| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤཱརྞ་པྲཱ་ལཱ་པ་སྭཱས། བོད་སྐད་དུ། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཉེས་པའི ་དྲི་མ་ལུས་བསལ།། ཡོངས་དག་ཡོན་ཏན་ཚོགས་བརྙེས་པ།། རྒྱལ་བ་ཀུན་གནས་ཁྱོད་ཉིད་ཞབས།། པདྨ་གཉིས་ལ་ཕྱག་འཚལ་ལོ།། སྲིད་པའི་སྡུག་བསྔལ་བསལ་ཀའི་སྟེ།། ཚོ་བ་ཉེ་བར་ཞི་མཛད་ཅིང་།། བསྟོད ་ནམས་ཚོགས་ནི་མ་ལུས་པས།། ཐུགས་ནི་ཡོངས་སུ་རྒྱུས་མཛད་པ།། ཁྱོད་ཀྱི་ཡོན་ཏན་ཟག་མེད་རྣམས།། བྱང་ཆུབ་སེམས་དཔའ་མཆོག་གི་ཕུལ།། འདོད་ཆགས་ལ་སོགས་དབང་གྱུར་ཀྱང་།། བདག་འདྲའི ་སྤྱོད་ཡུལ་ག་ལཱ་ལགས།། འགྲོ་བའི་སྣང་བའི་གཞིར་གྱུར་པ།། ཉི་མ་སྤྲིན་དང་བྲལ་བ་ལ།། མེ་ཁྱེར་ཉོན་མོངས་དག་གླིས་ནི།། སྣང་བར་བགྱིད་ལྷ་ཙ་ཞིག་འཚལ།། དེ་ལྟ་མོད་ཀྱི་ངག་གི་ཚེགས།། དམན་པས ་ཀྱང་ནི་བསྟོད་བགྱིད་པ།། བདག་གིས་ཅུང་ཞིག་གླང་སྨྲས་དེ།། མགྲོན་ལ་དད་པས་དྲངས་པ་ལྗགས།། བལྟ་བས་མི་ངོམས་ཡིད་འོང་ཞིང་།། མཆོག་ཏུ་སེམས་དཔའ་བ་རྩོལ་མཛད་པ།། སྲོག་དང་བྲལ་བའི་ངོ་བོ་ཉིད།། ་ཐུགས་རྗེའི་བདག་ཉིད་ཅན་ཕྱག་འཚལ།། རབ་ཞི་བདུད་རྩི་འཛག་པའི་སྐུ།། སུ་ཞིག་ལ་ནི་ཞི་མི་བགྱིད།། སྲིད་པའི་སྲེད་པས་གདུས་པ་རྣམས།། བཅོམ་ལྡན་ཁྱེད་ཀྱིས་རྟག་ཞི་མཛད།། ཡིད་འོང་འཚོ་ལས་བྱུང་བ་ཡིད།། ་བདུད་རྩི་དཀར་པོ་དང་འདྲ་ཞིང་།། རྟག་ཏུ་དེ་ཉིད་དཔྲལ་གྱིས་ནི།། མཚན་མོའི་ཡོན་ཏན་དག་གིས་བརྒྱན།། རྫོགས་པའི་བྱང་ཆུབ་པདྨ་ཡིས།། སེམས་ཅན་བུང་བ་ཚིམ་མཛད་པ།། ཁྱེད་མཐོང་ན་ནི་རྟག ་པ་རུ།། དགའ་མཆོག་སུ་ཞིག་སྐྱེ་མི་འགྱུར།། ཁྱེད་ལ་མངོན་དང་ཡིད་འོང་བའི།། བདེ་ལ་གནས་པའི་སེམས་ཅན་ལ།། ལྷ་ཡུལ་བུད་མེད་བཞིན་གྱི་མདངས།། ཟླ་འདྲ་འདོད་ཆགས་བདེ་སྐྱེད་དང་།། མངོན་འདོད་འབྲས ་བུསཾ་ཀུནྡ་སྟེར་བུའི།། དབུག་བསམ་ཤིང་གིས་རྣམ་བརྒྱན་ཞིང་།། ཡིད་འོང་ཐམས་ཅད་རྙེད་སླ་བའི།། དགའ་བའི་འཚལ་ལ་འང་ཆགས་མི་འགྱུར།། མཆོག་ཏུ་ས་དཔའ་སྐྱེད་མཛོད་ཅིང་།། ཝཱ་ངན་རབ་རིབ་སྟུག ་པོ་ནི།། ཤིན་ཏུ་ལེགས་པར་འཇོམས་འགྱུར་བའི།། བར་སྣང་ལ་ནི་རྟགས་ཤར་བྱ།། བདག་ཉིད་ཆེན་པོ་གང་གིས་མཐོང་།། དེསྭ་ནཱི་གཞན་དག་ལྟ་མི་འཇུ། ལུས་ཅན་ཁམས་གསུམ་འབྲོག་དགོན་ནི།། ཆེན་པོར་རྟག ་ཏུ་འཁྱམས་གྱུར་ཅིང་།། རྟག་ཏུ་ལུམ་མཆོག་ལས་ཉམས་ལ།། ཁྱེད་ལ་མངོན་སུམ་སྟོན་པར་མཛད།། སེམས་ཅན་གྱི་ནི་པད་མའི་ཚུལ།། དམ་ཆོས་འོད་ཟེར་དྲ་བ་ཡིས།། སདྨ་མཛད་ཉིན་མོར་གྱུར་བུས ་ན།། སྔོན་མེད་ཉི་མ་ཁྱོད་ལ་གསོ།། རབ་དགའི་རྒྱ་མཚོ་ལས་བྱུང་བའི།། བདུད་རྩི་གཉིས་པ་ཁྱོད་ལགས་ཏེ།། རྟག་ཏུ་བདུད་རྩིའི་གནས་བརྙེས་པས།། འགྲོ་བ་ཉམས་ཐག་སེལ་མཛད་པ།། ཉོན་མོངས ་ཐམས་ཅད་སྦྱངས་པ་ཡི།། དགྲ་བཅོམ་གོ་འཕང་ཐོབ་པ་གང་།། ཁྱེད་ཀྱི་ཡོན་ཏན་མ་མཚལ་བས།། དེ་ཡང་མཁས་པ་མ་ལགས་སོ།། ཀློག་འགྱུ་ལྟ་བུར་འགྱུར་བ་ཡི།། སྲོག་ནི་སྡུག་བསྔལ་སྐྱེད་བྱེད་པས།། ་སྐད་ཅིག་གིས་འཇིག་འཁོར་བ་ན།། སྙིང་པོ་ཁྱེད་སྐུ་དྲན་པ་ལྗགས།། རྒྱལ་སྲས་ཁྱེད་ཀྱི་བསམ་གཏན་གྱིས།། བདུད་རྩིས་རྟག་ཏུ་ཚོམ་བྱེད་པའི།། ཡིད་ལ་སྲིད་པའི་སྡུག་བསྔལ་ནོ།། མ་ལུས ་བརྗེད་དེ་གནས་པ་ལགས།། སྐུ་གསུངས་ཐུགས་སྒྲོ་འོད་ཟེར་གྱིས།། འཇིག་རྟེན་ཁམས་ནི་ཚད་མེད་པའི།། གུཏི་མུག་གི་ནི་མུན་བསལ་བ།། ཁྱེད་ཀྱིས་སྐུད་ཅིག་གཅིག་གིས་མཛད།། རང་གི་ངོ ་བོའི་བདུད་རྩི་ཆེ།། སྐལ་ལྡན་བྱེ་བ་བཏུང་ནས་ནི།། རྣམ་རྟོག་བག་ཆགས་ཤས་ཆེ་བཱ།། འཁྲུལ་པས་འཁོར་བར་གྱུར་པ་ལ།། ཆོས་དབྱིངསྟེ་ངོ་བོ་ཉིད་ལགས་ཀྱང་།། འཇིག་རྟེན་མང་ཤེས ་བསལ་བའི་ཕྱིར།། ཀུན་རྫོབ་རྣམ་པའི་སྐུ་ཡིས་ནི།། བཞུགས་ཀྱི་ཡང་དག་ཉིད་ཀྱིས་མིན།། ཐུགས་རྗེའི་བདུད་རྩི་བཏུང་མཆོག་གིས།། ཚིམ་མཛད་བདེ་བ་རབ་རྩོལ་ཅིང་།། རྟག་ཏུ་ཉམས ་ནི་སྣ་ཚོགས་པོའི།། སངས་རྒྱས་རོལ་མོས་གར་མཛད་དོ།། གཉིས་པར་འཕྲུལ་པ་ལས་ཟློག་ཕྱིར།། ཤེས་རབ་ཐབས་ནི་གཉིས་མེད་མཛད།། ཀུན་ཏུ་རྨོངས་པའི་མུན་བསལ་ཕྱིར། ཤྲཱིས་རབ ་མཆོག་གི་འོད་རབ་གསལ།། རྣམ་ཐར་གསུམ་གྱི་བདེ་རྙེས་པས།། ཞལ་གསུམ་ཡིད་དུ་འོང་བ་འང་མངའ།། སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག། ལེགས་པར་བརྙེས་པས ་ཕྱག་དྲུག་མངའ།། ཤེས་རབ་རྣོན་པོའི་ངོ་བོ་བུས།། ཕྱག་གཉིས་དཀྱིལ་འཁོར་མཆོག་འཛིན་མཛད།། བསམ་པ་ཐམས་ཅད་རྫོགས་མཛད་པསོ།། རིན་ཆེན་མཆོག་ནི་ཕྱག་ན་བསྣམས།། མགོན་པོ ་ཁྱོད་ཀྱི་ཐུགས་རྗེ་ཡིས།། རྟག་ཏུ་རྡོ་རྗེ་པདྨར་སྟོན།། བདེ་བའི་ཐབས་ཀྱི་དེ་ཐོབ་ཅེས།། དེ་ཉིད་དགའ་བདག་ཅན་ལ་སྟོན།། ཡོན་ཏན་འབྱོར་པ་ཡོངས་རྫོགས་པས།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ལགས།། ་དཀའ་བ་ལས་ནི་ཟློག་མཛད་པས།། སེམས་དཔའི་སྐྱིལ་ཀྲུང་བདེ་བས་བཞུགས།། དངོས་པོའི་ཚོགས་ནི་དབྱེར་མེད་པས།། ཁྱེད་བཞུགས་པ་ལ་ངེས་སྣང་སྟེ།། སྐུ་ནི་རང་བཞིན་དྲི་མ་མེད།། སྣ་ཚོགས་གཟུགས་སུ་རྣམ ་པར་སྟོན།། གདུལ་བྱ་སྣ་ཚོགས་སེམས་ཅན་དོན།། རྣམ་པ་གཅིག་གིས་མི་འགྲུབ་པའི།། སྣ་ཚོགས་རིགས་ཀྱི་དབྱེ་བ་ཡིས།། ཐུགས་རྗེའི་གཏེར་ཆེ་ནི་ཁྱེད་རབ་མཛེས།། བསམ་བྱ་ཁྱེད་ལས་གཞན་མ་མཆིས།། ་བསམ་གཏན་མཆོག་ཀྱང་ཁྱེད་ལགས་པས།། མ་རིག་མཚན་མོའི་མུན་རུན་ན།། དཔག་མེད་འོད་ལྡན་སྟོན་ཟླ་ཁྱེད།། སྲིད་པ་ཉིད་ལ་ཞུགས་གྱུར་ཀྱང་།། སྲིད་པ་མེད་པ་ཉིད་དུ་མཛད།། སྲིད་པ་སྲིད་མེད ་པར་ཞར་པས།། འཇིག་རྟེན་ཉིད་དང་འདྲ་བར་མཛད།། སེམས་ཅན་ཀུན་ལ་ཕན་དགྱེས་ཀྱང་།། སེམས་ཅན་ཉེར་དམིགས་ཉིད་མི་མངའ།། སྒྱུ་མ་ལྟ་བུར་གནས་མཛད་ཀྱང་།། ཁྱེད་ལ་སྒྱུ་མུ་མངའ་མ་ལགས།། ་ཚུགས་སོགས་དྲི་མས་མ་གོས་པར།། སེམས་ཅན་ཆགས་པ་དབང་དུ་མཛད།། ཁྱེད་ནི་རང་བཞིན་ཆེར་ཞི་ཡང་།། བདུད་རྣམས་མཇོམས་པར་མཛད་ལ་དགྱེས།། རུང་རིག་ཉམས་སུ་སྟོང་པ་ཡིས།། ་ཉོན་མོངས་པགྲུས་བཅས་ལས་རྒྱལ།། སྲིད་དང་ཐར་བུའི་རོ་ལྟར་བྲིས།། རོ་གཅིག་ཉིད་དུ་ཁྱེད་ཀྱིས་མཛད།། གང་ཞིག་དག་པའི་སེམས་ཀྱིས་ནི།། བྷད་ནཱི་རྟག་ཏུ་སྒོམ་བྱེད་པ།། དེས་ནི་འགྲོ་བ་རྨི་ལམ ་དང་།། དྲི་ཟླའི་གྲོང་ཁྱེར་ལྟ་བུར་མཐོང་།། དེས་ན་རྣམ་རྟོག་ཚོགས་ཀྱིས་ནི།། དྲི་མ་རྣམས་དང་བྲལ་བར་འགྱུར།། རྣམ་པ་ཀུན་དྷ་སྟེ་བ་ནི།། རྒྱུ་ནི་ཉེ་བར་བཅོད་པར་བགྱིས།། འགྲོ་བའི་སྡུག་བསྔལ་ལུས་ཟློག་ཏེ།། ་སླར་ཡང་སྨོན་ལམ་སྟོབས་ཀྱིས་ནི།། སྣ་ཚོགས་ཚུལ་གྱིས་རྣམ་གནས་ཤིང་།། འགྲོ་བ་སྡུག་བསྔལ་ལྡན་རྣམས་སྐྱོབ།། ཐུགས་རྗེའི་རླན་གྱིས་རྒྱུད་བརླན་པས།། དངོས་པོ་མེང་ལས་རྒྱུབ་ཀྱིས་ཕྱོགས།། བུདེ ་ཤེགས་སྲིས་པོ་ཇི་བཞེད་པའི།། ཚུལ་ནི་རྣམ་པ་དུ་མས་བཞུགས།། གཞན་དག་སྟོང་པ་རྟོག་བྱའི་ཕྱིར།། རང་རིག་ཉམས་ནི་སྟོན་པར་བརྩོན།། ངལ་བསོའི་གནས་ནི་མཆོག་བརྙེས་ནས།། རྟག་ཏུ་བདེ ་པས་བཞུགས་པར་མཛད།། ཁྱེད་ནི་མཐོང་བ་ཙུམ་གྱིས་ཀྱང་།། བཞིན་རས་ཤིན་ཏུ་དང་པ་དང་།། སྤུ་གཡོ་མཆི་མར་བཅས་པ་དང་།། ལུས་ནི་སེམས་མེད་ལྟ་བུ་ཉིད།། ངེས་པ་ཁོ་ནར ་འབྱུང་གྱུར་ན།། གཙོ་བོ་ཁྱེད་ཚུལ་མི་གཡོ་བ།། བློ་ཡི་མིག་གིས་འཐོང་བ་དགགྲ། དེ་ཡི་བདེ་བ་སྨོས་ནི་འཚལ།། ཇི་ལྟར་ཁྱེད་ཀྱི་རྣམ་པ་ཀུན།། འཐོད་བ་ལས་ནི་བདེར་གྱུར་པ།། དེ་ལྟར་སྐད་ཅིག་ཙམ་མཐོང་ལས།། ་བདེ་བར་གྱུར་པ་ཡོད་མྱ་ལགས།། ཀུན་བདག་དབང་ཕྱུག་བྱེད་པ་དང་།། ངས་སྤྲུལ་སྐྱེས་བུ་མཆོག་དང་ནི།། ཚངས་པ་མཆོག་གི་རང་བཞིན་དག། འདུ་ཤེས་ཀུན་དང་རྣམ་བྲལ་ཞེས།། ཐར་པ་ལས་ནི་ཕྱིན་ཅི་ལོག ་དཱརྣལ་ལྀ་ཀྱི་རྒྱུས་འམ་རྣམས།། ཁ~ཾངྐ་ནཱི་རང་བཞིན་མོ་འཚལ་བྱས།། སྲིང་པོ་གསུམ་ཀྱི་ལམ་ནུ་འཁོར།། སྐྱིད་པའི་ས་བོན་ང་རྒྱལ་ཞེས།། ཡང་དག་གསུང་བ་ཁྱེད་ཀྱི་རྒྱུད་།། དུནལ་ཡོར་ན་སླད་ཡང ་དེ་ལྟོས་ལས་དང་སྐྱེ་བར་འགྱུར།། བདག་དུ་ཞེས་བྱ་དང་བྲལ་ཞིང་།། བཟུང་དང་འཛིན་པ་རྣམ་སྤངས་པ།། ཁྱེད་ཀྱི་ངོ་བོར་འཛིན་ཤེས་ན།། རང་བཞིན་གྱིས་ནི་ཡང་དག་སྣང་།། དངུ་བ་སྒོམ་པ་ལ་དགའ་བས།། རྟག་ཏུ ་སྐད་ཅིག་ཙམ་བགྱིས་སྙེང་།། ངན་རྟོག་རབ་རིབ་ཀྱི་སོ་འཐོབས།། རྨི་ལམ་ནི་ཡང་ཁྱད་མི་འཐོང་།། ཟླ་བ་མར་ངོའི་མུན་རུམ་ན།། དམུས་ལོང་དག་གིས་ནོར་བུ་བརྦའི།། འོད་ཚིགས་ཤིན་ཏུ་དྲི་མེད་པ།། ལག ་པར་གནས་ཀྱང་མྱི་མཐོང་ལྟར།། དེ་བཞིན་རྨོངས་པ་སྣ་ཚོགས་པའི།། རྣམ་པར་ཞེན་པས་ཁྱེད་མི་མཐོང་།། བདེ་བ་ཀུནྡ་གྱི་གཏེར་གྱུར་པ།། རྨོངས་པའི་བློ་ཡིས་འཐོད་པ་དང་།། འོད་དང་ལྡན་པས་མཆོག་གྱུར་པ། ་ཁྱོད་ནི་རྟག་ཏུ་མཐོང་མི་འགྱུར།། ཡེ་ཤེས་སྣང་བ་གསིལ་བ་ཡིས།། དྲི་མེང་མདས་ལྡན་ཁྱོད་མཐོང་གྱུར།། གདུལ་བྱའི་སྤྱིའི་སྣ་ཚོགས་ལ།། ཐུགས་རྗེས་ཡིད་ནི་དྲངས་གྱུར་པ།། དེ་བཞིན་གཤེགས ་པ་རྣམས་ཀྱིས་ནི།། ཁྱེད་ནི་སྣ་ཚོགས་དག་ཏུ་བསྟན།། གནས་དང་སྟེ་དང་འགག་ལས་འངས།། སྐྱེས་པ་རྣམས་དང་ཝཱ་བྲལ་བས།། བཅོམ་ལྡན་འདས་ཁྱེད་ནི་བསྐྱོད་པ་མིན།། ཁྱོད་ནི་སྟོང་ལས་གཞན ་མ་ལེགས།། ཁྱོད་ཀྱི་སྐུ་ནི་འཛའི་འདྲ་ཞིང་།། སྒྱུ་མ་ལྟ་བུ་བྱུང་གྱུར་པ།། ཀུན་རྫོབ་སྔགས་ཀྱང་།། དམ་པའི་དོན་དུ་ཡོད་མ་ཡིན།། ཁྱེད་ནི་དངོས་མིན་དངོས་མེད་མིན།། གཉིས་ཀ་མ་ཡིན་གོསུ་པ་མེད།། ཡོད་པ ་མེད་པར་སྤྱོད་པ་ཡིས།། རྙོག་གེའི་སྤྱོད་ཡུལ་ལ་དག་ལྔ་འདས། ཤེས་རབ་དམ་བྱི་ལ་དམས་པས།། མཆོག་རྗེ་ཞི་བའི་བདུད་རྩི་ཅན།། འགྱུར་བ་མེད་པའི་ངོ་བོ་ཉིད།། ཞི་བའི་སྐུ་ལ་ཕྱག་འཚལ་ལོ།། རྟག་ཏུ་ཀུན་གྱི ་བདུད་རྩི་རིག། ཀུན་མཁྱེན་བདེ་བར་གཤེགས་པའི་བདག། དཔལ་མཆོག་དང་པོ་ཕྱག་འཚལ་འདུད།། ཕྱག་འཚལ་ཕྱག་འཚལ་ཁྱེད་ཕྱག་འཚལ།། ཀུན་རྫོབ་ཏུ་ནི་ཐེ་སྙེད་ཀྱི།། མཁའ་དང་མཉམ་པ ་ཁྱོད་སྟོད་ཀྱིས།། རྣམ་རྟོག་བྲལ་བ་ཁྱོད་ལ་ནི།། བདག་འདྲས་སྟོད་པ་བྱེད་མི་རིགས།། སེམས་ཅན་མང་པོ་ལ་བྱམས་ཤིང་།། ཐུགས་རྗེས་ཐུགས་ནི་དྲང་གྱུར་ལ།། བྱིས ་པ་ཉེ་སུ་སྨྲ་ལྟ་བུ་ལ།། གཙོ་བོ་ཁྱོད་ནི་བཟོད་པར་མཛོད།། ད་ལྟར་ཐུབ་དབང་གཙོ་ལ་སྟོང་།། བསོད་ནམས་བདགུ་གིས་གང་བསགས་པ།། དེས་ནི་སེམས་ཅན་རང་རིག་པའི།། བདྲེ་བ་ཁྱེད་དང་འོདྲ ་བར་ཤོག། དང་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་རྫོགས་སོ།། ། རྒྱ་གུར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་ག་ཏཱན ་ལ་ཕབ་པའོ།། ། བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས།། ཚེ་རབས་དུ་མི་བསགས་པོའི་སྡིག་སྒྲིབ་མ་ལུས་ཀུན།། དགེ་འདིས་དུག་ལྔའི་མེ་ལྕེ ་ཆུ་ཡིས་བཅིལ་བ་བཞིན།། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྟ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། ། དགེའོ།། ། བཀྲ་ཤིས ་