| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པིདྡྷི་ཀྲྀ་ཏ་སཱ་དྷ་ན་པཉྩི་ཀཱ། བོད་སྐད་དུ། སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འཇིག་རྟེན་གསུམ་གྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད ་པ་ལ། དཔལ་ལྡན་ཙིནྡྲ་ཀཱ་ཡ་ཡི་ཞབས་ཀྱི་མན་ངག་བྲི་བར་བྱ་སྟེ། མདོར་བྱས་ཅན་གྱི་རིམ་པའི་བསྒྲུབ་པར་བྱ་བ་ལ། འདིར་ཕྱག་བྱས་སོ།། དེ་བཞིན་དུ་ཡང་རྡོ་རྗེ་བཟླས་པ་ལ། དང་པོར་རྡོ་རྗེ་བཟླས་པའི་བསྒྲུབ་པར་བྱ་བ་ལ་ཕྱག་བྱེད་པ་གསལ ་བར་གསུངས་སོ།། དེ་བཞིན་དུ་རང་བྱིན་གྱིས་བརླབ་པར་རང་བྱིན་གྱིས་བརླབ་པའི་བསྒྲུབ་པར་བྱ་བ་ཡིའོ།། དེ་བཞིན་དུ་འོད་གསལ་དང་ཟུང་དུ་འཇུག་ལ་ཡང་། དེ་དང་དེ་ཡི་བསྒྲུབ་པར་བྱ་བ་ཡིའོ།། དེ་ལ་ཕྱག་འཚལ་བ་ནི་འདུད་པར་བྱེད་པའོ།། ཅི ་ལ་ཞེ་ན་སྐུ་ལ་སྟེ། མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱི་བསྒྲུབ་པར་བྱ་བ་སྟེ་སྤྲུལ་པའི་སྐུའོ།། རྒྱལ་བ་རྣམས་ཀྱི་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིའོ།། ཙ་སྡེ་བུ་ཞི་ན། འཛིན་གསུཾ་གྱི་སྤྱོད་པ་ལས་གྲོལ་ཏེ། འཇིག་རྟེན་གསུཾ་གྱི་སྤྱོད་པ་འཇིག ་རྟེན་གྱི་ཚིས་བརྒྱད་རྣམས་ཏེ་དེ་རྣམས་ལས་གྲོལ་བའོ།། སླར་ན་མཁའ་མཉམ་པར་གྱུར་པ་སྟེ། ན་མཁའ་ནི་འོད་གསལ། དེས་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ།། དེ་ལྟར་ཡང་། ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀཽ& ་ཞེས་བྱ་བ་ལ་སོགས་པ་འདིར་གསུངས་པའི་ཕྱིར་རོ།། ཕུང་པོ་དང་ཁམས་དང་སྐྱེད་མཆེད་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་ངོ་བོ་ཉིད་དོ།། དེ་ལྟར་ཡང་། ཕུང་པོ་རྣམས་དང་ཁམས་རྣམས་དང་། ཞེས་བྱ་བ་ལ་སོགས་པ་སྤྱོད་བསྡུས ་སུ་གསུངས་སོ།། འདོད་པའི་ཡོན་ཏན་ལྔ་དག་པའི་སྦྱོར་བ་དང་ཨརྱ་ལ་སོགས་པའི་ཉིད་ལ་ལས་དག་པའོ།། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལས་ཞི་བ་ལ་སྟོང་པ་ཉིད་ཀྱི་བདག་ཉིད་མ་ཉིད་ཀྱི་ཡོངསུ་བྱུང་བ་ཉིད་ཀྱི་ཕྱིར་རྣམ་པར ་དབེན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐྱེད་པ་པོ་ཉིད་ཀྱི་ཕྱིར་མཆོག་ཏུ་ཞི་བའི་རང་བཞིན་ནོ།། མཆོག་ཏུ་གྱུར་པའི་བསྐྱེད་པའི་རིམ་པ་བསྒོམ་པ་པོ་རྣམས་ཁོ་ནའི་རྟོགས་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཉིད་ཀྱིས་རྟོགས་བྱའོ།། བྱིས་པའི་རྣལ ་འབྱོར་པ་རྟོག་གེ་པ་ལ་སོགས་པ་རྣམས་ཀྱིས་རྟོགས་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟོགས་པར་དཀའ་བའོ།། གཅིག་དང་གཅིག་མ་ཡིན་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་ཡོངསུ་བསྒྲུབ་པའི ་གཟུགས་རྣམ་པར་དཔྱད་པའི་ཕྱིར་བརྟགས་པར་དཀའ་བོའོ།། རང་བཞིན་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ།། ཉིད་ཀྱི་ཕྱིར་རང་དང་གཞན་ལ་ཕན་པའི་མཆོག་གོ།། བྱ་བའི་དབྱེ་བས་སྣ་ཚོགས་པའི་སྤྲུལ་པ་བྱེད་པ་ཉིད་ཀྱི་ཕྱིར་ཁྱབ་པའོ།། རྣལ ་འབྱོར་བཞི་ལ་སོགས་པ་སྒོམ་པར་བྱེད་པ་ལ་ཐེ་ཚོམ་གྱི་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ།། བདེ་བ་ཆེན་པོའི་རྒྱུད་ཉིད་ཀྱི་ཕྱིར་བདེ་བའོ།། སྔ་མ་བཞིན་དུ་འདི་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་དུ་མཚུངས་པའི་ཕྱིར་མཉམ ་མཽམོད་མཉམ་པའོ།། སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་ལྡན་པའི་སྐུ་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་གཅིག་པའི་སྐུའོ།། དེ་ལྟ་བུའི་རང་བཞིན་གྱིས་བསྟོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ནས། ་འཇིག་པའི་ཡན་ལག་ཏུ་བརྗོད་པར་བྱ་བ་ལ་སོགས་པ་བཤད་པ་ཉེ་བར་རྩོམ་པ་ནི། དཔལ་ལྡན་ཞེས་བྱ་བ་ལ་སོགས་པས་སོ།། ཞེ་སྡང་ཞེས་པ་ནི། སྒྲ་གཅན་བཟང་པོས་སློབ་དཔོན་གྱི་མཆོག་ཏུ་བྲིས་པ་བརྗོད་པར་བྱ་སྟེ། སྔགས་ཀྱི་ངེས་པ་དང་པོ ་སྟེ་ཞེས་བྱ་བ་ལ་སོགས་པའི་རིམ་པས། སྒྲུབ་པའི་ཐབས་ཐོས་ཤིང་བླ་མ་ལས་གནང་བ་ཐོབ་ནས་དགོན་པ་ལ་སོགས་པར་ཤར་དུ་ཕྱོགས་ཏེ་སེམས་དཔའི་སྐྱིལ་དཀྲུང་ཅན་གྱི་སྙིང་རྗེ་བསྐྱེད་དེ་མདུན་དུ་སངས་རྒྱས་ལ་སོགས་པ་རྣམས་བལྟས་ནས། ་དྲི་ལ་གསུངས་པའི་ཆོ་གས་མཆོད་པ་རྣམ་པ་བདུན་དང་བདག་དབུལ་བ་དང་། དམ་པ་བདག་གིས་བསྐྱེད་པར་བགྱི་ཞེས་བྱ་བ་ལ་སོགས་པ་ཡང་བྱས་ནས། སྟོང་པ་ཉིད་དུ་ལྷག་པར་མོས་པས་ཐ་མལ་པ་ཉིད་བསཾལ་སྐད་ཅིག་གིས་བདག ་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ། སྣ་ཚོགས་པདྨའི་གོ་ངན་ལ་བཞུགས་པ། འོད་ཀྱི་དཀྱིལ་འཁོར་རྣམ་པཛྲ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཆང་བ། དཔེ་བྱང ་བཟང་པོ་བརྒྱད་ཅུས་བརྒྱན་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། སྒྱུ་མ་ལྟ་བུའི་ལུས་སུ་བསམ་པར་བྱའོ།། དེ་ནས་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིསྭ་བཛྲ་དྷྲྀཀ་ཅེས་པའི་སྔགས་ཀྱིས་ཕྱུང་བ་དེས་མི་བསྐྱོད་པའི ་གཟུགས། ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པ་བདག་གི་མདུན་དུ་བལྟས་ནས། སླར་ཡང་དེ་རིང་གི་ལུས་སུ་ཆུ་དང་འོ་མོའི་ཚུལ་གྱིས་ཞུགས་པས་བདག་ཨིནྡྲ་ནཱི་ལིའི་ཁ་དོག་ལྟ་བུ་མཆེ་བ་གཙིགས་ཤིང་འཇིག་པ། ་རང་སྣང་གི་རེག་བྱ་རྡོ་རྗེ་མས་འཁྱུད་པ་སྒྱུ་མའི་ལུས་ཉི་མའི་གདན་ལ་གཡས་སུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་འཛིན་པ། གཡོན་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཆང་བ་ཞེ་སྡང་རྡོ་རྗེའི་གཟུགས་སེམ? ་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་པར་བྱའོ།། དེའི་ཏིང་ངེ་འཛིན་ལ་གནས་པས། ཧཱུཾ་ཡིག་རིང་པོ་དབྱུང་སྟེ། དེ་ལས་སྐྱེས་པའི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་པ་རྣམས་སོ།། ཤཱཀྱ་ཐུབ་པ་ཐམས ་ཅད་མཛད་ནས་དགའ་ལྡན་ལས་བབས་ཏེ། འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཉན་ཐོས་རྣམས་དེའི་ལམ་ལ་སོ་སོར་བཞག་ནུ་ཐེག་པ་ཆེན་པོ་པ་རྣམས་ལ་རྣམ་ཤེས་བརྒྱད་ལ་སོགས་པ། ཆོས་ལ་བདག་མེད་པར་རྟོགས་པ། ས་དང་ཕ་རོལ་ཏུ་ཕྱིན་པའི་ལམ ་སྤྱད་པ་ལས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ཀྱིས་བདེན་པ་གཉིས་རྫོགས་པར་བྱའི་ཕྱིར། འདོད་ཆགས་ཀྱིས་བྱང་ཆུབ་པ་རབ་ཏུ་སྟོན་པའི་ཕྱེད་དུ། དཔལ་གསང་བ་འདུས་པར་ལེའུ་དང་པོ་ལས་གསུངས་པ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་བཞིན་དུ་བསྒྲེང་བཞིན་པའི་རྣལ་འབྱོར་པོས་ཀྱང་དང་པོ་སྦྱོར་བ་བྱས་ནས་དེའི་འོག་ཏུ་འདོད་པ་ལ་སྤྱོད་པ་རྣམས་ཀྱི་ཐར་པ་རབ་ཏུ་སྟོན་པའི་ཆེད་དུ་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདོད་པ ་ཐམས་ཅད་ལ་ཉེ་བར་ལོངས་སྤྱད་པའི་ཏིང་ཛིན་གྱིས་གོནས་པ་བྱ་སྟེ། བུ་མི་རྙིང་ནས་ཞེས་བྱ་བ་ལ་སགོས་པ་རྣམས་ཀྱིས་སོ།། དེ་ལ་ན་པོའི་ལསེཾ་ནི་ཆུའི་དཀྱིལ་འཁོར་བ་སྐམས་ནས་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣམ་པའི་སྣ ་མཛད་ཀྱི་རྣལ་འབྱོར་པ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་དབུས་སུ་སོན་པའི་འཁོར་ལོ་ལ་གནས་པའི་ཨོཾ་ཡིག་སྒོམས་ནས་དེའི་འོད་ཟེར་གྱི་ཚོགས་ཀྱི་བཀུག་པའི་ནད་པ་དེ་ཉིད་དུ་གཞག་པར་བྱའོ།། དེའི་རྗེས་སུ་ཨོཾ་ཡིག་ལས་འཕྲོས་པའི་སྤྱན ་མ་དང་སྙོམས་པར་འཇུག་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱིས་ན་མཁའི་ཁོངས་ཁྱབ་པར་བསྒོམ་པར་བྱའོ།། དེ་ནས་ཐམས་ཅད་སྙོམས་པར་ཞུགས་པས་གཅིག་པ་ཅན་དུ་བྱས་ནས་འོད་ཀྱི་གོང་བུ་བདུད་རྩིའི་ཚོགས་དེ་ནད་པའི་སྤྱི་བོར་ཕབ་ནས ་སྡིག་པ་ཐམས་ཅད་གཞོམ་པར་བྱའོ།། དེ་ནས་རང་གི་ཐུགས་ཀ་ནས་ཕྱུང་བའི་ནད་པ་སྡིག་པ་དང་བྲལ་བར་གྱུར་པ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་གཞགས་ནས་རྣམ་པར་སྣང་མཛོད་ཀྱི་སྤྲིན་ལས་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱིས་རྣོལ་འབྱོར་པ་རང ་གི་སྤྱི་བོའི་བུ་ག་ནས་རབ་ཏུ་བཅུག་སྟེ། རང་གི་རྡོ་རྗེ་བུ་ག་ནས་དབྱུང་བར་བྱའོ།། ཅི་ལྟར་བྱས་ནས་ཤེན་རྣམ་པར་སྣང་མཛད་ཀྱི་ཚོགས་དེ་རྣམས་ཀྱིས། སླར་ཡང་ན་མཁའ་ཁེབས་ཤིང་གཡོག་པར་བྱའོ།། དེ་ལ་དེའི་དུས་སུ་དེའི་མདུན་ན་འདུག་པ་ལ། ་སྔར་བཞིན་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་རྣམས་ཀྱིས། མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ།། འདི་ཡིས་ནུད་པ་རིང་པོར་མི་ཐོགས་པར་དགེ་བའི་ཡན་ལག་ལུས་རྒྱས་པ་སྐྱེ་བར་འགྱུར་རོ།། ། ་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ། གྲོང་ཁྱེར་ལ་སོགས་པ་རྣམས་སུ་བདུད་ལ་སོགས་པའི་ཉེ་བར་འཚོ་བ་རྣམས་ཞི་བར་བྱེད་པ་བརྩམས་པར་བྱ་སྟེ། དང་པོར་སྒྲུབ་པ་པོས་སེམས་ཅན་རྣམས་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གྲོང་ཁྱེར་ལ ་སོགས་པའི་སྟེང་བར་སྣང་གི་ཕྱོགསུ། ཤིང་ཏཱ་ལའི་སྡོང་པོའི་ཚད་ཀྱི་རྡོ་རྗེ་ཆེན་པོ་འོད་ཟེར་ལྔ་དང་། ལྡན་པ་རང་གི་གནས་སུ་བསྒོམ་པར་བྱའོ།། དེའི་འོག་ཏུ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་དུས་ཀྱི་མཐའི་མེ་ལྟ་བུ་སེམས ་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་སྲེག་པ་པོར་བསམས་ནས། སེམས་ཅན་དེ་རྣམས་རྡོ་རྗེ་ཆེན་པོར་རབ་ཏུ་གཞུག་པར་བྱའོ།། དེ་ལས་དབྱུང་བར་བྱའོ།། ཇི་ལྟར་ན་པདྨ་རཱ་ག་དང་། ཡིད་བཞིན་གྱི་ནོར་བུ་དང་རྡོ་རྗེར་སྣང་བ་དང་། ནོར་བུ་ཤེས་ལྟར་དང ་བའི་ལུས་ཀྱི་ཁ་དོག་དང་མཚུངས་པའི་སེམས་ཅན་རྣམས་རང་གི་གནས་གནས་སུ་གཞུག་པར་བྱའོ།། ཕྱིས་ན་མཁའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་བསམས་ནས། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས ་ཀྱི་རྒྱུན་རབ་ཏུ་འབབ་པ་རྣམས་ཀྱིས་བཤད་མ་ཐག་པའི་རིམ་པས་སྦྱང་བའི་སེམས་ཅན་རྣམས་ལ་དབང་བསྐུར་བར་བྱའོ།། ཞེས་པ་ནི་མན་ངག་གོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རིམས་ལ་སོགས་པ་ཞི་པའི་དོན་དུ། སྤྱན་མོའི་ཆོ་ག ་ཡད་བྱ་སྟེ། འདིར་སྔགས་ཀྱི་ཡི་གེ་རྣམས་དང་མེ་ཏོག་དང་དྲིལ་སོ་པ་ཁ་དོག་དཀར་པོ་ཉིད་དུ་བསམ་པར་བྱའོ།། དེ་ལ་འདི་ནི་སྤྱན་མའི་སྔགས་ཏེ། ཨོཾ་རུ་རུ་ས་ཕུ་རུ་ཛྭཱ་ལ་ཏྲིཥྛ་སིདྷ་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། འདིར་ཞི་བ་གཟི་བསྐྱེད་པ་དོན་དུ་སྔགས ་དཔེལ་བར་བྱ་སྟེ། ཇི་ལྟར་བྱས་ནས་ཤེ་ན། སྭཱ་ཧཱ་དེའི་མངོན་བུ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭ་ཏི་ཞེས་སོ།། དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་རྣམ་པར་བསྒོམས་ནས་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་རིན ་པོ་ཆེའི་སྟེང་དུ་ཏིངངེ་འཛིན་ཞེས་བརྗོད་པ། སྭཱ་ཡིག་རྣམ་པར་བསམས་ནས། དེ་ལ་འོད་ཟེར་སེར་པོ་ལྕག་ཀྱུའི་རྣམ་པའི་ཚེགས་ཀྱིས་བསྒྲུབ་བྱ་བཀུགས་ལ་དེ་ཉིད་དུ་གཞག་པར་བྱ་སྟེ། དེའི་རྗེས་སུ་ཏིངངེ་འཛིན་སེམས་དཔའ་ལས་བྱུང་བའི ་མཱ་མ་ཀཱི་དང་སྙོམས་པར་འཇུག་པའི་རིན་ཆེན་འབྱུང་ལྡན་གྱི་ཚོགས་ཀྱིས་ན་མཁའ་ཁེབས་ཤིང་ཁྱབ་པར་བསྒོམ་པར་བྱའོ།། དེ་ནས་ཐམས་ཅ་སྙོམས་པར་ཞུགས་པས་འོད་ཟེར་སེར་པོ་སྙིང་པོར་གྱུར་པས་གཅིག་པ་ཅན་དུ་བྱས་ནས་ཡང ་དག་པར་བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ།། དེ་ནས་ཏིང་ངེ་འཛིན་སེམས་པ་ལས་བྱུང་བའི་བསྒྲུབ་པར་བྱ་བ་སྡིག་པ་དང་བྲལ་བ་མདུན་དུ་རིན་པོ་ཆེའི་དཀྱིལ་འཁོར་ལ་བཞག་ནས་རིན་ཆེན ་འབྱུང་ལྡན་གྱི་སྤྲིན་རྣམས་སྡེར་གྱི་འོད་ཟེར་གྱི་གཟུགས་ཀྱི་རྣལ་འབྱོར་པ་རང་གི་སྤྱི་བོའི་བུ་གར་རབ་ཏུ་བཅུག་ནས་རང་གི་རྡོ་རྗེ་བུ་ག་ནས་དབྱུང་བར་བྱའོ།། ཇི་ལྟར་ཞུ་ན་རིན་ཆེན་འབྱུང་ལྡན་གྱི་ཚོགས་དེ་རྣམས་ཀྱིས་སླར་ཡང་ནམ ་གཡོག་པར་བྱའོ།། དེའི་དུསུ་དེའི་མདུན་དུ་འདུག་པ་ལ་རང་གི་ཕྱག་རྒྱ་དང་སྙོམས་པོར་ཞུགས་པའི་རིན་པོ་ཆེའི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་སྔར་བཞིན་དུ་དབང་སྐུར་པ་སྦྱིན་པར་བྱའོ།། འདིས་དགང་དཀའ་བ་རྒྱས་པར ་འགྱུར་རོ།། དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡོསུ་ལྷག་པར་མོས་པའི་རྣལ་འབྱོར་པ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དམར་པོའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཨཿཡིག་བསྒོམས་ཏེ། དེ་ལས་ལྕགས ་ཀྱུ་དམར་པོའི་རྣམ་པའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་བསྒྲུབ་པར་བྱ་བ་བཀུག་ནས་དེ་ཉིད་དུ་གཞག་པར་བྱ་སྟེ། དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་གོས་དཀར་མོ་དང་སྙོམས་པར་འཇུག ་པའི་སྣང་བ་མཐའ་ཡས་ཀྱི་ཚོགས་རྣམས་ཀྱི་ན་མཁའ་ཁེབས་ཤིང་ཁྱད་པ་བསྒོམ་པར་བྱའོ།། དེ་ནས་ཐམས་ཅད་སྙོམས་པར་ཞུགས་པ་ལས་འོད་ཟེར་དམར་པོའི་སྙིང་པོར་གྱུར་པས་གཅིག་པ་ཅན་དུ་བྱས་ནས་ཡང་དག་པར་བསྡུས་པའི ་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ།། དེ་ནས་ཏིངེ་འཛིན་སེམས་དཔའ་ལས་བྱུང་བའི་བསྒྲུབ་བྱ་སྡིག་པ་མེད་པ་མང་པོ་མདུན་དུ་པདྨའི་དཀྱིལ་འཁོར་ལ་གཞག་ནས་སྣང་བ་མཐའ་ཡས་ཀྱི་སྤྲིན་རྣམས་སྔར་གྱི་འོད ་ཟོར་གྱི་གཟུགས་ཀྱི་རྣལ་འབྱོར་པ་རང་གི་སྤྱི་བོར་རབ་ཏུ་བཅུག་ནས་རང་གི་རྡོ་རྗེའི་བུ་ག་ནས་དབྱུང་བར་བྱའོ།། སྣང་བ་མཐའ་ཡས་ཀྱིས་ཚོགས་ཀྱིས་ན་མཁའ་ཁྱབ་པར་གཡོག་པར་བྱའོ།། དེའི་དུ་སུཾ་དེའི་མདུན་དུ་འདུག་པ་ལ། རང་གི་ཕྱག་རྒྱ་དང ་སྙོམས་པར་ཞུགས་པའི་སྣང་བ་མཐའ་ཡོས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སྔར་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ།། དབང་དུ་བྱ་བའི་དོན་གྱི་ཚིག་གོ།། དེ་བཞིན་དུ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བསམས་ནས་དེའི་ཐུགས་ཀར་ཡེ ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྣམ་པར་བསམ་ཞིང་། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱི་ནོར་དང་དབང་དུ་བྱ་བར་འདོད་པའི་སྐྱེ་བོ་ཐམས་ཅད་བཀུག་ནས་དོ་ཉིད་དུ་གཞུག་པར་བྱའོ།། དེའི་རྗེས་སུ་ཏིང་ངེ ་འཛིན་སེམས་དཔའ་ལས་འཕྲོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས། རང་གི་ཕྱག་རྒྱ་དང་ལྷན་ཅིག་པ་རྣམས་ཀྱིས་ན་མཁའ་བཀང་བར་བསམས་ནས་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཁ་དོག་གི ་དབྱེ་བས་རྣམ་པ་ལྔའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ནི་ཞུགས་པ་རྣམས་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ།། སྔར་བཞིན་དུ་མདུན་ན་འདུག་པ་ལ་དགའ་བའི་ཐུགས་ཅན་གྱི་སངས་རྒྱས་ལྔ་དང་བྱང་ཆུབ་སེམས་དཔའ་རྣམས་རང་གི་ཕྱག་རྒྱ་དང ་སྙོམས་པར་ཞུགས་པས་དབང་བསྐུར་བ་རབ་ཏུ་རྩོལ་བར་བྱེད།། རྣམ་པ་དེ་ལྟ་བུས་བསྒྲུབ་པར་བྱ་བ་རིང་པོར་མི་ཐོགས་པ་ཉིད་དུ་དེ་བཞིན་གཤེགས་པ་ཐམ་ཅད་ཀྱི་ཡིད་དུ་འོང་ཞིང་འཇམ་དཔལ་དང་མཚུངས་པར་འགྱུར་རོ།། དེ་ནས་ཅིར ་འགྱུར་ཞེ་ན། འགྲོ་བ་ཐམས་ཅད་བལྟས་པ་དང་། སྐྱེད་པ་རབ་ཐོབ་པ་སྟེ་བལྟས་ཙམ་ཉིད་ཀྱིས་དབང་དུ་བྱེད་པར་འགྱུར་རོ།། འདི་ནི་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བའི་དོན་གྱི་ཚིག་གོ།། འདིར་ནི་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང་། བྱེད་དཀའ ་བ་ཉིད་ཀྱི་ཕྱིར་རྒྱུད་ལས་ཕྱུང་ནས་མ་བརྗོད་དོ།། མངོན་སྤྱོད་ཀྱི་ལས་ལ་སོགས་པ་ཅན་ནི། ཞི་བར་བྱེད་ལ་སོགས་པ་དེ་ཉིད་ཀྱི་དབང་དུ་བྱས་པའོ།། ཕྱིར་ཟློག་གི་དེ་ཉིད་བརྗོད་པར་བྱ་སྟེ་གཙུག་ཏིར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་དང་ལྡན་པས། ་གནོད་མཛེས་ལཾ་དཀའ་བསྒོ་བར་བྱས་པས་འཁྲུལ་འཁོར་དང་གསང་སྔགས་ལ་སོགས་པ་རབ་སྦྱོར་བར་བྱེད་པ་རྣམས་བཀུག་ནས་ཕུར་བུས་གདབ་པར་བྱའོ།། ཞེས་པ་བསྒོམས་པས་ཕྱིར་བཟློག་པའོ།། འཁོར་ལོ་བསྐོར་བ་ནི་ཕྲེང་བའི ་སྔགས་ཐུར་གསུམ་དུ་ལན་བདུད་རྣམས་བཟླས་པར་བྱའོ།། ཁྲོ་བོ་ལྡན་ཞེས་པ་བཟླས་ཏེ་ཕྱིར་བཟློག་པའོ།། གཞན་ཡང་དེའི་ཕྲེང་བའི་སྔགས་སྐྱེས་ཀྱི་མངབ་མ་ལ་སོགས་པ་ལ། གི་ཧཾ་གིས་ཡང་དག་པར་བྲིས་ཏེ ་ལུས་ལ་བཅངས་པར་བྱའོ་ཞེས་པ་བྲིས་ཏེ་ཕྱིར་བཟློག་པའོ།། དེ་ལ་འདི་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཕྲེང་བའི་སྔགས་སོ།། ཨོཾ་ཨུཥྞཱི་ཥ་ཙཀྲ་ཝརྟི་བྷཱུཾ་བྷྲཱུཾ་བྷྲཱུཾ་སེརྦ་ལོ་ཀཽ་ཀ་ལོ་ཀོཏྟ་རཱ་ཎི་ཡནྟྲ་མནྟྲ། ཏནྟྲ། བི་ཙུནྡྷ་པྲ་ཡོ་ག་ཨཱ་དཱི་ནཱི། ཡེ་ན་ཀེ་ན། ་ཙིནྡ་མ་ཀྲྀ་ཏེ་ཀྲྀ་ཏཱ་ནི། ཀཱི་ར་ཏཱ་ནི་ལཱསྭ་ཡོ་མེཿ། དྷུདྷཱ་ནཱི་བཱ། ཝ་ཏ་ཧོ། ཝ་བིདྡྷ་ཏོ་ལ། ཤླིཥྨ་ཏོ། ཝ་སིནྣ་པཏཎོ་བཱ་ཏཱ་ནི། སརྦཿ། ཙྪིརྠ་ཙྪིནྣ། དྷིནྡ་བྷིཿ། མླཱ་ཀཾམྣཱ། དྷུ་ན་བྷྱ་ནོ། ཧ་ནི་ཧ་ན། ད་རྦ་ད་ཧ། པཙ5\ུ0f7f། མེ་ཐཻ་མ་བྷི། བི་དྷི་སཾ་ཡ་བིདྷྭཾ་ས་ཡ། སརྦདྲཙྪི་ནཱ་ཀ ་ཏ་སརྦ་སྲ་དྷེ། ཥེ་ནཱུརྞྞ་ཡ་བིནྡུ་རྞྞ་ཡ། བྷྲཱུཾ་དྷྭཾ་བྷྲཱུཾ། ཨོཾ་ཨུཥྞཱི་ཥ་ཙཀྲ། ལརྟི་ནཱི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟ་བུ་ནི་བྱས་པ་དེའི་འབྲས་བུ་ཕྱིན་ཅི་ལོག་ཁོ་ར་འགྱུརརོ།། དོན་ཕྱིར་ལོག་པས་ནོ་ཞེས་པས་ཕྱིར་བཟློག་གི་ཁོན་ཉིད་ཀྱི་དབང་དུ་བྱས་པའོ།། དེ་ནས་འདི་དག་པོན་ཉིད ་བསྒྲུབ་པར་བྱ་བ་མི་ཡིན་པས། དེའི་འོག་ཏུ་དེ་འཇུག་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པའི་ཞི་བ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། ཐོག་མ་ཐ་མ་མེང་ཞི་བ།། དངོས་དང་དངོས་མེད་ཟད་པའི ་གཙོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་བྱ་བར་དྲན།། འདི་རྣམས་ཀྱང་ལུས་ལ་སོགས་པ་རྣམ་པར་དབེན་པ་དང་བྲལ་བས་བསྒྲུབ་པར་བྱ་བ་མ་ཡིན་ནོ།། ཞེས་པས་དེ་གསུངས་པ། སྒྲུབ་པ་པོ་སྟོང་པ་ཉིད་དུ་ལྷག་པར་མོས་པས ་ཐ་མལ་པ་བསལ་ནས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་དཀར་པོ་ཕྱག་གཉིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནས་དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་ཡིག་སྙིང་པོར་འཇིག་རྟེན་རབ་ཏུ་བསྒོམ།། དེ་བྱུང་འགྲོ་ཀུན་རྡོ ་རྗེ་སེམས་དཔར་བསམ།། ལངས་ནས་གང་གཉིས་ཇི་བཞིན་སྤྱོད་པར་བྱ། ཞེས་པའི་མཐར་ཐུག་པསོ།། སྔཊ་གྱི་བདག་ཉིད་ཀྱི་རྡོ་ཝཛྲ་ཧྲཱིཧཱུཾ་ནི་གང་ཞིག་རང་བཞིན་མེད་པའི་རང་བཞིན་ཉིད་ཀྱིས་ཡོངསུ་ཤེས་པ་ལས་བརྫུན་ཉིད་དུ་ཉེ་བར་དམིགས ་པ་དེ་ལུས་རྣམ་པར་དབེན་པའོ།། གཞན་ཡང་གང་ཞིག་ལུས་ནི་རིགས་བརྒྱའི་རབ་ཏུ་དབྱེ་བས་བརྫུན་པ་ཉིད་དེ། རིགས་ནི་རྣམ་པར་རྒྱར་གསུངས་པ། ཞེས་རྟོགས་ཤིང་ཀུན་ཏུ་བལྟས་ནས་ཐ་སྙད་བྱེད་པ་ཉིད་ཀྱི་ས་དང་གཞོན་ནུ ་དང་། ལང་ཚེ་དང་། རྒན་པའི་གནས་སྐབས་ཀྱི་རང་བཞིན་ཉེ་བར་དམིགས་པ་མེད་པ་དེའི་ཕྱིར་བརྫུན་པ་ཉིད་དུ་རྟོགས་པ་དང་ལྷག་པར་རྟོགས་པ་དག་ལས་ཁམས་གསུམ་དུ་གནས་པའི་ལྷས་ནཱི་བརྫུན་པ་ཉིད་དེ་ལུས་རྣམ་པར ་དབེན་པའོ།། ཆུའི་མཐིལ་གྱི་ནང་དུ་སོང་བའི་ལུས་ཇི་ལྟ་བ་བཞིན་ནོ་ཞེས་སོ།། ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཡི་གེ་གསུམ་ལས་ཡང་དག་པར་བྱུང་བ་ཉིད་ཀྱི་ཕྱིར་རོ།། ལུས་ནི་བརྫུན་པ་ཉིད་དུ་ཤེས་ནས་དེའི་རྒྱུའི་ཡི་གེ་གསུམ་ཡང་བརྫུན་པ ་ཉིད་དུ་བརྗོད་དོ།། དེ་ཡང་རླུང་གི་དེ་ཉིད་སྔོན་དུ་སོང་བ་དང་བྲལ་བས་མ་ཡིན་ནོ།། ཞེས་པས་དེ་དག་གསུངས་པ། རླུང་གི་དེ་ཉིད་ནི་སྲོག་སྟེ། དེ་ནི་སྣའི་བུ་ག་དག་ནས་དཀྱིལ་འཁོར་བཞིའི་རིམ་གྱིས་འཇུག་པ་དང་གནས་པ་དང་ལྡང་བ ་རྣམས་ཀྱི་ཁྲི་ཕྲག་གཉིས་དང་། བརྒྱ་ཕྲག་བཅུ་དྲུག་ཏུ་འགྱུར་ཏེ། འཇུག་པ་ལ་སོགས་པ་དེ་རྣམསུ་ཨོཾ་ཨཱཿཧཱུཾ་ཞེས་པའི་བརྡར་འགྱུར་བ་ཅན་གྱི་བཟླས་པའོ།། དེ་བསྒོམ་པར་བྱེད་པས་སྣའི་རྩེ་མོར་ཡུངས་ཀར་བསམ ་འགྲོ་དང་མི་འགྲོ་ཡུངས་ཀར་ལ། ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་མཐར་ཐུག་པར་གྱུར་པས། རླུང་ཐམས་ཅད་འགག་སྟེ་བརྫུན་པ་ཉིད་དུ་གྱུར་པའི་ངག་ནི་ངག་རྣམ་པར་དབེན་པ་སྟེ། སྒྲ་བརྙན་ཇི་ལྟ་བ་བཞིན་ནོ།། རིམ་པ ་འདི་ཉིད་ཀྱིས་རླུང་འགགས་པ་ལས་གཟུང་བྱ་དང་འཛིན་པ་པོ་དང་། འཛིན་པའི་རང་བཞིན་གྱི་སེམས་དང་དེའི་བྱ་བ་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་ཡང་འདོད་ཆགས་དང་བྲལ་བ་དང་། འདོད་རྒཌ་དང་འདོད་ན་ཌ་བར་མ་ལ་སོགས་པ་བརྫུན ་བ་ཉིད་ནི་སེམས་རྣམ་པར་དབེན་པ་སྟེ། ཇི་ལྟར་རྨི་ལམ་གྱི་སེམས་བཞིན་ནོ།། དེ་བཞིན་དུ་གཉིས་པ་རྡོ་རྗེ་བཟླས་པའི་རིམ་པས་ངག་དང་སེམས་དངོས་པོ་མེད་པའི་རང་བཞིན་ཡོང་སུ་ཤེས་ནས་ལྟ་བ་བློ། ཅུ་རྩ་གཉིས་དང་ཉོན་མོངས་པ ་དགུ་བཅུ་རྩ་བརྒྱད་ཀྱང་དེ་ཁོ་ནའི་རང་བཞིན་དུ་འགྱུརརོ།། འོད་གསལ་དུ་རབ་ཏུ་ཞུགས་ནས་ཅིས་སློང་བར་བྱེད་ཅེ་ན། ཟུང་འཇུག་གི་རིམ་པས་འཁོར་བ་མ་ཡིན་པའི་དམ་པའི་བདེ་བ་ཉམས་སུ་མྱོང་སྟེ་ཕྱིར་ལྡོག་པ་མེད་པར་འགྱུརོ།། ། ་ཐར་པའི་དོན་ཅི་གྲོལ་བར་ག་ལ་འགྱུར་ཞེས་བྲིས་པ། རྡོ་རྗེ་ཐེག་པ་འདིར་སྐྱེད་པའི་རིམ་པ་མངོན་དུ་བྱོས་པས་ས་བརྒྱད་པ་ཐོབ་ནས་ཇི་སྲིད་རྫོགས་པའི་རིམ་པ་ཐོབ་པ་དེ་སྲིད་དུ་བཤེས་གཉེན་ལོ་བརྟེན་པར་བྱའོ།། ལུས ་དང་ངག་དང་སེམས་རྣམ་པར་དབེན་པ་ཐོབ་པས་ཀྱང་ས་བཅུ་ཐོབ་ཅིང་། སྒྱུ་མ་ལྟ་བུ་ཐོབ་སྟེ། དེ་ལྷག་པར་རྟོགས་ཤིང་འོད་གསལ་བས་རྣམ་པར་དག་གོ།། སྣང་བ་མེད་པ་ལས་ལྡང་བའི་དོན་དུ་ཟུང་དུ་འཇུག་པའི་རིམ་པས་སངས་རྒྱས་ཀྱི་སྐུ་མངོན་དུ་བྱས་ནས ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་གཞུགས་སོ།། སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ།། པཎྜི་ཏ་བི་བྷུ་ཏི་ཙནྡ་པ་མཛད་པ་རྫོགས་སོ།། ། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས ་དབཔལ་བཱི་ལོ་མགོ་ཅན་གྱི་ཟླ་བའི་ཚེས་བཅུ་དགུ་ལ་རྒྱ་དཔེ་ལ་བལྟས་ནས། དཔལ་རི་ཕུག་གི་དབེན་གནས་སུ་བསྒྱུར་བའོ།། ། རིམ་པ་ལྔའི་དོན་གསལ་བར་བྱེད་པ་བཞུགས། རྒྱ་གར་སྐད་དུ། པཉྩ་ཀྲ་མ་ཨརྠ་བྷཱསྐཱ་ར་ཎ ་