་ལི་དང་ཀཱ་ལིའི་རྣམ་པ་ཅན་གྱི་ཟླ་བའི་དཀྱིལ་འཁོར ་ངག་ཡོངས་སུ་ཞུ་བ་ལས་གྲུབ་པའི་རྡོ་རྗེ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་དེ་འཕྲོ་བ་དང་འདུ་བའི་སྦྱོར་བས་སྔགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་བདག་ཉིད་འདི་ལྟར་མེ་ལོང་ལྟ་བུ་དང་། མཉམ ་པ་ཉིད་དང་སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱི་སོ་བརླབས་པར་མཛད་པའི་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་གཟིགས་པར ་གྱུར་ཏོ།། དེ་ནས་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་གྱི་ཁམས་གཟིགས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐབས་དང་ཤེས་རབ ་ཀྱི་སྒྲས་གོང་དུ་ཞུ་བར་གསོལ་བར་མཛད་པའི་དེ་བཞིན་གཤེགས་པའི་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོ་མཉེས ་པར་བྱ་བའི་ཕྱིར་ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏེ། ཇི་ལྟར་འགྲོ་བ་འདུལ་བར་གྱུར་པ་དེ་བཞིན་དུ། ལ་ལ་ནི་སངས་རྒྱས་ཀྱི་སྤྱན་ལྟ་བུ་ཞེས་བྱ་བ་ནས། ལ་ལ་ནི་གཟུགས་ཀྱི་ངོ་བོ་ལྟ ་བུར་ཞེས་བྱ་བའི་བར་དུ་རིགས་སས་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏེ། གནའི་རིག་མ་ལ་ཐིམ་པར་མཛད་དོ།། ཁ་ཅག་ནི་ལྷ་མའི་སྦྱོར་བའང་དག་གིས་ཡང་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས། ་སྤྱན་དྲངས་ཏེ་གཙོ་བོ་ལ་ཐིམ་པར་བྱས་ནས། བྱང་ཆུབ་སེམས་ཀྱི་རྒྱུར་གྱུར་ཏོ་ཞེས་ཟེར་རོ།། དེ་ནས་ཤེས་རབ་མའི་བྷ་ག་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ ་གཞིའི་རིག་མའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རྡུལ་མེད་པ་གྲུ་བཞིར་བྱིན་གྱིས་བརླབས་པ་ནི། གསལ་བ་དེའི་ངོ་བོ་ཉིད། སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་ཁྱབ། སངས་རྒྱས་ཚོགས་ཀྱིས་ཀུན་ཏུ་རྒྱས། འོད་ཟེར་འཕྲོ་བ ་མང་པོ་འཁྲུགས།། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱི་གནས་སུ་བྱིན་གྱིས་བརླབས་པར་མཛད་དོ།། དེ་ནས་འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་རྒྱན་གྱི་ཁྱད་པར་སྣ་ཚོགས་ཀུན་ཏུ་བརྒྱན ་པ་གོང་དུ་སྨོས་པའི་སཔས་རྒྱས་ཀྱི་ཚོགས་ཀྱིས་ཀུན་ཏུ་རྒྱས་པ། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་དང་ལྡན་པ། ཟླ་བ་དང་ཉི་མ་ལ་སོགས་པའི་གདུན་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་ཕོ་བྲང་སྟེ། འདི་ལྟ་བུར་བྱིན་གྱིས་བརླབས ་སོ།། དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དེ་དཀྱིལ་འཁོར་ཆེན་པོའི་དབུས་སུ་མི་བསྐྱོད་པའི་བདག་ཉིད་དུ་བཞུགས་པར་གྱུར་ཏོ།། དེ་ལྟ་བུའི་གསང་བའི་བྷ་གའི་དཀྱིལ་འཁོར་དེར་སེམས་ཅན་ཐམས་ཅད་དབང་བསྐུར ་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐུལ་བས། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་གྲུབ ་པ་གདོན་མི་ཟ་བ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཐུགས་ལ་བཞུགས་ཏེ། ཤེས་རབ་མའི་བྷ་གར་བབས་པས་ན་མཁའི་དབྱིངས་དེ་ན་བཞུགས་པའི་སེམས་ཅན་ཐམས་ཅད་ལ་གསང་བའི་དབང ་བསྐུར་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཔལ་གྱིས་རེག་པའི་བྱིན་གྱིས་བརླབས་ཀྱིས་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་དབང་ཐོབ་པར་གྱུར་ཏོ།། དེ་ལྟར་སེམས་ཅན་དེ་དག་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར ་བྱས་འཁོར་ཐམས་ཅད་ཀྱང་སྣོད་དུ་རུང་བར་བྱིན་གྱིས་བརླབས་པ་མཛད་པས། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེག་པ་ཐམས་ཅད་ཏུ་ངོ་མཚར་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོའི་ཐུགས ་ཀ་ནུས་བྱུང་སྟེ། ཆེད་དུ་གླེང་བ་འདི་གསུངས་སོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སེམས་ནི་རབ་འབྱུང་བ།། དེ་བཞིན་གཤེགས་པ་ཀུན་གྱི་གས་།། རབ་ཏུ་མི་རྟོགས་གནས་མེད་པའོ་ཞེས་གསང་བ་བྱང་ཆུབ་སེམས་ཀྱི་དབང ་ལ་ངོ་མཆིར་བའི་སྒོ་ནས་བསྟོད་དོ།། དེ་ལ་ཐུགས་ཀ་ནས་བྱུང་སྟེ། ཞེས་པའི་ཚིག་ནི་ཕྱིའི་དཀྱིལ་འཁོར་དུ་བཞུགས་པར་མི་སྦྱར་གྱི་བྱང་ཆུབ་སེམས་ཀྱི་རང་བ་རྣམ་སེམས་ཅན་རྣམས་དང་ཐུན་མོང་དུ་གསང་བའི་དཀྱིལ་འཁོར་དུ་བབས་པས ་སེམས་ཅན་རྣམས་ནི་སངས་རྒྱས་པ་ཐོབ་པར་གྱུར་ཏེ། རང་རང་གི་སངས་རྒྱས་ཀྱི་ཞིང་ངག་ཏུ་བཏང་། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ནི་གསང་བའི་དཀྱིལ་འཁོར་ལ་འཁོར་ནས་ཆེད་དུ་གླེང་བ་འདི་གསུངས་སོ ་ཞེས་བྱ་བར་སྦྱར་རོ།། དེ་ནས་འོད་འབར་ཧོའི་བར་དུ་དེ་ཉིད་གསུམ་གྱི་ཡི་གེ་དང་ལྡན་པ་རབ་ཏུ་འབར་བའི་བྱིན་གྱིས་བརླབས་ཀྱིས་བདག་ཡབ་ཡུམ་ཡང་འོད་དུ་བཞུ་བར་བྱའོ།། དེ་ནས་འོད་ཀྱི་ཐིག་ལེ་ཕྲ་མོ་བཞི་ཕྱོགས་བཞིར་འཕྲོས་ཏེ། ་དེ་ཡང་སྤྱན་ལ་སོགས་པའི་ལྷ་མོ་བཞིར་ཡོངས་སུ་གྱུར་ནས། བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པར་བསྐུལ་བའི་དགེ་བའི་བཤོས་གཉེན་མཛད་དེ། འདི་ལྟར་སེམས་ཅན་ཁམས་ན་གནས་པའི ་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས་ཞེས་བྱ་བ་ལ་སོགས་པའི་དབྱངས་རྣམས་ཀྱི་ཡོངསུ་པ་སྐུལ་བ་དང་། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ཡོངས་སུ་བསྐྱེད་པ་མཛད་ནས་ཡེ་ཤེས་རྣམས་ཁ་ལྔའི་ཚུལ་གྱིས་ཉིད་ཀྱི་སྐུ་ཡོངས་སུ་རྫོགས ་བར་མཛད་དོ།། དེ་ཉིད་ལ་ཡང་རྡོ་རྗེ་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ལ་སོགས་པ་ཆུང་ངུའི་བསྙེན་པ་ལ་སོགས་པོ་དང་། ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་ལ་སོགས་པ་ཡོངས་སུ་རྫོགས་པར ་བྱས་ཏེ། འབྲིང་གི་བསྙེན་པ་ལ་སོགས་པ་འང་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ་ཞལ་དུ་ཐིམ་ནས་དབང་པོའི་ལམ་དུ་བྱུང་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་དུ་བེབས་ཏེ་དེ་ཉིད ་དུ་དཀྱིལ་འཁོར་དུ་བསྐྱེང་བར་བྱའོ།། ད་ལྟར་སྦྱོར་བྱ་དང་བ་རྫོགས་པར་མཛད་ནས། དཀྱིལ་འཁོར་རྒྱལ་པོ་མཆོག་ལ་འཇུག་ཕྱིར་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་གསུང་དང་ཐུགས་ཀྱི་བདག་བརྡ་རྡུང་བཞིན་ག། ཤེག ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས་ཞེས་འདྲིར་ཡང་སྦྱར་ཏེ་ཡེ་ཤེས་སྐྱོན་མས་བསྐྱེད་པ་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ནསོ་ཞེས་སྟེང་གི་རིགས་མཆོག་གི་སྙིང་པོའི་སྙིང་པོ་འང ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གདོན་པ་མཛད་དོ།། དེ་ལ་ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྙིང་པོ་འདིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་བྱིན ་མཛད་པའི་ཡེ་ཤེས་ཀྱི་མིང་སྟེ། དེ་བཞིན་དུ་སྙིང་པོ་གང་དང་གང་དག་གིས་དེ་བཞིན་གཤེགས་པ་གང་དང་གང་དག་འབྱིན་པར་མཛད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་དེ་དང་དེ་དག་ལ་དེ་སྐད་ཅེས་བྱ་བར་སྦྱར་རོ།། ཞེ་སྡང་གི་རིགས་མཆོག། ཅེས ་བྱ་བ་ལ་སོགས་པ་ནི་གང་ཞེ་སྡང་གིས་འདུལ་བ་རྣམས་ལ་དེའི་བསྙེན་པོར་མི་བསྐྱོད་པ་རྡོ་རྗེའི་རིགས་སུ་བསྟན་ཏེ་དེའི་ཕྱིར་རྡོ་རྗེའི་རིགས་ནི་ཞེ་སྡང་གི་རིགས་སོ།། སྙིང་པོའི་སྙིང་པོ་ཞེས་བྱ་བ་ལ་སྙིང་པོ་ནི་བྷ་ག་ལ་བྱང་ཆུབ་ཀྱི་སེམས་གནས་པ་སྟེ། ་རྒྱུ་ཡིན་པའི་ཕྱིར་གྱུར་པ་ཞེས་བྱ་བའི་ཚིག་ནི་སྐྱེས་གནས་ངག་ལ་ཡང་འཇུག་པར་སྦྱར་རོ།། སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པར་སྨིན་པ་དེ་དམ་པ་ཡིན་པའི་ཕྱིར་སར་ཞེས་བྱ་བའི་ཚིག་ནི་འོ་མའི་སྤྲིས་པ ་དག་ལ་ཡང་འཇུག་པར་སྦྱར་རོ།། དེ་ནས་འདི་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུངས་དང་ཐུས་ཀྱི་རིགས་པའི་སྐྱེས་བུ་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའོ།། ་ཐབས་ཀྱིས་ནག་པོ་དཀར་པོ་དམར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དེང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུག་སོ།། ཞེས་བྱ་བ་འོ།། དེ་ཉིད་ཅེས་བྱ་བ་ནི་བཅོམ་ལྡན ་འདས་ཀྱི་ཐུགས་ཡེ་ཤེས་ཉིད་དོ།། སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ཉིད་མི་ཕྱེད་པའི་ངོ་བོ་ནི་རིག་པ་སྟེ་དེའི་ངོ་བོའི་སྐྱེས་བུ་ནི་མི་བསྐྱོད་པའོ།། དེའི་ཕྱག་རྒྱ་ཆེན་པོ་ནི་སྐུ་ཕྱག་རྒྱ་སྟེ་དེར་སྦྱོར་བའི ་ཐབས་ནི་བྱའོ།། དེ་ཉིད་གང་ཞེ་ན། ནག་པོ་དཀར་པོ་དམར་པོའི་ཚུལ་དུ་སྟེ་དེ་ཡང་རྩ་བའི་ཞལ་དང་སྐུ་མདོག་ནག་པོའོ།། གཡས་ཀྱི་ཞལ་ནི་དཀར་པོའོ།། གཡོན་པ་ནི་དམར་པོའོ།། དེ་བཞིན་དུ་ཕྱག་དྲུག་ན་ཡང་རྡོ་རྗེ་དང་འཁོར་ལོ་དང་། པདྨ་དང་། ་དྲི་བུ་དང་། རིན་པོ་ཆེ་དང་རལ་གྲི་རྣམས་འཛིན་པར་གྱུར་ཏེ། སངས་རྒྱས་ཀྱིས་མཛད་པས་སེམས་ཅན་གྱི་དོན་བྱ་བ་ཡོངསུ་རྫོགས་པར་མཛད་ནས་སླར་འདུས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་པར་མཛད་དོ།། དེ་ལྟར་ཞུགས་པར་མཛད་པས ་བཅོམ་ལྡན་འདས་དེ་ཉིད་ཅུང་ཟད་ཞེ་སྡང་གི་གཟུགས་འཛིན་པར་འགྱུར་ཏེ། མདོག་ཨིནྡྲ་ནཱི་ལ་ལྟ་བུ་ཅུང་ཟོང་གཙིགས་པའི་ཞལ་མངའ་བ་ཕྱག་དང་པོ་ན་རྡོ་རྗེ་རྩེ་དགུ་པ་བསྣམས་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ནས་དེ་ཉིད་ཀྱི་སྦྱོར ་བས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བར་སྦྱར་རོ།། དེ་དག་གི་ཆོག་གི་ཡན་ལག་ཀྱང་ཞེ་སྡང་གི་རིགས་ཇི་ལྟ་བ་བཞིན་དུ་སྦྱར་རོ།། ཞེ་སྡང་གཏི་མུག་འདོད་ཆགས་དང་། ཡིད་བཞིན་མོ་ཤུ་དམ ་ཚིག་སྟེ། རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས།། འདོད་དང་གྲོ་བར་རབ་སྒྲུབ་པའོ།། ཞེས་བྱ་བ་ནི་རིགས་ལྔའི་འཇུག་བསྡུད་པའི་ཆོ་ག་སྟེ། དེ་ལ་ཞེ་སྡང་གི་རིགས་ནི་མི་འཁྲུགས་པའོ།། གཏི་མུག་གི་རིགས་ནི་རྣམ་པར་སྣང་མཛད ་དོ། འདོད་ཆགས་ཀྱི་རིགས་ནི་སྣང་བ་མཐས་ཡས་སོ།། ཡིད་བཞིན་ནོར་བུའི་རིགས་ནི་དཀོན་མཆོག་དཔལ་ལི།། དམ་ཚིག་གི་རིགས་ནི་གདོན་མི་ཟ་བར་གྲུབ་པ་སྟེ། རིགས་ལྔ་པོ་འདི། ངག་གིས་འདོད་པ་དང་གྲོལ་བ་སྒྲུབ་པའོ་ཞེས ་བྱ་བར་སྦྱར་རོ།། ཇི་ལྟ་ཞེ་ན། འདོད་པ་ལྔ་ཉིད་སྤོང་བར་མི་བྱེད་དེ་རིགས་ཀྱི་ལོངས་སྤྱོད་དུ་སྤྱོད་ལ། གྲོལ་བ་ཡང་གཞན་མ་ཡིན་ཏེ་དེ་ཉིད་དུ་སྦྱར་བས་དུག་ལྔ་འདོད་པ་ལྷ་ནི་དེ་བཞིན་གཤེགས་པ་ལྟ་ཉིད་དོ་ཙས་བྱ་བར་སྦྱར་རོ།། དེ་ནས་དེ ་ངག་གི་བཙུན་མོའི་ཚོགས་དབྱུང་བར་བྱ་བའི་ཕྱིར་དེ་ནས་ཡོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་རིགས་མཉེས་པར་བྱེད་པའི་ཡུམ་མཱ་མ་ཀཱི་ཡིན་པས་སོ།། དེ ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་རོ།། དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་བུད་མེད་ཀྱི་གཟུགས་སུ་སྤྲུལ་ཏེ། གཞན་ཡང་དེ་བཞིན་དུའོ།། ཤར་ཕྱོགས་ཀྱི་གྲཝར་བཞུགས་ཞེས ་པ་ནི་རིམ་པ་མ་ཡིན་པར་སྦྱར་ཏེ་དེ་ནི་ལྷོའི་གྲཝར་བཞུགས་པ་ཡིན་ལ། གཏི་མུག་དགའ་བ་ནི་ཤར་གྱི་གླུར་བཞུགས་སོ་ཞེས་མཁན་པོ་ངག་གིས་བཤད་དོ།། སླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྡོ་རྗེ་རྫུན་གྱི་འགྲོ་བ་རྣམས ་ཐབས་ཀྱི་འདྲེན་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་དེ་དག་གི་མཇུག་བསྡུ་བ་སྟེ་བུད་མང་འདི་དག་ནི་བདེ་བའི་མཆོག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་གོ་འཕངས ་ཆེན་པོ་ལ་ཡང་སྦྱོར་བ་ཉིད་ཡིན་པས་དེ་སྐད་ཅེས་བྱའོ།། དེ་ནས་ཁྲོ་བོ་ཆེན་པོ་རྣམས་དབྱུང་བར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ན་ལ་སྙོམས་པར་བཞུགས་ཏེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཁྲོ་བོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་དིར་སྐུའི་ཁྲོ་བོར་བརྗོད་པས་སོ།། དཀྱིལ ་འཁོར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་བྱིན་ཆེ་བར་བྱེད་པ་སྟེ་མི་མཐུན་པ་མེད་པར་བྱེད་པས་སོ།། རྣམ་གཅིག་ཏུ་གསང་བའི་དཀྱིལ་འཁོར་དུ་བྱང་ཆུབ་ཀྱི་སེམས་ཕེབས་པར་བྱེད་པའི་ཕྱག་རྒྱ་བཞི་ཡིན་པས་སོ་ཞེས་བླ ་མའི་མན་ངག་གོ། དེ་བཞིན་གཤིག། ས་པ་ཐམས་ཅད་བསྙེངས་པར་བྱེད་པ་ཞེས་བྱ་བ་ནི་ལོག་པར་རྟོགས་མི་གནས་པའི་ཚིག་གོ།། མངོན་པར་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཉིད་དུ་སྦྱར་རོ།། དཀྱིལ་འཁོར ་བྱིན་ཞེས་བརླབ་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། རྡོ་རྗེའི་དམ་ཚིག་བསྙུངས་པར་བྱེད་པ་ནི་ཐུགས་ཀྱི་རྣམ་པར་རྟོག་པ་མ་མངའ་བར་བྱེད་ཅེས་བྱ་བའི་དོན་ནོ།། ཆོས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གསུང་གི་བདག་ཉིད་དེ་དམ་པར ་ཆོས་དེ་ཉིད་རིན་པོ་ཆེའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནི་ཕྲིན་ལས་ཀྱི་བདག་ཉིད་དེ་སྐུ་དང་གསུང་དཐུགས་འདུས་པའི་རྡོ་རྗེའི་ངོ་བོའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་མཉེས་པར་བྱེད་པ་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམསོ་ཞེས་བྱ་བ་ནི་ཁྲོ་བོ་འདི་བཞི་ཡང་སྐུ། གསུང་ཐུགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་བྱེད་ཀྱི་བདག་ཉིད་ཡིན་པས་སོ།། རྣམ་གཅིག་ཏུ་གསང་པོའི་དཀྱིལ་འཁོར ་དུ་བྱང་ཆུབ་ཀྱི་སེམས་ལྷ་རྣམས་ཀྱི་ངོ་བོ་འབྱུང་བར་བྱེད་པའི་མཉེས་པའི་ཕྱག་རྒྱ་ཡིན་ཏེ་འདི་ལྟར་གཟུང་བ་དེ་ངེ་འཁྱུད་པ་དང་བསྡམས་པ་དང་ལྡན་པའི་བདག་ཉིད་གནས་པས་མཉེས་པར་བྱེད་པ་ཞེས་བྱའོ།། དེའི་ངང་ཚུལ་གྱི་སེམས་དཔའ་རྣམས ་ནི་དམ་ཚིག་སེམས་དཔའ་རྣམས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་ཞེས་བྱ་བ་ནི་སྔོན་དུ་བརྗོད་པའི་བྱིན་གྱིས་རློབས་པར་ཞུས་པ་དང་མཛད་པ་གང་གིས་དེ་བཞིན་གཤེག་པ་རྣམས ་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ལེའུ་དང་པོའོ།། །། ད་ནི་བྱང་ཆུབ་སེམས་ཀྱི་དོན་སྟོན་པ་ལེའུ་གཉིས་པ་འདི་ཞུ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་། ་དང་ཐུགས་ཀྱི་བདག་པ་ལ་གཔལ་བ་བཏབ་པ་ལ་སགས་པ་སྩུས།། འབྲེལ་པ་ནི་དང་པ་ཕུན་སུམ་ཆགས་པ་རྣམས་པ་ལྔ་ཆགས་པམ། བཞིན་གཤེགས་པ་ཐམས་སྨང་དི་སྤྱད་དུ་འདུས་པགས་། ་མས་བྱུང་ན་ཞེས་བརྒྱས་བཤང་དྲུགས་ལ་ཞེས་པའི་བར་དུ་ནུས་པས། འཛིན་ཆོས་སྐྱེ་བའི་གནས་ཡིན་མ་ཞེས་བཀའ་སྩལ་པ་ན། བྱིན་གྱིས་རློབས་མཛོད་དེ་བཀའ་སྩལ་དུ་གསོལ་བ་བཏབ་པའི་རྗེས་ལ་བྱིན་གྱིས་བརྙེན་ཅིང་དབང ་བསྐུར་བས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་བཅོམ་ལྡན་འདས་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ ་སྐུ་དང་གསུང་དང་ཐུགས་ཀྱི་མཆོག། དེ་བཞིན་གཤེགས་པ་ཀུན་གྱི་གསང་། བླ་ན་མེད་པའི་བྱང་ཆུབ་སེམས། བཅོམ་ལྡན་སྙིང་པོ་བཤད་དུ་གསོལ་ཞེས་ཡང་ཞུས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ ་བ་ཡང་མཁྱེན་ཅེས་བྱའོ།། དེ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། དེ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངསུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་ཞེས་བྱ ་བ་ནི་ལེའུ་དང་པོ་ཉིད་དུ་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གཞན་རྣམསོ་ལྟ་ཅི་སྨོས་ཞེས་གསུངས་པ་དེ་འདིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་དོན་ལ་ཐ ་ཆོམ་མི་ཟ་བའི་རྟོག་པ་རྣམས་ཀྱང་མཁྱེན་ནས་ཞུས་པའི་དོན་གནང་སྟེ། འདི་སྐད་དུ། འདུས་པ་གསང་བ་ལས་བྱུང་བ་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་བཤང་དུ་གསོལ་ཞེས་ཞུས་པའི་དོན་ལ། ལེའུ་དང་པོར་ནི་བྱིན་གྱིས་བརློབ་ཅིང་དབང ་བསྐུར་བར་མཛད་ནས་བྱང་ཆུབ་ཀྱི་སེམས་ཀྱི་དོན་ནི་འདིར་བཀའ་སྩལ་ཏོ།། འདི་ལྟར་ཁྱོད་ཀྱི་སེམས་ལུས་ལྟ་བུ་དང་། སྱེམྦྷ་སཱུ་རླིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་ཅིག་ཅེས་བྱ་བ་ལ་སོགས་པ་གསུངསོ།། དེའི་དོན་ནི་འོདུས་པ་གསང་བ་ལས ་བྱུང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་བདག་ཉིད་དེ་དེ་ཉིད་སེམས་ཞེས་བྱའོ།། དེ་ཉིད་ལུས་ལྟ་བུ་སྟེ། ཆོ་གའི་ཚུལ་གྱིས་ལྷོའི་སྐུར་སྣང་བས་སོ།། སྐུ་དེ་ཡང་བྱང་ཆུབ་སེམས་ཞུ་བའི་ངོ་བོ་ཉིད་ལས་ལུས་ཀྱང་སེམས ་ལྟ་བུའོ།། སེམས་དེ་ཉིད་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྒྲའི་རྣམ་པར་སྣང་བས་སེམས་ཀྱང་ཚིག་བརྗོད་པ་ལྟ་བུའོ།། དེ་ལྟ་བུའི་རྣམ་པར་བསྐྱེད་ཅིག་ཅེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་ཚང་གསོལ་ཏེ། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ན་མཁའ་ལྟ་བུར་སྦྱར་ནས་ཏེ། ལུས་ངག་ཡིད་གསུམ་དབྱེར་མེད་པར་བྱས་ནས་འདི་སྐད་དུ། ཨེ་མའོ་ཀུན་ཏུ་བཟང་པོ་ཡི།། རྡོ་རྗེ་སྐུ་དང་གསུང ་དང་ཐུགས།། སྐྱེ་བ་མེད་པའི་ཚུལ་གྱིས་སོ།། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། ཞེས་གསོལ་ཏོ།། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཞུ་བ་ལྟ་བུའི་བདེ་བ་ཆེན་པོ་ནི་སྐྱེ་བ་མེད་བཞིན་ཀུན་རྫོབ་ཀྱི་ཡི་གེ་དང་སྐུ་ལ་སོགས་པ་མཚན་མའི་ཚུལ་དུ་སྐྱེ་བ་འདིར ་གྲགས་ཞེས་རྟོགས་ཚད་གསོལ་ཏོ།། དེ་ལྟར་བྱང་ཆུབ་སེམས་ཀྱི་དོན་ལེའུ་དང་པོར་ཞུས་པ་དེ་འདིར་དང་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་བསྐྱེས་ནས་དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ ་སེམས་ཀྱི་དོན་བཀའ་སྩལ་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངོ་མཚར་བའི་སྒོ་ནས་མངོན་པར་བསྟོད་དོ།། འདི་ནི་བླ་མའི་མན་ངག་གོ།། ཚིག་གི་རིམ་པ་ནི་བྱང་ཆུབ་སེམས་བཤང་བར་ཞུས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ལྟར་དེ ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ཡང་མཁྱེན་བྱང་ཆུབ་སེམས་དཔའ་ང་དུང་དུ་བྱང་ཆུབ་ཀྱི་སེམས་མངོན་པར་མ་རྟོགས་པའི་སྒོ་ནས་ཞུ་བར་འདོད་པའི་རྟོགས་པ་ཡང་མཁྱེན་ནས། དེ་ལ་དང་པོར་བྱང་ཆུབ་སེམས་ཉན་པར་འདོད ་ན་ཐོག་མར་བྱང་ཆུབ་སེམས་བསྐྱེད་ལ། དེ་ནས་ཉོན་ཅིག་ཅེས་བྱ་བར་འདོམས་པའི་ཕྱིར་ན་ལུས་ངག་ཡིད་གསུམ་ན་མཁའ་ལྟར་མཉམ་པ་ཉིད་དུ་སེམ་སུ་བསྐྱེད་ཅིག་ཅེས་གསུང་པ་ཡིན་ཏེ། དེ་ལ་ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་ན། ་སེམས་རྣམ་པ་དང་བྲལ་བ་ཆད་པའི་མཐའ་སེལ་ཞིང་དེ་ཉིད་ཀྱིས་སེམས་དང་ལུས་དབྱེར་མེད་པར་ཡང་སྟོན་ཏོ།། འདི་ཡང་སེམས་ནི་ཀུན་རྫོབ་ཙམ་དུ་བྱ་བ་མི་བྱེད་པ་ལྟ་བུ་ནི་མ་ཡིན་ཏེ། ལུས་ཀྱི་རྣམ་པ་ལྟ་བུ་སྣང་ངོ་།། དེ་བཞིན་དུ་ལུས་ཀྱང་དངོས་པོ ་རྟག་པ་ཅན་མ་ཡིན་ཏེ། སེམས་ཀྱི་རང་བཞིན་དུ་དངོས་པོ་མེད་ངོ་།། དེས་ནི་དངོས་པོར་ལྟ་བ་ཡང་གསོལ་ལོ།། སེམས་དེ་ཡང་ཚིག་བརྗོད་པ་ལྟ་བུ་ཡིན་ཏེ་སྣང་ལ་རང་བཞིན་མེད་པ་ཡིན་ཞིང་སེམས་དང་ངག་དབྱེར་མེད་པར་སྟོན་ཏོ།། དེ་ལྟ་བུར་ཁྱེད་ཀྱིས ་སེམས་བསྐྱེད་ཅིག་པའི་དོན་ནོ།། དེ་ནས་ན་མཁའ་ལྟ་བུར་སྦྱར་ནས་ཞེས་བྱ་བ་ནི་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབྱེར་མེད་པ་ན་མཁའ་ལྟ་བུར་སྦྱར་བའོ།། ཚད་དུ་གླེང་བ་འདི་སྨྲས་ཞེས་བྱ་བ་ནི་རྟོགས་ཚད་གསོལ་བ་སྟེ་འདི་ལྟར་ཀུན་ཏུ ་བཟང་པོ་བྱང་ཆུབ་ཀྱི་སེམས་སྐུ་གསུང་ཐུག་རྡོ་རྗེ་ལྟར་དབྱེར་མེད་པ་སྐྱེ་བ་མེད་པའི་ཚུལ་དུ་ཕྱེད་ཀྱིས་སེམས་བསྐྱེད་ཅིག་ཅེས་རབ་ཏུ་བསྒྲགས་ཤིང་གསུང་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནས་ཚུལ་བཞིན་དུ་ཉནཱ་པ་དང་བྱང་ཆུབ་སེམས་ཀྱི་དོན་བསྟན ་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། བྱང ་ཆུབ་ཀྱི་སེམས་འདི་གསུངསོ་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ནོ།། དེ་ལ་མངོམ་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ཞེས་བྱ་བ་ནི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་ཇི་ལྟ་བ་ཉིད་དོ།། དེ་ནི་འདི་ཡིན ་ཏེ། དངོས་པོ་མེད་པར་བསྒོམ་པའི་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ལྟར་བྱང་ཆུབ་ཀྱི་སེམས་ནི་དངོས་པོ་མང་དོ་ཅེས་བྱ་བ་བསྒོམ་པའི་དངོས་གང་ཡིན་པ་དེ་ཡང་ཡང་དག་པའི་བསྒོམ་པ་མ་ཡིན་ན་དངོས་པོ་ལྟ་ཅི་སྨོས། དེ་ལྟར་ན་དངོས ་པོ་དང་དངོས་པ་མེད་པ་གཉི་གས་པ་སྒོམ་དུ་མེད་དེ། དེའི་ཕྱིར་དམིགསུ་མེད་དོ།། འདི་ལྟར་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་རྟོགས་པ་དང་། གཉི་གའི་ཡུལ་མ་ཡིན་པའི་ཕྱིར་རོ།། དེ་སྐད་ཅེས་སྐུ་གསུང་ཐུགས་རྡོ་རྗེས་གསུངསོ།། གཞན་ཡང ་རིགས་སོ་སོའི་བྱང་ཆུབ་ཀྱི་སེམས་བརྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་སྟོང་ཉིད་ཀྱི་ཡེ་ཤེས་ཏེ། བྱང་ཆུབ་ཀྱི་སེམས་མི་རྟོག་པའོ།། དེ་ནི་དངོས་པོ ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་རྣམ་པར་སྤངས་པ། གཟུང་བ་དང་འཛིན་པའི་མཚན་མའི་རྣམ་པར་རྟོག་པ་སྤངས་ཤིང་ཆོས་བདག་མེད་པའི་མཉམ་པ་ཉིད་ཡིན་པས། རང་གི་སེམས་ཀྱང ་གདོང་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིནོ་ཞེས་བྱ་བ་ཐ་ཚིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་རྡོ་རྗེ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད ་བའི་ཕྱིར་མི་ཟད་པོའོ།། དེ་ནི་འདི་ཡིན་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་རྟེན་དུ་གྱུར་པའི་ཆོས་དང་། བརྟེན་པར་གྱུར་པའི་ཆོས་གཉིས་མེད་པ་སྟེ། དེ་ལྟ་བུའི་བདག་མེད་པའི་བྱང་ཆུབ་ཀྱི་སེམས་ན་མཁའ་ལྟ་བུ་འདི ་ས་གསུམ་མི་འགྱུར་བའི་ཕྱིར་བརྟན་པ་ཞེས་སྨོས་སོ།། བདག་མེང་པའི་རྡོ་རྗེ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བྱང་ཆུབ་ཀྱི་སེམས་མི་གནས་པའི་མཚན་ཉིད་།། དེ་ནི་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་རང་གི་ངོ་བོ་དངོས་པོ་མེད་ཅིང ་མཚན་གཞི་ཉིད་མ་གྲུབ་ན། མཚན་ཉིད་ལྟ་ག་ལ་ཡོད་དེ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདག་མེད་པའི་རང་བཞིན་ལས་འབྱུང་བ་འདི་ནི་བསྟན་པའོ་ཞེས་བྱ་བའི་དོན་ཏོ།། འོད་ཟེར་འབར་བ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་བྱང་ཆུབ ་ཀྱི་སེམས་མ་འགགས་པའི་མཚན་ཉིད་དོ།། དེ་ནི་འདི་ཡིན་ཏེ། གདོད་མ་ནས་མ་སྐྱེས་པའི་ཆོས་རྣམས་ལ་རང་གི་ངོ་བོ་ཡང་མེད་ན། དེ་བསྒོམ་པ་ལྟ་ག་ལ་ཡོད་དེ། དེ་ལྟར་ན་མཁའི་མཚན་ཉིད་དུ་སྦྱོར་བ་འམ། གནས་པ་ལས་ཀུན་རྫོབ་སྣ་ཚོགསུ ་གྲགས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱི་གནོན་པོ་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་བྱང་ཆུབ་ཀྱི་སེམས་མི་དམིགས་པའི་བདག་ཉིད་ཕྱིར་ཟིལ་གྱི་གནོན་ཞེས་བྱའོ།། དེ་ནི་འདི་ཡིན་ཏེ། ཆོས་རྣམས་ཐམས ་ཅད་གཉེན་པོས་མ་བཅོས་ཏེ་རང་བཞིན་གྱིས་འོད་གསལ་བ་ན་མཁའ་ལྟར་གསལ་བས་དག་པ་བྱང་ཆུབ་ཀྱི་ངོ་བོ་མེད་ཅིང་བྱང་ཆུབ་རྟོག་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་སྐད་ཅེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས ་ནས་ངོ་མཚར་དུ་གྱུར་ཏོ།། འདི་སྐད་ཅེས་བསྟོད་དོ།། ཨེ་མའོ་སངས་རྒྱས་ཨེ་མའོ་སངས་རྒྱས་ཞེས་བོས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་ཆོས་བཤད་པ་ནི་ངོ་མཚར་བ་སྟེ་ཡང་དག་པའི་དོན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་དེ་ལ ་ཕྱག་འཚའོ་ཞེས་བྱང་ཆུབ་སེམས་ཀྱི་སྤྱིར་བསྟོད་དོ།། བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཐུགས་ལ་བསྟོད་པ་ནི་བདག་མེད་པའི་ཆོས་ལས་འབྱུང་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་མཛད་སྤྱོད་ཀྱི ་ལས་བསྟོད་པ་ནི་ཀུན་ཏུ་བཟང་པོ་དག་པའི་དོན་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་ས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བའི་དོན་སྟོན་པའི་བདག་ཉིད་གསུང་ལ་བསྟོད་པ་ནི་དག་པ་དེ་བཞིན་གཤེགས ་པའི་ཐུགས་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ཞེས་བྱ་བ་སྟེ། དེ་ལ་བྱང་ཆུབ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡིན་ནོ།། འདིའི་སྐད་ཀྱི་དབྱིངས་འཛིན་རྟོགས་པ་དང་ཁོང་དུ་ཆུད་པ ་དོན་ཡིན་ནོ་ཞེས་བྱ་བ་ནི་བཏགས་པའི་སྒོ་ཡིན་པའི་ཕྱིར་རོ།། སེམས་ནི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ཏེ་འདིའི་སྐད་ཀྱི་དབྱིངས་ནི་སྣ་ཚོགས་པ་ཡིན་པས་ལྡན་པ་དང་དམིགས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་བ་ཡང་སྔ་མ་བཞིན་ཏེ ་འགལ་བ་མེད་དོ།། ལེའུ་གཉིས་པའོ།། །། ད་ནི་ལེའུ་གསུམ་པ་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེའི་འབྲེལ་བ་ནི་ལེའུ་དང་པོར་བྱིན་གྱིས་རློབས་མཛད་དེ་ཞེས་ཞུས་པ་ལས་བྱིན་གྱིས་བརླབས་པ་མཛད ་པའི་ཕྱིར་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། དང་པོར་སྟོང་པ་ཉིད་ཀྱི་སྔགས་འདི་བྱ་སྟེ། དེ་ནས་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་རྡོ་རྗེའི་གཞལ་ཡས་ཁང་ཇི་ལྟ་བ་བཞིན་བྱས་ནས། དེ་ནས་ཇི ་སྐད་སྨོས་པའི་ལྷའི་རིམ་པ་རྣམས་ལེའུ་འདི་ནས་འབྱུང་བ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བར་བསྒོམས་ནས་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣལ་འབྱོར་དང་ལྡན་པ་དེས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམས་པར་བྱའོ་ཞེས་བྱ ་བར་འབྲེལ་ཏོ།། ལེའུ་འདིར་ནི་ཏིང་ངེ་འཛིན་གསུམ་རྫོགས་པར་བྱེད་པ་ལ་འདིར་མ་ཚང་བ་རྣམས་ནི་གཞན་དག་ནས་ཁ་བསྐང་བར་བྱ་སྟེ། ཨཱ་ལི་དང་ཀཱ་ལྀ་ལས་བསྐྱེད་པའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་རྡོ་རྗེ་འཛིན་ཆེན་པོར ་གྱུར་པ་ལ་སོགས་པ་རྣམས་དང་། གཞན་ཡང་ཐིག་ལེ་དང་བཟླས་པ་ལ་སོགས་པ་ཇི་སྙེད་དུ་གཞན་ནས་རྒྱས་པར་འབྱུང་བ་རྣམས་འདིར་བསྡེབས་ཏེ། ལེའུ་དང་པོའི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་དང་སྦྱར་བར་བྱའོ་ཞེས་བླ་མའི་མནྟ་ངག ་གོ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བའི་སྤྲིན་དཀོད་པ་རྡོ་རྗེ་ཞེས་བྱ་བ་ནི་ལྷ་རྣམས་དགོད་པ་སྟེ། དེ་ཉིད་ལ་རྡོ་རྗེ་བཀོད་པ་ཞེས་བྱེ་བ་སྨོས་སོ།། དེ་ལ་ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱིན་གྱིས་རློབ་པ་སྟེ། འདིས་ཡེ་ཤེས་ཙམ་གྱིས་བདག་ཉིད་ལ་རྡོ་རྗེའི་དཀྱིལ་འཁོར་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་དུ་བཤད་པ་ལྟར་བསྒོམ་པར་བྱའོ།། འདིར་ནི་མཁའ་དབྱིངས་ཀྱི་དབུས་གནས་པར ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ།། སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི་ལྷ་རྣམས་བསྒོམ་པའོ།། འོད་ཟེར་སྤྲིན་གྱིས་ཆོ་གས་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་གཞལ་ཡས་ཁང་གི་མཚན་ཉིད་བསྟན་ཏོ།། གཟུགས་ནི་དབུས་སུ ་བསྒོམ་པར་བྱ་ཞེས་པ་ལ་སོག། ས་བས་ལྷ་དགོད་པའི་མཚན་ཉིད་བསྟན་ཏེ། དེ་ལ་གང་དབུས་སུ་བསྒོམ་པར་བྱ་ཞེས་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བར་འབྲེལ་ཏེ་དམ་ཚིག་གི་མ་ཆོས་ཀྱི་ཕྱག་རྒྱར་བསྒོམ ་མ་ཞེས་པ་ཡིན་པའི་དོན་ཏོ།། སྐུ་གསུང་ཐུགས་ནི་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི་དབུས་སུ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའོ།། ཡལ་ན་རེ་གཟུགས་ནི་དབུས་སུ་བསྒོམ་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ ་སྐུ་ཡིན་ཏེ། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། ཞེས་བྱ་བ་ནི་མདུན་དུ་བསྒོམ་པ་ཡིན་ལ་སྐུ་གསུང་ཐུགས་ཀྱི་མཚན་མ་ཞེས་བྱ་བ་ལ་སོགས་པ་ནི་ལྷ་སྤྱིར་བྱའོ།། གཅིག་ཏུ་སྦྱོར་བ་བསྡུས་པ་ཡིས་ཞེས་བྱ་བ་ནི་སེམས ་རྩེ་གཅིག་ཏུ་གྱུར་པས་སོ།། ཁ་ཅིག་ན་རེ་ཐབས་ཤེས་རབ་དང་སྦྱོར་བ་ལས་ཤེས་སོ།། ཁ་ཅིག་ན་རེ་རྡོ་རྗེ་འཛིན་ཆེན་པོ་དང་མི་བསྐྱོད་པ་གཉིས་དབྱེར་མེད་པར་གྱུར་པ་ལས་ཤེས་སོ།། ཅི་ཞེ་ན་མི་བསྐྱོད་པའི་རྒྱ་མཆོག་དང་ཞེས་བྱ་བ ་ནས་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་སོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་སོགས་པས་ནི་ལྷ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་བསྟན་ཏེ། དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས ་རྡོ་རྗེ་སྟེ། དེའི་ཁ་དོག་ནི་ཨིནྡྲ་ནཱི་ལའི་ཁ་དོག་འདྲ། ཕྱག་མཚོན་ནི་ཕྱག་ན་རྡོ་རྗེ་བསྣམས། ཚྭ་ལུགས་རྣམ་པར་གཙིགས་པ་འཇིག་འཛི། བལྟ་ཞེས་བྱའོ།། འདི་ནི་མི་བསྐྱོད་པའི་ཚུལ་ཡང་ཡིན་ཏེ། འདི་གཉིས་ཀྱི་ཁྱད་པར་ནི། རྡོ་རྗེ ་འཛིན་ནི་ཁ་དོག་ཨིནྡྲ་ནཱི་ལ་འདྲེ། མི་བསྐྱོད་པ་ནི་ཅུང་ཟད་མཐིང་ཤུན་འདྲི། ཆ་ལུགས་ཅུང་ཟད་མི་བསྐྱོད་པ་ཁྲོ་བོ་སྟེ། དེ་ནས་མི་བསྐྱོད་པ་རྡོ་རྗེ་འཛིནི་ལ་ཐིམ་པའི་དུས་ན། ཅུང་ཟད་ཞེ་སྡང་གི་གཟུགས་སུ་གྱུར་པ་སྟེ། མཚོན་མ་གཞན་ནི་འདྲ། ་གཡས་ཀྱི་དང་པོའི་རྡོ་རྗེ་ནི་རྩེ་དགུ་པར་འགྱུར་ཏེ། རྡོ་རྗེ་ལ་སངས་རྒྱས་ཀྱི་སྤྲིན་ཛམྦུ་ནཱ་ངའི་གསེར་ལྟར་ཤིན་ཏུ་སེར་བ་རྣམས་ཀྱི་འཁྲིགས་ཤིང་གཏམས་པ་སྟེ། དེ་ལྟ་བུ་རྣམས་སོ།། དེ་ཕན་ཆད་ཞེ་སྡང་རྡོ་རྗེ་ཞེས་བྱ་བའི་མིང་དུ་འགྱུར་རོ།། ་དེ་ནི་ཛམྦུ་ནཱ་ངའི་གསེར་འོད་འདྲ། སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས།། དེ་ཡི་ཕྱག་ན་རྡོ་རྗེ་ཆེ།། རྩེ་མོ་དགུ་པ་བསྣམས་པར་བསྒོམ།། ཞེས་བྱ་བ་འདི་ཡིན་ནོ།། གཞན་ཡང་། ཤོལ་དང་ཟླ་བའི་འོད་འདྲ་བ། ཐོར་ཚུགས་ཙོད་པན་རྣམས་ཀྱི ་བརྒྱན།། རབ་འབར་ཕྱག་ན་འཁོར་ལོ་བསྣམས།། སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན།། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ།། མ་ར་ཀ་ཏའི་འོད་འདྲ་བ།། ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་དཔལ་གྱི་སྟེ་རིན་པོ་ཆེ་མ་ར་ཀ་ཏ་ལྟར་སེར་བ ་རྡོ་རྗེ་འབར་བའི་འོད་ཟེར་གྱིས་བརྒྱན་པའི་རིན་པོ་ཆེ་བསྣམས་པའོ།། པདྨ་རཱ་གའི་འོད་འདྲ་བ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་མཐའ་ཡས་ཀྱིའོ།། འོད་ཟེར་སྣ་ལྔའི་འོད་འདྲ་བ་ཞེས་བྱ་བ་ནི་གདོན་མི་ཟ་བ་སྟེ་ལྗང་གུ་ཉིད་ཐམས་ཅད་འདུས་པའོ།། ་ཁ་ཅིག་ན་རེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་ནི་ལྷ་ཐམས་ཅད་ངོ་།། ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱེད་པའོ།། ཤེལ་དང་ཟླ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱིའོ།། ཛམྦུ་ནཱ་དའི་འང་འདྲ་བ་ཞེས་བྱ་བ་ནས་ཕྱག་ན་རིན་ཆེན ་རྣམ་པར་བསྒོམ།། ཞེས་བྱ་བའི་བར་དུ་རིན་ཚོན་དཔལ་གྱིས་ཏེ་རིན་པོ་ཆེ་ཟུར་དགུ་པ་ཉིད་རྡོ་རྗེ་རྩེ་དགུ་པའོ་ཞེས་ཟེར་རོ།། འདི་ནི་རང་གི་འདོད་པ་སྨྲ་བ་སྟེ། འདིའི་དོན་ནི་བརྟག་པར་བྱའོ།། རྡོ་རྗེ་འཛིན་པ་ཡང་སྐུ་མདོག་ནི་རྣམ་པར་སྣང་མཛད་དང ་མཐུན་ལ། ཕྱག་མཚན་ཡང་མི་འཁྲུགས་པ་དང་མཐུན་པས་མ་སྨོས་སོ་ཞེས་འདོད་དོ།། ཨོཾ་དྷ་མ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་གསང་སྔགས་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་སྟེ། གོང་དུ་བསྟན་པ་རྣམས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ ་ཤེས་པར་བྱའོ།། ད་ནི་ཕྲ་མོའི་སྦྱོར་བ་བསྟན་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ།། ཡུངས་ཀར་གྱི་ནི་འབྲུ་ཚོང་ཙམ། སྣ་ཡི་རྩེ་མོར་ནན་ཏན་དུ།། རྣལ་འབྱོར་པས་ནི་རྟག་པར་བསྒོམ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་ལ་རིན་པོ་ཆེ་ནི་མཚན་མ་རྣམས།། དེ་པདྨའི་སྣའི་རྩེ་མོ་ལ་བསྒོམས་ཏེ་བསྟན་པའི་མཚན་མ་སྨིག་རྒྱུ་དང་དུ་བ་ལ་སོགས་པ་རྟགས་རྣམ་པ་ལྔ་མཐོང་ནས་སྤྲོ་བར་བྱ་སྟེ། རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ་སངས་རྒྱས་འབར་བ་འདྲ་བའི་དོན་ཅེས་བྱ་བ་ལ་སོགས་པ་ནི་སངས་རྒྱསོ།། དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲོ་བར་བྱའོ་ཞེས་ཤེས་པར་བྱ་སྟེ། ཇི་ལྟ་བའི་མཚན་ཉིད་ནི་རྗེས་སུ་དྲན་པའི་བསྐབསུ་ཤེས་པར་བྱའོ།། ན་མཁ ་དབྱིངས་ཀྱི་དབུས་གནས་པར།། ཞེས་བྱ་བ་ལ་སོགས་པ་ནི་ལྷ་རྣམས་ཀྱི་གནས་དང་གང་ན་བསྟན་པ་སྟེ། དེ་ལ་ན་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་སོ།། དར་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་བསྒོམ་མོ།། དེ་བཞིན་གཤྱ ་པ་པདྨ་ལ་སོགས་པ་ཇི་སྐད་དུ་སྨོས་པའི་གདན་རྣམས་ལ་ཇི་སྐད་སྨོས་པའི་སངས་རྒྱས་རྣམས་བཞུགས་པར་བསྒོམས་ན་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ལེའུ་གསུམ་པའོ།། །། དེ་ལྟར་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར ་བསྟན་པ་ལས། དེ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་ཕན་གདགས་པའི་ཆེད་གཟིགས་ནས་བཅོམ་ལྡན་འདས་ལ་བསྟོད་པའི་རྒྱལ་པོ་འདིའི་སྒོ་ནས་བསྟོང་དེ་གསོལ་བ་འདི་བཏབ་པོ་ཞེས་བྱ་བའི ་དོན་ཏོ།། དེ་ལ་ངོ་བཞིན་གཤེགས་པ་ཀུན་ནོ་བ།། ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དོན་དམ་པའི་དཀྱིལ་འཁོར་བཤད་པ་ཞུས་པ་སྟེ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས་ཞེས་བྱ་བ་ལ་སོགས་པས་མི། ་སྐུའི་དཀྱིལ་འཁོར་ཏེ་དེ་བཞིན་གཤེགས་པའི་སྐུ་ནི་མཚན་བཟང་པོ་ལ་སོགས་པ་ཐམས་ཅད་ནི་ཡང་དག་པར་རྫོགས་ཤིང་མཚན་ཉིད་ངན་པ་སྤངས་པ་ནི། ཀུན་ཏུ་བཟང་པོའི་སྐུ་སྟེ། དེའི་དཀྱིལ་འཁོར་བཤད་དུ་གསོལ་ཞེས་སོ།། ་གསུང་གི་དཀྱིལ་འཁོར་ནི། ཞི་བའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བརྗོད་དུ་མེད་པའི་གསུངས་ན། སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ཆོས་ནི་མཆོག་ལས་འབྱུང་ཞེས་སོ།། སེམས་ཅན་རྣམས ་མྱ་ངན་ལས་འདའ་བའི་བདག་ཉིད་པས་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ་ཞེས་སོ།། དེ་ནི་ཀུན་ཏུ་བཟང་པོ་མཆོག་གི་གསུང་ཏེ། དེའི་དཀྱིལ་འཁོར་བཤང་བར་གསོལ་བའོ།། ཐུགས་ནི་སེམས་ཅན་ཀུན་གྱིས་སེམས་ཆེན་པོ་ཞེས་བྱ་བ་ལ ་སོགས་པ་སྟེ། དེ་ལ་ཀུན་ཏུ་བཟང་པོའི་ཐུགས་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཆེན་པོའི་བདག་ཉིད་དུ་གནས་པས། སེམས་ཅན་ཀུན་གྱི་སེམས་ཆེན་པོ་ཞེས་སོ།། དེ་ཉིད་བྱ་བ་ལས་འདས་པས་རང་བཞིན་དག་པ་དྲི་མ་མེད་པ་སྟེ། ་དེ་ནི་ཀུ་ཏུ་བཟང་པོའི་ཐུགས་ཏེ། བྱང་ཆུབ་ཀྱི་སེམས་ནི་དཀྱིལ་འཁོར་གྱི་སྙིང་པོ་ཡིན་ལ། དེ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ།། ཚུལ་འདི་དང་སྦྱར་ན་ཀུན་ཏུ་བཟང་པོའི་སྐུ་ཡང་རང་བཞིན་མེད་པ་ཉིད་དུ་འོས་ཏེ། དེ་ན་མཚན་མིན ་ཞེས་སྨོས་པའི་དགག་པ་འདི་ཡང་མཚན་ཉིད་ཀྱི་ངོ་བོ་ཉིད་མ་གྲུབ་པར་སྦྱར་བར་རིགས་སོ།། དེ་སྐད་ཅེས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བཤད་པར་སྣང་ངོ་།། ་དེ་ལ་ཐུགས་ནི་འདི་ཉིད་དུ་བཤད་ལ། གསུང་དང་སྐུ་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བོ་འདིར་སྦྱར་རོ།། དེ་ལ་ཐུགས་ཀྱི་དཀྱིལ་འཁོར་འདྲ་བ་ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ནི་རྡུལ་ཚོན་ཡིན་ལ། དེ་ཡེ་ཤེས་ཀྱི་དཀྱིལ ་འཁོར་དང་འདྲ་ཞེས་པའི་དོན་ཏེ། འདི་ལྟར་རང་བཞིན་དང་ཡོན་ཏན་དང་མཚན་ངག་བྱེ་བྲག་ཏུ་གྱུར་པ་མེད་དོ་ཞེས་བྱ་བའི་དོན་དོ།། དེ་བཞིན་དུ་སྐུ་དང་གསུང་དག་ཀྱང་ཐུགས་ཀྱི་དཀྱིལ་འཁོར་དང་འདྲ་སྟེ་དབྱེར་མེད་དོ་ཞེས་བྱ་བའི ་དོན་དོ།། དེ་འདིར་ནི་ཐུགས་ཀྱི་དཀྱིལ་འཁོར་སྟོན་པ་ཡིན་པས་དང་པོར་དེའི་ཚད་དང་ཐིག་གདབ་པ་ལ་སོགས་པ་སྟོན་ཏོ།། དེ་ལ་ཐིག་སྐུད་སར་པ་ནི་གཞན་ལ་མ་བཏབ་པའོ།། གཙང་བ་ནི་རྒྱུ་དང་སྦྱོར་བ་ལོ་སྐྱོན་མེད་པའོ།། ཚད་མ ་ནི་སྲིད་དུ་དཀྱིལ་འཁོར་ཉིས་འགྱུར་ལ་སྦོམ་སུ་སྒོའི་ཉི་ཤུ་ཆ་གྲངས་ནི་ལྔ་འམ་གཟུངས་ཀྱི་གྲངས་ཤེས་སོ།། མཛེས་པ་ནི་མཇུར་མདུང་དང་སྦོམ་པྲ་མ་ཤོར་བའོ།། ཁྲུ་ནི་བཅུ་གཉིས་ཚང་དུ་བྱ་ཞེས་བྱ་བ་ནི་ཁོར་ཡུག་ཏུའོ།། དེའི ་དབུས་སུ་འཁོར་ལོ་ནི་རབ་ཏུ་ཟླུམ་པོ་བྲི་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སྐུད་པ་བཞི་ཡིས་དཀྱིལ་འཁོར་རེའུ་མིག་དགུ་པར་གྱུར་པའོ།། ཕྱག་རྒྱ་དགོང་པ་ནི་གོ་སླའོ།། མཱ་མ་ཀཱི་ནི་རིགས་འབྱུང་བའི་ཞེས་བྱ་བ་ནི་གཙོ་བོའི་ཡུམ་ཡིན་པའི་ཕྱིར་དཀྱིལ ་འཁོར་འབྱུང་བར་གྱུར་པའོ།། དེ་ལྟར་དཀྱིལ་འཁོར་བཀོད་དེ་ཡོངསུ་གསལ་བར་ཤེས་པར་བྱས་ནས་མཆོད་པར་བྱའོ་ཞེས་སྦྱར་བར་བྱའོ།། དེ་ལ་ལུས་དང་ངག་སེམས་མཆོད་པ་ཡིས་ཞེས་བྱ་བ་ནི་གསང་བ་བྱང་ཆུབ་སེམས་ཀྱི་མཆོད་པའོ ་ལ་ལ་ན་རེ་ལུས་དང་ངག་སེམས་ཞེས་བྱ་བ་ནི་དཀྱིལ་འཁོར་ཡིན་ཏེ། ལུས་གཟུགས་བརྙན་ངག་ཏིང་ངེ་འཛིན་སེམས་རང་བཞིན་གྱི་དཀྱིལ་འཁོར་ཏེ་འདི་ལྟར་རྡུལ་གྱི་ངོ་བོ་ནི་ལུས་ཏེ། དེ་ལས་སྒྲ་དང་ཡི་གེའི་ཚུལ་བསྐྱེད་པ་ནི་ངག་ད་ལ་ཡ་ཤས ་སེམས་དཔའ་བཞུགས་པ་ནི་ཐུགས་ཡིན་ཏེ། དེ་ལ་མཆོད་ངོ་ཞེས་ཟེར་རོ།། དེ་ལ་མཆོད་པ་ནི་འདི་ཡིན་ཏེ། བུད་སྡེ་རབ་ཏུ་མདངས་བཟང་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་དེ་ལ་འདི་ནི་ལོ་གྲངས་བཅུ་གཉིས་ཀྱི་ཚོད་དུ་སྨོས་པས་སངས ་རྒྱས་སྤྱན་དུ་བྱིན་གྱིས་བརླབ་པ་ཡིན་ཏེ། འདིས་མཆོད་པའམ་མཱ་མ་ཀཱིར་བྱིན་གྱིས་བརླབས་ཀྱང་རུང་སྟེ། ཕྱག་རྒྱ་ཆེན་པོའི་མཆོད་པ་བྱའོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་ར་གོང་མ་ནི་བུད་མེད་ཀྱི་ཕྱག་རྒྱ་ཉིད་ཡིན་ལ་མཱ་མ་ཀཱི་ནཾ ་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ཏེ། འདི་གཉིས་རང་བཞིན་གྱིས་ཕྱག་རྒྱ་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་ཡིན་ཏེ་འདི་ལ་བྱེད་བྲག་མེད་དོ་ཞེས་ཟེར་རོ།། སངས་རྒྱས་ཞི་བ་ཚུལ་སྤྲོས་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་སྦྲུལ ་པས་དོན་བྱེད་པ་དང་སྦྱར་རོ།། བཤང་དང་གཅི་བ་ཁུ་བ་ཁྲག། ཅེས་བྱ་བ་ནི་བདུད་རྩི་ལྔའི་མཆོད་པ་སྟེ་རོལ་ཞིང་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །། ད་ནི་དེ་ལྟ་བུའི་དཀྱིལ ་འཁོར་དུ་སློབ་མ་དབང་བསྐུར་བའི་སྣོད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། དེ་ལ་རྣམ་པར་མི་རྟོག་ལས་བྱུང་བ། འདོད་ཆགས་ཞེ་སྡང ་གཏི་མུག་རིགས།། ཞེས་བྱ་བ་ལ།། རྣམ་པར་མི་རྟོག་པས་ལས་བྱུང་བའི་འདོད་ཆགས་ཞེས་བྱ་བ་ལ་སོགས་པར་སྦྱར་ཏེ། དེ་ལ་མི་རྟོག་པའི་བདག་ཉིད་དུག་གསུམ་གྱིས་ཐེག་པ་འདིར་འགྲུབ་པར་བསྟན་ཏོ།། གཞན་ཡང་རིགས་ངན་སྨེ ་ཤ་ཅན་ལ་སོགས་པ་ཡང་སྣོད་དུ་རུང་བར་བསྟན་ཏེ་བླ་ན་མེད་པའི་ཐེག་པ་ནི་བླང་དོར་མི་བྱེད་པའི་ཕྱིར་རོ།། མཚམས་མེད་བྱེད་པའི་སེམས་ཅན་ཡང་དེ་བཞིན་ནོ།། འདིར་མི་ཆུད་པ་གང་ཞེ་ན། སྙིང་ནས་སློབ་དཔོན་སྨོད་པ་ལྟར།། ་བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར་ཞེས་བྱ་བ་ཡིན་ནོ།། སྲོག་གཅོད་པ་ལ་སོག། ས་པའི་སེམས་ཅན་ཡང་དེ་བཞིན་ནོ།། དེ་བཞིན་དུ་མ་དང་སྲིང་མོ་དང་བུ་མོ་ལ་སོགས་པ་ཡང་སྦྱར་ཏེ། འདི་དག་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ནི ་དེ་བཞིན་གཤེགས་པའི་མཛད་སྤྱོད་འདི་ལྟར་ཐབས་དང་ཤེས་རབ་འབྲེལ་པའི་བདག་ཉིད་དེ། ཆོས་ཐམས་ཅད་ནི་མཉམ་པ་ཉིད་ཀྱི་ཕྱིར་དགེ་བའི་ནི་བླང་དུ་མེད་ལ་སྡིག་པ་ནི་དོར་དུ་མེད་དེ། དེ་བས་ན་ཆོས་གང་ཡང་མི་འགྲུབ་པའི་རྒྱུར ་བསྟན་པ་མེད་དོ།། རྡོ་རྗེ་སློབ་དཔོན་སྨོས་པ་ལ་སོགས་པ་ནི་དམ་ཚིག་ཆེན་པོ་ལ་གཏོགས་པ་ཡིན་པས་འདི་དང་ལྡན་ན་མཉམ་པ་ཉིད་དོང་འགལ་བའི་ཕྱིར་འདི་ནི་གནང་བ་མ་མཛད་དོ།། རྣམ་གཅིག་ཏུ་ན་འདོད་ཆགས་ནི་གསུང་གི ་དམ་ཚིག་སྟེ། ཡང་དག་པའི་སྦྱོར། ཞེ་སྡང་ནི་ཐུགས་ཀྱི་སྟེ་བླ་ན་མེད་པའི་གནསུ་སྒྲོལ་བ། གཏི་མུག་ནི་སྐུའི་སྟེ་ནོར་གྱི་རྒྱ་མཚོས་དོན་བྱེད་པ་སྟེ། འདི་ལྟ་བུའི་དུག་གསུམ་མོ།། སྨེ་ཤ་ཅན་ནི་ཕྲད་པ་མེད་པའི་ཡེ་ཤེས་ཅན་ནོ།། དེ་ལྟ་བུའི ་རྟོག་པའི་བསོད་པ་དོན་དུ་གཉེར་བ་དག་གོ། མཚམས་མེད་པ་ཡང་སེམས་ཅན་ཡོངསུ་བསྐྱེད་པའི་ཆགས་སྟང་གི་བདག་ཉིད་དང་། སྡུག་སྔལ་གྱི་བདག་ཉིད་ཕུང་པོ་ལ་སོགས་པ་བསོད་པ་ལ་སོགས་པའི་ལས་བྱེད་པ་མི་རྟོག་པའི་ཡེ ་ཤེས་དང་། གཞན་ཡང་རྣམ་པར་རྟོག་པའི་སྲོག་གཅོད་པ་དང་། བྱང་ཆུབ་ཆེན་པོར་དམ་འཆའ་བའི་བརྫུན་དུ་སྨྲ་བ་དང་། བྱང་ཆུབ་སེམས་དཔའི་རྫས་ལེན་པའི་གཞན་གྱི་ནོར་སྟོང་པ་དང་། རང་གི་རིག་མ་དང་ལྷན་ཅིག་གནས་པའི་འདོད ་པ་སྤྱོད་པ་ང་ལྟ་བུའི་ཕས་ཕམ་པ་བཞི་དང་ལྡན་པ་དང་། གཞན་ཅི་ཡང་མ་ཡིན་པའི་བདག་ཉིད་ཀྱི་བཤང་བ་དང་། ཕན་པའི་དོན་གྱི་རྗེས་སུ་གནས་པའི་གཅི་བ་དང་། ཡེ་ཤེས་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་ཡོང་སུ་ཆགས ་པའི་བདག་ཉིད་རཀྟ་འཐུང་བ་ལ་སོགས་པའི་སེམས་ཅན་རྣམས་དང་། གཞན་ཡང་མ་དང་སྲིང་མོ་བུ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མའི་དོན་ནི་དང་པོ་ཨཱ་ལི་ཀཱ་ལི་ལ་སྐྱེས་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་བྷ་ག་ལ་སེམས ་ཅན་ཐམས་ཅད་བསྡུས་ཏེ། དེ་རྣམས་དབང་བསྐུར་བའི་ཡུམ་ལ་བྱ་སྟེ། འདི་ནི་གསང་བའི་དབང་ནོད་པའི་ཡུམ་ཡིན་ནོ།། སྲིང་མོའི་དོན་ནི་དེ་ནས་སེམས་འང་འབར་ཧོའི་བར་དུ་ཞུགས་ནས། བྱང་ཆུབ་ཀྱི་སེམས་འོད་ཀྱི་གོང་བུར་གྱུར ་བར་བྱེད་པའི་ཆགས་པའི་བདག་ཉིད་ཀྱི་ཡུམ་ནི་སྲིང་མོ་སྟེ་འདི་ཤེས་རབ་ཀྱི་དབང་གི་ཡུམ་མོ་བུ་མོ་ནི་དེ་ལྟར་ཞུ་བ་ལས། དབྱངས་ཀྱིས་བསྐུལ་ནས་སྐུར་བཞེངས་པའི་ཡུམ་ཡིན་ཏེ། དེ་ནི་གཞན་ལ་ཡང་དབང ་བསྐུར་བའི་ཡུམ་ཡིན་པས་བུ་མོ་ཡིན་ནོ།། དེ་ལ་དང་པོ་ནི་མཱ་མ་ཀཱིའི་བདག་ཉིད་དོ།། གཉིས་པ་ནི་གོས་དཀར་མོའི་བདག་ཉིད་ངོ་།། གསུམ་པ་ནི་སྒྲོལ་མའི་བདག་ཉིད་དོ།། དེ་ལྟར་ན་ཏིང་ངེ་འཛིན་གྱི་ཡུམ་གསུམ་དང་། སྐུ་གསུང ་ཐུགས་ཀྱི་ཡུམ་གསུམ་རིམ་པ་བཞིན་དུ་སྦྱར་ཏེ། དེ་ལ་མ་དང་སྲུང་མོ་བུ་མོ་ཞེས་སྦྱར་རོ།། དེ་ལ་གསང་བའི་དབང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཏིང་ངེ་འཛིན་གྱིས་དབང་བསྐུར་བ་འདི་ཏིང་ངེ་འཛིན་མ་རྫོགས་པའི་ཉེས་པ་ཡོང ་དོ་ཞེ་ན། དེ་ནི་འདི་ལྟར་དགོངས་པ་ཡིན་ཏེ་གོང་དུ་དབང་བསྐུར་བའི་ཚེ་སློབ་དཔོན་གྱིས་ཏིང་ངེ་འཛིན་གསུམ་ཅར་ཡོངས་སུ་རྫོགས་པར་བསྒོམས་ཏེ་གནས་པ་ལས། སློབ་མས་གསང་བའི་དབང་བསྐུར་བར་ཞུས་པ་ལས་དེ་ནས ་བླ་མས་ཀྱང་། ཆོས་ཀྱི་འབྱུང་གནས་ཀྱི་ཏིང་ངེ་འཛིན་ནས་བཟུང་སྟེ་སྙོམས་པར་ཞུགས་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྐྱེད་ལ་གསང་བའི་དབང་བསྐུར་བར་བྱའོ།། དེའི་ཕྱིར་ཉེས་པ་མེད་དོ།། དེ་ནི་འདི་ལྟར་དགོངས་པ་ཡིན་ཏེ། ་ལེའུ་དང་པོར་བསྟན་པ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་སེམས་ཅན་རྣམས་བསྡུས་ཏེ་དབང་བསྐུར་བ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་གསང་བའི་དབང་བསྐུར་བར་བསྟན། འདིར་ཡང ་དེ་བཞིན་ནོ་ཞེས་སོ།། གཞན་ཡང་ཆོས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྣམ་ཤེས་བདུད་རྩིའི་ང་བ་བས་ཤེས་རབ་ཀྱི་དབང་སྟེ། འདི་ནི་བླ་མས་ཇི་ལྟར་བསྟན་པ་བཞིན་དུ་རང་གི་རང་རིག་པས་རིག་པར་བྱའོ།། དེའི་ཕྱིར་སངས་རྒྱས ་གཙོ་བོའི་ཡུམ་དག་ལ་ཞེས་སྨོས་ཏེ། དེ་ལྟ་བུའི་གཙོ་བོའི་ཡུམ་རྣམས་ལ་གོང་དུ་སྨོས་པའི་ཚུལ་ལྟར་མཉེས་པར་བྱས་ནི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་མའི་མན་ངག་གོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས ་དཔའ་རྣམས་སྐྲག་པར་གྱུར་ཏེ་འདི་ལྟ་བུའི་ཚིག་ཅིའི་སླད་དུ་གསུང་ཞེས་གསོལ་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་གསུངས་ཏེ། དེ་ཉིད་དམ་པར་བསྔགས་པ ་མཛད་པས་དེ་དག་རྒྱལ་བར་གྱུར་ཏོ།། ཞེས་བྱ་བ་ལ་སོགས་པར་སྦྱར་རོ།། དེ་ལ་ཡེ་ཤེས་སྙིང་པོ་ཅན་རྣམས་ནི་སངས་རྒྱས་རྣམས་ཏེ་དེའི་ཆོས་ཉིད་ནི་གོང་དུ་བསྟན་པ་རྣམས་སོ།། ཆོས་ཉིད་དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཆོས ་རྣམས་ཀྱི་དོན་ཏོ།། སྤྲོས་པ་མེད་པ་ལས་འབྱུང་སྟེ། དེའི་ཕྱིར་ཆོས་ཉིད་འདི་རྣམས་ནི་སྤང་བ་མ་ཡིན་གྱི་བྱང་ཆུབ་སྤྱོད་པའི་གནས་ཡིན་ནོ།། ཞེས་གསུངས་སོ།། དེ་སྐད་ཅེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་རྣམས ་ང་རྒྱལ་བར་གྱུར་པ་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟིགས་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་དེ་དག་བསླང་བར་གསོལ་བ་བཏབ་པོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་བསླང་བའི་ཕྱིར་ན་མཁའ་དང་མཉམ་པ ་གཉིས་སུ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། དེའི་འོད་ཀྱིས་དེ་དག་བསླང་བར་མཛད་དོ།། ནམ་མཁའ་དང་མཉམ་པ་ནི་རྣམ་པར་རྟོག་པའི་གཉེན་པོ་ཡིན་ཏེ། དེས་གང་ལ་ཁྱབ་ཅིང་རེག་པ ་དེ་མི་རྟོག་པར་གྱུར་ཏེ། མི་རྟོག་ན་སྐྲག་པ་ཉིད་མེད་ན་བརྒྱལ་བ་ལྟ་ག་ལ་སྲིད། དེ་ནས་དེ་དག་དགའ་བར་གྱུར་ནས་ཆོས་ཀྱི་དབྱངས་གསུངས་སོ།། ཨེ་མའོ་ཆོས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨེ་མའོ་ཆོས་ཞེས་བྱ་བ་རྣམ་པར་དག་པའི ་བདག་ཉིད་ཀྱི་ཆོས་ལ་ངོ་མཚར་བའི་སྒོ་ནས། བོས་ཏེ་བསྟོད་པའོ།། ཆོས་ཀྱི་དོན་འབྱུང་བ་ནི་དག་པ་སྟེ། དེ་ནི་བདག་མེད་པའི་དོན་གྱི་གསུངས་ཏེ། དེ་ལྟ་བུ་ལ་ཕྱག་འཚལོ་ཞེས་སོ།། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་ནི ་སྐུ་མི་འགྱུར་བའི་གནས་མ་སྐྱེས་པའོ།། ཐུགས་ནི་དེ་བཞིན་གཤེགས་པའོ་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀྱི་རྣམ་པར་དག་པའོ།། ནམ་མཁའི་སྐུ་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་སྤྱི་ལའོ།། སྔགས་ཐམས ་ཅད་ཀྱི་སྤྱོད་པའི་ལེའུ་ཞེས་བྱ་བ་སྟེ། ལེའུ་ལྔ་པའོ།། །། དེ་ནི་ལེའུ་གསུམ་པར་བསྟན་པའི་དཀྱིལ་འཁོར་གྱིས་ལྷ་རྣམས་ལ་བྱིན་གྱིས་བརླབ་པར་བྱ་དགོས་པའི་ཕྱིར་དེའི་གསང་སྔགས་དང་གཞན་ཡང་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན ་གྱི་ཁ་སྐོང་རྣམས་སྟོན་པསོད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ་ཞེས་བྱ་བའི་ཐུགས་ཀྱི་བདག་ཉིད་ཀྱི་གསང་བའི་དེ་ལ་དེ་སྐད་ཅེས་བྱའོ།། ཐུགས་བྱིན་གྱིས་བརླབ་པའི་སྔགས་ནི། དེ་རང་བཞིན་དང་ལྡན་པར་བྱེད་པའི་སྔག་སོ།། གཞན་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ་དེ་དག་ཇི་ལྟར་བྱ་ཞེ་ན། དེ་བཞིན་གཤེགས་པའི་རྡོ་རྗེ་གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་གསྡང་བ་གསུམ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསང་བ་གསུམ་སྟེ། ཐབས་དེས་སྐུ་གསུང་ཐུགསུ་སྒྲུབ་པའི ་ཐབསུ་རྣམ་པར་བསྒོམ་པར་བྱ་ཞེས་སོ།། དེ་ཡང་ཇི་ལྟ་ཞེ་ན། སྔགས་ཀྱི་མཚན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ལྷའི་གནས་གསུམ་དུ་ཟླ་བ་དང་པདྨ་ངང་ཉི་མའི་གདན་རྣམས་ལ་ཨོཾ་ཨཱཿཧཱུཾ་ཞེ་པ་བཀོད་དེ། ་དེ་ལ་ཇི་ལྟ་བ་བཞིན་དུ་སྐུའི་རྡོ་རྗེ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་རིམ་པ་བཞིན་དུ་བསྐྱེད་ནས། དེ་རྣམས་ཀྱི་ཐུགས་ཀར་ཡང་ཇི་ལྟ་བའི་གདན་སྟེང་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེའི་ལྟེ་བ་རྣམ་ལ་མངོན་དུ་བརྗོད་པའི་ཡི་གེ་ཉིད ་བསམས་ཏེ། དེ་དག་གི་འོད་ཟེར་གྱིས་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། གསོལ་བ་གདབ་པ་བྱས་ནས་དབྱེར་མེད་པར་ཞུགས་པར་བྱས་ནས། བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ།། རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་ནི། རྡོ་རྗེ ་རིན་པོ་ཆེའི་བདག་ཉིད་དེ། གསང་སྔགས་འདི་ནི་གཉིས་སུ་མེད་པའི་བདོག་ཉིད་པས་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་དུ་སྦྱར་རོ།། རྗེས་སུ་ཚོགས་པའི་བདག་ཉིད་འདི་ནི་འབྲིང་གི་མཐར་ཡུམ་རྗེས་སུ་མཉེས་པར་བྱ་བའི ་ཐ་ཚིག་གོ། མཆོད་པའི་གསང་སྔགས་ནི་ལས་ཀྱི་རིགས་ཀྱི་བདག་ཉིད་དེ། འདི་ནི་ཆེན་པོའི་དུས་ན་བྱང་ཆུབ་ཀྱི་སེམས་འཕྲོ་བའི་བདག་ཉིད་དོ།། རྟག་ཏུ་འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བ་ལ་སོགས་པས ་ལྷམོ་ལྔའི་མཆོད་པའི་རང་བཞིན་བསྟན་ཏེ། འདི་ནི་རྗེས་སུ་ཆགས་པའི་དང་མཆོད་པའི་སྔགས་གཉིས་ཀྱི་དོན་བསྟན་པ་ཡིན་ཏེ། འདི་ལྟར་གསང་སྔགས་འདི་དག་ནི་འདོད་པ་ལྔའི་ལྷ་མོའི་མཆོད་པར་བྱ་ཞེས་པའི་ཐ་ཚིག་གོ།། སྔགས ་ལ་དམིགས་པའི་ལུས་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་གནས་ལ་གོང་དུ་བསྟན་པ་ལྟར་དམིགས་གནས་དེ་ཉིད་ཀྱི་གསང་སྔགས་ཀྱི་ཡི་གེ་བསྐུལ་ཏེ། ཇི་ལྟར་གསོལ་བ་བཏབ་པ་ལ་སོགས་པ ་བྱས་ནས་བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་དང་པོར་ལུས་ངག་ཡིད་གསུམ་མཉམ་པ་ཉིད་ན་མཁའ་ལྟ་བུར་སྦྱར་ནས། དེ་ནས་སྔགས་ཀྱི་བཏབ་པའི་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། སེམས་ལ་དམིགས ་པ་བདག་མེད་པར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ལ་ཇི་ལྟར་སེམས་ལ་བདག་མེད་པར་དམིགས་པ་དེ་བཞིན་དུ། ངག་དང་ལུས་ལ་ཡང་བདག་མེད་པར་དམིགས་ཏེ་ན་མཁའ་ལྟ་བུར་སྦྱོར་རོ།། གང་གི་ཇི་ལྟར་སྦྱོར་ཞེ་ན། ་ལུས་དང་ངག་དང་སེམས་དམིགས་ན་ངོ་བོ་ཉིད་ནི་དམིགས་སུ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ལུས་ངག་ཡིད་གསུམ་བློས་བརྟགས་ན་གང་གི་ངོ་བོར་ཡང་མ་གྲུབ་སྟེ་དམིགས་སུ་མང་པོས་དེའི་ཕྱིར་སྔགས་ཀྱི་ལུས་སུ་སྦྱོར ་འོ།། བསྒོམ་པ་ཡང་མེད་ལ། ངེས་བསྒྲུབ་པའི་བྱང་ཆུབ་ཀྱང་མེད་དོ་ཞེས་དེ་ལྟར་རྣམ་པར་དཔྱད་ནས། དེ་ནས་སྔགས་ཀྱིས་བརྟགས་པའི་ལྷའི་ཏིང་ངེ་འཛིན་དུ་སྦྱོར་བའི་གནས་ཀྱི་ཆོ་ག་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ།། ད་ནི ་ཕྲ་མོའི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། ཞེས་བྱ་བ་ལ་སོགས་པ་ནི་གཞལ་ཡས་ཁང་དུ་ལྷའི་དཀྱིལ་འཁོར ་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་དང་ལྡན་པ་ལ་ཕྲ་མོའི་སྦྱོར་བ་འདི་ཙམ་མོ་ཞེས་པའི་དོན་ཏོ།། སྣའི་རྩེ་མོ་ཡུངས་ཀོར་བསམས་ཞེས་བྱ་བ་ནི་པདྨའི་སྣ་རྩེར་རོ།། འགྲོ་དང་མི་འགྲོ ་ཡུངས་ཀ་ར་ལ།། ཞེས་བྱ་བ་ནི་སྤྲོ་ཞིང་བསྡུས་པའོ།། གསང་བའི་སྔགས་ཀྱིས་བརྟགས་པ་ཡིན།། ཡེ་ཤེས་མཆོག་ནི་ལྷ་རྣམས་སོ།། དེའི་གནས་ནི་དཀྱིལ་འཁོར་ཏེ།། ཕྲ་མོའི་མཚན་མ་ནས་འབྲུ་ཙམ་གྱི་ལྟེ་བ་ལ། ཇི་ལྟ་བའི ་དཀྱིལ་འཁོར་བསྒོམ་པའོ།། ན་མཁའ་དབྱིངས་ཀྱི་དབུས་གནས་པར།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི། རིགས་སོ་སོའི་གདན་དང་ལྷ་བསྒོམ་པ་བསྟན་ཏོ།། ཡང་ཁ་ཅིག་ན་རེ་ཕྲ་མོའི་སྦྱོར ་བ་ཀུན་ཏུ་བརྩམ་ཞེས་བྱ་བའི་ཚིགས་འདི་ནི་ཐིག་ལ་སྦྱོར་བའི་ཏིང་ངེ་འཛིན་ཡིན་ཏེ། དེ་ལ་སྣའི་རྩེ་མོའི་ཞེས་བྱ་བ་ནི་ཐུགས་ཏེ། ཡུངས་ཀར་བསམས་ཞེས་བྱ་བ་ནི་ཐིག་ལེ་ཡུངས་ཀར་ཙ་མོ།། འགྲོ་དང་མི་འགྲོ་ཡུངས་ཀར་ལོ་ཞེས ་བྱཱ་བཱ་ནི། འདིར་དབུགས་དགག་གཏོང་བའི་སྐབས་སུ་རྫུན་པ་ཅང་ཧཱུ~ཾ་བད་སླར་རྣགས་ན།། རྡུལ་དསང་བའི་སྔགས་པས་བརྟགས་ཤིང་བསྒྲུད་པའ་ཡེ་ཤེས་མཆོགག་ལྷ་རྣམས་ཀྱི་གནས་ཐག་ས ་དཀྱིལ་འཁོར་ཆུང་ངུ་བསྒོམ་པའོ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་རིགས་སོ་སོའི་ཐིག་ལེ་བསྒོམ་པ་སྟེ་དེ་ལ་ཉི་མ་ནི་མི་བསྐྱོད་བའོ།། སངས་རྒྱས་སྐུའི ་གནས་ནི་གདན་ནོ།། དེའི་སྟེང་དུ་བཞག་པ་ནི་ཡི་གེའོ།། གཞན་ཡང་གསལ་བའི་དཀྱིལ་ལ་བར་ནི་དྲཝ་བ་སྭཱ། རྣམ་པར་སྣོང་མཛད་ཀྱིའོ།། པདྨའི་དཀྱིལ་འཁོར་དང་། རིན་ཆེན་གྱི་དཀྱིལ་འཁོར་དོང་། འོད་ཀྱི་དཀྱིལ་འཁོར་ཡང ་པདྨ་དང་། རིན་པོ་ཆེ་ན་དང་ཡིས་ཀྱི་རིགས་ཀྱི་གདན་ནོ།། སྤྱན་གྱི་ཚུལ་དང་སྦྱོར་བ་ལས། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ང་ངེ་འཛིན་ལ་སངས་རྒྱས་སྤྱན་དང་ལྡན་པར་བསྒོམ་པ་སྟེ། དེ་བཞིན་དུ་པདྨའི་ཚུལ་དུ་སྦྱོར་བ་ཡང ་གོས་དཀར་མོའི་སྦྱོར་བ་སྟེ། འདིར་ལྟར་གཞན་དུ་ཡང་སྦྱར་བར་བྱའོ།། དང་པོའི་སྦྱོར་བའི་ནྱན་ཏ་རུ་གྱིས།། ཞེས་བྱ་བ་ནི་ངང་པའི་སྤྱོད་པ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་རྣམིས་ལ་ནན་ཏན་དུ་བྱས་ཏེ ་ཡན་ལག་བཞིའི་ཚུལ་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཚུལ་ནོ་ཞི་བ་སྤྲོ།། འཁོར་ཡང་ཁྱད་པར་རག་ཏུ་སྤྲོ།། ཞེས་བྱ་བ་ཡང་སྤྱིར་སྦྱར་བར་བྱའོ།། དེ་ཡན་ཆད་ནི་ཐོག་ལེའི་སྦྱོར་བ་ཡིན་ནོ་ཞེས་ཁ་ཅིག་གི་འདོད ་པའོ།། ཨུཏྤ་ལ་མཐིང་ཁའི་མདོག་འདྲ་བ། རྩེ་མོ་ལྔ་པ་ཁྱད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མོའི་ཚད་དང་བྱེ་བྲག་བསྟན་པ་ཡིན་ཏེ། དེ་ལ་རྡོ་རྗེ་རྩེ་ལྔ་པ་ཨུཏྤ་ལ་སྔོན་པོ་ལྟ་བུ་བསྒོམས་པ་དང་། སྲན་ཙ་ན་ཀ་ཙམ་གྱི་པདྨ་འདབ་མ ་བརྒྱད་པ་དང་། དེ་བཞིན་དུ་འཁོར་ལོ་དང་རལ་གྲི་དག་ཀྱང་བསྙེམས་ལ། དེ་དག་གི་སྒོང་སྐྱེས་དང་བེ་སར་དང་ལྟེ་བ་དང་ཆང་གཟུངས་རྣམས་ལ་དཀྱིལ་འཁོར་ཆུང་ངུ་བསྒོམས་པ་ནི། སངས་རྒྱས་བྱང་ཆུབ་གནས་རྣམས་ནི་ཞེས་བྱ། ་དེ་རུ་མདོར་ནི་སྤྲོ་བར་བྱའོ།། ཞེས་བྱ་བ་ནི། ཕྲ་མོ་བསྟན་པའི་མཚན་མ་ཐོབ་ནས། ཇི་ལྟར་འདོད་པའི་ལྷའི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྐྱེད་ལ། དེ་ནས་ཤེས་རབ་མ་དང་གཉིས་སུ་མེད་པའི་སྦྱོར་བ་ལས་ཡུམ་གྱི་བ་སྤུ་བུ་ག་ནས ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་སྤོ་བོར་བྱ་སྟེ། རྗེས་སུ་དྲན་པ་བཅུ་དྲུག་བསྒོམས་པར་བྱའོ།། དེ་ལ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ཕྲ་མོ་ལ་ཇི་ལྟར་སྦྱངས་པ་དེ་ལྟར་རྗེས་སུ་དྲན་པ་ན་ཡང་དེ་དྲན་པར་བྱེད་པའོ།། སྐུ་གསུང་ཐུགས་ཀྱི ་མཚན་མ་ཡིན།། ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད་ཅེས་བྱ་བ་ནི། དཀྱིལ་འཁོར་ཆུང་ངུ་བསྒོམ་པའི་དུས་སུ་བྱིན་གྱིས་བརླབས་པ་ལ་སོགས་པ་བསྙེན་སྒྲུབ་ཚང་བར་བྱ་བའི་དོན་ཏོ།། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་ཞེས་བྱ་བ ་ལ་སོགས་པས་ནི་དེ་ལྟར་བསྒོམ་པའི་དུས་སུ་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བྱ་བའི་དོན་ཏོ།། གཞན་ཡང་གསང་བའི་མཆོད་པ་དང་བདུད་རྩི་ལྔ་དང་ཤ་རྣམ་པ་ལྔ་དང་ལྡན་པར་བྱས་ཏེ་བསྒྲུབས་ན་ཇི་སྐད་བསྟན ་པ་བཞིན་དུ་འགྲུབ་པའི་དོན་ཏོ།། ལུས་དང་ངག་སེམས་ལས་འདའ་བའོ།། ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་ལས་འདས་ཏེ་སྐུ་གསུང་ཐུགས་མ་མཁའ་ལྟ་བུར་འགྱུར་རོ།། ཞེས་བྱ་བའི་ཐ་ཚིག་གོ།། འདི་ན ་ལུས་དང་ངག་བྱིན་གྱིས་བརླབ་པ་འགྲུབ་པའི་བདག་ཉིད་དང་ཕྲ་མོའི་སྦྱོར་བ་ལས་ཀྱི་རྒྱལ་བ་མཆོག་རང་བཞིན་བསྟན་པ་ཡིན་ལ། དེ་ནི་ལེའུ་གསུམ་པའི་ལྷ་རྣམས་ཀྱི་ཡན་ལག་ཡིན་ལ། དེ་ཡང་ལེའུ་དྲང་པར་ཇི་སྐད་བསྟན་པ་བཞིན ་དུ་སྦྱར་བར་བྱའོ།། ལེའུ་དྲུག་པའོ།། ། ད་ནི་འདིང་བའི་ཡོན་ཏན་ལྔ་མ་སྣང་བ་དང་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པ་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིའི་འབྲེལ་བ་ནི་འདོང་པའི་ཡན ་ཏན་རྣམ་པ་ལྔ་མི་སྤང་བ་ནི་སློབ་མའི་སྣོད་བསྟན་པའི་དོན་དུ་སྦྱར་ཏེ། དམ་ཚིག་དང་སྡོམ་པའི་བདག་ཉིད་ཡིན་པས་ལེའི་ལྔ་པར་ཁ་བསྐང་བར་བྱའོ།། དེ་ལ་སྔགས་སྤྱང་པའི་མཆོག་ཅེས་བྱ་བ་ནི་སྔགས་ཀྱི་སྟོང་པའོ།། མངོན་པར ་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་དེའི་རང་བཞིན་ཉིད་དམ་དེར་བྱེད་པའོ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་བསྟེན་པས་འགྲུབ་པར་བསྟན་ཏོ།། ཡང་ན་འདོད་པའི་ཡོན་ཏན་ཐམས་ཅད ་ཅེས་བྱ་བ་ལ་སོགས་པས་ནི་ལྷའི་བདག་ཉིད་དུ་སྦྱོར་བས་བསྟེན་པོའོ།། དཀའ་ཐུབ་སྡོམ་པ་མི་ཟད་ཅེས་བྱ་བ་ལ་སོགས་པས་ནི་མི་འགྲུབ་པའི་རྒྱུ་དང་ཚུལ་བཞིན་སྤྱད་ན་འགྲུབ་པའི་རྒྱུ་བསྟན་ཏོ།། གཞན་དུ་དུས་མིན་འཆི་བ་དང་། ་དམྱལ་བར་ངེས་པར་བསྲེག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་ཉམས་པའི་སྐྱོན་སྟོན་ཏོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་བསྟེན་པའི་ཡོན་ཏན་སྟོན་ཏོ།། གཟུགས་ལ ་རྣམ་གསུམ་ཤེས་བྱས་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོང་བ་བསྟེན་པའི་ཐབས་སྟོན་ཏོ།། དེ་ལ་གཟུགས་གཅིག་པུ་ལ་ཡང་རབ་འབྲིང་གི་བྱེ་བྲག་གི་རྣམ་པ་གསུམ་ཡིན་ལ། དེ་ལ་རབ་ནི་འདོད་ཆགས་སྐྱེ་བར་བྱེད་པ་སྟེ། གསུང ་གི་བདག་ཉིད་དེ་བཞིན་དུ་འབྲིང་དང་ཐ་མ་ལ་ཡང་གཏི་མུག་དང་ཞེ་སྡང་སྐྱེ་བར་བྱེད་པ་སྟེ། སྐུ་དང་ཐུགས་ཀྱི་བདག་ཉིད་དེ་དེ་ལྟར་བསྒོམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དབུལ་ཞེའོ།། ཁ་ཅིག་ནཱ་ར་དེ་ཉིད་བཅོམ ་ལྡན་སྣ་ཚོགས་པ། སངས་རྒྱས་རྣམ་པར་སྣང་མཛད་གཞི་ཞེས་བྱ་བའི་དོན་གྱིས་གཟུགས་ཉིད་རྣམ་པར་སྣང་མཛད་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་དང་ལྡན་པས་མཆོད་པར་བྱའོ་ཞེས་ཟེར་རོ།། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར ་བྱིའོ་རྗེ། ཡང་ན་དེ་ལ་བསྒོམ་པ་ནི། རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་རིགས་དེ་དག་ཐམས་ཅད་ཀྱང་ཐུགས་ཀྱི་བདག་ཉིད་དུ་བྱས་ཏེ་མཆོད་ཅིང་སྦྱང་པར་བྱའོ།། དེ་ཡན་ཆད་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་མི་སྤང ་པོ་ཡིན་ཏེ། སྤྱོད་ལམ་གྱི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ།། ད་ནི་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པར་བྱ་སྟེ། འདི་དག་ནི་ཕྲ་མོ་ལས་སུ་རུང་ནས་སྤྲོ་བར་བྱའོ།། ཞེས་སྔར་བསྙད་དེ་འདིར་གཟུང་བྱའོ།། དེ་ལ་འདི་དག་ནས་ཕྲ ་མུའི་གནས་སུ་མ་བསྟན་པའི་སྤྲོ་བ་དག་ཀྱང་འབྱུང་བ་ནི་ཕྲ་མོའི་སྐབས་ཏིང་ངེ་འཛིན་གཅིག་བསྟན་པར་བྱ་སྟེ། མཱཚན་མ་ཐའ་ནས་འདི་དག་གཱི་ཏིང་ངེ་འཛིན་དུ་སྐད་ཅིག་གིས་བསྒྱུར་ཏེ་སྤྲོ་བར་བྱུ ་ཡིན་པས་ཉེས་པ་མེད་དོ།། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་གསུམ་ནི་སྐུ་དང་གསུང་དང་ཐུག་སོ།། རིགས་རྗེས་སུ་དྲན་པ་ནི་རིན་པོ་ཆེ་དང་ལས་ཀྱི་བདག་ཉིད་དོ།། ཁྲོ་བོ་རྗེ་སུ་དྲན་པ་ནི་རིགས་ཀྱི་ཁྲོ་བོ་གང་ཡིན་པ ་ལ་སོགས་པའོ།། ལྷ་རྗེསུ་དྲན་པ་ཞེས་བྱ་བ་ནི་དམ་ཚིག་ཀྱང་དཀྱིལ་འཁོར་ལ་སོགས་པའོ།། བུད་མེད་གཟུགས་བཟང་མངངས་བཟང་བ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་དྲན་པ་བཅུ་དྲུག་ཡུམ་མོ།། དེ་བཞིན་གཤེགས་པའི ་བཙུན་མོའི་མཆོག། སྤྱན་ལ་སོགས་པར་བསྒོམ་པར་བྱ། ཞེས་བྱ་བ་ནི་དེ་རྣམས་སུ་བྱིན་གྱིས་བརླབས་པའོ།། ཡི་གེ་ཧཱུཾ་དང་ཨོཾ་དག་དང་། ཕཊ་ཀྱང་རབ་ཏུ་བརྟག་པར་བྱ་ཞེས་པ་ནི་མཁའ་བྱིན་གྱིས་བརླབ་པ་སྟེ། དེ་ལ་ཡི ་གེ་ཧཱུཾ་གིས་ནི་གསང་བའི་མཁའ་རྣམ་པ་གཉིས་འོད་ཟེར་སྒོ་ལྔས་ཁྱབ་པའི་རྡོ་རྗེ་དང་པདྨ་བསྒོམ་པར་བྱའོ།། ཨོཾ་དཀར་པོ་ནི་རྡོ་རྗེའི་རྩེ་མོར་རོ།། ཕཊ་ནག་པོ་ནི་སྤྲྀ་གུར་ཏེ་བྱང་ཆུབ་ཀྱི་སེམས་སྤྲོ་བོའི་དོན་ཏོ།། འབར་བཅས་ཟླ་འོད ་བཞིན་དུ་དཀར་ཞེས་བྱ་བ་ནི་མཁའ་རྣམ་པ་གཉིས་ཀྱི་འོང་ངོ་།། སངས་རྒྱས་རྗེས་དྲན་སྦྱར་ལ་སོགསོ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་ལྟར་རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པ་སྟེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ ་ཞེ་ན། བྷ་ག་ལ་ནི་ལིག་བཞག། སངས་རྒྱས་གཟུགས་ནི་བསྒོམ་པར་བྱ།། བསྤུ་རྣམས་ཀྱི་བུ་ག་ནས།། མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ་ཞེས་འབྱུང་སྟེ། དེ་ལ་འདིའི་ཚུལ་མ་ཕྲ་མོ་བརྟན་པར་གྱུར་པའི་རྗེས་ཐོག་སུ་རྣམ ་པར་སྣང་མཛད་ཀྱི་སྐུར་བསྒོམས་ཏེ་ཡུམ་སངས་རྒྱས་སྤྱན་དུ་བྱིན་གྱིས་བརླབས་ནས་སྔོན་དུ་བརྗོད་པ་ལྟར་མཁའ་བྱིན་གྱིས་བརླབ་པ་བྱས་ཏེ། ཐབས་ང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་ཕྲ་མོ ་བསྒོམ་པའི་བདག་ཉིད་དེ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྲ་མོ་མང་པོ་ཡུམ་གྱི་བ་སྤུའི་བུ་ག་ནས་འཕྲོས་པས་སྔོན་དུ་བསྒོམ་པའི་ཕྲ་མོའི་སྐབས་ཀྱི་ཏིང་ངེ་འཛིན་རྗེ་སུ་དྲན་པ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་དུ་སྟེར་རོ།། དེ་ལ་ཆོས་རྗེསུ ་དྲན་པ་ནི་སྣང་བ་མཐའ་ཡསུ་སྦྱར་བའི།། རྡོ་རྗེ་རྗེས་སུ་དྲན་པ་ནི་མི་འཁྲུགས་པར་སྦྱར་བའོ།། རིགས་རྗེསུ་དྲན་པ་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་གཉིས་སུ་སྦྱར་བའོ།། ཁྲོ་བོ་རྗེས་སུ་དྲན་པ་ནི། ཁཾ་བོ་བཅུ་གང་ཡང་རུང ་བའོ།། དམ་ཚིག་རྗེས་སུ་དྲན་པ་ནི་བདག་ལྷ་གང་ཡང་རུང་བར་བསྒོམས་ཏེ་སྦྱོར་པོའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པའོ།། དེ་ཡང་དཀྱིལ་འཁོར་གྱི་ལྷའི་སྦྱོར་བ་དྲན་པར་བྱེད་པས་རྗེས་སུ་ངན་པའོ།། དཀྱིལ་འཁོར་རྗེས་སུ་དྲན ་པ་ནི་ལྷ་གང་ཡང་རུང་བར་བསྒོམས་པའི་བྱང་ཆུབ་སེམས་ལས་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཕྲོ་བའོ།། སྐུ་རྗེས་སུ་དྲན་པ་དང་། གསུང་རྗེས་སུ་དྲན་པ་དང་། ཐུགས་རྗེས་སུ་དྲན་པ་ནི་གསུམ་ནི། སངས་རྒྱས ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཇི་ལྟ་བ་དེ་ལྟར་བདག་རྗེས་སུ་དྲན་ཞིང་བསྒོམ་པ་སྟེ་འདི་མན་ཆད་ནི་སྤྲོ་བར་མི་བྱེད་དོ།། སེམས་ཅན་རྗེས་སུ་དྲན་པ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་སྐུ ་གསུང་ཐུགས་ན་མཁའ་ལྟར་བསྒོམ་པའོ།། སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྗེས་སུ་དྲན་པ་ནི་སངས་རྒྱས་རྣཾས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པ་ཇི་ལྟ་བ་དེ་ལྟར་བདག་ཀྱང་དེ་དང་འདྲ་བར་བསྒོམ་པའོ།། དམ་ཚིག་རྗེས་སུ ་དྲན་པ་ནི། སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལྷའི་སྦྱོར་བས་བཏུང་བ་སྟེ། དེ་བཞིན་གཤེགས་པའི་ཚོགས་བསང་ན་ཞེས་པ་རྣམ་པར་མི་རྟོག་པའི་བློས་བཏུང་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེ་སུ་དྲན་པ་ནི་ཆོས ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་བསྒོམ་པ་སྟེ་འདི་ནི་ཡུམ་མི་དམིགས་པར་རྗེས་སུ་དྲན་པའོ།། མ་སྐྱེས་པ་རྗེས་སུ་དྲན་པ་ནི། ཆོས་ཐམས་ཅད་མཚན་ཉིད་མེད་ཅིང་རང་བཞིན་མེད་པའི་སྒྱུ་མ་ཙམ་དུ་སྣང་བ་སྟེ། ་འདི་ནི་ཐམས་ཅད་ཀྱི་རང་བཞིན་ཡབ་མི་དམིགས་པར་དྲན་པའོ།། དེ་ལ་ཞེ་སྡང་གི་རིགས་ལ་སོགས་པ་མཆོད་པ་རྗེས་སུ་དྲན་པ་ནི་ལོ་བཅུ་གཉིས་པའི་བུད་མེད་ལ་གཉིས་སུ་མེད་པའི་སྦྱོར་བའི་སྒོ་ནས་རང་གི་རིགས་ཀྱི་མཆོད་པར་བྱ ་བའོ།། རྗེས་སུ་དྲན་པ་འདི་དག་ལ་ཡང་སྐུ་རྣམ་པར་སྣང་མཛད་རྗེས་སུ་དྲན་པ་འབའ་ཞིག་བསྒོམ་པ་ལ་ཡང་དམ་ཚིག་རྗེས་སུ་དྲན་པ་ལ་སོགས་པ་མན་ཆད་ནི་ལྡན་པར་བསྒོམས་ཏེ། དེ་བཞིན་དུ་ཆོས་དང་རྡོ་རྗེ་དང་རིགས ་དང་ཁྲོ་བོ་རྣམས་ལ་ཡང་ངམ་ཚིག་རྗེས་སུ་དྲན་པ་ལ་སོགས་པ་ནི་ལྡན་པ་སྦྱར་རོ།། ལེའུ་བདུན་པའོ།། །། ད་ནི་ལེའུ་གསུམ་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་དང་། ལེའུ་བཞི་པའི་གཟུགས་བརྙན ་གྱི་དཀྱིལ་འཁོར་བསྟན་པ་ལ་མཆོད་པ་བསྟན་ཏེ། དེ་ནས་བཅོམ་ལྡན་འོངས་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་གྱིས་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ནི་མཆོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་རྡོ་རྗེ ་རྒྱལ་པོ་ཐེག་པ་ཆེ་ཞེས་བྱ་བ་ལ་སོགས་པས་ནི་ཐེག་པ་ཆེན་པོའི་དོན་ལ་བསྟོད་དེ། དེ་ལ་རྡོ་རྗེའི་ཐེག་པ་ནི་ན་མཁའི་མཛད་སྦྱོང་དང་འདྲ་བ་སྟེ། མ་ཆགས་ཤིང་མ་གོས་པའི་མཛད་སྤྱོད་ཀྱིས་འདྲེན་པའི་ཕྱིར་ཤིན་ཏུ་ངོ་མཚར ་བ་སྟེ། དེ་ཡང་དུག་གསུམ་མ་སྤངས་པར་ལམ་དེ་ཉིད་ནས་འགྲོ་བ་འདྲེན་པའི་ཚུལ་དང་ཐེག་པ་མཐའ་དག་ཀྱང་ཡོངས་སུ་རྫོགས་པའི་ཚུལ་དང་། སྐུ་གསུང་ཐུགས་ཤིན་ཏུ་དག་པའི་བྱང་ཆུབ་སེམས་ཀྱི་ཆོས་ཀྱི་འཁོར་ལོ ་བསྐོར་བའི་ཚུལ་ལ་བསྟོད་དེ་ཞུ་བ་གསོལ་བའོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན་པ་ན་མཁའ་ལྟར་མི་འགྱུར་བ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་མཛད་པ་དེས་དེ་བཞིན་ག ་པ་ཐམས་ཅད་ཀྱི་མཆོད་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་བསྐལ་པ་བཟང་པོ་མཆོག་མཆོག་ལ་གནས་པ་རྒྱལ་བ་འབྱུང་བར་འགྱུར་བར་བཤད་དོ་ཞེས་པའི་དོན་།། དེ་ཉིད་འདི་ཡིན་དེ་ན་ཆུང་གཞོན་ནུ་མིག་བཟང་བཙལ ་ནོས་པ་ལ་སོགས་པའོ།། དེ་ལ་བྱོལ་སོང་སྐྱེས་གནས་བརྟག། ཅེས་བྱ་བ་ནི་བྱིན་གྱིས་བརླབ་པ་སྟེ། འདི་ལྟར་རྒྱལ་བའི་ཡུམ་ནི་གཏི་མུག་གི་རིགས་ཡིན་པས་བྱོལ་སོང་དུ་སྐྱེ་བའི་གནས་སམ། ་རྒྱུ་གཏི་མུག་ཡིན་ཏེ་དེར་བརྟག་པར་བྱའོ།། བྱོལ་སོང་གི་ཚེ་ཚང་བརྟོགས་པ་ཡིན་ནོ་ཡང་ཟེར་རོ།། དེའི་གནས་ནི་ས་ཕྱོགས་གཙང་ཞིང་དབེན་པ་དང་། རྒྱལ་བའི་གནས་དང་ཞི་བ་ལྷ་ཆེན་པོའི་གནས་རྣམསུ་བྱའོ།། ། ་དེར་མཎྜ་བྱ་བ་ནི། ཆུ་འམ་ཡང་ན་བཤང་གཅིས་བྱུག་པ་ནི། རྒྱལ་བ་མཆོད་ཕྱིར་རབ་ཏུ་བརྟག་པར་བྱ་ཞེས་བྱ་བའོ།། བྱིན་གྱིས་བརླབ་པ་ནི། ནུ་མའི་བར་དང་ཀླང་རྒྱས་ཀྱིས་བར། ཆོ་ག་ཤེས་པས་ཡང་ན་རྐང་པའི ་བར། རིགས་ལྔ་རྣམས་ནི་རབ་ཏུ་དགོད་པར་བྱ་ཞེས་གསུངས་ཏེ། དེ་ལ་ནུ་མའི་བོར་ཡན་ཆད་ནས་སྤྱི་བོ་མན་ཆད་དུ་རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་དགང་ངོ་།། དེ་བཞིན་དུ་སྙིང་ཁ་ནས་ལྟེ་བའི་བར ་དང་། རྐེད་པའི་བར་དང་། གསང་བའི་བར་དང་། རྐང་པའི་བར་དུ་མི་འཁྲུགས་པ་དང་། རིན་ཆེན་དཔལ་དང་འོད་དཔག་མེད་དང་གདོན་མི་ཟ་བ་རྣམས་ཀྱིས་ཡོངསུ་དགང་ངོ་།། རྣམ་གཅིག་ཏུ་ནུ་མའི་བར་ནི་སྙིང་ཁ་སྟེ་མི ་འཁྲུགས་པའོ།། ཀླད་རྒྱས་ཀྱི་བར་ནི་འཚོགས་མ་སྟེ་རྣམ་པར་སྣང་མཛད་དོ།། ཡང་ན་རྐང་པའི་བར་ཞེས་བྱ་བ་ནི་བརླ་འམ་གསང་བའི་གནསུ་གདོན་མི་ཟ་བའོ།། ལྟ་བར་ནི་རིན་ཆེན་དཔལ་ལོ།། རྐང་པར་ནི་གདོན་མི་ཟ་བ་སྟེ། ་དེ་དག་ཀྱང་རང་གི་གདན་ལ་བཞུགས་པ་རང་གི་ཡུམ་དང་ལྡན་པར་བསྒོམ་པར་བྱའོ།། ན་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ལྷའི་དཀྱིལ་འཁོར་དུ་བསྒོམས་པས་ལས་མཆོད་པའི་བྱེ ་བྲག་སྤྲོ་བ་སྟེ། དེ་ལ་ན་མཁའ་དབྱིངས་ཀྱི་དབུས་ནི་ཆོས་ཀྱི་འབྱུང་གནས་སོ།། ཡེ་ཤེས་རྒྱ་མཚོ་བསྒོམས་པ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ངོ་།། བདག་ཉིད་ཟླ་བའི་དངོས་གནས་པར། མཁས་པས་སྙིང་གར་བསྒོམ་པར་བྱ། ཞེས ་བྱ་བ་ནི་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཟླ་བའི་དཀྱིལ་འཁོར་ལ་གནས་སྟེ་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་པའོ།། ཞི་བ་རྡོ་རྗེ་འཛིན་འདོད་ན།། བསྡུ་བ་དག་ཀྱང་རབ་ཏུ་བྱ་ཞེས་བྱ་བ་ནི་དེ་ལས་བདག་རྡོ་རྗེ ་ན་ཆེན་པོར་བསྙེད་པར་འདོང་ན་འོང་དུ་ཞུ་སྟེ། བསྡུ་བ་བྱས་ལ་ཕྱིས་རྡོ་རྗེ་འཛིན་ཆེན་པོར་བསྙད་པར་བྱའོ།། ཞེས་པའི་དོན་ཏོ།། དེ་ལྟར་བས་ཏེ་མཆོད་པར་བྱ་ཞེས་པའི་དོན་ཏོ།། མཆོད་པ་ཡང་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན ་གྱིས་འདོད་ཆགསོ་ཆེན་པོས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་བསྡུས་ཏེ་བུད་མེད་དགུའི་ངོ་བོར་སྤྲོས་ནས་མཆོད་པ་ཉིད་གོང་གིས་མེ་ཏོག་དགུའི་བདག་ཉིད་དོ།། རིན་ཆེན་སྣ་བཞིའི་མཆོད་རྟེན་ལ་ཞེས་བྱ་བ་ལ་སོགས ་པས་ནི་གཞལ་ཡས་ཁང་འདིའི་མཆོད་པ་བསྟན་ཏོ།། མཁས་པས་ཨུཏྤལ་ངག་དང་། པདྨ་རྣམ་པ་ལྔར་ཤེས་བྱ།། ཞེས་བྱ་བ་ནི་འདོད་པ་ལྔའི་ལྷ་མོའོ།། ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས་ཞེས་བྱ་བ་ནི་ཇི་ལྟར་མེ་ཏོག་ཛཱ་ཏི ་ཁ་དོག་གསུམ་པ་ལྟར་དེ་དག་ཀྱང་སྐུ་གསུང་ཐུགས་སུ་ཤེས་པར་བྱའོ་མེ་ཏོག་ཀར་ནི་ཀར་ལ་སོགས་པ་བཞི་ནི་ཡུམ་བཞིའི་བདག་ཉིད་དོ།། དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱ་བ་ལ་སོགས ་བ་ནི་ཡེ་ཤེས་འཁོར་ལོ་སྟེ་གནས་ཀྱི་མཆོད་པའོ།། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ་ཞེས་པ་ལ་སོགས་པ་ནི་མཆོད་རྟེན་ཏེ་སྔ་མ་བཞིན་ནོ།། འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ལྔའི་མཆོད ་པའོ།། མཆོད་པ་རྣམ་པ་ལྔའི་ཞེས་བྱ་བ་ལ་སོགས་པས་ནི་མེ་ཏོག་ལ་སོགས་པའི་མཆོད་པ་ལྔའོ།། རིན་ཆེན་འབྱུང་གནས་ན་ཆུང་མཆོག་ཞེས་བྱ་བ་ལ་སོགས་པས་ནི་གཟུངས་ཀྱི་མཆོད་པའོ།། ཞིང་འདི་རིན་ཆེན་སྣ ་བདུན་གྱིས་ཞེས་བྱ་བ་ལ་སོགས་པས་ནི་སྣང་སྲིང་རིན་པོ་ཆེ་བདུན་གྱིས་མཆོད་པའོ།། བདག་པོའི་ཕྱག་རྒྱར་མཉམ་གཞག་ལ་ཞེས་བྱ་བ་ལ་སོགས་པས་ནི་གཟུངས་ཀྱི་མཆོད་པ་སྟོན་ཏོ།། ན་མཁའི་དབྱིངས་ཀྱི་དབུས་གནས ་བར་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་ལྔའི་མཆོད་པའོ།། འདིར་བླ་མའི་མན་ངག་ནི་བླ་ན་མེད་པའི་མཆོད་པ་མ་དང་སྲིང་མོ་གསུམ་གྱིས་བདག་ཉིད་དེ། དེ་ལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྡུས་ནས ་བུད་མེད་རྣམ་དགུ་སྐུ་ལས་གཏོན་ནས་བསྟིམས་པའི་ཡུམ་གང་ཡིན་པ་དེ་ནི་མའི་བདག་ཉིད་ཡིན་ཏེ། དེ་ཉིད་འདིར་ན་ཆུང་གཞོན་ནུ་མི་བཟངས་པ་རྩལ་ཞེས་བྱ་བ་འདི་ཡིན་ནོ།། འདི་ནི་གསང་བའི་དབང་གི་ཡུམ་དུ་ཤེས་པར ་བྱའོ།། རིན་ཆེན་འབྱུང་གནས་ན་ཆུང་མཆོག་ཅེས་འབྱུང་བ་འདི་ནི་སྲིང་མོ་ཡིན་ཏེ། སེམས་འོད་འབར་ཧོས་ཞུ་བའི་དུས་ཀྱི་ཆགས་པར་བྱེད་པའི་ཡུམ་ཡིན་ཏེ། ཤེས་རབ་ཀྱི་དབང་གི་ཡུམ་ཡིན་པས། རིན་ཆེན་རྣམས ་ནི་ཀུན་ལ་དབུལ་ཞེས་སྨོས་ཏེ། སློབ་མ་སྣོད་དང་ལྡན་པ་ལ་ཤེས་རབ་ཀྱི་དབང་སྦྱིན་པའོ།། རིན་ཆེན་སྣ་བདུན་ཡང་དབང་བསྐུར་བའི་དུས་ཀྱི་དབུ་རྒྱན་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། ཕྱག་གདུབ ་དང་། ཞབས་གདུབ་དང་། མགུར་ཆུ་རྣམས་ཀྱིས་བརྒྱན་པའོ།། བཞིན་བཟངས་ཤིན་ཏུ་གཟུགས་མཛེས་པའི།། ན་ཆུང་སྐལ་བ་མཆོག་བཟངས་ལ་ཞེས་བྱ་བ་ནི་བུ་མོ་ཡིན་ཏེ། རྡོ་རྗེ་འཛིན་ཆེན་པོར་བཞེངས་པའི ་ཡུམ་སྟེ་འདི་ནི་གཞན་ལ་དབང་བསྐུར་བའི་ཡུམ་དུ་འདོད་དོ།། དེ་ལྟར་ན་ལེའུ་འདིའི་དོན་ནི་འདི་ལྟར་འགྱུར་ཏེ། དང་པོ་ན་ཆུང་གཞོན་ནུ་ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན ་གྱིས་བུད་མེད་རྣམ་དགུ་སྤྲོས་ནས་ཐིམ་པའི་ཡུམ་ནི་བྱིན་གྱིས་བརླབ་པ་དང་། མེ་ཏོག་དགུ་ལྷ་མོ་དགུར་བྱིན་གྱིས་བརླབ་པ་ཡན་ཆད་ངོ་དོ།། དེ་ནས་དཔག་ཚད་བརྒྱའི་ཁྱོན་ཙམ་ལ་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི ་གཞལ་ཡས་ཁང་འདོད་པའི་ལོངས་སྤྱོད་ལྔའི་རྒྱན་གྱིས་བརྒྱན་པ་ན་རྡོ་རྗེ་སེམས་དཔའ་བཞུགས་པ་ཧོས་ཞུ་བར་བྱ་སྟེ། ཆགས་པར་བྱེད་པའི་ཡུམ་ནི་རིན་ཆེན་འབྱུང་གནས་ན་ཆུང་མཆོག་ཅེས་བྱ་བར་སྦྱར་ཏེ། དེར ་ཤེས་རབ་ཀྱི་དབང་བསྐུར་ཏེ་དེའི་དུས་ཀྱི་རྒྱན་གྱི་ཁྱད་པར་རིན་པོ་ཆེ་སྣ་བདུན་གྱིས་སོ།། དེ་ནས་རྡོ་རྗེ་འཛིན་ཆེན་པོར་བཞེངས་ནས། དེའི་ཡུམ་ལས་ཀྱི་དཀྱིལ་འཁོར་གྱིས་ལྷ་དགོད་པའི་འཁོར་ལོ ་ཚད་ཙམ་ཡང་དཔག་ཚད་བརྒྱའི་ཁྱོན་དུ་ཞེས་བྱ་བ་ལ་སོགས་པ་གྲོང་དུ་སྨོས་པ་ཉིད་དོ།། དེའི་ཡུམ་དེ་ལས་མཆོད་པ་སྤྲོ་བ་ནི་བདག་པོའི་ཕྱག་རྒྱར་མཉམ་གཞག་པ་ཞེས་བྱ་བ་ལ་སོགས་པས་བསྟོན་ཏོ།། ལེའུ་བརྒྱད ་པའོ།། །། ད་ནི་རིགས་སོ་སོའི་ངམ་ཚིག་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་སྟེ། མི་བསྐྱོད་པའི་ཏིང་ངེ་འཛིན་རྡོ་རྗེ་རབ་འབར་བསྒོམས་ནས། ་ཁྲོ་བོའི་སྦྱོར་བས་སེམས་ཅན་བསད་པའོ།། དེ་བཞིན་དུ་གཱ་ཏི་མུགོ་རིགས་ཀྱི་དམ་ཚིག་ནོར་འཕྲོགས་པས་འགྲོ་བའི་དོན་བྱེད་པའི།། འོད་དཔག་མེད་ཀྱི་དམ་ཚིག་ནི་སྦྱོར་བས་འགྲོ་བའི་དོན་བྱེད་པའོ།། ལས་ཀྱི་རིགས་ཀྱི་དམ ་ཚིག་ནི་རྫུན་གྱི་སྒོ་ནས་འགྲོ་བའི་དོན་བྱེད་པའོ།། རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི་ཚིག་རྩུབ་མོས་འགྲོ་བའི་དོན་བྱེད་པའོ།། དེ་ལྟར་བསྟན་པའི་དམ་ཚིག་རྣམས་ལ་བྱང་ཆུབ་སེམས་དཔའི་རྣམས་ངོ་མཚར་སྐྱེས་པར་འགྱུར ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ནམ་མཁའ་དང་གཙུབས་ཤིང་གི་དཔེས་ཆོས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་ཙམ་དུ་བསྟན་ཏོ།། འདིར་བླ་མའི་མན་ངག་ནི་རིགས་གཅིག་གི་སྐུ་ཕྱག་རྒྱར་བསྒོམས་ཏེ ་ཐབས་དང་ཤེས་རབ་རོལ་པས་དམ་ཚིག་ལྔ་རྫོགས་པར་འགྱུར་ཏེ། དེ་ལ་དང་པོར་མཁའ་བྱིན་གྱིས་བརླབས་པའི་གསང་སྔགས་ཧཱུཾ་ཕཊ་ཅེས་བརྗོད་པ་ནི་ཚིག་རྩུབ་མ་སྟེ་ནོར་བུའི་རིགས་ཀྱིའོ།། དེ་ནས་བྱང་ཆུབ་སེམས་ཀྱི ་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔའི་སངས་རྒྱས་བཀུག་སྟེ་ཞལ་དུ་ཐིམ་པ་ནི་བརྫུན་ཏེ་ལུས་ཀྱི་རིགས་ཀྱིའོ།། དེ་ནས་ཐབས་དེང་ཤེས་རབ་ཀྱི་སྦྱོར་བ་བསྐྱོད་པའི་བདག་ཉིད་ནི་མི་ཚངས་པར་སྤྱོད་པ་སྟེ། འདོད་ཆགས་ཀྱི་རིགས ་ཀྱིའོ།། བྱང་ཆུབ་ཀྱི་སེམས་ལྕེས་ལེན་པ་ནི་རྗེས་འཕྲོག་པ་སྟེ་གཏི་མུག་གི་རིགས་ཀྱིའོ།། ཟོས་ནས་མི་རྟོག་པར་བྱེད་པ་ནི་སྲོག་བཅོད་པར་བྱེད་པ་སྟེ་ཞེ་སྡང་གི་རིགས་ཀྱིའོ།། དེ་ལ་ན་མཁོའ་དབྱིངས་ཀྱི་དབུས་གནས་པར།། ་རྡོ་རྗེ་མི་བསྐྱོང་རབ་བསྒོམས་ནས།། ལག་ཏུ་རྡོ་རྗེ་བསྒོམས་པར་བྱ། ཞེས་བྱ་བ་ལྔའི་ཏིང་ངེ་འཛིན་བསྒོམ་པའོ།། འོད་འཕྲོ་མང་པོ་འབར་བ་དང་། ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམྦྷ་ད~ཾ་བསྒོམས་ནས་རྡོ་རྗེ་ཕྱེ་མར ་བརླག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཟོས་ནས་རྣམ་པར་མི་རྟོག་པའོ།། སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི་ཞེས་བྱ་བ་ནི་མི་རྟོག་པའི་སྐུ་གསུང་ཐུགས་སུ་གྱུར་པ་ཉིད་ལོངས་སྤྱོད་དུ་གྱུར་པའོ།། དེ་ལྟར་བསྒོམ་པས་ཇི ་སྐད་སྨོས་པའི་ཡོན་ཏན་དུ་འགྱུར་རོ།། རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ནས་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་ཆོས་རིན་པོ་ཆེ་བསྒོམས་ཏེ་ལྷའི་ཏིང་ངེ ་འཛིན་གྱིས་བླངས་པ་ནི་འཕྲོགས་པ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ནས་དེའི་ངོ་བོར་གྱུར་པ་ནི་ཡིད་བཞིན་ནོར་བུ་འདྲ་བར་འགྱུར་ཞེས་པའོ།། འདོད་ཆག་ཀྱི་དམ་ཚིག་ནི་སྣང་བ ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས་གཟུངས་དང་གཉིས་སུ་མེད་པའི་རོལ་པས་མཉེས་པར་བྱ་བ་ཡིན་ཏེ། དེ་ལ་དམ་ཚིག་པ་ནིའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། འདི་ལྟར་འཁྱུད་པ་དང་སྦྱོར་བ་དང ་བསྐུལ་བ་དང་བདེ་བ་ཆེན་པོ་ལ་གནས་པ་སྟེ། འདི་ནི་བསྟན་སྒྲུབ་བཞི་དང་ལྡན་པར་བསྒོམས་པ་ཡིན་ནོ།། དེ་ཡང་འདྲི་ལྟར་འཁྱུད་བ་ནི་སྐུ་ཕྱག་རྒྱུ་སྟེ་སའི་བདག་ཉིད་སངས་རྒྱས་སྦྱིན་ནོ།། སྦྱོར་བ་ནི་ཏིང་ངེ་འཛིན་ཏེ ་ཆུའི་བདག་ཉིད་མཱ་མ་ཀཱིའོ།། བསྐུལ་བ་ནི་བརྩོན་འགྲུས་ཏེ་རླུང་གི་བདག་ཉིད་སྒྲོལ་མའོ།། བདེ་བ་ཆེན་པོ་ནི་ཤྲཱིས་རབ་ཆེན་པོ་སྟེ་མེའི་བདག་ཉིད་གོས་དཀར་མོའོ།། ལས་ཀྱིས་རིགས་ཀྱི་དམ་ཚིག་ནི་བདག་ཉིད་རྡོ་རྗེ་ཐོ་མེད ་དུ་བསྒོམས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཞལ་དུ་ཐིམ་པས་མི་སྣང་བར་གྱུར་པ་ནི། རྒྱལ་བ་ཀུན་གྱིས་གནས་རྣམས་དང་། རྒྱལ་བ་ཐམས་ཅད་སླུ་བར་ཞེས་བྱ་བ་ཡིན་ནོ།། དམ་ཚིག་འགུགས་པ་ཞེས་བྱ ་བ་ནི་དམ་ཚིག་ཉམས་པ་གསོ་བའོ།། ནོར་བུ་རིགས་ཀྱི་དམ་ཚིག་ནི་བདག་ཉིད་དཀོན་མཆོག་དཔལ་དུ་བསྒོམས་ཏེ། གསང་གནས་བྱིན་གྱིས་བརླབ་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་པ ་ལ་སོགས་པ་ནི་སྔ་མ་བཞིན་ཏེ་བྱེ་བྲག་མེདང་།། དམ་ཆག་གི་རྡོ་རྗེ་དབུལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྒྲུབ་པ་རྣམ་པམསལ་བ་སྟེ་ལས་ཀྱི་རིགས་ཀྱི་ཡིན་པའི་ཕྱིར་རོ།། དེ་ལ་ན་མཁའི་དཔེས་ཆོས་ཐམས་ཅད་རང ་བཞིན་མེད་པར་བསྟན་ནས་དེ་བཞིན་གཤེགས་པ་རྣམས་ནི་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཞིང་སེམས་ཅན་རྣམས་ཀྱི་བསམ་པ་ཡིང་མཁྱེན་ནས་གདོང་ཆོས་འཆད་པར་མཛད་དོ།། ཞེས་བྱ་བ་ནི་གསང་སྔགས་སྤྱིའི ་དགོངས་པ་སྟེ། དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དགེ་བ་དང་མི་དགེ་བ་དཔེར་མེད་དེ་གང་ལྟར་བསམས་པ་དེ་ལྟར་འགྲུབ་པའོ།། དེའི་ཕྱིར་དུག་ལྔ་ལ་སོགས་པ་དེ་དག་ནི་དགོངས་པ ་བཤད་པ་མི་ཡིན་ནོ།། འོན་ཀྱང་འདི་དག་ནི་ལ་སྤྱད་པར་བྱ་བར་གསུང་བ་ནི་སེམས་ཅན་གྱི་བམས་པ་མཁྱེན་པ་སྟེ་འདི་སེམས་ཅད་ཀྱི་ཚུལ་ལོ།། དེ་ཁོ་ན་ཉིད་ཀྱི་དམ་ཚིག་སྟོན་པེ་སྟེ་ལེའུ་དགུ་པའོ།། ་ད་ནི་ལྷའི་ཏིང་ངེ་འཛིན་གྱི་ཆོ་ག་ཚང་བར་བསྒྲུབས་པ་ལས་གལ་ཏེ་དངོས་གྲུབ་མ་ཐོབ་ན་སྤོགས་པའི་ཆོ་ག་བྱ་བ་སྟོན་ཏེ་འདིའི་ཏིང་ངེ་འཛིན་ན་བདག་རྡོ་རྗེ་འཛིན་ཆེན་པོར་གནས་པའི་ལུས་ལ་སྐུ་གསུང་ཐུགས་ཀྱི་ལྷ་བཀོད ་པའི་ཐུགས་ཀར་རྡོ་རྗེ་དང་འཁྲོ་ལོ་དང་། པདྨའི་ལྕགས་ཀྱུ་བསམས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་གནས་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་ཧཱུཾ་ཨོཾ་ཨཱཿསྭཱ་ཧཱ། ཞེས་པའི་ཡི་གེ་རྣམ་པ་ལྔ ་གནས་པར་བསམས་ལ་བདག་གི་ཐུགས་ཀའི་ཀྱོ་བ་རྣམས་ཀྱི་སྙིང་བསྐུར་བར་བསམ་ཞིང་ཧཱུཾ་ཨོཾ་ཨཱཿཕཊ་ཛཿཞེས་བརྗོད་ལ། འདི་ལྟར་ཞག་བདུན་དུ་བྱས་ན་ཇི་སྐད་བསྟན་པ་བཞིན་འགྲུབ ་པའི་དོན་ཏོ།། དེ་ལ་སྔགས་ཀྱི་སྙིང་པོ་ཀུན་བསྡུས་ན་སྐུ་གསུང་ཐུགས་ཀྱི་གསང་བ་སྟེ། དེའི་དངོས་གྲུབ་ཀྱི་ཚུལ་བཤད་དུ་གསོལ་ཞེ་ཞུ་བ་གསོལ་བ་ལས། བཅོམ་ལྡན་འདས་རྣམ་པར་དག་པའི་སྐུ་གསུང་ཐུགས་ལ་སོགས ་པ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱོར་རོ།། རིག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་བྱ་བ་ནས། ཡོངསུ་སྤྱོད་པ་ཡོད་པ་ཡེང་དེ་དག་སྔགས་ཀྱི་སྤྱོད་པ་ལ་བརྩོན་པ་ལ། སྤྱན་རས་ཀྱིས་མི་འཚེ་ཞེས་བྱ་བ་ནི་རྡོ་རྗེ ་འཛིན་ཆེན་པོའི་ཏིང་ངེ་འཛིན་དོང་ལྡན་པའི་རྣལ་འབྱོར་པ་ལ་རིགས་ལྔ་སངས་རྒྱས་རྣམས་སྤྱན་རས་ཀྱིས་མི་འཚོ་ཞོང་དངོས་གྲུབ་མི་སྩལ་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་སྔགས་ཀྱི་སྤྱོད་པ་ཡོངསུ་རྫོགས་པའི་གཙོ་བོ་ཡིན་ཏེ། ་བདག་གིས་ཡོངསུ་སྐྱབ་པའི་ཡུལ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་བས་ན་དེ་དག་ལ་ཕན་གདགས་པའི་ཕྱིར་འདི་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། གེཞན་དག་ན་རེ་སྔོན་འདས་པའི་དུས་ན་དེ་བཞིན ་གཤེགས་པ་རྣམས་ཀྱི་གསང་སྔགས་ཀྱི་ཚུལ་གྱིས་དོན་སྤྱོད་པ་ཡོད་ཀྱང་དེའི་ཚེ་ཤིན་ཏུ་གསང་བའི་གྲུབ་པ་འདི་མ་གསུངས་ཏེ། དེ་བས་ན་ཐབས་ཟབ་མོ་འོདི་ལྟ་བུས་སྐྱེས་བུ་དམ་པ་རྣམས་ལ་ཕན་གདགས་པའི་ཕྱིར ་བསྟན་ཏོ་ཟེར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་སྐུ་གསུང་ཐུགས་ལ་དམིགས་པའོ།། རྡོ་རྗེ་འཛིན་ཐམས་ཅད་ཀྱི་བྱི་བ~ཾ་ལཱྀ་སོགས་པ་ལྀ ་ཡང་སྦྱར་རོ།། གསང་སྔགས་ཀྱི་དོན་ནི་སྔར་བརྗོད་དོ།། ན་མཁའ་དབྱིངས་ཀྱི་དབུས་གནས་པར།། དཀྱིལ་འཁོར་བཀོད་པ་བསྒོམ་པར་བྱ། ཞེས་བྱ་བ་དཀྱིལ་འཁོར་རྒྱལ་བ་མཆོག་ཀི་ཏིང་ངེ་འཛིན་བསྒོམ་པའོ།། དེའི ་དབུས་གནས་ཡི་གེ་ཧཱུཾ། རང་གི་གཟུགསུ་རབ་ཏུ་བརྟག། ཅེས་བྱ་བ་ནཱི་ཡི་གེ་ཧཱུཾ་ལས་ལྷའི་བདག་ཉིད་དུ་བསྐྱེད་པའོ།། རྡོ་རྗེ་འོད་ཟེར་ཏུ་རབ་ཏུ་འབར།། རབ་ཏུ་འཕྲོ་བ་བསམ་པ་ནི་ཕྱག་འཚན་དུའོ།། སངས་རྒྱས་རྣམས ་ཀྱི་སྐུ་གསུང་ཐུགས་ནི་སྐུ་གསུང་ཐུགས་ཀྱི་ལྷའོ།། སྙིང་ལ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའོ།། ཡི་གེ་བསྒོམ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་གསུམ་མོ།། རང་སྔགས་སྐྱེས་བུ་བསྒོམས་ནས་ནི།། གནས་གཞི་རྣམས་སུ་གཟུགས ་ཀྱི་ཚུལ།། ཞེས་བྱ་བ་ནི་རིགས་ལྔའི་ལྷ་ཞལ་གསུམ་གྱི་བདག་ཉིད་དུ་བསྒོམ་པའོ།། སྙིང་གའི་དབུས་སུ་ཕྲ་མོ། ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བསྟན་པའི་ཀྱོ་བོའི་ཁྱད་པར་རྣམསོ།། མདོར་ན་དཀྱིལ་འཁོར་རྒྱལ་བ ་མཆོག་གི་ཏིང་ངོ་འཛིན་བསྐྱེད་པའི་དབུས་སུ་བདག་ཡི་གེ་ཧཱུཾ་ལས་ལྷའི་སྐུར་བསྐྱེད་པ་འམ་རང་སྔགས་སྐྱེས་བུ་གང་ཡང་རུང་བར་བསྒོམས་ནས་དེའི་གནས་སུ་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་སྟེ་བཞིར ་ལྷ་བསྐྱེད་ལ་དེའི་སྦྱོར་བསྡུ་སྙིང་གའི་དབུས་སུ་ཕྲ་མོའི་རྡོ་རྗེ་དང་པདྨ་དང་། འཁོར་ལོའི་ལྕགས་ཀྱུ་རྣམས་ལ་དབུས་སུ་ཧཱུཾ་ཨཱཿོཾ་རྣམས་བཞག་པ་ནི་ལྷའི་སྐུལ་བར་བྱེད་པ་དམ་པ་ཡིན་ནོ།། ་སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ནི་སྤྱིར་བཏང་བ་སྟེ་སྐུ་གསུང་ཐུགས་དང་ཡེ་ཤི་སེམས་དཔའི་སྦྱོར་བ་དང་ལྡན་པ་དང་། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་དག་གིས་སྤྱད་དེ་བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ།། ་དེ་ལ་ཡང་དབང་པོ་གཉིས་ནི་སྦྱོར་བ་ཡིས་ཞེས་པ་ནི་རིགས་མ་དབང་ཕྱུག་གཟུགས་བརྙན་ལ་སྦྱོར་བའོ།། བུད་མེད་ཇི་སྙེད་ཡོད་པ་ཀུན།། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ་སྔ་མ་བཞིན་ནོ།། སྙིང་པོ ་བསྐུལ་བའི་ལེའུ་སྐུབཅུ་པའོ།། ། ད་ནི་རིག་པའི་སྐྱེས་བུའི་ལེའུ་བཤད་དེ། དེ་ལ་རིག་པ་ནི་གསང་སྔགས་ཀྱི་ཡི་གེ་སྟེ་སྒྲ་ཡིན་པའི་ཕྱིར་རོ།། རིག་པ་ལས་སྐྱེས་པའི་སྐྱེས་བྱ་སྟེ་ལྷ་དང་གྲུབ་པའོ།། རྡོ་རྗེ ་མཆོག་གསུམ་ཡི་གེ་སྔགས་ཞེས་བྱ་བ་ལ་སོགས་པས་ན་དངོས་གྲུབ་ཀྱི་ཐབས་བསྟན་ཏེ་རྡོ་རྗེ་མཆོག་གསུམ་ནི་སྐུ་གསུང་ཐུགས་སོ།། ཡི་གེ་སྔགས་ནི་ཨོཾ་ཨཱཿཧཱུཾ་ངོ་།། ཕྱག་རྒྱ་ཆེན་པོའི་བསྒོམ་པ་བྱང་ཆུབ་ཐོབ་པར་བྱ ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱེར་མེང་བའི་རྡོ་རྗེ་དག་གིས་བགྲུབ་པར་བྱའོ།། ཞེས་བྱ་བ་ཡིན་ནོ།། ད་ནི་ཡི་གེ་གསུམ་གྱི་མཚན་ཉིད་བཤད་དེ། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ།། ཞེས་བྱ ་བ་ལ་སོགས་པའོ།། དེ་ལ་ཧཱུཾ་གིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གྲུབ་པར་བཤད་པས་ཨོཾ་དང་ཨཱཿཡིས་ཀྱང་སྐུ་གསུང་ཐུགས་ཐོབ་པར་རིགས།། ད་ནཱི་གནས་བཤད་པས་དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས་ཞེས་བྱ་བ་ལ ་སོགས་གསུངས་ཏེ། དེ་ལ་དཀྱིལ་འཁོར་ནི་གཞལ་ཡས་ཁང་སྟེ་དེ་སྐུ་གསུང་ཐུགས་རྡོ་རྗེ་ཀུན་ལས་སྐྱེས་པ་སྟེ། དེ་ཡང་རླུང་གི་དཀྱིལ་འཁོར་ནི་ཨོཾ་ལསོ།། ཆུའི་དཀྱིལ་འཁོར་ཧཱུཾ་ལས་སོ།། སའི་དཀྱིལ་འཁོར་ཨཱ ་ལས་སོ།། དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་པར་བྱས་ཏེ། དེ་ནི་ན་མཁའི་རྡོ་རྗེའི་དབུས་ཆོས་ཀྱི་འབྱུང་གན་སུ་རྡོ་རྗེ་སྤྲིན་སངས་རྒྱས་རྣམས་བསྐྱེད་པའི་གནསཱ་དེར་ཡི་གེ་བྷཱ་བས་མ་མོ།། ཞེས་སྷོ།། ཁ ་ཙིཀ་ན་རེ་དཀྱིལ་འཁོར་ནི་གལ་ཡས་ཁུང་ངོ་དོ།། རྡོ་རྗེ་ཀུ་ན་ལས་སྒྱོས་ནི་འོག་ན་རྡོ་རྗེ་རྒྱ་གྲམ་ལ་བརྟེན་པའོ།། རྡོ་རྗེ་སྤྲིན་ནི་ཀུན་དུ་རྡོ་རྗེ་གཏམས་པ་ཞེས་ཟེར་རོ།། དེ་ལ་རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར།། ཨོཾ་ས ་བར་རབ་ཏུ་བསྒོམ།། ཞེས་བྱ་བ་རླུང་རྡོ་རྗེའི་དཀྱིལ་འཁོར་ཡི་ག་ཨོཾ་གྱིས་མཚན་པའོ།། གསལ་བའི་དཀྱིལ་འཁོར་དབུས་གནས་པརྱ། ཡི་གེ་ཨཱ~ཾ་ནི་རྣམ་པར་བསམ།། ཞེས་བྱ་བ་ནི་ཆུའི་དཀྱིལ་འཁོར་སྟེང་ན་ཡི་གེ་ཨ ་ཡིས་མཚན་པའོ།། ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར།། ཡི་གེ་ཧཱུཾ་ནི་རབ་ཏུ་བསྒོམ་ཞེས་བྱ་བ་ནི་ས་གཞི་རྡོ་རྗེའི་སྟེང་སྣ་ཚོགས་པདྨའི་འདེབ་མ་ལ་ཡི་གེ་ཧཱུཾ་གིས་མཚན་པའོ།། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས ་ཏེ།། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ།། ཞེས་བྱ་བ་ནི་བྷྲཱུཾ་གྱིས་གཞལ་ཡས་ཁང་དེ་ཡི་གེ་གསུམ་ལས་བྱུང་བར་བསྒོམ་ཞེས་བྱ་བའི་དོན་ཏོ།། ད་ནི་སྐུ་གསུང་ཐུགས་ཀྱི་ཡི་གེས་ལྷ་བསྙེན་པའི་ཐབསུ ་སྟོན་ཏེ། དེ་ལ་སྙིང་པོ་དུས་གསུམ་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པས་ཡི་གེ་གསུམ་སྐུ་གསུང་ཐུགས་འགྲུབ་པའི་རྒྱུར་སྟོན་ཏོ།། ཡེ་ཤེས་རྡོ་རྗེ་སྤྲུལ་པ་སྟེ། སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་།། ཞེས་པ་ཡིན་ནོ།། ་དེ་ལ་ཡེ་ཤེས་རྡོ་རྗེ་ནི་སྐུ་གསུང་ཐུག་སོ།། སྤྲུལ་པ་ནི་བསྐྱེད་པ་སྟེ། དེའི་ཕྱིར་ཡི་གེ་རྒྱུ་ལས་སྐུ་གསུང་ཐུགས་ཀྱི་འབྲས་བུ་འབྱུང་ཞེས་བྱ་བའི་དོན་ཡིན་ནོ།། ད་ནི་གནས་བསྟན་པའི་ཕྱིར་དབེན་ཞིང་རབ་ཏུ་ཉམས་དགའ་བ། ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གནས་འདི་རྣམས་སུ་གོང་དུ་བསྟན་པའི་གཞལ་ཡས་ཁུང་ཚུལ་བཞིན་དུ་བསྟེད་ནས་སྐུ་གསུངས་ཐུགས་ཀྱི་ལྷ་བསྒོམས་ན་ཟླ་བ་ཕྱེད་ཀྱིས་འོག་ནས་འབྱུང་བའི་རིགས་སོ་སོའི་རིག་འཛིན ་རྣམསུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེའི་ཚུལ་ནི་གནས་དང་གཞལ་ཡས་ཁང་དེ་ལྟ་བུ་ཟླ་བའི་དཀྱིལ་འཁོར་གྱིས་སྟེང་དུ་ས་པོན་གྱི་ཡི་གེ་འབྲུ་བཅུ་དགུ་ལས་རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་པའི་དཀྱི ་འཁོར་དུ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྐྱེད་ལ། དེའི་སྙིང་ཁར་ཡི་གེ་ཨོཾ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བར་བསམས་ཏེ། བསྒོམས་ན་རྣམ་པར་སྣང་མཛད་ཀྱི་རིགས་འཛིན་དུ་འགྱུར་ཏེ། ཆེ་བསྐལ་བ་གསུམ ་དུ་གནས་པར་འགྱུར་རོ།། ཚུལ་འདི་ནི་རིགས་གཞན་ལ་ཡང་སྦྱར་བར་བྱའོ།། རྡོ་རྗེ་ཀུན་དང་རྒྱལ་བའི་གནས།། ཡེ་ཤེས་རྡོ་རྗེ་ངག་གིས་བྱ་ཞེས་བྱ་བ་ནི་རྡོ་རྗེ་ཀུན་ནི་སྐུ་གསུང་ཐུགས་ཀྱི་ལྷའོ།། རྒྱལ་བའི་གནས་ནི་དཀྱིལ་འཁོར ་རོ།། དེ་ནི་ཡེ་ཤེས་རྡོ་རྗེ་ཡི་གེ་གསུམ་གྱིས་བྱའོ།། ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི།། རྡོ་རྗེ་ཆེན་པོ་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་བསྒྲུབ་པ་སྟེ་འདིར་བསྒོམ་པའི་ཚུལ་ནི་སྔ་མ ་བཞིན་ནོ།། འདི་ནི་ན་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་མི་སྣང་བ་བསྒྲུབ་པའོ།། རྡོ་རྗེའི་དཀྱིལ་འཁོར་དབུས་ནི་ཞེས་བྱ་བ་ནི་མཱ་ལས་འཇམ་དཔལ་བསྐྱེས་པའོ།། འོད་ཟེར་འབར་བའི་ཐིག་ལེ་ནི་ཞེས་པ་ནི་སའི་སྙིང་པོའི་ཏིང་ངེ ་འཛིན་གྱིས་མངོན་ཤེས་བསྒྲུབ་པའོ།། ན་མཁའི་དབྱིངས་ཀྱི་དབུས་སྭཱ་ནི།། སངས་རྒྱས་དཀྱིལ་འཁོར་དམ་པ་བསམ།། ཛ་སེམས་དཔའ་རབ་བསྒོམས་ལྷ།། ཡི་གེ་ཨཱ~ཾ་ནི་བསྒོམ་པར་བྱ་ཞེས་བྱ་བ་ནི་ཨཾ་གྱིས་ཐུགས་ཀྱི་རྡོ་རྗེ་བསྒྲ ་པ་སྟེ། འདི་ལྟར་ཡི་གེ་ཨོཾ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་བསྒྲུབ་པར་སྟོན་པོ་ནི་བྱང་ཆུབ་སེམས་དཔའ་ལྔ་བསྒོམ་པ་ཡིན་ཏེ་སྐུ་ནི་བྱམས་པའོ།། གསུང་ནི་འཇིག་རྟེན་དབང་ཕྱུག་གོ། ཐུགས་ནི་ཀུན་ཏུ་བཟང་བྱའོ།། ་ཡོན་གཏན་ཕྱག་ན་རྡོ་རྗེའོ།། ཕྲིན་ལས་ནི་འཇམ་དཔལ་ཏེ་འདི་དག་གི་སྒོ་ནས་བསྒྲུབ་པར་བསྟན་ཏོ།། ལ་ལ་ན་རེ་ཨཾ་གཅིག་པུས་རིགས་ལྔའི་མངོན་ཤེས་བསླབ་པ་ཡིན་ཏེ། བདག་ཉིད་ལྷའི་སྐུར་བསྒོམས་ལ་ཡི་གེ་ཨོཾ་ཡེ ་ལྷའི་རང་བཞིན་ཅན་སྙིང་ཁར་བཞག་སྟེ། དབང་པོ་ལྔ་ལ་རྡོ་རྗེ་བསྒོམས་ན་མངོན་ཤེས་འཐོབ་བོ།། གཞན་རྣམས་སུ་ཡང་དེ་བཞིན་དུ་སྦྱར་ཏེ་དབང་པོ་ལྔ་ནི་རང་རང་གི་མཚན་མ་བསྒོམ་བྱར་བྱ། ་ཤིན་ཏུ་དབེན་པའི་རི་དགོན་དང་། ཞེས་བྱ་བ་ལ་སོགས་པས་ནི་གནས་བསྟན་ཏོ།། རྣམ་གཅིག་ཏུ་འདི་དག་ནི་བརྡ་ཡིན་ཏེ། རིགས་ཀྱི་ཡུམ་བཞིས་བསྒྲུབ་པའི་དུས་སུ་ལྡན་པར་བྱའོ།། ཞེས་པའི་དོན་ཏོ།། མི་བསྐྱོད་ཡོ ་ཤེས་ངག་ལྔ་སོགས། ཞེས་བྱ་བ་ནི་ཀོང་དུ་བསྟན་པའི་མཇུག་སྡུད་དོ།། རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་མངོན་ཤེས་བསྒྲུབ་པའོ།། ཁ་ཅིག་ནི་གོང་མོའི་དབང་པོ་ལ་དགོད་པ་ཉིད་དུ་འདོད་དོ།། ་རྡོ་རྗེ་ན་མཁའི་དཀྱིལ་ཉིད་དུ།། ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་གི་ཕྱག་རྒྱུ་ལ་བསྒྲུབ་པ་བསྟན་ཏེ། དེ་ནི་འདི་ལྟར་རྫས་ལས་འཁོར་ལོ་བྱས་ཏེ་མདུན་དུ་བཞག་ནས་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་དཀྱིལ་འཁོར ་སྤྱན་དྲངས་ཏེ་འཁོར་ལོ་ལ་བསྟིམ་པའི་སྦྱོར་བ་བྱས་པས། འབར་བར་གྱུར་པ་དེའི་ཚེ་ལག་ཏུ་བླངས་ན་སྐུ་རྡོ་རྗེ་དང་འདྲི་བར་འགྱུར་རོ།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། ཞེས་པ་ནི་གནས་ཀྱི་བཞིའི་ཏིང ་དེངེ་འཛིན་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དུ་ལྡན་པའོ།། བདག་གི་ལུས་ལ་སྣང་མཛད་བཞག་པ་བསྒོམ་པའོ།། སྙིང་གར་ཡི་གེ་ཨོཾ་བསམས་ལ།། སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ།། ཞེས་བྱ་བ་ནི ་ཨོཾ་རང་བཞིན་གྱིས་དྲངས་པར་གྱུར་ཏེ། མི་དམིགས་པ་ནི་སྔགས་ཀྱི་ཤེས་པའོ།། དེ་ལ་སེམས་མི་གཡེང་བ་ནི་མགོན་པོའི་རྡོ་རྗེ་ཞེས་བྱ་བ་དེ་ནི་རྡོ་རྗེ་སེམས་པའོ།། ནམ་ཞིག་ཏིང་ངེ་འཛིན་དེ་བརྟན་པར་གྱུར་ན་ཇི་སྐད་སྨོས་པ ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདིར་མན་ངག་ནི་གང་དུ་བསྟན་པའི་སྔགས་ཀྱི་རྣམ་པ་བསྒོམ་པ་ཡང་དཀྱིལ་འཁོར་ཐམས་ཅད་བདག་ལ་བསྡུ། བདག་ཡེ་ཤེས་སེམས་དཔའ་ལ། དེ་ཨོཾ་ལ། ཨོཾ་ཐིག་ལེ་ལི། ཐིག ་ལ་ཟླ་བ་ལྟ་བུ་ལ་དམིགས་པ་ནི་སེམས་སྦྱང་བའི་མན་ངག་གོ། དེ་བཞིན་དུ་མི་བསྐྱོད་པ་དང་། ཚེ་དཔག་མེད་ཀྱི་ཐིག་ལ་བསྒོམ་པ་ཡང་སྦྱར་བར་བྱའོ།། རྡོ་རྗེ་ན་མཁའི་དཀྱིལ་གནས་པར། གསལ་བའི་དཀྱིལ་འཁོར་བསྒོམ་པར ་བྱ།། ལུས་ངགྲ་སེམས་ལ་ཡི་གེ་ཨི།། བསམས་ན་དེ་ནཱི་བསྐལ་པར་གནས།། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྵི་ཏིང་ངེ་འཛིན་དུ་བྱས་ཏེ། སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་ཨོཾ་བསྒོམས་ནས་ནམ་ཞིག་བརྟུན ་པར་གྱུར་པ་ནྱ་ཚེ་ལ་དབང་བྱེད་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། རིགས་པ་སྐྱེས་པའི་ལེའུ་སྡེ་བཅུ་གཅིག་པའོ།། །། དཱ་ནི་བསྙེན་སྒྲུབ་པ་རྣམ་པ་བཞི་དང་། ་ལས་ཕྲན་ཚོགས་རྣམས་སྟོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རོལ་མོ་འོད་དག་ཅེས་བྱ་བ་ནི་སྟོང་པ་ཉིད་ལས་སྒྱུ་མའི་ཆོ་འཕྲུལ་དུ་སྣང་བའོ།། དགོན་པ་ཆེན་པོ་ལ་སོགས་པ་ནི་གནས་བསྟན་ཏོ།། ། ་མུ་ལུས་དང་ངག་སེམས་རྡོ་རྗེ་ལས་ཞེས་བྱ་བ་ལ་སོགས་པས་ནཱི་འཇམ་དཔལ་བསྒོམ་པའི་ཏིང་ངེ་འཛིན་བསྟན་ཏེ། འདིའི་སྒྲུབ་པ་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ།། ད་ནི་བདུད་རྩི་རི ་ལུ་བསྒྲུབ་པ་བསྟན་པར་བྱའོ།། དེ་ལ་རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། ལྕགས་གསུམ་ལས་བྱུང་ཞེས་བྱ་བ་ནི་ཟངས་ལྕགས་གེ་སེར་ལཾས་བྱས་པའི་སྲན་མ་ཙམ་གྱི་ནང་དུ་བདུད་རྩི་རི་ལུ ་བཅུག་སྟེ། ལྷའི་སྦྱོར་བས་ཁར་བཅུག་སྟེ། དེར་སངས་རྒྱས་རྣམས་བཀུག་སྟེ་བསྒོམས་ནས་རྟགས་ལྔ་སྐྱེས་པ་ནི། ཟོས་ན་ན་མཁའ་ལ་འགྲོ་བ་དང་། འོད་ཟེར་འབར་བ་དང་མི་སྣང་བ་ལ་སོགས་པར་འགྱུར་རོ།། རྣམ ་གཅིག་ཏུ་རང་གི་ཤོས་མའི་བྷ་ག་ལ་བཞག་སྟེ། མཚན་མ་ཐོབ་ནས་ལྕེས་བླངས་ན་གྲུབ་པར་འགྱུར་རོ།། འཁོར་ལོ་འོད་འཕྲོ་མ་དང་མཆོག་ཅན། ཞེས་བྱ་བ་ནི་རྫས་བསྒྲུབ་པ་བསྟན་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཏིང་ངེ ་འཛིན་གྱིས་མདུན་དུ་བྷྲཱུཾ་ལས་འཁོར་ལོ་འབར་བ་བསམས་ལ་སྐྱོ་བ་སྦྱོར་བས་སངས་རྒྱས་རྣམས་བཀུག་སྟེ། བསྟིམས་པས་མཚན་མ་ཐོབ་པ་ན་ལག་ཏུ་བླངས་ན་ཇི་སྐད་སྨོས་པའི་ཡོན་ཏན་དུ་འགྱུར་རོ།། རྡོ་རྗེ་ལ་སོགས ་པ་འདི་དག་ཀྱང་དེ་བཞིན་དུ་སྦྱར་ཏེ། རང་རང་གི་ལྷའི་སྦྱོར་བས་ཧཱུཾ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་རྡོ་རྗེ་ལ་སོགས་པའི་མཚན་མ་བསྐྱེད་དེ། དེ་ཡང་གཞལ་ཡས་ཁང་དུ་བསྒོམས་ལ། རང་གི་སྙིང་གའི་ཡེ་ཤེས ་སེམས་དཔའི་ས་བོན་ལས་ལྷ་མོ་རྡོ་རྗེ་ཀྱོ་བ་ཅན་རྣམས་འཕྲོས་ཏེ། དེ་དག་གིས་རང་གི་རིགས་ཀྱི་གཙོ་བོ་བྱས་པའི་དཀྱིལ་འཁོར་ལ་གནས་པའི་སྣ་གྲངས་ཏེ། མཚན་མའི་ནང་དུ་ཞུགས་པར་བསྒོམས་ཏེ། དེ་འབར་བ་དང་སོ ་སོའི་རིགས་ཀྱི་ཡུམ་གྱིས་སྙིང་པོ་བཟླས་ཤིང་ལག་ཏུ་བླངས་ན་གྲུབ་པར་འགྱུར་རོ།། ཡེ་ཤེས་ལྔ་ལྡན་བསྟེན་ན་ནི་ཞེས་བྱ་བ་ནི་མཚན་མ་དེ་དག་ལ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པར་བསྒོམ་པའོ།། ཨོཾ་ནི་རི་ལུ་ཙ་ན་ཀའི ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་བསྟན་པའི་རི་ལུའི་ཚད་དོ།། མཁའ་དབྱིངས་ན་མཁའི་དཀྱིལ་གནས་པར་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བསྟན་པའི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམ་ལ་སྒྲུབ་པའི་རྣལ་འབྱོར ་པའི་ཏིང་ངེ་འཛིན་གྱི་ཚུལ་བསྟན་ཏོ།། ཡེ་ཤེས་རྡོ་རྗེ་ངག་གིས་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པ་ཡེ་ཤེས་ཀྱི་སྣང་བ་ཐོབ་པས་བྱའོ།། ཏྲི་ཤཱུལ་ཀྱོ་བ་བཏད་ལ་སོགས་ཞེས་བྱ་བ་ནི་དེ་དག་ཏུ་མ་ཟས་ཀྱི་མཚན་མ་འདི་དག་ལ་ཡང ་བསྒྲུབ་པོ་ཞེས་བྱ་བའི་དོན་ཏོ།། ལམ་གྱི་བཞི་མདོ་ཤིང་གཅིག་དྲུད།། ཞེས་བྱ་བ་ལ་སོགས་པ་ནི་དགུག་པའི་ཁྱད་པར་བསྟན་ཏེ། དེ་ལ་སྦྱར་གསུམ་རྡོ་རྗེ་ཅན་རྣམས་ཀྱིས།། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུ་གསུམ།། ཞེས་བྱ ་བ་ནི་སྐུ་གསུང་ཐུགས་ཀྱི་ལྷུར་བསམ་པའོ།། སངས་རྒྱས་ཡེ་ཤེས་བློ་ཅན་གྱིས།། སྐུ་གསུང་ཐུགས་ཀྱི་ཀྱོ་བ་བཏང་ཞེས་བྱ་བ་ནི་ཐུགས་ཀའི་ཡི་གེ་ལས་རྡོ་རྗེ་ལ་སོགས་པོའི་སྐྱོ་བ་སྤྲོ་བའོ།། རང་གི་དཀྱིལ་འཁོར་མཆོག ་གནས་པ་ཞེས་བྱ་བ་ནི་དགུག་པར་བྱ་བའི་དོན་ཏོ།། གང་དགུག་ཅེ་ན། དམ་ཚིག་ལས་བྱུང་ཕྱོགས་བཅུ་པ་ཞེས་སྨོས་ཏེ། དམ་ཚིག་སྐུ་གསུང་ཐུགས་ལས་བྱུང་བའི་ཕྱོགས་བཅུའི་སངས ་རྒྱས་རྣམས་སོ།། རྣམ་པར་སྣང་མཛད་འཁོར་ལོའི་མཆོག་ཅེས་བྱ་བ་ལ་སོགས་པས་ནི་གོང་མའི་ཁྱད་པར་བསྟན་ཏོ།། ཁ་ཅིག་ན་རེ་འདི་ནི་གོང་མའི་ལས་ཁྱད་པར་དུ་རླུང་གི་དཀྱིལ་འཁོར་མེད་དོ།། ཞེས་ཟེར་རོ།། ། ་རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།། ཞེས་བྱ་བ་ལ་སོགས་པ་ནི་བདག་སངས་རྒྱས་ཀྱི་སྐུར་བསྒོམས་ཏེ། དེའི་ལག་ཏུ་ཀྱོ་བ་བསྒོམ་ལ་དགུག་པའོ།། ཁ་ཙོག་ན་རེ་ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་ལག་ན་སྐུ་གསུང ་ཐུགས་ཀྱི་ཀྱོ་བ་ཐོགས་པར་བསྒོམས་པས་དགུག་ཅེའོ།། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི།། རྡོ་རྗེ་སུ་རྣམས་རབ་བསྒོམས་ལ།། རྡོ་རྗེ་སྦྱོར་བསྣ་ལྕེ་བསྒོམས་ནཱ།། ཞེས་བྱ་བ་ནི་ལྕེ་རྡོ་རྗེར་བསྒོམས་པའོ།། ངན་ཤ ་རྣམ་པ་ལྔ་བཟའ་བའི་ཁྱད་པར་བསྟན་ཏེ། དེ་ལ་ཤ་ཆེན་དམ་ཚིག་མཆོག་གིས་ནི།། རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ།། ཞེས་བྱ་བ་ལ་སོགས་པས་ནི་ཤཾ་རྣམ་པ་ལྔའི་ཡོན་ཏན་བསྟན་ཏེ་ཆོས་ཏེ་ཆོས་ཉིད་ཀྱི་མཐུ ་ཡིན་ནོ།། རྣམ་གཅིག་ཏུ་སྨོས་པའི་དངོས་གྲུབ་རྣམས་བསྒྲུབ་པའི་དུས་སུ་ཤ་འདི་རྣམས་བཟའ་བ་སྟེ། དེ་ལེ་ཤ་ཆེན་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་སུ་བཟའ་བར་བྱའོ།། གཞན་ལ་ཡང་ངོ ་བཞིན་དུ་སྦྱར་རོ།། རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་བསྒྲུབ་པ་འམ་བདུད་རྩི་ཟ་བའི་ཏིང་ངེ་འཛིན་ཏཱཾ། སྐུ་གསུང་ཐུགས་ཀྱི་ལྷོ་དང་། ཨོཾ་ཤིས་སེམས་དཔའ་དང་། དབུ་རྒྱུན་གྱི་ལྷ་དང ་ལྡན་པར་བསྒོམ་པའོ།། ལྕེའི་རྡོ་རྗེ་དམ་ཚིག་ལ།། རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ།། ཞེས་བྱ་བ་ནི་གོང་གི་ཤ་དང་བདུད་རྩི་ཟ་བའི་ཏིང་ངེ་འཛིན་ཏེ། འདིའི་དོན་ནི་བདག་གོང་མ་ལྟར་བསྒོམས་པའི་ལྟེ་བ་རུ་པདྨའི་སྟེང་དུ་ཨོཾ། ་སྙིང་གར་པདྨའི་སྟེང་དུ་ཨཱཿམགྲིན་པར་པདྨའི་འདབ་མ་གཅིག་ལྕེ་ཡིན་ཏེ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་རྩེ་མོ་ལ་ཧཱུཾ་བསམ་ཏེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་གནས་བྱིན་གྱིས་བརླབས་ཏེ། བདུད ་རྩི་ལྔ་བྱིན་གྱིས་བརླབས་ཏེ་བཟའ་བར་བྱའོ།། འདི་མན་ཆད་ནི་གྲོང་མ་ལྟར་བསྒྲུབ་ཤིང་བདུད་རྩིར་བྱིན་གྱིས་བརླབས་པའི་ཤ་རྣམ་པ་ལྔ་ལ་སོགས་པ་ཟོས་པའི་ཡོན་ཏན་བསྟན་ཏོ།། བསྦྱིན་པའི་དམ་ཚིག་སྦྱོར་བ་དང ་ཞེས་བྱེ་བོ་ལ་སོགས་པས་ནི་བསྙེན་སྒྲུབ་ཡན་ལག་བཞི་བསྟན་ཏེ། དེ་ལ་རྡོ་རྗེ་བྱེ་བྲག་ཤེས་བྱས་ལ། དེ་ནས་ལས་རྣམས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་བསྙེན་སྒྲུབ་ཀྱི་ཐབས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། སྒྲུབ་པོ་ཆེན ་པོའི་མཐར་ལས་རྣམ་པ་བཞི་བརྩམ་པའོ།། ཁ་ཅིག་ན་རེ་རྡོ་རྗེ་བྱེ་བྲག་ཆེ་འབྲིང་གི་བྱེ་བྲག་ཡིན་ནོ་ཞེའོ།། དེ་དག་གང་ཞེ་ན། བསྙེན་པའི་ཏིང་ངེ་འཛིན་རབ་སྦྱོར་བས།། བྱང་ཆུབ་མཆོག་ཏུ་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ལས་ལྷར་བསྐྱེད་པའོ།། ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ།། རྡོ་རྗེའི་སྐྱེ་མཆེད་རྣམ་པར་དབྱུང་།། ཅེས་བྱ་བ་ནི་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ ་བའོ།། སྔགས་ཀྱི་བདག་པོ་བསྒོམས་པ་ཡིས།། བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངསོ།། ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས་རང་གི་སྤྲུལ་པ་སྤྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས ་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་ཇི་སྐད་སྨོས་པའི་གསོལ་བ་གདབ་པའི་ཚིག་གིས་བསྐུལ་བའོ།། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ།། རང་སྔགས་རྡོ་རྗེ་ཅན་གྱིས་གཟུགས།། དབུ་རྒྱན་ལ་ནི་བདག་པོ་བསམ།། ཞེས ་བྱེ་བ་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་བས་རིགས་ཀྱི་བདག་པོའི་དབུ་རྒྱན་དུ་གྱུར་པའོ།། བསྙེན་པའི་ཡེ་ཤེས་བདུད་རྩི ་དག་ཐམས་ཅད་དུ་ནི་རྟག་པར་བྱ།། ཞེས་བྱ་བ་ནི་མཆོག་ཡེ་ཤེས་བདུད་རྩིའི་བསྙེན་པ་ནི་སྤྱིར་བརྟག་གོ་ཅེས་བྱ་བ་ནི་འདི་ནི་མཆོག་ཡེ་ཤེས་ཀྱི་བདུད་རྩིའི་སྦྱོར་བའི་ཡན་ལག་དྲུག་དང་ལྡན་པར་བསྒོམས་པའི་སྒོ་ནས ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཐམས་ཅད་དུ་བརྟག་པ་ཞེས་བྱ་བའི་ཚིག་ནི་སྒྲུབ་པ་ཀུན་ལ་ལྡན་པའོ།། དབེན་པ་ཆེན་པོ་ལ་སོགས་པས་ནི་ལས་ཀྱི་སྤྱིར་ཤེས་པར་བྱའོ།། ཡང་ན་རྡོ་རྗེ ་གཞི་དག་གིས།། བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ།། སྐུ་གསུམ་མཉམ་པ་ཉིད་གྱུར་པ།། བསྒོམས་ན་དངོས་གྲུབ་པོ་ལྔ་འགྱུར།། ཞེས་བྱ་བ་ནི་རྡོ་རྗེ་རྣམ་པ་བཞིའི་སྒོ་ནས་ཐུན་མོང་གི་དངོས་གྲུབ་བསྒྲུབས་པ ་སྟེ། དེ་ལ་རྡོ་རྗེ་བཞི་ནི་འདི་སྐད་དུ། དང་པོ་སྟོང་པའི་བྱང་ཆུབ་སེམས།། གཉིས་པ་ས་བོན་འབྱུང་བ་དང་། གསུམ་པ་ལ་ནི་བཟུངས་རྫོགས་ཏེ།། བཞི་པ་ལ་ནི་ཡི་གེ་དགོད་།། རྡོ་རྗེ་རྣམ་བཞི་འདི་དག་ནི།། བསྙེན་པ ་ཐུན་མོང་གྲུབ་པའོ།། ཞེས་འབྱུང་བ་ཡིན་ནོ།། དེ་ལ་ཡི་གེ་དགོད་པ་ནི་ལེའུ་བཅུ་གཅིག་པ་ནས་འབྱུང་བ་ལྟ་བུར་ཤེས་པར་བྱའོ།། འདི་ལ་ནི་སྙེན་སྒྲུབ་ཡན་ལག་བཞིའི་སྦྱོར་བ་མི་དགོས་ཀྱི། ཡན་ལག་བཞིའི་སྦྱོར་བ ་ཆང་བ་ནི་མཆོག་གི་དངོས་གྲུབ་ལ་དགོས་པ་ཡིན་ཏེ། དེ་སྐད་དུ་ཡང་། བསྙེན་པའི་ཡན་ལག་དྲུག་ཚུལ་དུ།། བྱས་པས་གྲུབ་པ་མཆོག་ཡིན་ཏེ།། གཞན་དག་ཏུ་ནི་བསྒྲུབས་གྱུར་ན།། དངོས་གྲུབ་མཆོག་ཏུ་མི ་འགྱུ་རོ་ཞེས་གསུངསོ།། གཞན་ཞེས་བྱ་བ་ནི་སྐབས་ཀྱི་ཤུགས་ཀྱིས་རྡོ་རྗེ་བཞི་ལ་བྱ་བ་ཡིན་ནོ།། དེ་ལྟར་བསྙེན་བསྒྲུབ་བཞི་ཡོངསུ་རྫོགས་པའི་ཏིང་ངེ་འཛིན་གྱིས་ནི་མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན་ལ། རྡོ་རྗེ ་རྣམ་པཞི་ཡིས་ནི་ཐུན་མོང་གི་བསྒྲུབ་པ་ཡིན་པར་ཡོངས་སུ་བསྟོད་པ་ལས་འདི་སྐད་དོ།། གང་ཞིག་གི་ནི་དངོས་གྲུབ་དམ་པའི་ཐབས་འཇི་སྦྱོར་བྱེ་ངས། བསྟེན་པའི་ཆོ་ག་དང་ཡང་ཉེ་བར་སྒྲུབ་དང་སྒྲུབ་པ་དང་ཞེས་བྱ་བ ་ལ་སོགས་པ་གསུངས་པ་དང་། གང་ཞིག་གིས་ནི་བསྒྲུབ་བྱ་བ།། རྡོ་རྗེ་བཞི་ཡིས་སྒྲུབ་བྱེད་པ།། འདི་ལ་མི་སྣང་བ་ལ་སོགས།། དམན་པའི་དངོས་གྲུབ་རྣམས་ཀྱང་འགྲུབ་ཅེས་པ་ལ་སོགས་པ ་གསུངས་ཏེ། དོན་འདི་ལ་ནཱི་ལུང་ཉིད་ཀྱིས་གསུངས་པ་ཡིན་ནོ།། ཁ་ཅིག་ནི་འདི་ལྟར་འདོད་དེ། རྡོ་རྗེ་རྣམ་པོ་བཞིའི་སྒོ་ནས་ནི་ཐུནི་མོང་གི་བསྙེན་པ་བྱ་བར་འདོད་ཅིང་ཐུན་མོང་འདི་ལྟར་ལྷ་མང་པོའི་དོན་དུ་འདོད་དོ།། ་མཆོག་གི་ཡེ་ཤེས་བདུད་རྩི་ཞེས་བྱ་བ་ཡང་ལྷ་གཙོ་བོ་ལ་བྱ་བར་འདོད་དེ། འདི་ལྟར་སྦྱར་བའི་རྟེན་དུ་གྱུར་པའི་ཡུམ་ནི་བདག་གིས་མ་མཐོང་ངོ་།། ཁ་ཅིག་ན་རེ་རྡོ་རྗེ་བཞི་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར ་དགོད་པ་ཡིན་ཏེ། དེ་ལ་གསང་བའི་དབང་ཞུས་པས་བརྟུལ་ཞུགས་བསྟན་པས་བསྙེན་པ་བྱ་ཞེས་གསུངས་ཞེས་ཟེར་རོ།། རྒྱུད་གཞན་དག་ལས་ནི་རྡོ་རྗེ་རྣམ་བཞིའི་ལྷ་སྐྱེད་པའི་ཡན་ལག་ཙམ་དུ་བསྟན་ཏོ།། དུས་བཞིར་རབ ་ཏུ་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པས་ནི་སྡོམ་པ་བསྟན་པ་ཡིན་ཏེ། སྡོམ་པ་ནི་བསྙེན་སྒྲུབ་ཡན་ལག་རྣམ་བཞིའི་སྡོམ་པའོ།། དེ་ཡང་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་འདུས་ཏེ། དེ་ལ་ཉེ་བར་སྒྲུབ་པའི་ཡུལ་སྐུའི་རྡོ་རྗེ ་ཉེ་བར་སྒྲུབ་པ་ཉིད་སྐུ་ཕྱག་རྒྱའི་ངོ་བོས་སོ།། སྒྲུབ་པའི་སྡོམ་པ་ནི་གསུངས་ཏེ། བྱིན་གྱིས་བརླབས་སྤྲོ་བའི་ཡི་གེའི་བདག་ཉིད་ཀྱི་ཕྱིར་རོ།། སྒྲུབ་པ་ཆེན་པོའི་སྡོམ་པའི་ཡུལ་ཐུགས་རྡོ་རྗེ་སྟེ་བྱང་ཆུབ་ཀྱི་སེམས་བདེ་བ ་ཆེན་པོའི་རང་བཞིན་གྱིས་ཕྱིར་རོ།། འདི་རྣམས་ཀྱང་སྐབས་འདིར་སྐུ་གསུང་ཐུགསུ་བྱིན་གྱིས་བརླབ་པའི་བསྐུལ་བའི་བདག་ཉིད་དུ་བསྟན་ཏེ། དོན་ཉིད་ཀྱིས་སྐུ་གསུངས་ཐུགས་དབྱེར་མེད་པའི་སྡོམ་པ་བསྒོམས་པས་བྱང་ཆུབ ་ཀྱི་སེམས་བདེ་བ་ཆེན་པོ་ཤེས་པར་གྱུར་པར་བྱས་ནས་བསྒྲུབ་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོའི་སྡོམ་པ་ནི་དབང་བཞི་པའི་དོན་ལས་ཤེས་པར་བྱའོ།། ལེའུ་བཅུ་གཉིས་པའོ།། ་དང་ནི་བཟླས་བརྗོད་དང་། ཕྲིན་ལས་དང་། ལས་རྣམས་ཀྱི་མཚན་མ་ལ་སོགས་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ ་ལྡན་འདས་ལ་ཕྱག་འཚལ་ཏེ། བསྟོད་ནས་རྡོ་རྗེ་བཟླས་པ་ཞུས་སོ།། དེ་ལ་རིགས་སྔགས་རྣམས་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་ཀྱི་མཚན། ཞེས་བྱ་བ་ལ། རིག་པ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དེ། མ ་རིག་པའི་གཉེན་པོར་གྱུར་པས་མོའི་སྒྲར་བཤད་།། གསང་སྔགས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་ལོག་པའི་གཉེན་པོར་གྱུར་པས་ཕོའི་སྒྲར་བཤད་།། འདི་དག་གི་མཚན་གསང་སྔགས་ཟློས་པའི་སྦྱོར་བ་ནི་སངས ་རྒྱས་རྣམས་ཀྱིས་གསན་ཞིང་སངས་རྒྱས་ཀྱིས་ཡེ་ཤེས་ཐོབ་པར་འགྱུར་བ་དེ། བཅོམ་ལྡན་འདས་ཀྱི་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པ་དང་། རྡོ་རྗེ་བཟླས་པ་འདི་གསུངསོ།། སྔགས་ཀྱི་དོན་ཀུན་བཟླས་པ་ནི།། རྡོ་རྗེ་མི ་བྱེད་གསུམ་གྱི་མཚན།། རྡོ་རྗེ་དབྱེ་བ་གསུམ་གྱི་མཐུར།། བཀོད་པ་རྡོ་རྗེ་གསུམ་ཞེས་བྱ།། ཞེས་གསུངས་པ་ནི། རྡོ་རྗེ་མི་ཕྱེད་གསུམ་ནི་སྐུ་གསུངས་ཐུགས་ཀྱི་བདག་ཉིད་ནི་ལྔའོ།། དེའི་མཚན་མ ་ནི་རྡོ་རྗེ་དབྱེ་བ་གསུམ་ཡིན་ཏེ། སྙིང་ཁ་དང་། མགུལ་བ་དང་། སྤྱི་བོ་རྣམསུ་ཉི་མ་དང་པདྨ་དང་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཐུགས་ཀྱི་རྡོ་རྗེ་དང་གསུང་དང་སྐུའི་རྡོ་རྗེ་རྣམས་ཀྱིས་མཚན་པའོ།། དེའི་མཐར་དགོད་པ་རྡོ་རྗེ ་གསུམ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྱི་ཐུགས་ཁར་རང་རང་གི་མཚན་མའི་ལྟེ་བ་ལ་རང་རང་གི་ཡི་གེ་དགོད་པའོ།། སྐུ་གསུང་ཐུགས་ཀྱི་གནས་རྣམས་ནས། སྤྲོ་བ་རྣམ་པ་གསུམ་དག་བྱ་ཞེས་བྱ་བ་ནི་གནས ་དེ་རྣམས་ནས་རང་ངང་འདྲ་བའི་ལྷ་སྤྲོ་བའོ།། ཁ་ཅིག་ནི་རབ་དང་འདྲ་བའི་ལྷ་མོ་སྤྲོ་ཞེས་ཟེར་རོ།། འདི་ནི་རྡོ་རྗེ་བཟླས་པའོ།། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། བསྒོམས་ནས་ཞེས་བྱ་བ་ནི་མདུན་གྱི་ན་མཁའ་ལ་སྐུ ་གསུང་ཐུགས་ཀྱི་ལྷ་བསྒོམས་པའོ།། མཆོད་པའི་མཆོག་བརྟག་པ་ཞེས་བྱ་བ་ནི་གནས་གསུམ་ནས་ལྷ་མོ་སྤྲུལ་ཏེ་མཆོད་པའོ།། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། བསམས་ནས་ཞེས་བྱ་བ་ཡང་སྔར་བཞིན་ཏེ། ཡེ ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་བྱ་བ་སྟེ་འདི་ནི་བཟླས་པའི་ཡུལ་ཡིན་ནོ།། ཡང་ན་དབྱེ་བ་རྣམ་གསུམ་གྱིས།། སོ་སོ་ངག་ཏུ་སྤྲོ་བར་བྱ།། ཞེས་བྱ་བ་ནི་རིམ་གྱིས་སྤྲོ་བའི་དོན་ཏེ། དང་པོར་ཐུགས་ཀ་ནས་སྤྲོས་ཏེ། དེ་ཡང་སྐུ་རྡོ་རྗེའི ་སྦྱོར་བས་སྨོས་ལ། དེ་ནས་གསུང་དང་ཐུགས་ངག་ཡང་རིམ་གྱིས་བྷཱ་བ་འོ།། ལུས་དང་ངག་སེམས་བདག་མེད་པར།། ཤེས་པའི་སེམས་ཀྱིས་རབ་ཏུ་སྤྲོ།། ཞེས་བྱ་བ་ནི་མི་དམིགས་པའི་ཤེས་རབ་དང་ལྡན་པས་སྤྲོ་བར་བྱའོ།། ་ཞེས་པའོ།། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། རྫོགས་ནས་རབ་ཏུ་བསྡུ་བར་བྱ་ཞེས་བྱ་བ་ནི་དམ་བཅས་པ་རྫོགས་ནས་བསྡུ་བའོ།། སྐུའི་བཟླས་པ་ནི། སྐུ་དང་གསུང་ཐུགས་བྱང་ཆུབ་པའི།། དངོས་དང་དངོས་མེད་རྣམ་དབྱུང་བ།། ་སངས་རྒྱས་སྐུ་ཞེས་བྱ་བར་བཤད་ཅེས་གསུངས་ཏེ། སངས་རྒྱུ་སོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དངོས་པོཁྱིམ་དངོས་པོ་མེད་པའི་མཐའ་གང་དུ་ཡང་མ་གྲུབ་སྟེ།། རྣམ་པར་དག་པར་དཔྱད་པ་ནི་སྐུའི་བཟླས་པའོ།། གསུ ་གྲི་བཟླས་པ་ནི་རྡོ་རྗེ་བཟླས་པར་བཤད་སྟེ། ཇི་ལྟར་གསལ་བ་གསང་བའི་ཚིག། སྐེད་གདངས་མིན་པ་རྡོ་རྗེའི་ཚིག། ཅེས་པའོ།། ཐུགས་ཀྱི་བཟླས་པ་ནི་མི་གནས་པའི་རྫོགས་པའི་བྱང་ཆུབ་སེམས་ནི་གནས་པའི་བདག ་ཉིད་རྣམ་པར་དག་པར་དཔྱད་ཅིང་བསྒོམ་པ་སྟེ་འདི་ནི་སེམས་ཀྱི་བཟླས་པའོ།། རིན་པོ་ཆེའི་བཟླས་པ་ནི་མཐའ་གཉིས་ཀྱི་མཚན་མ་དང་བྲལ་བ་དུས་གསུམ་ལས་འདས་པ་ངོ་བོ་ཉིད་མེད་པའི་དོན་རྟོགས་པའོ།། རྡོ་རྗེ་ཐོགས ་མེད་ཀྱི་བཟླས་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུའི་འོད་ཟེར་འཕྲོ་ཞིང་དོན་མཛད་པ་དང་། སླར་བདག་གི་སྐུ་གསུང་ཐུགས་ཀྱི་གནས་སུ་འདུ་ཞིང་གཟི་བྱིན་བསྐྱེད་པའོ།། དེ་རྣམས་ཀྱང་སྐུ་གསུང ་ཐུགས་ཀྱི་བཟླས་པར་འདུ་བའི་ཕྱིར་རྡོ་རྗེའི་བཟླས་པ་ཞེས་བྱའོ།། ཟླ་བའི་བཟླས་པ་ནི་བདག་ཉིད་རིགས་ཀྱི་བདག་པོ་འམ།། ཁྲོ་བ་ཉིད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ་ཁྲོ་བོའི་གསང་སྔགས་ཀྱི་སྒྲ་ཡི་གེ་ཧཱུཾ ་དང་བཅས་པ་འདུག་གི་སྒྲ་ལྟར་ཟབ་པ་བཟླས་པའོ།། གཏི་མུག་གི་བཟླས་པ་ནི་འདོང་པོའི་ཡུལ་གྱིས་མྱོས་པར་གྱུར་པའི་གཏི་མུག་ཅན་རྣམས་སྐུ་རྡོ་རྗེའི་སྒོ་ན་བསྐྱབ་ཅིང་ཕན་པར་སེམས་དཔའི་ཏིང་ངེ་འཛིན་གྱིས་སེམས་ཅན ་ཇི་སྙེད་པ་སྐུའི་རྡོ་རྗེར་བཞག་པ་ནི་གཏི་མུག་གི་བཟླས་པ་སྟེ། དེ་བཞིན་དུ་འདོད་ཆགས་དང་ནི་སྤང་ལ་གནས་པའི་སེམས་ཅན་རྣམས་ཡོངསུ་བསྐྱབ་པའི་ཏིང་ངེ་འཛིན་གྱི་གསུང་དང་ཐུགས་ཀྱི་རྡོ་རྗེ་ལྔ་བཅུག་ཅིང་བཀོད་པ་ནི་འདོད ་ཆགས་དང་ཞེས་སྡང་གི་བཟླས་པའོ།། མ་ནིང་གི་བཟླས་པ་ནི་སྐུ་གསུང་ཐུགས་གསུམ་དབུ་མ་ཆེན་པོའི་ངང་དུ་བསྒོམས་ཏེ། མ་ཚན་མ་མཐའ་ངག་ལས་འདས་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་མ་ནིང་ཞེས་བྱ་སྟེ། འདིར་བླ་མའི ་མནུ་ངག་ནི་སྐུ་ག་སྦེང་ཐུགས་རྡོ་རྗེ་བསྒོམས་པའི་སྙིང་ཁའི་པདྨ་ལ་ཡི་གེ་ཨཿབསམས་ཏེ། ཨཱཿདེའི་རང་བཞིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་རང་བཞིན་སེམས་ཅན་ཀུན་གྱི་སྲོག་ཡིན་ཏེ། ་འདིའི་རང་བཞིནི་ལ་སེམས་བཞག་ནས་དབུགས་དབྱུང་བ་དང་རྔུབ་པ་དག་ལ་ཨོཾ་ཧཱུཾ་ཞེས་འདིའི་བདག་ཉིད་དུ་གསལ་བར་བྱེད་པའི་ཏིང་ངེ་འཛིན་ནི་མ་ནིང་གི་བཟླས་པ་ཡིན་ནོ་ཞེས་མན་ངག་གོ།། འདོད་ཆགས་ཡང་དག་དོན ་བསྒོམས་པ།། རྡོ་རྗེའི་བདག་པོ་ཐམས་ཅད་ནི།། ཞེས་བྱ་བ་ལ་སོགས་པས་ནི་དུག་གསུམ་གྱི་བཟླས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱི་བཟླས་པའི་ཚུལ་ནི་རིག་པ་ཆེན་མོའི་སྤྱན་ལ་སོགས་པའི་ལྷ་མོ་དང་གཉིས ་མེད་པའི་སྦྱོར་བའི་མཚམ་སུ་འདོད་ཆགས་ལ་གནས་པའི་སེམས་ཅན་ཐམས་ཅད་བསྡུས་ཏེ། འདོང་པ་བསྟེན་ནས་འདོད་ཆགས་ཀྱི་བྱང་ཆུབ་ལ་བཀོད་དེ་དོན་མཛད་པའོ།། གཏི་མུག་དམ་ཚིག་ལས་བྱུང་བ།། ཞེས་པ་ནི་གཏི་མུག ་གི་བཟླས་པའི་དོན་ཏོ།། རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་གཏི་མུག་ཅན་རྣམས་མཚན་མ་མེད་པ་མ་ནིང་གི་བཟླས་པ་ལ་དགོད་པའོ།། ཞེས་སྡང་གི་བཟླས་པ་ནི་ཁྲོ་བོ་ཞེ་སྡང་གནས་ལས་བསྐྱེས་ཞེས་བྱ་བ་ལ་སོགས ་པ་སྟེ། དེ་ལ་ཁྲོ་བོ་རྣམས་ཀྱི་གནས་སམ་རྒྱུ་ནི་ཞེ་སྡང་སྟེ། དེ་ལས་སྐྱེས་པའི་ཁྲོ་བོ་གསོལ་པའི་ཕྲིན་ལས་ལ་བརྩོན་པ་དག་གིས་སེམས་ཅན་སྒྲུབ་པ་མཆོག་ཞེ་སྡང་གིས་འདུལ་བའི་ཆོས་ཅན་ལ་གསོད་པས་དོན་བྱའོ།། ་ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། རིགས་སོ་སོའི་ཡེ་ཤེས་སེམས་དཔའ་དང་བཅས་པ་བསྒོམ་པ་བསྟན་པ་ཏེ། དེ་ལ་ཡེ་ཤེས་འཁོར་ལོ་ཅན་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཇེད་ངོ་།། ་དེ་རྣམས་ཀྱི་འཁོར་ལོ་ནི་ཡེ་ཤེས་སེམས་དཔའ་པ་སྟེ། དེ་ནི་སྙིང་ཁའི་དཀྱིལ་དུ་བསྒོམ་པར་བྱའོ།། གསལ་བའི་དཀྱིལ་འཁོར་ནི་ཟླ་བ་སྟེ་གདན་ནོ།། དབུས་སུ་འཁོར་ལོའི་དོན་བསྒོམ་མོ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔ ་ཐུགས་ཀར་འཁོར་ལོ་བསམས་པའི་ལྟེ་བ་ལ་ཡི་གེ་ཨོཾ་གྱིས་མཚན་པ་ནི་འཁོར་ལོའི་དོན་བསྒོམས་མོ་ཞེས་བྱ་བའོ།། དེ་བཞིན་དུ་མི་འཁྲུགས་པ་དང་། རིན་ཆེན་དབུལ་དང་། འོད་དཔག་མེད་དང་། ་དོན་ཡོད་གྲུབ་པ་རྣམས་ཀྱིས་ཐུགས་ཀར་རང་རང་གི་གདན་སྟེང་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེ་ལ་སོགས་པའི་མཚན་མའི་སྙིང་པོ་ལ་ཧཱུཾ་ལ་སོགས་པའི་ཡི་གེ་མཚན་པའོ།། དཀྱིལ་འཁོར་ཀུན་གྱི་ངོས ་རྣམས་སུ།། སངས་རྒྱས་ལྔ་རྣམས་དགོད་པར་བྱ། ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེའི་ཕྱོགས་བཞིར་རིགས་བཞིའི་ཡི་གེ་དགོད་པའོ།། ཁ་ཅིག་ན་རེ། དཀྱིལ་འཁོར་དུ་དགོད་པ་སྟེ་རིགས ་ལྔ་ཉིད་ལ་བྱའོ་ཞེས་ཟེར་རོ།། སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། བྱེ་བྲག་རྣམ་པ་གཉིས་སུ་བསྒྲགས།། ཞེས་བྱ་བ་ནི་སྤྲོ་བོ་ཉིད་ཀྱི་བྱེ་བྲག་རྣམ་པ་གཉིས་ཡིན་ཏེ། སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་བྱ་བའི་ཚིག་གིས་སྐུ ་གསུང་ཐུགས་ཀྱི་སྤྲོས་པ་དང་། རྡོ་རྗེ་ཡེ་ཤེས་དོན་ཡིན་པས། ཡེ་ཤཱས་སེམས་དཔའ་ལ་སྤྲོ་བ་སྟེ། དེ་ལྟར་གཉིས་སུ་སྤྲོ་ཞིང་བསྡུ་བ་ཡང་ཚུལ་དེ་ཉིད་དུའོ།། ཁ་ཅིག་ན་རཾ་སྤྲོ་བའི་བྱེ་བྲག་གཉིས་ནི། རང་གཽ་སྐུ་གསུང་ཐུགས་རྗེ ་རྗེའི་གནས་གསལ་བ་དང་། ཕྱོགས་བཅུའི་འཇིག་རྟེན་དུ་སྤྲོ་བ་གཉིས་ཏེ། བསྡུ་བ་ནི་བྱེ་བྲག་མེད་དོ་ཞེས་ཟེར་རོ།། ལུས་ཀྱི་སྐུའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་མཆོད་པ་བསྟན་ཏེ། འདི་ལྟར་རང ་སྐུ་གསུང་ཐུགས་ཀྱི་ལྷར་བསྒོམ་པ་ལས། རང་དང་འདྲ་བའི་ལྷ་མོ་སྤྲོས་པས་སྐུ་གསུང་ཐུགས་ལྷ་ལ་མཆོད་པ་སྟེ། དེ་ལ་ཀྱིས་ཞེས་བྱ་བ་ནི་རང་གི་སྤྲུལ་པའི་མཆོད་པའི་ལུས་ཀྱིས་སོ།། སྐུའི་ངོ་བོ་ཉིད་མཚད་ནཱ་ཞེས ་བྱ་བ་ནི་སྐུ་རྡོ་རྗེའི་སངས་རྒྱས་ལ་མཆོད་པ་ནའོ།། མཆོད་པའི་གནས་སུ་འགྱུར་ཞེས་བྱ་བ་ནི་མཆོད་པའི་མཆོག་ཏུ་འགྱུར་བ་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ།། དེ་ཡན་ཆད་བཟླས་པའི་ཏིཔ་དྲི་འཛིན་ཏེ། ལས་ཀྱི་རྒྱལ ་བ་མཆོག་ལ་ཕྲ་མོས་སེམས་ཤིན་ཏུ་ཞུམ་པར་གྱུར་ན་བཟླས་པས་གཟེངས་བསྟོད་པའོ།། ད་ནི་ཕྲིན་ལས་རྣམ་པ་བཞི་སྟོན་ཏེ། དེ་ལ་ལས་ཀྱི་ཏིང་ངེ་འཛིན་ནི། བདག་བསྙེན་སྒྲུབ་ཡན་ལག་ཚང་བའི་དཀྱིལ་འཁོར་ཆེན་པོ ་འཁོར་ལོ་བསྒོམས་ཏེ། དཀྱིལ་འཁོར་གྱི་དབུས་སུ་ལས་ཀྱི་བདག་པོ་བསམས་ཏེ། སྙིང་ཁར་ཡེ་ཤེས་སེམས་དཔའ་དང་བཅས་པ་བསྒོམས་པའི་བསམ་གཏན་གྱིས་ལས་རྣམ་པ་བཞི་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ་དེ་ལ་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས། རྡོ་རྗེ་ལྔ་རྣམས་བསྒོམས་པར་བྱ་ཞེས་བྱ་བ་ནི། བསྙེན་སྒྲུབ་ཀྱི་ཡན་ལག་ཡོངས་སུ་ཚང་བའི་དཀྱིལ་འཁོར་ཆེན་པོའི་འཁོར་ལོ་ཡིས་རིགས་ལྔའི་དཀྱིལ་འཁོར་དུ་བསྒོམས་པའོ། ་དབུས་སུ་བདག་པོ་བསྒོམས་ནས་ནི། ཞེས་བྱ་བ་ནི་ལས་གང་བྱེད་པའི་གཙོ་བོའོ།། དེ་ཉིད་གང་ཞེ་ན། སྐུ་གསུང་རྡོ་རྗེ་བདག་གི་གཟུགས་ཞེས་པའོ།། དེ་ཉིད་རང་གི་སྔགས་ཀྱིས་བསྐྱེད་པས་རང་སྔགས་རྡོ་རྗེའི་གཟུགས་སོ།། ་དང་སྐྱིལ་འཁོར་རྣམ་པ་བཞི་དག་ཏུ།། ཞེས་པ་ནི་ལས་རྣམ་པ་ཅནའི་དཀྱིལ་འཁོར་རོ།། ཁ་དོག་རྣམ་པ་ནིར་ཀུན་བརྟགས་ལ། ཞེས་བྱ་བ་ནི་ལས་རྣམ་པ་བཞི་དང་མཐུན་པའི་ཁ་དག་། ་སྙིང་གར་སྔགས་ཀྱི་དོན་བསྒོམ་ན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དང་བཅས་པའི་བསམ་གཏན་གྱིས་ཏིང་ངེ་འཛིན་ཏོ།། དེ་ལྟར་ན་ལས་རྣམ་པ་བཞི་རྣལ་འབྱོར་པོ་གོང་མ་ལྟ་བུའི་བསམ་གཏན་དང་ལྡན་པའི་རྡོ་རྗེ་ཅན ་གྱིས་བྱེད་དོ།། ཞི་བ་ལ་ནི་སྤྱན་གྱིས་ཚུལ། ཞེས་བྱ་བ་ལ་སོགས་པས་ནི་ལས་སོ་སོའི་རིགས་ཀྱི་བདག་པོ་བསྟན་ཏེ། དེ་ལ་སྤུན་གྱིས་ཚུལ་ནི་རྣམ་པར་སྣང་མཛད་དོ།། རྒྱལ་བ་རྡོ་རྗེ་པདྨ་ཅན།། ཞེས་བྱ་བ་ནི་རིན་ཆེན་འབྱུང ་ལྡན་ཏེ། ལུས་ཀྱི་སྐབས་སུ་ཕྱག་ན་པདྨ་བསྣམས་པ་ཡུམ་གྲོས་དཀར་མོ་དང་ལྡན་པས་བྱའོ།། དབང་ལ་རྣམ་པར་སྣང་མཛོད་གནས་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཏེ་འོད་ཟེར་སྣང་བར་བྱེད་པས་རྣམ་པར་སྣང་མཛད ་དེ།། རྡོ་རྗེ་དོན་གྲུབ་ཏུ་ཡང་བཤད་།། རྡོ་རྗེའི་ཁྲོ་བོ་མངོན་སྤྱོད་ལ། ཞེས་བྱ་བ་ནི་རྡོ་རྗེའི་རིགསུ་མངོན་སྤྱོད་ཀྱིས་ལས་ལ་སྦྱར་རོ།། མ་ཆགས་པ་ཡི་སེམས་ཅནྡ་དང་ཞེས་བྱ་བ་ལ་སོགས་པས་ན་དྲག་པོའི་ལས་ཀྱི་གནས ་བསྟན་ཏོ།། ཁ་ཅིག་ན་རེ་འདུལ་བའི་ཞིང་ཙམ་དུ་བསྟན་པའོ།། ཞེས་ཟེར་རོ།། ཁམས་གསུམ་གནས་པའི་སེམས་ཅན་རྣམས།། ཞེས་བྱ་བ་ལ་སོགས་པས་ནི་དྲག་པོའི་ལས་ཀྱི་ཏིང་ངེ་འཛིན་བསྟན་ཏོ།། འདིའི་རིམ་པ་ནི ་བདག་རང་གི་ལྷའི་ཏིང་ངེ་འཛིན་བསྙེན་སྒྲུབ་ཀྱི་ཡན་ལག་ཡོངསུ་རྫོགས་པས་ཏིང་ངེ་འཛིན་གསུམ་གྱི་མཐར་ཞེ་སྡང་རྡོ་རྗེ་ཏིང་ངེ་འཛིན་དུ་བསྐྱེད་ལ་མདུན་དུ་བསྒྲུབ་བྱའི་ལི་ག་བཞག་སྟེ། དེར་ཐུགས་ཀའི་རྡོ་རྗེ་ཀྱོ་བས་སེམས་ཅན ་ཐམས་ཅད་བཀུག་སྟེ། སྐུ་གསུང་ཐུགས་ཀྱི་ལྷར་བསྒོམས་ལ་དེ་དག་གི་ལུས་ཀྱི་ལྷ་གསུམ་ལ་བསྡུས་ཏེ། དེ་ནས་བདག་གི་བ་སྤུའི་བུ་ག་ན་སཾ་ཁྲོ་བོ་ཚོགས་མང་པོ་སྤྲོས་ཏེ། ལྀ་ག་བསྒྲུབ་བྱར་དམིགས་པའི་ཤ་ཁྲག་ཟ་བ་དང་། ་རྒྱུ་མ་འདྲེན་པ་ལ་སོགས་པར་བསྒོམས་པའོ།། དེ་ལ་ན་མཁའ་དབྱིངས་ཀྱི་དབུས་ངག་ཏུ།། འཁོར་ལོ་རྩེ་ལྔ་ཁ་བཞི་ལ།། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞེ་སྡང་རྡོ་རྗེར་བསྒོམས་པའི་ལོག་པ་གཡས་པར་རྡོ་རྗེ་རྩི་ལྔ་པ་ཁ་གདེངས ་བ་བསམས་པ་ཡིན་ནོ།། ཁ་ཅིག་ན་རེ་རྡོ་རྗེ་ལྔ་པ་རྒྱ་གྲུམ་དུ་གྱུར་པ་ལ་འཁོར་ལོ་འབར་བའི་མུ་ཁྱུད་ཀྱིས་བསྐོར་བ་ཡིན་ཏེ། འདྲི་ནི་རྡོ་རྗེ་འཁོར་ལོ་ཞེས་བྱའོ་ཞེས་ཟེར་རོ།། འདིས་ནི་འོག་ནས་འབྱུང་བའི་འཁོར་ལོ་རྡོ་རྗེ་འབར་བས ་བརྒྱན་ཞེས་པའང་འཁོར་ལོ་ལས་རྡོ་རྗེ་འབར་བ་འཕྲོས་པས་མཚན་པའོ་ཞེས་འཆང་ངོ་།། བཀའ་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཞེས་བྱ་བ་ནི་འདི་ལས་གྲུབ་པར་བྱེད་པའི་བཀའ་ཡིན་ངེས་པར་བྱེད་པའི་ཐ་ཚིག་གོ། ་ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི།། འཁོར་ལོ་རྡོ་རྗེ་འབར་བས་བརྒྱན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བསྒོམས་པ་ལས། ཕྱག་མཚན་འཁོར་ལོ་རྡོ་རྗེ་བརྒྱན་པ་རྣམ་པར་བསྒོམས་ཏེ། བདག་གི་སྤྲུལ་པ་རྣམས ་ལ་འདི་སྐད་དུ་བཀའ་བསྒོ་ཏེ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཙམ། སངས་རྒྱས་ཐམས་ཅད་བདག་ལ་གསོན།། ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྐུལ་བའོ།། དཀའི་འཁོར་ལོ་འདི་ནཱི་དགྲ ་བསད་བ་དང་། བགེགས་བསྐྲང་བ་དང་། ལྷ་གནང་ལ་དབབས་པ་དག་ལ་སྦྱར་རོ།། དེ་ལ་དགྲ་བསད་པའི་དུས་སུ་ནི་གོང་དུ་སྨོས་པའི་ཚུལ་འདི་ཉིད་དོ།། བགེགས་བསླད་པའི་སྦྱོར་བ་ལ་ནི་ཞེས་སྡང་རྡོ་རྗེའི་ཏིང་ངེ་འཛིན ་གྱིས་ཁྲོ་བོའི་དཀྱིལ་འཁོར་དུ་སྤྲོས་ཏེ། བགེགས་རྣམས་ལ་འདི་སྐད་དུ་བསྒོའོ།། སྐུ་གསུང་ཐུགསུ་བདག་སྦྱོར་བས།། བགེགས་རྣམས་ཐམས་ཅད་ང་ལ་ཉོན།། ཞེས་བྱ་བར་སྦྱར་ཏེ། བཀའ་བསྒོའོ།། ལྷ་གནང་ལ་དབབ་པའི ་སྦྱོར་བ་ལ་ནཱི་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གྱིས་རང་གི་རིགས་ཀྱི་སྤྲུལ་པ་སྤྲོས་ཏེ་བཀའི་དཀྱུས་ཛཱ་ལྟ་བ་བཞིན་དུ་བསྒོའོ།། སངས་རྒྱསྟེ་དཀྱིལ་འཁོར་འཁོར་ལོ་ཙཱ་ན།། ན་མཁའ་རྡོ་རྗེའི་དབུས་སུ་བསམ།། གཤིན་རྗེ་གུ་ཤེད ་ཀྱོཀྱི་འཁོར་ལོ་ཆེ།། ཞེས་བྱ་བ་ལ་སོགས་པ་ནི་གཤིན་རྗེ་གཤེད་ཀྱི་བཀའི་འཁོར་ལོ་ཡིན་ཏེ། འདི་ནི་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་རྣམས་ཀྱིས་གཙོ་བོ་བྱས་པར་ཟད་ཀྱི་གཞན་ནི་སྔ་མ་ཉིད་དང་འདྲའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་འམ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་བཀའི་འཁོར་ལོ་བསྟན་པ་སྟེ། འདི་ལྟར་འཁོར་ལོའི་གཙོ་བོ་སྐུ་གསུང་ཐུགས་ཀྱི་ལས་བྱས་པ་འམ། རང་སྔགས་དོན་གྱིས་ཡོན་ཏན་ཡི་ངམ་གྱིས་ལྷས་བྱས་པ་འམ། ཡང་ན ་ཁྲོ་བོ་གཙུག་ཏོར་འཁོར་ལོ་སྒྱུར་བས་གཙོ་བོ་བྱས་ཏེ། སངས་རྒྱས་ཀྱི་དཀྱིལ་འཁོར་བསྲུང་བ་ལ་སོགས་པའི་བཀའི་འཁོར་ལོ་བསྒོམ་མོ།། ན་མཁའ་རྡོ་རྗེའི་དབུས་དག་ཏུ།། ཆོས་ཀྱི་སྡང་མཛད་སྐུ་མཆོག་ལས།། ཞེས ་བྱ་བ་ལ་སོགས་པ་ནི་བསྲུང་བའི་ཏིང་ངེ་འཛིན་ཏོ། ཞི་བ་དང་རྒྱས་པའི་རང་བཞིན་དུ་སྦྱར་རོ།། རྒྱ་མཚོ་རྐང་པས་གནོན་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཆུ་ལ་མཱ་མ་ཀཱི་ཐིམ་པར་བསྒོམས་ཏེ། ནམ་སྲ་བར་གྱུར ་པ་ནི་དེའི་སྤྱི་བོའི་སྟེང་དུ་བསྒོམ་པར་བྱའོ།། མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་གནོན་པའི་ཏིང་ངེ་འཛིན་ནི་བདག་ཉིད་ཁྲོ་བོར་བསྒོམས་པའི་ཐུགས་ཀ་ནས་ཀྱོ་བ་སྤྲོས་པས་མུ་སྟེགས་ཅན་ལ་སོགས་པ་ཀུག་སྟེ། ་དབང་ཆེན་འོག་ཏུ་མནན་ནས་དེའི་སྟེང་ལས་ཀྱི་རྡོ་རྗེ་རྒྱུ་གྲམ་གྱིས་མནན་ཏེ། དེའི་སྟེང་དུ་བདུག་ཁྲོ་བོར་བསྒོམས་པའི་ལག་པ་གཡས་རྡོ་རྗེ་ཐོགས་པས་མནྡན་ན་རྒོལ་བ་མནོན་པར་འགྱུར་རོ།། ཁ་ཅིག་ན་རེ་དབང་ཆེན་རླུང ་གི་སྟེང་དུ་བསྒྲུབ་བྱ་བཞུག་སྟེ། དེའི་སྤྱི་བོར་ལས་ཀྱི་རྡོ་རྗེས་མཚོན་པའི་རྐང་པས་མནན་ཞེའོ།། དཔུང་གནོན་པ་ནི་རྡོ་རྗེ་གསུང་མཆོག་སྐུ་གསུང་ཐུགས་ཀྱི་ཁྲོ་བོ་བསྒོམས་ཏེ། དེ་ཡང་གསེར་གྱི་རི་རབ་ལྟ་བུ་ཤིན་ཏུ་ལྡིང ་ཆེ་བས་མནན་པར་བསྒོམས་ནི། སངས་རྒྱས་ཀྱི་དཔུང་ཡང་མནོན་ན། མིའི་དབང་པོའི་དཔུང་དག་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ།། དགྲ་རྨོངས་པའི་ཏིང་ངེ་འཛིན་ནི་ཧཱུཾ་ལས་རྡོ་རྗེ་ཕུར་བུ་སྟོང་རྩེ་ལྔ་པ་སྨང་དཔལ་ཙར ་གནས་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་བླངས་ཏེ། སྙིང་ཁར་བཏབ་ན་དགྲ་རྨོངས་པར་འགྱུར་རོ།། ནང་སྤོང་བ་ཞི་བའི་ཏིང་ངེ་འཛིན་ནི་གྲོང་ངམ་གྲོང་ཁྱེར་གྱི་ན་མཁའ་ལ་བདག་གི་ཐུགས་ཁ་ན་རྡོ་རྗེ་རྩེ་ལྔ ་པ་གནས་པར་བསམས་ཏེ། དེ་ལས་བསྐལ་པའི་མཽ་འབར་བས་ནད་ཐམས་ཅད་བསྲེགས་ཏེ། སླར་རྡོ་རྗེ་ལ་བསྡུ་བར་བྱའོ།། དེ་ནས་རྡོ་རྗེ་ལས་ལྷ་མོ་བདུད་རྩི་རིན་པོའི་ཚེའི་བུམ་པ་གང་བ་འཛིན་པ་སྤྲོས་པས་ནང་པ་ལ ་བླུགས་པར་བསམས་ན་ནང་ཞི་བར་འགྱུར་རོ།། ཡི་དམ་བཅས་པ་རྫོགས་ནས་ཀྱང་།། སྔགས་ཀྱི་གནས་སུ་སྤྱད་པར་བྱ། ཞེས་བྱ་བ་ནི་ལས་འདི་དག་གང་བྱེད་ཀྱང་བསྙེན་པ་རྫོགས་ནས་བྱ་བར་བསྟོན་པའོ།། ཁ་ཅིག ་ན་རཾ། ལས་བྱས་ནས་རང་གཱི་ཡི་དམ་ཛྙཱན་ཏུ་བྱ་བ་ཡིན་ནོ་ཞེས་ཟེར་རོ།། སྐྱེ་འགྲོ་འདུལ་བའི་ཏིང་ངེ་འཛིན་རྡོ་རྗེ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཕུར་བུས་ཕྱོགས་བཅུའི་དཀྱིལ་འཁོར་ལ་བཏབ་ན། ལྷ་དང་བགེགས ་ལ་སོགས་པོ་ཐམས་ཅད་ཞི་བར་འགྱུར་རོ།། ཞེས་བྱ་སྟེ་འདི་ནི་བཀའི་འཁོར་ལོ་དང་སྦྱར་ཏེ་བགེགས་བསྲུང་བར་བྱ་བའོ།། མངངས་བཟངས་དཀྱིལ་འཁོར་དམ་པ་ནི།། ནམ་མཁའ་དབྱིངས་ཀྱི་དབུས་སུ་བསམ། ཞེས་བྱ་བ ་ལ་སོགས་པས་ནི་གོང་དུ་བསྟན་པའི་ལམ་རྣམ་པ་བཞིའི་ཐབས་བསྟན་པ་ཡིན་ཏེ། དེ་ལ་མདངས་བཟངས་དཀྱིལ་འཁོར་དམ་པ་ནི་ཞེས་བྱ་ནི་དཀྱིལ་འཁོར་ཆེན་པོ་བསྒོམ་པ་ཡིན་ཏེ། དེ་ན་མཁའི་དབྱིངས་ཀྱི་དབུས ་ཆོས་ཀྱི་འབྱུང་གནས་སུ་བསམས་ལ།། རྣམ་པར་སྣང་མཛད་དུ་བསྒོམས་པའི་ཐུགས་ཀར་འདོད་པའི་བསྒྲུབ་བྱ་བཞག་སྟེ། རང་གི་བ་སྤུའི་བུ་ག་ནས་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་ན་མཁའི་ཁམས ་གང་བར་སྤྲོས་ཏེ། ཕྱོགས་བཅུའི་ཡེ་ཤེས་བདུད་རྩི་བསྡུས་ནས་བུམ་པ་བདུད་རྩིས་བཀང་བ་རྣམས་ཀྱིས་སྟོང་གའི་འདོད་པའི་སྟེང་དུ་ཕབ་སྟེ། དབང་བསྐུར་བར་བསམ་ན་ཞི་བར་འགྱུར་རོ།། དབང་གི་ལས་ནི།། ཟླ་བའི་དཀྱིལ ་འཁོར་དབུས་སུ་ནི།། དབང་ཆེན་དཀྱིལ་འཁོར་བསམས་པར་བྱ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ལ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དབང་ཆེན་གི་སེར་གྱི་འཁོར་ལོ་བསམས་ཏེ། དེའི་སྟེང་དུ་ཆོས་འཛིན་སྣང་བ་མཐའ ་ཡས་བསམས་ནས། དེའི་སྙིང་ག་རུ་རྒྱས་པར་འདོད་པ་བཞག་སྟེ། བདོག་གི་བ་སྤུའི་བུ་ག་ནས་གོས་དཀར་མོ་ལ་སོགས་པའི་ལྷ་མོ་རྣམས་སྤྲོས་པས་ཕྱོགས་བཅུའི་ཆོས་རིན་པོ་ཆེའི་བདུད་རྩི་བསྡུས་ཏེ། སྙིང་གའི་འདོད ་པ་ལ་ཕབ་ཅིང་དབང་བསྐུར་བས་ཆོས་རིན་པོ་ཆེ་རྒྱས་པར་བསྒོམས་ན་རྒྱས་པར་འགྱུར་རོ།། དབང་གི་ལས་ནི། ན་མཁའི་དབྱིངས་ཀྱི་དབུས་སུ་ནི།། རྡོ་རྗེ་དཀྱིལ་འཁོར་ཟླ་གམ་བསམས།། ཞེས་བྱ་བ་ལ་སོགས་པ་སྟེ།། ་དཀྱིལ་འཁོར་ཟླ་གམ་གྱི་དབུས་སུ་རྡོ་རྗེ་ཆོས་སཾ་རྡོ་རྗེ་དོན་གྲུབ་བསྒོམས་ཏུ་དབང་དང་མཐུ་སྟོབས་ལྡན་པར་འདོད་པ་བཞག་ནས། བདག་གི་བ་སྤུའི་བུ་ག་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་འམ་ལྷ་མོ་སྒྲོལ ་མ་སྤྲོས་ཏེ། དེས་ཕྱོགས་བཅུའི་གཟི་བརྗིད་ཀྱི་བདུད་རྩི་བསྡུས་ཏེ། སྙིང་གའི་འདོད་པ་ལ་ཕབ་ཅིང་དབང་བསྐུར་བས་མཐུ་སྟོབས་དང་དབང་ཕུན་སུམ་ཚོགས་པར་འགྱུར་ཏེ། གཞན་ཡང ་ཇི་སྐད་སྨོས་པ་ལྟ་བུར་འགྱུར་རོ།། དྲག་པོའི་ལུས་ནི། ནམ་མཁའ་རྡོ་རྗེ་སྲིན་པོ་དང་།། ཞེས་བྱ་བ་ལ་སོགས་པ་སྟེ་ལས་འདི་ནི་བཀའི་འཁོར་ལོའི་སྐབསུ་བསྟན་པ་བཞིན་དུ་སྦྱར་རོ།། ད་ནི་ལས་རྣམ་པ་བཞི་ལ་སོགས་པ ་བསྒྲུབ་པའི་བྱ་བ་སྟན་པ་རྣམས་ལ་ལྷ་རྣམས་ཇི་ལྟར་བསྒོམ་པའི་ཆ་ལུགས་བསྟན་པའི་ཕྱིར་རྣམ་པར་སྣང་མཛད་ཞལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་ཇི་ལྟར་འགྱུར་ནས་འབྱུང་བ་བཞིན ་དུ་སྦྱར་རོ།། ན་མཁའི་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པ་ནི་ལྷ་གོང་དུ་བསྟེན་པ་རྣམས་ཀྱི་བསྒྲུབ་ཅིང་བསྒོམ་པའི་ཚུལ་བསྟན་ཏོ།། ཁ་ཅིག་ན་རེ་སྔ་མ་ལས་ཅུང་ཟད་མི་འདྲ་བའི་མཚན་ཉིད ་བལྟབས་ཏེ། བསྟན་པ་ཡིན་ནོ་ཞེས་ཟེར་རོ།། དེ་ལ་ཁྲོ་བོ་རྣམས་དབུ་རྒྱན་གྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཁྲོ་བོར་རིགས་སོ།། ལེའུ་བཅུ་གསུམ་པའོ།། །། ད་ནི་བཀའ་འཁོར་ལོ་ལ་སོགས་པར་བསྟན ་པའི་ལས་རྣམས་ལ་བསྐུལ་བའི་གསང་སྔགས་སྟོན་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་ཞི་བའི་ལས་དང་སྔགས་སྙན་པའི་ཕྱིར།། ཞི་བའི་དམ་ཚིག་མཆོག་གི་ཏིང་ངེ་འཛིན་ལ་སྙོམས ་བར་ཞུགས་ཏེ། ཨོཾ་རུ་རུ་སྥུ་རུ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལ་འདི་ནི་གང་ཞི་བར་འདོད་པ་རྣམས་ལ་བདུད་རྩི་བུམ་པ་ཐོགས་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བའི་ཚེ་རིག་པ་འདིས་བསྐུལ་ནས་ལས་སྒྲུབ ་པར་བྱེད་དོ།། འདི་ནི་གསུངས་མ་ཐག་ཏུ་ཡང་།། འབྱོར་པ་ཀུན་ལ་དགྱེས་པ་རྣམས། ཞེས་བྱ་བ་ནི་སངས་རྒྱས་སྤྱན་གྱི་རང་གི་རིག་པ་ཕྱུང་བས། འབྱོར་བ་ལ་དགྱེས་པའི་ལྷ་མོ་དགའ་བར་གྱུར་ནས་གཙོ་བོ་རྗེས་སུ་དྲན ་པར་མཛད་ནས་ཤེས་སོ།། རྣམ་གཅིག་ཏུ་རང་བཞིན་གྱིས་གྲུབ་པའི་རིག་སྔགས་བསྟན་པས་སངས་རྒྱས་ཐམས་ཅད་གཉིས་པར་འགྱུར་ཏེ་གཙོ་བོ་རྗེ་སུ་དྲན་པར་མཛད་དོ།། འདི་བཞིན་དུ་འོག་མ་ཀུན་ལ་ཡང་སྦྱར་བར ་བྱའོ།། སངས་རྒྱས་ཀྱིས་འབྱུང་བ་ཞེས་པ་ནི་ཞི་བ་བསྐུལ་བ་སྟེ། གོང་དུ་བསྟན་པ་བཞིན་ནོ།། ཨོཾ་ཤཾ་ཀ་རེ་ལ་སོགས་པ་ནི་སྟོབས་དེང་གཟི་བརྗིད་བསྐྱེད་པ་དང་བསྲུང་བའི་ལས་ལ་སྦྱར་བའོ།། ཨོཾ་ཀ་ཊེ་བི་ཀཱ་ཊཾ་ཞེས་བྱ ་བ་སོགས་པའི་སྔགས་ནི་རྒྱས་པའི་ལས་ལ་སྦྱར་རོ།། ཨོཾ་ཏཱ་ར་ཏུ་ཏྟཱ་རེ་ཞེས་བྱ་བ་ལ་སོགས་པ་ནི་དབང་གི་ལས་ལ་སྦྱར་རོ།། དྲག་པོའི་ལས་ལ་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེང་ལ་སོགས་པ་འདི་དགྲ་གི་ཏིང་ངེ ་འཛིན་དང་སྔགས་ཀྱིས་བྱ་བ་ཡིན་ཏེ། འདིའི་རིམོ་པ་ནི་དང་པོར་དབང་ཚོན་གྱིས་དཀྱིལ་འཁོར་གྱི་སྟེང་དུ་བཀའི་འཁོར་ལོ་བསྒོམས་ཏེ། དེའི་བདག་པོ་ལས་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་ནང་དུ་བྷྲཱུཾ་ཡིག་འཁོར་ལོ ་དང་བཅས་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལས། ཀཽ་ཐོང་འབར་བའི་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་སྐྱེད་ནས་དེ་ཆགས ་པ་ཆེན་པོ་ཧོས་ཞུ་བར་བྱས་ཏེ། དེ་ལས་ལྷ་མོ་བཞིའི་དབྱངས་ཀྱིས་བསྐུལ་བ་ལས། ཇི་ལྟ་བའི་ཆོ་གའི་ཚུལ་གྱིས་ཁྲོ་བོ་གཤིན་རྗེ་གཤེང་པོ་ལ་སོགས་པ་གང་ཡོང་རུང་བར་བསྐྱེད་དེ། རྡོ་རྗེའི་སྐྱེ་མཆེད་དག་པར ་བྱ་བ་ལ་སོགས་པ་བསྙེན་སྒྲུབ་ཀྱི་བྱེ་བྲག་རྫོགསྲ་པར་བྱས་ནས་ཏིང་ངེ་འཛིན་གསུམ་ཚང་བར་བསྒོམས་ཏེ། ཕྲ་མོ་སྦྱོར་བའི་མཐར་ལས་འདི་དག་བརྩམ་པར་བྱའོ།། ཞེས་བླ་མའི་མན་ངག་གོ། ཁྲོ་བོ་འདི་དག་གི ་ཡུམ་ནི་མཱ་མ་ཀཱིས་བྱ་བར་རིགསོ།། དེ་ལ་དྲི་མ་མེད་པའི་འོད་ཟེར་གྱིས་སྦྱིན་ཞེས་བྱ་བ་ནི་སྐུའི་བདག་ཉིད་རྣམ་པར་དག་པ་སྟེ། དེ་དབྱུང་བར་དགྲོངས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ་གཞན་དུ་ཡང་ཇི་བཞིན་དུ་སྦྱར་བར་བྱའོ།། རྡོ་རྗེ་གཱ་ཤིན་རྗེ་གཤེད་པོ་འདི་ཕྱུང་ངོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་དབྱེར་མེད་པའི་ཕྱིར་རོ།། འདིར་དགུག་པའི་སྐབསུ་དགུག་པའི་སྔགས་དང་སྤེལ་ཏེ་ཐོང་བ ་བཟང་པོའི་ནང་དུ་བྲིས་ནས་གཤིན་རྗེ་གཤེད་ཀྱི་སྦྱོར་བས་མནན་ཏེ། གསང་སྔགས་བཟླས་བརྗེད་བྱས་ན་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ལ་སོགས་པ་གང་དགུག་པ་འདོད་པོ་དེས་དགུག་པར་འགྱུར་རོ།། མཱ་མ ་ཀཱི་འམ་སྤྱན་ཡང་རུང་ཞེས་བྱ་བ་ནི་ཁྲོ་བོའི་གཟུངས་མ་སྟེ་གོང་དུ་བསྟན་པ་ཉིད་།། བདུད་རྩི་འཁྱིལ་བའི་གསང་སྔགས་གསུངས་པ། དམ་ཚིག་འོད་ཟེར་སྟུག་པོ་མཆོག་ཅེས་བྱ་བ་ནི་ལས་ཀྱི་བདག་ཉིད་དེ་གཞན ་ལ་ནི་སྔ་མ་བཞིན་ནོ།། འདིརོ་ནི་བགེགས་བསྐྲང་པའི་སྔ་མའི་ཚུལ་ཏེ། དགྲ་སྤང་པ་ལ་ནཱི། མ་ཧཱ་ག་ཎཱ་པ་ཏི་ཛཱི་བི་ཏཱི་ཏ་ཀ་རཱ་ཡ་ཞི་པ་གསལ་བསྒྲུབ་བྱའི་མིང་བསྐུལ་བ་དང་བཅསོ་པ་གཞུག་པར་བྱའོ།། གཞན ་གྱིས་མི་ཐུབ་པའི་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སྔགས་པ་སྟེ་སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ཞེས་བྱ་བ་ནི་ཐུགས་ཀྱི་བདག་ཉིད་དོ།། སྲིན་པོ་མ་རུངས་གཏུམ་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་སྲིན་པོ་ལས ་འཇིགས་པའི་སེམས་ཅན་རྣམས་ལ་ཁྲོ་བོ་འདིའི་སྦྱོར་བས་གཞིག་པའོ།། རྟ་མགྲིན་གྱི་གསང་སྔགས་ཀྱི་དུག་གཞོམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་འདིའི་སྦྱོར་བ་ནི་རྟ་མགྲིན་གྱི་ཏིང་ངེ་འཛིན ་གྱི་ཡི་གེ་ཧྲཱིཿའབར་བའི་འོད་ཟེར་གྱིས་འོག་ནས་འབྱུང་བའི་དུག་དབྱུང་བ་ལྟ་བུའི་སྦྱོར་བ་བྱ་བ་ཡིན་ནོ།། བེ་ཅོན་སྔོན་པོའི་སྔགས་གསུངས་པ། དེ་ནསཽ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་དབལ་འབྱུང་བ་ཞེས་བྱ་བ ་ནི་ཡེ་ཤེས་ཀྱི་བདག་ཉིད་ངོ་།། འདི་བསང་བའི་ལས་ལ་སྦྱར་རོ།། སྟོབས་པོ་ཆེའི་སྔོགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཀུན་ཏུ་སྤྲིན་གྱི་དཔལ་ཞེས་བྱ་བ་ནི་སྟོབས་དང་གཟི་བརྗིད་ཀྱི་བོདག ་ཉིད་དོ།། འདིའི་ཏིང་ངེ་འཛིན་གྱིས་ནི་དབབ་པའི་ལས་བྱ་བ་ཡིན་ནོ།། འདོད་པའི་རྒྱལ་པོའི་སྔགས་གསུངས་པ། དེ་ནས་ཀུན་ཏུ་སྒྲོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི ་དགུག་པའི་བདག་ཉིད་པས་ཁྱབ་པའི་ཕྱིར་སྒྲོག་པའོ།། ང་ནི་མི་གཡོ་བའི་སྔགས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དྲི་མ་མེད་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་བདག་ཉིད་པས་དེ་སྐད ་ཅེས་བྱའོ།། འདི་ཡང་དགུག་པའི་བདོག་ཉིད་དོ།། གནོད་མཛེས་ཀྱི་གསང་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་རྣམ་པར་འཕྲུལ་པ་ཞེས་བྱ་བ་ནི་ཁྲོ་བོའི་ལས་ཀྱི་བདག་ཉིད་དོ།། དེ་ལྟར ་ཁྲོ་བོ་བཅུའི་སྔགས་བསྟན་ནས་དགུག་པའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སངས་རྒྱས་རྡོ་རྗེ་སྐུ་གསུམ་ལ།། རྡོ་རྗེ་སེམས་དཔའ་རྣམ་པར ་བསྒོམ།། ཞགས་པ་རྡོ་རྗེ་ཀྱོ་བ་འཛིན།། སངས་རྒྱས་དགུག་པ་དམ་པའོ།། ཞེས་བྱ་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་དགུག་པ་སྟེ། བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་པའི་སྐུ་གསུང་ཐུགས་ཀྱི་གནས ་སུ་རང་གི་ལྷ་གསུམ་བསྒོམས་ནས། དེའི་ཐུགས་ཀ་ནས་ལྷ་མོ་ཞགས་པ་དང་ཀྱོ་བ་འཛིན་པ་སྤྲོས་ཏེ། སངས་རྒྱས་དགུག་པ་བྱའོ།། རྡོ་རྗེ་སེམས་དཔའ་དགུག་པ་གསུངས་པ། སངས་རྒྱས་སྐུ་ཡི་སྦྱོར་བ་ཡིས ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་རང་གི་སྐུ་གསུང་ཐུགས་ཀྱི་གནས་ནས་འཁོར་ལོའི་ཀྱོ་བ་འཛིན་པའི་ལྷ་མོ་སྤྲོས་ཏེ། རྡོ་རྗེ་སེམས་དཔའ་དགུག་པར་བྱའོ།། སྔགས ་ཐམས་ཅད་དགུག་པ་གསུངས་པ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་བསྒོམས་ཏེ། སྔ་མ་བཞིན་དུ་ཐུགས་ཀ་ནས་འཁོར་ལོ་པདྨ་རྡོ་རྗེ་རྒྱ ་བས་ལྷ་ཐམས་ཅད་དགུག་པར་བྱའོ།། བུ་མོ་དགུག་པ་གསུངས་པ། ཐམས་ཅད་རྡོ་རྗེ་དངོས་བཞི་པྲ། ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་ལྷག་པའི་སྔགས་ཀྱིས་བསྐྱེད་པའི་སྐྱེས་བུ་དཀྱིལ་འཁོར་ཆེན་པོའི་ཛཿ ་བསྒོམས་ནས། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་གྱི་སྟང་དུ་བཞག་སྟེ་རུང་གི་སྙིང་ཁ་ནས་རྡོ་རྗེ་ཀྱོ་བའི་སྦྱོར་བས་དགུག་པར་བསམས་ན་འགྲུབ་པར་འགྱུར་རོ།། ཅི་ཀ་དགུག་པོ་གསུངས་པ། ཟླ་བའི་དཀྱིལ་འཁོར ་ངག་ལ་ནི། ཞེས་པོ་ལ་སོགས་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བསྒོམས་ཏེ། གཞན་ཡང་རླུང་གི་དཀྱིལ་འཁོར་ལ་ལྷ་མོ་ཤ་ཙི་ཀ་བཞག་ནས་རྡོ་རྗེ་མི་འཆི་བའི ་སྔགས་ཀྱི་སྦྱོར་བས་ལན་ལྔ་བཅུ་བརྗོད་ན་དགུག་པར་འགྱུར་བ་གདོན་མི་ཟའོ།། ན་མཁའི་བུ་མོ་དགུག་པ་གསུངས་པ། རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ། ཞེས་པ་ལ་སོགས་པ་སྟེ། འདི་ནི་བདག་རྡོ་རྗེའི་ཏིང་ངེ ་འཛིན་དུ་གནས་པའི་ཐུགས་ཀ་ནས་རྡོ་རྗེ་རྗེ་ལྔ་པ་འོད་འབར་བའི་ཀྵོ་བ་ཤིན་ཏུ་འབར་བ་སྨོས་ཏེ་ན་མཁའི་བུ་མོ་དགུག་པར་བྱའོ།། ལྷ་མ་ཡིན་གྱི་བུ་མོ་དགུག་པ་གསུངས་པ། རང་གི་ཁྲ་བ་རྡོ་དྷཱའི། ་ཞེས་པ་ལ་སོགས་པ་སྟེ། རང་གི་རིགས་ཀྱི་ཁྲོ་བོ་འམ་རྡོ་རྗེ་འོག་གི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཐུགས་ཀཱ་ནས་རྡོ་རྗེ་དཔལ་རྩེའི་ཀྱོ་བས་ལྷ་མ་ཡིན་གྱི་བུ་མོ་དགུག་པར་བྱའོ།། ད་ནྀ་དགུག་པ་རྣམས་ཀྱི་ཆོ་ག་བསྟན་པའི ་ཕྱིར་བཙག་གམ་རྡོ་རྒྱུ་ས་དག་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་སྦྱོར་བ་ནི་བདག་ཉིད་ཁྲོ་བོའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བཙག་གམ་རྡོ་རྒྱུས་དགྲ་ཟླ་བ་གཟོས་ཟིན་པའི་ཚེ། རང་གི་ཁ་འམ་ཡང་ན་བྷ་གར་བཅུ། ་སྟེ་བསྒྲུབ་པ་བྱས་ལ། དེ་ནས་ནང་པར་ཕྱུང་ལ་བཞག་སྟེ། ནམ་འགུགས་པ་འདོད་པ་ན་རྫས་དེ་ལ་ལི་ག་བྱས་ཏེ་མིང་བྲི་བའི་སྣག་ཆ་ཡང་བྱས་ལ་ལྀ་གའི་སྟེང་དུ་མིང་བཞག་ནུ་ཚངས་པ་དང་དྲག་པོའང་འོང་བར་འགྱུ་རོ།། ་སྦྱོར་བ་འདི་ནི་དགུག་པའི་ལིག་མཐའ་དག་ལ་སྦྱར་བར་བྱའོ།། དེ་ནི་གཱ་ཤིན་རྗེ་གཤེད་ཀྱིས་གནོད་སྦྱིན་གྱི་བུ་མོ་དགུག་ཅིང་སྤྱད་པ་བསྙོན་ཏེ། དེ་ལ་བདག་ཉིད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཛམ ་པོར་བསྒོམས་ཏེ། དེ་ལས་སྤྲུལ་པ་ཁྲོ་བོ་གཤིན་རྫོ་གཤེང་བསྐལ་པའི་མེ་ལྟར་འབར་བ་ཕྱག་ན་རྡོ་རྗེ་ཀྱི་བསྣམས་པ་སྤྲས་ཏེ་གནོད་སྦྱིན་གྱི་བུ་མོ་བཀུག་ནས་ཉེ་བར་སྦྱང་པར་བྱའོ།། ཁ་ཅིག་ན་རེ་ག་ཤིང་པོར་བསྒོམས་པའི ་ཐུགས་ཀ་ནས་ཀྱོ་བ་སྨོས་ཏེ་དགུག་པ་ཅེའོ།། ཀུན་གྱིས་ཕྱག་རྒྱ་ཁྱད་པར་དང་ཞེས་བྱ་བ་ལ་སོགས་པས་ནི་ཆོ་ག་དང་ལྡན་ན་གང་གི་ཐབས་ཀྱིས་ཀྱང་ཁུགས་པར་བསྟན་ཏེ། དེ་ལ་ཀུན་གྱིས་ཕྱག་རྒྱའི་ཁྱད་པར་ཞེས ་བྱ་བ་ནི་ཐམས་ཅད་ཀྱི་ཕྱག་རྒྱ་གང་ཡང་རུང་བའོ།། སྔགས་ཀྱི་ཁྱད་པར་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སྔགས་མ་ལུས་པ་མཐའ་དག་གིས་ཏེ། ཀུན་ཀྱང་དགུག་པའི་ཐབ་སུ་མི་འགྱུར་བ་མེད་པོར་གསུངས་སོ།། ་གཞན་དུ་བྱས་ན་འཇིག་པར་འགྱུར་ཞེས་བྱ་བ་ནི་ཏིང་ངེ་འཛིན་མ་ཐོབ་པ་ལ་སོགས་པས་མི་འགྲུབ་པའོ།། ཁ་ཅིག་ན་རེ་དགུག་པ་ཙ་མ་ལས་གཞན་དུ་ཕུར་བུ་གདབ་པ་ལ་སོགས་པ་བྱས་ན་འཆི་བར་འགྱུར་བའོ་ཞེས ་ར་རོ།། ལོས་དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་འབའ་ཞིག་གི་ཏིང་ངེ་འཛིན་བསྐུལ་ན་འགྲུབ་པར་འགྱུར་ཏེ། གང་གི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྟོན་པ་གདོང་མ ་ཐ་མ་མེད་པའི་རྒྱལ་པོ་རྟག་པ་ཆེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཡང་དང་ཡང་དུ་བསྐུལ་བར་བྱ།། དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི།། སྨོན་པ་རབ་ཏུ་རྟགས ་པའོ།། ཞེས་གསུངས་པ་ཡིན་ནོ།། ད་ནི་ཨཾ་ཀ་ཛེ་ཊཱིའི་སྦྱོར་བསོ་ཀྭའི་བུ་མོ་དགུག་པའི་ཐབས་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ།། དེ་ལ་འདིའི་སྦྱོར་བ་ནི་ཨེ་ཀ་ཛ་ཊཱིའི་ཏིང་ངེ་འཛིན་ལ་གནས ་ཏེ། ཨོཾ་ཤུ་ལི་ནི་སཧཱ་ཞེས་པ་དང་། ཆེ་གེ་མོ་ཞིག་ཛཿ། ཞེས་བྱ་བས་ཀླུ་ལ་སོགས་པའི་བུ་མོ་དགུག་པར་བྱེད་དོ།། ལྷ་མོ་ཁྲོ་གཉེར་ཅན་གྱིས་རིག་སྔགས་འཆང་གི་བུ་མོ་དགུག་པ་བསྟན ་པ། དེ་ནས་བཅོམ་ལྡན་འདས་ན་མཁའི་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་སྦྱོར་བ་ཡང་ཁྲོ་གཉེར་མའི་ཏིང་ངེ་འཛིན་དུ་གནས་ཏེ་གསང་སྔོགས་བསྐུལ་བ་དང་བཅས་པར་བཟླས་ཤིང་སྤྲུལ་པས་དགུག་པར་བསྒོམས ་ན་འགྲུབ་པར་འགྱུར་རོ།། དེ་ལ་སོགས་པ་ལས་གང་བྱེད་ཀྱང་སྔོན་དུ་བསྙེན་པ་བྱས་ཏེ་དམ་བཅས་པ་རྫོགས་ནས་དེ་ནས་ལས་ལ་སྦྱོར་བ་ནི་འབུམ་ཕྲག་གཅིག་ཏུ་སྐྱོན་མེད་པར་བཟླས་ཏེ། དེ་ནས་ལས་ལ་སྦྱར་རོ།། ། ་ཞེས་བསྟན་པའི་ཕྱིར། ཡང་ན་ཁྲོ་བོ་ཐམས་ཅད་ནི།། སྔགས་པས་འབུམ་དུ་བཟླས་བྱས་ན།། ལས་རྣམས་ཐམས་ཅད་བྱེད་པར་བཤང་། ཅེས་གསུངས་པ་ཡིན་ནོ།། ད་ནི་དྲག་པོའི་ལས་ཀྱི་དམིགས་པ་བསྟོན་པའི ་ཕྱིར། རྡོ་རྗེ་སློབ་དཔོན་སྨོད་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་འདི་རྣམས་ལ་དྲག་པོའི་ལས་བྱས་ན་བྱང་ཆུབ་ཉིད་དམ་དངོས་གྲུབ་རབ་འབྲིང་ལ་སོགས་པ་འཐོབ་པར་འགྱུར་རོ།། ཞེས་པའི་དོན་ཏོ།། ་ལས་དེ་དག་བྱེད་པའི་ཚེ་དམིགས་འདི་ལྟ་བུ་དང་ལྡན་པར་བྱས་ཏེ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མཉམ་པ་ཉིད་དུ་གྱུར་པར་བསྒོམས་ན་དགྲ་རྣམས་ལ་གདོན ་མི་ཟའོ།། ཁ་ཅིག་ན་རེ་ཚིག་འདི་ནི་འགྲུབ་པར་ངེས་པའི་གཏན་ཚིགས་ཡིན་ནོ་ཞེས་ཟེར་རོ།། ད་ནི་དྲག་པོའི་བརྟུལ་ཞུགས་ཀྱི་མཚན་ཉིད་བསྟན་ཀྱི་ཕྱིར་ཁྲག་དང་ཆུ་ཡིས་གཤེར་བ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་བརྟུལ་ཞུགས་ལྔ་པོ་འདི་དགྲ་ནི་ཁྲོ་བོ་གང་ཡང་རུང་སྟེ། འདི་ལྟ་བུའི་སྦྱོར་བ་དང་ལྡན་པས་ལས་བརྩམ་པར་བྱའོ།། དྲག་པོའི་ལས་ཀྱི་གནས་ནི་མ་མོའི་གནས་སམ་དུར་ཁྲོད་ངམ་ཞེས་བྱ་བ་ལ་སོགས་པ་སྟེ་གནས ་འདི་དག་ནི་འབྱུང་པོ་དྲག་པོའི་གནས་ཡིན་པའི་ཕྱིར་མངོན་སྤྱོད་ལ་བཀྲ་ཤིས་སོ།། དེ་ནི་ལས་སུ་བརྩམ་པ་དེ་དག་ལས་ཕུར་པའི་ལས་ཀྱིས་བསད་པ་ལ་སོགས་པ་བྱ་བའི་ཕྱིར་མིའི་རུས་པོ་ལས་བྱས་པ་ཞེས་པ་ལ་སོགས ་བ་བསྟན་ཏེ། དེ་ལ་འདིའི་སྦྱོར་བ་ནི་མིའི་རུས་པའི་ཕུར་བུ་ལ་འོག་ནས་འབྱུང་བ་ལྟ་བུར་བྱིན་གྱིས་བརླབས་ཏེ། ཇི་སྐད་སྨོས་པ་བཞིན་དུ་བཏབ་ན་སངས་རྒྱས་ཀྱང་འཚོ་ན་གཞོན་དགྲ་ལྟ་ཅི་སྨོས་ཞེས་པའི་ཚིག་གོ།། ཁ ་ཅིག་ནི་རེ། ཤེས་དང་མི་ཤེས་རྣམ་སྤངས་པ། ཞེས་བྱ་བ་ནི་སྒྲུབ་པ་པོའི་བྱེ་བྲག་ཡིན་ཏེ། མི་ཤེས་པ་ནི་གོང་དུ་བསྟན་པའི་རིགས་འཛིན་བསྒྲུབ་པ་ལ་སོགས་པ་ཡིན་ལ། ཤེས་པ་ནི་མཚན་མ་མེད་པའི་རྣལ་འབྱོར་ཤེས ་པ་ཡིན་ཏེ། འདི་གཉིས་ཀས་ཀྱང་ཕུར་བུ་འདིའི་སྒོ་ནས་འགྲུབ་པར་འགྱུར་རོ།། ཞེས་ཟེར་རོ།། དགྲ་བསང་པའི་སྦྱོར་བ་གསུངས་པ། ཡང་ན་ཐོད་པ་གང་བ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་སྦྱོར་བ་ནི་ཐོང ་པ་མ་ཉམས་པ་ལ་ཁྲོ་བོ་གང་ཡང་རུང་བའི་སྔགས་སམ་རྡོ་རྗེ་ཐོར་ཚུགས་གཅིག་པའི་སྔགས་བསྐུལ་བ་དང་བཅས་པ་བྲིས་ཏེ། རྡོ་རྗེ་ཐོར་ཚུགས་ཀྱིས་དེའི་སྟེང་ནས་མནན་པར་བསྒོམས ་ཏེ། དགྲའི་སྒོ་འམ་གྲོང་དུ་སྤྲས་ན་སྐྲོད་པར་འགྱུར་རོ།། སྦྱོར་བ་གཞན་གསུངས་པ། ཏཱ་ལའི་ལོ་མ་འམ་གཞན་ལའང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲིའི་སྦྱོར་བ་ནི་ཁྲོ་བོ་གསང་སྔགས་བསྐུལ་ཚིགས ་དང་བཅས་པ་བྲིས་ནས་ཁྲོ་བོའི་ཏིང་ངེ་འཛིན་གྱིས་བསྐུལ་ན་འགྲུབ་པར་འགྱུར་རོ།། ང་ནི་ཕུར་བུ་གདབ་པའི་གསང་སྔགས་དང་རྒྱུད་དང་ཏིང་ངེ་འཛིན་དང་། བྱིན་གྱིས་བརླབ་པའི་ཚུལ་རྣམས་སྟོན་པས་དེ་ནས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་གསུང་ཐུགས་གནོན་པ་ཞེས་བྱ་བ་ནི་མཐུ་མང་བར་བྱེད་པའོ།། རྣམ་གཅིག་ཏུ་རྡོ་རྗེ་ཕུར་བུས་གཟིར་བ་ཡིན་ནོ།། ཨོཾ་གྷུཿགྷུཿཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་ནི་ཕུར་བུ ་གདབ་པའི་སྔགས་ཡིན་ཏེ། འདིར་སརྦདྷཥྩ་ཞེས་པའི་བར་དུ་བསྒྲུབ་བྱའི་མིང་གཞུག་པར་བྱའོ།། མིའི་རུས་པའི་ཕུར་བུ་འམེ་ཞེས་བྱ་བ་ལ་སོགས་པས་ནི་དྲག་པོའི་ཕུར་བུའི་རྒྱུ་བསྟན་ཏོ།། དེ་ལྟ་བུའི་ཕུར་བུ ་དེ་དག་གདབ་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། འོད་འཕྲོ་འཁྲུག་ཅིང་མངངས་བཟངས་པའི།། རྡོ་རྗེ་སེམས་དཔར་མཉམ་གཞག་ལོ།། ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྡོ་རྗེ་སེམས་དཔའི་ཏིང་ངེ ་འཛིན་ནམ་རྣམ་པར་སྣང་མཛད་དམ་འོད་དཔག་མེད་དམ་གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡང་རུང་སྟེ། འདི་དག་གི་འཏིང་ངེ་འཛིན་དང་ལྡན་པས་ཕུར་པ་བདུད་རྩི་འཁྱིལ་བའི་རང་བཞིན་དུ་བསྒོམས་ཏེ། སྙིང་ཁ ་དང་ལྟེ་བ་དང་གསང་གནས་དང་དཔྲལ་བ་དང་དབང་པོ་སྒོ་ལྷ་དང་ཡན་ལག་ལྔའི་གནས་དཔུང་པ་གཉིས་དང་པུས་མོ་དང་ལོང་བུའི་ནད་རོལ་གཉིས་ལ་ཕུར་བུས་གདབ་པར་བྱའོ།། གོང་དུའང་ངམ་ཚིག་དེ་ཉིད་བྱ ་ཞེས་པ་ནི་གོང་དུ་བསྟན་པའི་དྲག་པོའི་ལས་དང་། ཕུར་བུ་བྱེ་བ་བསྟན་པ་རྣམས་ལ་ཕུར་བུའི་དམ་ཚིག་འདི་ཉིད་ཀྱིས་སྦྱོར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་འོདི་དག ་ཕུར་བུ་ཉིད་བསྒོམ་པ་ཡིན་ཏེ། འདི་དག་ལྟ་བུར་བསམས་པའི་ཕུར་བུས་གདབ་པར་བྱའོ་ཞེས་ཟེར་རོ།། ད་ནི་ཕུར་བུ་བྱིན་གྱིས་བརླབ་པར་བསྟན་པའི་ཕྱིར།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐུའི་དམ་ཚིག་ཚམ་ངམ་གྱིས་གནོན་པ་བྱ་བ་ནི་ཁྲོ་བོའི་གཟི་བརྗིད་ཀྱི་ཚམ་ངམ་ཡོན་ཏན་ཐམས་ཅད་ཟིལ་གྱིསོ་གནོན་པར་བྱེད་པའོ།། འདིའི་སྦྱོར་བ་ནི་རྣམ་པར་སྣང་མཛད ་ཀྱི་ཏིང་ངེ་འཛིན་དུ་གནས་ཏེ། ཐབས་དང་ཤེས་རབ་ཀྱི་ལ་པ་གཉིས་ཀྱིས་ཇི་ལྟ་བའི་ཕྱག་རྒྱ་བཅས་ཏེ། ཕུར་བུ་བསྒྲིལ་ཞིང་ཨོཾ་ཙྪིནྡ་ཙྪི་ནྡ་ཞེས་པའི་གསང་སྔགས་བརྗོད་པས་ཐབས་དང་ཤེས་རབ་ཀྱི་འོད་ཟེར ་ལས་བྱུང་བའི་ཡེ་ཤེས་ཀྱི་ཕུར་བུ་སྐུ་རྡོ་རྗེར་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་སངས་རྒྱས་ངག་ལ་བཏབ་ན་ཡང་དམ་ཚིག་དབང་གིས་བཞེངས་ཏེ་དོན་མཛད་པ་ལ་སྦྱོར་བར་འགྱུར་ལ ་འཇིག་རྟེན་པ་ལ་བཏབ་ན་འཆི་བར་འགྱུར་རོ།། ཁ་ཅིག་ན་རེ་ལྡང་བ་ཞེས་བྱ་བའི་ངགྲ་ནི་སྐྲག་ཏེ་འབྲོས་པ་ཡིན་ལ་ཡང་ན་འཆི་བར་འགྱུར་རོ།། འདི་ནི་སྐུ་རྡོ་རྗེར་བྱིན་གྱིས་བརླབས་པའོ།། ད་ནི་གསུང་རྡོ་རྗེར་བྱིན་གྱིས ་བརླབ་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ཡང་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་དུ་གནས་ཏེ། ཇི་ལྟ་བའི་ཕྱག་རྒྱས་ཕུར་བུ་བསྒྲིལ་ཞིང་གསང ་སྔགས་བརྗོད་པས་གསུང་རྡོ་རྗེར་བྱིན་གྱིས་བརླབ་པ་སྟེ། ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་ལ་ཡང་དེ་བཞིན་དུ་སྦྱོར་བར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་ལ་དེ་བཞིན་གཤེགས་པ་རྣམས་དགྱེས་པར་གྱུར ་ནས་རྡོ་རྗེ་ཕུར་བུའི་དོན་ལ་མཉེས་པར་གྱུར་ནས་བསྟོད་པའི་ཕྱིར། ཨེ་མོའོ་གསང་བའི་གནས་ཀྱི་མཆོག། ཅེས་བྱ་བ་ལ་སོགས་པས་བསྟོད་པ་ཡིན་ནུ་ཞེས་ཀྱང་ཁ་ཅིག་འཆང་ངོ་།། ཡང་ན་འདིའི་འགྲེལ་པ་ནི ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱི་བཀའ་ཡིན་པར་མངོན་ཏེ། འཇུག་སྡུད་པའི་ཚིག་གམ་འོན་ཏེ་མངོན་དུ་བཀའ་སྩལ་ཏོ།། ཞེས་པ་ཡང་མང་པོའི་ཚིག་མེད་པའི་ཕྱིར་རོ།། མདོར་ན་ཕུར་བུ་བྱང་ཆུབ་ཀྱི་སམས ་ཀྱི་དོན་ལ་ངོ་མཚར་བའི་དོན་གྱིས་བསྟན་པ་ཡིན་ཏེ། དེ་ལ་ཨེ་མའོ་གསང་བའི་གནས་ཀྱི་མཆོག་ཅེས་བྱ་བ་ནི་ཕུར་བུ་བྱང་ཆུབ་ཀྱི་སེམས་ནི་གསང་བའི་གནསུ་གྱུར་པ་ཀུན་གྱི་ནང་ན་དམ་པར་གྱུར་པའོ།། ་ཨེ་མའོ་སྙིང་པོ་ཀུནྡྷ་བསྡུས་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀུན་གྱི་སྙིང་པོ་ཐམས་ཅད་བསྡུས་པའི་དོན་ཏོ།། ཨེ་མའོ་ཆོས་ཀྱི་གནས་ཞི་བ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སྨོས་པ་དང་བྲལ་བའི་དོན་ཏོ།། ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་མཚན་མ་ཐམས་ཅད་འཇོམས་པའི་ཕྱིར་ཨེ་མའི་རྡོ་རྗེ་རྣམ་པར་འཇོམས་ཞེས་བྱ་བ་ཡིན་ནོ།། དེའི་ཕུར་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་གནོན་པར་བྱེད་པ། ་གསུང་ཐུགས་ཀྱི་གྲུབ་པ་ཐམས་ཅད་སྦྱིན་པར་མཛད་པ་འདི་ནི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའོ་ཞེས་པའི་ཐ་ཚིག་གོ། རྣམ་པ་གཅིག་ཏུ་ན་ཨེ་མོའོ་གསང་བའི་གནས་ཞེས་བྱ་བ་ནི་ཕུར་བུ་བྱང་ཆུབ ་ཀྱི་སེམས་ཀྱི་ངོ་བོ་སྟེ། འདིའི་དོན་ནི་ཐོབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྟན་ཏེ། དེ་ལ་སྙིང་པོ་ཀུན་བསྡུས་པ་ནི་ཐབས་ཀྱི་བདག་ཉིད་དེ་རང་རིག་པའི་ཡེ་ཤེས་སོ།། ཆོས་ཀྱི ་གནས་ཞི་བ་ནི་ཤེས་རབ་ཀྱི་བདག་ཉིད་དེ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དོ།། རྡོ་རྗེ་རྣམ་པར་འཇོམས་པ་ནི་གཉིས་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ་དོན་མ་ནོར་བར་རྟོགས་པའི་རིག་པ་འབྱུང་བའོ།། འདི་ལྟ་བུའི ་བྱང་ཆུབ་ཀྱི་སེམས་ཀྱི་ཕུར་བུ་འདི་ནི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའོ།། ཞེས་བྱ་བའི་དོན་ཏོ།། ལེའུ་བཅུ་བཞི་པའོ།། །། ད་ནི་གཟུངས་ཀྱི་མཚན་ཉིད ་དང་། ལས་དང་བསྒྲུབ་པ་ཕྲ་མོ་ད་རྨིས་ལྟས་ཀྱི་མཚན་མ་ལ་སོགས་པ་སྟོན་པས་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུངས་ཀྱི་རིགས་བསྟན་པའི་ཕྱིར་སྨེ་ཤ་ཅན་ནི་མཐུ་ཆེན་གྱི།། ་བུ་མོ་ལོ་གྲངས་བཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྨེ་ཤ་ཅན་ནི་རིགས་ཀྱི་ཡུམ་དུ་འདོད་དེ་སྔོན་དུ་བརྗོད་པའི་མ་དང་སྲིང་མོ་བུ་མོ་ཞེས་བསྟན་པ་ལས་འདི་མར་ཤེས་པར་བྱའོ།། དེ་ལྟ་བུའི ་གཟུངས་མ་འདི་བྱིན་གྱིས་བརླབ་པར་བྱ་སྟེ། མཉམ་པའི་མཎྜལ་བདུད་རྩི་འཁྱིལ་པས་བྱིན་གྱིས་བརླབས་པའི་བདུད་རྩེ་ལྔས་སྐྱང་ནུལ་བྱས་ཏེ། དེར་བཞག་ལ་ཆོ་ག་ཚུལ་བཞིན་བྱས་ཏེ་གཉིས་སུ་མེད་པའི་སྦྱར ་བ་བསྟན་པའི་ཕྱིར་རྡོ་རྗེ་འཁྱིལ་པ་བསྒོམས་པ་ཡིས་ཞེས་བྱ་བ་ནས་ཕང་པར་བཞག་ནས་རྣམ་པར་བསྒོམ་ཞེས་གསུངས་པ་ཡིན་ནོ།། བྱིན་གྱིས་བརླབས་པ་ཡང་དཀྱིལ་འཁོར་ལྔའི་འཁོར་ལོ་ཡིས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སྔོན་དུ་བརྗོད་པ་བྱིན་གྱིས་བརླབ་པར་བྱའོ།། དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་སངས་རྒྱས་འོད་འདྲར་འགྱུར ་ཞེས་བྱ་བ་ཉིད་དུ་སྦྱར་རོ།། རྡོ་རྗེ་སེམས་སྦྱོར་བ་ཡིས།། བཙོ་དྲུག་མཁན་ནི་མཐུ་ཆེན་གྱི།། བུ་མོ་ཨུཏྤལ་མཐིང་ཁའི་མདོག་ཅེས་བྱ་བ་ནི་སྐྱེང་མ་སྟེ། འདི་ལས་ཤེས་རབ་ཀྱི་དབང་པོ་ཐོབ་པའི་སུམ་སྟེ། དེ་འབྲས་བུ ་ནི་རྡོ་རྗེ་འཛིན་ཆེན་པོ་ཡིན་པས་ཡོན་ཏན་ཡང་རྡོ་རྗེ་སེམས་དཔའི་འོད་འདྲར་འགྱུར། ཞེས་གསུངས།། རྒྱལ་པོ་ཆོས་རྣམས་ཀུན་དང་མཚུངས།། ཞེས་བྱ་བ་ལ་སོགས་པ་ནི་དེའི་ཡོན་ཏན་ཏེ་ཆོས་ཐམས་ཅད་ཀྱི་རང ་བཞིན་མི་དམིགས་པའི་ངོ་བོ་སྟེ་འདོད་པའི་དང་ཐར་པ་ཡང་རྒྱས་པར་བྱེད་དོ།། ཁ་ཅིག་ན་རེ་རྡོ་རྗེ་ཆོས་ཀྱི་ཡོན་ཏན་དུ་འདོད་དོ།། རྡོ་རྗེ་ཆོས་ནི་རབ་བསྒོམས་པོས།། གར་མཁན་བུ་མོ་རབ་མཛེས་ཤིང་།། གཞིན་བཟངས ་མིག་གི་དཀྱུས་རིང་བ། ཞེས་བྱ་བ་ནི་བུ་མོ་ཡིན་ཏེ་ཡུམ་འདི་ལས་ནི་གཞན་དག་ལ་དབང་བསྒྱུར་བའི་ཡུམ་བྱེད་པས་ཡོན་ཏན་ཡང་། འདི་ནི་རྡོ་རྗེ་ཆོས་ཀྱི་བདག། ས་བཅུ་ལ་ནི་གནས་པར་འགྱུར་ཞེས་པ་ཡིན་ནོ། ་ཞེའོ།། མདོར་ན་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པའི་ཡུམ་གསུམ་དང་། རྣལ་འབྱོར་པ་བདག་ཉིད་དབང་ནོད་ཅིང་གཞན་ལ་བསྐུར་བའི་ཡུམ་གསུམ་དང་། མ་དང་སྲིང་མོ་བུ་མོ་གསུམ་དང་སྐུ་གསུང ་ཐུགས་ཀྱི་ཡུམ་གསུམ་བདག་ཉིད་གཅིག་ཏུ་སྦྱར་བར་བྱའོ།། གཞན་ཡང་རིགས་རྣམ་པ་བཞི་གང་རྙེད་པ་ལས་ཀྱང་གཟུང་བ་བསྟན་པའི་ཕྱིར་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་ཞེས་བྱ་བ་ལ་སོགས་པ་གསུངས། ་པཱ་ཡིན་ནོ།། རྡོ་རྗེ་ཆོས་ཀྱིས་བསྒྲུབ་པར་བྱ་ཞེས་པ་ནི་འདི་དག་ཆོས་ཀྱིས་རིགསུ་བསྟན་པ་ཡིན་ཏེ། འོན་ཀྱང་འདྲ་རུ་ནི་རིགས་ཐམས་ཅད་འདུས་པར་ཤེས་པར་བྱའོ།། གཟུངས ་དག་བསྒྲུབ་པ་བརྩམ་པའི་དུས་ནི། རྡོ་རྗེ་ཉི་མ་ནུབ་ནས་ནི།། བསྒྲུབ་པ་ཀུན་ཏུ་བརྩམ་པར་བྱ།། སྐྱ་རེངས་འཆར་བའི་དུས་སུ་ནི།། སྒོམ་པ་མཆོག་གིས་གྲུབ་པར་འགྱུར་ཞེས་པ་གསུངས་ཏེ། འདིའི་ཚུལ་ནི་ཉི་མ ་ནུབ་ནས་བསྒྲུབ་པ་ལ་ཞུགས་ཏེ་ནམ་ཕྱེད་མན་ཆད་ན་རྟགས་ཆེན་པོ་འབྱུང་བར་འགྱུར་ཏེ། དེ་ནས་སྐྱ་རེངས་འཆར་བའི་དུས་སུ་དངོས་གྲུབ་བླང་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། འདི་ནི་བསྙེན་པས་རྟགས་ཕྱིན ་བའི་རྣལ་འབྱིར་པས་དངོས་གྲུབ་ལེན་པའི་དུས་བཤད་པ་ཡིན་ནོ།། འདིར་བླ་མའི་མུན་ངག་ནི་གོང་དུ་བསྟན་པའི་གཟུངས་དེ་ལྟ་བུ་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་དངོས་གྲུབ་བརྟག་པ་ཡིན་ཏེ། དེ་ལ་རྡོ་རྗེ་ནི ་གསང་བའི་རྡོ་རྗེའོ།། ཉི་མ་ནི་གསང་བའི་པདྨ་སྟེ། དེ་ལ་འདས་དེ་སྦྱོར་བ་ནི་རྡོ་རྗེ་ཉི་དཾ་མ་ནུབ་པ་ཞེས་བྱའོ།། བསྒྲུབ་པ་ཀུནྡ་ཏུ་བརྩམ་པར་བྱ་ཞེས་བྱ་བ་ནི་བསྐུལ་བསྐྱོད་ཀྱི་ཕྱག་རྒྱས་བྱང་ཆུབ་ཀྱི་སེམས་བདེ ་བའི་གནས་ནས་ཧཱུཾ་ཕཊ་ཞེས་བསྐུལ་བའོ།། སྐྱ་རེངས་འཆར་བའི་དུས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་ནས་བབོས་པའོ།། བསྒོམ་པ་མཆོག་ཞེས་བྱ་བ་ནི་སེམས་ནོར་བུའི་ནང་ན ་གནས་པ་ན་བདེ་བ་ཆེན་པོ་ཡེ་ཤེས་བརྟགས་པའོ།། འགྲུབ་པར་འགྱུར་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཉམསུ་ལྡན་པར་གྱུར་པའོ།། དེ་གང་ག་ཏིང་ངེ་འཛིན་གྱིས་འགྲུབ་པར་འགྱུར་ཞེ་ན། རྒྱན་རྣམས་ཐམས ་ཅད་ཡོངསུ་རྫོགས།། སྤོས་དང་མེ་ཏོགས་རྣམས་ཀྱིས་རྒྱན།། རྡོ་རྗེ་སེམས་དཔའ་མཆོག་བསྒོམས་ན།། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། དབང་པོ་གཉིས་ནི་སྦྱོར་བ་ཡིས། ཞེས་པ ་ནི་བདག་ཡབ་ཡུམ་སྦྱོར་བའོ།། སྦྱོར་བ་ཐམས་ཅད་བརྩམ་པར་བྱ་བ་ནི་དེའི་ཏིང་ངེ་འཛིན་ཏེ་ཆོས་ཐམས་ཅད་ནི་ཐིབས་དང་ཤེས་རབ་ཀྱི་བདག་ཏུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ།། དེ་དག་ནི་ཐབས་དང་ཤེས་རབ་ཀྱི་སྒོ ་ནས་བསྒྲུབ་པ་ཡིན་ཏོ་དེ་ཡང་རིགས་སོ་སོའི་གཟུངས་བསྟན་པའི་ཞར་ལ་བཤད་པ་ཡིན་ནོ་ཞེའོ།། རྡོ་རྗེ་ཅན་གྱི་གྲུབ་འདོད་ན།། བཤང་གཅི་དམ་ཚིག་བཟའ་བོར་བྱ།། ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་རྣམ་པ་ལྔ་བ ་བ་བསྟན་ཏེ། དེ་དག་ཀྱང་ཐབས་དང་ཤེས་རབ་དང་འབྲེལ་པའི་བདུད་རྩིས་རབ་ཏུ་འགྲུབ་པ་བསྟན་པའི་ཕྱིར། བཤང་གཅིའི་དམ་ཚིག་ལ་སོགས་པས།། བབ་ངོ་བོ་གཉིས་ནི་སྦྱོར་བ་ཡིས།། སངས་རྒྱས་བྱང་ཆུབ་གནས ་ཞི་བ།། དེ་ཉིད་བླ་ན་མེད་པ་འགྲུབ་ཅེས་གསུངས་པ་ཡིན་ནོ།། ད་ནི་དྲག་པོའི་ལས་ལ་སོགས་པ་བསྟན་པོས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལས་འདི་དག་བྱེད་པའི་ཚེ་ཁྲོ་བོ་གང་ཡང་རུང་བས་གཙོ ་བོ་བྱས་པ་འམ་ཞེ་སྡང་རྡོ་རྗེ་བྱས་ཀྱང་རུང་སྟེ། ཁྲོ་བོ་བཅུའི་དཀྱིལ་འཁོར་བསྒོམས་ནས་འོག་ནས་འབྱུང་བའི་ལས་རྣམས་ལ་སྦྱར་རོ།། ཞེས་ཤེས་པར་བྱའོ།། དེ་ལ་འདིར་གཽ་ཤིན་རྗེ་གཽ་ཤོད་ཀྱིས ་བུ་མོ་འགུགས་པ་བསྟན་ཏེ། གཤིན་རྗེ་གཤེད་ཀྱི་སྦྱར་བ་དང་ལྡན་པས་ཐབ་ཁུང་གྲུ་གསུམ་བྱས་ཏེ་ཚེར་མའི་ཤིང་ལ་མེ་སྦར་ནས་དུག་དང་མའི་ཁྲག་དང་ལེན་ཚྭ་དང་སྐེ་ཚེ་ལ་སོགས་པ་གདུག་པའི་རྫས་རྣམས་ལ་སེམས་ཁྲོས ་པ་དང་བཅས་པས་ཉི་མ་གུང་ངམ་ནམ་ཕྱེད་ན་བསྲེག་པོར་བྱ་སྟེ། ཨོཾ་ཧྲཱིཿཥྚི་བི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲུ་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་བུ་མོ་ཆེ་གེ་མོ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བསྲེག་ཅིང་ཉི་མ་གསུམ་དུ་ལས་འདི་བྱས ་ན། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་བུ་མོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། བཅུ་བཞི་འམ་ཡང་ན་ཚེས་བརྒྱད་ལ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པའི་རྫས་བསྟན་པ་ཡིན་ཏེ་སྔོན་དུ་བསྟན་པ་ལྟར་བཅུ ་བཞི་འམ་ཚེས་བརྒྱད་ལ་དུར་ཁྲོད་ཀྱི་སེལ་བ་བླངས་ལ་ཆོ་ག་བཞིན་དུ་བྱས་ཏེ་ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་སྟེ་གསང་སྔགས་བཟླས་པ་བྱས་ནས། དེ་ནས་གདུལ་བྱའི་མང་ལ་སོགས་པ་བྲིས་ན་གདུལ་བྱ་འདུལ ་བར་འགྱུར་བ་གདོན་མི་ཟའོ།། སྔགས་ཤེས་པས་ནི་བསྒོམས་ན་གང་ཡང་རུང་བའི་རི་མོ་བྲི་ཞེས་བྱ་བ་ནི་སྔོན་དུ་བསྟན་པ་བཞིན་ནོ།། ཐོ་བ་བཞི་པ་ལ་བསྒོམས་ནས་ཞེས་བྱ་བ་ནི་བདག་ཁྲོ་བོའི་ཏིང་ངེ་འཛིན་དུ་གནས་པ་ལས ་སྤྲུལ་པ་ཐོ་བ་ཞོགས་པ་མང་པོ་བྱུང་སྟེ་གང་ལ་བྱ་བའི་གཟུགས་བརྙན་ལ་བརྡེག་པར་བསྒོམས་ན་འདི་ཡིས་འདུལ་བར་འགྱུར་བས་སྦྱོར་བ་དག་གིས་ངེས་པར་ལྟུང་ཞེས་སོ།། སྦྱོར་བ་གཞན་གསུངས་པ། ཧཱུཾ་ནི་རབ་ཏུ་འབར ་དང་བཅས།། ཞེས་པ་སྟེ། འདིའི་སྦྱོར་བ་ནི་ཁྲོ་བོའི་སྦྱོར་བས་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ལག་ན་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་ཐོགས་པས་བསྒྲུབ་བྱ་གཞིག་པར་བསམས་ན་འགྲུབ་བོ།། གཞན་ཡང་རྡོ་རྒྱུས་སོལ་བ་ལ་སོགས་པས ་སྐྱེས་པ་འམ་བུད་མེད་ཀྱི་གཟུགས་བྲིས་ལ་ཞེས་བྱ་བས་ལི་ག་བྱས་ཏེ། བདག་གི་སྤྲུལ་པ་ལག་ན་སྟ་རེ་ཐོག་པ་རྣམས་ཀྱིས་ལི་ག་ལ་བསྟིམས་པའི་བསྒྲུབ་བྱའི་མིད་པ་བཅད་པར་བསྒོམས་ན་གང་ཡང་རུང་སྟེ་སྣང་པ་འམ་འཆི ་བར་འགྱུར་རོ།། ལས་ཀྱི་རྡོ་རྗེ་རབ་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་མནན་པའི་ལས་ཡིན་ཏེ། འདི་ནི་འོག་གི་རླུང་དང་ཆར་པ་བཅད་པ་ལ་སྦྱར་བར་བྱའོ།། འདིའི་སྦྱོར་བ་ནི་བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་དུ་ཞུགས་ནས་རླུང ་ངམ་ཆར་བ་ཡང་རུང་སྟེ་གང་ཡང་རུང་བའི་མངོན་དུ་བསམས་ཏེ། དེའི་སྟེང་དུ་ལས་ཀྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པའི་དབུས་ན་རྡོ་རྗེ་འགྲེང་བུས་མཚན་པ་བསམས་ནས་གདུག་པའི་སྒྲ་ཨ་མཱཾ་ཏཱ་ཀུཎྜ་ལི་དྲན་པར་བྱས་ན་སངས ་རྒྱས་ཀྱི་སྤྲུལ་པའང་འཇིག་ན་གཞན་ལྟ་ཅི་སྨོས། ད་ནི་གོང་དུ་སྨོས་པའི་གཟུངས་དང་གཉིས་སུ་མེད་པའི་སྦྱོར་བའི་མཚན་ཉིད་དང་། བྱང་ཆུབ་ཀྱི་སེམས་སྤོ་ཞིང་བྱིན་གྱིས་བརླབ་པའི་ཡི་གེ་རྣམས་སྟོན་པས་དེ་ལ་སྔགས ་འདི་ནི་ཐམས་ཅད་ཀྱིས་གསང་པོའི་སྙིང་པོའོ།། ཕཊ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི་བདག་གཙོ་བོ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་དེ། མཁའ་གསད་རྣམ་པ་གཉིས ་བྱིན་གྱིས་བརླབས་པའི་ཚེ་རྡོ་རྗེའི་བུ་གུའི་ནང་ན་བྱང་ཆུབ་ཀྱི་སེམས་སྤྲོ་བའི་ཕཊ་ནག་པོ་ཡོད་པའོ།། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས།། དབུས་སུ་གཟུགས་ནི་བསྒོམ་པོར་བྱ་ཞེས་བྱ་བ་ནི་བདག་ཉིད་ཡེ་ཤེས་སེམས་དཔའ ་དང་ལྡན་པའི་གཙོ་བོར་བསྐྱེད་པའོ།། སྔགས་ཤེས་པས་ནི་གནས་བཞི་རུ། བུད་མེད་རྟག་ཏུ་བཞག་པར་བྱ་ཞེས་བྱ་བ་ནི་མཚམས་ཀྱི་ལྷ་མོ་བཤེས་གཉེན་མ་བཞི་རྟག་ཏུ་གནས་པ་ཉིད་དོ།། རྒྱུན་རྣམས་ཐམས་ཅད་ཡོངས ་སུ་རྫོགས།། མཚན་རྣམོས་ཐམས་ཅད་ཀྱིས་ནི་མཚན་ཞེས་བྱ་བ་ནི་ལྷ་མོའི་ཡོན་ཏན་ནོ།། པདྨ་རབ་ཏུ་རྒྱས་བྱས་ནས།། སྔགས་ནི་རྣམ་པར་བསྒོམ་པར་བྱ།། ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་གིས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པར་བྱའོ།། ་རང་ལུས་ངག་སེམས་རྡོ་རྗེ་ལ།། ཕབ་ན་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བབས་པའི་ཡོན་ཏན་ནོ།། ཁ་ཅིག་ན་རེ་བདག་ཡེ་ཤེས་སྦྱོར་བ་དང་ལྡན་པའི་མཚན་ཐམས་ཅད་ཡོངསུ་རྫོགས་པའི་བུད་མེད ་བཞི་རྒྱན་གྱིས་བརྒྱན་ཏེ་ཡུམ་བཞིར་བྱིན་གྱིས་བརླབས་ནས་ཕྱོག་བཞིར་བཞག་སྟེ་གཉིས་སུ་མེད་པའི་སྦྱོར་བས་པདྨ་རྒྱས་པར་བྱས་ནས། ཧཱུཾ་ཞེས་བྱང་ཆུབ་ཀྱི་སེམས་དབབ་ཅིང་ཕཊ་ཞེས་པས་བྱང་ཆུབ་ཀྱི་སེམས་སྤྲོ་བར ་བྱའོ་ཞེའོ།། བཞིན་བཟངས་ཕན་པར་འདོད་པ་ཡི།། བུད་མེད་རྙེད་ནས་ཆོ་ག་བཞིན།། དབེན་པར་མཆོད་པ་བརྩམ་པར་བྱ།། ཞེས་བྱ་བ་ནི་གོང་དུ་བསྟན་པའི་གསང་བའི་སྦྱོར་བ་དེ་ཚུལ་འདི་ལྟ་བུར་བྱས་ཏེ། གསང་བ་བྱང ་ཆུབ་ཀྱི་སེམས་སངས་རྒྱས་འདུས་པའི་བདག་ཉིད་དམ་རང་གི་རིགས་ཀྱི་སྦྱོར་བས་འཐུངས་ཏེ་རྣམ་པར་མི་རྟོག་པར་བྱས་ན་ཇི་སྐད་བསྟན་པ་བཞིན་དུ་འགྱུར་རོ།། བཤང་བ་འམ་ཡང་ན་འབྲས་ཚོན་ནམ། ཤ་དག་ཀྱང ་ནི་གཞུག་པར་བྱ།། ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་རི་ལུ་བསྒྲུབ་པའི་ཆོ་ག་ལྷག་མ་བསྟན་ཏེ། འདིའི་སྦྱོར་བ་ནི་བཤང་བ་དང་འབྲས་ཆན་བྱང་ཆུབ་ཀྱི་སེམས་དང་ཤ་རྣམ་པ་ལྔ་དག་ལས་རང་གི་རིགས་ཀྱི་ཤ ་གཅིག་དང་། དེ་རྣམས་བསྲེས་ཏེ་རི་ལུ་བྱ་ཡང་ན་བཤང་བ་ནི་བདུད་རྩི་རྣམ་པ་ལྔ་སྟེ། དེ་དག་དང་འབྲས་ཆེན་ཉིད་དང་། རིགས་ཀྱི་ཤ་གང་ཡང་རུང་བ་ཞིག་དང་བདུན་དུ་སྦྱར་ཏེ་རི་ལུ་བྱས་ལ་དེ་བྷ་གར་བཞག ་ཏེ་བསྒོམས་ནས་མཚན་མ་ཐོབ་པར་སྦྱར་བ་བྱས་ཏེ་བྱང་ཆུབ་ཀྱི་སེམས་དང་བཅས་ཏེ་ཟོས་ན་སངས་རྒྱས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ།། གཞན་གསུངས་པ། གསང་བ་ཆོ་ག་བཞིན་བླངས་ལ།། ཁམ་པོར་སྦྱར ་མར་བཞག་པར་བྱ། ཞེས་བྱ་བ་གསུངས་པ་སྟེ། འདིའི་སྦྱོར་བ་ནི་བཤང་བ་དང་མར་ཁུ་སྦྱར་ཏེ་བན་དའི་འཛག་ཕོར་ཅིག་ཏུ་བླུག་ལ། འོག་ཏུ་བན་ད་བཟང་པོ་ཞིག་ཟེད་དེ། དེ་ལ་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ནས ་ཟོས་ན་མི་སྣང་བར་འགྱུར་རོ།། དེ་བཞིན་དུ་མི་སྣང་བའི་ཐབས་འདི་དག་ཀུན་ཀྱང་འདི་ལྟ་བུའི་སྦྱོར་བས་བྱིན་གྱིས་བརླབས་ཏེ་མཚན་མ་ཐོབ་པ་དང་ཟོས་ན་མོ་སྣང་བར་འགྱུར་རོ།། ཞེས་བྱ་བར་སྦྱོར།། ། ་ཁ་ཅིག་འདོད་པ་ནི་བཤད་བ་ཞེས་འབྱུང་བ་དང་། བདུད་རྩི་རྣམ་པ་ལྔ་ཆང་བཻ་ཡིན་ཏེ། འདི་ཤ་རྣམ་པ་ལྔ་རེ་རེར་སྦྱར་ཏེ་རྀ་ལུ་བྱའོ་ཞེས་འདོད་དོ།། གླ་བུར་ཙན་དྲན་སྦྱར་བ་ཡི།། རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་པདྨ་རཀྟ་སྦྱར་བའོ།། རྣམ་གཅིག་ཏུ་ཙན་དན་ནི་བཤང་བ་ཡིན་ཏེ་དེ་ལ་རི་ལུ་བྱཾའོ།། ཁ་ཙོག་ནི་ག་པུར་ཙན་ངན་ཉིད་དུ་འདོད་དོ།། གི་ཝང་ཨ་ཀ་རུ་སྦྱར་བའི།། རི་ལུ་ལྕགས་གསུམ ་གྱིས་དཀྲིས་པོ།། ཀྵེ་ཞེས་བྱ་བ་ནི་བཤད་པོ་དང་དྲི་ཆུར་སྦྱར་བའོ།། ག་བུར་གུ་ཀུམ་སྦྱར་བ་ཡིས།། ཞེས་བྱ་བ་ནི་བཤེང་བ་དང་ཁུ་བར་སྦྱར་བའོ།། ཁ་ཅིག་ནི་འདི་དག་དངོས་བཞིན་དུ་འདོད་དེ་ཇི་ལྟར་ཡང་འགལ་བ་མ ་ཡིན་ནོ།། དེ་ལྟ་བུའི་སྒྲུབ་པོ་དེ་དག་ཀྱང་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ནམ་རང་གི་རིགས་ཀྱི་ལྷའི་ཏིང་ངེ་འཛིན་གྱིས་བྱ་བར་བསྟན་པའི་ཕྱིར། རྡོ་རྗེ་འཛིན་པ་འམ་གང་ཡང་རུང་།། ཕྱག་རྒྱ་ཆེན་པོར་བྱིན་བརླབས་ན། དེ་ནི་དཔལ་དང ་ལྡན་པ་ཡིས། སངས་རྒྱས་འོད་དང་འདྲེ་བར་འགྱུར་ཞེས་གསུང་སོ།། དེ་ཉིད་ཀྱི་ཡོན་ཏན་ནི་འདོད་ཁམས་པའི་བུ་མོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་བུ་མོ་དག་ལ་འདོད་པ་སྤྱོད་པར་འགྱུར་རོ།། དེ་ནས་དེ ་བཞིན་གཤེགས་པ་ཐམས་ཅད་དོན་དོ་ལ་མཉེས་པར་གྱུར་ནས་ངོ་མཚར་གྱིས་ཚིག་གསུངས་པ་ནི། ཨེ་མའོ་རབ་ཏུ་ངོ་མཚར་ཆེ། ཞེས་བྱ་བ་ལ་སོགས་པ་སྟེ། མི་གཙང་བའི་རྫས་རྣམས་ཀྱང་དངོས་གྲུབ་ཀྱི་རྒྱུར་གྱུར་པ་ངོ་བོ་ཉིད་ཀྱིས་དག ་པར་གསུངས་པ་ངོ་མཚར་རོ་ཞེས་སོ།། ད་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རང་གི་རིགས་ཀྱིས་ཕྱག་རྒྱས་རྒྱས་གདབ་པ་བསྟན་པའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལཾཥྛསངས་རྒྱས་རྡོ ་ཅན་རྣམས་ཀུན།། རྡོ་རྗེའི་སྦྱར་བས་མཉེས་པར་འགྱུར།། ཞེས་བྱ་བ་ནི་རིགས་ལྔ་སངས་རྒྱས་ལོ་རྡོ་རྗེ་འཛིན་པའི་དབུ་རྒྱན་བྱས་ན་དེ་དག་མཉེས་པར་འགྱུར་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་རྡོ་རྗེ་རབ་དབྱེ་བས།། རྡོ་རྗེ་འཛིན་རྣམས ་མཉེས་པར་འགྱུར། ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་རིགས་ལྔའི་དབྱེ་བ་ཞིག་གིས་དབུ་རྒྱན་བྱས་པ་སྟེ། དེ་ལ་རྡོ་རྗེ་འཛིན་པ་ནི་རྒྱུ་ཡིན་ལ་རིགས་ལྔ་ནི་དེ་ཞུ་བ་ལས་བསྐྱེད་པའི་ཕྱིར་འབྲས་བུ་ཡིན་ཏེ། དེ་དག་ཕན་ཚུན་གདབ་པ་ནི་འདི་སྐད ་དུ། རྒྱུ་ལས་འབྲས་བུས་རྒྱས་གངབ་ཅིང་།། འབྲས་བུ་ལ་ཡང་རྒྱུས་རྒྱས་གང་བ་ཅེས་གསུངས་པ་ཡིན་ནོ།། རྡོ་རྗེ་ཅན་གྱི་གཟུགས་ལ་སོགས།། གཙུག་ཏོར་མཉོས་པར་བྱེད་པ་ཡིན་ཞེས་བྱ་བ་ནི་རིགས་ལྔའི་དབྱེ་བ་དེ་ནི་རྡོ་རྗེ་འཛིན ་མཉེས་པར་བྱེད་པར་མ་ཟད་ཀྱི་རྡོ་རྗེ་ཅན་གྱི་གཟུགས་ལ་སོགས་ཏེ། ལྷ་མོ་ཐམས་ཅད་ཀྱི་གཙུག་ཏོར་ཏུ་ཡང་མཚན་ཞིང་མཉེས་པར་བྱེད་པ་ཡིན་ནོ་ཞེས་པའོ།། ཁྲོ་བོ་རྣམས་ལས་དེ་མཆོག་སྟེ། ཞེས་པ་ནི་ཁྲོ་བོ་བསྒོམ་པ ་རྣམས་ལས་རིགས་ལྔ་པོ་དེས་དབུ་བརྒྱན་ཞིང་མཚན་པ་ནི་མཆོག་ཡིན་ཏེ། ཇི་སྐད་དུ། བསམ་མེད་གཞན་གྱི་དངོས་གྲུབ་ནི།། བསྐལ་པ་བྱེ་བར་ཡོངས་མི་འགྱུར།། ཞེས་པའི་ཕྱིར་རོ།། དེས་ནི་དཀྱིལ ་འཁོར་གྱི་ལྷ་རྣམས་ཀྱི་རྒྱས་གདབ་པའི་མཚན་ཉིད་བསྟན་ཏོ།། ད་ནི་ལས་ཕྲན་ཚེགས་ཀྱིས་རྒྱས་བཏབ་པའི་མཚན་ཉིད་བསྟན་ཏེ། རིག་པའི་རྒྱལ་པོ་ཆོས་མཆོག་རྣམས།། དཀོན་མཆོག་དཔལ་ནི་རྣམ་པར་བསྒོམ།། ཞེས་བྱ ་བ་ནི་རིག་འཛིན་བསྒྲུབ་པ་དག་ལ་དཀོན་མཆོག་དཔལ་གྱིས་བྱའོ།། རིག་པའི་རྒྱལ་མོ་སྦྱོར་བ་ལ།། ཚེ་དཔག་མེད་པར་རབ་ཏུ་བསྒོམ། ཞེས་བྱ་བ་ནི་ལྷ་མོ་བསྒྲུབ་པ་དག་ལ་ཚེ་དཔག་མེད་ཀྱིས་བྱའོ།། ཐམས་ཅད་ལས ་བྱེད་སྔགས་རྣམས་ལ།། གདོན་མི་ཟ་བའི་བཀའ་བསྒོའོ།། ཞེས་བྱ་བ་ནི་བྲན་རྣམས་ལ་གདོན་མི་ཟ་བས་སོ།། སྔགས་རྣམས་ཐམས་ཅད་ཉིད་ལ་ནི།། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།། ཞེས་བྱ་བ་ནི་གོང་དུ་རྒྱས་བཏབ ་པ་གསལ་བར་སྨོས་པའི་ལྷ་རྣམས་ལ་རྡོ་རྗེ་སེམས་དཔའ་མཚན་པར་བྱའོ།། གནོད་སྦྱིན་མ་ཡི་སྔགས་རྒྱུད་ལ།། གཤིན་རྗེ་གཤེད་ནི་བརྟགས་པར་བྱ།། ཞེས་བྱ་བ་ནི་གནོད་སྦྱིན་མ་བསྒྲུབ་པའི་དུས་ལ་སོགས་པར་རོ།། ་དེ་ལྟར་ན། སྔགས་རྣམས་ཐམས་ཅད་ཉིད་ལ་ནི།། སྤྱི་བོ་ནས་ནི་བསྐུལ་པོ་ཤིས། ཞེས་གསུངས་པ་སྟེ། ཀུན་ཀྱང་རྒྱས་བཏབ་ཅིང་མཚོན་ན་མི་འདའ་བོའི་ཕྱིར་དེ་ཉིད་ཀྱིས་ན། བསམ་གཏན་འཁོར་ལོ་འདི་ཡིས་ནི།། སྔགས ་གཉིས་པ་དང་དཀྱིལ་འཁོར་དག། བསྒྲུབ་པ་ལ་ནི་དེ་གསུངས་ཏེ།། དམ་ཚིག་ཆེན་པོ་སྟོན་པའོ།། ཞེས་གསུངས་སོ།། ང་ནི་དབབ་པའི་ལས་བསྟན་ཏེ། ང་ཡང་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱེད་དུ་གཞུག་པ་བྱ་བའི་ཕྱིར ་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རི་རྩ་ཉམས་ནི་དགའ་བ་དང་། ཞེས་བྱ་བས་གནས་བསྟན་ཏོ།། སྔགས་ཟློས་པ་ཡི་སྦྱོར་བ་ཡིས།། ཞེས་བྱ་བ་ནི་བསྐུལ་བའི་ཐབས་བསྟན་ཏེ། འོག་ནས ་འབྱུང་བའི་ཧཱུཾ་ཧ་ཨཿཛྷཻཿཞེས་བྱ་བའི་སྔགས་ཀྱིས་བསྐུལ་ན། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ལས་ལ་སྦྱོར་བར་འགྱུར་རོ།། རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ།། པདྨ་རི་གའི་འོད་འདྲ་བ་ཅེས་བྱ་བ་ལ་སོགས ་པས་ནི་དབདི་སྣོད་བྱིན་གྱིས་བརླབ་པ་བསྟན་ཏེ། འདི་ལྟར་འོག་ནས་འཐུང་བའི་དང་བ་སྣོད་རྡོ་རྗེ་ཆོས་སུ་བསྒོམས་ཏེ། དེའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་གསུམ་བཀང་དེ་དབང་པར་བྱས་ན་གདོན་མི ་བར་གྲུབ་པོ་ཞེས་བྱ་བའི་དོན་ཏོ།། དབབ་པར་བྱ་བ་གང་ཞིག་ཅེ་ན། ས་བློའི་རིགས་ཆེན་བསྐུལ་བ་དང་།། འཕགས་པའི་བཞི་པོ་དག་ཀྱང་ནི་ཞེས་སྨོས་ཏེ། ས་བླའི་ལྷའི་བུ་ཁྱད་པར་དུ་འཕགས་པ་མངོན་ཤེས་དང་རྫུ་འཕྲུལ ་དང་ལྡན་པ་དག་གོ་མ་རིགས་བཞིའི་པགས་པ་དག་ཀྱང་རུང་སྟེ་འདི་དག་དབབ་པར་བྱའོ།། དབབ་སྣོད་གང་ལ་བྱ་ན་ན། བུ་མོ་ལོ་གྲངས་བཅུ་གཉིས་མ་འམ། ལོ་གྲངས་བཅུ་གཉིས་ལོན་པའི་ཁྱེའུ་ཞེས་བྱ་བ་གསུངས་ཏེ།། ་འདི་དག་ལ་ཁྲུས་ལ་སོགས་པའི་ཆོ་གས་ལེགས་པར་དབབ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། རྣམ་པ་གཞན་དུ་བྱས་ན་ནི།། ཁམས་གསུམ་སྐྱེ་བོས་དཔྱས་པར་འགྱུར་ཞེས་བྱ་བ་ནི་ལས་འདི ་ངག་ལེགས་པར་མ་བྱས་ན་སྐྱེ་བོའི་དཔྱས་པར་འགྱུར་བའོ།། ཁ་ཅིག་ན་རེ་ལས་གང་བྱེད་ཀྱང་པྲོ་ཕབ་ནས་མ་བྱས་ན་ལས་མ་གྲུབ་པ་དང་དཔྱས་པར་འགྱུརརོ་ཞེའོ།། གང་གིས་བ་སྐུལ་ཞེ་ནོ། ཧཱུཾ་ཧཱ་ཨཱཿཛྙེཿཞེས་གསུངས་ཏེ། ་འདིས་ནི་ནམ་མཁའ་ཕེབས་པར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ།། སྙིང་པོ་དྲི་དག་གང་དང་གང་གི་ཡིན་ཞེ་ན། ཧཱུཾ་ནི་རྡོ་རྗེ་སེམས་དཔའི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུ་གསུང་ཐུགས་བསྐུལ་བའི་བདག ་ཉིད་དུ་བཤད་དོ།། དེ་ལྟར་བསྐུལ་བའི་ཕེབས་པ་དང་འགུལ་བ་དང་འཕར་བར་འགྱུརརོ་ཞེས་པ་པའི་དོན་ཏོ།། དེ་ལ་དབབ་པ་ལ་སོགས་པའི་ལས་ཕྲན་ཚེགས་འདི་དག་ལས་ལ་སྦྱར་བ་ཙམ་གྱིས་འགྲུབ་པ་དང་དབང་བསྐུར་མ ་ཐག་ཏུ་སློབ་མ་ལ་མི་རྟོགས་པའི་ཡེ་ཤེས་སྐྱེ་བ་ནི་བླ་མ་ཡེ་ཤེས་འགའ་ལ་དབང་ཐོབ་པས་སྦྱར་བ་ཡིན་པར་སྦྱར་རོ།། དེ་ལ་འདིའི་སྦྱོར་བ་ནི་དབབ་སྣོད་རྡོ་རྗེ་ཆོས་སུ་བསྒོམས་པའི་ལུས་ལ་སྐུ་གསུང་ཐུགས་ཀྱི་བཀོད་དེ། དེ་ལ་སྙིང ་གར་ཧཱུཾ་རླུང་གི་ངོ་བོ་ཉིད་བསྒོམ་མོ།། འགྲིན་པར་ཨཱཿཆུའི་ངོ་བོ་ཉིད་བསྒོམ། སྤྱི་བོར་ཧ་སའི་ངོ་བོ་ཉིད་བསྒོམ།། རྐང་མཐིལ་ཛྙེཿམེའི་ངོ་བོ་བསྒོམས་ནས། གསང་སྔགས་དེ་ཉིད་ཀྱིས་བསྐུལ་ནས་དབབ་སྣོད་གཡོ་བ་དང་འཕར་བར ་འགྱུར་ཏེ། དེ་ནས་དེ་བཞིན་བཟུང་སྟེ་དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་བཅོལ་བ་དང་དགོངས་པ་བྲི་བ་ལ་སོགས་པ་བྱས་ཏེ། དེ་ནས་མཉེས་པར་བྱ་བ་དང་བཟོད་པར་གསོལ་བ་བྱས་ནས་དེ་ནས་པྲ་གསང་བའི་ཆོ་ག་བྱས ་ནས་དབབ་སྣོད་ལ་དབང་བསྐུར་ཏེ་བཞག་གོ།། ད་ནི་གདུག་པ་གཞིག་པའི་ལས་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ། རྩེ་གཅིག་མ་གྱུར་པ་ཡིས་ཀྱང་།། བརྟུལ ་བཞུགས་བརྟེན་པས་འདི་དག་བྱ།། ལས་རྣམས་གཞན་དུ་མི་བྱ་བ།། གདུག་པ་ཐམས་ཅད་གཞིག་པའོ།། ཞེས་བྱ་བ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་མེད་པ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ལ་བརྟེན་པའི་ཕྱི་རོལ་རྫས་ཀྱི་སྦྱོར ་བའི་སྒོ་ནས་གདུག་པ་གཞིག་པོ་འདི་དག་ནི་བྱ་ལ་བྱ་བ་མ་ཡིན་པོ་ནི་བསམ་གཏན་གྱི་སྒོ་ནས་གདུག་པ་གཞིག་པ་ལ་སོགས་པ་ཐབས་ཀྱི་སྦྱོར་བ་མཐའ་དག་མི་བྱ་སྟེ་མི་འགྲུབ་པའི་ཕྱིར་རོ།། ཁ་ཅིག་ན་ར་འདི་དག་བྱ་ཞེས་བྱ། ་བ་ནི་དབབ་པ་ལ་སོགས་པའི་ལས་ཡིན་ལ་མི་བྱ་བ་ནི་མན་ཆད་གྱི་གདུག་པ་གཞིག་པ་ཀུན་ཡིན་ཏེ་མི་རྟོག་པའི་ཕྱིར་ཡིན་ནོ་ཞེས་ཟེར་རོ།། དེ་ལ་དགྲའི་གཟུགས་བརྙན་བྱས་ནས་ནཽ་ཞེས་བྱ་བ་ནི་ཐལ་བ་ལས་ལི་གོ་བྱས་ཏོ།། ་གནས་དུར་ཁྲོད་དུ་སོང་ནས་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བ་ལྡན་པས་སྐྲ་བཤིག་ཅེར་བུར་ཕུད་དེ། ཁྲོ་བོའི་གསང་སྔགས་སྟོང་རྩ་བརྒྱད་བཟླས་ན་འཆི་བ་གདོན་མི་ཟའོ།། དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ་ཞེས ་བྱ་བ་ལ་སོགས་པས་ནི་སྦྱིན་སྲེག་བསྟན་པ་ཡིན་ཏེ་གཤིན་རྗེ་གཤེད་ཀྱི་སྦྱོར་བས་བ་ལང་ཤ་ལ་སོགས་པ་བསྲེག་ཅིང་། ཨོཾ་ཧྲཱིཿཥྚྲཱི་ཞེས་བྱ་བའི་སྔགས་ཀྱིས་སྦྱར་ནས་འགྲུབ་པར་འགྱུར་རོ།། ་ཤ་ཆན་གྱིས་ཞེས་བྱ་བ་ལའང་དེ་བཞིན་ཏུ་སྦྱར་རོ།། དགྲོ་བོའི་གཟུགས་བརྙན་བྱས་ནས་ནཱི།། བཤང་གཙོ་དག་གི་ཆོས་མཆོག་གིས་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་རོ།། དགྲ་བོའི་གཟུགས་བརྙན་བྱས་ན་ནི།། ་ཆུ་བོ་འབབ་པའི་འགྲམ་གཉིས་སུ་ཞེས་བྱ་བོ་ལ་སོགས་པ་ནི་ལི་ག་གཟིར་བའི་ཐབས་ཡིན་ཏེ། འདིའི་སྦྱོར་བ་ནི་ཆུ་འགྲམ་གྱི་ས་ལས་ལི་གོ་བྱས་ཏེ། གདུག་པ་ལས་བྱུང་བའི་ཚེར་མ་འམ་ཡང་ན་སྦྲུལ་གདུག་པའི་རུས ་པའི་ཚེར་མས་ལཾ་ག་ལ་གསིབ་ཅིང་ཨོཾ་ཧྲཱིཿགྷཱི་ཞེས་པའི་སྔགས་བསྐུལ་ཚིག་དང་བཅས་པས་ལི་ག་ལྀ་ཏྲི་ལ་འབྲུ་ཙམྲ་ཡང་མ་ལུས་པ་དག་པར་བྱའོ།། ཞེས་སོ།། སྐེ་ཚེ་ལན་ཚྭ་ཞེས་པ་ནི་དྲག་པོ་སྤྱིའི་རྫས་ཏེ། དེ་དག ་ལ་སོགས་པ་གཞན་ནི་གོ་སླའོ།། ད་ནི་ལིས་ཐམས་ཅད་པའི་སྔགས་ཀྱིས་སྦྱར་བའི་ལས་བསྟན་པའི་ཕྱིར་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྔགས་ཀྱི་ཕྲེང་བ་འདི་ནི་ལས་ཐམས་ཅད་པའི་ཡིན ་པའི་ཕྱིར་ཀུན་ཏུ་ཡང་བཟླ་བར་བྱའོ།། དེ་ཉིད་ཀྱི་ཡོན་ཏན་ནི་ས་བླང་བ་འམ་ལྡན་བསམ་གཏན་པ་ཞེས་གསུངས་ཏེ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷ་དག་ཏེ་དེ་དག་ཀྱང་འཇིག་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ་རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། ཞེས་བྱ་བ་ནས་འུག་པ་བྱ་རོག་བྱ་རྒོད་དང་།། རིང་དུ་སྒྲ་འབྱིན་ཝ་རྣམས་ཀྱིས་ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཁྲོ་བོའི་སྤྲུལ་པའི་ཆ་ལུགས་སུ་སྦྱར་བར་བྱའོ།། སྦྲུལ་ནག་རབ་ཏུ་བོ་ནཽ། ཞེས་བྱ་བ་ལ ་སོགས་པ་ནི་དུག་བསྐུལ་བའི་ཆོ་ག་ཡིན་ཏེ། འདི་ནི་སྦྲུལ་རབ་ཏུ་གདུག་པ་བསྒྲུབ་བྱའི་དཔྲལ་བར་བསམས་ན་འཛག་པར་འགྱུར་བའི་དོན་ཏོ།། ཁ་ཅིག་ན་རོ་དུག་ནང་ན་བའི་དཔྲལ་བར་སྦྲུལ་བྲིས་ཏེ། མདུན་དུ་དགྲའི་ལཾ་ག་ཞིག་བྱས་ལ་སྦུ ་དེའི་ཁས་ནང་པའི་དུག་ཐམ་ཅད་བསྡུས་ནས་གནས་པ་ལ་སྔགས་པའི་ལག་པས་སྦྲུལ་དང་བཅས་པར་བྱབས་ཏེ། མདུན་གྱི་ལི་ག་ལ་བསྟིམ་ན་དུག་གིས་ཟིན་པར་འགྱུར་རོ་ཞེའོ།། ཐོ་བ་དང་སྟ་རེ་ལ་སོགས་པ་ནི་སྤྲུལ་པའི་ལག་ན ་ཐོགས་པར་སྦྱར་རོ།། བསྲུང་བ་ལ་སོགས་སྔགས་རྣམས་དང་།། ལྷ་རྣམས་ཀྱང་ནི་གནོད་པར་བྱེད།། ཅེས་བྱ་བ་ནི་དགྲ་བོ་བསྲུང་བའི་སྔགས་པ་དང་ལྷ་ཡང་འཆི་བར་འགྱུར་རོ།། རྡོ་རྗེ་ཕུང་པོས་ཇི་ཙམ་དུ་ཞེས་པ་ལ་སོགས་པ་ནི་ཕུང་པོའི ་ཚོགས་སུ་གནོས་པའི་ཕྱིར་སེམས་ཅན་དཀྱིལ་འཁོར་ལ་གནས་པ་ཡིན་ཏེ། དེས་བསད་ན་མཉེས་པར་འགྱུར་བ་ཡིན་ནོ།། དེ་ལྟ་བུའི་ལས་བསྟན་པ་ལ་ངོ་མཚར་བའི་དོན་གསུངས་པ་སྟེ། རྣམ་པར་དག་པའི་དོན་ལ་སྐྱེ་བའི་འཕྲུལ་པར ་སྣང་བ་ནི་ངོ་མཚར་ཆེའོ།། ཞེས་པའི་དོན་ཏོ།། ད་ནི་དུག་སྦྱང་བ་ལ་སོགས་པ་བསྟན་པའི་ཕྱིར། དེ་ལ་འདི་ནི་ཕྲན་ཚེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདའི་སྦྱོར་བ་ནི་རྟ་མགྲོན་གྱི་ཏིང་ངེ་འཛིན་དུ་གནས་པའི་དཔྲལ་བར་ཛ ་སྐད་སྨོས་པའི་སྦྲུལ་རྡོ་རྒྱུས་སམ་སོལ་བས་བྲིས་ཏེ། དེའི་ཁར་ཡི་གེ་ཁཾ་བསམས་ལྕེ་ལ་ཧྲཱིཿབསམས་ཏེ། དེའི་ཁ་ནས་འབྱུང་བའི་འོད་ཟེར་གྱིས་དུག་ཐམས་ཅད་བསྡུས་པར་བསམས་ན་དུག་ཐམས་ཅད ་འབྱིན་པར་འགྱུར་རོ།། དེ་བཞིན་དུ་སྡིག་པ་དང་ཉ་ཁྱི་ལ་སོགས་པའི་གཟུགས་སྔ་མ་བཞིན་དུ་བདག་གི་དཔྲལ་བར་བྲི་སྟེ་ཞེས་བྱ་བ་ནི་ཐ་ཚིག་གོ།། ལྟ་བ་རྡོ་རྗེ་དུག་ལ་སོགས་ཞེས་བྱ་བ་ནི་ལ་སོགས་པ་དུག་གཏོར་བའི་ཏིང་ངེ་འཛིན་ནི ་བདག་རྣམ་པར་སྣང་མཛད་དུ་བསྒོམས་པའི་ཐུགས་ཀར་འཁོར་ལོ་ལ་གནས་པའི་ཨོཾ་བསམས་པའི་འོད་ཟེར་གྱི་དུག་ཐམས་ཅད་གཏོར་བར་བསམས་ན་ལྟ་བའི་དུག་དང་རྡོ་རྗེའི་དུག་ལ་སོགས་པ་ཐམས་ཅད་འཕོ་བར་འགྱུར་རོ།། ཧཱ་རྡོ་རྗེ ་ཆེན་པོའི་འདི་ཞེས་བྱ་བ་ལ་སོགས་པ་དུག་འབྱིན་པ་འདི་ནི་བདག་ཉིད་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་དང་བཞི་བསྒོམས་པའི་ཐུགས་ཀར་ཧཱུཾ་དཀར་པོ་བཞི་བསམས་པ་ལས་འོད་འཕྲོས་པས་དུག་ཐམས་ཅད་དབྱུང་བར་བྱའོ།། ་ཉེ་བའི་གསོ་བ་ནི་བདག་གི་ཐུགས་ཀར་པདྨ་དཀར་པོ་བསྒོམས་པའི་དབུས་སུ་ཨཿདཀར་པོ་འོད་ལྔ་རྫོགས་པར་འཕྲོ་བ་བསམས་ཏེ། དེས་དུག་བསྡུས་པས་ནག་པོའི་ཚུལ་དུ་དབྱུང་བར་བྱའོ།། ཁ་ཅིག་ན་རཾ་པདྨ་དང་ས་འཛིན་ཙམ་སྐུ ་གསུང་ཐུགས་ཀྱི་སོ་སོ་ནས་ཡི་གེ་གསུམ་གྱི་སྦྱོར་བ་བྱའོ་ཞེས་ཟེར་རོ།། ནད་ཐམས་ཅད་གསོ་བ་ནི་འཛིན་ཛི་ཀ་ཅེས་པ་ལ་སོགས་པའི་གསང་སྔགས་ཀྱིས་སྐུ་གསུང་ཐུགས་ཀྱི་ལྷར་བསྐྱོད་དེ་གསང་སྔགས་འདི་རྣམས་ཀྱིས་བསྐུལ ་བས་ནད་ཀྱི་བདག་ཉིད་སྤྲེའུ་འམ་ཁྱི་གུ་ལྟ་བུ་ལུས་ལས་ཕྱུང་སྟེ། འཁོར་ལོ་འམ་རྡོ་རྗེ་ལ་སོགས་པས་དེ་དག་ཕྱེ་མར་བརླག་པར་བསྒོམས་ན་འགྲུབ་པར་འགྱུར་རོ།། ཁ་ཅིག་ན་རེ་སྤྲེའུ་འམ་ཁྱི་གུ་ནི་འབྱུང་བའི་དཔེ་ཡིན་ཏེ། ཇི་ལྟར ་སྤྲེའུ་འམ་ཁྱི་གུ་ཁུང་ནས་འཛུལ་བ་ན་ཐགས་ཐོགས་མེད་པར་འབྱུང་བ་དེ་བཞིན་དུ་ནང་ཕྱིར་འབྱུང་བའོ་ཞེས་ཟེར་རོ།། ལུས་དང་ངག་སེམས་རྡོ་རྗེ་ལ།། སངས་རྒྱས་སྤྲིན་དག་རྣམ་པར་བསམས།། ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི ་ལྷ་བསྒོམ་པའོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་།། བློ་ལྡན་རྡོ་རྗེ་སེམས་དཔའ་དག། དེ་ལ་ཁྲོས་པར་བསམས་ན་ནི།། འཆི་བར་བྱེད་པ་དམ་པ་ཡིན། ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལོག་པར་རྟོག་པ་དག་ལ ་ཁྲོ་བར་བསམ་ཞེས་བྱ་བ་ནི། མདོར་ན་ལྷའི་ཏིང་ངེ་འཛིན་ཉིད་རང་བཞིན་གྱིས་ཁྲོ་བ་ཡིན་པའི་ཕྱིར་རོ།། བསམ་གཏན་སྦྱོར་བ་འདི་དག་གིས།། ལས་དང་སྡིག་ལས་སྐྱེད་པ་མེད་ཅེས་བྱ་བ་ནི་དེ་དག་གིས་མི་གོས་པའོ།། བཟླས་པའི་སྦྱོར ་བས་ཉིན་བདུན་དུ་ཞེས་བྱ་བ་ལ་སོགས་པས་ནི་བདག་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དང་ལྡན་པས་བརྒྱ་རྩ་བརྒྱད་དུ་གསང་སྔགས་བཟླ་བར་བྱ་སྟེ། ཉི་མ་བདུན་དུ་བྱས་ན་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་རང་ཡི་དམ་གྱི་ལྷ་འམ་པས་མོ ་གཏན་གྱི་སྦྱོར་བ་གང་གིས་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་སྒྱུ་མ་ཙམ་གྱི་རྨི་ལམ་རྣལ་འབྱོར་པ་བརྩོན་པ་དང ་ལྡན་པ་རྣམས་ལ་རྨི་ལམ་གྱི་མཚན་ཉིད་སྣང་བར་བསྟན་པའི་ཕྱིར་དེ་ནས་སྟོན་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་གང་འབྱུང་ཞེ་ན། བསམ་གཏན་བཟླས་ལ་འབད་པ་ཡི།། ཞེས་བྱ ་བ་ལ་སོགས་པ་གསུངས་སོ།། ཇི་ལྟར་སྣང་ཞེ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། ཞེས་པ་ལ་སོགས་པ་སྟེ། འདི་དག་ནི་མ་ཚན་མ་རབ་ཏུ་བསྟན་པ་ཡིན་ནོ།། ལུས་དང་ངག་སེམས་མཐུ་ལས་སྐྱེས།། རྒྱན་རྣམས་ཐམས ་ཅད་རྫོགས་པ་ཡི། ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་འབྲིང་དུ་བསྟན་ཏོ།། སྣ་ཚོགས་ཀུན་དགའ་སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པས་ནི་ཐ་མ་བསྟན་ཏོ།། དེ་ལ་འདི་ནི་རྨི་ལམ་རྣམ་པར་དཔྱད་པ་ཞེས་བྱ་བ་ལ་སོགས་པ་ས་ནི ་རྨི་ལམ་རང་བཞིན་མེད་པར་བསྟན་ཏོ།། སངས་རྒྱས་རྣམས་ཀྱིས་ངོ་མཚར་བ་གསུངས་པའི་ན་མཁའ་ལ་ནི་བསྒོམ་ཞེས་བྱ་བའི་ཚིག་རྣམ་པར་དག་པའི་བདག་ཉིད་ལ་དགྲ་པའི་རྨི་ལམ་ཙམ་དུ་སྣང་བའོ།། དེ་མན་ཆད་ན་མཁའི་དཔེས ་རྨི་ལམ་དང་རྨི་ལམ་འདྲ་བའི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཞེས་པ་ལ་སོགས་པའི་དཔེས་ནི་ཆོས་ཐམས ་ཅང་སེམས་ལ་གནས་པར་བསྟན་པའོ།། ཁ་ཅིག་ན་རེ་འདི་ནི་ཆོས་སྟོན་པའི་དཔེ་ཡིན་ཏེ་ཇི་ལྟར་ནོར་བུ་རིན་པོ་ཆེའི་ཡོན་ཏན་གང་ཟག་གི་འདོད་པའི་སེམས་ལ་གནས་ཀྱི་རིན་པོ་ཆེ་ལ་མི་གནས་པ་དེ་བཞིན་དུ་དེ་བཞིན་གཤེགས་པས ་བསྟན་པའི་དམ་ཆོས་རྣམས་ཀྱང་ནུབ་དེའི་ཤེས་པའི་རྒྱུད་ལ་གནས་པ་ཡིན་ནོ།། དེ་ལྟ་ན་ནི་རྒྱུད་དང་སྟོན་པ་ཐ་དད་པར་འགྱུར་རོ། ཞེ་ན་དེ་ནི་མ་ཡིན་ཏེ། མེ་ལོང་དག་པ་ལ་གཟུགས་བརྙན་ཐམས་ཅད་སྣང་བ་འམ་མེ་ལོད་ལ་མི་གནས་ཀྱི་ཁྱུད། ་པར་དེ་དག་ནི་གཟུགས་ལ་གནས་ཏེ། འོན་ཀྱང་གཟུགས་བརྙན་དང་མེ་ལོང་ནི་ཐ་དད་པ་མ་ཡིན་ལ་གཟུགས་བརྙན་གང་ཡིན་པ་དེ་ཡང་མེ་ལོང་གི་ཆོས་ཡིན་ནོ།། དེ་བཞིན་དུ་སྟོན་པ་དང་རྒྱུད་ཀྱང་རིག་པར་བྱའོ།། ནས་ཟེར་རོ།། ནམ ་རྗེས་སུ་འབྱུང་བའི་ཆོས་ཐམས་ཅད་སངས་རྒྱས་ཀྱིས་ཆོས་རྣམས་རྗེས་སུ་དྲན་པ་ངོ་མཚར་ཏོ་ཞེས་བྱ་བ་ནི་ན་མཁའི་རྗེས་སུ་འབྲང་བ་ནི་ན་མཁའ་དང་མཐུན་པ་སྟེ། རང་བཞིན་མེད་པར་འཇུག་པའོ།། སངས་རྒྱས་ཀྱི་ཆོས་ནི་ཀུན་ནས་དཀྲིས ་པ་ལས་འགྲོལ་བའི་མཚན་ཉིད་མཐུན་པའི་ངོ་མཚར་ཏོ་ཞེས་པའི་དོན་ཏོ།། ཆོས་ཐམས་ཅད་ནི་བདག་གི་ལུས་དང་ངག་དང་སེམས་ལ་གནས་སོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སེམས་སྣང་བ་ཡིན་ཏེ་གུད་ན་མེད་པའི་ཕྱིར་རོ།། སེམས་ན་མཁའ ་ལ་གནསོ་ཞེས་བྱ་བ་ནི་སེམས་རང་བཞིན་མེད་པའི་ཕྱིར་རྟེན་དུ་བྱ་བ་མེད་དེ། དེའི་ཕྱིར་ན་མཁའ་ལ་གནསོ་ཞེས་བྱའོ།། ན་མཁའ་ནི་ཅི་ལ་ཡང་མི་གནས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རང་གི་ངོ་བོ་བརྗོད་པ་ཡིན་ཏེ་ན་མཁའ་གནས་ཚོལ་བ་མ་ཡིན ་ནོ།། རང་གི་སེམས་ཀྱི་ཆོས་ཀྱི་གནས་སེམས་ཤོང་ཅང་མོ་སྤྲོ་བར་འཁོད་པར་གྱུར་ཏོ།། ཞེས་བྱ་བ་ནི་བཀའ་སྩོལ་པའི་དོན་ལ་གནས་པར་འགྱུར་བའོ།། ལེའུ་བཅོ་ལྔ་པའོ།། ། ད་ནི་ལེའུ་བནི་པར་ནུས་པའི་དཀྱིལ ་འཁོར་བཤད་པར་བྱའོ།། ཞེས་གསུངས་པ་ལ། ཐུགས་ཀྱི་དཀྱིལ་འཁོར་ནི་དེ་ཉིད་དུ་བཤད་ནས་སྐུ་དང་གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་རྣམས་ཡང་འདུས་ནས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་ཆོག་གིས་གསོལ་བ་བཏབ་ནས་བྱ་བ་ལ། ཇི་སྐད་དུ་གསོལ་བ་བཏབ་པ་ནི་ལེའུ་བཞི་པ་ཉིད་ལ་ལྟོས་པ་ཡིན་ནོ།། དེ་ནས་སྐུ་ཡིད་དཀྱིལ་འཁོར་མཆོག། ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། ་ཅེས་བྱ་བ་ནི་ཇི་སྐད་བསྟན་པའི་ཐུགས་ཀྱི་དཀྱིལ་འཁོར་དང་བྱེ་བྲག་མེད་དོ་ཞེས་པའི་དོན་ཏོ།། ཁ་ཅིག་ན་རེ་འདི་ཉིད་སེམས་ཀྱིས་བསྒོམས་པ་དང་རྡུལ་ཆེན་དུ་བྱེ་བྲག་མེད་དོ་ཅེས་ཟེར་རོ།། ཁུ་ནི་བཅུ་དྲུག་ཆཚད་དུ་བྱ། ཞེས་བྱ་བ་ནི་ཁོར ་ཡུག་ཏུའོ།། སྔགས་རྣམས་ཀྱི་ནི་གསང་བའི་མཆོག། ཕྱག་ན་རྡོ་རྗེའི་གནས་སུ་བྱ་ཞེས་བྱ་བ་ནི་ཇི་ལྟར་ཐུགས་ཀྱི་དཀྱིལ་འཁོར་ལ་ཕྱག་ན་རྡོ་རྗེ་བྲིས་པ་དེའི་གནས་སུ་འདིར་རྣམ་པར་སྣང་མཛད་བྲི་བའོ།། མི་བསྐྱེད་པ་ཡང་བྲི་བོར་བྱ་ཞེས ་བྱ་བ་ནི་འདིར་ཤར་དུ་སྟེ། རང་གི་སྒྲ་ནི་གཞན་བསྡུ་བ་ཡིན་གྱི་དབུས་ཀྱི་གནས་ལ་བྲི་བ་ནི་མ་ཡིན་ནོ།། གཞན་ནི་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།། དེ་ལ་མཆོད་པ་ནི། རྡོ་རྗེ་གསང་བ་ལས་བྱུང་བའི།། མཆོད་པ་སྔགས་ཤེས་པ་ཡི ་བྱ། ཞེས་བྱ་བ་ལ་སོགས་པ་སྟེ། འོད་ནི་གསང་བ་གཉིསུ་མེད་པའི་སྦྱོར་བའི་མཆོད་པའོ།། བཤང་བ་དང་གཅི་བ་ལ་སོགས་པ། བྱེ་བྲག་ཏུ་ནི་ངེས་པར་དབུལ། ཞེས་བྱ་བ་ནི་བདུད་རྩི་ལྔའི་མཆོད་པ་སྟེ། གསང་བའི་དཀྱིལ་འཁོར ་དུ་བསྔགས་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྐུའི་དཀྱིལ་འཁོར་བཤད་ནས། གསུང་གི་དཀྱིལ་འཁོར་བཤད་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ་ཞེས་བྱ་བ་ནི་སྔ་མ ་བཞིན་ནོ།། ཁྲུ་ནི་ཉི་ཤུའི་ཚད་དུ་བྱཱ་ཞེས་པའང་ཁོར་ཡུག་ཏུའོ།། ཚེ་དཔག་མེད་པའི་ཕྱག་རྒྱ་ཚ།། དེ་ཡི་དབུས་སུ་བཞག་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་སྐུའི་དཀྱིལ་འཁོང་དུ་རྣམ་པར་སྣང་མཛད་བཞག་པ་དེ་བཞིན་དུ་འདིར་ཆེ་དཔག ་མེད་བཞག་པའོ།། མཆོད་པ་ཡང་སྦྱོར་བའི་མཆོད་པ་དང་བདུད་རྩི་ལྔའི་མཆོད་པ་སྟེ་སྔ་མ་བཞིན་ནོ།། གསུང་གི་དཀྱིལ་འཁོར་བཤད་ནས་སྐུ་གསུང་ཐུགས་རབ་ཏུ་གསང་བ་སྤྱིའི་དཀྱིལ་འཁོར་གྱི་ཚུལ་བསྟན་པའི་ཕྱིར། དེ་ནས ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ། རྡོ་རྗེ་འཛིན་མཆོག་གང་ཡིན་མཆག། མཆོག་གང་ཡིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཙོ་བོ་སྐུ་གསུང་ཐུགས་ཀྱི་ལྷ་གང་གིས་བྱས་པ་དཀྱིལ་འཁོར་ཡང་ངོའི་དཀྱིལ་འཁོར་དུ་འགྱུར་བའི་དོན ་ཏོ།། ད་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱིའི་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཁོར་ལོ་འབྱུང་བ་ཅེས་བྱ་བ་ནི་རྡོ་རྗེ་ཐིག་ཉིད་དོ།། ཧཱུཾ་ཨོཾ་ཨཱཿསྭཱ་ཧཱ་ཞེས་བྱ་བ་ནི་ཡེ་ཤེས ་ལྔའི་ཐིག་གདབ་པའི་སྙིང་པོའོ།། རྡོ་རྗེའི་ཐིག་ནི་གདབ་པ་དང་།། ཚོན་རྩི་དག་ནི་དགྱེ་བ་དག། སྔགས་ཀྱི་སེམས་དཔས་མི་བྱ་སྟེ།། འདིར་སྔགས་པ་ཏིང་ངེ་འཛིན་དང་ལྗོན་པ་ཐ་ན་ཡང་ཡེ་ཤེས་བཀའ་ལ་དབང་ཐོབ་པོ་ནི་སྔགས་ཀྱི ་སེམས་དཔའ་ཞེས་བྱ་སྟེ། དེས་ནི་བདག་ཉིད་ཀྱི་དཀྱིལ་འཁོར་བྲི་བ་མི་བྱ་སྟེ་གཡེང་བར་འགྱུར་བའི་ཕྱིར་གོང་དུ་འབྱུང་བ་བཞིན་དུ་པྲ་ཕབ་སྟེ། འདིར་དཀྱིལ་འཁོར་འབྲིར་གཞུག་གོ། ཞེས་པའོ།། དེ ་ཉིད་བསྟན་པའི་ཕྱིར། དེ་བས་དམ་ཚིག་ཚུལ་ཤེས་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོང་པས་བྱང་ཆུབ་ལ་རིང་དུ་འགྱུར་བའི་ཕྱིར་དབབ་པ་ལ་སོགས་པ་དམ་ཚིག་གི་ཚུལ་ཤེས་པའི་རྣལ་འབྱོར་པས་སྔགས ་ཀྱི་ལྷ་རྣམས་ལུས་ཀྱི་གནས་རྣམས་སུ་ཕབ་སྟེ་དཀྱིལ་འཁོར་བྲི་བའི་ལས་བརྟག་ཅིང་སྤྱད་པར་བྱའོ།། དེ་ཡང་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་རང་གི་རིགས་ཀྱི་ལྷ་དབབ་པར་བསྟན་པའི་ཕྱིར། རྒྱལ་ཚོན་རྣམ་པར་སྣང ་མཛད་དམ།། ཡང་ན་སྤྱན་ནི་དབབ་པར་བྱ་ཞེས་བྱི་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐུའི་དཀྱིལ་འཁོར་འདྲི་ན་དབབ་སྣོད་རྣམ་པར་སྣང་མཛད་དུ་བསྒོམས་ཏེ་དེའི་ལུས་ལ་རྣམ་པར་སྣང་མཛོད་སྤྱན་དང་བཅས་པ་ཕབ་ལི ་དཀྱིལ་འཁོར་འབྲིར་གཞུག་གོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་གསུང་དང་ཐུགས་དག་ལ་ཡང་རྡོ་རྗེ་ཆོས་དང་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པ་ཕབ་སྟེ་དཀྱིལ་འཁོར་བྲི་བ་བྱའོ།། དེ་ལྟར་བྱས་ནོ་ཡིད་ལ་དབང་བ་ཉིད་ག ་ཏེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ་འདིར་ནི་ཏིང་ངེ་འཛིན་ལ་མཆོག་ཏུ་བསྔགས་པ་ཡིན་པས་ཕྱིའི་བྱ་བ་ལ་སྨད་པ་ཙམ་ཡིན་ཏེ། དབབ་པ་ཡང་དཀྱིལ་འཁོར་བྱིན་གྱིས ་བརླབ་པ་ཡིན་ནོ།། ཞེས་ཟེར་རོ།། ད་ནི་སྔགས་ཀྱི་སེམས་དཔས་བྱ་བའི་ཐབས་བསྟན་པའི་ཕྱིར། སྔགས་ཀྱི་སེམས་དཔས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་མ་དབང་བསྐུར་བ་འམ་དེ་ཁོ་ན་ཉིད ་ཀྱི་དོན་བསྒོམ་ཡང་རུང་སྟེ། སྔགས་པས་བྱ་བའི་ལས་ནི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ཞར་ལ་འོངས་པའི་བགེགས་བསྐྲད་ནས ་ཇི་སྐད་སྨོས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བསྟན་པའི་ཕྱིར། རྡོ་རྗེ་གསང་བ་རྨད་པོ་ཆེ།། ཁྲོ་བོའི་རྒྱལ་པོ་བཀུག་ནས་ནི།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་དམ་ཚིག་མཆོད་པ་དུས ་གསུམ་དུ་ཞེས་བྱ་བ་ནི་སྦྱོར་བ་དང་དམ་རྫས་བདུད་རྩི་ལྔའི་མཆོད་བའོ།། རྨད་དུ་བྱུ་བའི་གཏོར་མ་དབུལ་བ་ནི། ཤ་རྣམ་པ་ལྔ་དང་ལྡན་པའི་གཏོར་མ་དཀྱིལ་འཁོར་གྱི་ལྷ་ལ་དབུལ་ལོ།། བཤང་དང་གཅི་དང་འབྲུ ་མར་དང་ཞེས་བྱ་བ་ལ་སོགས་པའི་མཆོད་པ་ཡང་དམ་ཚིག་གི་མཆོད་པ་ཉིད་ངོ་།། ཐིག་གདབ་པ་ཡི་ཆོ་ག་འདི།། བདག་ཉིད་ནེམ་ཞིག་སྤྱོད་པ་ན། ཞེས་བྱ་བ་ནི་གལ་ཏེ་བདག་ཉིད་ཡ་ཤེས་ཀྱི་རྩལ་དང་མི་ལྡན་ཏེ། ་ལས་དང་པོ་པོ་དག་ཡིན་ན་འདི་ལྟར་བྱ་སྟེ། བླ་མ་རྣམ་པར་སྣང་མཛད་ལ་སོགས་པ་ཇི་སྐད་སྨོས་པའི་སྐུ་གསུང་ཐུགས་ཀྱི་ལྷ་རུ་བསྒོམས་ནས་སྐྱོབ་མ་རྡོ་རྗེ་ལས་སུ་དབང་བསྐུར་ཏེ་དག་པར་བྱའོ།། སངས་རྒྱས་རྒྱལ ་བོ་ལྔ་རྣམས་ནི།། རྡོདྷཱ་ཐིག་སྐུད་དག་ལ་དགོད།། རྒྱས་པ་ནི་ཐིག་བྱིན་གྱིས་བརླབ་པའི་ཆོག་བྱ་བའོ།། རྣམ་པ་ཉྩ་ཤུ་དྷ་ལྟར་ནི།། ཚན་རྩི་ངག་ཀླུང་རྣམ་པར་བསྒོམ། རྗེས་བྱུང་ན་ཉི་ཤཱ ་ལྔའི་བྱེ་བྲག་གིས་ས་ཚོན་བྱིན་གྱིས་བརླབས་པ་ཡིན་ནོ།། ཁ་ཅིག་ནཱ་རེ་འདི་ནི་ཐིག་གི་གྲངས་ཡིན་ཏེ་ཚོན་ཡང་འདི་ལ་ལྟོས་པ་ཡིན་ནོ་ཞེས་ཟེར་རོ།། སྟེགས་རྣམས་ཐམས་ཅད་ཉིད་ལ་ཡང་།། རྡོ་རྗེ་ཧཱུཾ་ནི་བསྒོམ་པར་བྱ་ཞེས་བྱ ་བ་ནི་སློབ་དཔོན་རིགས་གང་ཡང་རུང་བར་བསྒོམས་པའི་དབུ་རྒྱན་དུ་རྡོ་རྗེ་ཧཱུཾ་བསྒོམ་པའོ།། དེའི་གནས་ལྔར་ཡང་རིགས་ལྔ་བཀོད་དེ་བསྒོམས་ནས་དཀྱིལ་འཁོར་གྱི་ལས་བྱས་ན་བྱིན་གྱིས་བརློབ་པར་འགྱུར་རོ།། སྔགས་ཀྱི ་རྒྱུད་ཀྱི་བདག་པོ་ནི།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གནས།། ཞགས་པ་ལྕགས་ཀྱུ་རྡོ་རྗེ་བསྣམས།། བརྟན་པའི་བློས་ནི་བརྟག་པར་བྱ་ཞེས་བྱ་བ་ནི་མཚན་མ་བརྟག་པ་ཡིན་ཏེ། དེ་ལྟར་བསྒོམས་པའི་བླ་མས་དཀྱིལ་འཁོར ་འདྲི་བའི་དུས་སུ་བྱང་ཤར་དུ་རརེ་ཁཱ་མཐོ་གང་པ་ཞིག་བྲིས་ཏེ། དེ་བཀ་བ་ལ་དེ་ནས་སློབ་མས་དཀྱིལ་འཁོར་བྲི་བླ་མ་ཕྱིར་བྱུང་སྟེ་བུམ་པ་བྱིན་གྱིས་བརླབས་པ་བྱའོ།། དེ་ནས་ནང་དུ་ཞུགས་ཏེ་རེ་ཁཱའི་རྟགས་བལྟ་བར་བྱ་སྟེ། ཇི་ལྟར ་ཞགས་པ་ལ་སོགས་པར་སྣང་ན་དངོས་གྲུབ་འགྲུབ་པའི་མཚན་མ་ཡིན་ནོ།། བཤང་གཅི་དང་འབྲུ་མར་ལ་སོགས་པོས་སྦྱིན་སྲེག་བྱ་བོ་ནི་དབང་རྫོགས་པ་དང་བྱ་བར་ཤེས་པར་བྱའོ།། དབུས་སུ་ལྷའི་གཟུགས་བསོམས་ཏེ། ་འཁོར་ལོ་དག་ནི་དབབ་པར་བྱ། ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་ཉིད་གཙོ་བོ་དབུས་སུ་བསྒོམས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབབ་སྟེ་ཇི་སྐད་གསུངས་པའི་སྦྱིན་སྲེག་བྱའོ།། རྣམ་གཅིག་ཏུ་ལྷའི་ག་ངོ་བོའི་གཟུགས་སུ ་བདག་ཉིད་བསྒོམས་ཏེ། ལྷའི་འཁོར་ལོ་ཐམས་ཅད་བདག་གི་ཁར་ཕབ་སྟེ་བདག་ཉིད་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་རྒྱ་སངས་རྒྱས་རྣམས་འོད་དུ་ཞུ་སྟེ་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ལ་འཕོས་ཏེ་གསང་བ་ནང་གི་སྦྱིན ་སྲེག་བྱའོ།། དེ་ཉིད་ཀྱི་ཕྱིར། དབང་པོ་གཉིས་ཀྱི་དམ་ཚིག་གི། སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་གསུངས་སོ།། ང་ན་སློབ་མ་དཀྱིལ་འཁོར་དུ་གཞུག་པ་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་སྦྱོར་བ་ཡཱིས།། སློབ་མ་རྡོ་རྗེ ་ལས་བྱུང་རྣམས། ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། འདིའི་སྦྱོར་བ་ནི་སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་པའི་གནས་གསུམ་དུ་ལྷ་ག་སུམ་བསྒོམས་པའི་ཐུགས་ཀར་ཡི་གེ་ཨཿབསྒོམས་ཏེ་དེའི་གནས་གསུམ ་དུ་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་རྡོ་རྗེ་བཟུང་བར་བྱའོ།། དེ་ལྟར་བྱས་ན། རྒྱལ་ཆེན་རྡོ་རྗེ་སེམས་དཔའི་དང་། གྲགས་ཆེན་རྣམ་པར་སྣང་མཛད་དག་གིས་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་སྤེལ་བར་འགྱུར་རོ།། ད་ནི་དཀྱིལ ་འཁོར་དུ་འཇུག་པའི་སྔགས་བསྟན་པའི་ཕྱིར་ཨཿཁ~ཾ་བཱི་ར་ཧཱུཾ་ཞེས་སྨོས་ཏེ། འདི་ནི་དཔའ་བོ་ཆེན་པོ་གསང་སྔགས་ཡིན་ཏེ། བདུད་ཐམས་ཅད་ཡོངས་སུ་འཇོམས་པའི་ངག་ཉིད་དོ།། རིགས་ལྔའི་སྙིང་པོའོ།། ད་ནི་དབང ་བསྐུར་བའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སངས་རྒྱས་ཀུན་གྱི་ནམ་མཁའི་ཁམས།། ཡོངས་གང་བར་རྣམ་པར་བསྒོམ།། རྡོ་རྗེ ་རིགས་ནི་འཛིན་པ་ཡིས།། སིལ་སྙན་སྤོས་ཀྱི་སྤྲིན་རྣམས་བསྒོམ།། བློ་བྱ་བ་ནི་དབང་བསྐུར་བའི་ཚེ་ན་མཁའི་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་ལྷ་མོ་རྣམས་ཀྱི་གང་སྟེ། ལྷ་མོ་དེ་དག ་གི་ཕྱག་ན་མཆོད་པའི་ཁྱད་པར་སྣ་ཚོགས་དང་། ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་བསྣམས་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམ།། རྡོ་རྗེ་དམ་ཚིག་གསུམ་སྔགས་ཀྱིས།། ཡུངས་ཀར་དྲག་གིས་གདབ ་པར་བྱ།། ཞེས་བྱ་བ་ནི་དེའི་ཚེ་བར་ཆིད་ཀྱི་བགེགས་བསྐྲད་པའོ།། འདི་ལ་བདུད་རྩི་འཁྱིལ་པའི་སྦྱོར་བ་ཤིས་སོ།། དེ་ལ་དེ་ཡི་ཚེ་ན་ནི། བདག་ཉིད་དབང་བསྐུར་རབ་ཏུ་སྩོལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་ལྷ ་མོ་དེ་དག་ཉིད་ཀྱིས་དབང་བསྐུར་བར་མཛད་པའོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས།། ཡོད་ན་སངས་རྒྱས་བསྒོམ་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔོའ་འམ། སངས་རྒྱས་རྣམ་པར་སྣང ་མཛད་ཀྱིས་བུམ་པ་གཟུང་བ་ལ་སོགས་པ་བྱས་ཏེ་དབང་བསྐུར་བའོ།། སློབ་མ་དེ་བཞིན་བློ་བརྟན་ལ།། ལུས་དང་ངག་སེམས་རྡོ་རྗེ་ཅན།། སྔགས་ཤེས་པས་ནི་དགོད་པར་བྱ། ཞེས་བྱ་བ་ནི་སློབ་མ་རྣམས་པར་སྣང ་མཛད་དུ་བསྒོམས་པའི་ལུས་ལ་ལྷ་གསུམ་དགོད་པའོ།། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི།། རྡོ་རྗེ་གསང་བ་གསུམ་ལས་བྱུང་།། ཁམས་གསུམ་དག་གིས་ཕྱག་བྱས་པའི།། རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན།། ཞེས་བྱ ་བ་ནི་རྡོ་རྗེའི་དབང་བསྐུར་བ་ཐམས་ཅད་ལ་བླ་མས་འདི་སྨྲ་བར་བྱའོ།། ཁྱད་པར་དུ་ནི་ཕྱིར་མི་ལྡོག་པའི་དབང་ལ་སྦྱར་བར་བྱའོ།། སྐབས་འདིར་ནི་བུམ་པའི་དམ་ཚིག་ལ་སོགས་པའི་ཚིག་གིས་བུམ་པ་དང་དབུ་རྒྱན་དང་རྡོ་རྗེ ་དང་། བདག་པོ་དང་མིང་གི་དབང་བསྐུར་བ་བྱས་ནས་རྡོ་རྗེའི་དབང་གི་དོན་གསུངས་པར་མངོན་ནོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་ཆེན་ཇི་ལྟར་བགྱེས་པ་བཞིན།། བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར།། ན་མཁའི་རྡོ་རྗེ ་བདག་ལ་སྩོལ།། ཞེ་བྱ་བ་ནི་གསང་བའི་དབང་བསྐུར་བའི་ཞུ་བ་གསོལ་བའི་ཚིག་སྟེ། བྱང་ཆུབ་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཐབས་དང་ཤེས་རབ་གསང་བའི་བདེ་བའི་མཆོད་པ་སྔོན་ཇི་ལྟར་མཛད་པ་བཞིན་དེང ་བདག་ཀྱང་བདེ་བ་ཆེན་པོར་བསྒྲལ་བའི་སླད་དུ་གསང་བའི་ན་མཁའ་ན་གནས་པའི་མི་གཉིས་པ་གསང་བའི་རྡོ་རྗེ་བྱང་ཆུབ་སེམས་ཀྱི་དབང་བདག་ལ་སྩོལ་ཅིག་ཅེས་པའོ།། རྣམ་གཅིག་ཏུ་ན་མཁའ་ནི་བདག་གི་ཁ་སྟེ། དེར ་གསང་བའི་རྡོ་རྗེ་རྣ་ནས་བབས་པའི་བྱང་ཆུབ་སེམས་ཀྱི་དབང་སྩོལ་ཅིག་པའོ།། དེ་ནས་བླ་མས་གསང་བའི་ཡུམ་ལོ་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་སྦྱིན་པར་བྱའོ།། ལྷའི་གཟུགས་ཀྱིས་སྦྱོར་བ་ཡིས།། སྙིང་ཀར ་བདག་པོ་བཞག་པར་བྱ། ཞེས་བྱ་བ་ནི་མེ་ཏོག་ཕོག་པའི་ཡེ་ཤེས་ཀྱི་ལྷ་ཐུགས་ཀར་བསྟིམས་པའོ།། འདི་དང་དཀྱིལ་འཁོར་བསྟན་པ་ནི་གདོང་གཡོགས་དགྲོལ་བའི་དུས་སུ་སྦྱོར་བར་བྱའོ།། ་སྔགས་ཀྱི་ཡི་གེ་རྣམས་ཀྱང་སྦྱིན་ཞེས་བྱ་བ་ནི་ཡི་དམ་དབོག་པའོ།། སངས་རྒྱས་ཀུན་གྱིས་གསུངས་པ་ཡི།། དམ་ཚིག་གསང་བ་བསྒྲགས་པར་བྱ། ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་སྔོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི ་དབང་ལ་བསྐྲུན་པར་བྱའོ།། སྔགས་ཀྱི་བསྐུལ་བ་སྨྲས་པ་ཡིས།། དེ་ལ་སྔགས་ཀྱང་སྦྱིན་པར་བྷ། ཞེས་བྱ་བ་ནི་སྔགས་ཀྱི་བསྐུལ་བ་ནི་གསང་བ་སྨྲས་པའོ།། དེ་ལ་སྔགས་ཀྱང་སྦྱིན་པར་བྱ།། ཞེས་བྱ་བ་ནི་གསོང་བ་སྨྲས་པ་དེ ་ལ་གསང་བའི་དབང་བསྐུར་བ་སྦྱིན་པའོ།། སྔགས་ཀྱི་རྒྱལ་པོའི་དམ་ཚིག་ནི། ཞེས་བྱ་བ་ནི་ཤེས་རབ་དབང་ངོ་།། གསང་བ་བྱིན་པ་བསྟན་པར་བྱ། ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བ་བྱིན་ལ་དེ་ནས་ཤེས་རབ་ཡེ་ཤེས ་བསྟན་ཏེ་སློབ་མ་ཉིད་ཀྱི་གསང་པོའི་སྐེ་ལ་མི་རྟོག་པའི་ཡེ་ཤེས་རྟག་ཏུ་བཞུག་པའོ།། ཁུ་བའམ་ཡང་ན་བཤང་བའང་རུང་།། ཆོ་ག་བཞིན་དུ་སྔགས་ནས་ནི།། རྡོ་རྗེ་བློས་ནི་བཟའ་བར་བྱ། ཞེས་བྱ་བ་ནི་དབང་བསྐུར་བའི་ཚེ་བདུད ་དྷི་རི་ལུ་གསང་བའི་བྷ་ག་ལ་བཞག་སྟེ། དེ་སློབ་མས་སུ་པྲ་ཏིཥྛ་བཛྲེ་ཧོ་ཞེས་བྱ་བའི་ཚིག་གིས་ལེན་པ་སྟེ་ལེའུ་དང་པོར་བསྟན་པ་བཞིན་ནོ།། རྣམ་པ་འདི་བཞི་གསང་ཆེན་ཏེ། རྡོ་རྗེ་ཅན་ནི་ཀུན་གྱི་གསང་། ཞེས་བྱ་བ་ནི་གོང ་དུ་བསྟན་པའི་གསང་བ་སྨྲ་དང་། གསང་བ་བྱིན་པ་དང་། གསང་བ་བསྟན་པ་དང་། གསང་བ་བཟའ་བ་སྟེ། འདི་བཞི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བར་བསྟན་ཏོ།། སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས།། སེམས་ཅན ་དོན་ཕྱིར་གནས་པ་ཡི་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་ཕྱིར་བུད་མེད་ཀྱི་ཕྱག་རྒྱར་བསྟན་པ་སྟེ། ཇི་སྐད་དུ། ས་མ་ཡོ་ག་ལས་འཇིག་རྟེན་གསུམ་འདིར་བུད་མེད་འདིས།། གུས་པར་བྱེད་པ་དག་ཏུ་འགྱུར། ཞེས་བྱ་བ་ལྟ་བུའོ།། གླང ་པོའི་ཤ་དང་རྟའི་ཤ་ཞེས་བྱ་བོ་ལ་སོགས་པས་ནི་མཆོད་པ་དང་བཟའ་བོའི་རྫས་བསྟན་ཏོ།། ཉིན་རེ་རྡོ་རྗེ་སློབ་མ་ལ། མཁས་པས་དཀྱིལ་འཁོར་བསྟན་པར་བྱ། ཞེས་བྱ་བ་ནཱི་ཇི་སྲིད་དུ་སློབ་མས་ཁོང་དུ་མ་ཆུང་པོ་དེ་སྲིད་དུ་བསྟན ་པའོ།། བཤང་གཅི་ཤ་ཡཽ་བྱ་བ་དང་། རྡོ་རྗེ་གསང་བའི་ཚིག་དག་གིས།། སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ།། བསྒོམས་ན་དེ་མ་ཐག་ཏུ་འབར།། ཞེས་བྱ་བ་ནི་གོང་དུ་བསྟོན་པའི་དམ་རྫས་བྱིན་གྱིས་བརླབ་པ་ཡིན་ཏེ་དེ་ལེན་ཆད་ནི ་དཀྱིལ་འཁོར་དང་དབང་བསྐུར་བའི་བྱ་བ་བསྟན་པ་ཡིན་ནོ།། ད་ནི་དེ་ལྟ་བུའི་དབང་དང་ལྡན་པ་དེས་བསྒྲུབ་པ་བྱ་བ་བསྟན་ཏེ་གོང་དུ་བསྟན་པའི་བསྒྲུབ་པ་དང་།། ཕྲིན་ལས་ཐམས་ཅད་ཀྱང་དབང་ཐོབ་ནས་བྱ་བ་ཁོ་ན་ཡིན་ནོ།། དེ་ལ ་དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། དམ་ཚིག་ཆེན་པོ་སྒྲུབ་པ་དང་། སངས་རྒྱས་བྱང་ཆུབ་ཉིད་དག་ཀྱང་།། ནན་ཏན་དུ་ནི་བསྒྲུབ་པར་བྱ།། ཞེས་གསུངས་པ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྤྱིའི་ཚུལ་ཏེ་དམ་ཚིག་ཆེན་པོའི་བསྒྱུ ་བ་ནི་སྐུ་གསུང་ཐུགྲུས་ཀྱི་བདག་ཉིད་དོ།། མི་སྣང་སྟོབས་དང་བརྩོན་འགྲུས་དང་། ཞེས་བྱ་བ་ལ་སོགས་པ་ནི་ཐུན་མོང་གི་དངོས་གྲུབ་བོ།། བཤང་གཎྜཱི་དང་ནི་ཤ་ཆེན་རྣམས་ཞེས་བྱ་བ་ལ ་སོགས་པ་ནི་གོང་དུ་བསྟན་པའི་བན་ད་འཇིག་པའི་སྦྱོར་བ་བསྟན་པ་ཉིད་དོ།། རྡོ་རྗེ་མངག་གཞུག་བསྒྲུབ་པ་ནི། བདག་ཉིད་རང་གི་ལྷའི་སྦྱོར་བ་དང་ལྡན་པས་མདུན་གྱི་ན་མཁའ་ལ་ཡི་གེ་ཧྲཱིཿལས་འཕོས་པའི་སངས་རྒྱས ་རྣམས་ཀྱིས་ན་མཁའི་ཁམས་གང་བར་བསྒོམས་ཏེ། དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམས་བདག་གི་སྐུ་གསུང་ཐུགས་ཀྱི་གསང་སྔགས་ཨེ་ཁཾ་ཐ་ཞེས་བྱ་བས་བསྐུལ་ཏེ། བདག་གི་སྐུ་གསུང་ཐུགས་ལ་བསྟིམས ་ཏིཏེ་དབང་དུ་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་འཕྲོ་བ་དང་དགུག་པ་འོག་ནས་འབྱུང་བ་དག་ཀྱང་ཇི་ལྟ་བའི་སྦྱོར་བས་བྱའོ།། དེ་ལ་ཧྲཱིཿནི་འབར་བའི་འོད་བཟང་པོ།། ན་མཁའ་རྡོ་རྗེའི་དབུས་སུ་བསམཱཾ། ཞེས་བྱ་བ་ནི་ཆོས་ཀྱི་འབྱུང ་གནས་ཀྱི་དབུས་སུ་ཇི་ལྟ་བའི་དཀྱིལ་འཁོར་བསམས་ཏེ། དེའི་ན་མཁའ་ལ་ཡོ་གེ་ཧྲཱིཿའབར་བའི་འོད་ཅོན་བསམས་པའོ།། ཧྲཱིཿདེ་ལས་འཕྲོས་པའི་སངས་རྒྱས་ཀུན་གྱིས་ན་མཁའི་ཁམས་ཡོངསུ་གང་བར་བསྒོམས་ཏེ། ་དེའི་སྐུ་གསུང་ཐུགས་ཀྱི་གནས་སུ་བསྐུལོ་ཞེས་བྱའོ།། ཨ་ཁཾ་ཐ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ། ལྷའི་སྐུ་གསུང་ཐུགས་ཀྱི་གནས་བསྐུལ་བའོ།། དེ་ལ་བདག་གི་སྐུ་གསུང་ཐུགས་ཀྱི་གནས་ཇི་ལྟར་བསྒོམས་ཞེ་ན། ་ཕྱག་ན་རྡོ་རྗེ་གཟུགས་ཆེན་དང་།། བྷག་ན་པདྨའི་འད་ཆེན་དང་།། གཞན་གྱིས་མིཐུབ་གཟུགས་ཆེན་དག། བསྒོམས་ནས་གསང་བུའི་གནས་སུ་བཅུག་ཅེས་གསུངས་པ་སྟེ་དེ་ལ་པཱུགྷཱ་ནཱ་ཛཱ་དྷནཱ་ཐུགྶས་ཀྱི་སྤྲུལ་པན།། དང་ན ་དུ་ཕྱག་ན་པདྨ་དང་གཞན་གྱིས་མི་ཐུབ་པ་ཡང་གསུང་དེང་སྐུའི་སྤྲུལ་པ་སྟེ། དེ་དག་བསྒོམས་ནས་གསང་བ་སྐུ་གསུང་ཐུགས་ཀྱི་གནས་སུ་བཞག་གོ། དེ་ལ་སྐུ་གསུང་ཐུགས་ཀྱི་གནས་ནི། ཉི་མའི་དཀྱིལ་འཁོར་དབུས ་གནས་པར།། མི་བསྐྱོད་པས་ནི་རབ་ཏུ་བཏགྶ། ཅེས་པ་ལ་སོགས་པ་སྟེ། དེ་ལ་འོད་ཆེན་སྡུག་བསྔལ་ཆེན་པོ་ཡིས།། ཐམས་ཅད་སྙིང་པོས་བསྐྱལ་བར་བྱ་ཞེས་བྱ་བ་ནི་འབད་པ་ཆེན་པོ་དང་ལྡན་པས་སྙིང་པོའི་འོད་ཟེར ་གྱིས་བསྐུལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་བསྒྲལ་བ་ཉིད་གང་ཝཱ་ནཱ། ཨོཾ་མདུང་ཚེ་དང་རྡོ་རྗེ་ཆེ། ཞེས་བྱ་བ་ལ་སོགས་པ་སྐྱེ། འདི་དག་གིསོ་བསྐུལོ་ཏེ་དགུགས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་གནས ་གང་དུ་བསྒྲིབ་ཅེ་ན།། ཉམས་དགའ་བའི་རི་དག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་འདི་དག་ཏུ་བསྒྲུབ་ན་དེ་བཞིན་གཤེགས་པ་རི་རབ་ཀྱི་རྡུལ་ཕྲ་མོ་སྙེད་དང་ལྷན་ཅིག་ཁྱོད་པོ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་སེམས་དཔའ་ཡེ་ཤེས་ཆེ།། དེ་བཞིན་གསུང་གི་རྡོ་རྗེ་འཛིན།། རྡོ་རྗེ་སྐུ་ཆེན་པོན་གནས་ནིས།། མངག་གཞུག་པ་དག་རྟག་ཏུ་བསྐུལ་ཞེས་བྱ་བ་ནི་མདོར་བསྡུས་པ་སྟེ། མདོར་ན་སྐུ་གསུང་ཐུགས ་ཀྱི་ལྷ་བསྒོམས་ཏེ་རྡོ་རྗེ་མངག་གཞུག་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་འཁོར་ལོ་བཞི་པ་ཞེས་བྱ་བའི་སྔགས་ཀྱི་དམ་ཚིག་ནི་དམ་ཚིག་གཏོང་བ་ལ་སོགས་པ་སྟེ། འདིའི་དོན་ནི་སྐུ་གསུང་ཐུགས ་ཀྱི་ལྷ་ལ་གཞུག་ཅིང་བསྟིམ་པའི་ཕྱག་རྒྱ་ཡིན་ཏེ། དེ་ལ་དམ་ཚིག་གཏོང་བ་ནི་རྡོ་རྗེ་ཀྱོ་བོའི་ཁྱད་པར་སྤྲོ་བའོ།། ངམ་ཚིག་བསྐུལ་བ་ནི་ཨ་ཁཾ་ཐེ་ཞེས་པའི་སྐུ་གསུང་ཐུགས་ཀྱི་ཡི་གེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྐུལ་བར་བྱེད་པའོ།། ། ་དམ་ཚིག་སྨྲ་བ་ནི་གསང་སྔགས་ཀྱི་ཚིག་གིས་དེ་བཞིན་གཤེག་པ་རྣམས་སྙན་མནན་ཏེ་གཤེགས་ཤིག་གཤེགས་ཤིག་ཅེས་བོད་པའི་ཚིག་གོ། དམ་ཚིག་འཆིང་བ་ནི་ལྷ་དེ་རྣམས་དམ་ཚིག་གིས་བཀུག་སྟེ་བདག་གི་ལུས་ལ ་བསྡུས་ནས་གོང་བུའི་ཚུལ་དུ་དབྱེར་མེད་པར་བྱས་པའོ།། དེ་ལྟ་བུའི་ངོ་བོར་གྱུར་ན།། ནམ་མཁའི་དབྱིངས་ཆེན་དག་པ་ནི།། ཆོས་རྣམས་ཐམས་ཅད་རྣམ་པར་སྤངས།། གོང་བུའི་ཚུལ་བཞིན་བྱེད་པ་ནི།། རྡོ་རྗེ་རྨད་དུ་བྱུང་བའི་གཟུགས།། ་ཞེས་པ་སྟེ་རྣམ་པར་དག་པ་ལས་དབྱེར་མེད་པའི་སྐུར་གྱུར་པའོ།། ང་ནི་དབང་དུ་བྱ་བ་བསྟན་པའི་ཕྱིར།། སངས་རྒྱས་རྡོ་རྗེ་སེམས་དཔའ་རུང་།། གལ་ཏེ་དབང་དུ་བྱེད་འདོད་ན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་སྦྱོར ་བ་ནི། རྡོ་རྗེ་འཇམ་པ་ལ་སོགས་པའི་ཏིང་ངེ་འཛིན་དུ་བསྒོམས་ཏེ། འབར་བའི་དབུ་རྒྱན་ལྔ་ལ་ཆགས་པའི་བདག་ཉིད་མངའ་ལྔ་བསམས་ཏེ། ལྕགས་ཀྱུས་ན་མཁའ་གང་བའི་སངས་རྒྱས་ལ་སོགས་པ་རྣམས་བཀུག་ནས་མངའ ་ས་བསྟིམས་ཏེ། འདི་ལྟ་བུའི་སྦྱོར་བས་ཁྲོ་བར་གྱུར་པའི་ཏིང་ངེ་འཛིན་གྱིས་གནས་ལྔར་བསྡུ་ཞིང་བསྒྲུབ་པར་བྱ། ཡང་དངངས་ཤིང་བརྒྱལ་བར་བསྒོམས་ན་གང་ཡང་རུང་སྟེ་དབང་དུ་འགྱུར་རོ།། ཞེས་པ་པའི་དོན་ཏོ།། ད་ནི་བདུད ་རྩི་བྱིན་གྱིས་བརླབ་པ་བསྟན་ཏོ།། དེ་ལ་སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི།། རྡོ་རྗེ་ན་མཁའི་དབུས་བསམ་པ། ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་བྱིན་གྱིས་བརླབ་པའི་དུས་སུ་གང་ན་བདུད་རྩི་གནས་པ་དེའི་ན་མཁའ་ལ ་རྗེ་མེ་ཤེལ་གྱི་ཁ་དོག་འདྲ་ཥྚི་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་ཡི་གེ་ཧཱུ~ཾ་གིས་བྱིན་གྱིས་བརླབས་པ་བསྒོམ་པ་ནི་རྡོ་རྗེ་མཚན་ལ་སོགས་པ་ཧཱུ~ཾ་ཞེས་པ་ཡིན་ནོ།། རྡོ་རྗེ་གསུམ་ལ་སོགས་པས་བསྒོམ་ཞེས་བྱ་བ་ནི་དེའི ་འགྲོ་བན་དའི་ནང་དུ་ཡི་གེ་ཨ~ཾ་གྱིས་བྱིན་གྱིས་བརླབས་ཏེ། དེ་ཉིད་ཀྱི་ཕྱིར། ཨོཾ་ནི་མིག་ཏུ་བསམས་ནས་ནཾ་ཞེས་སྨོས་པ་ཡིན་ནོ།། རིག་ཏུ་ནི་ཨ་ལས་བྱུང་པོའི་པདྨ་བན་ད་སྟེ་དེ་ལྟར་སྐུ་གསུང་ཐུགས་ཚང་བར་བསྒོམས་པས། ་འདི་དག་ཆོ་ག་བཞིན་དུ་བསྟེན་ཞེས་བྱ་བ་ཡིན་ནོ།། མཚན་མ་ཀུན་གྱིས་གཟུགས་དག་ནི་ཞེས་བྱ་བ་ནི་དང་པོར་རླུང་གི་སྟེང་དུ་མེ་དེའི་སྟེང་དུ་བདུད་རྩི་བན་ངོ་སྟེ་འདི་དག་ཀྱང་ཚུལ་གསུམ་རྡོ་རྗེ་སྐུ་གསུང་ཐུགས་སུ་བལྟ་བར་བྱའོ་ཞེས ་པའི་དོན་ཏོ།། དེ་ལྟར་བརླབས་པ་དེ་ཇི་ལྟར་བཟའ་ཞེ་ན། པ་ནི་ཁའི་ནང་དུ་བསམ། ཨོཾ་ནི་ལྕེ་ལ་འཇུག་པར་བསམ། ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུའི་སྦྱོར་བས་བཟའོ།། ཞེས་པའི་དོན་ཏོ།། ཁ་ཅིག་ན་རེ། སངས་རྒྱས་དཀྱིལ་འཁོར་མཆོག ་དག་ནི།། ཞེས་བྱ་བ་ནས། ཚུལ་གསུམ་རྡོ་རྗེ་ཅན་དུ་མཐོང་ཞེས་བྱ་བའི་བར་ནི་ལྟ་བའི་ཏིང་ངེ་འཛིན་ཡིན་ཏེ་ནམཁའི་དབྱིངས་ཆོས་ཀྱི་འབྱུང་གནས་སུ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཐུགས་ཀར་རྡོ་རྗེ་ཧཱུ~ཾ ་གིས་མཚན་པ་བསམས་པ་ལ་སོགས་ཏེ། དེ་བཞིན་དུ་གསུང་དང་སྐུའི་མཚན་མས་མཚན་པར་བསྒོམས་ལ། རྣལ་འབྱོར་པ་ལྷའི་སྦྱོར་བ་དང་ལྡན་པའི་མིག་ལ་ཡི་གེ་ཨོཾ་བསྒོམས་ཏེ། ཇི་ལྟ་བ་བཞིན་དུ་བལྟས་ན་སངས་རྒྱས ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་མས་མཚན་པའི་གཟུགས་དག་དེ་བཞིན་དུ་སྐུ་གསུང་ཐུགས་རྡོ་རྗེའི་ཚུལ་ཅན་དུ་མཐོང་བར་འགྱུར་རོ།། བཀྲེས་སྐོམ་ལ་སོགས་ཤེས་བྱ་བ་མན་ཆད་ནི་ཟ་བའི་ཏིང་ངེ་འཛིན་ཡིན་ནོ་བའི་སངས་རྒྱས ་དཀྱིལ་འཁོར་འོད་བཟང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཉན་པའི་ཏིང་ངེ་འཛིན་ཡིན་ནོ།། ཞེས་ཟེར་རོ།། དེ་ལ་ཉན་པའི་ཚུལ་ནི་སྐུ་གསུང་ཐུགས་ཀྱི་སྦྱོར་བས་ཇི་ལྟ་བ་བཞིན་དུ་འདོད་དོ།། དཔའ་བོ་རླབས་ཀྱི་ཕྲེང་བའི་ཏིང་ངེ་འཛིན་ནི་ཚིག ་ཉན་གཞུག་པའི་སྦྱོར་བ་སྟེ། འདི་ནི་སྔ་མ་དང་མཐུན་པ་མ་ཡིན་ནོ།། ལྷ་མོ་རྫུན་དེ་མ་བསྒྲུབ་པ་ནི་ཇི་ལྟར་སྨོས་པའི་ཚེ་ལུག་ཀྱིས་བསྒོམས་ཏེ་ན་མཁའི་ཁམས་ཀྱང་ལྷ་མོ་རྫུན་དེ་ས་གང་བར་བསྒོམས་ནས་བདག་གི་ལུས་ལ་བསྡུ ་ཏེ་དེ་ལ་རྡོ་རྗེ་སེམས་དཔའི་སྙིང་པོ་ཧཱུ~ཾ་བཀོད་ན་འགྲུབ་པར་འགྱུར་རོ།། ཁ་ཅིག་ནི་འདི་ཡང་ནོར་བསྒྲུབ་པར་འདོད་དོ།། ཛཾ་བྷ་ལ་བསྒྲུབ་པ་ནི་དེ་ཉིད་ཇི་བཞིན་དུ་བྱས་ཏེ། འདིར་རྡོ་རྗེ་བདུད་རྩིའི་ཆུ་དག་ནི།། དེའི་བསམ་གཏན་གནས ་ན་འདུག་ཅེས་བྱ་བ་ནི་ཛཾ་བྷ་ལའི་དམ་རྫས་ཆུ་ཡིན་ཏེ། དེ་བས་ནི་ཛཾ་བྷུ་ལའི་བསམས་གཏན་ལ་འདུག་པས་བདུད་རྩི་ཆུ་དབུལ་བར་བྱའོ།། ཁ་ཅིག་ན་རེ་གྲུབ་ན་རྡོ་རྗེ་ཆུ་ཐོབ་པ་ཞེས་ཟེར་རོ།། གནོད་སྦྱིན་མོ་བསྒྲུབ་པ་ནི་སྣུ་མ ་བཞིན་དུ་བྱས་ཏེ་ཁྱང་བར་དུ་གུ་ཤིན་རྗེག་ཤིང་པོ་དབུ་རྒྱུན་དུ་བསྒོམ་མོ།། རྣམ་གཅིག་ཏུ་གཤིན་རྗེ་གཤེད་ཀྱི་སྦྱོར་བས་གནོད་སྦྱིན་མོ་བསྒྲུབ་པར་བྱའོ།། གཞན་ན་དེ་དག་གི་ཡོན་ཏན་དུ་ཤེས་པར་བྱའོ།། དཱ་ནི་རིག ་པའི་བརྟུལ་ཞུགས་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འོངས་ཕྱུག་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས།། ལུས་དང་ངག་སེམས་བསྒོམ་པ་ནི།། དེ་ལྟར་གཟུགས་ཀྱི་དོན་དེས ་ནི།། དེ་ཡི་སྐུ་ཉིད་སྒྲུབ་པར་འགྱུར། ཞེས་བྱ་བ་བརྟུལེ་ཞུགས་ཅན་བསྟན་པ་ཡིན་ཏེ། འདི་ལྟར་སྐུ་གསུང་ཐུགས་རྡོ་རྗེ་ལུས་ངག་སེམས་བསྒོམས་པས་དེ་ཉིད་དུ་འགྱུར་བའོ།། དེའི་བརྟུལ་ཞུགས་ནི་ཡུམ་སྟེ་གསང་བའི་དབང ་བསྐུར་བའི་ཡུམ་དང་ཤེས་རབ་ཡེ་ཤེས་ཀྱི་ཡུམ་མོ།། དེ་ཉིད་བསྟན་པའི་ཕྱིར། ཐོར་ཚུགས་དབུ་རྒྱན་ཅན་གྱིས་གཟུགས། ཆེན་པོ་ཁ་དོག་དཀར་པོ་འདྲ།། སྔགས་ཀྱི་སྡོམ་པས་ཀུན་ཏུ་བསྡམས།། ཤེས་པ་ལ་སོགས་པ ་གསུངས་ཏེ། མཚན་ཉིད་དང་ལྡན་པའི་རིག་མ་རྙེད་ནས། སྤྱན་གྱི་གོ་འཕང་ལོངས་སྤྱོད་ཅིང་།། རྡོ་རྗེ་མཚན་མས་བསྒོམ་པར་བྱ། ཞེས་བྱ་བ་བྱིན་གྱིས་བརླབ་པ་སྟེ། གསང་བའི་དབང་གི་ཡུམ་མོ།། ཕྱག་རྒྱ་སྔགས་ཀྱི་ཆོ་ག ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཡུམ་སྟེ། འདི་ནི་མན་ངག་ཐམས་ཅད་ལེགས་པར་བསླབས་པ་དེས་ཤེས་རབ་ཡེ་ཤེས་སྦྱིན་པའི་ཕྱིར་དེ་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན ་ནོ།། ཟླ་བ་དྲུག་གིས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དོན་བརྟག་པ་སྟེ་ཡུམ་དེ་ལས་ཡང་དག་པའི་ཡེ་ཤེས་རྙེད་ནས་ཟླ་བ་དྲུག་ཏུ་གནས་ན་འདུག་པའི་དོན་ཏོ།། རྟག་ཏུ་གཞན་གྱི་ནོར་བརྐུ་བ་ལ་སོགས་པ་ནི་སྐུ་གིསུང་ཐུགས ་ཀྱི་སྡོམ་པ་སྟེ་དེ་ལ་ནོར་བརྐུ་བ་ནི་བྱང་ཆུབ་ཀྱི་སེམས་བཟའ་བའོ།། གསོད་པ་རྨད་དུ་བྱུང་བ་ནི་ཟོས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེང་པའོ།། འདོད་ཆགས་རྡོ་རྗེ་གནས་སྤྱད་པ་ནི།། རིག་མ་དང་གཉིས་སུ་མེད ་པར་གནས་པའོ།། དེ་ལྟ་བུ་ནི་སྡོམ་པ་སྟེ། དེ་ལ་གནས་པ་ནི་སྡོམ་པས་བསྡམས་པ་ཞེས་བྱའོ།། འདོད་ཆགས་རྡོ་རྗེ་ཀྱོ་བ་མོ་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་ཀྱི་སོམ་བསྟན་ཏེ། དེ་ལ་རྡོ་རྗེ་ཀྱོ་བ་མོ་ཞེས ་བྱ་བ་ནི་སྐུའི་སྟེ་གསང་བའི་དབང་གི་ཡུམ་མོ།། ཡོན་ཏན་ལུག་རྒྱུ་དེ་མཱ་མ་ཀཱི་ཞེས་བྱ་བ་ནི་ཐུགས་ཀྱི་བདག་ཉིད་དེ་ཤེས་རབ་ཀྱི་དབང་གིའོ།། ལུ་གུ་རྒྱུད་ཅེས་བྱ་བ་ནི་འབྲེལ་པའི་དོན་ཏེ། གསང་བའི་དབང་གི་ཡུམ་ལས ་བྱང་ཆུབ་ཀྱི་སེམས་ཟོས་ཏེ་མི་རྟོག་པ་སྐྱེས་པ་དང་ཤེས་རབ་ཀྱི་དབང་ལས་བྱང་ཆུབ་སེམས་ཀྱི་བདེ་བ་ཉམས་སུ་མྱོང་སྟེ། མི་རྟོག་པའི་ཡེ་ཤེས་སྐྱེས་པའང་ངོ་བོ་ཉིད་འདྲ་བའི་ཕྱིར་རོ།། ངག་གི་རྡོ་རྗེ་མཆོག་སེམས་ལ་ཞེས ་པ་ནི་གསུང་གཱི་ཡུམ་ཡིན་ཏེ། འདི་ཡང་ཤེས་རབ་ཀྱི་དབང་གི་བདག་ཉིད་ཡིན་པའོ།། དེ་རྣམས་ལ། འདི་ནི་རྣམ་པ་ཀུན་རིག་མ།། ཞེས་བྱ་བ་ནི་མི་རྟོག་པ་སྐྱེ་བའི་ཡུམ་དུ་གྱུར་པའོ།། དེ་ལྟར་ན། རྡོ་རྗེ་ཅན་གྱི་མི་འགྱུར་གསུམ། ཞེས ་གསུངས་པ་ཡིན་ནོ།། དེ་དག་ཀྱང་རང་གྲུབ་པའི་ཕྱག་རྒྱ་བཙལ་བ་འམ།། མ་རྙེད་ན་སེམས་ཀྱིས་བསམ་པར་བྱ་སྟེ། དེ་ལྟར་བྱས་ན་དངོས་གྲུབ་ཏུ་འགྱུར་རོ་ཞེས་པའི་ངན་ཏོ།། གཞན་ཡང་བསོད་སྙོམས་བླང་བ་ལ་སོགས ་པའི་བརྟུལ་ཞུགས་སྤྱད་པར་བྱའོ་ཞེས་པའི་དོན་ཏོ།། དེ་དག་ཐམས་ཅད་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བའི་དཀྱིལ་འཁོར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་ལ་འཇུག་པར་བྱེད་པའོ།། ལེའུ་བཅུ་དྲུག་པའོ།། ། ་ལེའུ་བཅུ་བདུན་པ་ལས་སྟོན་པ་བསྟན་པ་འདི་ནི་དཀྱིལ་འཁོར་རམ་ཏིང་ངེ་འཛིན་བསྒོམས་པ་དག་ཏུ་ཡང་ཀུན་ཏུ་སྦྱར་བར་བྱའོ།། དེ་ལ་འདིའི་རང་བཞིན་ནོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་དེ་ཉིད་རིགས་ལྔའི་ངོ་བ ་ཉིད་དུ་གནས་པ་ཡིན་ལ། རིགས་དེ་དག་ཀྱང་རིགས་དང་ཡེ་ཤེས་དང་རང་བཞིན་དང་ཕྱག་རྒྱ་དང་མ་རྣམས་ཀྱི་སྟེ་ནས་བསྟོད་པར་ཤེས་པར་བྱའོ།། དེ་ལ་ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི ་ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ལས་སོ་སོའི་དམ་ཚིག་བསྲུང་བ་བསྟན་པོའོ།། དེ་ལ་སྐུའི་དམ་ཚིག་ནི།། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས།། དམ་ཚིག་བཞི་ནི་བསྲུང་བར་བྱ།། ཤ་ཆེན་རྟག་ཏུ་བཟའ་བར་བྱ།། ་ཞེས་གསུངས་ཏེ། དེ་ལ་དམ་ཚིག་བཞི་ནི་སྲོག་གཅོད་པ་དང་མ་བྱིན་པ་བླང་བ་དང་རྫུན་དང་འདོད་པ་སྤྱོད་པ་སྟེ་བཞིའོ།། དེ་དག་ཀྱང་ཇི་ལྟ་བའི་མན་ངག་བཞིན་དུ་བསྲུང་བའོ།། དེ་བཞི ་དུ་འོག་མ་རྣམས་ལ་ཡང་སྦྱར་རོ།། འདི་གསུམ་ནི་ཟས་ཀྱི་ཕྱེ་བ་སྟེ། ཤ་ཆེན་ཟ་བ་དང་བཤང་གཅི་ཟ་བ་དང་ཁུ་ཁྲག་ཟ་བ་སྟེ་བདུད་རྩི་རྣམ་པ་ལྔ་སྐུ་གསུང་ཐུགས་སུ་སྤྱད་པ་ཡིན་ཏེ། དམ་ཚིག་འདི་དག་ནི་རྣལ ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་སུ་འདི་དག་ལ་བྱ་བའོ།། རང་སངས་རྒྱས་ཀྱི་དམ་ཚིག་ནི། དེ་དག་ལུས་ཀྱིས་སྟོན་པ་ཡིན། ཞེས་པ་ལ་སོགས་པ་སྟེ། རང་སངས་རྒྱས་ནི་ལུས་ཀྱི་སྒོ་ནས་ཆོས ་སྟོན་གྱི་ངག་གིས་མ་ཡིན་ཏེ། དེ་ལྟ་བུའི་དམ་ཚིག་ནི་སྐུ་རྡོ་རྗེ་གནས་པ་སྟེ། དེ་ལྟ་བུས་སེམས་ཅན་འདྲེན་པའོ།། དམ་ཚིག་འདི་དག་ཀྱང་རང་རང་གི་དམ་ཚིག་རྣམས་ཇི་ལྟར་སྨོས་པ་དེ་བཞིན་ཡིན་ཏེ། སྟོན་པས་ཀྱང་དེ ་དག་དང་མཐུན་པར་སྟོན་ཞིང་དོན་མཛད་དོ།། ཞེས་སྤྱིར་ཤེས་པར་བྱའོ།། ཉན་ཐོས་ཀྱི་དམ་ཚིག་ནི་དགེ་བ་ཅུའི་ཆོས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་དགེ་བ་བཅུའི་ཆོས་རྣམས་ནི་བྱེད་ཅིང་སྤྱོད་པ་ཉོན ་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་ས་ལ་གནས་པ་ཡེ་ཤེས་སྤངས་པ་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་མ་མོས་པས་མོས་པ་དམན་པའོ།། ཚངས་པའི་དམ་ཚིག་ནི་བསམ་གཏན་གྱི་ཏིང་ངེ་འཛིན ་ལ་གནས་པས་ལྷག་མཐོང་གི་ཤེས་རབ་དང་བྲལ་བའི་ཕྱིར་གཏི་མུག་གི་ལས་ཀྱི་ལམ་རྣམས་གང་རྣམས་བྱེད་པའོ།། འདོད་པའི་ཡོན་ཏན་ལ་དགྲ་དང་ཟུག་རྔུར་བལྟ་བས་འཇིགས་ཤིང་མི་སྡུག་པའོ།། དེ་ལྟ་བུའི་ཐབས ་ཀྱིས་འདྲེན་པས་བྱང་ཆུབ་སྟོན་པས་ཏེ། དེ་ལྟ་བུའི་སྐུ་རྡོ་རྗེའོ།། ཁ་ཅིག་ན་རེ་ཚངས་པ་ཞེས་སྨོས་པ་ནི་སྐུ་རྡོ་རྗེའི་མིང་གི་རྣམ་གྲངས་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཉན་ཐོས་ཞི་བ་ཕྱོགས་གཅིག་ལ ་གནས་པའི་འཁོར་བ་དགྲ་དང་ཚེ་མར་ལྟ་བ་རྣམས་ལ་སངས་རྒྱས་ཀྱི་སྦྱོར་བས་བསྐུལ་ནས་རྫོགས་པའི་བྱང་ཆུབ་སྟོན་པས་ཏེ་འོག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱོར་རོ་ཞེས་བྱ་བར་འདོད་དོ།། དྲང་བའི་དམ ་ཚིག་ནི། ཁམས་གསུམ་གྱི་བུད་མེད་ལུས་ངག་ཡིད་གསུམ་ལ་གནསོ་ཤིང་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོར་སྦྱར་བར་བྱའོ།། བིདྱཱཏྠའི་དམ་ཚིག་ནི་སེམས་ཅན་རྣམས་སྐུ་གསུང་ཐུགས་ཀྱི་སྒྲོལ་བའོ།། ་མདོར་ན་འདི་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་འགྲོ་བའི་དོན་བྱེད་པའི་ཚུལ་ལོ།། གནོད་སྦྱིན་དང་གནོད་སྦྱིན་མོའི་དམ་ཚིག་ནི་ཤ་དང་བུད་མེད་ལ་དགའ་བ་སྟེ། འདི་ནི་བསྒྲུབ་པ་འམ་དེ་དག་གི་དོན་བྱ་ན་ཡང ་དེ་ལྟར་བྱ་སྟེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ།། གླུ་ཡི་དམ་ཚིག་བསྟན་པ་ལ།། གཞན་དུ་ངེས་པར་ཉོན་མོངས་འགྱུར།། ཞེས་བྱ་བ་ནི་དམ་ཚིག་ལྟར་མ་བྱས་ནས་འདུལ་བར་མི་འགྱུར་བ་སྟེ་ཀུན་ལ་ཡང་དེ ་བཞིན་དུ་སྦྱར་རོ།། སེམས་ཅན་ཀུན་ལ་ཕར་འདོད་པའི།། དམ་ཚིག་མ་ལུས་སྤྱད་པར་བྱ།། ཞེས་བྱ་བ་ནི་འགྲོ་བ་དྲང་བའི་ཐབསུ་སོ་སོའི་དམ་ཚིག་བསྟན་པ་སྟེ་འདི་དག་གིས་དྲང་ཞིང ་འདུལ་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་དོག་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་དེ་དག་དགའ་བ་ཡིན་ཏེ། དེའི་ཕྱིར་ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ་ཁམས་གསུམ་དག་ན་རྣམ་པར་སྤྱོད་ཅེས་གསུངས།། ད་ནི་སྐུ་གསུང་ཐུགས ་ཀྱི་ངོམ་ཚིག་རེ་རེ་ལོ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་དང་ལྡན་པར་སྟོན་ཏེ། ལུས་ཀྱི་རྣམས་གསུམ་ཐམས་ཅད་ནི།། རྡོ་རྗེ་འདྲ་བར་རབ་ཏུ་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ལུས་ཀྱི་ལས་སམ་བདག་ཉིད ་རྣམ་པ་གསུམ་ནི་དུག་གསུམ་གྱི་བདག་ཉིད་ཡིན་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པས་སྐུའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་ཏེ་ངག་དང་ཡིད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ།། ད་ནི་སྐུ་གསུང་ཐུགས་ཀྱི་སྡོམ་པ ་དང་ལྡན་པ་དེས་གང་ལ་ཡང་ཕྱག་མི་བཙལ་བར་བསྟན་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། སྐུ་གསུང་ཐུགས་སྨྲ་སྦྱོར་བ་ནི།། ཕྱག་འཚལ་ན་ནི་མུ་རུངས་འགྱུར་ཞེས ་གསུངས་པ་ཡིན་ནོ།། རྡོ་རྗེ་བསམ་གཏན་གྱི་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་སྒོ་གསུང་ཐུགས་རྡོ་རྗེ་ལ་རྡོ་རྗེ་བསྒོམས་ནས་གསང་སྔགས་བཟླས་ཞེས་བྱ་བའི་དོན་ཏོ།། གསང་སྔགས་དེ་ཡང་གང་གིས་ཇི་ལྟར་བྱ་ཞེ་ན། ་སེམས་ཅན་ཁམས་རྣམས་མདོ་རུ་ནི།། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ།། རྡོ་རྗེ་གསུམ་གྱི་ཕྱག་འཚལ་མཆོག། དམ་ཚིག་རྡོ་རྗེ་ལས་བྱུང་བའོ།། ཞེས་གསུངས་ཏེ། དེ་ལ་གླང་བསྐུལ་ཞེ་ན། སེམས་ཅན ་རྣམས་ཞེས་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཐམས་ཅད་བསྐུལ་པོར་བྱའོ།། གང་གིས་ཞོ་ནཱ། བསམ་གཏན་རྡོ་རྗེ་ཞེས་སྨོས་ཏེ། གོང་དུ་བསྟན་པའི་བསམ་གཏན་རྡོ་རྗེ་ཉིད་ཀྱིས་སོ།། གསང་སྔགས ་གང་གིས་ཞེ་ནི། རྡོ་རྗེ་གསུམ་གྱི་ཕྱག་འཚལ་མཆོག་ཅེས་བྱ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ཡི་གེ་ཨོཾ་གྱིས་བསྐུལ་ཏེ་དེ་ནི་སྐུ་གསུང་ཐུགས་ཉིད་ལས་བྱུང་བའི་ཕྱིར་དམ་ཚིག་རྡོ་རྗེ་ལས་བྱུང་བའོ།། ཞེས ་སྨོས་པ་ཡིན་ནོ།། བསྙེན་སྒྲུབ་བཞིའི་སྡོམ་པ་ནི།། རྡོ་རྗེ་བཤོང་བཅིས་ན་མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་བསྙེན་སྒྲུབ་བཞིའི་ཏིང་ངེ་འཛིན་དང་ལྡན་པ་ནི་བདུད་རྩི་ལྔ་དང་ལྡན་པའི ་མཆོད་པའི་སྡོམ་པ་དང་ལྡན་པར་བྱ་བ་ཉིད་དོ།། མི་སྣང་བའི་དམ་ཚིག་ནི་དུས་བཞིར་ཇི་ལྟར་ཆོ་ག་བཞིན་ཞེས་གསུངས་ཏེ། འདིར་ཏིང་ངེ་འཛིན་གྱིས་ཤེས་རབ་མ་སྐྱེད་ནས་དེ་དང་རིག་པའི་བརྟུལ་ཞུགས་སྤྱོད་ཅིང ་བྱང་ཆུབ་སེམས་ཀྱི་རྫས་འཕྲོག་པའོ།། དེ་ལ་མི་སྣང་བ་ཞེས་སྨོས་པ་ནི་སྦ་བར་བྱ་བའི་བརྡ་ཚིག་སྟེ། ལྷ་མོ་ཉིད་ལ་བྱའོ།། རྣམ་གཅིག་ཏུ། ཡང་ན་རྫས་ཀྱང་རྟག་ཏུ་ངོ་བྲོག། ཅེས་བྱ་བ་ན། ཏིང་ངེ་འཛིན་གྱིས་བསྐྱེད ་པའི་ཤེས་རབ་ལས་གཞན་པ་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱུ་དངོས་བཅོལ་བའོ།། ན་མཁར་རིག་འཛིན་གྱི་དམ་ཚིག་ནི་དབུ་རྒྱུན་བསམས་པ་སྟེ། རྒྱས་བཏབ་པ་ནི་རིག་པ་འཛིན ་པའི་ཕྱིར་རོ།། སྔགས་འཆང་ལས་དང་པོ་པའི་དམ་ཚིག་ནི།། ལུས་ཀྱི་རྡོ་རྗེ་ཁ་ཟས་དང་།། ཕྱི་རོལ་རྡོ་རྗེ་འཛིན་པ་དང་།། རྡོ་རྗེ་ཆོས་ལ་རྟག་པར་ནི།། སྔགས་སྨོན་ཆོ་ག་སྤྱད་པར་བྱ།། ཅེས་བྱ་བ་གསུངས་ཏེ། དེ་ལ་ལུས ་ཀྱི་རྡོ་རྗེ་ཁ་ཟས་ལ་སྤྱད་པ་དང་། ཕྱི་རོལ་རྡོ་རྗེ་འཛིན་པ་ལ་སྤྱད་པ་དང་རྡོ་རྗེ་ཆོས་ལ་སྤྱོད་པ་ནི་རྟག་ཏུ་སྔགས་སྟོན་པའི་ཆོ་ག་བྱའོ་ཞེས་པའི་དོན་ཏེ། དེ་ལ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་ཟས་ཏེ་འདི་དག་ལ་བདུད་རྩིའི་ཏིང་ངེ་འཛིན་གྱི ་ཚོགས་སྦྱང་བར་བྱའོ།། ཕྱི་རོལ་རྡོ་རྗེ་འཛིན་པ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་ལ་རྡོ་རྗེ་འཛིན་གྱི་རང་བཞིན་གྱི་ལྷར་བརྟོགས་ཏེ་སྦྱང་བ་དང་། རྡོ་རྗེ་ཆོས་ཏེ་ཤེས་རབ་ཀྱི་བདག་ཉིད་ལ་ཇི་ལྟ་བའི་ཆོ་གས་བྱིན་གྱིས་བརླབ ་ཅིང་སྤྱད་པོ་ཡིན་ཏོ། དེ་ལྟར་སྐུ་གསུང་ཐུགས་སུ་གོམས་པར་བྱ་བ་ནི་ལས་དང་པི་པའི་དམ་ཚིག་ཡིན་ནོ།། ཁ་ཅིག་ན་རེ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་བྱིན་གྱིས་བརླབས་པའི་ཟས་དངོས་སོ།། ཕྱི་རོལ་རྡོ་རྗེ་འཛིན་པ་ཞེས་བྱ་བ ་ནི་བན་དའི་ཕྱི་རོལ་ན་ཡོད་པའི་རྡོ་རྗེ་ཧཱུཾ་གིས་མཚན་པའོ།། རྡོ་རྗེ་ཆོས་ལ་ཞེས་བྱ་བ་ནི་བན་དེའི་འོག་ན་གནས་པའི་ཨ་དང་མེ་དང་རླུང་ལ་སོགས་པ་སྟེ། དེ་ལྟ་བུའི་རང་བཞིན་དེ་ལ་རླུང་གིས་མེ་སྤར་ངེས་པན་དའི་བདུད ་དངོས་གན་བསྲེགས་ཧཱུ~ཾ་གི་རྡོ་རྗེ་ལས་བྱང་ཆུབ་སེམས་བྱུང་བ་ཨོཾ་དུ་བསྡུས་ཏེ་བནྡྷ་དར་ཐིམ་པས་བདུད་རྩིར་བྱིན་གྱིས་བརླབ་པ་ལ་ནི་སྔགས་སྟོན་ཆོ་ག་སྤྱད་པར་བྱའོ།། ཞེས་ཟེར་རོ།། དེ་སྐད་ཅེས་བཀའ་སྩལ་ནས་ཅང ་མི་གསུང་བར་གྱུར་པ་དང་།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅང་མི་གསུང་བའི་དོན་ཞུས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ། སྟོན་པ་ཅང་མི་གསུང་བའི་དགོངས ་པ་བཀའ་སྩལ་ཏེ་བརྗོད་དུ་མེད་པའི་དོན་ལ་བརྗོད་ན་ལོག་པར་རྟོག་པའི་འཛིན་པའི་གནས་སུ་གཉིས་གྱུར་པས་མི་གསུང་པ་ཉིད་ཀྱི་སྒོ་ནས་བསྟན་ཏོ་སྙམ་དུ་དགོངས་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས ་ཀྱིས་འདི་སྐད་དུ་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པར་དོགས་པ་མི་མཛད་པར་བཀའ་སྩལ་དུ་གསོལ་ཏོ་ཅིའི་སླད་དུ་ཞེ་ན། ཚིག་འདི་ནི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ།། བཀའ་སྩལ་པ་ཡང་ཅིའི་སླད་དུ་ཞེ་ན། ཚངས ་པ་ལ་སོགས་པར་མངོན་པར་ཤེས་པའི་ཡེ་ཤེས་དང་ནི་ལྡན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་ནི་མི་ཤེས་པ་རྣམས་འདི་སྙམ་དུ་རྟོག་སྟེ་ཅི་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མངོན་པར་མཁྱེན ་ནས་བཀའ་སྩལ་ལམ། འོན་ཏེ་མི་མཁྱེན་ན་བཀའ་མི་སྩལ་སྙམ་དུ་རྟོག་པ་སྲིད་པས་དེའི་ཕྱིར་བཀའ་སྩལ་དུ་གསོལ་ཞེས་ཞུས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་ཡི་གེ་ནི་མི་མཾ་མཁྱེན་པ་ཉིད་ཡིན ་ཏེ་ཤེས་སུ་མེད་པའི་ཕྱིར་ཞེས་གསུངས་སོ།། ཁ་ཅིག་ན་རེ་ཤེས་ནས་གསང་བའི་ཡི་གེ་ངོ་བོ་ཡོད་པར་འཆད་དམ་མེད་པར་འཆད་ཅེས་རྟོག་པར་འགྱུར་བས་ངོ་བོ་ཉིད་མི་ཤེས་པའི་ཕྱིར་འདིའི ་ངོ་བོ་ཉིད་ཤེས་པར་མཛད་དུ་གསོལ་ཞེས་ཞུས་པ་ལ་དེ་དག་ནི་ངེད་ཀྱིས་ཀྱང་མི་ཤེས་ཏེ། ཤེས་སུ་མེད་པའི་ཕྱིར་རོ་ཞེས་ཟེར་རོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སངས་རྒྱས་ཀུན་གྱིས་ཕྱག་བྱས་ནས། ཞེས་བྱ་བས་ནི་གོསང ་སྔགས་ཀྱི་རིག་པའི་སྐྱེས་བུ་བསྒོམ་པར་ཞུ་བ་ཕུལ་བའོ།། དེ་ནས་བཀའ་སྩལ་པ་ནི། མཁའ་དབྱིངས་འཁོར་ལོའི་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ།། ་འདི་ནི་རྒྱས་བཏབ་པའི་སྦྱོར་བ་སྟེ་བསྒོམས་ན་དངོས་གྲུབ་འགྲུབ་པ་ཉིད་དུ་བསྟན་པ་ཡིན་ཏེ། དེ་ལ་འདིའི་ཚུལ་ནི་ན་མཁའི་དབུས་སུ་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་རྡོ་རྗེ ་ཞལ་གསུམ་རྣམ་པར་གཡོ་བ་ཕྱག་ན་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་རལ་གྲི་དང་དྲིལ་བུ་བསྣམས་པ་བསྒོམས་ཏེ། སྤྱི་བོར་རྡོ་རྗེ་དབུ་རྒྱན་གྱིས་རྒྱས་བཏབ་པར་བསྒོམས་ན་བྱང་ཆུབ་མྱུར་དུ་ཐོབ་པར ་འགྱུར་ཏེ། དེ་བཞིན་དུ་ལྷ་ཐམས་ཅད་ལ་ཡང་རང་གི་རིགས་ཀྱི་དབུ་རྒྱན་གྱིས་མཚན་པར་བསྒོམས་ན་དངོས་གྲུབ་ཏུ་འགྱུར་གྱི་རྒྱས་མ་བཏབ་ན་ནི་དངོས་གྲུབ་ཏུ་མི་འགྱུར་བའི་དོན་ཏོ།། ཐབས་དང་ཤེས་རབ་ཀྱི་སྦྱོར་བས་རྒྱལ་པོ ་མཉེས་པར་བྱས་ན་སྐུ་གསུང་ཐུགས་ཀྱིས་མཚན་པའི་རྒྱལ་བ་ཁྱུ་མཆོག་རྣམས་མཉེས་པར་འགྱུར་བ་ནི་སྦྱོར་བའི་མཆོད་པའོ།། རང་གི་ལུས་ངག་སེམས་རྡོ་རྗེ་ལ་ལྷའི་སྐུ་གསུང་ཐུགས་ཕྱག་རྒྱའི་དོན་ཆོ་ག་བཞིན་དུ་བརྟགས་ཤིང ་བསྒོམས་ན། དེའི་ཆོས་ཉིད་ཀྱིས་སངས་རྒྱས་ཐོབ་པོ་ཞེས་བྱ་བ་ནི་རྡོ་རྗེ་གསང་བ་བསྒྲུབ་པའི་གཏན་ཚིགས་སོ།། བྱང་ཆུབ་དོན་དུ་གཉེར་བར་འདོད་ན་ལག་པའི་ཕྱག་རྒྱ་སྤངས་ཏེ། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གྱིས་གྲུབ་པར ་འགྱུར་བ་ལས་ནི་སངས་རྒྱས་མི་འདའོ།། ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉིད་བསྔགས་པར་བསྟན་པའོ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་མི་སྨད་པར་བསྟན་པ་ནི་ཇི་སྐད་སྨོས་པ་བཞིན་དུ་དང་དུ་བླང་ཞིང་ཚིག་ཙམ་དུ་ཡང་མི་སྨད ་པར་བསྟན་ཏེ་ཚུལ་ནི་སྔར་བཞིན་ནོ།། ཐུགས་ཀྱི་དམ་ཚིག་མགུ་ཞིང་ཚིམ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་བསད་པ་ཉིད་དུའོ།། མདོར་ན་ཕུང་པོ་ལྔ་རྣམས་ནི།། སངས་རྒྱས་ལྟ་རུ་རབ་ཏུ་གྲགས། ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ ་དང་། ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་བདག་ཉིད་བསྟན་ཏེ། དེ་ལ། མཁའི་དབྱིངས་རྡོ་རྗེའི་དམ་ཚིག་ནི།། རྡོ་རྗེ་འཛིན་པ་དེ་ཉིད་ཡིན། ཞེས་བྱ་བ་ནི་ནམ་མཁའ་རྡོ་རྗེ་འཛིན་ཉིད་དུ་བསྟན་པ་སྟེ། འདིར་ལེའུ་དང་པོ་ནས་ན་མཁ ་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་འཁོར་དུ་བསྟན་པ་ནི་འགལ་ལོ་ཞེ་ན། ལེའུ་དང་པོའི་སྐབས་སུ་ནི་ཀུན་ཏུ་བཟང་མོ་ན་མཁའི་རང་བཞིན་ཡིན་པས་འཁོར་དུ་སྨོས་པ་ནི་འགལ་བ་མེད་ལ། དེ་ནི་མཁའ་གནས་ཀྱི་ངོ་བོ་ཉིད ་ཡིན་པས་ཕྱག་རྒྱར་བཀོད་པ་ནི་མེད་དོ།། འདི་ནི་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསྟན་པ་ཡང་དེའི་རང་བཞིན་ཉིད་ཡིན་ཏེ། འདི་ལ་ཆོས་ཅན་གཅིག་པའི་རྟོག་པ་མི་བྱ་སྟེ། གང་ཡང ་དེ་བཞིན་གཤེགས་པ་ནི་རྫས་ཀྱི་ཆོས་ཁོ་ན་ལ་ངེས་པར་གནས་པ་ནི་མེད་དེ་ཕུང་པོའི་ལྷ་དང་སྐྱེ་མཆེད་ཀྱི་ལྷ་དང་འབྱུང་བའི་ལྷ་དྲུག་ཡིན་ནོ།། ཁ་ཅིག་ན་རེ་ན་མཁའ་ལ་ཡང་ཆོས་ཅན་དང་ཆོས་ཉིད་དུ་བཏོགས་ནས་དབྱེ ་བ་བྱས་ཏེ་འདི་ཉིད་ཀྱི་བྱེ་བྲག་ཡོད་དོ་ཞེས་ཟེར་རོ།། དོན་དུ་ནི་བཏགས་ནས་བྱེ་བྲག་ཏུ་བྱས་པ་ལ་དངོས་པོར་གྲུབ་པ་ནི་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ནོ།། དེ་དག་མན་ཆད་ནི་གོ་སླ་བས་མ་བཤད་དོ།། ཀུན་འབྱུང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག་ཅེས་བྱ་བ་ལ་སོགས་པསོ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་སྐུར་བའི་ཐབས་བསྟན་ཏེ་དེ་ལ་གང་ཟག་ཤིན་ཏུ་དམན་པ་ནི་གཟུགས་བརྙན་གྱི ་དཀྱིལ་འཁོར་ལ་བསྟེན་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐུ་ཡོད་པ་རྣམས་ཏིང་ངེ་འཛིན་ལྔ་བརྟེན་ཏེ་དབང་ནོད་པ་ཡིན་ནོ།། དེ་ལ་ན་མཁའ་དབྱིངས་ཀྱི་དབུས་བསམ་པ།། གྲུ་བཞི་ལྷམ་པ་རབ་ཏུ་བཟང་།། ཞེས་བྱ་བཱ་ནི ་དབང་བསྐུར་བའི་གནས་ཏེ། ན་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གྲུ་བཞི་ལྷམ་པའི་གཞལ་ཡས་ཁང་རྫོགས་པར་བསྒོམ་པའོ།། སངས་རྒྱས་དཀྱིལ་འཁོར་བསྒོམས་པ་ཡིས།། ཞེས་བྱ་བ་ནི་ཏིང་ངེ ་འཛིན་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྒོམས་པས་སོ།། དེས་ཅི་ཞིག་ཅེ་ན། བསམ་གཏན་རྡོ་རྗེས་བསྐུའ་བྱ་ཞེས་གསུངས་ཏེ། སྔོན་དུ་བསྟན་པའི་བསམ་གཏན་རྡོ་རྗེའི་ཏི་ས་འགྱིས་ལྔ ་རྣམས་བསྐུལ་ཏེ་སྤྱན་དྲང་ངོ་།། དཀྱིལ་འཁོར་དུ་འཇུག་པ་ཡང་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བསྒོམས་པས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱིས། འཁོར་ལོ་ཅན ་ཀུན་གཞུག་པར་བྱ། ཞེས་གསུངས་པ་ཡིན་ནོ།། མཆོད་པ་བྱ་བ་ཡང་། མཆོད་པའི་ཆོ་ག་དེ་ཉིད་ཀྱིས།། བློ་དང་ལྡན་པས་རྟག་ཏུ་བྱ། ཞེས་གསུངས་པ་ཡིན་ནོ།། དབང་བསྐུར་བ་ཡང་། སློབ་དཔོན་སྙིང་གར་བསྒོམས་ན་ནི།། ་དབང་བསྐུར་བ་ནི་བཅོམ་པར་བྱ།། ཞེས་གསུངས་ཏེ་སློབ་དཔོན་ལྷའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་གསལེ་བར་བསྒོམས་པའི་སྙིང་གར་སླེབ་མ་ཞུགས་ཏེ་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བྱས་ཏེ་གནས་པ་ལ ་དབང་བསྐུར་བ་བརྩམ་པར་བྱའོ།། དབང་ཇི་ལྟར་བསྒྱུར་ཝཱ་ན། སངས་རྒྱས་ཀུན་གྱིས་ན་མཁའི་དབྱིངས།། ཡོངས་སུ་གང་བར་རྣམ་པར་བསམ།། དབང་བསྐུར་བ་ཡི་གེནས་གསུམ་གྱིས།། ཐམས་ཅད་ཆོ་ག་བཞིན་དུ་དབང ་ཞེས་གསུངས་ཏེ། ན་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པས་དབང་བསྐུར་ཞིང་སྐུ་གསུང ་ཐུགས་ཀྱི་གནས་སུ་ཡེ་ཤེས་ཀྱི་ལྷ་དབབ་ཅིང་བསྟིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བྱའོ།། དེའི་ཡོན་ཏན་ཡང་དེ་ཡིས་ཡོན་ཏན་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བས ་གཏན་གྱི་དཀྱིལ་འཁོར་རྫོགས་སོ།། ཞེས་བྱ་བ་ནི་ལེའུ་བཅུ་བདུན་པའོ།། ། ད་ནི་དྲུག་པོའི་ལས་ཀྱི་ལྐོག་མ་ཁྲག་དྲང་བ་བསྟན་ཏེ། དེ་ལ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བ་ནི་དྲག་པོའི་སྐུ་གསུང་ཐུགས་དང་ལྡན ་པའི་སྙིང་པོ་སྟེ། འདིས་ཞེ་སྡང་རྡོ་རྗེ་ལ་སོགས་པ་ཁྲོ་བོ་གང་ཡང་རུང་བའི་སྐུ་གསུང་ཐུགས་ཀྱི་ལྷ་རབ་ཏུ་ཁྲོས་པ་དང་ལྡན་པ་ཅན་རབ་ཏུ་བསྐྱོད་དོ།། གནས་སྐབས་གིང་དུ་ཞེ་ན། ཤཱ་རུས་ལ་སོགས་དཀྱིལ་འཁོར་ནི།། ནི་མཁ ་དབྱིངས་ཀྱི་དབུས་སུ་བསམ་ཞེས་གསུངས་ཏེ། རཀྟའི་རྒྱ་མཚོའི་སྟེང་ན་མཱཾ་སའི་ས་གཞི་ཆེན་པོ་གནས་པ་ལས་ཀེང་རུས་ཀྱི་རི་རབ་ཀྱི་སྟེང་ཐོད་རུས་ཀྱི་གཞལ་ཡས་ཁང་དུ་གྱུར་པའི་ནང་ན་རྡོ་རྗེ་སེམས་དཔའ་ཞེ་སྡང་རྡོ་རྗེའི ་རང་བཞིན་དྲག་པོ་ཁྲོས་པ་ཨུཏྤ་ལ་སྔོན་པོའི་མདོག་ཅན་ཞལ་གཡས་དཀར་གཡོན་དམར་བ་ཕྱག་དྲུག་པ་ཕྱག་མཚན་གཞན་དང་མཐུན། གཡས་ན་ཐོད་པ་ཞགས་པ་བསྣམས་པ། ལྕེ་ལ་ཧཱུཾ་ཧྲཱིཿཁཾ་ཞེས་བྱ་བའི་ཡི་གེ་མེ་ལྟར ་འབར་བ་བཀོད་པ། ལུས་ལ་ཡི་གེ་གསུམ་ལས་བསྐྱེད་པའི་སྐུ་གསུང་ཐུགས་ཀྱི་ལྷ་ཁྲོས་པས་བརྒྱན་པ་བསྒོམས་ཏེ། གསང་སྔགས་ཨོཾ་ཨཱཿཧཱུཾ་ཧྲཱིཿཁཾ་ཧཱུཾ་ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་ལྷའི་ཐུགས་ཀ་ནས་ཀྱོ་བ་རྣམ ་གསུམ་སྤྲོས་ཏེ། དགྲའི་ཁྲག་ཐམས་ཅད་དྲངས་ནས་ཐོད་པའི་ནང་དུ་དགང་བ་བདག་གི་འབར་བའི་ལྕེས་བརྔུབ་ཅིང་འཐུང་བར་བསྒོམས་ལ་ཏྲི་ཤུ་ལ་དང་ཕུར་པ་བྱིན་གྱིས་བརླབས་པ་དག་གིས་ཀྱང་གདབ་པར་བྱས་ན་གང ་ཡང་རུང་སྟེ་འཆི་བར་འགྱུར་རོ།། ཁ་ཟས་ཀྱི་དམ་ཚིག་ནི་བཟའ་བ་འམ་ཡང་ན་བཏུང་བའང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟས་ཐམས་ཅད་ལ་བདུད་རྩིའི་ངོ་བོར་བརྟགས་ཏེ་བྱིན་གྱིས་བརླབས་པ་བཟའ་བའོ།། ་ཁ་ཅིག་ན་རེ་བདུད་རྩི་བྱིན་གྱིས་བརླབས་པ་ཉིད་ཟས་ལ་གདབ་ཅེས་སོ།། མཆོད་པའི་མཆོག་གིས་མཆོད་པ་ནི་འདོད་པ་ལྟའོ།། དབང་པོ་གཉིས་སྦྱར་བའི་མཆོད་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་བདུད་རྩི་ལྔའོ།། ་ལུས་ངག་སེམས་ཀྱི་སྡོམ་པ་ནི།། བུད་མེད་ཐམས་ཅད་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། སྒྲུབ་པ་ཐམས་ཅད་ཀྱི་སྡོམས་པ་ནི་རང་གི་ལུས་དག་སེམས་གསུམ་གསབ་སྐུ་གསུང་ཐུགས་སུ་བསྒོམས་པའི་དྲག་པོ ་དེ་བསྒྲུབས་ན་ལྡོག་པར་རྟོག་པ་ཐམས་ཅད་འཇིག་པར་འགྱུར་བྱའོ།། རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་སྡོམྦྷ་པ་ནི། རྣལ་འབྱོར་བ་འཕྲོ་བའི་ཏིང་ངེ་འཛིན་གྱིས་དུབ་སྟེ། ལུས་ཉམ་ཆུང་ནཱ་སྟྭཾ་བྷོཥྚི་སྟེང་མཐོ་གང་ཙམ་སྔགས་བྱར་ཟླ་བའི ་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་བསྒོམས་ཏེ། དེ་འོང་དུ་ཞུ་བ་ལས་སྤྱི་བོ་ནས་ཐོམ་སྟེ། གཟི་བརྗིད་བསྐྱེད་པར་བྱའོ།། སྔགས་འཛིན་པོ་ཐམས་ཅད་ཀྱི་ངོམོ་ཚིག་ནི་ཏིང་ངེ་འཛིན་དང་ལྡན་པས་མཆོད་རྟེན་བཅིས ་པ་ལ་སོགས་པའི་ལས་མི་བྱ་བའོ།། དུག་གསོ་བའི་ལས་ནི་བདག་གི་ཐུགས་ཀར་ཡི་གེ་གསུམ་བསྒོམས་ཏེ། འཁོར་ལོའི་དབུས་སུ་སྐུ་གསུང་ཐུགས་ཀྱི་ཡི་གེ་དཀར་པོ་བཞག། ་ཁ་ཟས་ཆེན་པོ་སེར་པོར་བསྒོམ། སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་དུག་དྲངས་པར་བསྒོམས་ན་དུག་འབྱིན་པ་ལ་སོགས་པར་འགྱུར་རོ།། བསྲུང་བའི་འཁོར་ལོའི་སྦྱོར་བ་ནི་གྲོ་ག་འམ་ཤོག་ཤོག་ལ་སོགས ་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་བྲིས་ཏེ། དབུས་སུ་ཧ་དང་མིང་བྲི། མཐའ་སྐོར་དུ་སྔགས་ཀྱི་ཡི་གེ་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ད་ཧ་དང་ཨ་མྲྀ་ཏིའི་བར་དུ་བསྒྲུབ་བྱའི་མིང་བཅུག་སྟེ། གསང་སྔགས་ཀྱང ་དེ་བཞིན་དུ་བཟླས་ནས་ལུས་ལ་བཏགས་ན་བསྲུང་བར་འགྱུར་རོ།། རྡོ་རྗེ་ཨཉྫ་ན་བསྒྲུབ་པ་ནི་ལམ་གྱི་བཞི་མདོ་ལ་སོགས་པའི་ཇི་སྐད་གསུངས་པའི་གནས་སུ་སིང་སྟེ། ཐོད་པ་འཛག་པ་ཞིག་གི་ནང་དུ་ཚིལ ་ཆེན་དང་ཁྲིག་དང་བཤང་བ་སྦྱར་བ་ཐོད་པ་བཟང་པོ་ཞིག་གཱི་ནང་དུ་ཕབ་ནི་ས། དོ་ལས་མར་མེ་བྱས་ཏེ་སྡོང་བུའི་རྒྱུ་པདྨའི་སྐུད་པ་འམ། རས་ཀྱི་སྐུད་པས་བྱས་ཐོད་པ་ཁ་སྦྱར་དུ་མར་མེ་བཏང་བར་བྱའོ།། དེ ་ནས་ངུ་བའི་དྲག་པ་དེ་དག་རྒོད་ཀྱི་ཐེའུ་གཤོག་རྒྱབ་ཕྱི་ཟུར་གྱིས་བྲུད་ནས། དེ་ལ་གསང་སྔགས་ཨོཾ་ཨཱཿ་ཛྭ་ལི་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང་མིག་ལོ་བསྐུས་ཏེ། དུས་ནི་ཆོས་ཉི་ཤུ་དགུའི་ནམ་ཕྱེད ་ནས་བཟུང་སྟེ། ཇི་སྲིད་དུ་མ་གྲུབ་པ་དེ་སྲིད་དུ་གྲུབ་པ་བྱས་ནི་མིག་མངོན་པར་ཤེས་པ་འཐོབ་བོ།། གཞན་ཡང་སྐྱེ་བ་བདུན་པའི་རྫས་ཤེས་པར་བྱེད་དོ།། གཞན་ནི་གོ་སླའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དེ་དག་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་བརྟུན་མོའི་བྷ་ག་ལ་བཞུགས་ཞེས་བྱ་བ་ནི་ཇི་ལྟར་དངོས་པོ་ཡང་སྟོན་པ་བཙུན་མོའི་བྷ་ག་ལོ་བྱང་ཆུབ་སེམས་ཀྱི་ངོ་བོར་བཞུགས་ཏེ། དེ་བཞིན་དུ་འདིར་ཡང ་བཙུན་མོའི་བྷ་ག་ལ་གཙུག་པ་ནི་ཆགས་པ་ཆེན་པོའི་ཧོས་ཡོངས་སུ་ཞུ་ནས་བཞུགས་པའོ།། དེ་ལ་ལྷ་མོ་རྣམས་ཀྱིས་གླུའི་སྒོ་ནས་ཡོངས་སུ་བསྐུལ་ཏེ། འདི་ལྟར་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཀྱིས་གཙོ་བོ་ཁྱོད་ནི ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་གཟིགས་པ་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་ཐུགས་རྗེས་བདག་ལ་གཟིགས་ཤིང་བདག་ལ་གསོན་པར་མཆིས་པར་མགྲོན་པོ་ཁྱོད་ཀྱིས་གནང་བ་ལགས་ན་བཞེངས་ལ་བདག་དམ ་ཚིག་གི་དགྱེས་པ་སྤང་བར་མཛད་དུ་གསོལ། ཞེས་ལྷ་མོ་བཞིས་བསྐུལ་ལོ།། དེ་སྐད་ཅེས་བསྐུལ་བས་བཅོམ་ལྡན་འདས་དེ་དག་ཇི་ལྟ་བའི་ཚུལ་གྱིས་ཡོངས་སུ་བཞེངས་ཏེ་དམ་ཚིག་གི་བཙུན་མོ་ལེ་འདོད ་པ་སྤྱོད་པར་འགྱུར་ཏོ།། འདི་ནི་དཀྱིལ་འཁོར་འདོན་པའི་སྦྱོར་བའི་བདག་ཉིད་དང་སྦྱར་བར་བྱའོ།། དེ་ནས་ན་མཁའི་དབྱིང་འདི་ཐམས་ཅད་ན།། དེ་བཞིན་གཤེགས་པ་ཐམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དམ ་ཚིག་གི་ཁུ་བས་ཡོངས་སུ་གང་སྟེ་བུམ་པ་རྡོ་རྗེ་ཆུས་གང་བ་ལྟར་གནས་པར་འགྱུར་རོ།། ཞེས་བྱ་བ་ནི་ལེའུ་དང་པོར་སྟོན་པ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་སེམས་ཅནུ་ཐམས་ཅད་གསང་བའི་མཁའ་ལ་བསྡུས་ཏེ་བྱང་ཆུབ་སེམས་བབས་པས་ཐམས་ཅད་བུམ་པ་ཆུས་བཀང་བ་ལྟ་བུར་གྱུར་པའོ།། དེ་ནས་ན་མཁའི་དབྱིངས་འདིར་སེམས་ཅན་གང་དུ་སྐུ་གསུང་ཐུགས་རྡོ་རྗེའི ་དཔལ་གྱིས་རེག་པ་དེ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུང་ཐུགས་རྡོ་རྗེར་གྱུར་ཏེ། ཀུན་ཏུ་བཟང་པོ་ཞེས་སྐུ་གསུང་ཐུགས་རྡོ་རྗེས་དབང་བསྐུར་ཏོ།། ཞེས་བྱ་བ་ནི་དབང་གི་འབྲས་བུའོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་འ་སངས་རྒྱས་ཐམས་ཅད་ལ་མཚས་མཉམ་པ་ཉིད་མཐོང་ངམ་ཞེས་བཀའ་སྤྲུལ་པ་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་སྐད་དུ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་ག ་པ་མཐོང་ལགས་སོ།། ཞེས་གསོལ་བ་ནི་ལེའུ་དང་པོར་རིགས་ལྔ་སངས་རྒྱས་ཀྱིས་གསང་བ་བྱང་ཆུབ་སེམས་ཀྱི་དབང་ལ་ངོ་མཚར་བུ་བསྟོད་པ་དང་སྦྱར་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན ་མོ་ལས་འདས་ཞེས་བྱ་བ་ནི་དབང་བསྐུར་ཟིན་ཏེ། བཙུན་མོ་དང་གཉིས་སུ་མེད་པའི་སྦྱོར་བ་མཛད་པ་ལས་བཞེངས་པའོ།། ཚུལ་འདི་ནི་དབང་ཐོབ་པ་ན་ཆད་བུད་མེད་མི་དགོས་སོ་ཞེས་ཟེར་རོ།། འདོད་ཆགས་ཀྱི་ཡི་གེ ་ཚིག་ལ་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་ཆུད་པ་ངོ་མཚར་ཏོ་ཞེས་བྱ་བ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་བུད་མེད་དང་ཆགས་པ་སྤྱོད་པ་ལས་སངས་རྒྱས་ཀྱི་བྱང་ཆུབ་མི་རྟོག་པའི་ཡེ་ཤེས་ཁོང་དུ་ཆུད ་དེ། རྡོ་རྗེ་འཛིན་ཆེན་པོར་འགྱུར་བ་ངོ་མཚར་ཏེ་ཞེའོ།། བཅོམ་ལྡན་འདས་དེ་སྐད་མ་གསུང་ཤིག་ཆོས་ཐམས་ཅད་ན་མཁའ་དང་མཚུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་མི་ཆེ་བ་བསྟན ་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་མ་ཡིན་ཞིང་འདོད་ཆགས་ལ་སོགས་པའི་ཆོས་ཀྱང་མ་ཡིན་ཏེ། ཆོས་མོ་ཡིན་པའི་ངོ་བོ་ཞིག་ཀྱང་ཡོད་པ་མ་ཡིན་པས ་དེའི་ཕྱིར་འདོད་ཆགས་ཀྱི་ཚིག་ལས་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པ་མེད་དོ།། དེ་ཡན་ཆད་ནི་དངོས་པོ་ཡོངསུ་རྫོགས་ནས། ད་ནི་རྒྱུད་ཡོངས་སུ་གཏད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་ག ་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལོ་བོས་ཏེ་གསུངས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་སྐུ་གསུང་ཐུགས་རྡོ་རྗེ་འདི་སྒོར་གསོལ་ཞེས་བྱ་བ་ནི་དམ་པའི་ཆོས་མི་ནུབ་པར་བྱ་བོའི་ཕྱིར་འགྲོ་བ་རྣམས་ལ ་སྒོམས་ཤིག་པའོ།། དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཆོས་རྡོ་རྗེ་ལ་བོས་ཏེ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་གསུང་གི་དབང་ཕྱུག་རྡོ་རྗེ་ཆོས་ལ་བོས་ཏེ་གཏད་པའོ།། དེ ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་གསུམ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ལ་སེམས་ཅན་རྣམས་བཙུད་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུད ་ཤ་བ་རྟོགས་ནས་ཡོངས་སུ་གཏུད་པ་མེཛད་དེ། སྐུ་གསུང་ཐུགས་མཉམ་པ་ཉིད་ཀྱི་གནས་ལེ་དམིགས་ནས་ཅིང་མི་གསུང་སྟེ་འདི་ནི་ཞི་བ་ཆེན་པོའི་གནས་ཉིད་ལ་བཞུགས་ཞེས་བྱ་བའི་ཐ་ཆོག་མོ།། ལེའུ་བཅཝ་བརྒྱད་པ ་ཕྱེད་ཀྱི་རྣ་བའི་རྒྱུད་ཡོངསུ་རྫོགས་སོ།། ། དཔལ་གསང་བ་འདུས་པའི་སྤྲས་པའི་མན་ངག་ཏུ་ཕྱུང་བ་རྣམས་འདིར་བསྡུས་པ་བསྟན་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་རབ་ཏུ་ནི ་བའི་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །། དམ་ཆོས་ཟབ་མོའི་ཚིག་ལས་རྟོགས་དཀའ་ཡང་།། བསམ་པ་བཟང་པོའི་ས་བོན་རྒྱུར་བཞག་ནས།། གང་གིས་གཞན ་ལ་ཕན་ཕྱིར་ཞུས་པ་ཡིས། ཅི་ནུས་བསྒྱུར་བ་འདི་ཡིས་ལམ་རྙེད་ཤོག། འགྲོ་བའི་དཔལ་མགོན་གྱུར་པ་འཇམ་པའི་དཔལ།། ཀུན་མཁྱེན་ཡེ་ཤེས་ཉིད་ཀྱི་ཐུགས་རྗེ་ཡིས།། ་ཀུན་ལ་སྐྱབས་མཛད་བཀའ་དྲིན་ཆེན་པོ་འདི།། སྣོད་དང་ལྡན་པ་ངེས་པར་རྟོགས་ལ་བྱིན།། ་