| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པཉྩ་ཀྲ་མ་སྱ་ཡོ་གི་མ་ནོ་ཧ་རཱ་ཊི་པཱ་ཎཱི་ནཱ་མ། བོད་སྐད་དུ། རིམ་པ་ལྔའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག། ཅེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ས་དང་པོ་ནི་བརྙེས་གྱུར་པའི།། འཕགས་པ་ཀླུ་སྒྲུབ ་ལ་བཏུད་ནས།། རིམ་པར་རྣལ་འབྱོར་ཡིད་འཕྲོག་པ།། དོན་མདོར་བཤད་པ་བདག་གི་བྱ།། འཕགས་པའི་གསུང་རབ་རྣམ་བརྟག་པ།། ཚད་མ་དེ་ཡི་བྲི་བར་བྱ།། བདག་གིས་གཞུང་གི་ཚད་འདི་ནི།། སྐྱེ་བོས་རྟག་ཏུ་སྙིང་ལ་ཟུང་།། འདིར་ཡང་དཔལ་འདུས་པ་ལཱ ་སོགས་པའི་རྒྱུད་དུ་ཡོད་པའི་ཚིགསུ་བཅད་པ་འཁྲུགས་པས་གནས་པ་དེ་རྣམས་ཐམས་ཅད་བླངས་ནས་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཐུགས་རྗེའི་གཞན་དབང་གི་ཐུགས་ཀྱིས་བློ་ཞོན་པའི་འཇིག་རྟེན་ལ་རྣམ་པར་གཟིགས་ནས། རིམ་པ་ལྔའི་གོ། ་རིམ་གྱི་མདོ་སུམ་ཅུ་རྩ་གཉིས་རྗེ་སུ་རྟོགས་པས་གསུངས་པ། མདོར་བྱས་ཀྱི་རིམ་པ་བྱེད་པར་འདོད་པས་ཕྱག་བྱ་བ་སྔོན་དུ་འགྲོ་བ་ཅན་མངོན་པར་བརྗོད་པར་བྱ་བ་འབྲས་བུའི་ངོ་བོ་བསྟན་པར་འདོད་པས།། འཇིག་རྟེན་གསུམ་སྤྱོད་ལས་གྲོལ།། ཞེས ་བྱ་བ་ལ་སོགས་པས་གསུངས་པ། གསུང་རྣམས་ཀྱི་དང་འཇིག་རྟེན་རྣམས་ཀྱི་ཡང་དག་པར་བསྡུས་པོ་ནི་འཇིག་རྟེན་གསུམ་པ་སྟེ། འཇིག་རྟེན་གསུམ་ཉིད་འཇིག་གསུམ་པ་སྟེ་རང་གི་དོན་ལ་ཥྱ་ཉའོ།། འདོད་པ་དང་གཟུགས་དང་གཟུ་མེད་ཀྱི་ཁམས ་གསུམ་པའོ།། འདི་སེམས་ཅན་གྱི་རྒྱུད་གང་ཡིན་པ་དེ་རྣམས་ཀྱི་ཕུང་པོ་ལྔ་ལ་སོགས་པ་རྣམས་སུ་བསྟན་ཞིང་སྲ་བའི་རྣམ་པའི་དངོས་པོ་ཉིད་ལ་མངོན་པར་ཞེན་པ་ཁོ་ན་རྣམ་པར་རྟོག་པ་སྟེ། དེ་ཁོ་ན་ཀུན་ཏུ་སྤྱོད་པའི་ཐ་སྙད་དོ།། དེས་གྲོལ་བ་ནི་བྲལ་བ ་ཞེས་བྱ་བའི་དོན་ཏོ།། དེ་ཅི་དམ་པ་རྣམ་པར་ཤེས་པའི་ངོ་བོ་ཡིན་ནམ་ཞེ་ན། དེ་དག་པའི་ཕྱིར་དུ་གསུངས་པ།། མཁའ་དང་མཉམ་གྱུར་ཏེ། ནམ་མཁའ་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ།། འདི་དེ་ལྟ་མོད་ཀྱི། ཉེ་བ ་དམིགས་པ་ཐམས་ཅད་གཞག་ཅིང་བཅད་དེ་མེད་པའི་ཕྱིར་རོ་ཞེས་པ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བའི་གཡང་སར་ལྷུང་བ་རྣམས་ཀྱིས་དེ་བསལ་བའི་ཆེད་དུ་དངོས་པོ་རྣམས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞིང་། དངོས་པོ་ཡོད་པ་ཉིད ་ཀྱང་མ་ཡིན་ལ།། ཤིན་ཏུ་ཕལ་ཆེ་བ་མ་ཡིན་པ་དང་བྲལ་བས་གཟུགས་ལ་སོགས་པ་ཚིག་དོན་རྣམས་ཐམས་ཅད་ཀྱི་རང་གི་ངོ་བོ་ནི།། དངོས་ཀུན་འང་བཞིན་ནོ།། དག་ཅིང་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར ་རམ་སེམས་ཅན་རྣམས་རྗེསུ་གཟུང་བའི་ཆེད་དུ་དག་པ་ཆོས་སྐུ་ལས་འདི་རྣམས་སྤྲོས་པར་བྱེད་དོ་ཞེས་རབ་ཏུ་གསུངས་པའི་ཕྱིར་རོ།། ཞི་ལྔ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཀྱི་ཕྱིར་རམ་ཞི་བའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིརརོ།། ་རྣམ་དབེན་ནི་སྲེད་པ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། མཆོག་ཞི་འདི་ནི་རྟག་པ་ཁོ་ནར་བརྟན་པའི་རང་བཞིན་ཉིད་ཀྱི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དགེ་ལེགས་ཐོབ་པར་བྱེད་པའོ།། སྐྱེ་བ་མེད་པའི་དེ་ཉིད་དྲིའི ་རང་གི་ངོ་བོ་རྣལ་འབྱོར་པོ་ཉིད་སེམས་དེས་རྟོགས་པར་བྱ་བ་སྟེ་སྤྲུལ་པའི་སྐུའོ།། དེ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྟོགས་བྱ་མ་ཡིན་པའོ།། གོ་དཀའ་བ་ནི་མཆོག་ཏུ་ཟབ་པ་སྟེ་དེ་བཞིན་ཉིད་བདེ་བ་གཅིག་པུའི་རང་བཞིན ་ཉིད་ཀྱི་ཕྱིར་རོ།། སྡུག་བསྔལ་བས་ཀྱང་རྣམ་པར་སྤྱོད་པར་བྱེད་པ་དང་སོ་སོར་བསྟན་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་ནས་བརྟག་པར་དཀའ་བའོ།། རང་གི་དང་གཞན་རྣམས་ཀྱི་ཕནུ་པ་མཐས་ཀླས་པ་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར ་བདག་གཞན་རབ་ཕན་ནོ།། འདྲིས་རང་གི་དོན་ཕུན་སུམ་ཚོགས་པ་ཡང་མངོན་པར་བརྗོད་པས་ཁྱབ་པའོ།། ཐམས་ཅད་དུ་གདུལ་བྱའི་སྐྱེ་བོའི་རྒྱུད་རྣམས་དེ་བཞིན་དུ་སོ་སོར་སྣང་བར་བྱེད་པའི་ཕྱིར་རོ།། གང་དུ་ནུབ་པར་གྱུར་པ་དང་དྲོ་བ་ལོ་སོགས་པའི་མཚན ་མ་ལུས་ལ་མེད་པ་སྤངས་པ་དེ་ནི་མཚན་མ་མེད་པའོ།། ཡང་ན་རང་གི་ངང་གིས་འཇུག་པས་རྒྱུ་གཽཞན་གྱིས་སྐད་ཅིག་གིས་སེམས་བརྟེན་པའི་སྤྲུལ་པའི་སྐུ་ཀུན་ཏུ་སྤྲོ་བར་བྱེད་པས་མཚན་མ་མེད་པའོ།། ཕྱག་འཚལ་བ་ནི་འདུད་པར་བྱེད་པའོ།། སྐུ་ནི ་ལུས་སོ།། ཅི་རྣམས་ཀྱི་ཞེས་རྒྱལ་བ་རྣམས་ཀྱི་ཞེ་མང་པོའི་ཚིག་ངེས་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་སྐུ་ལ་ཕྱག་འཚལ་བའོ།། གང་ལས་ཕྱག་འཚལ་ན་འདུས་པའི་ཚུལ་གྱིས་རྒྱུད་དུ་བརྗོད་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སྟེ། ་སྟོང་པ་བཞིའི་བདག་ཉིད་ཅན་གྱི་ཕྱིརརོ།། མཉམ་མེད་མཉམ་པ་ནི། ཐམས་ཅད་སྟོང་པ་ནི་མཉམ་མེད་དེས་མཉམ་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ཡང་ན་མཉམ་མེད་ནི་སངས་རྒྱས་རྣམསོ།། དེ་རྣམས་ཀྱིས་མཉམ་པ་ནི་མཚུངས་པའོ།། དེ ་ཉིད་ཀྱི་ཕྱིར་མི་རྟོག་སྐུ་གཅིག་སྟེ་མི་རྟོག་པ་ནི་རྣམ་པར་རྟོག་པ་དང་བྲལ་བའོ།། གཅིག་ནི་གཉིས་པ་མེད་པའོ།། སྐུ་ནི་མཚན་སུམ་ནུ་སོ་གཉིས་ལ་སོགས་པས་བརྒྱན་པའི་ལུགས་གང་ཡིན་པ་དེའི།། དེ་ནི་རྡོང་བྱེད་དང་། བརྗོད་བྱ་དང་། དགོས་པ་བརྗོད ་པ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་ཚིགསུ་བཅད་པ་དུ་མ་རྣམས་ཕུང་པོ་གཅིག་ཏུ་གྱུར་པའི་དངོས་པོ་ནི་མདོར་བསྡུས་པ་ཡིན་ལ། ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར། མདོར་བྱས་ཅན་ནོ།། དེའི་རིམ་པ་ནི་ཕོ་རིམས ་དེ་བདག་གིས་བཤད་པར་བྱ་སྟེ་བསྟེན་པར་བྱའོ།། སེམས་ཅན་ཀུན་ལ་ཕན་བསྐྱེད་པ་ཕན་བསྐྱེད་པ་ནི་འཇིག་རྟེན་གྱི་ཕན་པ་མངོན་པར་འདོད་པ་ནི་སངས་རྒྱས་ཉིད། དེ་བསྐྱེད་པ་ནི་མངོན་པར་སྤྱོད་པའོ།། འདིར་ཞེས་པ་ནི་དེ་དེ་བཞིན་ནོ།། རྒྱུད་གཞན་རྣམ་པར ་གཅོད་པའི་དོན་དུ། དཔལ་ལྡན་འདུས་པའི་རྒྱུད་འདི་ཡིས་ཞེས་གསུངས་ཏེ། འདུས་པར་བྱེད་པ་ནི་འདུས་པ་སྟེ། ལྷ་སུམ་ཅུ་སོ་གཉིས་པོ་རྣམས་གཅིག་ཏུ་འདུས་པའོ།། ཡང་ན་སྟོང་པ་ཉིད་དང་སྙིང་རྗེའོ།། འདུས་པ་ཕྱི་མར་གསུངས་པ་ཡང་། འདུས་པ ་སྦྱོར་བར་རབ་གསུངས་ཏེ།། སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད་ཅེས་སོ།། དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་འདི་ལ་ཡོད་དོ།། ཞེས་པས་དཔལ་ལྡན་ནོ།། རྒྱུད་སྟེ་གཞུང་རྒྱུན་ཆགས་པའི་མཚན་ཉིད་ཀྱང ་ཡིན་ལ་དཔལ་ལྡན་འདུས་པའི་རྒྱུད་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་མཐའ་དྲུག་གི་དོན་འདི་དང་འདི་དག་ཁོང་དུ་ཆུད་པ་ལས་ཏེ། དྲང་བ་དང་། ངེས་པ་དང་། དགོངས་པ་དང་སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ ་མིན་པ་དང་། དགོངས་པ་མ་ཡིན་པས་ཀུན་ཏུ་རྟོགས་པ་ལས་སོ།། མཐའ་དྲུག་གི་དོན་ཉིད་ལྷག་པར་མ་རྟོགས་པ་དེའི་དོན་དུ་བདག་གི་དཔལ་ལྡན་འདྲེས་པའི་རྒྱུད་ཀྱི་སྒྲོལ་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པར་གང་འདི་མཐའ་དྲུག་གི་དོན་གྱི ་བཤད་པ་ཡོད་པ་འདི་ཉིད་ལ་འདིར་འཇུག་པར་བྱ་སྟེ། སྐལ་ངན་རྣམས་ལ་རྒྱལ་བ་ཡིས།། སྨྲས་ཏེ་བཤད་པ་དྲང་བའི་དོན།། ཡང་དག་དོན་ནི་རབ་སྟོན་ཕྱིར།། ངེས་པའི་དོན་ཡང་གསུང་སྡུ་བ་ཡིན།། མཆོག་འདོད་སེམས་ཅན་རྣམས་ལ ་ཆོས་ཀྱི་དེ་ཉིད་རབ་སྟོན་པ།། འགལ་བའི་ཚིག་གི་སྦྱོར་བ་ཡིས།། གསུངས་པ་གང་དེ་དགོངས་བཤད་དོ།། དཀྱིལ་འཁོར་སོགས་དང་རྟོགས་པ་བསྡུ།། སྤྱོད་པ་ཇི་ལྟ་ཇི་ལྟ་བར།། དོན་རྒྱས་པར་ནི་གསུངས་པ་ནཱི།། དེ་ནི་ཇི་ལྟ་བཞིན་སྒྲར་གསུངས།། ་ཀོ་ཌཱ་ཀྵ་ཀ་ལ་སོགས་སྒྲ།། འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས།། དེ་བཞིན་གཤེགས་རྣམས་བརྡར་གྱུར་པ།། དེ་ནི་ཇི་ལྟ་བཞིན་མིན་སྦྱར་བསྒྲགས།། དབང་པོ་རྟུལ་པོའི་སེམས་ཅན་གྱི།། རྟོགས་བཱིའི་དོན་ཕྱིར་གསལ་བར་རུ།། དེ་ཉིད་གསལ ་བར་གསུངས་པ་ནི།། དགོངས་པ་མིན་པར་གསུངས་པོ་ཡིན།། མཐའ་དྲུག་གི་རྣམ་པར་བཤད་པའི་ནང་དུ།། རྣལ་འབྱོར་པའི་ཡིད་འཕྲོག་པར་བྱེད་པའི་དོན་མདོར་བཤད་པར་དྲང་བ་དང་ངེས་པའི་དོན་གྱི་དབྱེ་བས་བཤད་པ་རྣམ་པ་གཉིས ་ཁོང་དུ་རུང་བར་བྱ་སྟེ། དམན་པའི་སྒོམ་པ་པོས་སོ།། འདིས་ནི་མངོན་པར་བརྗོད་པར་བྱ་བའི་དགོས་པ་གསུངས་སོ།། དགོས་པ་དེ་རྣམ་པར་རྟོག་པ་བསལ་བ་ཞེས་པ་བྱ་བ་དེའི་སྒོ་ནས་འབྲས་བུ་ཁོང་དུ་ཆུད་དོ་ཞེས་ཡིད་ལ་བཞག་ནས་རྣམ་རྟོག ་བག་ཆགས་ཞེས་བྱ་བ་ལ་སོགས་ཏེ། རྣམ་པ་སྣ་ཚོགས་པའི་འདོད་ཆགས་ལ་སོགས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་སེམས་ཅན་ཀྱིས་སྒྲོ་བཏགས་པ་ནི་རྣམ་པར་རྟོག་པ་ཡང་འདི་ཡིན་ལ་བག་ཆགས་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ།། རྣམ ་རྟོག་བག་ཆགས་ཉེས་པ་སྟེ། དེ་རྣམས་ལ་ཅིར་གྱུར་ན་འགྲོ་བ་གསུམ་པོ་རྣམས་རྨོངས་ལ། བློ་དང་ལྡན་པ་སྟེ་རྣལ་འབྱོར་ལྔ་ལེགས་ཏེ་ཡང་དག་པར་མངོན་པར་བལྟས་ནས་ཏེ་མཐོང་ནས་སོ།། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར ་རྒྱུད་ཀྱི་སྦྱང་བར་བྱ་ཞེས་གསུངས་ཏེ། རྣལ་འབྱོར་ནི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པའི་ཟུང་དུ་འཇུག་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའོ།། དེ་གང་དུ་རྒྱུད་དུ་བྱེ་ཞིང་བྱེ་བྲག་ཏུ་རྟོགས་པར་བྱ་བ་དེས་སེམས་ཀྱི་ཉོས་པ་རྣམས ་སྦྱང་བར་བྱ་སྟེ། རང་གི་ངོ་བོ་ཡོང་སུ་དག་པར་བྱའོ།། ལུང་དུ་གསུང་བ། ཡང་སྦྲིད་ཉིད་ཀྱི་ཡོངས་ཤེས་པ།། མྱ་ངན་འདས་པ་ཞེས་གསུངསོ་ཞེས་སོ།། རྣལ་འབྱོར་སྐྱོང་པོ་གསུངས་པ། འདོད་པོ་ལྔ་རྣམས་ཤེས་པ་ལ་སོགས་པ ་སྟོ། ལྷ་ཡང་ཡིན་ལ་འདོད་པ་རྣམས་ཀྱང་ངོ་ཞེས་པས་འདོད་པ་ལྔ་རྣམས་ཏེ་འཇིག་རྟེན་གྱི་འདོད་པར་བྱ་མངོན་པོར་འདོད་པར་བྱ་བ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས།། དེ་རྣམས་ཡོངསུ་མེ་སྤྲིངས་ཏེ་མདོར་ཞིང་།། དཀའ ་ཐུབ་ཀྱིས་ཀྱང་མ་གསུངས་པར་ཏེ།། དཀའ་ཐུབ་རྣམས་ཀྱིས་ནི་ཐེག་པ་གཞན་ལ་བརྟེན་ནས་བྱ་དཀའ་བ་དང་། སྡོམ་པ་དང་། བརྟུལ་ཞུགས་མི་བཟད་པ་རྣམས་ཀྱིས་སོ།། བྱཱ་དཀའ་བ་ལ་སོགས་པ་འདི་རྣམས་ཀྱི་དོན་རྣམ་པར་བཤད་པར་བྱ་སྟེ། ་ལུས་དུབ་པའི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པ་བཞེངས་པར་བྱེད་པ་ནི་བྱ་དཀའ་བོ་རྣམསོ།། ཤིང་དྲུང་བ་ལ་སོགས་པ་སྦྱངས་པའི་སྐྱོན་རྣམས་ནི་སྡོམ་པ་རྣམསོ།། རི་ལས་མཆོད་པ་དང་མེ་ལ་རབ་ཏུ་འཇུག་པ་ལ་སོགས་པ་རྣམས ་མི་བཟུང་བ་རྣམས་སོ།། འདི་རྣམས་སྦྱིན་པར་བྱེད་བཞིན་པས་གདུང་བར་ཡང་མི་བྱ་སྟེ། གདུང་བཞིན་པ་ལ་གྲུབ་པར་མི་འགྱུར་ཏེ། བྱང་ཆུབ་མི་ཐོབ་བོ།། དེ་ཉིད་ཀྱི་ཕྱིར། དེ་ལྟར་ཁོང་དུ་ཆུད་ནས་རྣལ་འབྱོར་པའི་སེམས་ཀྱི་རྒྱལ་པོ་སྡུག་བསྔལ ་བས་མི་བྱའོ།། དེ་ལྟ་མོད་ཀྱི་ཅི་ལྷུར་ཞེ་ན་གསུངས་པ།། འདོད་པ་ལྔ་ལ་ཉེ་བར་ལོང་སྤྱོད་པ་ཉིད་ཀྱི་བདེ་བས་བྱང་ཆུབ་སྟེ་སངས་རྒྱས་ཉིད་བསྒྲུབ་པར་བྱའོ།། གང་ལས་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས་ཏེ། རྣལ་འབྱོར་རྒྱུད་ནི་དཔལ་འདུས་བཱི ་རྒྱུད་དོ།། དེའི་རྗེ་སུ་འབྲངས་ནས་ནི་དེའི་དོན་ལྷག་པར་རྟོགས་པ་ལ་སོགསོ།། རྒྱུད་གཞན་དུ་གསུངས་པ་ཡང་། དཀའ་ཐུབ་སྡོམ་པ་མི་ཟད་པས།། སྡུ་ག་བསྔལ་ཞིང་ནི་ལུས་སྐམས་བྱེད།། སྡུག་བསྔལ་བ་ལས་སེམས་གཡེངས་འགྱུར།། གཡེངས་པས ་དངོས་གྲུབ་གཞན་དུའོ་ཞེས་སོ།། དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྒོམ་པར་བྱེད་པ་དེས་ན་སྔར་གསུངས་པའི་གཟུགས་ལ་སོགས་པར་འདོད་པའི་སྐྱོན་ལྔ་ལ་ཉེ་བར་ལོང་སྤྱོད་པ་ཉིད་ཀྱི་སྡོམ་པས་སྡོམ་གནས་སོ།། གང་གིས་ཀྱང་དབྱེ ་བར་ནུས་པ་མ་ཡིནྡ་པ་ཉིད་ཀྱི་ཕྱིར་མི་ཕྱེད་པར་ནི་འགྱུརརོ།། འདི་ནི་རྣལ་འབྱོར་པའི་བརྟུལ་ཞུགས་ཏེ་རྟག་ཏུ་སྟེ་དུས་ཐམས་ཅད་དུའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། སྒྲུབ་པ་དག་ཏུ་ཞེས་པ་ནི་གལ་ཏི་ཡང་། གཞན་དུ་བཀོད་པའི་རིམ་པ་ལྔའི་དོན ་གང་མདོར་བྱས་ཀྱི་རིམ་པ་སྟེ། དེ་བཞིན་དུ་ཡང་མདོར་བྱས་ཀྱི་རིམ་པར་ལུས་རྣམ་པར་དབེན་པ་དངོས་སུ་གསུངས་ཏེ། ཅི་ལྟར་འདིར་སྒྲིབ་ཅིང་རྫོགས་པ་ཡིན་ཞེས་འི་དྲིན། བདེན་ཏེ་ལུས་རྣམ་པར་དབེན་པ་གསུངས་པས་ངག་དང་སེམས་ཀྱང ་སོ་སོར་བསྒྲུབ་པར་བྱེད་དོ།། ཇི་ལྟར་སེམས་ཀྱི་ངོ་བོ་ལས་གཞན་མེད་པའི་ཕྱིར་སེམས་ཀྱི་སྤྲུལ་པ་ལུས་ཏེ། ལུས་ཉིད་སེམས་དང་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཚིག་ཏུ་བརྗོད་པ་སྟེ་ཚིག་ཉིད་སེམས་ཏེ། འདི་དང་བྲལ་བའི་དངོས་པོ་མེད་པར ་གསལ་ལོ།། རྒྱུད་དུ་གསུངས་པ་ཡང་། ཁྱོད་ཀྱིས་སེམས་ལུས་ལྟ་བུ་དང་ལུས་སེམས་ལྟ་བུ་དང་སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་སོ།། རྡོ་རྗེ་འཆང་གི་དངོས་གྲུབ་སྒྲུབ་པའི་གནས།། མགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོན ་བ་ཆེན་པོའི་ས་ཕྱོགསུ་སྟེ། མཆོག་ཏུ་གྱུར་པའི་ཕྱོགསུ་ཆུ་དང་། ལ་སོགས་པས་ཡིད་འཕྲོག་པ་ཉིད་ཀྱི་ཕྱིར་རོ།། མེ་ཏོག་འབྲས་བུ་ལ་སོགས་པས་བརྒྱན།། རི་བོ་དབེན་པ་དེ་ག་ཏུ་ནི།། འདི་ཡང་རྣམ་པར་དབེན་པ་རུ། དངོས་གྲུབ་ཐམས་ཅད་བསྡུས་པ་ནི།། ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དངོས་གྲུབ་དག་འདིར་ཀུན་ནས་བསྡུ་བར་བྱ་བས་ན་བསྡུག་འགྱུར་ཏེ། དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པ་སྟེ། སངས་རྒྱས་ཉིད་བསྒྲུབ་སྟེ་བསྒྲུབ་པར་བྱའོ།། ཡང་ན་ནམ་མཁའ་བརྟག་པའི་སྤྱོད་རྣམས་ཀྱིས།། ་ཕུང་པོ་དགོན་པ་ཆེན་པོར་འདོད།། གནས་མེད་གནས་པའི་ཚུལ་གྱིས་ནི།། གནས་ཆེན་པོ་ནི་ས་ཕྱོགས་ཡིན།། ལོང་སྤྱོད་རྫོགས་འདིར་དཔག་བསམ་ཤིང་། དངོས་གྲུབ་སྣ་ཚོགས་མེ་ཏོག་མཛེས།། སྤྲུལ་པའི་འབྲས་བུ་ཡང་དག་མཛེས།། ཡོང་དག་རྫོགས ་པའི་བྱང་ཆུབ་རི།། རང་བཞིན་མེད་དབེན་ཉམས་དགའ་བར།། རྡོ་རྗེའི་མིང་ཅན་དེར་བསྒྲུབ་བྱ་ཞེས་སོ།། གསུང་རབོ་འདིའི་དོན་འདི་ཡིན་ཏེ།། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནས་དགོན་པ་ཆེན་པོར་འདོད་ཅེས་བྱ་བའི་མཐར་ཐུགས་པས་དེ་བཞིན ་ཉིད་བཤད་པ་གསུངས་ཏེ། དེ་ལ་ཕུང་པོ་ལ་སོགས་པ་བརྟག་པས་ཕུང་པོ་སོགས་བསྐྱེད་པའོ།། དེའི་སྦྱོར་བ་ལས་ཕུང་པོ་ལ་སོགས་པ་རྣམས་དགོན་པ་ཆེན་པོར་འདོད་དེ་རབ་ཏུ་གྲགས་པའི་ནམ་མཁའ་ལྟ་བུའི་དགོན་པ་ཆེན་པོར་ཞེས་པ། དེ་ལྟ་བུའི་ཐ ་མལ་བའི་ཕུང་པོ་ལ་སྐྱོ་བ་སྒོམ་པར་བྱེད་པའི་གནས་སོ།། ཐ་མལ་པའི་ཕུང་པོ་ལ་སོགས་པ་ལ་རྟེན་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། གནས་མེད་ཅེས་བྱ་བ་ལ་སོགས་པ་ནས། གནས་ཆེན་པོ་ཞེས་པའི་མཐར་ཐུག་པའི ་བརྡ་སྤྲད་པར་བྱ་སྟེ། འོད་གསལ་བའི་བདག་ཉིད་ཅན་གཞན་སྒྲུབ་པར་བྱེད་པའི་གནས་སོ།། ལོང་སྤྱོད་རྫོགས་པའི་ངག་ཉིད་དུ་ལྡང་བ་ནཱི། ལོང་སྤྱོད་རྫོགས་ཤོས་པ་ལ་སོགས་པ་མེ་ཏོག་མཛེས་ཞེས་བྱ་བ་ནས་བརྩམས་ནས་ལོང་སྤྱོད་རྫོག་པ་གསུང་སོ།། ་ལོང་སྤྱོད་རྫོགས་པ་ཡང་སྤྲུལ་པའི་སྐུ་སྒྲུབ་པར་བྱེད་པའི་གནས་སུ་སྒྲོལ་པ་ཞེས་བྱ་བ་ལ་སོགས་པ་གནས་ཡང་དག་པར་རྫོགས་པའི་བྱང་ཆུབ་རོ་ཞེས་པའི་བར་གྱིས་གསུངས་སོ།། རང་བཞིན་མེད་ཅེས་པ་ལ་སོགས་པ་ནས་རྡོ་རྗེའི་མིང་ཅན་ཞེས་པའི ་མཐར་ཐུག་པ་ཐམས་ཅད་ཀྱི་རྣམ་པར་རིག་པ་སྟོན་པས་གསུང་སོ།། འཇིམ་པའི་སྟན་ལ་ཞེས་བྱ་བ་ནི། རྡོ་རྗེ་ཐོག་མར་ཡིད་དང་མཐུན་པོའི་གནས་སུ་ཁ་ཤར་དུ་མངོན་པར་ཕྱོགས་ནས་ནངད་ཚངས་ཅན་གྱི་སྟན་འཇམ་པ་ལ་སོགས་པའི་སྟེངསུ། ་སེམས་དཔའི་སྐྱིལ་ཀྲུང་གིས་ཉེ་བར། འདུག་སྟེ་དཔལ་འདུས་པ་ང་ཡིན་ནོ་ཞེས་ང་རྒྱལ་བྱའོ།། དེའི་རྗེ་སུ་རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ། སླར་ཡང་རྡོ་རྗེའི་སྟེང་དུ་ཧཱུཾ་ཡིག་བལྟས་ནས། དེའི་ས་བོན་གྱི་འོད་ཟེར ་ཀྱིས་ཕྱི་རོལ་ཏུ་ལྕགས་ཀྱུའི་རྣམ་པས་བཅོམ་ལྡན་འདས་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་མདུན་གྱི་ན་མཁར་རྣམ་པར་བསྒོམས་ནས་ཐོག་མར་མཆོད་ཡོད་ཡོན་དབུལ་བར་བྱའོ།། དེའི་འོག་ཉིད་དུ ་ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཕྱག་འཚལ་བ་དང་སྡིག་པ་གཤེགས་པ་ལ་སོགས་པ་ཡང་དག་པར་བསྒྲུངས་ནས།། སེམས་ཅན་ཐམས་ཅད་ལ་ཚངས་པའི་གནས་བཞིའི་རང་བཞིན་བྱམས་པ་ལ ་སྔོགས་པའི་སེམས་བསྐྱེད་པར་བྱའོ།། དེ་མ་ཐག་ཏུ་སྒྲུབ་པ་པོ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་ཐ་མལ་བའི་ང་རྒྱལ་བསལ་ལ་སྐད་ཅིག་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པོ། པདྨ་དང་ཟླ ་བའི་གདན་ལ་བཞུགས་པ་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། མཚན་སུམ་ཅུ་རྩ་གཉིས་འཆང་བ། དབྱེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པོ། རྒྱུ་མ་ལྟ་བུའི་སྐུར་བསམ་པར་བྱའོ།། ་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིངངེ་འཛིན་གྱི་ཚུལ་བགྱིས་སོ།། འདིའི་དོན་རྣམ་པར་བཤད་པའི་སྒོ་ནས་ངེས་པར་བཤད་པོར་བྱ་སྟེ། ཛྙཱ་རྟོག་པ་ལའོ།། ནཱ་ནི་དགག་པ་ལ་འཇུག་སྟེ།། གང་ལ་རྟོག་པ་མེད་པ་ཡེ་ཞེས་ཏེ་འོན་ཀྱང་དོན་དམ་པའི་བདེན་པ་དེ ་མངོན་པར་བརྗོད་པར་བྱ་བ་མ་ཡིན་ནོ།། སྣང་བ་མ་ལུས་ཟིལ་གྱིས་མནན་ནས་འཇིག་རྟེན་གྱི་ཁམས་མཐའ་ཡས་པོ་ཀུན་ཏུ་སྣང་བར་བྱེད་པ་དེ་ཉིད་སྒྲོན་མའོ།། མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ།། རིམ་པ་འདིས་དེ་ནས་རང་གི་སྙིང་གར་སྐད་ཅིག ་གིས་ཞེ་སྡང་རྡོ་རྗེ་འཆད་པར་འགྱུར་བར་བསམས་ནས། རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོའི་རྗེསུ་ཆགས་པ་ཆེན་པོའི་རྗེསུ་ཆགས་པ་ལས་དེ་ཞུ་ནས་ཨ་བ་དྷཱུ་ཏཱིའི་ལམ་གྱི་པདྨའི་དབུ་སུ་ཡང་དག་པར་སྤྲོ་བར་བྱའོ།། དེ་ནས་བཛྲ་དྷིཀ ་ཅེས་པའི་སྔགས་ཀྱིས་ཕྱི་རོལ་ཏུ་ཕྱུང་ནས་མི་བསྐྱོད་པའི་གཟུགས་ཁ་དོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པར་བསམས་ནས་བདག་གི་མདུན་དུ་འདུག་པར་བལྟ་སྟེ། སླར་ཡང་དེ་རང་གི་ལུས་ལ་འོ་མ་དང་ཆུའི་ཚུལ་གྱིས་རྗེ་སུ་ཞུག ་ནས་བདག་ཉིད་ཨིནྡྲ་ནཱི་ལོའི་ཁ་དོ་ག་མཆེ།། ཅུང་ཟོད་གཙིགས་པས་འཇིགས་པར་བྱེད་པ་དང་མཚུངས་པའི་རྣམ་པ་རེག་བྱ་རྡོ་རྗེ་མས་འཁྱུད་པ། སྒྱུ་མ་ལྟ་བུའི་སྐུ། ཉི་མའི་གདན་ལ་ཞེ་སྡང་རྡོ་རྗེའི་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ ་བསམ་པར་བྱའོ།། དེ་གྷྣ་བྷུ་ནཱིཥྚེ་ཀྵ་རྡོ་རྗེའི་ཏིང་འཛིན་གནས་ཏེ་སྔགས་པའོ།། བཤད་མ་ཐག་པ་འདི་དག་ནི་སློབ་དཔོན་ཟླ་བ་གླགས་པས་མཛོད་པའི་རྡོ་རྗེ་སིམྱོས་དཔའི་སྒྲུབ་ཐབས་ཀྱི་དགོངས་པ་བླངས་པའོ།། གནས་བསྙུངས་པ་ནི་བསམྱ་པར་སྐྱེ ་ཞེས་པ་ནི་རིམ་པ་འདིས་སོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཧཱུཾ་ཡིག་རིང་པོ་བརྗོད་ནས།། དེ་ལས་སྐྱེས་པའི་གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་པོ་རྣམས་ཡང་དག་པར་ཕྱུང་སྟེ་གཡོན་བརྐྱང་གི་སྟབས་ཀྱི་ཉི་མིའི་དཀྱིལ་འཁོར་ལ ་གནས་པ་འཆད་པར་འགྱུར་བའི་མཚན་མ་ལ་སོགས་པ་དང་ལྡན་པ་རྣམས། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི་རྣམ་པར་བསམ་པར་བྱའོ།། རྒྱུད་དུ་གསུངས་པ་ཡང་།། ཁྲོ་བོ་ཞེ་སྡང་གནས་ལ་སྐྱེས།། རྟག་ཏུ་གསོད་ལ་བརྩོན་པ་རྣམས ་སྒྲུབ་པོ་མཆོག་གི་ཆོས་ཅན་གྱིས།། བསོད་པའི་དོན་གྱིས་འགྲུབ་པར་བྱེད། ཅེས་བྱ་བའི་གསུང་རབ་འདིའི་དོན་འདི་ཡིན་ཏེ་ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་རྣམསོ།། ཞེ་སྡང་གནས་ནི་ཧཱུཾ་ཡི་གོ།། དེ་ལ་སྐྱེས་པ་ནི་དེ་ལ ་རྫོགས་པའོ།། བསོད་ལ་བརྩོན་པ་ནི་གདུལ་དཀའ་དུལ་བར་བྱེད་པའི་ལས་སོ།། བགེགས་རྣམས་གསོད་པའི་དོན་གྱིས་དག་པོའི་ལས་རྣམས་འགྲུབ་པར་བྱེད་དེ་མངོན་པར་འདོད་པའི་དྲོན་རྫོགས་པར་བྱེད་པའོ།། མཆོག་གི་ཆོས་ཅན་ཤིན་ཏུ ་མཆོག་ཏུ་གསོད་པའི་རང་བཞིན་ཅན་གྱི་ཞེས་པའོ།། བགེགས་ཀུན་རྣམ་པར་གཞིག་དོན་དུ་ཞེས་པ་ལ་སོགས་པ་ལ།། གནོད་མཛེས་འོག་ཏུ་གནས་པ་ལ་རྣམ་པར་བལྟས་པས་སྤྲུལ་པའི་གནོད་མཛེས་གཉིས་པ་བཀུག་ནས་རང་གི་མདུན་ན་གནས ་ཏེ་ཅི་བགྱིའི་གཟུགས་ཀྱིས་བཀའ་ནོད་པར་རྣམ་པར་བསམས་ནས། ཧཱུཾ་ཡིག་བཞི་པའི་སྔགས་ཀྱིས་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི་ཞེས་པ་ཞེ་སྡང་རྡོ་རྗེ་ཁྲོས་པས་བཀའ་སྦྱིན་པར་བྱའོ།། ཕྱི་ནས་གནོད་མཛེས་རྒྱལ་པོས་བཀའ་ཐོབ་ནས ་ཕྱོགས་བཅུར་སོང་སྟེ། དབང་པོ་ལ་སོགས་པའི་བགེགས་ཀྱི་གླཙོ་བོ་རྣམས་ལྕགས་ཀྱུས་སྙིང་གར་ཕུག་ནས་བཀུག་སྟེ་ཞགས་པས་མགུལ་བཱ་བཅིངས་ནས་ཁྲོ་བོའི་རྒྱལ་པོ་བྱིན་ལ་ཡོད་དྲུག་པོར་གཏད་ནས་སླར་ཡང་ངེས་པར་གནོད་མཛེས ་མདུན་དུ་གནས་སོ།། བཀུག་པའི་བགེགས་ཀྱི་གཙོ་བོ་རྣམས་ཀྱིས་ཁ་དོག་དང་མཚན་མ་ལ་སོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། དབང་པོ་ནི་ཤར་གྱི་ཕྱོགས་ན་གནས་པ་སེར་པོ་མིག་སྟོང་པ་ལག་པ་གཉིས ་པ་ཞལ་གཅིག་པ། གཡས་པ་དང་གཡོན་པའི་ལག་པའི་ལག་པ་དག་གིས་རྡོ་རྗེ་སྒེག་པས་འཛིན་པ་རིན་པོ་ཆེའི་ཅོད་པན་ཅནྡ། ས་སྲུངས་དཀར་པོ་ལ་ཞོན་པ་གཤིན་རྗེ་མཐར་བྱེད་ཀྱི་སོ་སོར་གནོན་བཞིན་པར་བསམ་པར་བྱའོ།། དེ་བཞིན་དུ ་ཤེས་རབ་མཐར་བྱེད་ནི་གཤིན་རྗེའི་ཕྱོགསུ་གཤིན་རྗེ་ནག་པོ་ཞལ་གཅིག་པ་ལག་པ་གཉིས་པ་གཡས་པ་དང་ཅིག་ཤོས་ཀྱི་ལག་པ་དག་གི་ས་དབྱུག་པ་དང་སྡིགས་མཛུབ་འཆང་བ་སྐྲ་དམར་སེར་འབར་བ་གྱེན་དུ་བརྫེས་པ། གཡོན ་བརྐྱང་གིས་མ་ཧོའོ་སྟནཱ་ལའོ།། དེ་བཞིན་དུ་པདྨ་མཐར་བྱེད་ཀྱི་ནི་ནུབ་ཀྱི་ཕྱོགསུ་ཆུ་ལྷ་དཀར་པོ་ཞལ་གཅིག་པ་གཉིས་པ་གཡས་པ་དང་གཡོན་པའི་ལག་དག་གིས་ཀླུའི་ཞགས་པ་འཆིང་བ་འཛིན་པ། རུས་སྦྲུལ་ལ་ཞོན་པའོ།། དེ་བཞིན ་དུ་བགེགས་མཐར་བྱེད་ཀྱི་ནི་ལུང་ངན་གྱི་ཕྱོགསུ་ལུང་དོན་སེར་པོ་མ་ལ་ཞོན་པོ་ཆེན་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་ཀྱི་ལག་པས་ནེའུ་ལེ་དང་གཡོན་གྱིས་ས་བོན་གྱི་གང་བ་ཅན་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ།། དེ་བཞིན ་དུ་མི་གཡོ་བའི་མེའི་ཕྱོགསུ་མེ་ལྷ་ཚོན་པོ།། དམར་པོ་འབར་བས་བརྒྱན་པ་དམར་པོ་ལག་པ་བཞི་པོ་གཡས་པས་མི་འཇིགས་པ་དང་བགྲང་ཕྲེང་འཕྱང་བ། གཡོན་པས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཆང་བ། ར་སྐྱེས་ཀྱི་སྟན ་ལོའོ།། དེ་བཞིན་དུ་འདོད་པའི་རྒྱལ་པོའི་བདེན་བྲལ་གྱི་ཕྱོགསུ་སྲིན་པོ་ནག་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཅེར་བུ་ཆ་ལུགས་ངན་པ། མཆེ་བ་གཙིགས་པའི་ཞལ་སྐྲ་གྲོལ་བ་གཡས་ན་གྲི་འཆང་བ། གཡོན་མཐོང་པ་འཚང་བ། གཡོན ་བརྐྱང་བསྭ་རོའི་སྟན་ལའོ།། དེ་བཞིན་དུ་དབྱུག་པ་སྔོན་པོའི་རླུང་གི་ཕྱོགསུ་རླུང་ལྷ་ལྗང་གུ་ཞལ་གཅིག་པ་ཕྱག་གཉིས་པ་རླུང་རས་འཆང་བ་རིན་པོ་ཆེའི་ཅོད་པན་ཙནུ་ཤྲ་བ་སེར་པོའི་སྟན་ལའོ།། དེ་བཞིན་དུ ་དེ་བཞིན་དུ་སྟོབས་པོ་ཆེའི་དབང་ལྡན་གྱི་ཕྱོགསུཾ་དབང་ཕྱུག་དཀུར་པོ་ཞྭ་ལོ་གཅིག་པ་ཕྱག་གི་ཉིས་པ་གཡོ་ས་ན་ཌཱ་མ་རུ་འཛིན་པ། གཡོན་ན་ཁ་ཊྭཱཾ་ག་འཛིན་པ། རལ་པ་རུས་པའི་ཕྲེང་བ་དང་རི་བོང་ཅན་གྱིས་བརྒྱན་པ་ཁྱུ་མཆོག་ལ་ཞོན ་པའོ།། དེ་བཞིན་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡི་སྟེང་དྲི་མེས་པོ་ཆེ་པོ་ཆེན་པོ།། ཞལ་བཞི་པ་ཕྱག་གཉིས་པ་གཡ་འ་དང་པོ་གཡོན་པའི་ཕྱག་དག་གིས་བགྲང་ཕྲེང་དང་དབྱུག་གུ་གསུམ་པ་འཛིན་པ། བོངས་ཐུང་བ་མཆོད་ཕྱིར་ཐོགས ་པ་ཅན་རལ་པས་བརྒྱན་པ་དང་པ་ལ་ཞོན་པ་དྲིའོ།། དེ་བཞིན་དུ་གནོད་མཛེས་རྒྱལ་པོའི་འོག་ཕྱོགས་སུ་སའི་ལྷ་མེ་ས་མཱ་ཞལྔ་གཅིག་པ་འདོམ་སྐྱེས་ལ་གནས།། གཡས་ནཱ་སོ་བིའི་སྐེམ་ཐོགས་པ་གཡོན་ན་བུམ་པ་ཐོགས་པ་རིན་པོ་ཆེའི ་ཅོད་པནྡ་ཅན་ནོ།། རྡོ་རྗེ་བདུད་རྩི་རྒྱལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་པོ་ངེས་པར་རྟོག་པོར་བྱེད་པ་ལ། དེ་ནས་བདུད་རྩི་འཁྱིལ་པ་བྱུང་སྦྱོར་སྐུ་ལཱཾ་པ་གཉིས་པ་བཞག་ནས་འོངས་ཏེ་ཕཱ་ནས་ཕུར་པ་བཅུའི་རྣམ་པར་བསྒོམ་པར་བྱའོ།། སྱཱཏྤ ་སྔོན་པོའི་འདབ་མ་སྔོ་ཞེས་བྱ་བ་ལ་སོགས་པ་ན་སོ།། ཞལ་གསུམ་ཕྱག་དྲུག་རྣམ་པ་ཞེས་བྱ་བའི་མཐར་ཐུགས་པ་རྩ་བསྙེད་ལསོ་བདུད་རྩི་འཁྱིལ་བའི་ཁྱད་པར་ཐམས་ཅད་གསལ་ལོ།། འོག་ཅེས་བྱ་བ་ལ་སོགས་པ་ལ་བགེགས་ཀྱི་གཙོ ་བཅུ་པོ་རྣམས་ཀྱི་སྤྱི་བོར་གདབ་ཅིང་ས་འོག་ཇི་སྲིད་པར་རྣམ་པར་བསམ་པར་བྱའོ།། རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི་ཞེས་བྱ་བ་ལ་སོགས་པ་ལ་གནོད་མཛེས་རྒྱལ་པོ་ལངས་ནས་གཤིན་རྗེ་གཤེད་ཀྱི་བྱིན་པའི་ཐོ་བས་སམ་ཡང་ན ་རང་གི་མཚན་མ་ངེས་པར་སྤྲུལ་པས། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་རྡུང་པོར་བསམ་པར་བྱའོ།། རྡུང་བར་བྱེད་པ་དང་དུས་མཚུངས་པ་རུ་རྡོ་རྗེའི་ཐོ་བ་དག་ལྔས་འཕྲོས་པའི་རྡོ་རྗེའི་མིས་དབང་པོ་ལ་སོགས་པའི ་འཁོར་རྣམས་ཀུན་ནས་འ་བྲོས་པ་འགྱུར་བར་རྣམ་པོར་བསམས་ཏེ། གདུག་པ་རྣམས་ཚིག་བཞིན་བླ་ཕན་ཚུན་དེ་དོད་དེའོ་ཞེས་བྱ་བོ་འདིས། ཕྱོགས་བཅུར་པུར་བུས་བཏབ་ནས་ནི།། དེ་ནས་སྟེང་འོག་བྱིན་གྱིས་བརླབ། ཅེས་བྱ་བ་ནི ་ཊཀྐི་ཧཱུཾ་ཛཿཞེས་པའི་ཡི་གེ་བཞི་ཡིས་ལྕགས་དང་ཆུ་དང་མེ་དང་རླུང་གྲི་ར་བ་བཞི་པོ་རིམ་པ་ཇི་ལྟ་བུ་བཞིན་དུ་གྲུ་བཞི་ལ་སོགས་པའི་དབྱེ་བས་ཕྱི་རོལ་ཏུ་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་བྷྲཱུཾ་ཡིག་གིས་རྡོ་རྗེའི་གུར་རོ།། ཡི་གེ ་གསུམ་གྱིས་གོ་ཆའོ།། ཧཱུཾ་ཡིག་གིས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆ་བསྒོམ་པར་བྱའོ།། དེའི་རྗེསུ་དོན་དམ་པར་སྟོང་པ་ཉིད་ཁོ་ན་དོན་དམ་པའི་སྲུང་བ་ཞེས་པ་འོད་གསལ་དུ་འཇུག་པ་ནི། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས ་པའི་ཚིག་སུ་བཅད་པའི་དོན་གྱིས་སོ།། བརྟན་པ་དང་གཡོ་བའི་དངོས་པོ་མེད་པ་ལ་སྒོམ་པར་བྱེད་པ་མེད་པས་སྒོམ་པ་མེད་པ་སྟེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ།། སྒོམ་པ་བསྒོམ་པ་ཉིད་མ་ཡིན་ཞེས་པ་ནི་གང་ཡོད་པ་དེ་ཡང ་སྒོམ་པ་མ་ཡིན་ཏེ། སྒོམ་པ་དང་བྲལ་དུ་ཟིན་ཡང་ཡོད་པ་ཉིད་ཀྱི་ཕྱིར་ཞེས་པའོ།། དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པར་མི་འགྱུར་རོ།། དེའི་ཕྱིར་བསྒོམ་པར་བྱ ་བ་དང་སྒོམ་པ་པོ་དང་། སྒོམ་པ་དམིགསུ་མེད་པའོ།། ཡང་ན་ཛིན་དམ་པའི་བདེན་པ་ལོ་སྒོམ་པ་མྱེད་བྱ་སྟེ་བཟོད་མནས་དག་པ་ཉིད་ཀྱི་ཕྱིར་རོ།། གང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་དུ་བསྒོམ་པ་དེ་ཡང་། བསྒོམ་པར་བྱ་བ ་མ་ཡིན་ཏེ་བདེན་པའི་ཕྱིར་རོ།། ཞེས་བྱ་བའི་རྣམ་པ་འདིས་བདེན་པ་གཉིས་ཀྱི་བདག་ཉིད་ཅནྡ་གྱི་དངོས་པོ་བསྒོམ་པར་བྱ་བར་མི་འགྱུར་ཏེ། བདོན་པ་གཉིས་གཉིས་སུ་མེད་པར་མཐོང་བ་ཙོམ་གྱིས་སྒྲོལ་བའི་ཕྱིར་རོ།། དེས་ན་སྒྲོམ་པོ་པོ ་དང་བསྒོམ་པ་དང་བསྒོམ་པར་བྱའོ།། ཞེས་འདི་རྣམས་ལ་མངོན་པར་ཞེན་བཟུང་འཇུག་གི་རིམ་པ་ལྷག་པར་རྟོགས་པོ་རྣམས་ལ་དམིག་སུ་མེད་དེ་ཡོད་པ་མ་ཡིན་ནོ།། འདིས་སྲུང་བའི་འཁོར་ལོ་ལ་སོགས་པའི་དངོས་པོ་རྣམས་ཐམས ་ཅད་སྟོང་པ་ཉིད་དུ་གསུངསོ།། དེ་ནས་སྔོན་གྱིས་སྨོན་ལམ་གྱི་ནུས་པ་ལས་ལྡང་བར་བྱེད་པའི་དོན་དུ་སོ་སོར་དང་པོར་སྲིད་པ་སྐྱེད་པའི་རིམ་པས་རྟེན་གྱིས་དཀྱིལ་འཁོར་བསྐྱེད་པར་བྱའོ།། རྣམ་བཞག་རིམ་པར་གསུང་བ་ཡང་། ་གནས་ནི་བསྐྱོད་པ་སྔོན་འགྲོ་བས།། རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ་ཞེས་སོ།། ལེ་སོ་ས་ནི་བྱིན་གྱིས་བརླབ་ཅེས་པ་ནི། སེམས་ཀྱིས་ས་གཞི་ཡེ་ཤེས་ཀྱི་སར་བྱིན་གྱིས་བརླབ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ།། ན་མཁའི ་དབྱིངས་ཀྱི་དབུས་གནས་པར།། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ལ་སོགས་པཱ་ལ། ས་བོན་ཧཱུ~ཾ་གཉིས་ཡཾ་གཉིས་ཀྱི་དབུས་ཆུད་པའི་ཡུ་མ་གོ།། དེ་ལ་ཡཾ་ཡིག་ཡོངསུ་གྱུར་པ་ལས་རླུང་གཱི་དཀྱི་ཁུ་འཁོར་རོ།། རྡོ་རྗེ་གཉིས་དང ་ཡོང་དག་ལྡན།། ཞེས་བྱ་བ་ནི་གཟུགས་དག་ཏུ་ཧཱུཾ་ཡིག་གཉིས་ལས་སྐྱེད་པའི་རྡོ་རྗེ་གཉིས་ཀྱིས་མཚན་མའོ།། དེ་བཞིན་དུ་གཞན་དུ་ཡང་དཀྱིལ་འཁོར་གསུམ་ལ་ཡང་མཁས་པོས་རིག་པར་བྱའོའོ།། དཀྱིལ་འཁོར་བཞི་བློ་ཡང་དག ་བསྡུས།། རྡོ་རྗེ་ས་རྒྱུའི་དཀྱིལ་འཁོར་ལ།། ཞེས་བ་ནི་དཀྱིལ་འཁོར་བཞི་པོ་ཡང་དག་པར་བསྡུས་ནས་རྡོ་རྗེའི་རང་བཞིན་གྱི་སའི་ཆར་བསམ་ཞིང་བསྒོམ་པའོ།། ཡང་ན་རླུང་ལྔ་སོགས་པའི་དཀྱིལ་འཁོར་བཞི་ལ་གནས་པའི་རྡོ་རྗེ་ཡོངསུ ་གྱུར་པས་སའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའོ་ཁ་ཅིག་ན་རེ། ནཱ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་བྲིའོ།། དེའི་དབུས་སྣ་ཚོགས་ཆུ་སྐྱེས་ཀྱི་ཟླ་འབྲུའི་སྟེང་དུ་ཡམ་ཡིག་ལ་སོགས་པ་ལས་སྐྱེས་པའི་རླུང་ལ་སོགས་པའི་དཀྱིལ ་འཁོར་ཡང་དག་པར་བསྡུས་ཏེ། སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆར་སྒོམ་པ་པོས་རྣམ་པར་སྒོམ་པར་བྱའོ་ཞེས་སོ།། དྭེར་ནི་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་སྣམ་བུའི་དབུསུ་བྷྲཱུཾ་ཡིག་ཁ་དོག་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང ་བཞིན། དེ་ཡོངསུ་གྱུར་པས་གྲུ་བཞི་ལ་སོགས་པའི་སྟོན་དང་ལྡན་པ།། གསལ་བ་སྒྱུ་མ་ལྟ་བུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་དང་ལྡན་པའི་ཁང་པ་བཻ་རྩེགས་པ་བརྟུལ་ཞུགས་ཅན་གྱི་ས་བསྒོམས་པར ་བྱའོ།། དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། གསལ་པ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱི་གྲོང་ཞེས་སོ།། འདིའི་དབུསུ་ས་བོན་དང་བྲལ་བས་སྐད་ཅིག་གི་བདག་ཉིད་ཞལ་གསུམ་པ་ལ ་སོགས་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་རྣམ་པ་རཱ་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་བས་ཡོངསུ་བསྐོར་བ་ཡང་བསམ་པར་བྱའོ།། ཞེས་པ་ནི་ལྷག་པར་མོས་པ་སྟེ་རྒྱུའི་དཀྱིལ་འཁོར་རོ།། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས། ཞེས་པ ་ལ་སོགས་པ་ནི་རྒྱུའི་དཀྱིལ་འཁོར་ལ་གནས་པའི་ལྕི་སུམ་ཅུ་སོ་གཉིས་ཀྱི་རང་བཞིན་རྣམཁ་སྦྱར་སྦྱོར་བ་ཡིས་ཏྭེ།། གཉིསུ་མེད་པོའི་སྦྱོར་བས་རང་གིས་ལུས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་གཞུག་པར་བྱའོ།། ཞེས་པའི་དོནྣ་ཏོ།། སླར་ཡང་དེ་རྣམ ་ལུས་སུ་གཏོགས་སངས་རྒྱས་རྣམས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྣམསུ་ཡང་དག་བསམ་སྟྭ~ཾ། རྣམ་པར་བསྒོམ་པོར་བྱའོ།། རིམ་པ་ཇི་བཞིན་ཏེ་གྲནྡྷས་ཇི་ལྟ་བར་དོན་དམ་པའི་འཁོར་ལོ་ཡིས་ཏེ།། དཀྱིལ་འཁོར་གྱི་འཁོར ་ལོ་ཞུ་བའི་གོ་རིམ་གྱིས་དྲི་བཞིན་ཉིད་ལ་སྟེ། འོད་གསལ་དུ་རོག་ཏུ་གཞུག་པར་བྱ་སྟེ། འཆད་པར་འགྱུར་བའི་གཟུགས་ཕུང་གཏོགས་པོ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་བསོ།། བསད་ནས་ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད ་ཀྱི་རང་བཞིན་གྱིས་རང་བཞིན་མེད་པོ་ཅད་བྱ་བའོ།། དེ་བཞིན་གཤེགས་པའི་སྟེ་དེ་བཞིན་གཤེགས་པ་འདི་དག་གོ།། དེ་ཅི་ཞེས་དེའི་ཚོགས་ཏེ་སྐུའི་དཀྱིལ་འཁོར་དུ་གཏོགས་པའི་ལྷའི་འཁོར་ལོ་ཞེས་མངོན་པར་དགོངསོ།། འདིས་རབ ་མཆོག་སྟེ་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ།། བློ་དང་ལྡན་པས་སོ་སོར་རྙེད་པར་འགྱུར་རོ།། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད།། ་རྟོགས་པ་མེ་ལོང་ནི་མེ་ཡོང་ཡིས་ཀྱི་རང་བཞིན་ནོ།། ས་ཁམས་ནི་སྲ་བ་ཉིད་ཀྱི་རང་བཞིན་སྤྱན་མའོ།། མིག་གི་དབང་པོ་ནི་སའི་སྙིང་པོའོ།། གཟུགས་ཀྱང་ནི་གཟུགས་རྡོ་རྗེའི།། ཁྲོ་བོ་ཡང་དག་ལྡན་ཁྲོ་བོའི་རིགས་དང་བཅས་པ་སྟེ། གཤིན་རྗེ་མཐར ་བྱེད་དང་མི་གཡོ་བ་དང་བཅས་པའོ།། བྱམས་པ་ཡང་ལྔ་པར་ཏཱི་རྣམ་པར་ཤེས་པའི་ཕུང་པོར་འགྱུརརོ།། དེ་ལྟར་ཚིག་སུ་བཅད་པའི་མཐར་ཐམས་ཅད་དུ་ཡང་རྣལ་འབྱོར་པས་བརྟག་པར་བྱའོ།། ཚོར་བ་ཞེས་བྱ་བ་ལ་སོགས་པ་ལ་ཚོར་བའི་ཕུང ་པཽ་ནཱི་རིན་ཆེན་འབྱུང་ལྡན་ནོ།། མཉམོ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངསུ་ཐོབ་པའོ།། ཆུ་ཁམས་ནི་གཤེར་བའི་རང་བཞིན་མཱ་མ་ཀཱིའོ།། རྣ་བོའི་དབང་པོ་ནི་ཕྱག་ན་རྡོ་རྗེའོ།། སྒྲ་ཡོང་སྟེ་སྒྲ་རྡོ་རྗེ་མའོ།། ཁྲོ་བོ་གཉིས་དང་ཡང་དག་ལྡན ་ནི་ཤེས་རབ་མཐར་བྱེད་དང་བཅས་པའོ།། འདུ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་མེད་དོ།། སོ་སོར་རྟོག་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡང་ངོ་།། བྱིན་ཟ་ནི་མེའི་ཁམས་ཀྱི་རང་བཞིན ་དཀར་མོའོ།། སྣའི་དབང་པོ་ནི་ནམ་མཁའི་སྙིང་པོའོ།། དྲི་ཡང་སྟེ་དྲི་རྡོ་རྗེ་མའོ།། ཁྲོ་བོ་གཉིས་དང་ཡང་དག་ལྡན་ནི་པདྨ་མཐར་བྱེད་དང་དབྱུག་པ་སྔོན་པོ་དང་བཅས་པའོ།། གཞན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་གཞན་དུ ་ག་པ་སས་ང་སྨྲ་ན་། སྣརུབ་ས་སས་མྦུ་དུ་ས་ནནན་དང་ཆུ་།། ག་དུ་དྷཱ་ན་ས་རྫུན ་ཡང་།། རྒྱུ་ནི་རླུང་གི་རང་བཞིན་སྒྲོལ་མའོ།། ལྕེའི་དབང་པོ་ནི་འཇིག་རྟེན་དབང་ཕྱཝ། རོ་ཡང་རྡོརྗེ་མའོ།། བློ་གཉིས་དང་ཡང་དག་ལྗིན་ནྡྲ་པགགས་མཐར་བྱེད་དང་སྟོབས་པ་མེད་ཀྱི་བཅས་པའོ།། བྱིན་ཚྭ་ནའི་མིང་ག་སྔོན་ན ་བྱཱབྱ་བ་ལ་སོགས་པ་ནི་གཙུག་ཏོར་ཅན་དང་གནོད་མཛེས་རྒྱལ་པོ་དག་དང་ཡང་དག་པར་ལྡན་པའོ།། རང་བཞིན་ནི་རེག་བྱ་རྡོ་རྗེ་མའོ།། སྣང་བའི་སྒྲས་སྒྲིབ་ཐམས་ཅད་རྣམ་པར་སྐྱེལ་བྱེ་དདྨ། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་རྣམས ་གཟུང་བར་བྱའོ།། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་རང་བཞིན་ཞེས་བྱས་ནས་རླུང་བཞིན་དང་བཅས་པ་རྣམ་ཤས་ཕྱུང་པོར་ཞུག་སྐྱེ་པ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའི་སྐུའི་ནང་དུ་ཆུད་པའོ།། རྣམ་ཤེས་ཡང་ནི་འོད ་གསལ་ལོའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ནི། མགོ་བོ་འམ་ནི་རྐང་པ་འམོ།། ཛཱི་སྦྲིད་སྙིང་གང་ཕྱིན་པཱའི་བར་ཞེས་པའི་རིམ་པ་འདིས་སྟོང་པ་ཉིད་ཀྱི་མཐར་ཐུག་པར་འགྱུ་རོ་ཞེས་པ་། འདིའི་རྣམྱ་གླེངས་སྟོན་པར་བྱེད་བླ ་མྱ་ངན་འདས་ཞེས་བྱ་བ་ལ་སོགས་པས་ནི་གོ་སླའོ།། དམན་པ་ནི་མི་བརྟན་ནོ་ཞེས་པའི་རིགས་པ་ལས་དེའི་ང་རྒྱལ་བསྟན་པར། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་ཞེས་བྱ་བ་ལ་སོགས་པས་བྱའོ།། འདི་ཉིད་ཀྱི་རང་གི་ངོ་བོ་སྟོན་པར་བྱེད་པོ་དོན ་དམ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་སོ།། འོད་གསལ་བར་ནི་མི་རབ་ཞུགས་པའི་ནི་རྣལ་འབྱོར་པ་འོད་གསྔལ་པ་ལྔ་དམིགས་པས་ཉོན་མོངས་པའི་དྲི་མུ་མཐའ་དག་རབ་ཏུ་བཀྲུས་ཏེ་དེའི་འོག་ཏུ། སྡང་བར ་ཡང་དག་རབ་བལྟ་བྱ།། སྔགས་ཀྱི་སྐུ་ཡི་རབ་སྦྱོར་གྱིས་ཞེས་པ་ལྔ་སོགས་པ་ནི་ཡི་གེ་གསུམ་གྱིས་སྟེགས་ཀྱིས་བསྐྱེད་ཅིང་། རྫོགས་པའི་སྐུ་དེའི་རབ་འབྱོར་ནི་རྡོ་རྗེ་བཞི་སྟེ།། འདིའི་དོན་ནི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ལ་ནི ་ས་བོན་བསྡུ།། གསུམ་པ་གཟུགས་ནི་རྫོགས་བ་སྟེ། བཞི་པ་ཡི་གེ་དགོད་པའོ།། འཆད་པར་འགྱུར་བའི་རིམ་པ་འདི་སཾ་གྷ་ལ་དམིགས་པ་སོ་སོར་རྟོགས་པ་སྦྲེལ་བར་བྱའོ།། ནམ་མཁའི་ཁམས་ནི་སེམས་ཉིད་འོད་གསལྔ་བ་སྟེ། ་དེའི་ཕྱིར་ཧཱུཾ་ཡིག་ཡོངསུ་གྱུར་པའི་ཐབས་ཀྱི་ངོ་བོ་ཉི་མའི་དཀྱིལ་འཁོར་རོ།། སླར་ཡང་སྔགས་པས་ཏེ་རྣལ་འབྱོར་པས་ངོའི་སྟེང་དུ་ཨོཾ་ཡིག་ཡོངསུ་གྱུར་པའི་ཟླ་བའི་གཟུགས་སོ།། དེར་ཏེ་ཟླ་བའི་གཟུགས་ཀྱི་དབུས་སུ། ཨཱཿཡིག ་ཡོངསུ་གྱུ་པའི་པདྨ་འདབ་མ་བརྒྱད་པ་དོག་དམར་པོའོ།། པདྨའི་ཟེ་འབྲུའི་སྟེང་དུ་སྟེང་ནས་སྟེང་དུ་འབྱུང་བའི་ཨོཾ་ཨཱཿཧཱུཾ་ཞེས་བཱིའི་ཡི་གེ་གསུམ་རྣམ་པར་བསམ་ནས། འདིའི་བར་མཆོད་པར་ཉི་མ་ལ་སོགས་པ་ཡོངསུ་གྱུར་པས ་ཟླ་བའི་དཀྱིལ་འཁོར་ཡོངསུ་རྫོགས་པ་སེམས་ཙམ་མཆོག་ཏུ་གསལ་བ་ཤེས་རབ་སྣང་བའི་རང་བཞིན་བསྒོམ་པར་བྱ་སྟེ་དམན་པའི་སྒོ་བ་པོའོ།། དེ་ཉིད་དུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ནང་དུ་ཆུད་ནས་རང་གི་སེམས་ཀྱི ་རིན་པོ་ཆེ། ཨོཾ་དྷརྨྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བརྟན་པར་བྱའོ།། དེ་བཞིན་དུ་ཡང་གསུངས་པ། ཡེ་ཤེས་ཙཱམྦ་ལ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་པ་མངོན་བརྗོད་བྱ་ཞེས་ཏེ་རྣལ་འབྱོར་རོ།། ་སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི། རྣལའི་བྱོར་པཱ་ཡོ་ཟླ་བའི་དབུསུ་སྟེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་རྣམ་པར་བསམ་པར་བྱའོ།། ཡི་གེ་གསུམ་ཡོངསུ་གྱུར་པ་ལས་ཡོང་དག་པར་སྐྱེས་པའི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ ་སྟོན་པར་བྱེད་པོའི་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པའོ།། རྡོ་རྗེའི་སྟེང་དུ་སླར་ཡང་ཡི་གེ་གསུམ་ཐབས་ཀྱི་ཡེ་ཤེས་ཀུན་ཏུ་སྣང་བ་སྣང་བ་མཆེད་པའི་རང་གི་ངོ་བོའོ།། ཤེས་རབ་ཐོབསུ་མཉམ་སྦྱོར་ལས།། ལྷ་ཡི་གཟུགས་འབྱུང་བར་འགྱུར།། ཞེས ་དགོངས་པོ་བླ་ན་མེད་པའི་རིགས་པས། ཡེ་ཤེས་གཉིས་པོ་འདི་དག་ཡོངསུ་གྱུར་པས། ཀུན་དུ་ཟླ་བ་དཀར་དང་མཚུངས་ཏེ་ལོང་སྤྱོད་རྫོགས་པའི་སྐུ་སྣང་བ་ཉེ་བར་ཐོབ་པ་སྟེ། ཕྱག་གཉིས་པ་ཞལ་གཅིག་པ་དང་པོའི་མགོན་པོར་བདག་ཉིད ་རྣམ་པར་བསམ་པར་བྱའོ།། དེ་ཁོ་ན་ཉིད་གྲུབ་པར་ཀླུའི་བློའི་ཞབས་ཀྱི་གསུངས་པ་ཡང་། ཇི་ལྟར་འདོད་པའི་ཕྱོགས་གནས་ཏོ།། སྐད་ཅིག་ཉིད་ལོ་ལྷ་བཟང་པོ།། ཞལ་གཅིག་ཕྱག་ནི་གཉིས་པར་ནི།། ལྷ་འདི་བསྒོམ་པར་བྱ་བ་ཡིན་ཞེས།། ་དེ་བཞིན་དུ་གལ་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་གཙོ་བོ་ཉིད་ཀྱི་སྒོམ་པར་འདོད་ན་དེའི་ཚེ་དེ་རྣམས་ཡི་གེ་གསུམ་ཡོངསུ་གྱུར་པ་ལས་འཁོར་ལོ་ལ་སོགས་པ་དང་།། དེ་ལས་རྡོ་རྗེ་འཆང་ཆེན་པོའི་གཟུགསུ་བསྒོམ་པར་བྱའོ།། ་ཞེས་པ་རྗེ་སུ་རྣལ་འབྱོར་རོ།། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཉིས་པོ་གང་ཡིན་པའི་རྣམ་པར་བཤད་པ། དགོད་པའི་དེ་མ་ཐག་ཏུ་བལྟ་བར་བྱ་སྟེ། དགོད་པ་བྱ་བཞིན་པ་ནི་དང་པོའི་མགོན་པོ་ནི། སྤྲུལ་པའི་སྒྱུ་འཛིན། ་དོན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆོད་རྣམས་རྗེ་སྤྲོ་ཞུགས་པར་བྱའོ།། དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ། སྐྱེས་བུ་ཆེན་པོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔགས་ཀྱིས་བྱིན་གྱིས་བརླབསོ།། དེ་མ་ཐག་ཏུ་བྱིན་གྱིས ་བརླབས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་གསུམ་པོ་ལྟ་བུར་མཐོང་བར་གྱུར་ཏོ་ཞེས་སོ།། སླར་ཡང་གསུངས་པ་ཡང་། ཇི་ལྟར་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ།། དེ་ཡི ་སྐུ་ལ་ཤར་རུས་ཁྲག་མེད་ཀྱང་།། སེམས་ཅན་ཕན་ཆེད་ཁམས་ནི་རབ་འཇུག་བྱེད།། སྤྲུལ་པའི་སྐུ་ཡིས་མཛད་པ་མཛད་པར་བྱེད་ཅིས་སོ།། དེ་ནས་དགོད་པ་ཡང་དག་བྱ།། ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་སོགས། གནོད་མཛྲེ ་ཀྱི་མཐུར་ཐུགས་ཅེས་པ་སྟེ།། ས་བོན་དགོད་པ་ནི་གནས་ཇི་ལྟ་བར་སྟོང་པར་ཁོང་དུ་ཆུད་པར་བྱའོ།། ས་བོན་གྱི་གནས་ལ་སོགས་པ་ནི་རྩ་བ་གཉིས་ལས་གསལ་ལོ།། འོན་ཀྱང་ཁྱད་པར་ཡོད་པ་ནི། གཏི་མུག་དགའ་མ་ལ་སོགས་པ ་རྣམས་ཀྱི་དགོད་པ་ལ། ལཱཾ་མཱཾ་པཱཾ་ཏཱཾ་ངོ་།། ཡུལ་གྱི་ལྷ་མོ་རྣམས་ཀྱི་ཡང་ཛཿཧཱུཾ་བཾ་ཧོཿཞེས་པ་ས་བོན་གྱི་ཡི་གེར་ཁ་ཅིག་ཡང་འབྲི་བར་བྱེད།། བཤད་པ་འདི་ནི་བསམ་པར་བྱ་སྟེ། གང་ལས་ན་རང་གི་མིང་གི་ཡི་གེ་ཉིད་ས་བོན་དུ། རྩ་བའི ་རྒྱུད་དུ་མཐོང་བ་ཉིད་ཀྱི་ཕྱིར་རོ།། དེས་ན་མོ་ཧ་རཱ་ཏི་ལ་སོགས་པའི་སྔགས་ས་བོན་དུ་གྱུར་པ་རྒྱུད་དུ་ཉེ་བར་བསྟན་པའི་ཕྱིར། ས་ལ་སོགས་པའི་རང་བཞིན་ལ་དགོད་དོ་ཞེས་སོ།། དེ་བཞིན་དུ་ཡུལ་གཟུགས་རྣམ ་པ་གསུམ་ལ་སོགས་པ་རྣམས་ཀྱང་གཟུགས་རྡོ་རྗེ་མ་ལ་སོགས་པའོ་ཞེས་སོ།། འདི་རྣམས་འདི་རྭ་ཉེ་བར་བླངས་པ་མེད་པའི་ཕྱིར་ཅི་ལྟར་དགོད་ཅེས་འདྲི་ན། བདེན་ཏེ་སྒྲུབ་པ་ཆེན་པོར། ས་སྙིང་ལ་སོགས་རྣམས་ཀྱིས་ཤེས་པ་ལ་སོགས ་པས་གསལ་བར་འགྱུརོ་ཞེས་ཕྱི་མར་རོ།། ད་ནི་མི་བསྐྱོད་པ་རྗེསུ་ཞུགས། སྔར་གསུངས་པའི་ཚིགསུ་བཅད་པ་གཉིས་ཀྱིས་ལྷན་ཅིག་སྦྲེལ་ལོ།། དེ་ནས་དགོད་པ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལ་སོགས་ཇི་བཞིན་རིམ། ཞེས་པའི ་མཐར་ཐུག་པའི་གཞུང་མཐར་གྱིས་ཐམས་ཅད་བདག་གིས་རྣམ་པར་བཤད་དོ།། འདིས་སྐུའི་དཀྱིལ་འཁོར་རྫོགས་པར་འགྱུར་ཅེས་ཏེ་ཤིན་ཏུ་རྣལ་འབྱོར་རོ།། ། ད་ནི་རྣལ་འབྱོར་ཆེན་པོ་བསྟན་པར་འདོད་ནས། སྤྱི་བོའི ་དབུས་སུ་གནས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་པོ་རབ་ཏུ་སྦྱོར་བ་ཡི་ཞེས་བྱ་བ་ནི་བཤད་མ་ཐུག་པ་ལས་སྤྱི་བོའི་དབུམ་གནས་པའི་ཟླ་བའི་དཀྱིལ་འཁོར།། དེའི་སྟེང་དུ་ཨོཾ་ཡིག་དེ་ལས་སྤྱན་མ་རྣམ་པ་སྣ་ཚོགས་པ ་དང་། སྐུའི་རྡོ་རྗེ་བསམ་པར་བྱའོ་ཞེས་སྦྲེལ་ལོ།། དེ་དབུས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱི་དབུས་བདག་པོ་སྟེ་གཙོ་བོ་གཅིག་ཏུ་གྱུར་པ་བསམ་པར་བྱའོ།། ཞེས་པ་ནི་གོ་སླའོ།། སངས་རྒྱས་སྐུ་འཆང ་པ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམསོ།། དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེདའོ་ཞེས་པས་སངས་རྒྱས་སྐུ་འཆང་བ། དཔལ་ནི་སྤྱན་མ་སྟེ་དེ་གང་ལ་ཡོད་དེ་ནི་དཔལ ་ལྡནྡ་ནོ།། རྡོ་རྗེ་གསུམ་རྡོ་རྗེ་འཆང་ཆེན་པོའོ།། དེས་དབྱེ་མི་ཕྱེད་པ་ཉིད་ཀྱི་བདག་ཉིད་གཅིག་ཏུ་གྱུར་པའོ།། བདག་ལ་སྟེ་བདག་གི་ལུས་ལ་བྱིན་གྱིས་བརླབས་ཀྱིས་གནས་ཏེ་སོ་སོར་གནས་པར་མཛད་དུ་གསོལ།། སྐུའི་རྡོ་རྗེ་ཅན་ཞེས་པ་ནི་དང ་པོའི་གཅིག་གི་ཚིག་གི་དོན་ལ་མང་པོའི་ཚིག་ནི་ལུང་ཡིན་ནོ་ལུང་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གཞན་དུ་ཡང་ཚིགསུ་བཅད་པ་གཉིས་ལ་ཤེས་པར་བྱའོ་ཞེས་སོ།། ཕྱོགས་བཅུར་ཞེས་པའི་ཚིག་སུ་བཅད་པ་འདིས།། རྣམ་པར་སྣང་མཛད ་ཀྱི་ཚོགས་མཐའ་དག་ལ་སྒོམ་པ་པོས་གསོལ་བ་གདབ་པར་བྱའོ།། དེ་བཞིན་དུ་འཆད་པར་འགྱུར་བའི་གསུང་ཐུགས་དག་ལ་ཡང་སྟེ། ལྷག་མ་ནི་སྔོར་བཞིན་ནོ།། སྤྱན་མ་ཞེས་བྱ་བ་ལ་སོགས་པ་ནི་གསོལ་བ་བཏབ་མ་ཐག་ཏུ་ལྷའི་ཚོགས ་གཉིས་ཕན་ཚུན་སྙོམས་པར་ཞུགས་པ་སྔོན་མ་ཅན་གྱི་མཆོག་ཏུ་དགའ་བའི་བདེ་བ་ཉམསུ་མྱོང་བས་ཁུ་བ་དཀར་པོའི་རང་བཞིན་གྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་ནས། འདོད་པ་མཐའ་དག་རྫོགས་ཤིང་དཀྱི ་བར་གྱུར་པར་རྣམ་པར་བསམ་པར་བྱའོ།། སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནས། ཨོཾ་ཞེས་པའི་མཐར་ཐུག་པ་གཉིས་སུ་མེད་པའི་ང་རྒྱལ་བརྟན་པར་བྱའོ།། ཞེས་པ་ནི་བསྡུས་པའི་དོན་ཏོ།། དེ་བཞིན་དུ་གསུང་དང་ཐུགས་བྱིན་གྱིས་བརླབ ་པ་དག་ལ་རིམ་པ་ཇི་ལྟ་བར་དམར་པོ་དང་ནག་པོའི་ཁུ་བའི་རང་བཞིན་གྱིས་གནས་ཇི་ལྟ་བུར་རབ་ཏུ་ཞུགས་པར་རྟོགས་པར་བྱའོ།། ལྕེའི་ཆུ་སྐྱེས་ཤེས་པ་ལ་སོགས་པ་ནི་རྩ་བ་ཉིད་ལས་གསལ་ལོ།། ཆོས་ཤེས ་བྱ་བ་ལ་སོགས་པ་ལ་ཆོས་ནི་འོད་དཔག་མེད་དོ།། གསུང་ལམ་ནི་གསུང་གིབཞིན་ཉིད་ཀྱི་ཕྱིར།། ། དཔལ་ནི་གོས་དཀར་མེ་ནི་དེ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔྲལ་ལྡན་ནོ།། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། རྡོ་རྗེ ་ཆོས་གང་ཉིད་ཅེས་བྱ་བ་ལ་སོགས་པ་ལ། གང་ཞེས་པ་ནི་གང་ཞིག་ཅེས་ཐོབ་པ་ལ་ཚིག་ཚིག་མོ་ཡིན་པའོ།། ཅི་འདྲ་བ་ངེས་པར་བརྗོད་པ་ནི་ངེས་པའི་ཚིག་སྟེ། དེའི་ཕུན་སུམ་ཚོགས་པའི་རྒྱུན་གང་ཡིན་པ་ནི་ངེས་ཚིགས་ཕུན་སུམ་ཚོགས ་པ་སྟེ། ངེས་ཚིག་སྨོས་པ་ཉེ་བར་མཚོན་པ་དེས་ཆོས་དང་དོན་དང་སྤོབས་པ་རྣམས་ཀྱང་བཟུང་ངོ་།། བདག་གི་ཚིགས་ཀྱང་དེ་འདྲ་ཞིང་ནི་དེ་དང་འདྲུ་བའི་གསུང་ངོ་།། ཆོས་འཛིན་པ་དང་འདྲ་བ་ཞེས་པ་ནི་ཆོས་འཛིན་པ་ལྟ་བུར་ཤོག་ནི་གྱུར ་ཅིག་གོ།། འདིས་སྒྲ་མ་ལུས་པ་རྣམས་བརྗོད་པར་བྱེད་པས་ཕུན་སུམ་ཚོགས་པ་ཞེས་བསྟན་ནོ།། སྙིང་གར་དགོད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེར་ནི་ཞེས་པ་ནི་རི་བོད་ཅན་གྱི་གཟུགས་ལས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཟེ་འབྲུར ་སླར་ཡང་ས་བོན་འོད་ཟེར་ལྔ་དང་ལྡན་པ་ཞེས་པོ་མན་ངག་གོ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་གོ་སླའོ།། རྡོ་རྗེ་ཐུགས་འཆང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་ཐུག་ནི་རྡོ་རྗེའི་ཐུགས་ཏེ་འཁོར་བ་དང་། མྱ་ངན་ལས ་འདས་པ་དག་ཏུ་མ་འདྲེས་པ་ཉིད་ཀྱི་ཕྱིར་དེ་ལྟ་བུར་གྱུར་པའི་ཐུགས་འཆང་བར་བྱེའོ་ཞེས་པས་རྡོ་རྗེ་ཐུགས་འཆང་སྟེ་མི་སྐྱོད་པའོ།། མཱ་མཱ་ཀཱི་དད་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་དཔལ་ལྡན་ནོ།། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ ་བཞིན་ནོ།། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན།། གསང་བ་པའི་དབང་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ནི་གིཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་སྒྲོགས་པར་བྱེད།། སྟོན་པར་བྱེད་དོ་ཞེས་པས་གསང་པོ་པ་སྟེ་རྣམ་པར་སྣང་མཇེད ་ལ་སོགས་པ་རྣམསོ།། དབང་པོར་བྱེད་དོ་ཞེས་པས་དབང་པོ་སྟེ་གསང་བ་པ་རྣམས་ཀྱི་དབང་པོ།། དེ་ཁོ་ན་ཉིད་སྟོན་པ་པོ་རྣམས་ཀྱི་གཙོ་བོར་གྱུར་པ་ཞེས་པའི་དོན་ཏོ་བློ་ལྗོན་པ་ནི་རླིག་བྱ་རྡོ་རྗེ་མའོ།། དེ་གང་ལ་ཡོད་པ་དེའི་བློ་ལྡན་ཏེ་རྣམ་པ ་འདི་ལྟ་བུའི་མི་བསྐྱོད་པའི་ཐུགས་གང་ཡིན་པའོ།། བདག་གི་སེམས་ཀྱང་དེ་འདྲ་ཞིང་།། རྡོ་རྗེ་འཛིན་དང་མཚུངས་པར་ཤོག་ནི་རྡོ་རྗེ་འཆང་ལྟ་བུ་ཡིའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙི་ཏཽ་ཞེས་བྱ་བ་ལ་སོགས་པ་ནས།། དམ་ཚིག་སེམས ་དཔའ་བསམ་པར་བྱ་ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་སླར་བར་བཤད་དོ།། སྙིང་གའི་དབུས་གནས་ཕྲ་མོ་ཡིས།། ཡེ་ཤེས་སེམས་དཔའ་རྣམ་བསྒོམ་བྱེ་བ་ལ་སོགས་པ་ལ། སྙིང་གའི་དབུས་གནས་པའི་སྟེ་རྫོགས ་པ་དམ་ཚིག་སེམས་དཔའི་ཐུགས་ཀར་ཕྲ་མོ་སྟེ་ནས་འབྲུའི་ཚད་ཙམ་ཁ་དོག་དམར་པོ་ཕྱག་གཉིས་པ་ཞལ་ཅིག་པ་རང་སྣང་གི་ཤེས་རབ་མའཁྱུད་པ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་གདན་ལ ་ཡེ་ཤེས་སེམས་དཔའ་བསྒོམས་ནས་དེའི་ཐུགས་ཀར་དགོད་ཅེས་པ་ནི་དེའི་སྙིང་ཀུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྐྱེས་པའི།། རྡོ་རྗེ་ལ་ནི་ཧཱུཾ་གྲི་ཡི་གེ་ཨོཾ་ཡིག་ལ་སོགས་པས་ཡོངསུ ་བསྐོར་བ་ཏི་ངེ་འཛིན་སེམས་དཔའི་མིང་ཅན་བསྒོམ་པར་བྱའོ།། དེ་བཞིན་དེ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་ཨོཾ་ཡིག་ལི་སོགས་པ་ལས་སྐྱེས་པ་རང་གི་སྟན་གྱི་སྟེང་དུ་ཨོཾ་ཡིག་ལ་སོགས་པ་ལས་སྐྱེས ་པ་རང་གི་མཚན་མའི་དབུསུ་ཨོཾ་ཡིག་ལ་སོགས་པ་ཡང་བསམ་པར་བྱའོ་ཞེས་པའོ།། དེའི་རྗེས་སུ་སླར་ཡང་དབུ་རྒྱན་ལོ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་པ་ཕྱག་གཉིས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མྱ་ད་།། ་ལྷན་ཅིག་ཁ་སྦྱོར་གྱི་བྷྱོ་བྱ་ཆུབ་ཀྱི་སེམས་འཛག་པའི་རྒྱུན་རྣམས་ཀྱིས་ལུས་ཐམས་ཅད་ཚིམ་པར་བྱེད་པར་བསམ་པར་བྱའོ།། ཞེས་པ་ནི་མན་ངག་གོ།། རྣལ་འབྱོར་ཆེན་པོ་སྟེ་འོདས་རང་གི་དོན་ཕུན་སུམ་ཚོགས་པ་མངོན་པར ་བརྗོད་དོ།། ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུད་དུ་ཕྱག་རྒྱ་སྒྲུབ་པ་བརྣམ་པར་བྱ་སྟེ། བུ་མི་རྙེད་ནས་ཞེས་བྱ་བ་ལྱ་སོགས་པ་ལ། འདོད་པར་བྱ་བའི་གཟུགས་ཉིད་ཀྱི་ཕྱིར་བུ་མོ།། ཡངས་པ་བདེན་པ་གཉིས་ཀྱི་བདག ་ཉིད་ཅན་གྱི་མིག་སྟེ། ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིགོ་ཡོངསས་སོ།། འདི་ཉིད་ཉིད་ཀྱི་ཁྱད་པར་གཟུགས་དང་ལང་ཆོས་བརྒྱན།། སྔོ་བསངས་ཨུཏྤལ་སྔོན་པོའི་འདབ་ཅེ་སོ།། བཙོ་བླག་མཁན་ནི་ཞེས་པ་ནི་ཆོས་ཀྱི་སྦྱིན་པ ་གདུལ་བྱའི་དཀྱིལ་འཁོར་བ་རྣམས་ལ་མི་བསྐྱོད་པའི་རང་གི་རིགས་ཀྱི་ཡན་ལག་ཅན་མས་རྗེ་སུ་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ།། ལེགས་པར་བསླངས་པ་ནི་སྐལ་ལྡན་མཱིའོ།། དེ་ཉིད་ཀྱི་ཕྱིར་སྒྲུབ་པ་པོ་ལ་གུས་ཏེ་མཉེས་གཤིན་པའོ།། ་དེ་ལྟར་ཁྱད་པར་དུ་འཕགས་པའི་ཕྱི་རོལ་གྱི་ལུས་ཅན་མ་བླངས་པ་སྟེ། ཡང་དག་པར་བཟུང་ནས་མདུན་དུ་བཞག་སྟེ། དེའི་ཐ་མལ་པའི་དངོས་པོ་གསལ་ནས་འཆད་པར་འགྱུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འདྲ་བར་ཞལ་གཅིག་པ་ཕྱག ་གཉིས་པོ་སྐུ་མདོག་དཀར་མོར་རྣམ་པར་བསྒོམ་པར་བྱའོ།། ཡེ་ཤེས་ཀྱི་ཡན་ལག་ཅན་མ་ཉིད།། དེ་འདྲ་བ་ནི། སྙིང་ལ་གནས་པའི་ལྷ་མོ་ཆེ།། རྣལ་འབྱོར་པའི་རྣལ་འབྱོར་འབེབས།། སངས་རྒྱས་ཀུན་གྱི་སྐྱེད་མཇེད་མ། རྡོ་རྗེ་དབྱིངས་ཀྱི་དབངོ་མོ ་བཤད་ཅེས་སོ།། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་མ་ངེས་པར་བསམས་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སྩོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྲ་བོན་ཨོཾ་ཡི་ག་ལ་སོགས་པ་དགོད་པར་བྱའོ།། ་འདིར་ནི་ཁྱད་པར་ཡོད་དེ་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་ཁྲོ་བོའི་རྒྱལ་མོ་རྣམས་རྣམ་པར་དགོད་པར་བྱའི།། རེག་བྱི་རྡོ་རྗེ་མཱ་ལི་རྗེསུ་ཞུགས་པས་བདག་ཉིད་ཀྱི་གཟུགས་ཀྱི་ཕྱག་རྒྱར་བསྒོམས་ནས་རྡོ་རྗེ་པདྨ ་འདུ་བྱ་བ་སྔོན་དུ་འགྲོ་བས་རྗེས་ཆགས་པའི་ང་རྒྱལ་གྱིས། འཁྱུད་པ་དང་འོ་བྱ་བ་ལ་སོས་པ་བྱས་ནས་ཧཱུཾ་ཡིག་བརྗོད་ཅིང་། མཆོག་གི་རྣལ་འབྱོར་པ་འོད་དཔག་མེད་ཀྱི་སྦྱོར་བས་བཙུན་མོའི་ལས་ལ་གནས་པར་འགྱུར།། དེ་ནས་སྣང་བ་ལ ་སོགས་པ་ཡེ་ཤེས་གསུམ་པོ་གསལ་བར་ཉམ་སུ་མྱོང་བས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཡང་དག་པར་བསྐུལ་ཏེ་བདེ་བ་ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་འཛག་པའི་གནས་སྐབས ་རྡོ་རྗེའི་ཁའི་བུ་གར་ཕཊ། ཡིག་སེར་པོའི་སྤ་ཀྱིས་བྱ་ཆུ་ཀྱིསཿཔདྨའི་དབུས་ཕྱུང་སྟེ། དེ་མ་ཐག་དོན་ཡོད་གྲུབ་པའི་ང་རྒྱལ་གྱིས་རང་གི་ལུས་ལ་གན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཆོད་པར་བྱ་སྟེ། ན་མཁའ ་ལྡིང་གི་ཕྱག་རྒྱུས་སོ།། རྒྱུད་གཞན་དུ་ཡང་གསུངས་པ། བདུད་རྩི་ཡིས་བླངས་ནས་ནི།། གཙང་མའི་མཆེད་དུ་སྟོབས་ཀྱི་ཡང་ཞེས་སོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ནི་རྩ་བ་ཉིད་ལས་གོ་སླའོ།། འདིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ་ཨཱཾ་ཡིག་སྤྱི་བོར་བྱསམ་པར་བྱ།། ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཛ་ཞེས་བྱ་བའི་མཐུར་ཐུག་པ་ཙ་པཱའི་གཞུང་གི་གོ་རིམ་གྱིས་བདག་གི་ཐམས་ཅད་རྣམ་པར་བཤད་དོ།། འདིས་དགའ་བ་དང་བདེ་བའི་མཐར་ཐུག་པས ་ཏིངེ་འཛིན་རྒྱལ་པོ་མཆོག་ཅེས་བྱ་བ་དང་པོའི་ཏིངངེ་འཛིན་ཏོ།། ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་སྲིད་པ་སྐྱེས་པའི་རིམ་པས་སྒོམ་པ་པོས་དཀྱིལྕི་འཁོར་ལོ་ཡང་དག་པར་དབྱུང་བར་བྱའོ།། ཅི་ལྟར་ཇི་སྙེད་ཉིད་ལུས་ལ ་དགོད་པ་དེ་སྐྱོང་ཕྱུང་བས་བསྒོམ་པོར་བྱའོ་ཞེས་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བར་བཤད་པ་ཉིད་ཀྱི་ཕྱིར།། རང་སྔགས་ཡི་གེ་ལོས་རྫོགས་པ།། ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་ཤེས་རབ་ཀྱི་པདྨའི་དབུསུ་ས་བོན་སུམ་ཅུ་སོ་གཉིས་ཀྱི་བདག ་ཉིད་ཅན། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཧཱུཾ་ཡིག་ལ་སོགས་པ་བལྟས་ནས་དེ་ནས་རང་གི་སྔགས་ཀྱི་ཡི་གེ་ཧཱུཾ་ཡིག་དེས་རྫོགས་པའོ།། རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག་ཅེས་པ་ནི་བདག་གི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ ་ནི་རྡོ་རྗེ་གསུམ་གྱི་བདག་ཉིད་ཞེ་སྡང་རྡོ་རྗེའི་གཟུ་གསུ་མངལ་དུ་བསྐྱེད་པར་བྱ་སྟེ་ཐུགས་རྡོ་རྗེའོ།། ཡང་ན་ཡེ་ཤེས་ཡན་ལག་ཅན་མའི་ཕྱོགས་ལ་ནི་དངོས་སུ་བྱང་ཆུབ་ཀྱི་སེམས་བྱིན་པ་ཉིད་ཡང་དག་པར་འབྱུང་བ་མ་ཡིན་ནོ་ཞེས་བྱས་ནས ་སྔགས་ཅིག་པུས་སྤྲུལ་པ་ཉིད་ཀྱི་ལྷ་སུམ་ཅུ་སོ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པས་རྫོགས་པར་བྱའོ།། རྣམ་པར་བཞག་པར་གསུངས་པ་ཡང་བྱང་ཆུབ་ཀྱི་སེམས་སམ། སྔགས་ཅིག་པུས་སྤྲུལ་པ་ལས་ཤེསོ།། འདིར་གསུང ་བཱ་ཡང་། སྒྲ་ཐ་དད་མ་ཡིན་པའི་རིམ་པ་ལའོ།། བཛྲ་དྷྲིཀ་སྔགས་ལས་རྫོགས་པ་ཡི་ཞེས་བྱ་བ་ལ་སོགས་པོ་ལ།། མངོན་པར་བྱང་ཆུབ་པ། རྣམ་པ་ལྔ་སྟོན་པར་བྱེད་པའི་རྡོ་རྗེ་འཆང་བར་བྱེད་པས་བཛྲ་དྷྲྀཀ་གོ་ཡང་ན་བདེན་པ་གཉིས་ཀྱི་བདག ་ཉིད་ཅན་གྱི་རྡོ་རྗེའི་ཡེ་ཤེས་འཛིན་པར་བྱེད་དོ།། ཞེས་པས་བཛྲ་དྷིཀ་སྟེ་འབྱིན་པའི་སྔགས་ནི། སྔགས་ཉིད་མཚོན་པར་བྱའོ།། དེས་རྫོགས་པའོ་ཞེས་པའོ།། གང་ལས་ན་ཐོག་མར་ཤེས་རབ་ཀྱི་པདྨ་རང་གི་སྔགས་ཀྱི་ཡི་གེ་མི་བསྐྱོད་རྡོ། ་ཅན་དུ་རྫོགས་པའི་གཟུགས་གང་ཡིན་པོ་དེ་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པས་སླར་ཡང་རྫོགས་པའོ།། ཞེས་གསོལ་ལོ།། དེའི་འོག་ཏུ་འཆད་པར་འགྱུར་བའི་ཐུགས་ཀ་ནས་དེ། ལྷ་མོའི་མངལ་ནས་བཤད་མ་ཐག་པོའི ་ཕྱི་རོལ་ཏུ་དབྱུང་བར་བྱའོ་ཞེས་སྦྲེལ་ལོ།། དེ་བཞིན་དུ་འཆད་པར་འགྱུར་བའི། ཛི་ན་ཛི་ཀ་སྔག་ལ་རྫོགས་པ། ཞེས་བྱ་བ་ལ་སོགས་པ་རྣམས་པ་ཤུད་པ་འདིའི་རིམ་པ་མཁས་པས་རྣམ་པར་ཤེས་པར་བྱའོ།། ཁ་ཅིག་རང་སྔགས ་ཡི་གེ་བཛྲ་དྷྲི་ཀཽ་ལ་སྩོགས་པའི་སྔགས་ཏེ། དེས་མི་བསྐྱོད་པ་ལ་སོགས་པ་རྣམས་རྫོགས་པར་འགྱུརརོ།། ཞེས་གང་འབྲི་བར་བྱེད་པ་དེ་བསམ་པར་བྱའོ།། ཅིའི་ཕྱིར་ན་རེག་ཤིག་རྣམ་པར་བཞག་པ་ལས་བཛྲ་དྷིཀྲྀ་ལ་སོགས་པའི་སྔགས ་འབྱིན་པའི་སྔགས་ཀྱིས་རྣམ་པར་གཞག་པ་གསུངས་པ་ཞེས་ཀླུའི་བློའི་ཞབས་ཀྱིས་བསྟན་པ་ཉིད་ཀྱི་ཕྱིར་རོ།། ཡང་ན་འདི་ཉིད་དོ།། མོ་བྷྲཱུཾ་ས་བོན་ལོས་རྫོགས་པ། བྱམས་པ་སའི་སྙིང་པོ་དག་ཅེས་གསུངས་པའི་ཕྱིར་རོ་ཞེས་སེམསོ།། མི ་བསྐྱོད་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པའི་ཞེ་སྡང་རྡོ་རྗེ་ཅན་ནོ།། རལ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས་ཤེས་པ་ནི་ཚིག་འདིའི་ལྐོག་མ་མེད་པར་བདག་ཅག་གི་བཤད་པ་ནི་འཚོད་པར་འགྱུར་བའི་ཡེ་ཤེས ་འཁོར་ལོའི་དེ་མ་ཐག་ཏུ་བྱེད་པར་འགྱུར་བ་བདག་གིས་འདིར་མ་བཤད་དེ་རང་བཞིན་མེད་པ་ཉིད་ཀྱི་ཕྱིརརོ།། མི་བདག་འཁྱིལ་པ་ལྟ་བུ་ཞེས་པ་ནི་མུ་མེནྡ་ལྟ་བུའོ།། གནག་དང་དམར་དང་དཀར་བྲིའི་ཞལ་ཞེས་པ་ནི།། ཇི་ལྟར་རིགས་པས ་སྐུ་གསུམ་རྣམ་པར་དག་པོའི་དྲག་པོ་དང་འདོད་ཆགས་ཆེན་པོའི་ཞལ་གསུམ་རྣམ་པར་མཛེས་པའི།། རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། ཤེས་པ་ནི་འཁོར་ལོས་སྒྱུར་བའི་ཆ་བྱད་འཆང་ཉིད་ཀྱི་ཕྱིརརོ།། ཕྱག་དྲུག་ཅེས་པ་ནི་ཕ་རོལ་ཏུ ་ཕྱིན་པ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱི་རོ།། ཛོ་ཧཱུ~ཾ་བྱ་བ་ལ་སོ་ཙཱ་པ་ནི་དེ་བཞིན་ག་བྱེ་བ་དྷི་ཎ་ཙཱཿནྣི་ཏེ། དེའི་བདག་ཉིད་ཀྱི་ཡང་བ་རྣཾས་ནི་དེ་བཞི་བ་ནྡེ་ར་རུ་གཱི་རཱ་བི་དྲི་སཽ་གྷུ་དྲི་དུ་ཀྱིར་གྱི་བདག་པོ་ཉིད་ཡིན་པའི་ཕྱིར་ཞེས་པ་འདིས་འདི་གསུང་སོ།། ཙཱི་སྟེ་ཡང་པདྨ་ནག་པོའི་བཤད་པ་བྱེད་པར ་འདོད་པ་ནི།། འཕགས་པ་ཀླུའི་བློའི་ཞབས་ཀྱི་སྦྱར་བའི་རྣམ་པར་བཞག་པའི་གཞུང་གི་བཤད་པ་རབ་ཏུ་སྦྱིན་པས་དེ་མི་གནས་པ་ཉིད་དོ་ཞེས་དགོངསོ།། འདི་ནི་ལྷ་མོའི་མངལ་དུ་གནས་པའི་ཞེ་སྡང་རྡོ་རྗེ་དེ་ཁྱད་པར་དུ་ཐམས་ཅད་བྱའོ།། ་རྣམ་པར་གཟིགས་ནས་ནི་ཞེས་བྱ་བ་ནས། སྤྱན་སྔོ་ནས་ནི་འདུག་པར་འགྱུར་ཞེས་པའི་མཐར་ཐུག་པ་ནི་རྩ་བ་ལ་ཆེས་གསལ་བར་བཤད་དོ།། རྗེསུ་ཞུགས་ཞེས་བྱ་བ་ལ་སོགས་པཱ་ལ། མདུན་དུ་འཁོད་པའི་ཞོ་སྡང་རྡོ་རྗེ་དེ་རྣཾ་པར་སྣང་མཛད ་ཀྱི་ལཱྀ་ནས་སྙིང་གར་རྗེ་སུ་ཞུགས་ཏེ། རང་གི་ལྟོས་ཞེ་སྡང་རྡོ་རྗེའི་གཟུགས་བསྒོམ་པར་བྱའོ།། སྔར་གྱི་གཟུགས་མི་བསྐྱོད་པའི་གཟུགསུ་ཡོངསུ་གྱུར་ཏི་ཨིནྡྲ་ནཱི་ལཱྀ་འོད་འབར་བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་དང་ལྡན་པའི་ཕྱིརརོ། ་ཉི་མའི་དཀྱིལ་འཁོར་དབུས་ན་བཞུན་ཏེ་ཞེ་ལྔ་རྗེའོ།། རྒྱུ་འདྲི་ཧཱུཾ་ལྕེ་སྐྱེས་བློ་ཉི་མའི་དཀྱིར་ལ་ཧཱུཾ་ཝ་སྐྱེས་པའི་རྡོ་རྗེ་ནག་པོ་རྟག་ཏུ་འཆར་བའི་མོར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་བྱེད་པའི་དོན་དུ་སྣང་བའི་ཕུང་པོའི་རྣམ་པ་ཏི་འཛིན ་སེམས་དཔའ་ཞེས་བྱ་བ།། དེ་བཞིན་གཤེགས་པ་ལྔའི་ས་བོན་དང་ཡང་དག་ལྡན་པ་བསྒོམ་པར་བྱའོ།། ཞེས་བྱ་བ་ནི་མན་ངག་གོ། དཔའོ་རང་གི་ཕྱག་རྒྱས་འཁྱུད་ཅེས་བྱ་བ་ནི་རིག་བྱ་རྡོ་རྗེས་འཁྱུད་པའོ།། འདིས་ཞེ་སྡང་རྡོ་རྗེའི་ཏིང ་འཛིན་ལ་གནས་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱ་ཞེས་སྦྲེལ་ལོ།། ཛཱི་ན་ཛི་ཀ་ཞེས་པ་ནི་རྒྱལ་བར་བྱེད་པའི་ངང་ཚུལ་ནི་རྒྱལ་བ་སྟེ། རྣམ་པ་བཅུ་གཉིས ་པའི་ཆོས་ཀྱི་འཁོར་ལོས་བདུད་རྣམས་ལས་རྒྱལ་བར་བྱེད་དོ་ཞེས་པས་རྒྱལ་པོ་རྒྱལ་ལོ།། ཡང་ན་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་གྱིས་བདུད་བཞི་ཟིལ་གྱིས་གནོན་པའི་ཕྱིར་རྒྱལ་བ་རྒྱལ་ལོ། ང་ཀ་རྀ་དང་གནག་དང་དམར་པོའི་ཞལ་ཞེས་བྱ་བ་ལ་སྩོགས ་པ་ནི། བཅོམ་ལྡན་འདས་དེ་ཉིད་མདུན་དུ་ཟླ་བའི་འཁོར་ལོར་བཞུགས་པར་བྱེད་དེ། བཞུགསོ་ཞེས་བྱ་བ་དང་སྦྲེལ་ལོ།། རཏྣ་དྷྲྀཀ་ཅེས་བྱ་བ་ནི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན ་འཆང་ངོ་།། ཡང་ན་ཡང་དག་པའི་མཐའི་རིན་པོ་ཆེ་འཆང་བར་བྱེད་དོ་ཞེས་པས་རིན་ཆེན་འཆུང་།། སེར་དང་གནག་དང་དཀར་པོའི་ཞོལ། ཞེས་པ་ནི་རྟོགས་པཪྵ་སླའོ།། ང་རྒྱལ་གནོས་ལྷ་གནས་པ་རྣམས་ཞེས་བྱ་བ་ནི་ནོར་གྱིས་དྲེགས ་ཤིང་སྙེམས་པའི་སེམས་ཅན་རྣམས་སྦྱིན་པས་དུལ་བར་བྱས་ནས་ང་རྒྱལ་རྣམ་པར་དག་པའི་གོ་འཕང་ལ་ཡང་དག་པར་བཞག་སྟེ་བཅོམ་ལྡན་འདས་ཀྱི་གཡས་ཀྱི་ངོས་སུ་བཞུག་སོ།། ཨཱ་རོ་ལིཀ་ཅེས་པ་ནི། ཨཱ་ནི་ཀུན་ནས་སོ།། རྀ་ནི ་འཁོར་བར་འགྲོ་བར་བྱེད་དོ་ཞེས་པས། ཨཱ་རོ་ལྀག་གོ།། ཡང་ན་རོ་ཞེས་པ་ཡེ་ཤེས་གསུམ་མོ།། དེ་ལས་དོན་དམ་པའི་བདེན་པར་བགྲོད་པར་གྱུར་པའོ།། ཞེས་པས་ཨཱ་རོ་ལི་ཀ་གོ།། དམར་དང་གནག་དང་དཀར་བའི་ཞལ་ཞེས་པ་ནི་གས་ལོ།། ་སྙིང་གའི་ཕྱོགས་གནས་པ། གཡས་པ་ཡི་ནི་འབྱེད་པར་མཛད་ཅེས་པ་ནི།། ཁྱད་པར་པདྨའི་སྒྲ་ཉེ་བར་བླངས་པའི་ཕྱིར་པདྨ་དམྱུར་པོ་ཉིད་དུ་རྟོགས་པར་བྱའོ།། པཱཛྙཱ་དྷྲྀཀ་ཅེས་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་བོ།། དེ་འཛིན་པར ་བྱེད་དོ་ཞེས་པས་ཤེས་རབ་འཆང་ངོ་།། ཡང་ན་ཤེས་རབ་ནི་ཟླ་བར་སྣང་བའོ།། དེ་ཁམས་ཕྲ་བས་ན་མཁར་འཛིན་པར་བྱེད་དོ་ཞེས་པས་ཤེས་རབ་འཆང་ངོ་།། ལྗང་དང་གནག་དང་དཀར་བའོ་ཞ་ལཱཾ་ཞེས་པ་དང་།། ཕྱག་དྲུག་ཅེས་པ་སོགས་ནི ་གོ་སླའོ།། འོད་ཟེར་རྣམ་པར་འཕྲོ་ཞེས་པ་ནི་འདྲི་འབར་བ་དང་ལྡན་པའོ་ཞེས་བརྡ་སྤྲོད་པར་བྱེད་པའོ།། རིགས་ནི་ལྔ་པ་འདི་རྣམས་འབྱུང་།། འདོད་དང་ཐར་པ་རབ་སྒྲིབ་བྱེད་རྗེས་པ་ནི་ཕུང་པོ་ལྔའི་རང་བཞིན་རིགས་འདི་རྣམས་འདོད་པ་ཉེ་བར ་ལོང་སྤྱོད་པས་ཐར་པ་རབ་ཏུ་སྒྲུབ་པར་བྱེད་པ་པོ་རྣམསུ་འགྱུར།། སླར་ཡང་རྣམ་པར་སྣང་མཛོད་ལ་སོགས་པ་རྣམས་ཀྱི་ཉེ་བར་ལོང་སྤྱོད་པའི་ཆེད་དུ་ལྷ་མོ་བཞི་པོ་འབྱིན་པོར་བྱེད་དེ་དེའི་ཕྱིར་གསུངས་པ་མོ་ཧ་རཱ་ཏི་ཞེས་པ་ནི་གཏི་མུག་ནི་རྣམ་བྷ ་སྣང་མཛད་དོ།། དེ་ལ་དགའ་བས་གཽཏི་མུག་དགའོ།། ཡང་ན་གཏི་མུག་རྣམ་པར་དག་པ་ལ་དགའ་བས་གཏི་མུག་དགའ་མའོ།། དབྱུང་བར་བྱ་ཞེས་པ་ནི་མདུལ་དུ་རྫོགས་པར་བྱའོ།། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་ཞེས་བྱ་བ་ལ ་ཇི་ལྟར་རེ་ཞིག་འཁོར་ལོའི་དབང་ཕྱུགས་སྦྲུལ་བཱི་སྤྱན་ལ་སོགས་པ་རྣམས་འཁོར་ལོའི་དབང་ཕྱུག་ཉིད་ཀྱིས་རྒྱས་འདེབས་པར་བྱེད་པར་རིགས་ཏེ། ཕ་དང་བུའི་རིགས་པ་ལསོ།། ཕ་ཡང་བཅོམ་ལྡན་འདིས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ ་འཆང་ཆེན་པོ་ཉིད་དོ་ཞེ་ན། བདེན་ཏེ་རིགས་ཀྱི་དབང་པོ་རྣམས་ཀྱི་འང་བདག་པོ་གྱུར་པ་ཉིད་བཅོམ་ལྡན་འདས་ཏེ། དེ་བཞིན་དུ་ཡང་རིགས་ཀྱི་དབང་པོ་ཉིད་ཀྱི་རྒྱུས་འདེབས་པར་བརྗོད་དེ། རིགས ་འཆོལ་བསྒོམ་པའི་སྒོམ་པའི་སྦྱོར་བས་དངོས་གྲུབ་ཏུ་མི་འགྱུར་གྱི་བྱེ་བོ། ཤར་གྱི་གྲཝ་རཱི་ནི་མེའི་མཚམསུ་བཞུགས་པར་གྱུར་པ་ནི་ཉེ་བར་འཁོད་པའོ།། དཱི་པར་ཏི་ཐཱ་ད་ནི་ནི་སྣང་ནི་མི་བསྐྱོད་པ་སྟེ་དེ་ལ་གཱ་བས་ཞེ་སྡང་དགའ་མོའོ།། སྔུན་ཉོན་མོངས་བཞི་སྡང་རྣམ ་བར་དྲག་པ་ལ་དགའ་བས་ཞེ་སྡང་དགའ་མའོ།། གནག་དང་དཀར་དང་དམར་བའི་ཞལ་ཞེས་པ་ནི་གྲོ་སླའོ།། བདེན་བྲལ་དུ་ནི་བཞུགས་པར་གྱུར་ཅེས་ཏེ། འདིར་གདན་མ་བརྗོད་པ་ཅི་ཞེ་ན། མཱ་མ་ཀཱ་ངེས་པ་མེད་པའི་ཕྱིར་ཏེ ་གང་གི་ཚེ་རིན་པོ་ཆེའི་རིགས་ཡིན་པ་དེའི་ཚེ་རིན་པོ་ཆེའི་སྟན་ནོ།། དེ་ལྟ་ན་རྡོ་རྗེའི་རིགས་ཡིན་པ་དེའི་ཉི་མའི་སྟེན་ཁོ་ནའོ།། རཱ་གཨཱ་རྱཱ་ཏི་ཞེས་པ་ནི་འདོད་ཆགས་ནི་འོད་དཔག་མེད།། དེ་ལ་དགའ་བས་འདོད་ཆགས་དགའ་མའོ།། ཡང ་ན་འདོད་ཆགས་རྣམ་པར་དག་པ་ལ་དགའ་བས་འདོད་ཆགས་དགའ་མའོ།། དམར་དང་གནག་དང་དཀར་བའི་ཞལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བཛྲ་ར་ཏི་ཞེས་པ་ནི་རྡོ་རྗེ་ནི་དོན་ཡོད་གྲུབ་པའོ།། དེ་ལ་དགའ་བྱས་རྡོ་རྗེ་དགའ་མ ་ཡང་ན་རྡོ་རྗེ་ཡེ་ཤེས་ལ་དགའ་བས་རྡོ་རྗེ་དགའ་མའོ།། ལྗང་དང་གནག་དང་དཀར་བའི་ཞལ་ཞེས་པ་ལ་སོགས་པ་གོ་སླའོ།། རྣལ་འབྱོར་པས་ནི་རིམ་གཉིས་པར།། གཟུགས་རྡོ་རྗེ་མ་ལ་སོགས་པ་དབྱུང་ཞེས་པ་ལ་སོགས་པ་ནི།། གཟུག ་སུ་གཟུགས་བརྙན་དུ་བྱ་ཞེས་པ་འདིས་གཟུགསསོ།། བརྙེན་པར་བྱ་ཞེས་པས་སྒྲའོ།། བསྣམ་པར་བྱ་ཞེས་པས་དྲིའོ།། མྱང་བར་བྱ་ཞེས་པས་རོའོ།། རེག་པར་བྱ་ཞེས་པས་རེག་བྱའོ།། རྡོ་རྗེའི་སྒྲས་ནི་ཏིངེ་འཛིན་གྱི་གཟུགས་ལ་སོགས་པ ་རྣམས་རྣམ་པར་དག་པོ་ཉིད་ཀྱི་ཕྱིར་གཟུགསྣ་རྡོ་རྗེ་ལྔ་སོགས་པ་རྣམ་སོ།། དཱ་ནི་གཟུགས་ལ་སོགས་པའི་ཡུལ་ཉམ་སུ་མྱོང་བའི་ཆེད་དུ། རང་གི་མིང་ཁོ་ནས་གཟུགས་རྡོ་རྗེ་ལོ་སོགས་པའི་ལྷ་མོ་བཞི་བློ་རྣམས་ཕྱུང་ངོ་།། འདིར་ནི་སྒྲ་རྡོ ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ་ཉིད་ཀྱི་ཕྱིར་རིན་པོ་ཆེའི་གདན་ཉིད་དོ།། དེ་བཞིན་དུ། རིམ་གསུམ་པར་ཡང་ཤར་གྱི་ནི།། སྣམ་བུར་ཞེས་བྱ་བ་ལ་སོགས་པ་ནས་ཀུན་ཏུ་བཟང་པོ་དག་ཅེས་པ་འདིའི་བཤིད་པ་ནི་མིག་གི་སྐྱེ ་མཆེད་ལ་སོགས་པའི་རང་བཞིན་གྱིསོ།། བྱམས་པོ་སའི་སྙིང་པོ་བདག་ཅེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རང་གི་སོ་བོན་ལོས་རྫོགས་པ་རྣམས་ཀྱི་དབྱུང་བའོ།། འདི་རྣམས་ཀྱི་ས་བོན་ནི་རྩུ་བ་ཉིད་ལས་རྟོགས ་པཱར་སླའོ།། རྐང་མེད་དྲུང་རྐང་གཉིས་དང་རྐང་བཞི་ལ་སོགས་པའི་སེམས་ཅན་རྣམས་ལ་བྱམ་སོ་པས་དམིགས་པ་ཉིད་ཀྱིས་བྱམས་པའོ།། ས་བཞིན་དུ་གཡོ་བ་མེད་པའི་ཏི་འཛིན། དེ་ཉིད་སྙིང་པོ་སྟེ་ནང་གང་གཱི་ཡིན་པ་དེ་སའི་སྙིང ་པོའོ།། ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཛིན་པར་བྱེད་དོ་ཞེས་པས་ཕྱག་ན་རྡོ་རྗེའོ།། ནམ་མཁའ་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ཉིད་སྙིང་པོ་ཡིན་པས། ནམ་མཁའི་སྙིང་པོའོ།། ཏིང་འཛིན་གྱི་དབང་ལས་འཇིག་རྟེན་རྣམས་ཀྱི་དབང ་ཕྱུག་ཡིན་པས་འཇིག་རྟེན་དབང་ཕྱུག་གོ།། འོད་གསལ་བའི་ཏིང་འཛིན་ལས་ལངས་ནས་ཡིད་དུ་འོང་བའི་དཔལ་ནི་འཇམ་དཔལ་ལོ།། སྒྲིབ་པ་ནི་ཉོན་མོངས་པའོ།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་སྟོབས་ལས་རྣམ་པར་སེལ ་བར་བྱེད་དོ་ཞེས་པས་སྒྲིབ་པ་ཐམས་ཅད་རྣམས་སེལ་ལོ།། ཀུན་ནས་མཛེས་པར་བྱེད་ཅིང་བཟང་པོ་ནི་ཀུན་ཏུ་བཟང་པོའོ།། འདི་རྣམས་དབུ་རྒྱན་རང་གི་མགོན་ཞེས་བྱ་བ་ལ་སོགས་པ་ལ། འདི་རྣམས་ཏེ་བཤད་ཟིན་པའི་བྱང་ཆུབ་སེམས ་དཔའོ་བྱམས་པ་ལ་སོཌ་བ་གང་ཡིན་པ་དེ་རྣཾས་ཀྱི་རང་གི་མགོན་པོའི་སྒྲས་རྣམ་པར་སྣང་མཛོད་ལ་སོགས་པ་རྣམས་མངོན་པར་འདོད་དེ། དེ་རྣམས་ཀྱིས་རྒྱས་བཏབ་པའོ།། སྐུ་མདོག་ལ་སོགས་ཏེ། དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ནི་དེ ་དུང་མཚུངས་པར་སླར་ཡང་བལྟ་བར་བྱའོ།། ཕྱག་དང་མཚོན་ཆ་རྣམས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་ལ་ནི་འདིར་ཀུན་ནས་སྡུས་པ་ལའོ།། ཀྱང་གི་སྒྲས་གདན་ཟུང་ངོ་།། རང་རང་གི་ནི་བདག་པོ་མཚུངས་ནི་བྱམས་པ་ལ་སོགས་པའི་བྱང་ཆུབ ་སེམས་དཔའ་རྣམས་མཚུངས་པར་འགྱུརརོ།། ཙཽ་ལྔས་ན་དེའི་ས་ལ་སོན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མན་ངག་གོ། བྱམས་པ་འབྱེའ་ཞིག་གཡས་ནཱ་ཞེས་བྱ་བ་ལ་སོགས་པ་ལ་གཡས་ན་སྟེ་ཕྱག་གཡས་པའི་འཁོར་ལོའི་གནས་སུ་ཀླུང ་ཤིང་གི་མེ་ཏོག་བསྣམས་པར་མཛད་དོ་ཞེས་པའི་དོན་ཏོ།། སྐྱེ་མཆེད་རྣམས་སྦྱོང་མཛད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལག་པ་ལ་སོགས་པའི་ཡན་ལག་གིས་རང་བཞིན་གྱིས་ཁྲོ་བོ་བཅུ་པོ་རྣམས་དབྱུང་བ་ནི།། ཡ་མཱནྟ་ཀྲིཏ ་སྔགས་ལས་བྱུང་ཞེས་བྱ་བ་ལ་སོགས་པ་ནས། ས་འོག་ཏུ་དེ་བཞུགསོ་ཞེས་པའི་མཐར་ཐུགས་པའི་གཞུང་གི་དུམ་བུ་དག་གི་ནང་དུ་ཁྲོ་བོ་བཅུ་པོ་རྣམས་ཀྱི་ཁྱད་པར་གྱི་ཚིག་ཆེས་མང་པོ་ཡོད་དེ།། ཆེས་མང་བའི་ཚིག་དེ ་རྣམས་ལ་ཚིག་ཅུང་ཟད་རྣམ་པར་དབྱེ་བ་འཕགས་པའི་རྗེསུ་འབྲངས་ནས་བདག་གིས་བྲི་བར་བྱ་སྟེ།། དེ་ནི་བློ་བྱང་བ་མཁས་པས་ཁྱོང་དུ་ཆུད་པར་བྱའི་ཚིག་གཞན་རྣམས་ཀྱི་རྣམ་པར་བཤད་པ་གང་ཡིན་པ་དེ་ནི་རྩ་བ་ཉིད་ལས་རྟོགས ་སླ་བར་མཐོང་ནས་མ་བྱས།། གཤིན་རྗེ་ནི་དམྱལ་བའོ།། དེ་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོའི་ཏིང་འཛིན་གྱིས་མཐར་བྱེད་དོ་འཇོམས་པཱ་རཱི་བདོ་ཞེས་པས་ཡ་མཱནྟ་ཀྲྀཏ་ཏོ།། ཡང་ནཱ་གཤིན་རྗེ་ནི་རྨོངས་པའི་མུན་པ་སྟེ་མ་རིག་པའི ་བདག་ཉིད་དོ།། དེ་དྲོན་དམ་པའི་བདེན་བྱས་མཐར་བྱེད་དོ་འཇོམས་པར་བྱེ་དོ་ཞེས་པས་གཤིན་རྗེ་མཐར་བྱེདདོ།། གནག་དང་དོམཱར་དང་དཀར་བའི་ཞལ་ཞེས་པ་ལ་སོགས་པ་ནཱི། དང་པོའི་ཞལ་ནི་ནག་པོའོ།། གཡོན་པའི་ཞལ་ནི་དམར་པོའོ།། ་གཡས་པའི་ཞལ་ནི་དཀར་པོའི་ཞལ་ལོ།། ཤར་ཕྱོགསུ་བཞུགས་པར་བྱེད་ཅེས་པ་ནི་ཤར་སྒོར་གནས་པར་གྱུར་པའོ།། པྲཛྙཱནྟ་ཀྲྀཏ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པར་བྱེདདོ་ཞེས་པས་ཤེས་རབ་མཐར ་བྱེད་དོ།། ཡང་ན་ཤེས་རབ་ནི་རྣམ་པར་རྟོག་པའི་བདག་ཉིད་དོ།། དེ་འོད་གསོལ་དུ་ཞུགས་པས་མཐར་བྱེད་དོ།། ཞེས་པས་ཤེས་རབ་མཐར་བྱེད་དོ།། སྦྲུལ་གྱིས་བརྒྱན་ཞེས་པ་ནི་བཤད་ཟིན་པ་དང་འཆོད་པར་འགྱུར་བའི་ཁྲོ་བོ་རྣམས ་ཀྵི་འང་འདྲི་ཁྱུད་བཱར་དུ་ཁྱོང་དུ་ཆུད་པར་བྱའོ།། གཤིན་རྗེའི་ཕྱོགས་བཞུགས་པར་བྱེད་ཅེས་བྱ་བ་ནི་ལྷོའི་སྒོར་བཞུགས་པར་གྱུར་བྱའོ།། པདྨཱནྟ་ཀྲྀཏྱཱ་ཞེས་པ་ནི་པདྨ་ཆུ་ས་མ་གོས་པ་བཞིན་དུ་ཉོན་མོངས་པས་གྲོས་པ ་གྱུར་པ་ཉིད་མ་ཡིན་པའི་ཕྱིར།། དེ་ཉིད་ཀྱིས་འཇོམས་པར་བྱེད།། ཞེས་པས་པདྨ་མཐོར་བྱེད།། ཡང་ན་པདྨ་ནི་སྒྲོས་གནས་སོ།། མཐའ་ནི་ནང་སྟེ་དེར་དབང་པོ་གཉིས་ཀྱི་ས་སྙོམས་པར་འཇུག་པའི་ཐབས་ཀྱིས་མཆོག་ཏུ་དགའ་བའི་བདེ་བ ་བྱེད་དོ།། ཞེས་པ་སྐྱེད་པར་བྱེད་ཞེས་པ་སྟེ། པདྨ་མཐར་བྱེད།། ཆུ་ལྷའི་ཕྱོགསུ་བཞུགས་པར་བྱེད་ཅེས་པ་ནི་ནུབ་ཀྱི་སྒོར་བཞུགས་པར་གྱུར་པའོ།། བི་གྷནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ནརྀ་བགེགས་རྣམས་མཐར་བྱེད་དོ་ཞེས་པ་རྣམ་པར ་འཇོམས་བྱེད་དོ།། ཞེས་པས་བགེགས་མཐར་བྱེད་དོ།། ཡོད་ན་བགེགས་ནི་ཁམས་བཞི་པོ་རྣམསོ།། དེ་རྣམས་ཟད་པ་དང་འཕེལ་བ་བདག་གི་ལུས་ལ་གཟིར་པོར་བྱེད་པའི་ཕྱིར་བགེགས་རྣམས་ཏེ། དེ་རྣམས་ཐུབས་ཀྱི་ཡེ་ཤེས ་ཤར་བསྒོ་རྣམ་པར་འཇོམས་པར་བྱེད་དོ།། ཞེས་པས་བགེགས་ཐར་བྱེད་དོ།། སྔོ་དང་དམར་དང་དཀར་བའི་ཞལ་ཞེས་བྱ་བ་ལ་སོགས་པ་ནི་ཞལ་དང་པོ་སྔོན་པོའོ།། གཡོན་པ་དམར་པོ་ཉིད་དོ་ཐམས་ཅད་ཀྱི་ཚེ་གཡས་པའི་ཞལ ་ནི་དཀར་པོར་ཡང་ཁོང་དུ་ཆུད་པར་བྱའོ།། ཞེས་པ་འདིའི་དོན་ཡོངསུ་བཤད་པར་བྱའོ།། ལུས་ངན་ཕྱོགསུ་བཞུགས་པར་བྱེད་ཅེས་པ་ནི་བྱང་གི་སྒོར་བཞུགས་པར་གྱུར་པའོ།། མི་གཡོ་བ་ཡང་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི ་ཀུན་ཏུ་སྤྱོད་པ་བརྒྱད་རྣམས་ལ་རྟག་ཏུ་རབ་ཏུ་གཡོས་པའི་ཐུགས་རྣམས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ངེས་པར་སེམས་དཔར་བྱེདོ་ཞེས་པས་མི་གཡོ་བའོ།། ཨིནྡྲ་ནཱི་ལའི་འོད་ཅེས་པ་ལ་སོགས་པ་ནི། དཔེར་ན་ནོར་བུ་ཨིནྡྲ་ནཱི་ལཱའི་འོད་འབར ་བ་དེ་བཞིན་ནོ།། ཊིཀྐཱ་ཛ་ཞེས་པ་ནི་ཊིཀྐ་ནི་འདོད་པའི་འོ།། དེས་མཛེས་པ་བྱེ་བར་བྱ་རྣོ་པར་དག་པར་བྱའོ་ཞེས་པས་ཊིཀྐ་རཱ་ཛའོ།། ཕྱག་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི། ཕྱག་རྒྱ་དག་ནི་འཆིང་བར་མཛད། ཅེས་པ་ནི་འདིར་གསུངས་པ་ཤེས་རབ་ལ ་འཁྱུད་པའི་ཚུལ་གྱིས་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་ཕུན་ཚུན་འདུད་ནས་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་བར་བྱའོ།། དེའི་རྗེ་སུ་མཐེ་བོ་གཉིས་པོ་དག་གི་སྟེང་ནས་གུང་མོ་དང་མིང་མེད་གཉིས་ཀྱིས་མཚ ་བཱ་ནཱི་རྡོ་རྗེ་ཧཱུཾ་མཛུད་ཀྱི་ཕྱག་རྒྱུར་འགྱུརརོ།། ནཱི་ལ་རཎཱཾ་ཞེས་པ་ནརྀ་ནཱི་ལཱཾ་སེམས་ཅན་རྣམས་ཀྱི་སྡིག་བྱའོ།། དཎྜ་ནི་དྭེར་ཚར་གཅོད་པར་བྱེདོ་ཞེས་པས་ནཱི་ལཱྀ་དརྞྞའོ།། རླུང་གི་ཕྱོགསུ་བཞུགས་པར་བྱེད་ཅེས་པ་ནི་རླུང་གི་གྲཝར་བཞུ་མ་གྱུར་པའོ།། མཱ་ཧཱ་བ ་ལཱཾ་ཞེས་པོ་ནི་དོན་དཾ་པྲཱྀ་བི་ན་བྷཱི་སྟོབས་ལས་སེམས་ཅན་རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཉེད་པར་བྱེད་དོ་ཞེས་པས་ན་སྟོབས་པོ་ཆེའོ།། ཨུཥྞཱི་ཥ་ཙ་ཀྵཾ། ཞེས་པ་ནི་སེམས་ཅན་རྣམས་ཀྱི་ཁམས་གསུམ་པ་ལས་འདས་པའི་ཡེ་ཤེས་རབ་ཏུ་སྦྱིན ་པའི་ཕྱིར་གཙུག་གཏོར་འཁོར་ལོས་སྒྱུར་བའོ།། ཚངས་པའི་གནས་སུ་དི་བཞུགས་བྱེད་དོ།། སུམྦྷ་རཱ་ཛ་ཞེས་པ་ནི་ཕྱོགས་བཅུའི་བགེགས་ཀྱི་ཚོགས་རྣམས་དྲངས་ཤིང་ཕུར་བུས་བཏབ་སྟེ་ངེས་པར་འདུལ་བར་བྱེད་པས་ན་ངེས་པར་གནོད ་མཛེས་སོ།། ལྷ་ནི་སུམ་ཅུ་གཉིས་རང་བཞིན། ཀུན་གྱིས་དཀྱིལ་འཁོར་ཕྱུང་ནུས་ནི།། ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་ཕྱུང་ནས་ཡིས ་ཀྱི་འཁོར་ལོ་གཞུག་པ་དང་མངོན་པར་དབང་བསྐུར་བ་ལ་སོགས་པ་རིམ་པ་འདིས་ནན་དུ་བྱའོ།། དེ་ལ་རིམ་པོ་ནི་འདི་ཡིན་ཏེ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། མདུན་གྱིས་ནཱ་མཁར་བལྟས ་ནས་ཞབས་བསིལ་ལ་སོགས་པ་ཕུལ་ཏེ་ཡང་དག་པར་མཆོད་ནས་ཛཿཧཱུཾ་བཾ་ཧོཿཞེས་པའི་སྔགས་ཀྱིས་ཚུལ་བཞིན་དུ་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ནས། དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་ཆུ་དང ་འོ་མ་བཞིན་དུ་ངེས་པར་ཞུག་པར་བྱའོ།། སླར་ཡང་དེ་བཞིན་ཉིད་དུ་རང་གི་སྙིང་གར་གནས་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་པ་རྣམས ་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱང་ན་མཁར་བལྟས་ནས་མངོན་པར་དབང་བསྐུར་བར་སྔགས་པས་གསོལ་བ་གདབ་པར་བྱའོ།། དེའི་རྗེསུ་སངས་རྒྱས་ལྷ། མངོན་པ་རུ་བསྐུར་རིན་ཆེན་ཚེ་ཞེས་བྱ་བ་ལ་སོགས་པའི་ཚིགསུ ་བཅད་པ་ཀློག་པར་བྱེད་ཅིང་། ཙུ་ཏ་ལ་སོགས་པའི་ཡལ་འདབ་ཀྱི་མངོན་པར་དབང་བསྐུར་བར་བྱའོ།། དེ་ཉིད་དུ་སྐུ་ཅིག་ལ་སྤྱན་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བཀྲིས་ཀྱི་ཚིགསུཾ་བཅད་པས་བཀྲིས་པར་བྱེད་དོ།། ་དཔུང་བསྐུར་བའི་དེ་མ་ཐག་ཏུ་མེ་ཏོག་གི་ཆར་དང་། རྔའོ་ཚའི་སྒྲ་སྒྲོག་པར་བྱེད་པས་དགའ་བར་བྱེད་དོ།། ཕྱི་ནས་ལྷ་སུམ་ཅུ་སོ་གཉིས་པོ་རྣམས་ཀྱི་རིགས་ཀྱི་དབང་ཕྱུག་གླང་དང་གང་ཡིན་པའི་རྒྱས་འདེབས་པ་དེ་དང་དེས ་དབུལ་མཚོན་པོར་ཁོང་དུ་ཆུད་པར་བྱའོ་ཞེས་སོ།། འོན་ཏེ་ཕྱུང་བའི་དཀྱིལ་འཁོར་དུ་འཕགས་པ་རྒྱས་བཏབ་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཉིད་དུ་ཐོས་པའི་ཡོངསུ་རྫོགས་པའི་ལྷའི་སྐུ་ཐོབ་ནས་མི་འགྱུར་བའི་མངོན་པའི ་རྒྱུ་ཅན་མནྟྲ་དག་ལོག་པ་བསྲུང་བར་མངོན་པར་བརྗོད་དོ།། དེས་རྒྱས་འདེབས་པ་འཕགས་པའི་དགོངས་པས་མངོན་པར་དབང་བསྐུར་མ་ཐག་ཏུ་གང་རྒྱས་འདེབས་ཤེས་སོ།། འདིའི་བར་མ་ཆད་བོར་ལྷའི་དེ་ཁོ་ན་ཉིད་ཕྲ་མོའི་སྦྱོར་བ་བརྗོད ་པས། སྣ་ཡི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྐུའི་རྩེ་མོར་ཏེ་རང་གི་རྡོ་རྗེའི་བུག་པར་ཡུངྒེས་ཀཱར་ཧེ་ཐིག་ལེ་དཀར་པོ་བསམ་པར་བྱའོ།། དེ་ཉིད་དུ་ཡུངས་ཀར་ལ་སྟེ་ཐིག་ལེ་དཀར་པོའི་དབུསུ་བཏག ་པ་སྟེ་རྣལ་འབྱོར་གོམས་པར་བྱེད་པ་པོས།། འགྲོ་དང་མི་འགྲོ་བཅས་ཏེ་ཁང་པ་བརྩེགས་པ་དང་ལྷན་ཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མ་འདྲེས་པར་བསྒོམ་པར་བྱའོ།། འདིའི་དོན་ཐེག་པ་ཆེན་པོའི ་མདོ་སྡེར་ཡང་དགོངས་པས་བཤད་པ་ངེས་པར་བསྟན་པར་གྱུར་པ་ནི། སྒྲའི་ཁྱོན་གཅིག་ལ་གང་སངས་རྒྱས་ནི་རྣམ་མང་གཾ་གཱ་ཀླུང་གི་བྱེ་མ་སྙེད་བཞུགས་ཤེས་བྱ་བ་དང་། བཟང་པོ་སྤྱོད་པར་ཡང་། རྡུལ་གཅིག་སྟེངས་ན ་རྡུལ་རྙེད་སངས་རྒྱས་རྣམས།། སྔངས་རྒྱས་སྨྲས་ཀྱི་དབུས་ན་བཞུགས་པ་དག་ཅེས་སྷོ།། ཡང་ན་ཨུཏྤལ་སྔོན་པོའི་ཁ་དོག་ཅན་གྱི་རྡོ་རྗེ་ནས་འབྲུའི་ཚད་ཙམཱ་དེ་ཉིད་དུ་མི་བསྐྱོད་པའི་རྣལ་འབྱོར་པས་བསྒོམ་པར ་བྱའོ།། དེ་བཞིན་དུ་རྣམ་པར་སྣང་མཛོད་ལ་སོགས་པའི་རྣལ་འབྱོར་པའི་སྣའི་རྩེ་མོ་དང་ལྷ་མོའི་པདྨའི་སྣའི་རྩེ་མོར་བཤང་མ་ཐེག་པ་བསམ་པར་བྱའོ།། ཡང་ན་ཙ་ནི་ཀའི་འབྲུའི་ཚད་ཀྱིས་འཁོར་ལོ་སོགས་པའི་མཚན་མ་བསྒོམ་པ ་བྱོའོ།། ཞེས་བྱ་བ་ནི་མནྟྲ་དག་གོ།། ཡེ་ཤེས་གནས་ནི་འཇིག་རྟེན་ལས་འདིས་པའི་ཡེ་ཤིས་ཀྱི་རྒྱུ་གྱུར་བྱའོ།། ཉམས་དགའ་བ་ནི་དགའ་བར་བྱ་བ་སྟེ་དབང་པོའི་གཞུ་ལྟར་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། ་གོསང་ཆེ་ནི་གཞོན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ།། ཡེ་ཤེས་ཀྱི་བརྟགས་པ་ནི་མདོར་བྱས་ཀྱི་རིམ་པ་བསྒོམ་པ་པོའི་ཡེ་ཤེས་ཙམ་གྱི་རང་གི་ངོ་བོའོ།། ཁ་དོག་ལྡནྡ་ཞེས་བྱ་བ་ལ་སོགས་པ་ནི་རིགས་ལྷ་ལྔས་རབ་ཏུ་བྱུང་བའོ།། རིན་ཆེན ་བོ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་རིན་པོ་ཆེ་ལྟར་རིན་པོ་ཆེ་ལྟར་རིན་ཆེ་པོའོ།། ཡེ་ཤེས་གནས་ཞེས་བྱ་ལ་སོགས་པས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་ཉིད་ཀྱིས་ཁྱོད་པར་ཐམས་ཅད་བྱའོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་བཞག་པར ་ཡང་གསུངས་པ་ཡང་། དེ་ཉིད་མཐོང་བ་ཞེས་སོ།། བསྒོམ་པར་བྱ་ནི་རྣལ་འབྱོར་པས་སྙོམས་པར་ཞུགས་པ་ལས་སོ།། ཏི་ངེ་འཛིན་འདི་ཉིད་ཀྱི་འབྲས་བུ་གསུངས་པ། རིན་ཆེན་བརྟན་པར་གྱུར་ནོས་སྤྲོ།། ཞེས་བྱ་བ་ལ་སོགས་པ་སྟེ། གང ་གི་ཚེ་མཐོང་བའི་མཚན་མ་དང་གཟུང་བའི་མཚན་མ་ཉེ་བུར་སྐྱེས་པ་ལས་ཤེས་པའོ།། དེ་ལ་མཐོང་བའི་མཚན་མ་ནི་སེམས་བརྟན་པ་ཉིད་དོ།། གཟུང་བའི་མཚན་མ་ནི་དངོས་གྲུབ་ཀྱི་མཚན་མའོ།། དེའི་ཚེ་རྡོ་རྗེ་ལ་སོགས་པ་བསྒོམ་པས་མི ་གཡོ་བར་ཤེས་ནས་བསྒོམ་པ་དབང་དུ་གྱུར་པ་བསྐྱེད་པའི་ཆེད་དུ་སྤྲོ་བར་བྱའོ།། བརྟན་པར་མ་གྱུར་ཡོངས་མི་སྤྲོ་ཞེས་བྱ་བ་ནི་བསྒོམ་པར་བྱ་བཞིན་པོ་ན་སྤྲོ་བར་མི་བྱའོ།། རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པ ་སྤྲོ་བར་བརྟན་པར་བྱས་པར་གྱུར་པ་ལ་སངས་རྒྱས་སྤྲིན་རྣམས་ཀྱང་སྤྲོ་བར་བྱའོ།། སངས་རྒྱས་འབར་བ་མཚུངས་འོད་ཀྱིས་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དྲོག་དང་ལྡན་པ་རྣམས་ཀྱིསོ།། འདིའི་སྒོམ་པའི་ཐབས་གསུངས་པ ་སློང་མོ་ཟ་བས་བཟླས་མི་བྱ་ཞེས་ཏེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པའི་རྣལ་འབྱོར་པས་སློང་མོའི་དོན་དུ་སློང་མོ་བྱིན་ཅིག་ཅེས་སོ་སོར་འཛིན་པ་རབ་ཏུ་བརྗོད་པར་མི་བྱ་སྟེ་མངོན་པར་བརྩོན་པསོ།། སློང་ལའང་དགའ་བར་མི་བྱའོ།། ་ཞེས་པ་ནི་ཟས་ལ་རབ་ཏུ་ཞེན་པར་མ་གྱུར་ཅིང་ཇི་ཙམ་དུ་ལུས་གནོས་པ་ཙམ་དུ་འགྱུར་པ་དེ་ཙམ?་གྱིས་ཆོག་ཤེས་པར་འགྱུར་བར་བྱའོ།། ཡང་ན་དབྱེ་བ་ནི་སློང་མོའོ།། དེ་ལ་ངོས་ཟླས་པར་མི་བྱའོ།། ཅི་རྣམ་པ་ཐམས་ཅད་དུ་དབྱེ་བར་དགའོ་བ ་འགྱུར་བར་བྱ་ཞེ་ན། དེའི་དོན་གསུངས་པ་བློ་ལའང་དགའ་བར་མི་བྱའོ་ཞེས་ཏེ། འདིའི་དོན་ནི་ལན་གཅིག་གི་གཉིས་སམ་གསུམ་དུ་རྣམ་པར་རྟོག་པའི་བགྲོད་པ་གང་གི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་ཆེས་གསལ་བར་མཐོང་བ་དེའི་ཚེ་དོར ་སོན་པའི་སེམས་ཉིད་ཀྱིས་གཞག་པར་བྱའོ།། གཞན་དུ་གསུངས་པ་ཡང་། དངོས་པོ་ཀྱང་དང་གང་གིས་ནི།། མི་རྣམས་ཡིད་ནི་ཡང་དག་སྦྱར། དེས་དེའི་རང་བཞིན་ཉིད་འགྱུར་ཏེ། ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་སོ།། འདིས་སེམས་བརྟན་པ་ཉིད་ལས་ཕྱི་རོལ་གྱི་རྣམ་པར་རྟོག་པ་མ་ལུས་པ་སྟོང་པ་དཀྱིར་གྱི་འཁོར་ལོར་སྒྱུ་མ་ལྟ་བུ་མངོན་སུམ་དུ་བྱས་པའི་སྡིགས་པ་སོ།། རྒྱུད་གཞན ་དུ་ཡང་གསུངས་པ། ཛཾ་མ་ཛ་ལ་མཛྙེ་ཙནྡྲ་ས་ཧི་ན། ཨུ་སོ་སཙྪ་ན་མི་ཙྪ། ཏི་མ་སོམཱ་ཎཱ་ལ་ཙཀྲཱ་ཌཱ་ཏནྟྲ་ཨཱ་ས་ཧཱ་བཽ། སཙྪ་ཞེས་སོ།། འདིས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་གཉིས་པའོ།། ད་ནཱི་ཡི་གེ་གསུམ་གྱི་ངག་གི ་བཟླས་པའི་དབྱེ་བ་རྣམ་པ་གཉིས་བརྗོད་པར་འདོད་ནུས་བརྗོད་ནས་རྡོ་རྗེ་སྤོ་བ་ནི། ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། བརྗོད་ནས་ནཱི།། ངག་གི་སྒྲོས་ཏིང་འཛིན་སེམས་དཔའི་ནཱ་དུ་ལས་པཾ་བླངས་ནས་སོ།། རྡོ་རྗེ་ནི་ཡི་གེ་གསུམ་མོ།། ་སྤྲོ་བ་བྱ་ནི་ཕྱི་རོལ་ཏུ་དབྱུང་བའོ།། འཇུག་པའི་རླུང་གིས་དེ་ཉིད་དུ་ཡང་དག་བཟླས་པར་བྱ་ཞེས་པ་ནི་གོང་བུའི་བཟླས་པའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་ལས་འདི་ཉིད ་སྔགས་ཀྱི་བཟླས་པའོ།། འདིས་ནི་ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་། རྣམ་གཉིས་བྱ་ཞེས་རྣམ་པར་བཤད་པའོ།། དེ་བཞིན་ཉིད་ལ་གཞུག་པར་བྱ་ཞེས་བྱ་བ་ནི་སོ་སོར་བརྟན་པའི་ཕྲ་མོའི་སྦྱོར་བས་གང་སེམས་ཙམ་ཉིད་དུ་རྟོགས་པ། ་དེ་ཉིད་འདིའི་དེ་བཞིན་ཉིད་ལ་དམིགས་པའོ།། དེ་ལྟར་རྡོ་རྗེ་འཆང་ཆེན་པོ་འོད་གསལ་བའི་བདག་ཉིད་དུ་མཐོང་ནས། བྱམས་པ་ལ་སོགས་པའི་རང་བཞིན་གྱིས་སྤྱན་མ་ལ་སོགས་པ་བཞིར་བྱུང་བ་དེ་དང་བྲལ་བས་གདུངས་པའི་ཡིད ་ཀྱིས་ལྟ་བར་འདོད་ནས། སྙིང་རྗེ་དང་བཅས་པས་ཇི་ལྟར་སྨེ་བར་བྱེད་པ་དེ་བརྟན་པའི་ཆེད་དུ། དཀྱིལ་འཁོར་གནས་པའི་ལྷ་མོ་བཞི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིགསུ་བཅད་པ་བཞི་ཡིས་ནི་དྲུག་ལྡན་ལ་སོགས་པ་སྒེག ་ཅིང་སྙན་པའི་སྣ་ཀླུའི་དབྱངས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས། ཁྱོད་ཅེས་མདུན་ན་གནས་པ་བཞིན་དུ་བལྟས་ནས། སད་པར་བྱེད་དོ་ནི་སློང་བར་བྱེད་པའོ།། རྡོ་རྗེའི་ཐུགས་ཞེས་བྱ་ལ་སོགས་པ་ནི། སེམས་དབང་དུ་གྱུར་པ་བརྙེས་པའོ།། ། ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་བསྐྱེས་པ་ཉིད་ཀྱི་ཕྱིར། གནས་ཀྱི་དབང་ཕྱུག་གོ། སེམས་ཅན་ཁམས་ནི་སེམས་ཅན་དུ་གྱུར་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། དགའ་བོ་ནི་རོལ་པའོ།། དེའི་ཡིད་དུ་འོང་བ་ནི་ཚིམ་པསྐྱེད་པའི ་ཕྱིར་ཏེ་དགའ་བ་ཡིད་འོང་ངོ་།། དོན་ཆེན་ནི་མཆོག་ཏུ་དགའ་བོའོ།། དེ་འདོད་པར་བྱེད་དུ་རྫོགས་པར་བྱེད་དོ།། ཞེས་པས་དོན་ཆེནི་འདོད་པའོ།། རྣམ་པ་དེ་ལྟ་བུའི་དགོའ་བ་ཡིད་འོང་དོན་འདོད་པས་འཁྱུད་པ་ལ་སོགས་པ་རྣམས་ཀྱོས་དག ་ལོ་འདོད་པར་མཛོད་སྟེ་རོལ་པར་གྱིསོ།། སེམས་ཅན་ཐམས་ཅད་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཡབ་པོ།། སེམས་ཅན་རྣམས་ཀྱིས་ཕན་པ་དང་བདེ་བ་བྱེད་པའི་ཕྱིར། སེམས་ཅན་གཉེན་མཆོག་ཆེན་པོའོ།། བདག་ལ་སྟེ་བདག་གི་སོན་པར་རོ།། ་མགོན་པོ་ནི་བདག་པོའོ།། སངས་རྒྱས་གལ་ཏེ་བཞེད་ནའོ།། རྡོ་རྗེ་སྐུ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་མི་འཇིགས་པའི་སྐུ་ཉིད་ཀྱི་ཕྱིར་རྡོ་རྗེའི་སྐུའོ།། སེམས་ཅན་མང་པོ་དགའ་བའི་བཀྲའི་འཁོར་ལོ་ཞེས་པ་ནི་ཁྱོད་ནི་སེཾན ་མང་པོ་ལ་རྗེསུ་ཕན་པར་མཛད་པའི་བཀའི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་ཕན་པ་རྗེསུ་སྟོན་པ་ཞེས་པ་ནི། སྤངས་རྒྱས་ནི་ཕུང་པོ་ལྔ་རྣམ་སོ།། དེ་རྣམས་ཀྱི་དོན་ནི་ཀུན་རྫོབ་ཀྱི ་བདེན་པའོ།། བྱང་ཆུབ་ནི་དོན་དམ་པའི་བདེན་པའོ།། དེ་དག་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ་སྐུ་ནི་དོནི་དམ་པའོ།། དེའི་སེམས་ཅན་རྣམས་ཕན་པའི་དགྲོངས་པས་རབ་ཏུ་སྟོན་པའི་ཕྱིར། ཕན་པ་རྗེསུ་སྟོན་པའོ།། ་འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྤྱོད་པར་བྱེད་པས་འདོད་ཆགས་དམ་ཚིག། འདོད་ཚོགས་སྤྱོད་པའི་ངོ་བོ་ཉིད་བདག་ལ་དགེས་པར་མཛད་དུ་གསོལ་ཏེ་རོལ་པར་མཛོད་ཅིག་གོ།། ཁྱོད་ནི་རྡོ་རྗེའི་གསུང་ཞེས་པ་ནི། ངག་གི་དབང་ཕྱུག ་བསྙེས་པ་ཉིད་ཀྱི་ཕྱིར་རོ།། སེམས་ཅན་གྱི་ཁམས་ཀུན་ལ་ཕན་ཞིང་རྗེས་བརྩེ་བ་ཞེས་པ་ནི། ཕུལ་དུ་བྱུང་བའི་ཐུགས་རྗེའི་བདག་ཉིད་དོ།། དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞི་སུ་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཆེད་དུ་རྟོག ་དུསྟེ། དུས་ཐམས་ཅོད་དུ་ཡང་དག་པར་རབ་ཏུ་འཇུག་པའོ།། བདག་ལ་དགོས་པར་མཛོད་ཅིག་ནི་ཤིན་ཏུ་དགའ་བའི་སྤྱོད་པས་བརྟེན་པའོ།། ཀུན་ནས་ནི་སེམས་ཅན་གྱི་ཁམས་ཀྱིསོ།། བཟང་པོ་ནི་དགེ་བ་ཐོབ་པར་བྱེདོ་ཞེས་པ ་ཀུན་ཏུ་བཟུང་པོའོ།། གཞན་ནི་རྣམ་པར་ཕྱེ་ཟིན་ཏོ།། ཁྱོད་ནི་རྡོ་རྗེའི་འདོད་པ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྒོ་ནས་བོད་པ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ལས་ཕྱུང་བའི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་ཞེ་སྡང་ལ་སོགས་པ ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པར་བྱེད་པོར་བྱེད་པའི་ཕྱིར་རྡོ་རྗེའི་འདོད་པའོ།། ལས་ཀྱི་རིགས་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར། དམ་ཚིག་མོ་ཆོག་གོ།། འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་ཆགས་རྣམ་པར་དག ་བའི་ཐབས་ཀྱིས་ཐུར་པ་རབ་ཏུ་རྩོལ་བའི་ཕྱིར་ཕན་དོན་ཆེའོ།། ཤཱཀྵའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་ཡོད་ན། བྱཱ་བ་ནྡན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་འགྲོ ་བླ་མ་ལུས་པའི་དོན་མཛད་པའི་ཕྱིར། ཡོང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ། རང་དང་གཞན་གྱི་རྣམ་པར་དབྱེ་བ་ཉེ་བར་དམིགས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཡིན་ཡང་། སེམས་ཅན་རྣམས་ལ་རྗེསུ་བརྩེ་བ་ཉིད་ཀྱི་ཕྱིར། མཱཉམ ་ཉིད་རྗེསུ་བརྩེ་བའོ།། དེ་ལྟ་བུའི་སྐྱོན་ཁྱད་པར་དུ་འཕགས་པས་སྟོན་རིན་ཆེན་མང་པོའི་གཏེར་གྱུར་པ་དག་ལ་དགེས་པར་མཛོད་སྟེ་བརྟེན་པར་མཛེ་ཅིག་གོ། གང་གི་ཕྱིར་འསྒོམ་དུ་འདོད་མ་དང་བྲལ་བ་དང་འདོད་ཆགས་པར་མ་དང་འོད་གསོལ་བའི ་ཡེ་ཤེས་སྐྱེད་པར་བྱེད་པའོ་ཞེས་བདག་ཉིད་སྔག་པར་བྱེད་པའོ།། མགོན་པོ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆི་བཞེད་ནྟི་འདོ་དོན་དང་ཞེ་ལྔ་དང་གཏི་མུག་རྣམ་པར་དག་པའི་ཐབས་ཀྱིས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་སྩོལ་བས་གསོན་པར ་མཛོད་ཅིག་ཅེས་མངོན་པར་དགོངསོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་ཡང་དག་པའི་ཡོན་བརྗོད་པས་ཡང་དག་པར་སྐུལ་བར་བྱེད་བཞིན་པ། ་སྟོན་གྱི་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ལས་གཉིད་རབ་ཏུ་སད་པ་བཞིན་དུ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་རྣམ་པར་བསླད་པར་གྱུར་པས་བཞི་ངས་པའོ།། མགྲོན་པོ་ནི་མངའ་བདག་གོ་འདིའི་བར་མཆུད་པར་མི་འི་སྦྱོང་ལ་སོགས་ངོ་བོ ་ཡིས།། དེ་བཞིན་གཤེགས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འཚད་བཞིན་པའི་ཚིགསུ་བཅད་པ་རྣམས་ཀྱིས་བསྟོད་པར་མཛད་དོ།། མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའི་ཚོགས་ཐམས་ཅད ་ཀྱིས་མི་གཡོ་བས་མི་བསྐྱོད་པའོ།། རྡོ་རྗེ་ནི་ཐུགས་གང་ཡིན་པ་དེ་བོན་པར་བྱེད་པ་མི་བསྐྱོད་རྡོ་རྗེའོ།། དེ་བཞིན་དུ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་ཡང་བལྟ་བར་བྱའོ།། སྟོང་པ་བཞིའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། ཡེ་ཤེས ་ཆེའོ།། རྡོ་རྗེ་ནི་མི་བསྐྱོད་པོ་ལ་སོགས་པ་རྣམས།། དེ་རྣམསྣ་ལ་འཛིན་པར་བྱེད་དོ་ཞེས་པོས་རྡོ་རྗེ་དབྱིངསོ།། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ཡོངསུ་ཤེས་པ་ཉི་ཀྱི་ཕྱིར། མཁས་པ་ཆེའོ།། སྐུའི་དཀྱིལ་འཁོར་དང་། ཕྱུང་བའི ་དཀྱིལ་འཁོར་དང་། དོན་དམ་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་ནི་ད་ཀྱོལ་འཁོར་གསུམ་མོ།། སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་ནང་ན་གཙོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་གསུམ་མཆོག་གོ།། གསང་བའི་དབྱངས་ནི་དམ་ཚིག་དེ ་ཁོ་ན་ཉིད་བདག་ལ་རབ་ཏུ་སྟོན་ཅིག་ཅེས་མི་བསྐྱོད་པའི་སྒོ་ནས་བསྟོད་པར་གྱུར་པའོ།། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་འོད་གསལ་བའི་མེས་འབར་གྱུར་པའི་ཕྱིར།། རྣམ་པར་སྣང་མཛད་དོ།། དེ་ཉིད་ཀྱི་ཕྱིར་དག་པ ་ཆེའོ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམསོ།། དེ་རྣམས་ཀྱི་རྣམ་པར་དག་པའི་ངོ་བོས་དྲུག་པ་ཉིད་ཡིན་པའི་ཕྱིར་རྡོ་ཞི་བའོ།། མཆོག་ཏུ་དཀའ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་དགའ་བ་ཆེའོ།། རང་བཞིན་ཁྱོད་གསལ་བ་རྣམས ་ནི་ཆོས་རྣམས་སྟོན་ཅིང་འཆད་པར་མཛད་པའོ།། རྡོ་རྗེ་ཞེས་བྱ་བ་ནི་བོད་པར་བྱེད་པའོ།། རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་ནི་དོན་ཡོད་པའི་ཡེ་ཤེས་རབ་སྩོལ་བ་ཉིད་ཀྱི་ཕྱིར་དོན་ཡོད་རྡོ་རྗེའོ།། དོན་ཡོད་པའི་རིགས་རྣམསོ།། ་དེ་རྣམས་ཀྱིས་རྫོགས་པའི་སངས་རྒྱས་མདུན་དུ་བྱས་སྔོ་ཤེས་པ་དོན་ཡོད་རྡོ་རྫོགས་པའི་སངས་རྒྱས།། སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་མངོན་པར་འདོད་པ་རྫོགས་པར་བྱེད་པའི་ཕྱིར་བསམ་པ ་ཐམས་ཅད་རྫོགས་མཛད་པའོ།། དག་པའི་ངོ་བོ་ཉིད་ནི་འོད་གསལ་བའོ།། དེ་ལས་རབ་ཏུ་བྱུང་བའི་ངོ་བོ་ཉིད་ཀྱི་ཕྱིར་དག་པ་ངོ་བོ་ཉིད་ལས་བྱུང་བའོ།། དེ་ལྟ་བུར་གྱུར་པའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལོ།། ཞེས་བསྟོད ་པ་ཉེ་བར་སྡུས་པའོ།། བསྟོད་ནས། དེ་ནས་ཡང་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་རྣམས་ནི། སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྟོང་མཇེད་ལ་སོགས་པ་རྣམས་ཀྱིས་བྱེད་པར་གྱུར་བ་རྣམས་ཀྱིས་བདག་ཉིད་བསྟོད་ནས ་བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་འཁོར་ལོ་རྗེ་སུ་མཉེས་ནས་གསང་བ་ནི་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བ་ལ་སོགས་པ་རྣམས་བཤད་ནས། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་གསུངས་ཏེ། ་སྔགས་ཀྱི་བཟླས་པ་རྣམ་པ་གཉིས་བྱ་སྟེ་རང་གི་སྐུའི་འཁོར་ལོ་ལ་ཕྱི་རོལ་གྱི་འཁོར་ལོ་གཟུགས་ཕུང་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་རིགས་པས་རྗེ་སུ་བཅུག་ནས་བདེ་བ་ཆེན་པོའི་གཟུགས་ཀྱིས་ཐམས་ཅད་དུ་མངོན་པར་ཞེན་པ ་མེད་པས་བཞུགསོ་ཤེས་པའོ།། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གསུམ་པའོ།། ད་ནི་བསྡུ་བའི་དོན་ལ་སློབ་པར་བྱེད་པ། དེ་ལྟར་རྣལ་འབྱོར་བཞི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བརྗོད་པའི་རིམ་པས ་རྣལ་འབྱོར་བཞི་རྫོགས་པའི་རྣལ་འབྱོར་པ་ཏིང་འཛིན་ནི་གསུམ་དང་ལྡན་པ་དེས་བསྡུབ་བྱའོ།། སྣ་ཚོགས་ཞེས་པ་ནི་དངོས་པོའོ།། ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཏིང་འཛིན་སེམས་པའི་འོད་ཟེར་གྱིས་སེམས་ཅན་རྣམས་ཐམས་ཅད་བཀུག ་ནཱནནུས་འདི་ཉིད་དུ་རབ་ཏུ་བཅུག་སྟེ། སླར་ཡང་དེ་ལྔས་རྡོ་རྗེ་སེམས་དཔའི། གཟུགས་ཀྱི་ཀུན་ཏུ་སྤྲོས་ནས། དེའི་གཟུགས་ཉིད་ཀྱིས་དེ་བློ་ཞེས་པ་དེའི་ཡིད་ལ་བསྡུ་བར་བྱའོ།། འཕགས་པས་གསུངས་པ་ཡང་། འདི་ནི་ས་གསུམ་མ ་ཡིན་གཞལ་ཡིས་ཁང་། སྲོག་ཆགས་མ་ཡིན་འདི་རྒྱལ་རྣམས།། མི་མིན་འདིར་ནི་འཁོར་ལོའི་དབང་ཕྱུག་ཡུལ་མིན་དབང་པོ་མ་ཡིན་ས་སོགས་མིན།། གཟུགས་ལ་སོགས་པ་ཡང་མིན་ཆོས་ཉིད་བདག་ཉིད་ཕྱིར་ན་དེ་རྣམས་དཀྱིལ ་འཁོར་བྱ།། སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ཁོར་ཤེས་པར་བྲིས་དང་སེམས་ཁྱོད་ཅི་ལ་འཁྲུལ་ཞེས་སྷོ།། དཀྱིལ་འཁོར་གྱི་འཁོ་ལ་སྤྲོས་པར་བྱེད་པའི་སྔགས་པ་གང་གཱི་ཚེ་ལཱས་སྐམས་པར་གྱུར་པ་དེའི་ཚེ་བས་མ་གཏན། ་གུཞན་གྱིས་ལླིས་ཆོམ་ཕྱིར་བྱེད་པ་བསྟན་པའི་ཕྱིར་མཐོགང་ཙམ་གྱི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། སྐྱེ་བོའི་སྟེང་དུ་ན་མཁའ་ལ་ཝ~ཾ་ཡིག་ཡོངསུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་ད་ལྔ་འཁོད་བརྟག་པ་སྟེ། སྒོམ་པ ་དེ་སྲིད་དུ་བྱའོ།། དེ་ནས་ཨོཾ་ཡོག་རབ་ཏུ་འཇུག་པའི་བདུག་ཉིད་ཙྪནྡ་བྷཱུ་བིའི་དཀྱིལ་འཁོར་གྱི་དབུས་སྟོན་པར་བསྒོམས་ནས་བདུད་རྩི་ལྔ་ནི་ངེས་པར་འབྱབ་པར་བྱ་སྟེ། ད་རྣམས་ཀྱིས་འདྲི་བ་མེད་པར་བྱེད་དེ་ཞེས་པས་བདུད་རྩི་ལྔརྣ ་ཏེ། དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་འོད་ཟེར་ལྔའི་རང་བཞིན་གྱི་སྤྱི་བོ་ནས་རླུང་པའི་མབྷི་ལྀཾ་གྷྲི་བར་དུ་མངོན་པ་དབང་བསྐུར་བར་བྱའོ།། བརྗོད་པའི་མྱི་ཚན་ཉིད་ནི་དྷིའི་སྦྱོར་བ་ཏེ་དེ་བཞིན་གཤེགས་པ་དམིགས་པར་བྱེང ་དི་སྐྱེས་ནི་ཀཎྜཱི་རྗི་བ་ན་པའི་སྲས་ཡང་ད་པར་སྐྱེའོ།། ལས་ཏེ་རིང་པོར་མི་ཐོགས་པར་ཝིམྦྷ་ལ་སོགས་པ་འཾ་དེ་བར་གནས་པ་ཉིད་ཀྱང་ཐོབ་པསྟེ་རྙིང་དེ་ཞེས་པ་བཅུ་ཡོན་ནོ།། ཡང་ན་ནང་གི་བདག་ཉིང་དོན་ཙྪེ ་ཀྱིས་ཚིམ་པར་བྱེད་ཀྱི་གསུངས་པ། སྐྱེ་ན་རྒན་མི་སོན་བྱས་ནས་རྡོ་རྗེ་བྲ་མོ་བདེ་རེག་ལས།། སེམས་ནི་མཉམ་པར་འཛག་པར་འགྱུར་ཞེས་སོ།། དེ་ལྟང་གམིས་ལས་རྣལ་འབྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་མ ་ཚིག་གོ།། ཧཱུཾ་ཡིག་གིས་ནཱི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ཀྱི་རྒྱས་པར་བསྟན་པའི་ཚིག་གོ། ཧཱུཾ་ཡིག་གིས་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་དང་པོར་ཧཱུཾ་གཉིས་དང་ཡཾ་གི་ས་བོན་ལས་བྱུང་བའི་རླུང་གི་དཀྱིལ ་འཁོར་ལྗང་སྔོ་གཞུའི་དབྱིབས་ཅན་རྡོ་རྗེ་གཉིས་ཀྱི་མཚན་པ། འབར་བར་བྱེད་པ་རྣམ་པར་བསྒོམ་པར་བྱའོ།། དེའི་སྟེང་དུ་ཧཱུཾ་གཉིས་དང་རཾ་ལས་བྱུང་བའི་གདུང་བར་བྱེད་པ་མེའི་དེ་དཀྱིལ་འཁོར་ཁ་དོག་དམར་པོ་ཟུར་གསུམ་པ་རྡོ་རྗེ་གཉིས ་ཚན་པའོ།། དྲིའི་སྟེང་དུ་ཨོཾ་ཡིག་ཡོངསུ་གྱུར་པ་ལུས་པདྨའི་སྣོད་ཕྱི་དཀར་པོ་ནང་དམར་པོ་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པ་ཡང་བལྟས་ནས། དེའི་དབུསུ་བཟའ་བར་བྱ་བ་ཟན་ལ་སོགས་པ་ལ་བུཾ་ཨཾ་ཛྲྀ་ཁཾ་ཧཱུཾ་ཞེས ་པའི་ས་བོན་ཡོངསུ་གྱུར་པས་གོ་ཀུ་ལ་སོགས་པ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་ཡེ་ཤེས་ལྔའི་བདག་ཅན་ཨོཾ་ཡིག་གིས་མཚན་པའོ།། དེ་བར་སྣང་དུ་ཧཱུཾ་ཡིག་གིས་ལས་སྐྱེས་པའི་རྡོ་རྗེ་དཀར་པོས་དཀྲུག་པར་བྱའོ།། ས་པ་ཧཱུཾ་ཡིག་གིས ་སྦྱོང་བར་བྱེད་པ་སྟེ་རྡོ་རྗེ་དང་པདྨའི་སྣོད་མཉམ་པར་སྦྱོར་བ་ལས་རྡོ་རྗེ་ཉིད་དུ་རོ་མཱ་ཉམ་པར་གྱུར་ཏེ་ཞེས་པའི། ཨཿཡིག་གིས་ནི་རྟོགས་པར་བྱའོ།། ཡེ་ཤེས་ཀྱི་ཉི་མ་དང་མཚུངས་པར་འབར་བའི་ཨོཾ་ཡིག་གིས་རབ་ཏུ་འབར་བར ་བྱེད་པ་སྟེ། འདིས་དམ་ཚིག་གི་བདུད་རྩི་རྫོགས་པར་བྱེད་པའོ།། དེར་གནས་པའི་ཡི་གེ་གསུམ་ལས་སྤྲོས་པའི་འོད་ཟེར་ངེས་པར་བབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་གནས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི ་བདུད་རྩི་བཀུག་ནས། དམ་ཚི་གི་བདུད་རྩི་ལ་རབ་ཏུ་བཅུག་ཏེ་ཡི་གེ་གསུམ་གྱི་ལྡན་བདུན་དུ་བྱིན་གྱིས་བརླབ་པར་བྱའོ།། ཞེས་པ་ཁ་ཟས་སྦྱང་བའོ།། མགྲིན་པར་དུང་ཞེས་བྱ་བ་ལ་སོགས་པ་ནས། ལྐོག་མ་སྦྱང་བའོ་ཞེས་པའི་མཐར་ཐུག་པའི་མི ་བསྐྱོད་པའི་རྣལ་འབྱོར་པ་ལ་བལྟོས་པ་སྟེ་རྩ་བ་ཉིད་ལས་གསལ་ལོ།། སྤྲིན་གྱི་སྒོ་ཞེས་བྱ་བ་ལ་སོགས་པ་ལ་སྤྲིན་གྱི་སྒྲ་སྟེ་ཧཱུཾཧཱུ~ཾ་ཡོག་སྙིང་གར་བསམས་ནས། རྩེ་གསུམ་མེ་ནཱི་དེ་ལས་སྤྲོ།། དེར་ནི་བཟོའ་བ་བསྲེག་པ་དག། འདི་ནི་ནང་གི་སྦྱིན ་སྲེག་ཡིན། དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་མགྲིན་བཱ་དུང་དང་པདྨོའི་སྟེང་དུ་རང་རང་གི་ས་བོན་ཡོངསུ་གྱུར་པའི་འཁོར་ལོ་ལ་སོགས་པའི་མཚན་མ་ཨོཾ་ཡིག་ལ་སོགས་པས་བྱིན་གྱིས་བརླབས་པ་བསྐྱེད་ནས་ཞི་བོ ་ཅན་ལ་སོགས་པའི་ལས་ཀྱི་དབྱེ་བས་རང་རང་གི་ཏིང་འཛིན་སེམས་དཔའི་རྩེ་གསུམ་གྱི་མེ་ལ་བཟའ་བ་སྦྱིན་སྲེག་གྱིས་ཤིག་པ་ནི་མན་ངག་གོ།། རླུང་ཞེས་བྱ་བ་ལ་སོགས་པ་ནས་འཚེ་བ་ཐམས་ཅད་འཇིག་བྱེད་པ་ཞེས་པའི་མཐོར་ཐུག་པ་ནི ་གོ་སླའོ།། འདི་ཉིད་ཀྱི་ནང་དུ་ལྷོ་སྦྱར་བྱེད་པའི་སྦྱོར་བ་ལས་ཤེས་པའི་རྐང་པ་ཡོད་དེ། འདིའི་བཤད་པ་ནི་སྟེང་འོག་གི་རླུང་གི་འཁྲུལ་འཁོར་ལས་སོ།། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ཡང་ཆེས་གསལ་བར་བཤད་དོ ་ཞེས་པ་མདོར་བྱས་ཀྱི་རིམ་པོའི་དོན་མདོར་བཤད་པ་རྣལ་འབྱོར་ཡིད་ཕྲོག་རྫོགསོ།། མདོར་བྱས་ཀྱི་རིམ་པར་ལུས་རྣམ་པར་དབེན་པ་སོ་སོར་བསྟན་ནས་དེ་ནི་རྡོ་རྗེ་བཟླས་པའི་རྣམ་པར་བཤད་པ་ཉེ་བར་བསྟན་པར་འདོད་ནས་སེམས་ཅན ་ཀུན་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མགོན་པོ་ནི་སྐྱོབ་པར་གྱུར་པའོ།། ཅིར་གྱུར་ཅེས་སེམས་ཅན་ཀུན་བདག་ཉིད་སྟེ། ཀུན་ཡང་དེ་ཡིན་ལ་སེམས་ཅན་རྣམས་ཀྱང་ངོ་ཞེས་པས་སེམས་ཅན་ཀུན ་ནོ།། ས་མ་ལུས་པར་ངེས་པར་གནས་པའི་སྲོག་ཆགས་ངེས་པར་སྐྱེས་པ་དེ་རྣམས་ཀྱི་བདག་ཉིད་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་ལྡན་པའི་ཐུགས་རྡོ་རྗེའོ།། དེ་ནི་དཔལ་ལྡན་བདེ་ཆེན་ཏེ་དཔལ་དང་ལྡན་པ་དང་བདེ་བ་ཆེན་པོ ་གཉིས་ཀ་འདིའོ།། བདུད་ནས་ནི་ཕྱག་བྱས་སོ་སོ་རྡོ་རྗེ་བཟླ་བའི་རི་མོ་བཤད་བྱ་ནི་བརྗོད་པར་བྱའོ།། གང་ལས་ན་རྣལ་འབྱོར་རྒྱུད་ཀྱི་རྗེ་སཱ་འབྲངས་ནས་ཏེ།། རྣལ་འབྱོར་རྒྱུད་ནི་དཔལ་འདུས་པ་ལ་སོགས་པའི་རྐྱེང་ངོ་།། དེའི་རྗེ་སུ་འབྲངས ་ནས་ནི་དེའི་དོན་ལྷག་པར་རྟོགས་པ་ལས་སོ།། རྡོ་རྗེ་བཟླས་པ་ལ་འཇུག་པར་བྱེད་པའི་རིམ་པ་རབ་ཏུ་བསྟན་པར་འདོད་ནས་བསྐྱེད་པའི་རིམ་ལ་ལེགས་གནས་རྣམས་ཞེས་བྱ་བ་ལ་སོགས་གསུངས་ཏེ་བསྐྱེད་པའི་རིམ་ལ་ལེགས ་གནས་རྣམས་ནི་མདོར་བྱས་ཀྱི་རིམ་པ་བསྒོམ་པར་བྱེད་པ་རྣམས་ཀྱིའོ།། རྫོགས་པའི་རིམ་པ་ནི་ཟུང་འཇུག་གི་གཟུགས་འདོད་པ་རྣམས་ཀྱིའོ།། ཀུན་ནས་ཐོབ་པར་འདོད་པའི་ངང་ཚུལ་འདི་རྣམས་ནི། རྫོགས་པའི་རིམ་པ་འདོད་པའི ་རྣལ་འབྱོར་པ་རྣམས་ཀྱིའོ།། འདི་སྟེ་རྡོ་རྗེ་བཟླས་པོ། ཐབས་ཏེ་རྒྱུར་གྱུར་པ་དེ་ཡང་འཆང་བཞིན་པའོ།། རྫོགས་པའི་སངས་རྒྱས་ཀྱིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ནི་རབ་ཏུ་སྟོན་པའོ་ཅི་ལྟ་བུར་ན ་སྐས་ཀྱི་རིམ་པ་ལྟ་བུར་རོ།། སྲོག་གྱུར་པའང་ཞེས་བྱ་ལ་སོགས་པ་ནི། རླུང་བཤད་དོ།། རླུང་ཞེས་བྱ་བ་ནི་རབ་ཏུ་བསྟན་པ་གང་ཡིན་པ་དེ་རླུང་ཞེས་བྱ་བའོ།། སེམས་ཅན་རྣམས་ཀྱི་ནི་འཇིག་རྟེན་རྣམས་ཀྱིའོ།། སྲོག་གྱུར་པ་ནི་འཚོ ་པར་གྱུར་པའོ།། ལས་ཀུན་རྣམས་ནི་བསྐུམ་པ་དང་བརྐྱང་བ་ལ་སོགས་པ་ངེས་པར་བྱེདདོ་ཞེས་པས་ལས་ཀུན་བྱེད།། རྣམ་ཤེས་བཞོན་པ་ནི་རྣམ་པར་ཤེས་པའི་བཞོན་པར་གྱུར་པ་སྟེ། རྟ་ལ་ཞོན་པ་བཞིན་ནོ།། དེ་ལྟ་མོད་ཀྱི ་རླུང་དང་རྣམ་པར་ཤེས་པ་དག་ཅི་ལྟར་སྣང་བ་དང་བཅས་པ་མ་ཡིན་ནམ་ཞེས་ན་རླུང་གི་ཁམས་ནི་གཟུགས་མེད་པ་ཅན་རྣམ་པར་ཤེས་པ་ཡང་གཟུགས་མེད་པ་ཅན་ཏེ། འདི་དག་གི་རེ་རེ་ནས་རང་ལས་རང་དངོས་པོ་མེད་ཅན་ཡུལ ་དུགྲུབ་པར་ཉེ་བར་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་དྲི་བའོ་འདི་ལ་ལན་རླུང་དང་རྣམ་པར་ཤེས་པ་གཅིག་ཏུ་གྱུར་པས་སླར་ཡང་ཡུལ་རྣམསུ་དམིགས་པའི་ཕྱིར་རོ་ཞེས་བྱས་ནས་སྣང་བ་དང་བཅས་པའོ།། དེ་བཞིན་དུ་ཡང་དགོངས ་བཾ་བླ་ན་མྱེད་པར་གསུངས་པོ། གང་ཚེ་སྣང་བས་ལྡན་གྱུར་པ།། རླུང་གི་བཞོན་པ་ཉིད་གྱུར་པཱ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རོ།། དེ་ཉིད་རླུང་ཞེས་བྱོ་བྲ་ལྔའི་བདག་ཉིད་དེ་རྣམ་པ་ལྔར་འགྱུརརོ།། ཇི་ལྟར་ན་སྙིང་གར་སྲོག ་བཤང་སྒོར་ཐུར་སེལ་ལོ།། མཉམ་ནས་ལྟེ་བར་ཡང་དག་པར་གནས་སོ།། རྒྱན་རྒྱུ་མགྲིན་པའི་ཕྱོགས་སུའོ།། ཁྱད་བྱེད་ལུས་ཐམས་ཅད་དུ་གནས་པའོ་རིགས་པ་ལསོ།། དེ་ཉིད་སླར་ཡང་ལྔའི་བདག་ཉིད་རྣམ་པ་བཅུར་གྱུར ་ཏེ་མིག་ལ་སོགས་ལ་གནས་པ་ཀླུ་དང་རུས་སྦལ་དང་རྩངས་པ་དང་ལྷ་བྱིནུ་དང་ནོར་ལུས་རྒྱལ་བ་རྣམས་ཀྱི་ལྷན་ཅིག་པའོ།། རླུང་གི་དེ་ཉིད་རིམ་གྱིས་ནཱི་ཞེས་བྱ་བཱ་ལ་སོགས་པ་ནས་འོད་གསལ་བས་ནི་རྣམ་པར ་སྦྱངས་ཞེས་བྱ་བའི་མཐར་ཐུག་པ་ནས་བརྩམས་ཏེ། དྲིམ་པ་བཞིའི་ཆ་ཤཱ་ཀྱི་དོན་རྣར་དབྱེ་བར་བྱའོ།། རླུང་གི་དེ་ཉིད་རིམ་བྷི་ནི་སྭེ་པ་དྷཱ་དྷ་ལ་བཱ་སྥཊ་ཀྱི་དེ་ཉིད་ལ་ཡང་དག་ལྔ་འདུག་པ་སྟེ་རབ་ཏུ་འཇུག་བྱ་མི་འགྱུརོ།། སླཿ་ནི་ཡི་གེ་གསུཾ་བོ་རྣཾམོ།། དེ་རྗེས་ཀྱི་འདུག་པ་དྨ་གནས་པ་དང་ལྡིང་བའི ་རང་བཞིནི་ཡོངསུ་ཤེས་པས་སྔགས་ངེས་པར་སེམས་པར་བྱེད་དེ་རྣམས་རྟོག་སོ་ནས་ནི་ཡོངསུ་ཐོབ་ནུས་རྡོ་རྗེ་བཟླས་པ་ལ་ལེགས་པར་སློབ་པར་འགྱུརརོ།། རྡོ་རྗེ་བཟླས་གནས་ཞེས་པ་དོན་ཅི་ཡིན་པ་མངོན་སུམ་དུ་བྱས་པ་རྫོ ་བཟླས་པའི་ཏིངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་སྔགས་པ་སེམས་ལ་དམིགས་པ་ཐོབ་པར་འགྱུར་ཏེ་སོ་སོར་རྙེད་པའོ།། རྟེན་དང་བརྟེན་པའི་ངོ་བོས་ངག་དང་སེམས་ངག་གི་གཅིག་ཏུ་ཀུན་ཏུ་གནས་པའི་ཕྱིར་སེམས་ལ་དམིགས་པ ་བ་གཉིས་པ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཅི་ལྟར་ཞེ་ན། ཇི་ལྟར་འདིས་ཁ་ཅིག་འདི་སྐད་སྨྲ་སྟེ་རྡོ་རྗེ་བཟླས་པ་ནི་ངག་རྣམ་པར་དབྱིན་པ་ཁོ་ན་སྟེ་གཞན་ནོ།། དགོངས་པ་བླ་ན་མེད་པས་སེམས་རྣམ་པར་དབྱེན ་བའོ་ཞེས་སོ།། དེ་ནི་འཐང་བ་མ་ཡིན་ཏེ། ཅིའི་ཕྱིར་ནི། སེམས་ལ་དམིག་པ་ཙམ་ཞིག་ནི།། རིམ་པ་གཉིས་པར་བརྗོད་པར་བྱ་ཞེས་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱི་ངེས་པར་གསུངས་པའི་ཕྱིར་དང་། འདི་ཉིད་དུ་བདག་བྱིན ་གྱིས་བརླབ་རིམ་དུས་ཀྱང་ལུས་དང་ངག་སེམས་རྣམ་པར་དབེན་པ་ཐོབ་པ་ཞེས་གསུང་སོ།། དེའི་ཕྱིར་རིམ་པ་གཉིས་པ་ཉིད་ཀྱིས་ངག་དང་སེམས་ལ་དམིགས་པ་རང་བཞིན་མེད་པ་ཉིད་ཀྱི་ཡེ་ཤེས་གཉིས་ནི་བརྫུན་པའོ་ཞེསོ།། ་སྒྱུ་མ་ལྟ་བུའི་ཏིངངེ་འཛིན་གནས་ཞེས་པ་ནི། ལྔ་པོ་བྱས་པའི་རབ་ཏུ་དབྱེ་བས་མདོར་བྱས་ཀྱི་རིམ་པར་ལུས་བརྫུན་པ་ཉིད་དང་། རྡོ་རྗེ་བཟླས་པ་དག་དང་སེམས་ངག་བརྫུན་པ་ཉིད་དོ་ཞེས་སོ་སོར་ཤེས་པ་གསུམ་པོ་འདི་རྣམས ་ཀྱི་ཡེ་ཤེས་གསུམ་པོ་རྣམས་ཀྱི་ཡང་དག་པར་སྦྱོར་བ་སྟེ་གཅིག་ཏུ་གྱུར་པ་གང་ཡིན་པོ་དེ་གསུམ་ཡང་དག་པར་སྦྱོར་བ་ཞེས་རྡོ་རྗེ་གསུམ་དང་བྲལ་བས་མ་ནོར་བས་གྱུར་པ་ནི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་སྒྱུ་མ་ལྟ་བུའི ་ལྷའི་གཟུགས་སྒྱུ་མ་ལྟ་བུའི་ཏིངངེ་འཛིན་ནོ།། དེ་ལ་གོནས་པ་རྣལ་འབྱོར་པའོ།། ཡང་དག་མཐུས་ནི་རྣམ་པར་སྤངས་ཞེས་བྱ་བས་ནཱི། འོད་གསལ་བ་ནི་ཐོབ་པར་འགྱུར་ཞེས་པའི་རིགས་པ་ལའོ།། ལུས་དང་ངག་དང་སེམས ་དམིགས་པ་ངེས་པར་རྟོག་པའི་ཚུལ་ཐོབ་པ་ཀུན་རྫོབ་ཀྱི་བདེན་པའི་རོང་བཞིན་ཉེ་བར་མི་དམིགས་པ་དེ་ཐམས་ཅད་ཀྱི་དེ་ནྡོ་དམ་པའི་བདེན་པའི་རྟོགས་པ་བླངས་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་བསྟན་ཏོ།། ཡང ་དག་མཐའ་ལས་ལངས་ནས་ནི་ཞེས་པ་ནི། དེ་ལས་སྤྲུལ་པ་ཉིད་ཀྱིས་ཡང་དག་པར་ལངས་པའོ།། གཉིས་མེད་ཡེ་ཤེས་ནི་གཉིས་དང་བྲལ་བའི་ཡེ་ཤེས་སོ་ཐོབ་པར་འགྱུར་ནི་སོ་སོར་རྙེད་པ་ཉིད་དོ།། དེ་བཞིན་དུ་ཡང་འཕགས ་པས་གསུངས་པ། ཇི་ལྟར་དང་བའི་ཆུ་ཀླུང་ལས།། ཉི་དགྲ་མྱུར་དུ་འཕྱར་བར་བྱེད།། དེ་བཞིན་འོད་གསལ་དང་བ་ལས།། སྒྱུ་འཕྲུལ་དྲ་བ་བཞེངས་པ་ལས་ཤེས་པའི་རིགས་པ་ལས་སོ།། ཟུང་དུ་འཇུག་པའི་ཏིང ་འཛིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པའོ།། གླང་ལ་ཡང་མི་སློབ་དཔོན་ནི་སློབ་པར་བྱ་མེད་པར་མི་འགྱུར་རོ།། རིམ་པ་འདི་ཉིད་ཀྱིས། འདི་ནི་རྫོགས་རིམས་རྣལ་འབྱོར་ཞེས་བྱ་ལ་དེ ་ནི་རྡོ་རྗེ་འཛིན་པ་ཆེན་པོར་འགྱུརརོ།། གཞན་རྣམ་པ་ཀུན་གྱི་མཆོག་ལྡན་པ་ལ་སོགས་པ་ཐམས་ཅད་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་ཁྱད་པར་རོ་ཞེས་པོའོ།། དེ་ཉིད་འདི་དག་རྒྱས་བཏབ་གནས་ཞེས་པ་ལ་སོགས་པ་ལ།། འདི་དག་སྟེ་རྣམ་པར ་བཤད་པ་གསུངས་པའི་གང་ཡིན་པ་དེ་ཉིད་དོ།། རྒྱུད་དུ་ལེགས་པར་རྒྱས་བཏབ་པ་ནི་དགོངས་པའི་སྐད་ཀྱིས་སྦས་པར་བྱས་པའོ།། དེ་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལ་སོགས་པའི་རྗེ་སུ་འབྲངས་པས་ཏེ། དེའི་རྗེསུ་འགྲོ་བས་བླ་མའི་ཞལ ་ལས་རྟོགས་པར་བྱ་བ་ནི་བླ་མ་ལས་དངོས་སུའོ།། དེ་ལ་ཞེས་པ་ནི་རླུང་རྣམ་པ་ལྔ་པོ་དེ་ལ་ཆེས་དང་པོར་ཞེས་པ་ནི་འོད་གསལ་བ་ལ་སོགས་པ་རྣམས་ཀྱི་དང་པོར་བདག་བྱིན་གྱིས་བརླབ་པའི་རིམ་པ་བདག་བྱིན་གྱིས་བརླབ་པ་ལ་སོགས ་བའི་དང་པོར་རྡོ་རྗེ་བཟླས་པ་འདིའོ།། འདི་དག་གི་ནང་དུ་རྡོ་རྗེ་བཟླས་པོ་ཆེས་མཆོག་གོ།། རླུང་གི་དེ་ཁོ་ན་ཉིད་དོ་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་བ་ནི་བཤོད་པར་བྱ་སྟེའོ།། འདི་ཉིད་ཀྱིས་རྒྱས་པར་བཤད་པ་དང ་སོ་སོར་རྒྱས་པར་བཤད་པའི་བཤད་པ་ནི་འཆད་བཞིན་པའི་གཞུང་དུ་འགྱུརརོ།། རྩ་བའི་རྒྱུད་ལས་ནི་དཔལ་འདུས་པའི་རྒྱུད་ལས་སོ།། སྣ་རྩེར་ཡུངས་དཀར་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་སྣའི་རྩེ་མོ་ནི་སྟེང་གི་སྣའི་བུ་གར་རོ།། ་ཡུངས་ཀཱར་ནི་རླུང་ཕྲ་མོའི།། དེ་བསམ་པར་བྱ་བ་ནི་ཚོན་པར་བྱའོ།། ཅི་ལྟར་ཡུངས་ཀཱར་གྱི་སྒྲས་རླུང་གི་ཁམས་མངོན་པར་བརྗོད་པ་བྱ་ཞེ་ན། འདིར་གསུངས་པ།། རྒྱུ་བར་བྱེད་དྲོ་འགྲོ་བར་བྱེདོ་ཞེས་བྱས་ནས་ཨུ་ཎ་ལ་སོགས་པར་སདྡྷི་ལུས ་པ་ཥའི་མཐའ་ཡང་དྲོ།། དེས་ཡུངས་ཀར་ཏེ་རླུང་ཕྲ་མོ་ཉིད་དེའི་ཆོས་ཅན་ཡིན་པའི་ཕྱིར།། འགྲོ་དང་མི་འགྲོ་ཡུངས་ཀར་ལ་ནི་ཡུངས་ཀར་ལ་སྟེ་ཕྲ་མོའི་ཁམས་ལའོ།། འགྲོ་བ་དང་བཅོས་པའི་མཽ་འགྲོ་བ་དང་བཅས་པའི་མི་འགྲོ་བི་ནི་རྟེན ་དང་བརྟེན་པར་གྱུར་པའི་ཡི་གེ་གསུམ་རླུང་དང་ལྷན་ཅིག་པས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་གཅིག་ཏུ་བསྒོམ་པར་བྱའོ།། ཡེ་ཤེས་གནས་ནི་ཡེ་ཤེས་གསུམ་པོ་དེའི་གནས་པ་སྟེ་རྟེན་ཞེས་པའི་རྣམ་གྲངསོ།། ཉམས་དགའ་བ་ནི ་ཉམས་དགའ་བར་བྱ་བ་སྟེ། ཅིའི་ཕྱིར་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་དང་ལྷན་ཅིག་པའི་ལྗང་གུ་ལ་སོགས་པའི་རང་བཞིན་ཉིད་ཕྱིར་རོ།། གསང་ཆེན་ནི་ཤིན་ཏུ་དགའ་བ་སྟེ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པ་ཉིད་རྣམས་ཀྱིའོ།། ཡེ་ཤེས ་ས་བརྟགས་པ་ནི་འཇུག་པ་དང་། གནས་པ་དང་འབྱུང་བས་རླུང་ལ་ཡེ་ཤེས་ཀྱིས་ངོ་བོ་ཡི་གེ་གསུམ་དུ་རྣམ་པར་བརྟགས་པའོ།། ཁ་དོག་ལྔ་ཞེས་བྱ་བ་ལ་སོགས་པ་ནི་ཕྲ་མོ་རླུང་གི་ཁམས་དེ་ཉིད་དཀོར་པོ་ལ་སོགས་པའི་ཁ་དོག་དང ་དང་ལྡན་པའོ།། རིན་ཆེན་པོ་ནཱི་རིན་པོ་ཆེ་ཆེན་པོ་ལྟར་རིན་ཐང་མེད་པའོ།། ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་ནི་ཡུངས་ཀར་ལྟར་ཕྲ་མོའི་རླུང་གི་ཁམས་ཙམ་མོ།། སྣའི་རྩེ་མོར་ནི་སྔར་བཤད་པས་གས་ལོ།། ་རྙན་གྱིས་ནི་འབང་བ་ཕུལ་དུ་བྱུང་བསོ།། བསྒོམ་པར་བྱ་ནི་རྣལ་འབྱོར་ལཱསྟེ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་རང་བཞིན་ལྔས་སམ། སྐད་ཅིག་གིས་ཞལ་གསུམ་པ་ཕྱག་དྲུག་པར་དམིགས་པ་ལས་སོ།། རྟགས་ཏུ ་དུས་ཐམས་ཅད་དུའོ།། འདི་ནི་དགོངས་པས་བཤུ་པའོ།། ཚིག་འདིའི་རྒྱས་པར་བཤད་པ་ལྷ་མོ་བཞིས་ཡོངསུ་ཞུས་པའི་བཤད་པའི་རྒྱུད་དུ་གསུངས་པས། དེ་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་མོ་ཞེས་པ་ནི་ལྷ་མོ ་རྣམས་ཤེས་བོད་པའོ།། ཡང་དག་རབ་བཤད་བྱའོ་ནི་བསྟན་པར་བྱའོ་སྟེ་བཅོམ་ལྡན་འདས་ཀྱི་གསུང་ངོ་།། སྙིང་པོ་ལས་ནི་མདོར་བྱས་ཀྱི་རིམ་པ་ལུས་སོ།། ཆེས་སྙིང་པོ་ནི་རྡོ་རྗེ་བཟླས་པའི་རིམ་པའོ།། མཆོག་ནི་དམ་པའོ།། གསུང ་ཆེན་ནི་ཤིན་ཏུ་སྦས་པའོ།། སངས་རྒྱས་ཀུན་གྱིས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱིའོ།། གང་ནི་རྡོ་རྗེ་བཟླས་པོའི་མཚན་ཉིད་དོ།། དེ་ཐམས་ཅད་བདག་ཉིད་ནི། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི ་བདག་ཉིད་རླུང་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པའོ།། གནས་པ་ནི་འགྱུར་བའོ།། ཡེ་ཤེས་ལྔའི་དངོས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཕྱིར་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི ་བདག་ཉིད་ཅན་ནོ།། དེ་ཉིད་ནི་རླུང་གི་རང་བཞིན་ཅན་ནོ།། ཡུངས་ཀར་སྡེམ་པོ་ཚད་ཙམ་ནི་སྔར་བཤད་པ་ཉིད་ཀྱིས་གསལ་ལོ།། དེའི་ནི་རླུང་གིའོ།། དབུས་ན་གནས་པའི་ལྷ་ནི་ཡི་གེ་གསུམ་གྱིས་ཀུན་ཏུ་གནས་པ་སྟེ་དེའི་བདག་ཉིད་ཀྱིས་སྔགས ་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ།། མི་གསལ་བ་ནི་གཉིས་སྐྱེས་ཀྱི་ཕྱིར་དང་ཕྲ་མོའི་གཟུགས་ཉིད་ཀྱི་ཕྱིར་རོ།། གསལ་བའི་གཟུགས་དང་ལྡན་ཞེས་པ་ནི་བསྐུམ་པ་དང་བརྐྱང་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་རྗེསུ་རྟོགས་པར་བྱ ་བཞིན་པ་ཉིད་ཀྱི་ཕྱིར་རོ།། ཡང་ན་མིག་གསལ་བ་ནི་ས་ལ་སོགས་པའི་ངོ་བོས་གསལ་བ་ནི་རླུང་གི་ངོ་བོས་སོ།། འདུས་པའི་རྒྱུད་ཕྱི་མར་ཡང་དོན་འདི་ཉིད་གསལ་བར་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལོ ་སྟེང་དུ་གནས་པ་མི་ལོང་ལ་སོགས་ཡེ་ཤེས་ལྔའི་རང་བཞིན་གྱི་དབུག་སོ།། འདི་དག་གང་གི་ཚེ་འོག་ཏུ་རྒྱུ་བར་གྱུར་པ་དེ་ཉིད་འབྱུང་བ་ལྔའི་རང་བཞིན་ཏེ། སུ་ལ་སོགས་པའི་བདག་ཉིད་ཅན་ཏེ། དབང་པོ་གཉིས་མཉམ་པར ་སྦྱོར་བ་ལ་ནང་གི་བདག་ཉིད་ཅན་གྱི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པའི་དགའ་བས་མཆོག་ཏུ་བ་སྐལ་བས་ཡན་ལག་མཐའ་དགེ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་པའི་རང་བཞིན་རྡོ་རྗེའི་བུ་གནས་གོང་བུའི ་གཟུགས་ཀྱིས་ཕྱུང་ནས་ཏེ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱི་པདྨའི་སྣའི་རྩེ་མོར་ལྟུང་བར་བྱེད་དོ།། འདི་ནི་སྲིད་པ་སྐྱེ་བའི་རིམ་པ་བསྒོམ་པར་བྱེད་པ་པོ་རྣམས་ཀྱི་དེ་བཞིན་གཤེགས་པས་ཡུངས་ཀར་གྱི་སྒྲས ་བརྡར་བྱས་པའོ།། རྒྱུད་དུ་གསུངས་པ་ཡང་བདུད་རྩི་ཁུ་བ་ཞེས་བཤུད་དེ། དེ་ལས་འགྲོ་བ་གསུམ་རྣམས་སྐྱེས་ཤེས་སོ།། ཁ་དོག་ལཱུ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་སྟེང་དུ་རབ་ཏུ་འཇུག་པའི་དབུགས། ་དེ་བཞིན་གཤེགས་པ་ལྔའི་བདོག་ཉིད་ཅན་ནོ།། དེ་ཉིད་ཀྱི་ཕྱིར་རིན་ཆེན་ཆེན་པོའོ།། སྲོག་ནི་འཚོ་བའོ།། རྩོལ་བར་བྱེད་ཅིང་རིང་དུ་སྤྲོས་པར་བྱེད་པ་གང་ཡིན་པ་དེ་ནི་སྲོག་གྲི་རྩོལ་བའི་རླུང་། ཞེས་བྱ་བར་བཤད་དེ་ལྷག་པར་རྟོགས་པའོ།། ་དེ་ཉིད་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་ཉིན་མཚན་དུ་བཟློས་བཞིན་པ་ཉིད་ཀྱི་ཕྱིར་རང་སྔགས་ཤེསྭཱ་ཧཱུ~ཾ་ཡྲྀག་སྙིང་གར་བསམས་ནོས་ཧཱུཾ་ཡིག་ལས་བྱུང་བའི་ནཱ་དུ་མི་ཤིགས་པ་ཞེས་བྱ་བོ་ཨཱ་ཡིག་ཕྲ་མོ་ཐིག་ལེའི་རྣམ་པའོ།། ་སེམས་ནི་ཐིག་ལེར་གྱུར་པར་དགོད་ཅེས་པ་ནི། སེམས་དེར་གྱུར་པར་བྱས་ནས་བསྒོམ་བྱ་འོ་ཞེས་དགོངསོ།། འདིརི་ཊཱི་ལྟར་སྲོག་གི་སྒྲས་སེམས་རྣམ་པར་བརྗོད་པར་བྱ་ཞེ་ན་སྲོག་དང་སེམས་དཔའི་ཚོ་བ་ཞེས་པ་རྣམ་གྲངསོ་གང་གི་ཕྱིར་སྲོག་སེམས ་གང་ཡིན་པ་ལས་བློ་གྲོསུ་རྒྱུད་དུ་གསུངས་པའི་ཕྱིར་རོ།། འོདིས་སྦྱོར་བ་ཡན་ལག་དྲུག་གི་ནང་ནས་ནི་སྲོག་རྩོལ་གྱིས་ཡན་ལྷག་ཅེས་བྱ་བར་གསུངས་པ་ཉིད་རྡོ་རྗེ་བཟླས་པའི་རིམ་པར་རོ།། རིམ་པ་གཞན་རྣམསུ་ཡང་སོ་སོར་སྤྱོད་པ་ལ ་སོགས་པའི་སྦྱོར་བ་ཡན་ལག་ལྔའི་བཤད་པོ་སྦྱོར་བར་བྱེད་པོ་མངོན་པར་མ་བརྗོད་པ་ནི་གཞུང་རྒྱས་པའི་འཇིགས་པའི་ཕྱིར་རོ།། གོལ་ཏེ་དེ་རྣམསུ་སྦྱོར་བར་མངོན་འདོད་པ་ཡོད་པ་ནི། དེའི་ཚེ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི ་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བྱར་དེ་མ་ལུས་པའི་བཤད་པ་གསུང་བས་རྣལ་འབྱོར་པ་རྣམས་ཀྱིས་དེ་ལས་ནོགས་པུར་བྱས་ནས་སྦྱར་བར་བྱའོ།། འདིའི་ཡང་སླར་རྒྱས་པར་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་བཤད་པའི་རྒྱུད་དུ་གསུངས ་ཏེ། སྣ་རྩེ་ཞེས་བྱ་བ་ལ་སོགས་པ་ནས་ནང་གིས་དུས་ནི་ཡིན་པར་བཤད་ཙོས་པའི་མཐར་ཐུག་པར་རོ།། འདི་ནི་སྔོར་བཤད་པའི་རྒྱས་པར་བཤད་པའི་རྣམ་པར་བཤད་པར་སླར་རྒྱས་པར་བཤད་པས་རྣམ་པར་བཤད་པར་བ་སྟེ། ་སྣ་རྩོར་ཡུངས་ཀོར་ཞེས་བྱ་བ་སོ་གི་རྩོལ་བའི་རླུང་གི་བརྟག་པའོ།། སངས་རྒྱས་ལྔའི་རང་བཞིན་ལས་སྲོག་སྩོལ་བའི་རླུང་ལ་གནས་པ་དེ་ཉིད་འོད་ལྔ་རྣམས་སྲོགི་རྩོལ་བར་གྱུར་ནས་སྟེང་གི་སྭཱཉྫ་ཏིསྟེ་གི་སྣའི་རྩེ་མོར་སྲོགི་རྩོལ་པོའི ་བུ་ག་ནས་ངེས་པར་བྱུང་སྟེ་ལྡང་བ་ལ་སོགས་པའི་རིམ་པའི་ངེས་པར་བྱུང་བ་གཡོན་པ་དང་། གཡས་པ་ལ་སོགས་པའི་དབྱེ་བ་ལས་རྣམ་བཞིར་འགྱུར་ཞེས་པ་དེ་ཉིད་རྣམ་པ་བཞིར་འགྱུར་ཞེས་པ་དེ་ཉིད་རྣམ་པ་བཞིར་འགྱུ་རོ།། ་འདྲིས་ནང་གི་དུས་ཀྱང་ཡིན་པར་བཤད་དེ་ལྷག་པར་རྟོག་སོ།། སྣ་རྩེར་ཡུངས་ཀར་བསྟན་པར་བྱའི་མདོར་བསྟན་པའི་ཚིག་སུ་བཅད་པའི་སྔ་མས་བཤད་པ་གཅིག་མངོན་པར་བརྗོད་དོ།། བཤད་པ་གཉིས་པ་དེ་རུ་དྲངས་ནུས་པར ་མའི་སྒོམ་པ་པོས་ཁོང་དུ་ཆུད་པར་བྱའོ།། དེ་གསུངས་པ་སྣ་རྩེར་ཡུངས་གར་བསམས་པར་བྱ།། ཞེས་བྱ་བའི་རྡོ་རྗེའི་ཚིག་འདིའི་དོན་ནོ།། འདིས་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་བ་འགྱུ་རོ།། འགྲོ་མི་འགྲོ་བཅས ་ཡུངས་ཀར་ལ་ཞེས་པ་ནི། ཡུངས་ཀར་ལ་སྟེ་ཕྲ་མོ་རླུང་གི་ཁམས་ལ་རྟེན་དང་བརྟེན་པར་གྱུར་པ་འགྲོ་བ་མི་འགྲོ་བ་དང་བཅས་པ་ནི་རྣམ་པར་ཤེས་པ་གསུམ་བྱང་ཆུབ་ཀྱི་བདག་ཉིད་ཅནྡ་བསམ་པར་བྱ་སྟེ་རྣམ་པར་ཤེས ་པར་བྱའོ།། འདི་ནི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ།། ཡེ་ཤེས་གནས་ནི་ཉམས་དགའ་བ།། གསང་ཆེན་ཡེ་ཤེས་ཀྱིས་བརྟགས་པ་ཞེས་པ་ནི་ཡེ་ཤེས་གནས་ཏེ་རླུང་དང་རྣམ་པ་ཤེས་པའི་ལུས་འདི་ཉིད་གནས་མཐོར་ཐུག་པ་སྟེ་ཉམས ་དགའ་བ་སྟེ་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པ་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། ཡེ་ཤེས་ཀྱི་བརྟགས་པ་ཞེས་པ་འདིས་ལྷའི་དེ་ཁོ་ན་ཉིད་གསུངསོ།། བཤད་མ་ཐག་པའི་ཡེ་ཤེས་ལྔའི ་རང་བཞིན་འོད་ཟེར་ལྔ་རྣམས་གོང་ཡིན་པ་དེ་རྣམས་ཅི་ལས་འོངས་ནས་སྟེང་གི་སྣ་ལྔས་རྒྱུ་བར་བྱེད་དོ་ཞེས་མི་ཤེས་ཏེ། དེའི་དོན་དུ་ལྐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། འོན་ཀྱང་འདིར་ལྐོག་མ་ལ་སོགས་པ་དཀྱིལ ་འཁོར་བཞིའི་རླུང་རྒྱུ་བའི་རྣམ་གཞག་བསྟན་པ་ནི་ལུས་ལ་བལྟོས་པས་མི་རྒྱུ་བའི་རིམ་པས་རྒྱོ་བའི་རིམ་པ་ནི་གཞན་དང་འདྲ་བ་ཉིད་དོ།། སློབ་དཔོན་ཟླ་བ་གླགས་པའི་ཞབས་ཀྱིས་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བར་བཤད་པ་གསུངས་པ་དེ་གསུང ་པ་སྙིང་གར་ཆུའི་དཀྱིལ་འཁོར་རོ།། ལྐོག་མར་མེའི་དཀྱིལ་འཁོར་རོ།། གསང་བར་དབང་ཆེན་གྱི་དཀྱིལ་འཁོར་རོ།། ལྟེ་བར་རླུང་དཀྱིལ་འཁོར་ཏེ་འདི་རྣམས་ཆུའི་དཀྱིལ་འཁོར་ལ་སོགས་པ་རྣམས་དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ ་ལུས་ཐམས་ཅད་ལ་གནས་པའོ།། འདི་རྣམས་འབྱུང་བ་ན་ནི་ཞི་བ་ལ་སོགས་རིམ་པའི་དབྱེ་བ་ལ་བརྟེན་ནས་དབུགས་འབྱུང་བ་དང་རྔུབ་པའི་རིམ་པས་འགྲོ་བ་དང་འོང་བ་ཁྱད་པར་དུ་སྟོན་ཅིང་དཀྱིལ་འཁོར་བཞིའི་འཇུག་པའི་རིམ་པ ་ནི། གོ་རིམ་ཇི་བཞིན་ཏེ་རིམ་པའི་རིམ་པ་ལ་ས་མ་འོདས་པས་ཐུན་ཕྱེད་ཀྱི་དུས་སུ་གནས་པ་སྟེ་རྣམ་པར་རྒྱུའོ།། ད་ནི་དཀྱིལ་འཁོར་འབབ་པའི་ཁ་དོག་གི་དབྱེ་བས་ལྷའི་ངེས་པ་ནི་རྩ་བ་ཉིད་ལུས་གསལ་ལོ།། གཡས་པ་ཞེས་བྱ་བ་ལ་སོགས ་པ་ནས་རྣལ་འབྱོར་པ་རྟོགས་བྱ་མིན་ཞེས་པའི་མཐར་ཐུག་པ་གོ་སླའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་མདོར་བསྟན་པ་དང་རྒྱས་པར་བཤད་པོ་ལ་སོགས་པའི་རིམ་པས་རླུང་གི་དེ་ཉིད་སོ་སོར་བསྟན་ནས་དེ་ནི། སྔགས་ཀྱི་དེ་ནི་རིམ ་པ་འདྲི་ཉིད་ཀྱིས་བསྟན་པར་བྱ་སྟེ། དེ་ལ་ཐོག་མར་རེ་ཞིག་སྔགས་རྣམ་པ་བཞིའི་དེ་ཉིད་མདོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསེང་ཆེན་ཞེས་པ་ནི། ཨོཾ་ཨཱ~ཾཿཧཱུཾ་ཞེས་སོ།། ཡི་གེ་གསུམ་པོ ་གང་ཡིན་པ་འདི་ལས་བྱུང་བ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པ་ཞེས་པ་ལྷའི་གཟུགསོ།། སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་ཞེས་བྱ་ནི་སྔགས་དེ་ཉིད་ཀྱི་རང་བཞིན་མེད་པ་བསྟེན་པ་ལས་རང་བཞིན ་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ།། ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་འདི་བརྗོད་པ་ལས་ཚིག་གིས་བརྗོད་པའོ།། ་དོན་རྟོགས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་ཡི་གུ་ལ་སོགས་པ་རྣམས་ཀྱི་དོན་འཇུག་པ་ལ་སོགས་པའོ།། དེའི་རྗེ་སུ་རྟོགས་པས་ནི་དེའི་རྗེསུ་འབྲངས་པས་བཟླས་པ་བྱས་པ་གང་ཡིན་པའོ།། རྒྱུ་དེས་ན་ངོ་བོ་ཉིད ་མེད་པ་སྟེ་མི་ཤྲིང་པས་མཛེས་པ་སྟེ་བར་ཆད་མེད་པར་སྤྲོ་བའི་གཟུགས་ཀྱི་སོ།། དུས་གསུམ་སངས་རྒྱས་ཀྱིས་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱིའོ།། བརྟགས་པ་ནི་ངེས་པར་བརྟགས་པས་ཡོངསུ་ཤྲེ ་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཤིགས་པའི་ངོ་བོས་ཁོང་དུ་ཆུད་པའོ།། འདིས་སྔགས་ཀྱི་དེ་ཉིད་མཚོན་པས་བསྟན་པས་བསྟན་པར་འགྱུར་རོ།། སྔགས་རྣམ་པ་བཞིའི་ནང་དུ་ནི་དངོས་མཚོན་པའི་སྔགས་སྟོན་པར་བྱེད་དོ།། ་ཇི་ལྟར་ཞེ་ན་དགྲ་རྣམ་པར་དབྱེན་པའི་སྐབས་ཡིན་པའི་ཕྱིར་རོ།། སྤྱོད་བསྡུ་སུ་གསུངས་པ་ཡང་། དགྲ་རྣམ་པར་དབྱིན་པའི་མཐར་ཐུག་པ་རྡོ་རྗེ་བཟླས་པ་ཙམ་ཡོངསུ་ཤེས་པ་ཞེས་སོ།། རྡོ་རྗེ་ནི་རླུང་ངོ་།། དེའི་བཟླས་པའོ།། ཡང་ན་རང་བཞིན་གྱིས ་བཟླས་པ་ཉིད་ཡིན་པའི་ཕྱིར་གཞན་རྣམས་ཀྱིས་མཉན་པོར་བྱ་བཞོན་པ་མ་ཡིན་པའི་བཟླས་པ་ནི་རྡོ་རྗེ་བཟླས་པ་དེ་བརྗོད་པར་བྱ་སྟེ། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་སློངས་མོ་ཟ་བར་བྱེད་པའི་ངང་ཚུལ་གྱིས་བཟླས་པར་མི་བྱ ་སྟེསྐྱེ་རྣམ་པར་བལྟ་བར་མི་བྱའོ།། སློང་མོ་ཟབ་ནི་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེའི་ཕྱིར་སློང་དུ་འགྲོ་བ་དང་། འདྲ་བར་ཡོངསུ་ཚོལ་བ་ལ་སོགས་པ་དམན་པ་ལ་འཇུག་པའི་དོན་དུ་གཉེར་བ་གཞོན་རྣམས་ཀྱིས་བཟླས་པར་མི་བྱའོ།། ་སློང་ལ་འང་དགའ་བར་མི་བྱའོ།། སློང་བ་ཞེས་པ་ནི་ཟས་ཉེ་བར་མཚོན་པ་སྟེ། སློང་ལ་དགའ་བ་སྟེ་ཟས་ལ་རབ་ཏུ་ཆགས་པར་མ་གྱུར་པ། ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དེ་ཙམ་དུ་ཆོག་ཤེས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད ་པ་སྤྱད་པར་བྱའོ།། དེ་ལྟ་བུར་གྱུར་པའི་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པ་ཅི་ཞིག་བྱ་ཞེ་ན། བཟླས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦུགས་ནཱི་ཡི་གེ་གསུམ་མོ།། ཡནྡ་ལྷག་མ་ཉམས་པ་ཞེས་པ་ནི་ལྷའི་རྣལ་འབྱོར་མ་ཉམས ་འོ། འདོད་པ་ཀུན་ལ་ལོང་སྤྱོད་པར་བྱེད་པའི་སྔགས་པས་བཟླས་པར་བའོ་ཞེས་པའོ།། ཡང་ན་སྔགས་ཀྱི་ངོ་བོ་ཉིད་ཀྱིས་རླུང་ངེས་པར་རྒྱུ་བར་བྱེད་པ་ནི། སླར་ཡང་སོ་སོར་འདི་ནི་རླུང་ངོ་འདི་ནི་སྔགསོ་ཤེས་དབྱེ་བས་རྣ་མ་བར་བརྟག ་པར་བྱ་བ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་སོ།། མདོར་བསྟན་པའི་ཚིག་གིས་རྒྱས་པར་བཤད་པ་སློར་རྒྱས་པར་བཤད་པ་དགོངས་པ་ལུང་སྟོན་པ་བཤིད་པའི་རྒྱུད་དུ་གསུངས་ཏེ། དེ་ནས་སླར ་གསོལ་བ་ཞེས་བྱ་བ་ལ་སོགས་པ་སླར་གསོལ་ནི་གསོལ་བ་འདེབས་པར་བྱེད་པའོ།། དཔལ་ལྡན་ནི་ཕྱག་ན་རྡོ་རྗེའོ།། རྣམ་པར་སྣང་མཛད་ཁྱབ་བདག་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། སྣ་ཚོགས་གཟུགས་ཅན་སེམས་འདི་ནི་ཞེས་པ ་འགྲོ་བའི་རང་བཞིན་གྱི་སེམས་སོ།། སེམས་ཅན་ཐམས་ཅད་ཉེ་བར་སྐྱེད་པ་ནི་སེམས་ཅན་མཐའ་དག་སྐྱེད་པར་བྱེད་པའི་ཕྱིར་རོ།། སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟ་བུར་གྱུར་པའི་སེམས་རང་བཞིན་མེད་གྱུར་ཀྱང་། སྐྱེས་པ་ནི ་དང་པོར་སྐྱེས་པའོ།། ཅི་ལས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ།། དཔེར་ན་མེ་ལྡོང་གི་གཟུགས་རྙན་བཞིན་ནོ།། འདིས་བྱ་བ་བང་བྱེད་པས་དངོས་པོ་བཤད་པར་འགྱུརརོ།། དེ་ལྟ་བུར་གྱུར་པའི་སེམས་ཉིད ་ཀྱིས་རྗེ་སུ་མྱོང་བ་ནི་རང་ཉིད་ཀྱིས་ལོགས་པར་མྱོང་བར་བྱས་ནས་ཡང་དགེ་བའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ།། མཁའ་དང་མཉམ་ནི་འདི་ན་མཁའ་དང་མཚུངས་པའི་རྣམ་པར་བྱ་བའོ།། འགྲོ་བའི་དོན་ནི་མཛད ་པའོ།། སྐྱེ་བོ་མཆོག་ལ་དེ་བསྟན་གསོལ་ཅེས་བྱ་བ་ལ་སོགས་པ་ནས་རབ་ཏུ་ཕྱེ་ནས་བཤད་པར་བྱ་ཞེས་པའི་མཐར་ཐུག་པ་གོ་སླའོ།། མི་རྟོག་དོན་གྱི་ངོ་ཉིད་ལས་ཤེས་པ་ནི། བཅོམ་ལྡན་འདས་རབ་ཉིད་ཀྱི་སྔགས་ཀྱི་རྒྱལ་པོ་བཞིར ་བསྟན་པ་གང་ཡིན་པ་ནི། མཱི་རྟིག་དོན་གྱི་དེ་ཉིད་ལ་སྟེ་དོན་དམ་པ་ལས་སོ།། སྡོམ་མདོར་བསྟན་པ་གོང་ཡིན་པ་དེ་རྒྱས་པར་འཆད་པར་བྱེད་དོ་ཞེས་བརྗོད་དང་དམིགས་པར་བསྟན་པ་དང་།། བརྡར་གྱུར་དང་ནི་དོན་དམ་མོ་ཞེས་གསུང་སོ།། སླར ་ཡང་འདི་ཉིད་ཀྱིས་བཤད་པ་ནི། ཚིག་བརྗོད་པ་ནི་ཐུན་མོང་སྟེ་ཞེས་བྱ་བ་ལ་སྔོགས་པར་རྒྱས་པར་རོ།། ཐུན་མོང་ནི་རྗོད་པར་བྱེད་པར་རོ།། ཚིག་གཞན་གྱི་ནི་སྔགས་བཏུ་བའི་བཱིར་མ་ཆད་པས་སླར་ཡང་རྒྱས་པར་འཆང་ལྔ་འགྱུར་རོ།། དེར ་དྲངས་ནས་ཆེས་གསལ་བར་མཁས་པས་ཁོང་དུ་ཆུད་པར་བྱའོ།། དེ་ནི་བརྗོད་པའི་ཚིག་གིས་བཟླས་པ་བཏུ་བ་གསུངས་པ།། དང་པོ་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་རྣམས་ཀྱིས་ཤེས་པ ་སྡེ་ཚན་གཅིག་གོ།། ང་ཉ་ཎ་ན་མ་ཞེས་པ་ནི་གཉིས་པའོ།། ང་ཉ་ཎ་ན་མ་སྦས་ནས་ཀ་ལ་སོགས་པའི་ཡི་གེ་བཞིའི་སྡེ་ཚན་གྱི་སྡེ་ཚན་བདུན་དུ་བཟུང་བར་བྱའོ།། སྡེ་པ་དགུ་པོ་འདི་རྣམས་ཀྱིས་དབུས་ན་འཇུག་བཞིན་པའི་དང་པོ་གཅིག ་ཡི་གེ་གང་ཡིན་པ་དེ་བཟུང་བར་བྱའོ།། གཅིག་ཀྱང་འདི་ཡིན་ཏེ། དེའི་རིགས་ཀྱི་ནང་དུ་རྟོགས་པའི་ཕྱིར་རོ།། དང་པོ་ཡང་ངོ་ཞེས་པས་དང་པོ་གཅིག་གི་དབྱངས་ཏེ་ཨེ་ཡིག་གོ། དང་པོར་ཀླགས་པ་ཉིད་ཀྱི་ཕྱིར་རོ།། དེ་རྣམ་པར ་ཤེས་པར་བྱས་ནས་གཞན་གྱིས་ལྷན་ཅིག་ཡང་དག་པར་སྤེལ་ལོ།། འདི་སྡེ་མཚན་རྣམས་ཀྱི་དང་བློར་གྱུར་པའོ།། ཇི་ལྟར་ཞེ་ན་དེའི་དབུསུ་གཟུང་བ་ཉིད་ཀྱི་ཕྱིར་རོ།། ཇི་ལྟར་དང་པོར་བྱས་བཟུང་རྣམས་ཀྱིས་དབུསུ་བྱས་ཤེས ་དྲོན་ཏོ།། ནིའི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ།། བཅུ་ཡིས་ཤེས་བྱ་བ་ལ་སོགས་པ་ནི་བཅུ་ཡི་སྒྲ་ནི། བཅུ་པོ་རྣམསུ་མངོན་པར་བརྗོད་པར་བྱའོ།། དེ་ལྀ་ཨ་ཡིག་ལ་སོགས་པ་ནས་ཧ་ཡིག་གི་མཐར་ཐུག་པ་དམན་པའི ་ཡི་གེ་ལྔ་བཅུ་གཟུང་བར་བྱའོ།། བཅུ་པོ་བཞི་རྣམས་ཀྱིས་གཅིག་ཉིད་དུ་བྱས་ནས་བཞི་བཅུར་འགྱུརརོ།། བཏུས་པའི་ཡི་གེ་དགུའོ།། བཅུ་པོ་འདི་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་ནི་བཅིངས་པ་མེདོ།། ཡང་ན་བཅུ་ཡིས་ནི་སྡེ ་ཚན་བཅུ་རྣམས་ཀྱིས་མ་བཅིངས་པ་གང་ཡིན་པ་དེ་ནི་ཧ་ཡིག་ཏུ་ཤེས་པར་བྱའོ།། དེ་ཤེས་ཞེས་པ་ནི་གོ་སླའོ།། དེ་ནི་དགུ་དབུས་ཤེས་པ་འདི་ལ་དགུའི་སྒྲས་སྡེ་བར་གྱུར་པ་ཨ་ཡིག་ལ་སོགས་པ་རྣམས་མངོན་པར་འདོད་དོ།། ཁ་ཅིག ་གཞན་ཉིད་དོ་ཞེས་ཐེ་ཚོམ་ཟ་བ་བསལ་བར་འདོད་པས་གསུལ་བར་བྱེད་པ་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་ནི་ཨ་ཡིག་ལ་སོགས་པ་རྣམསོ།། གསལ་བྱེད་རྣམས་ནི་ང་ཉ་ཎ་མ་རྣམས་དང་།། ་དེའི་ལྷག་མ་རྣམས་གཟུང་བར་བྱའོ།། དང་ཡིག་ནི་ངེས་པར་གཟུང་བ་ལའོ།། དེ་ཉིད་ཀྱི་ཕྱིར་གྲངས་དགུ་ཡཽ་ནི་རྗེ་སུ་འཇུག་པར་ཁོང་དུ་ཆུད་པར་བྱའོ།། དགུའི་སྒྲས་གྲངས་གང་ཡིན་པ་བརྗོད་དེ། དེའི་རྗེསུ་འགྲོ་བས་དགུ་ཡི་སྒྲ་ཀུན་ཏུ་སོགས་པ་ཞེས ་པའི་དོན་ཏོ།། ཅི་ཨ་ཡིག་དང་ཧ་ཡིག་འདི་དག་འབའ་ཞིག་ཏུཟད་དམ། འོན་ཏོ་ཡི་གེ་གཞན་གྱིས་ཡང་དག་པར་བཅིངས་པ་ཡིན་ཞེ་ན། དེའི་ཕྱིར་ཨས་བཅིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཡིག་གིས་ཡང་དག་པར་བཅིངས་པ ་ནི་ཨ་ཡིག་གིས་ཡང་དག་པར་ལྡན་པའི་ཀ་ལ་སོགས་པ་ཡི་གེ་རྣམསོ།། ཕན་ཚུན་ཡང་དག་སྦྱོར་ལས་ནི་རྒྱུ་ལས་སོ།། འབྱུང་བའི་མཐའ་ཡིས་ཤེས་བྱ་བ་ལསོགས་པ་ནཱི་འབྱུང་བ་ཆེན་པོ་ལྔ་པོ་རྣམས་ནི་འབྱུང་བ་རྣམས་སོ།། འདིར་འབྱུང་བའི ་མཐའ་ནི་འབྱུང་བའི་སྒྲའི་རིམ་པའི་མཐའ་སྟེ་རིམ་པར་ཐ་སྙད་འདོགས་པ་བཞིན་ནོ།། དེས་ན་ཨུའི་ཡི་གེ་ཐུང་ངུ་ནི་འབྱུང་བའོ།། མཧཱའི་སྒྲ་ནི་གང་འབྱུང་བ་དང་། ཉེ་བའི་དངོས་པོ་མངོན་བརྗོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འབྱུང ་བའོ་ཞེས་རྟོགས་པར་བའོ།། བརྗོད་པར་མངོན་པར་འདོད་པའི་ཕྱིར་མ་བསྒྲུབས་ཀྱང་སྒྲ་རྣམས་ཀྱིས་རབ་ཏུ་འཇུག་སྟེ། ཨཱུའི་ཡི་གེ་རིང་པོ་མཐའི་སྒྲས་གཟུང་བར་བྱའོ།། ཨཱི་ཡི་ག་ནི་མ་ཡིན་ནོ།། འབྱུང་བ་ཡང་དེ་ཡིན་ལ་མཐའ་ཡང ་ཞེས་པས་འབྱུང་བའི་མཐའ་སྟེ།། དེས་ཡང་དག་པར་ལྡན་པའོ་བར་མ་ཆད་པར་འབྱུང་བའི་ཡི་གེ་གཉིས་ཀྱི་ཕ་རོལ་ལས་ཤེས་པ་ལྷག་མའོ།། ཆ་ཡི་དང་པོ་ཞེ་བྱ་བ་ལ་སོམས་ཆ་ཡང་འདི་ཡིན་ལ་དང་པོ་ཡོང་།། ཞེས་པས་ཆའི་དང་པོའོ།། ཆ་ནཱི། ་ཆ་ཤས་བཅུ་དྲུག་སྟེ་རྣམ་པར་དག་པས་དབྱངས་བཅུ་དྲུག།། ཆ་དེ་རྣམས་ཀྱི་དང་པོར་བྱུང་བའི་ཡི་གེ་ནི་ཨ་ཡི་གོ།། ཆའི་དང་པོ་བཅུ་དྲུག་འབའ་ཞིག་ཏུ་མ་ཟད་ཀྱི།། གནས་པ་སྟེ་བཅུ་དྲུག་པོ་རྣམས་རྫོགས་པ་བཅུ་དྲུག་གི་ཕ་རོལ་ཏུ་ཀུན་ཏུ་གནས་བྷཱ ་ཨཱཿཡིག་ཅེས་པའི་དོན་ཏོ།། ལྔ་པ་ལྔ་དང་ཡང་དྲུག་ལྡན་ཞེས་པ་ནི། ལྷ་གཅིག་གི་སྒྲས་ཡི་གེ་ལཱུ་ལྷས་སྡེ་པ་ལྔར་བྱས་ནས་སྔོ་བ་ལྔ་པ་གཟུང་བར་བྱ་སྟེ། སྡེ་བ་ལྔ་པ་དེའི་ལྔ་པ་མ་ཡིག་གོ།། དེས་ཡང་དག་པར་ལྡན་པ་ནི་ཀུན་ཏུ་འཁྱུད་པའོ།། ་ཡང་ན་ལྔ་པ་ཕྱི་མའི་སྒྲས་ང་ཉ་ཎེ་ན་ནཱའི་སྡེ་པའི་ཡིག་ལྔ་པར་འགྱུརརོ།། དེས་ཡང་དག་པར་ལྡན་པའོ།། བཞི་ནི་གསུམ་དུ་ངེས་པར་སྦྱར་ཞེས་པ་ནི་གསུམ་དང་གསུམ་ནི་གསུམ་དུ་སྟེ། གཅིག་ལྷག་མའོ།། བཞི་ཡང་ཡིན་ལ་གསུམ་དུ་ཡང་ཡིན ་པ་ནི་བཞི་ནི་གསུམ་དུའོ།། དེ་རྣམས་ཀྱིས་ངེས་པར་སྦྱར་བ་ནི་ངེས་པར་བཅིངས་པ་སྟེ་གནས་གསུམ་དུ་ཇི་ལྟར་རིགས་པར་ཞེས་པ་ལྐོག་མའོ།། ཨཱ་ཏ་མའི་ཡི་གེ་རྣམས་ནི་གསུམ་རྣམ་སོ།། དལུསུ་ཨ་ཡིག་གཉིས་དང་རྣམ་པར་བཅད་པ་མ་ཡིས ་ཅེས་པ་བཞི་པོ་མཐར་ཧ་ཡིག་ཨུ་ཡིག་དང་མ་ཡི་གོ་རྣམས་ནི་གསུམ་རྣམསོ།། ཡང་ན་ཨ་ཡིག་གཉིས་ལས་ཧ་ཡིག་གང་ཡིན་པ་ཡང་ངོ་།། འདི་རྣམས་ནི་ཡི་གེ་གསུམ་རྣམ་སོ།། འདི་རྣམས་ཀྱི་བར་རྣམསུ་ཡི་གེ་བཞི་རྣམས་ངེས་པར ་སྦྱར་བར་བྱའོ།། ཨུ་ཡིག་དང་ཨཱ་ཡིག་དང་ཨུ་ཡིག་དང་མ་ཡིག་དེ་རྣམས་ཅི་ཞིག་ཡིན། མ་ཡིག་གཉིས་ཀྱིས་སྐྱེད་པར་བྱེད་པ་མ་ཡིན་ནམ། འདིར་ཇི་ལྟར་གཅིག་གིས་ཐ་སྙད་དུ་བྱ་ཞེ་ན། མ་ཡིབ་ནི་དེའི་རང་བཞིན་ཅན ་ཉིད་ཀྱིས་ཕྱིར་རྗེསུ་དབྱངས་བཅས་ཤས་ཏེ། དང་པོ་དང་ལྷག་མའི་གནས་ངག་གི་མ་ཡིག་གི་ནི་རྗེསུ་དརོའོ།། རིང་པོར་བཅས་ནི་གཉིས་པའི་གནས་སུ་ཨ་ཡིག་གི་ཕ་རོལ་གྱི་ཨ་ཡིག་ལ་རིང་པོའོ།། སྟོན་སྦྱོར་བ་ཕྱིས་དང་མཚུངས ་ནི་ཨ་ཡི་ག་གི་ཨུ་ཡིག་གིས་ལྷན་ཅིག་སྟོན་ཨོ་ཡིག་གོ། དང་པོར་རྗེསུ་ང་རོས་དང་པོ་རྣམ་སོ།། གསུམ་པའི་སྦྱོར་བ་ནི་ཧ་ཡིག་གིས་ཨུ་ཡིག་གིས་ཀྱང་ངོ་།། གཉིས་པ་ལ་ནི་རྣམ་བཅད་ལས་ཕ་རོལ་མ་ཡིག་གི་དབྱིའོ།། ཡང་ནཽ་སྟོན་སྦྱོར་བ་ཕྱིས ་དང་མཚུངས་ཞེས་བྱ་བ་ནི་འདིར་ཕྱིས་པས་ཨུ་ཡིག་གི་དབྱི་བའོ།། ཇི་ལྟར་ཞེས་ཨུ་ཡིག་ལ་ཨོའོ།། ཨའི་ཡི་གེ་ཨུཥཱི་ཡི་གྲེ་ལ་ཨོ་སྟཱཾ་ཕ་རོལ་ཡང་དབྱིའོ་ཞེས་པས་ཨུའི་ཡི་གེ་དབྱིའོ།། མ་ཡིག་གེ་དེ་ཡི་གེའི་མཆོག་ཉིད་དུ་སོ་སོར་རྟོགས་པར ་བྱེད་པ་ཐུང་ངུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟུང་དུ་ནི་ཨཱ་ཡིའོ།། མ་ལུས་རབ་ཏུ་ངག་འཇུག་ལས་ནི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། དེ་དང་བྲལ་བས་ཙྭི་ཡང་བརྗོད་པར་མི་ནུས་སོ།། གཅིག་མྱིན་དུ་མ་འང་མ་ཡཱིནཱཾ་ནོ་ཞེས་པ་ནི་ཡི་གེ ་དུ་མ་རྣམསུ་སོན་པ་ཉིད་ཀྱི་ཕྱིར། གཅིག་པུ་ཅན་ཡང་མ་ཡིན་ནོ།། ཇི་ལྟར་གཅིག་ཡིན་ཞེ་ན། ཨ་ཡིག་ཙམ་གྱིས་རིགས་ཉིད་ཡིན་པའི་ཕྱིར་དུ་མའང་མ་ཡིན་ནོ།། ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི། ཨཱ་ལིའི་དེ་མ་ཐག་ཏུ་ཀཱ་ལིའི ་རྗོད་པར་བྱེད་པའི་དོན་གྱི་དབང་ལས་བརྗོད་པར་དབྱེད་པའི་ཕྱིར་རྒྱུ་བ་དང་མངོན་དུ་ཕྱོགས་པར་འགྱུརརོ།། ཡང་ན་གཉིས་ཀའི་ཨ་ཨཱ་ཀ་ཁ་ཞེས་པ་ཡང་བྱས་ནས་རིམ་པར་འཇུག་ཅིང་རྗོད་པར་བྱེད་པའི་ཕྱིར་རོ།། བུད་མེད་སྐྱེས་པ་མ ་ནཱིང་སྟེ་ཞོས་པ་ནི། རྀ་རཱི་ལྀ་ལཱྀ་སྤངས་པའི་ཨཱ་ལྀ་ནི་བུད་མེད་ཀྱི་མིང་ངོ་།། ང་ཉ་ཎཾ་ན་མ་སྤངས་པའི་ཀཱ་ལི་ནི་སྐྱེས་པའི་མིང་ངོ་།། ཨཱ་ལི་ཀཱ་ལི་དག་གི་སྤངས་པ་གང་ཡིན་པ་དྭེ་ནི་མ་ནིང་ངོ་།། དེ་རྣམས་ཀྵེ་དྱ་ཞེས་པ་ནི།། བརྗོད་པའི་ཡི་གེ་ག ་ཡིན་པ་དེ་རྣམས་སླར་ཡང་མདོ་དང་ཁམས་ལ་སོགས་པའི་རིམ་པས་ཡོངསུ་བརྟག་གོ།། འོག་དང་སྟེང་དུ་ཡོང་དག་ལྡན་ཞེས་བྱ་བ་ལ་སོགས་པ་ནི། འོག་ནི་མཐའི་ཧཱུཾ་ཡིག་གོ།། སྟེང་ནཱི་དང་པོའི་ཨོ་ཡིག་གོ། དེ་དག་གིས་ཡང་དག ་པཱར་ལྡན་པ་ནི་དོན་གྱི་དབང་ལས་པར་གྱི་ཨཱཿཡིག་གོ།། ཡི་གེ་གསུམ་པོ་འདི་དྲག་ཀློག་པའི་རིམ་པས་དང་པོ་དང་བེར་དྲང་མོཐར་གནས་སོ།། ཤེས་ནས་བློས་ནི་དེ་ས་སྦྱར་བྱིན་བརྗོད་པར་བྱ་བའོ།། སྔར་རྒྱས་པར་བཤད་པ་གང ་ཡིན་པ་དེའི་སླར་ཡང་རྒྱས་པར་བཤད་པ་གསུངས་པ་བརྗོད་པ་ཡི་ནི་སྔགས་འདི་དག། དངོས་མེད་ངོ་བོ་ལས་འབྱུང་བའི།། དེ་ལྔས་ཡོངསུ་གྱུར་པའི་གཟུགས།། ལྷ་རུ་ཉོ་བར་དམིགས་པ་གང་།། བརྡ་ཡིས་དེ་ཉིད་གསུམ་གནས ་པ།། རང་བཞིན་བཟླས་པའི་མཚན་ཉིད་དོ།། ཨ་ཡིག་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་འདིར་མན་ངག་སྟེ།། ཨའི་ཡི་གེ་དེ་བཞིན་ཉིད་མི་ཤིགས་པ་སྒྲ་གསལ་བར་བྱེད་པ་སངས་རྒྱས་རྣམས་ཀྱི་སྙིང་པོ་གསང་ཆེན་དེ ་ཁོ་ན་ཉིད་དུ་འགྱུརརོ།། མཚན་ཡང་དྲག་པར་རྗོད་པར་ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན་ཞེས་སོ།། ཚིག་ཏུ་བརྗོད་པའི་སྔགས་འདི་དག་ཅེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་ཡན ་ལག་མ་ཉམས་བཟླས་ཤེས་པའི་མཐུར་ཐུག་པ་འདི་དག་ཐམས་ཅད་དགོངས་པས་བྱང་ཆུབ་ཀྱི་སེམས་མདོར་བསྟན་པའི་ཚིགསུ་བཅད་པ་སྟེ།། རྣམ་པ་བཞིའི་སྔགས་ཀྱི་དེ་ཉིད་བཤད་པ་གང་ཡིན་པ་དེ་ལ་དྲངས་ནས་ཁོང་དུ་ཆུད་པ ་བྱའོ།། དེ་ནི་རྡོ་བཟླས་པ་འདིའི་ཉིན་མཚན་དུ་བཟླས་པཱི་གྲ་ལ་འཇུག་པ་བྱཱ་སྟེ། གོས་དཀར་ལ་སོགས་བཟླས་བཤད་པ་ཞེས་བྱ་བ་ལ་སོགས་པ་ལ། བྱིན་ཟ་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་གལ་ཏེ་ཡང་རྗེ་བཙུན་གྱི་ཞབས་ཀྱིས་བཟླས་པ ་བིསྟན་ནོ།། དེ་བཞིན་དུ་ཡང་འཕགས་པ་ལྷའི་ཞབས་ཀྱིས་བཤད་པའི་སྤྱོད་པ་བསྡུས་པར་གསུངས་པ་ཡང་དག་པར་རབ་ཏུ་སྦྱིན་པའི་ཆེད་དུ་ཐོག་མར་རླུང་གི་དཀྱིལ་འཁོར་ལ་རིམ་པར་རྣམ་འབྱོར་པས་བསྒོམ་པར་བྱ་བ་ཅི་ཞེ་ན། དེ་ལ་རིམ ་པ་ནི་འདི་ཡིན་ཏེ། སྣ་གཡོན་པ་ནས་ངེས་པར་འབྱུང་བའི་རླུང་གི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་རླུང་གི་རང་བཞོན་རླུང་གི་དཀྱིལ་འཁོར་ལྗང་གུ་སྟེ་སྔོ་བསངས་འོད་ཟེར་ནག་པོའི་རང་གི་ངོ་བོ་ཞེས་སོ།། འདིར ་ཁྱད་པར་བརྗོད་པར་བྱ་སྟེ་ཟླ་བ་དང་ཉི་མ་དག་གི་འཕོ་བ་གཉིས་ཀྱི་གོ་རིམ་གྱིས་འཕོ་བར་བྱེད་པ་མཐོང་ཏེ། དེས་ན་སྐར་རྩིས་པའི་བསྟན་བཅོས་དུ་དབྱུག་གུ་དྲུག་བཅུས་འཇིག་རྟེན་རྣམས་ཀྱིས་ཐ་སྙད་དེ།། དེ་ལ་བརྟེན་ནས་དབྱུག ་གཅིག་གི་བཞི་ཆས་རྐང་པ་གཅིག་ཏུ་འགྱུརརོ།། ཆུ་སྲང་བཅོ་ལྔ་པོ་འདི་བཞི་འགྱུར་དུ་བྱས་ནས་ཆུ་སྲང་དྲུག་བཅུར་འགྱུ་རོ།། འདིས་དབྱུག་སུ་གཅིག་ཏུ་རྣམ་པར་བཞགོ།། ཆུ་སྲང་གཅིག་གིས་དབུགས་དྲུག་རྣམསོ།། དེ་བཞིན་དུ་རྐང་པ་ཅིགཱི ་དབུགས་དགུ་བཅུ་རྣམསོ།། འདིར་སླར་ཡང་བཞི་འགྱུར་དུ་བྱས་ནས་དབྱུག་གུ་གཅིག་གིས་དྲུག་ཅུ་ལྷག་པའི་སུཾ་བརྒྱའི་དབུགསུ་འགྱུ་རོ།། རྣམ་པར་དབྱེ་བ་འདིས་ཕྱེད་དང་བཅས་པའི་དབྱུག་གུ་གཉིས་ཀྱིས་འཕོ་བར་རྣམ་པར་བཞག་པའི ་གྲངས་ཀྱིས་ཡོངསུ་འཕོ་བའི་ཡནྡྲ་ལག་བཞིས་ཕྱེདངྒ་དང་བཅས་པའི་རྐང་པ་གཉིས་སུ་བྱས་ནས་གོས་དཀར་མོ་ལ་སོགས་པའི་བརྒྱ་ཕྲག་གཉིས་དངོ་ཉི་ཤུ་ལྡིའི་དབུསུ་འགྱུརརོ།། འདི་ཉིད་ཀྱིས་ཆུ་སྲང་ཇི་སྙེད་གཅིག་ཏུ་འགྱུར་ནཱ། གྲང ་དུ་ཆུ་སྣང་སུམ་ཅུ་སོ་བདུན་ཆུ་སྲང་གི་རྐང་པ་གཉིས་འདི་རྣམས་བཞི་འགྱུར་དུ་བསྒྲེས་པས་ཡང་དག་སྦྱོར་བཞིས་བརྒྱ་ཕྲག་དགུ་ཞེས་པ་བསྡུས་པའི་ཚད་ཀྱིས་སོ་སོར་བསྐྱེད་པའི་ཡོན་དུ་རྣམ་པར་བཞག་པ་འཕོ་བ་ཉི་ཤུ་རྩ་བཞིའི་རིམ ་གྱིས་ནི་འཕོ་བ་ཉི་ཤུ་རྩ་བཞི།། དྲིས་ན་དཀྱིལ་འཁོར་དགུ་ཅུ་རྩ་དྲུག་ཏུ་འདྲེས་པ་རྣམས་ཀྱིས། མཛོན་པར་འདོད་པའོ་ཞེས་སོ།། དྲངས་པའི་དོན་གྱི་སྒོ།། རྡོ་རྗེ་བཟླས་པ་ཐོབ་ནས་ཀྱི་རྡོ་རྗེའི་རྒྱུད་དུ།། མཚན་མོ་ལ་དབྱུག་གུ་མཉམ་པར་ཉིན ་མོ་ལ་སྟི་དབྱུག་གུ་ཧཱུཾ་གསུ་བཞི་ཉིད་ཀྱིས། དཀྱིལ་འཁོར་དྲུག་ཅུ་རྩ་བཞིར་བཅོམ་ལྡན་འདས་ཀྱིས་བསྟན་པ་མ་ཡིན་ནམ། འདིར་དབྱུག་གུའི་སྒྲ་ནི་དཀྱིལ་འཁོར་དང་རྣམ་གྲངས་ཏེ། འཁོ་རེ་ལོ་བཞི་ལ་སྦྱོར་བར་བྱེད་པས་མངོན་པར ་དགོངས་པས་དབྱུག་གུ་དྲུག་ཅུ་རྩ་བཞིར་ཡང་བཤུད་པར་བྱའོ།། དཔལ་འདུས་པ་རཱ་ནི་གཡོ་བྱ་ཉི་ཤུ་རྩ་བཞིའི་དབྱེ་བས་ལྷན་ཅིག་ཏུ་ཇི་ལྟར་མཚུངས་པར་རྣམ་པར་འཇོག་ཅེས་དྲིས་པའོ།། ཀྱེ་རྡོར་བ་རྣམས ་ཀྱིས་མངོན་པར་འདོད་པའི་ལ་ནི་མཁས་པ་སྒོམ་པ་པོས་དཀྱིལ་འཁོར་བཞིའི་དབུསུཾ་ཡོངསུ་འཕོ་བ་ནི་དཀྱིལ་འཁོར་ཡོངསུ་བརྗེ་བ་སྟེ། རིམ་པ་ཞེས་པ་དང་རྣམ་གྲངསུ་རྣམ་པར་བཞག་པར་རྟོགས་པར་བྱའོ་ཇི་ལྟར་བྱས་ནས ་ཤེས་ན་འདིར་གསུངས་པ། ཕྱེད་དང་བཅས་པའི་དབྱུག་བུ་གཉིས་ཀྱི་འཕོ་བ་ནི་དབུས་དབུགས་གུ་བརྒྱར་འགྱུར་བ་ཉིད་དོ།། དབུགས་དགུ་བརྒྱས་འཕོ་བ་ཞེས་བྱ་བ་སྟེ། ཐལ་བ་དེར་མི་འགྱུ་རོ།། ཅི་ལྔས་ནི་ཇི་ལྟར་དབྱུག་གུའི ་ཕྱི་རོལ་ཏུ་རྣམ་པར་བཞག་པ་དེ་བཞིན་དུ་ནང་ཞེས་པའི་རིགས་པ་ལས་སོ།། འཕོ་བའི་རིམ་པ་ནི་གཞན་དང་འདྲེ་བ་ཉིད་དོ།། དེ་བརྗོད་པར་བྱ་སྟེ། དབྱུག་གུ་གཅིག་པོ་ཆུ་སྲང་དྲུག་ཅུ་རྣམསུ་རྐང་པ་དམན་པའི་ཆུ་སྲང་བཞི་མེད་པ་སྟེ ་དེས་པར་འདིའི་རྐང་པ་ཅིག་དང་ལྡན་པ་ཆུ་སྲད་དྲུག་ལྷུག་པའི་ལྔ་བཅུ་ནི་ཆུ་སྲང་གཅིག་གི་དཀྱིལ་འཁོར་དུ་གནས་སོ།། གང་དུ་ལྔ་བཅུ་ང་དྲུག་དོང་རྐང་པ་གཅིག་འདི་དགྲ་བཞི་འགྱུར་དུ་བྱིས་ནས་བརྒྱ་ཕྲག་གཉིས་དང་གཉིས་ཀྱི་ཆུ་སྲ་པོ། ་ངེས་པའི་དོན་གྱིསོ།། གང་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔའོ།། འདི་ཉིད་དབུག་དྲུག་དུ་བྱས་ནས་སོ་སོར་བསྐྱེད་པས་བསྒྲེ་བའི་རིགས་པས་བསྒྲེས་པར་གྱུར་པ་ནི་ཕྱེད་དང་བཅས་པའི་བརྒྱ་ཕྲག་ཅུ་གསུམ་གྱི་དབུསུ་འགྱུར་ཞེས་པ་བསྡུས་པའོ།། འདུས ་པའི་ཕྱེད་དང་བཅས་པའི་འཕྲོ་བས་རྐང་པས་དམན་པའི་དབྱུག་གུ་བཞིར་འགྱུརརོ།། ཀྱེ་རྡོ་རྗེ་བའི་འོ།། བཞི་པོ་འདིའི་རྣམ་པར་དབྱེ་བས་རྐང་པ་མ་ནཱི།། རྐང་པས་དམན་པའི་དུ་བྱུག་གུ་གཅིག་གི་དཀྱིལ་འཁོར་གྱི་དབུགས་གསུམ ་གསུམ་བདུན་རྐང་པ་གཉིས་སོ།། གཞུང་འདི་ཙམ་གྱིས་ཐུན་གྱི་དུསུ་ཡོངསུ་ཐོབ་ནས་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་རླུང་འབག་པ་སྣའི་བུག་གཅིག་ཏུ་འཕོ་བས་འཕོ་བས་འཕོ་བ་བཅུ་དྲུག་ཏུ་རྣམ་པར་བཞག་པ་ནི་ཀྱེ་རྡོ་རྗེ་བ་རྣམས ་ཀྱིའོ།། ཞེས་འདོད་དོ་འདི་ཉིད་ཀྱི་གཞན་སྣའི་བུ་ག་གཉིས་པ་ཉིད་དུ་དེ་འདྲ་བར་རྣམ་པར་བཞག་པར་རྡོ་རྗེ་བཟླས་པའི་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ།། འདིས་ཐུན་གཅིག་དུ་འགྱུརརོ།། ཐུན་གཅིག་ལ་ནི་བཤད་པ་བྱས་པ ་གང་ཡིན་པ་དེ་གཞན་ཐུན་བདུན་པོ་རྣམ་སུ་འང་མཁསྡུ་པཱས་ཁོང་དུ་ཆུད་པར་བྱའོ།། དགུ་བརྒྱ་དག་ཏུ་གླེང་བསྟན་པ། ཉི་ཤུ་རྩ་བཞིར་རིམ་གྱིས་ནི།། དེ་ནི་སོ་སོར་བསྐྱེད་འབྱུང་བ།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ་ཞེས་ཏེ།། དགུ ་བརྒྱུ་ཉིད་དུ་བསྟན་པ་ཉི་ཤུ་རྩ་བཞིའི་རིམ་པས་བསྒྲེས་པའི་རིག་པས་བེསྒྲིས་པར་གྱུར་པ་ནི་ཁྲི་ཕྱག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་དུ་འགྱུརོ།། ག་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ།། འདིའི་ཆུ་སྙིང་ནི་གང་དུ་གསུམ་སྟོང་དྲུག ་རྒྱའོ།། དབྱུག་གུ་གཅིག་ཉིད་ལ་ཐུན་དུ་བསྒྲེ་བའི་རྣམ་པར་བཞག་པས་དབྱུག་གུ་དྲུག་ཅུར་འགྱུརརོ།། དཔལ་འདུས་པར་དབྱུག་གུ་ལྔར་བྱས་ནས་ཉིན་མོ་ལོ་ཐུན་དྲུག་དང་མཚན་མོ་ལ་ཡང་ཐུན་དྲུག་རྣམས།། འདི་རྣམས་ཀྱིས་ཐུན་ཕྱེད ་དུ་བྱས་ནས་ཉིན་མཚན་གྱིས་ཉི་ཤུ་རྩ་བཞིའི་རིམ་པ་རྣམས་ཡང་དག་པར་བསྟན་པ་གང་ཡིན་པ་དེ་རྣམས་ཞི་བ་ཅནྡ་ལ་སྩོགས་པའི་རབ་འབྱམས་ཀྱི་དབྱེ་བས་ཁོང་དུ་ཆུད་པར་བྱའོ།། རྣལ་འབྱོར་གྱི་རྒྱུད་དུ་འཕོ་ཙ ་དབྱེ་བ་སྟོན་པར་བྱེད་པ་རྣམ་པོ་སྣ་ཚོགས་པའི་ཚད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ནོ།། རྣལ་འབྱོར་མའི་རྒྱུད་ཀྱིས་ལྷན་ཅིག་པའི་རྡོ་རྗེ་བཟླས་པའི་སོ་སོའི་བྱེ་བྲག་མེད་དོ།། ཕྱི་དང་ནང་གི་དུས་ཚོད་རྣམ་པར་བཞག་པོ་འདི་ལས་སླར་ཡང་དེ་བྱུག་གུ ་དྲུག་ཅུ་རྣམས་ཀྱིས་ཕྱེད་དང་བཅས་པའི་དབྱུག་གུ་བདུན་གྱིས་ཐུན་དུ་བྱས་ནས་ཉིན་མཚན་གྱིས་བརྒྱད་དུ་འགྱུར།། ཕྱེད་དང་བཅས་པའི་དབྱུག་གུ་བདུན་གྱིས་དབུགས་དུ་འགྱུར་ཞེ་ན་གང་དུ་ཉིས་སྟོང་བདུན་བརྒྱའོ།། འདིའི་ཆུ་སྲང་ནི་གང་དུ་བཞི ་ཀའོ།། འདི་ཉིད་བརྒྱད་པོ་རྣམས་ཀྱིས་བསྒྲེས་པས་གང་དུ་སུམོ་སྟོང་དྲུག་རྒྱུའོ།། འདིར་ནི་ཁྱད་པར་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་པ་འབྱུང་བ་དབུགས་གུའི་རིམ་པས་གྲོ་ཞུན་གྱི་ཟླ་བ་ནས་རྒྱལ་གྱིས་ཟླ་བའི་མཐར་ཐུག་པ། ལྕེར་བགྲོད ་པའི་འཕྲོ་བའི་ཀུན་ཏུ་ཁྱབ་པའོ།། དེ་དབྱུག་གུ་གཉིས་བྱས་ནས་མཚན་མོའི་འཕེལ་བ་དང་།། ཉིན་མོ་ཡང་ཉམས་པའོ།། དེའི་རྗེསུ་མཚོའི་ཟླ་བཱ་ནས་ཆུ་སྟོད་ཀྱི་ཟླ་བའི་མཐར་ཐུག་པར་བྱུང་དུ་བགྲོད་པའི་འཕོ་བས་ཀུན་ནས་ཁྱབ་བོ།། ་དེས་འདིར་དབྱུག་གུ་གཉིས་སུ་བྱས་ནས་ཉིན་མོའི་འཕེལ་བ་དང་མཚན་མོ་ཡང་ཉམས་པར་བལྟ་བར་བྱའོ།། འཇིག་རྟེན་ཏུ་འཕོ་བ་གཉིས་ཀྱི་དབུས་ནི་ཐ་སྐར་དང་ནག་པའི་ཟླ་བ་གཉིས་ལ་རབ་ཞུགས་པས།། འདི་རོ་མཉམ་པ ་ཉིད་ཀྱིས་དབྱུག་གུ་གཉིས་ཀྱིས་འགྲིབ་པ་མེད་ཅིང་འཕེལ་བ་མེདྨོ་ཞེས་སོ།། འདི་དག་ཐམས་ཅད་གལྔ་ཏེ་ཡང་དབྱུག་གུའི་རིམ་པས་དོན་མདོར་བཤད་པའོ།། དེ་བཞིན་དུ་ཡང་ཉིན་མཚན་གྱིས་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག ་བཅུ་དྲུག་གི་དབུགས་ཀྱིས་བྲལ་བར་ཡང་དག་པ་ཡོངསུ་ཤེས་པ་ནི་ཕྱི་རོལ་ལས་རྟོགས་པར་བྱ་བ་མུ་ཡིན་ནོ་ཞེས་བརྟན་པར་རྣམ་པར་བཞག་གོ།། འདིས་འདི་དག་གསུངས་པར་འགྱུར་ཏེ། སྐར་རྩིས་པའི་བཏང་སྙོམསུ ་སྙོམས་དབྱུག་གུའི་རིམ་པས་དུ་ཚོད་ཡོངསུ་ཤེས་པ་བརྟེན་ཅིང་འབྲེལ་བར་འབྱུང་བ་དབྱུག་གུའི་རིམ་པས་དུས་ཚོད་ཡོངསུ་ཤེས་པའོ།། གང་གཉིས་ཀའི་རྒྱུད་ཀྱི་ནང་གི་དུས་ཚོད་ཡོངསུ་ཤེས་པས་ལྷན་ཅིག་པ་ཙམ་ཡང་མ ་ཡིན་པ་ནི་འགལ་བྱར་འགྱུར་བ་མ་ཡིན་ནོ།། གྲི་ཞན་དུ་ནི་རྣམ་པ་གཞན་དུ་གསུམ་པ། དཀྱིལ་འཁོར་དྲུག་ལ་བལྟོས་ནས་བུ་ག་གཅིག་ཏུ་ཕྱེད་དང་བཅས་པའི་འཕོ་པ་འབབ་སྟེ། དེའི་རྗེ་སུ་འཕོས་ནས་བུ་ག་གཉིས་པར་དཀྱིལ ་འཁོར་དྲུག་ལ་བལྟོས་ནས་ཕྱེད་དང་བཅས་པའི་འཕོ་བ་ཡང་ངོ་ཞེས་པ་ཉིན་མཚན་གྱིས་ཁ་སྦྱོར་གྱི་འཕོ་བ་རྣམས་བཅུ་དྲུག་ཉིད་དུ་འགྱུར་ཞེས་པ་འདི་དག་རྣམ་པར་བཤད་པའི་རིམ་པས་ནང་དང་ཕྱི་རོལ་ཡོངསུ་ཤེས་པ་མངོན་པར ་བགྲོད་པས་ཡོངསུ་ངལ་བའོ་ཞེས་པས་ནི་གང་ཡིན་པ་འདི་དག་ན་ཁ་ཅིག་གིའོ།། དཀྱིལ་འཁོར་རེ་རེ་ཀུན་ཏུ་སྤྱོད་པ་ལ་སླར་ཡང་ཐུན་མཚམས་བཞིའི་སྐད་ཅིག། འདུས་པ་ཕྱི་མར་བསྟན་པར་འདོད་ནས་རིག་པའི་ཞེས་བྱ་བ ་ལ་སྩོགས་པ་གསུངས་ཏེ།། རིག་པ་ནི་གློས་དཀར་མོའི་བྱིན་ཟའི་དཀྱིལ་འཁོར་རོ་ཞེས་པའི་དོན་ཏོ།། འདིའི་གོ་རིམ་ནི་ཞེས་པ་ནི་ཚུལྔ་ལོ།། ཆོ་ག་འདིའི་ནཱི་ཛཱི་ལྱཱ་བ་བཞིན་དུ་ནཱན་ཏཱན་བྱེད་པ་དེསྣ་ཐུན་མཚམ ་གཞིར་ནི་རབ་སྦྱོར་ལས་ཞེས་པ་འདིའི་དོན་ནི།། སྣའི་བུ་གར་རླུང་གི་དཀྱིལ་འཁོར་འབབ་པ་དང་བྲལ་བར་གྱུར་པ་ན།། ཕྱི་ནས་མེའི་དཀྱིལ་འཁོར་རབ་ཏུ་འཇུག་སྟེ།། འདི་དག་གི་དབུསུ་ཕྲ་མོའི་སྐད་ཅིག་ལྷག་པར་རྟོགས་པས་དཀྱིལ་འཁོར ་བཞིའི་ཐུན་མ་ཚིམ་བཞི་ཞེས་བརྗོད་པར་བྱ་སྟེ། རབ་སྦྱོར་ལ་སྟེ་ལྷགས་པར་རྟོགས་པ་ལས་སོ།། དེ་ཉིད་ཀྱི་ཕྱིར་རྭ་གསོ་ཡི་གེ་གསུམ་རླུང་གི་ལྷན་ཅིག་པ་ཡན་ལག་མ་ཉམས་པ་སྟེ་སྔོགས་ཀྱི་དབྱེ་བ་མི་བྱེད་པར་བཟླས་པར་བྱའོ་ཞེས་གན་སོ།། ་ཡི་གེ་གྲངས་འབུམ་གྱིས་མཚན་ཉིད་ཅན་ཟློས་ཏེ། གྲངས་རྣམ་པར་རྟོག་པ་བརྐྱང་བར་བྱའོ་ཞེས་པ་ཇི་སྲིད་པརོ།། ཕྱི་རོལ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་བཟླས་པ་ནི་དྲེག་གྲི་བཟླས་པའོ།། སྤང་ནི་ཡོངསུ་སྦྱོང་བར་བྱའོ།། ་རྣལ་འབྱོར་པྲ་སྒོམ་པ་ཡིནི་བར་ཆུད་ཅན་ནི་རྡོ་རྗེ་བཟླས་པ་སྒོམ་པ་ཡི་བར་དུ་གཅོད་པའི་རྒྱུ་གྱུར་པའོ།། སྔགས་དོན་བཅོམ་ལྡན་འདས་རྡོ་རྗེ་ཅནྡ་ནི། སྔགས་དོན་ནི་རྡོ་རྗེ་བཟླས་པའོ།། དེས་རང་ཉིད་བཅོམ་ལྡན་ནོ།། རྡོ་རྗེ་ཅན་ནི་རྡོ་རྗེ ་སེམས་དཔའི་རང་བཞིན་ནོ།། རྡོ་རྗེའི་བདག་ཉིད་ནི་སྔགས་དང་ལྷ་དག་དབྱེར་མི་ཕྱེད་པའི་ཕྱིར་རོ།། ནིའི་སྒྲ་ཡང་ནི་སླར་ཡང་གི་དོན་ལའོ།། ཇི་ལྟར་ཟློས་ནི་ངག་གིས་བཟླས་པ་སྔགས་ཚིག་དུ་བརྗོད་པར་མི་བྱེད་དོ་ཞེས་མངོན་པར་འདོད།། ་འདི་དག་ཉིད་དཔེའི་སྒོ་ནས་སོ་སོར་བསྟན་པར་བྱ་བའི་ཕྱིར། གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་རྙེད་པ་སྟེ་ཐོབ་པའི་མོད་ལ་སྟེ་སྐད་ཅིག་ལས་གླང་པོའི་རྗེས་ནི་ཚོལ་བར་བྱེད་སྟེ་གངྒཱ་གླང་པོ་ཆེ་བསད་པ་དེས།། གླང་པོའི་རྗེས ་ཅི་ཞིག་ཚོལ་བར་བྱེད་ཅེ་ན། བདེན་ཏེ་ཚོལ་བར་མི་བྱེད་དོ།། དེའི་ཕྱིར་སྔགས་ལུས་ཏེ་སྔགས་ཡི་གོ་གསུམ་བསྐྱེད་ཅིང་རྫོགས་པའི་སྐུ་ནི་སྔགས་ལུས་སོ།། དེ་ཉིད་ཀྱི་ཕྱིར་ཉེ་བར་དམིགས་པར་བཤད་པའི་རྡོ་རྗེ་བཟླས་པ་དང་ལྡན་པའོ།། རུང ་ཉིད་ནི་རྣལ་འབྱོར་པའོ།། མངོན་གྱུར་ནས་གཞན་ནི་ཅིག་ཞིག་ཚོལ་བར་བྱེད་སྔགས་ཚིག་ཏུ་རྗོད་པར་མི་བྱེད་ཞེས་གནས་སོ།། འདིར་ཡང་ནིའི་སྒྲ་ནི་སླར་ཡང་གི་དོན་ལའོ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལས། མི་ཟང་བའི་སྒྲ་ནི་ངེས ་པར་གཟུང་བ་ལོ་འཇུག་གོ། རྡོ་རྗེ་འཛིན་གང་ཞིག། སྦྱོར་གསུམ་དོན་དང་ལྡན་པའི་མི་ནི། སེམས་དཔའོ་གསུམ་དང་ལྡན་པའི་སྔགས་པ་རླུང་གི་འཇུག་པ་དང་གནས་པ་དང་འབྱུང་བ་རྣམ་པར་བལྟ་བར་བྱ་སྟེ།། གུས་པ་དང་བཅས་པ ་བར་ཆད་མེད་པར་དུས་ཡུན་རིང་པོར་གོམས་པའི་སྦྱོར་བསོ།། ཅི་ཞིག་ན་མི་སྟེ་རྡོ་རྗེ་འཆང་ཉིད་དུ་འགྱུར་རོ།། སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའོ།། རབ་ཏུ་འཇུག་པར་སྤྱན་དྲང་སྟི་ཞེས་བྱ་བ་ལ་སོགས་པས་རྒྱས་པར ་བཤད་པས་གསལ་ལོ།། མྱུར་བ་དང་ནི་རྣམ་སྡུང་དང་།། ངལ་བར་བཤད་དང་སྔགས་སྦྱོར་བ་ཞེས་པ་ནི་ཆོག་གསུམ་པོ་རྣམསུ་ཇི་ལྟར་རིགས་པས་ཡི་གེ་གསུམ་སྦྱོར་བར་བྱེད་པ་བྱའོ།། རྣ་དྲུང་དུ་ནི་ཞེས་བྱ་བ་ལ་སོགས་པ་ནས། ་དེ་འདིར་གསང་ཞིང་དགོངས་པ་ཡིས། ཕྲ་མོའི་སྦྱོར་བ་བཤད་པ་ཡིན་ཞེ་བཱི་མཐར་ཐུག་པ་ནི་རྩ་བ་ཉིད་ལྔས་རྟོགས་པར་སླའོ།། བསམ་གཏན་ཁ་དོན་མེད་མོད་ཀྱི་ཞེས་པ་ལ་བསམ་གཏན་ནི་རླུང ་ལ་རྣམ་པར་བལྟ་བར་བྱེད་པས་མཉམ་པར་བཞུག་པའི་སེམ་སོ།། ཁེ་ཏྲོན་ནི་ཚིག་ཏུ་བརྗོད་པའི་བཟླས་པའོ།། འདི་དག་དང་བྲལ་བའི་འཇིག་རྟེན་ནི་རང་བཞིན་བཟླས་པའི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིརོ།། འདིས་ནི་ཞེས ་བྱ་བ་ལ་སོགས་པ་ནི་བརྗོད་པའི་རྡོ་རྗེ་བཟླས་པའི་རིམ་པ་འདིས་ནི་ཆོ་ག་ཇི་བཞིན་ཏེ། རིམ་པ་ལས་མ་འདས་པས་བསྟེན་པ་སྟེ་གོམས་པ་བྱེད་པ་བྱས་ནས་ཞི་བ་ཅན་ལ་སོགས་པའི་ལས་རྣམས་ཐ~ཾད་རྡོ་རྗེ་བཟླས་པ་སྒོམས ་པི་པོས་རྡོ་རྗེ་བཟླས་པའི་ཏིང་འཛིན་གྱིས་བསྒྲུབ་པར་བྱའོ།། འདི་དག་སླར་ཡང་གསལ་བར་གསུངས་པ།། གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པ་ཉིད་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ།། མཉམ་མེད ་སྔགས་ནི་བཟླས་ནས་ནི། ཞེས་བྱ་བ་ལ་སྔོགས་པ་སྟྭཾ། གང་དང་མཚུངས་པ་ཡོད་པ་མུ་ཡིན་པ་དེར་འགྱུར་བ་ནི་མུ་ཏུ་མ་མེ་དོ།། གུས་པ་དང་བཅས་པས་གོམས་པའི་སྦྱོར་བས་མཉམ་མེད་སྔགས་བཟླས་ནས་སོ།། ་དེའི་ཚེ་ཅིར་འགྱུར་ཞེ་ན།། བརྒྱ་ཕྱག་བཅུ་དྲུག་གི་རླུང་སེམས་ལ་ཐིམ་པར་འགྱུརརོ།། གང་གི་ཚེ་སེམས་ལ་རླུང་ཐིམ་པ་དེའི་ཚེ་སྣའི་བུ་གར་འཇུག་པ་ལ་སོགས་པའི་གོ་རིམ་གྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད ་ཅན། དཀྱིལ་འཁོར་བཞི་པོ་ཆེས་གསལ་བར་མཐོང་ཞིང་ཡད་དག་པར་རྟོགས་པ་ལས་རྟོགས་པ་ལས་སོ་ཞེས་བསྒྲུབ་པར་བྱའོ།། སྒྲུབ་པའི་བདག་ཉིད་ཅན་ནི་སྒོམ་པ་པོ་རྣལ་འབྱོར་པ་དེའི་ཁམས་གསུམ་ཉིད་དེ ་ལུས་དང་ངག་དང་སེམས་བརྫུན་འགྲུབ་པར་གདོན་མི་ཟའོ་ཞེས་སོ།། དཀྱིལ་འཁོར་བཞི་པོ་ཆེས་གསལ་བར་བསྟན་པ་མངོན་པར་བརྗོད་ནས།། ད་ནི་ལྷག་མ་དབུགས་ཁྲི་ཕྱག་གཉིས་སེམས་ལ་སླར་ཡང་ཐིམ་པ ་བསྟན་པར་འདོད་ནས། དྲུག་རྗེས་བྱ་བ་ལ་སོགས་པ་གསུངས་ཏེ།། སྔགས་ཡི་གེ་གསུམ་རླུང་གྲི་རང་བཞིན་ཁ་དོག་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཉིད་དཀྱིལ་འཁོར་བཞི་པོ་ཡེ་ཤེས་གཉིས་བརྫུན་པའི་རྒྱུར་གྱུར་པའོ།། ་འདིའི་ཕྱིར་ཡེ་ཤེསྟྲ་ལྔས་ནི་བྱུང་བ་ཞེས་པུ་ལྗང་དག་པཱུར་བྱུང་བའོ།། དབུགས་ལྷག་མ་གང་ཡིན་པ་དེ་དག་ཟླ་བ་གཅིག་གིས་ཁྲི་ཕྱག་གཉིས་བཟླས་ནས་ནི་ཞེས་པ་འབུམ་ཕྲག་དྲུག་ཏུ་འགྱུ་རོ།། རྡོ་རྗེ་སེམས་པ་ཕྱག་བྱས་ནཱ།། ་ཞེས་པའི་དོན་ཅི།། ཡི་གེ་གསུམ་གྱི་རང་བཞིན་གྱི་རང་བཞིན་རྡོ་རྗེ་སེམས་དཔའི་དེ་མཉེས་པར་བྱས་ཤིང་བསྒོམ་པར་བྱས་ནས་རྣལ་འབྱོར་པ་དེ་འགྲུབ་འགྱུར་ཏེ།། ལུས་དང་ངག་དང་སེམས་བརྫུན་པའི་རང་བཞིན་ཐོབ་པ་རྡོ་རྗེ་འ ་དང་མཚུངས་པ་ཐོབ་པར་འགྱུར་རོ།། ཅི་ལ་ཞེ་ན་ཟླ་བ་ཉ་ལ་ཞེས་པའི་དོན་ཏོ།། དེ་ལྟར་ཞུགས་པའི་རྣལ་འབྱོར་པ་ཡིས་ཅི་བརྟུལ་ཞུགསོ་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱ་འམ་འོན་ཏེ་མ་ཡིན་ཞེས་དོགས་པ་ལ་དེ་ལ་མེད་ཅེས་བྱ་བ ་ལ་སོགས་པ་སྟེ།། ཚིག་བརྗོད་པའི་བདག་ཉིད་ཅན་གྱི་སྔགས་མི་དགོས་སོ།། གཟུངས་ནི་བཙུན་ཐབས་ཀྱི་སྦྱོར་བས་རླུང་གི་འཁྲུལ་འཁོར་རོ།། གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར་ཞེས་པ་ནི། གཞན་དུ་གཞན་དུ་ཡང ་བྱ་བ་ཁྲུས་དང་ཟ་བ་ལ་སོགས་པ་ཡང་མི་བྱའོ།། འོན་ཀྱང་རྡོ་རྗེ་བཟླས་པ་ཉིད་ལས་འགྲུབ་པར་འགྱུརརོ།། ཞེས་པའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། ཡཾ་ཡིག་ཡོངསུ་གྱུར་པ་རླུང་གི་དཀྱིལ་འཁོར་འབབ་པར་གྱུར ་པོ་ལ་རྣམ་པར་ཤེས་པ་གང་ཅུང་ཟད་ཅིག་བྱ་བ་ཞི་བཅན་ལ་སོགས་པའི་ལས་བཞི་པོ།། ར་སོགས་གསུམ་ལས་གང་ཉིད་ཀྱིས། འགྲོ་བའི་དོན་ལ་ཞེས་པ་ནི་སྔ་མ་ཁོ་ནའི་དོན་དེ།། ཞེས་བྱ་བ་ལ་སོགས་པ་ལ། ཐུན་ཚོད་ཕྱེད ་ཀྱི་དུསུ་ནཱི་སྟེ། ཐུན་ཚོན་ཕྱེད་ཀྱི་དུསུ་ལས་ནི་གཉིས་གཉིས་གནས་པ་ལ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་འབབ་བཞིན་པ་ལ་གཙོ་བོས་ལས་གཉིས་ཉེ་བར་བླངས་པ་དེ་ལ། གཞན་དཀྱིལ་འཁོར་གསུམ་ཡང་དག་པར་འབྱུང་བ ་ལས་གཉིས་སུ་བྱས་ནུས་ཡང་དག་པར་འབྱུང་ངོ་།། ཅི་ལས་ཤེས་ན་ཕལ་བ་དང་གཙོ་བོའི་དངོས་པོས་གྲང་དུ་གཅིག་ཡིན་པ་དེར་བཞི་པོ་ཞེས་པའི་རིགས་པ་ལས་ངེས་པ་མེད་དོ།། འབྲས་བུ་གསུངས་པ།། མཆོད་པ་བརྩོན ་པས་ཞེས་བྱ་བ་ལ་སོགས་པ་ནས། རྣམ་པར་མི་རྟོགས་གཅིག་བློ་ལྡན་ཞེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་ཁོང་དུ་ཆུད་པར་སླའོ།། གསུང་གི་རྡོ་རྗེའི་ཞེས་སོགས་ནི་གསུངན་རྡོ་རླུང་གི་སྒྲུབ་པ་ལ་རྣམ་པར་བལྟ་བར་བྱེད ་པ་བྱས་ནས། ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས་ཤེས་པ་ནི། འདིའི་དོན་ངེས་པར་བྱ་སྟེ། སྣའི་བུ་གར་རླུང་དུ་བརྟགས་པ་ཡི་གེ་གསུམ་རླུང་དང་ལྡན་པ་ཐུགས་རྡོ་རྗེ་མངོན་སུམ་དུ་བྱེད་པའི་ཐབས་རྡོ་རྗེ་བཟླས་པ་རྒྱུརརུ ་གྱུར་པའི་འཇུག་པ་དང་གནས་པ་དང་ལྗོན་པའི་མཚན་ཉིད་ཡེ་ཤེས་གསུཾ་གྱི་རབ་ཏུ་དབྱེ་བསཱི། སེམས་ཙམ་ལ་ནི་ངེས་སྦྱར་བྱ་ཞེས་པ་ནི་ཙམ་གྱི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། ལྷག་པ་མེད་པར་སྦྱར་བྱའོ།། ཡང་ནི་སེམ ་ཙམ་དུ་ཐིམ་པར་འགྱུར་རོ།། འདིས་སེམས་བརྟན་པ་ཉིད་དུ་གྱུར་པ་ལ་སྒོམ་པ་པོ་དག་ལ་དམིགས་པ་དང་སེམས་ལ་དམི་གས་པ་ཡང་ཐོབ་པར་བྱེད་དོ།། འདིས་འདི་སྐད་གསུངས་པར་འགྱུར་ཏེ། སེ་མོ་སཽ་ལ་དམིགས་པ ་ཡོངསུ་ཐོབ་ནས་ས་བརྒྱད་པའི་དབང་ཕྱུག་དུ་འགྱུར་རོ།། དགོངེས་པ་བླ་ན་མེད་པར་གསུངས་པ་ཡང་། དང་པོ་ལས་ཀྱི་སྦྱོར་བ་ཡིས།། ས་བརྒྱད་པོ་ནི་ཐོབ་པར་འགྱུར་ཞེས་སོ།། དེ་ནས་དང་པོར་རྡོ་རྗེ་བཟླས་པ་པོ་རྣམས་ཀྱིས།། ་འདི་ཉིད་མན་ངག་ཡིན་པས་ཀྱང་འདིར་བྲིས་པའོ།། སློབ་མ་ངེས་པར་རྟོགས་པར་བྱེད་པ་གསུངས་པ་ཡང་། བླ་མ་ལ་བརྙས་སྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་རློམ་པ་ནི་ངག་གིས་བཟླས་པ་འཆལ་པ་ཉིད་ཡིན་པའི ་ཕྱིར་རོ།། འཛིན་པ་ནི་རྡོ་རྗེ་བཟླས་པའི་མན་ངག་གིས་རྗེ་སུ་འཛིན་པའོ།། ཚིག་གཞན་ཐམས་ཅད་གོ་སླའོ།། རི་དབང་ཞེས་བྱ་བ་ལ་སོ་སོགས་པ་ནི་བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། དེ་གྲོལ་བར་མི་འགྱུར་བ་ལས་ཅི་ལུང་ཐོབ ་པ་ཙམ་གྱིས་གྲོལ་བ་སངས་རྒྱས་སུ་འགྱུར་ན་ངན་སོང་གི་འགྲོ་བ་རྣམསུ་མི་འགྲོ་བ་ལྟ་མོས་ཀྱང་ཅི་དགོས།། འདིས་མ་གྲོལ་བ་ཡང་གྲོལ་ལོ།། ཞེས་མངོན་པར་བརྗོད་པར་བྱའོ།། ཞེས་པ་རྡོ་རྗེ་བཟླས་པའི་དོན ་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་པ་རྫོགསོ།། །། མདོར་བྱས་ཀྱི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པར་ཡང་།། ཡེ་ཤེས་གསུམ་བརྫུན་པ་ཉིད་དུ་སོ་སོར་བསྟན་ནས།། ད་ནི་དེ་དང་ཐ་མི་དད་པའི་སྐུ་སོ་སོ ་བསྟན་པར་འདོད་པས་གསུངས་པ། རྡོ་རྗེ་ཆོ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ།། ཆེན་པོ་ཡང་འདི་ཡིན་ལ་རྡོ་རྗེ་ཡང་ངོ་ཞེས་པས་རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་ཆེན་པོ་སྟོང་པ་ཆེན་པོའི་ངོ་བོ་དེ་ལ་ཕྱག་འཚལོ་ཞེ་ས ་སྦྲེ་ལོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་གཙོ་སྟེ།། རྡོ་རྗེ་སྟོང་པ་ཉིད་དེ་ལ་སེམས་ཤིང་མངོན་པར་འདོད་པ་གང་ཡིན་པ་ནི་སེམས་དཔའ་དེ་ཉིད་སྟོང་པ་ཆེན་པོའི་རང་བཞིན་ནོ།། སོགས་ཀྱི་སྒྲས་མི་བསྐྱོད་པ་ལ་སོགས་པ ་གཟུང་པོ།། འདི་རྣམས་ཀྱི་ཕར་གྱུར་པ་ཉིད་ཀྱིས་གཙོ་བོའོ།། བདག་བྱིན་བརླབས་པའི་རིམ་པར་འདི།། སོ་སོར་བསྟན་པ་ནི། བརྫུན་པའི་ལུས་ངག་དང་སེམས་རྣམས་ནི་བདག་གི་སྒྲས་མངོན་པར་བརྗོད་པར་བྱའོ།། དེ་རྣམས་ཀྱིས ་བྱིན་གྱིས་བརླབ་པ་ནི་ཕན་ཚུན་ཐ་དད་པའི་དངོས་པོས་མི་དམིགས་པོར་བདེ་བའི་རྣམ་པར་རྫོགས་པར་བྱེད་པའོ།། རིམ་པ་གང་གིས་བདག་བྱིན་གྱིས་བརླབ་པའི་རིམ་པ་དེའི། འང་གི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པའོ།། བདག་གི་ནི་ཀླུ་སྒྲུབ ་ཀྱིས་སོ།། བཤད་པར་བྱ་ནི་བསྟན་པར་བྱ་བའོ།། བརྩེ་བས་ནི་ཆོས་ལ་དམིགས་པའི་སྙིང་རྗེས་སོ།། དང་པོ་རེ་ཞིག་བསྐྱེད་པའི་རིམ་པའི་རྗེསུ་འབྲངས་ནས་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་ཀྱི་དང་པོར་རོ།། དབང་བསྐུར་བ ་ཡང་དག་པར་ཐོབ་ཅིང་ནི་སློབ་དཔོན་དུ་དབོང་བསྐུར་བ་ལ་སོགས་པས་ཆོ་གའི་རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་དབང་བསྐུར་བའོ།། རྒྱུད་རྣམ་པ་བཞིའི་དགོངས་པ་ཞེས་པ་ནི། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་མའི་རྒྱུད་ཤེས ་པའོ།། ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་བཟླས་པའི་རིམ་པས་ལུས་དང་ངག་དང་སེམས་རྣམ་པར་དག་པ་ཐོབ་པའོ།། དེ་ཉིད་ཀྱི་ཕྱིར་ཐོས་པ་འཛིན་པའོ།། ཐོས་པ་འཛིན་པ་ཉིད་ཀྱིས་རིན་པོ་ཆེའི་གང་ཟག་ཏུ་གཟུང་ངོ་།། ་བདེན་པ་གཉིས་ལ་ལྷག་པར་ནུས་པ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་ལ་ལྷག་པར་མོས་པའོ།། རྡོ་རྗེ་སློབ་དཔོན་ཡང་དག་པ་གཉིས་པར་བྱས་ནས་ཤེས་བྱ་བ་ལ་སོགས་པ་ལ་འདིའི་དོན་འདི་ཡིན་ཏེ། ་འདིར་བཤད་པས་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་སྔོན་ཐོས་པ་ད་ནི་སློབ་མ་ལ་བཤད་པས་དེ་ལྷག་པར་རྟོགས་པ་འདོད་པའི་རྡོ་རྗེ་སློབ་དཔོན་ཡང་དག་པོར་མཉེས་པར་བྱས་ནས་ཞེས་སྦྲེའོ།། དེའི་འོག་ཏུ་ཞེས་པ ་ནི་བསྙེན་བསྐུར་བ་དེ་ལས་ཡང་དག་པར་མཉེས་པར་བྱས་པ་ལས། བླ་མ་ཡང་དག་པར་དགའ་བར་འགྱུར་རོ།། བླ་མ་ལ་རབ་ཏུ་དད་པ་དང་ཡང་དག་པར་མགུ་བའི་ཆེད་དུ་ཞེས་པའོ།། སླར་ཡང་འདོད་པ་ལྔ་ལ་ཉེ་བར་ལོང་སྤྱོད་པ ་འཁོར་ལོའི་དབུས་བྷྲ་མ་ལ་མངོན་པར་དང་བར་བྱའོ་ཞེས་གསུངས་པ། ཚོགས་ཀྱི་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་སོ།། དེའི་བར་མ་ཆུད་པར་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་ལཱ། ་ཉེ་བར་ལྡོང་སྤྱོད་པའི་བར་མ་ཆད་པར་རོ།། བླ་མོའི་ཞལ་སྔ་ནས་ནི། བླ་མ་བརྒྱུད་པའི་ཞལ་སྔ་ནས་གསུངས་པ་ལས་བླ་མས་ཐོབ་པ་རབ་ཏུ་ཐོབ་པའི་བདག་བྱིན་གྱིས་བརླབ་པའི་མཱནྡ་ངག་དེ་སློབ་མའི་ཚོད་དུ་བསྟན་པར་བྱའོ།། དྲི་ལྕེ་སྒོ ་རིམྦ་པ་ཅིས་དཤེ་ན།། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ།། ཕྲེང་བ་དང་ཆུ་ལ་སོགས་པ་འདི་རྣམས་དང་བཅས་པའི་གསང་བའི་དབང་བསྐུར་བའི་མཐར་ཐུག་པ་ཐོབ་པའི་ཕྱི་ནས་འདིའི་དབང་བསྐུ་རེ་བཾ་གཉིས་པོ་འདིའི་འཆ ་བཞིན་པའི་ཤེས་རབ་ཀྱི་དབང་བསྐུར་བུ་ཡིང་རྡོ་རྗེ་ནོར་བུར་དེ་ཁྲོནྡྲ་ཉིད་སོ་སོར་བསྟན་པར་བྱའོ།། རྡོ་རྗེ་སློབ་དཔོན་ཅི་ལས་ཤྲེན།། དབང་བསྐུར་ནས་དེ་ཉིད་སྔོ་སོར་བསྟན་པར་བྱའོ་ཞེས་པའི་གསུང་ལས་སོ་ཤོས་ཡོངསུ་བཤད་པ ་འདི་ཡང་འདི་ཉིད་ཀྱིས་འཆང་བཞིན་པའི་མངོན་པར་བྱང་ཆུབ་པའི་རིམ་པས་རྗེསུ་འཇུག་པས་རྗེསུ་རྟོགས་པར་བྱའོ།། སོ་སོར་བསྟན་པར་བྱེད་པ་ནི་ལུས་ཀྱི་ཕྱག་རྒྱ་ཁོ་ན་ལོའོ།། དགོངས་པ་བླ་ན་མེད་པར་གསུངས་པ་ཡང ་སྒྱུ་མ་རྣམས་ནི་ཐམས་ཅད་ཀྱིའང་། བུད་མེད་སྒྱུ་མོ་ཉིད་ཁྱད་འཕགས།། ཡེ་ཤེས་གསུམ་གྱི་རབ་དབྱེ་འདི།། འདི་ཉིད་ལ་ནི་གསལ་བར་མཚོན་ཞེས་སོ།། དེའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བ་སྨོས་པས་ཡེ་ཤེས་བསྟན་ནོ།། ་འདི་ནི་སྣང་བའི་ཡེ་ཤེས་ཀྱི་གཉེན་པོའོ།། གསང་བའི་དབང་བསྐུར་བ་སྨོས་པས་ཡེ་ཤེས་སོ།། འདི་ནི་སྣང་བ་མཆེད་པའི་གཉེན་པོའོ་ཞེས་སོ།། མཐར་གྱིས་མཚན་མོར་ཡེ་ཤེས་གཉིས་སོ་སོར་རྟོགས་ནས་བདག་བྱིན་གྱིས་བརླབ་པའི ་མན་ངག་ཀྱང་འདིར་སོ་སོར་བསྟན་པར་བྱའོ་ཞེས་བྱས་ནས་ཤྲཱི་སྱ་རབ་ཀྱི་དབང་བསྐུར་བ་སྦྱོར་བ་མ་ཡི་ནི་ནམ།། ཇི་ལྟར་དབང་བསྐུར་བ་གཉིས་དང་། འདི་དག་གི་དེ་ཁྱོ་ན་ཉིད་ཀྱང་སྟོན་པར་བྱེད་ཅེ་ན། བདེན་ཏོ་མཐར་གྱིས་དྲང ་བྲལ་བས་དེ་ཡང་སོ་སོར་བསྟན་པར་མི་ནུས་སོ་ཞེས།། དེའི་འོག་ཏུ་གསུངས་པ།། ཤེ་ས་རབ་ཡེ་ཤེས་མངོན་བརྗོད་བྱ།། བདག་བྱིན་བརླབ་པའི་མཚན་ཉིད་དོ།། སོ་སོར་སྟོན་པར་གྱུར་པ་ནཽ།། བླ་མ་སློབ་མའི་ཆེད་དུའོ།། འདིའི ་དོན་སོ་སོར་འདི་རྣམས་ཀྱི་ཞེསོ།། འདི་རྣམས་ཀྱིས་འཆད་བཞིན་པའི་ཁོང་སྟོང་མེད་ཞེས་བྱ་བ་ལ་སོགས་པ་ནས་སྣ་ཚོགས་མིནྡ་ལ་སྙོམས་འཇུག་ལ།། དམིགས་མེད་ཁྱོད་ལ་ཕྱག་འཚ་ལོ་ཞེས་པའི་མཐར་ཐུག་པའི་བསྟོད་པ་རྣམ ་ཀྱི། བླ་མ་ལ་ཡེ་ཤེས་གསུམ་ཐ་མི་དད་པའི་རང་བཞིན་དུ་བསྟོད་པར་བྱའོ།། ཁོང་སྟོང་མྱེད་ཅེས་བྱ་བ་ལ་སོགས་པ་ནི།། ཁྱོད་ཀྱི་སྐུ་ལ་ཁོང་སྟོང་ཡོད་པ་མ་ཡིན་པའོ།། ན་མཁའོ་ལ་ནི་འཇུའ་ཚོན་ལྟར་ཞེས་པ་ནི། འོད་ཟེར་ལྔའི ་ཁ་དོག་དང་ལྡན་པ་ཉིད་ཀྱི་དཔེའོ།། བསྙེན་མེད་ཅེས་བྱ་བ་ལ་སོགས་པ་ལ་བསྣུན་ནི་ནང་ངོ་།། མི་གཙང་མེད་ཅེས་པ་ལ་སོགས་པ་ནི་གོ་སླའོ།། ཆུ་ཟླ་བཞིན་དུ་གཟུང་དུ་མེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྤྱོད་པ་དང་བཅས་པ ་ཉིད་ཀྱི་ཕྱིར་མི་བདེན་པའི་ངོ་བོའོ།། མངོན་སུམ་ཚད་མའི་སྤྱོད་ཡུལ་ཡིན་པའི་ཕྱིར་བརྫུན་པ་ཉིད་མ་ཡིན་ནོ།། འདིས་ནི་ཆུ་ཟླ་བཞིན་དུ་གཟུང་བར་བྱའོ་དེ་བཞིན་དུ་ཆོས་རྣམས་ཀུན་ལའང་ངེས་པ་མེད་ནི། ཆོས ་ཐམས་ཅད་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། ང་རྒྱལ་མི་མངའ་རྨོངས་མི་མངའ་ཞེས་པའི་དོན་ནི་ཁོང་དུ་ཆུད་པར་སླའོ།། དེ་ཉིད་ཀྱི་ཕྱིར་སྣང་བ་གཉིས་ཀྱི་རྣམ་པར་རྟོག་སྤོངས་པའི་ཕྱིར། དམིགས་མེད་ཁྱོད་ལ་ཕྱག་འཚལ་ཏེ།། ་ཕྱག་འཚལ་བར་བྱེད་པར་གྱུར་ཅིག་གོ།། རིམ་པ་འདི་ཉིད་ཀྱིས་དམི་གྲས་པ་མེད་པའི་ཚིག་གི་བཤདཱི་པར་བྱ་བཞིན་པའི་ཚིགསུཾ།། བཅང་པ་རྣམས་ལ་ཡང་མཁས་པས་རྟོགས་པོར་བྱའོ།། རྟག་ཏུ་ཞེས་བྱ་བཱ་ལྀ་སོགས་པ་ནི་གོ་སླའོ།། ་རྣམ་འཕྲུལ་བྱེད་ཙོས་པ་ལ་སོགས་པ་སོགས་པ་ནི་སྒྱུ་མ་ལྟ་བུའི་ཏིངེ་འཛིན་གྱིས་ནི་སྒྱུ་མ་ཏེ་སྒྱུ་མའི་ལུསྔོ་ཀྱིས་ལྟ་བུ་སྟེ་མཚུངས་པ་གང་ཡིན་པ་སྟེ་དེ་བཞིན་ནོ།། སྒྱུ་མ་ལྟ་བུ་ཡང་འདི་ཡིན་ལ་ཏཱི་འཛིན་ཡང་ངོ་ཞེས་ཚིག ་རྣམ་པར་སྦྱར།། དེས་འདི་ཉིད་ཀྱི་ཁྱད་པརཱ་རྫུ་འཕྲུལྔ་ཆེ་ཞེངས་པའོ།། སྣ་ཚོགས་མིན་ཉིད་ཅེས་པ་ནཱི་སྤྲོས་པའི་རྣམ་པར་རྟོག་པ་སྣ་ཚོགས་པ་ཉིད་ངེས་པར་སྤངས་པ་དེ་ལ་སྙོམ་སྔ་པ་ཞུགས་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ ་ལི་དེ་ལྟརརྡོ་རྗེ་སློབ་དཔོན་ཡང་དག་པའི་སྟོན་གྱིས་ཏེ།། ཡང་དག་པ་ཇི་ལྟ་བ་བཞིན་གྱིས་སྟོན་གྱིས་བསྟོད་ནས།། སྙན་པོའི་དོན་དུ་གཤད་པར་བྱ་བཞིན་ཚིགསུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ།། ཀུན་མཁྱེན་ཡིས ་ཕུང་པོ་ཅན་ཞེས་བྱ་བ་ལ་སོགས་པཱ་ལ།། ཕུང་པོ་ནཱི་ཚོགས་པའོ།། སྲིད་པའི་འཁོར་ལོ་ཞེས་པ་ནི་སྙིང་པ་ཉིད་འཁོར་ལོ་སྟེ། ཇི་ལྟར་ཞེ་ན་འགྲོ་བ་ལྔ་རྣམསུ་འཁོར་ལོའི་ཚུལ་གྱིས་འཁོར་བའི་ཕྱིར་རོ།། དེ་རྣམ་པར་སྦྱོང་བའོ།། དེ་རྣམ ་པར་སྦྱོང་བའོ།། དི་རིང་བཤད་པའི་རིན་ཆེན་གྱིས་ནི།། དི་རིང་ནི་ཉི་མེ་འདི་ལ་སྟེ་དེང་ངོ་།། བཤད་པའི་རིན་ཆེན་གྱིསྣ་ནི་ཀུན་རྗོད་ཀྱི་བདེན་པ་བཤད་པའི་རིན་ཆེན་གྱིས་བཀའ་དྲིན་མཛོད་ཅིག། བདཔོ་ལྔ་ནི་བདག་གིའོ།། གཙོ་བོ་ནི་ཁྱབ ་བདག་གོ།། ཁྱོད་ཞབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སློབ་མའི་ཚིག་དེ་ཐོས་ནས་ནི་ཅིར་འགྱུར་ཞེས་ན། ཡང་དག་པར་གསོལ་བ་འདེབས་པའོ།། འཇིགས་མང་གསོལ་འདེབས་པ ་ནི་གཙོ་བོ་མཐོར་ཐུག་པ་ལའོ།། སྙིང་རྗེ་ཞེས་པ་ནི་ཁོང་དུ་ཆུད་པར་སླའོ།། དེ་ནས་བདག་བྱིན་བརླབ་པ་ཙམ་ཞེས་པ་ནཱི། བདག་ལ་བྱིན་གྱིས་བརླབ་པ་བཤད་པར་འདོད་པས་བླ་མས་རིམ་པ་ཉེ་བར་བྱའོ།། བདག་བྱིན་བརླབས་པ ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་རྫོབ་བདེན་པ་བསྟན་པ་ནི་སྟེ།། དེ་ཅི་ཞེ་ན། ཤིང་དང་རི་དང་ཆུ་བོ་དང་རྒྱ་མཚོ་ལ་སོགས་པའི་དངོས་པོའི་གྲོང་ཁྱེར་ནི་ཀུན་རྫོབ་པོ།། འདི་དང་བྲལ་བས་བདེན་པ་ཁོང་དུ་ཆུད་པར་མི་འགྱུར་བ་ཉིད་དོ།། ་དེ་བཞིན་དུ་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ཉམས་པས་འཇིག་རྟེན་པོའི་དངོས་གྲུབ་མེདོ་ཞེས་བཤང་ངོ་།། བདེན་པསྟན་པ་འདི་ནི་ཡེ་ཤེས་གསུམ་པོ་ཐ་དད་པ་ལས་འདྲེས་པའི་ཡེ་ཤེས་ཀྱི་རང་བཞིན ་གྱིས་ལུས་བསྟུན་པའི།། བླ་མུའི་ཞབས་ཞེས་བྱ་བྱ་ལ་སོགས་པ་ནི་གོ་སླའོ།། གང་གིས་ཞེས་བྱ་བ་སོགས་པ་ལ་སྒྲུབ་པ་པོས་གང་གིས་བླ་མ་ལས་དངོསུ་བདག་བྱིན་གྱིས་བརླབ་པའི་རིམ་པའི་མན ་ངག་གཉུག་མའི་ལུསུ་གནས་བརྙེད་པར་མི་འགྱུར་ཏེ་ཐོབ་པར་མི་འགྱུར་བའོ།། མདོ་སྡེ་རྒྱུད་དང་རྟོག་པ་ལ་སྟེ།། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་རྣལ་འབྱོར་པ་དེའི་ངལ་བ་ནི། དུ་བཱ་པཱ་ཞེས་པའི་རྣམ་གྲངས ་ཏེ།། དོན་དེ་འབྲས་བུ་མེད་པ་འམ་ཕྱིན་ཅི་ལོག་ཏུ་འགྱུར་རོ།། ལྷ་མོ་བཞིས་ཡོངསུ་ཞུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་།། ཐུབ་པ་ཆེན་པོའི་ཆོས་ཕུང་པོ།། སྟོང་ཕྲག་བརྒྱད་ཅུ་རྩེ་བཞི་ཡི།། དེ་ཉིད་མི་ཤེས་གང ་ཡིན་ནའོ།། ངོ་རྣམས་ཀུན་ཀྱང་འབྲས་བུ་མེད་ཅེས་སོ།། བདག་བྱིན་བརླབ་པའི་རིམ་པ་ཞེས་བྱ་བུ་ལ་སོགས་པ་ནི།། ཤེས་རབ་ཀྱིས་དབང་བསྐུར་བ་རྣམས་སོ་སོར་བསྟན་པ་གང་ཡིན་པ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་གང་ཡིན་པ ་དེ་སློབ་མས་བཤད་པ་ཐོས་པའི་སྒོ་ནུས་ཀྱང་རྡོ་རྗེ་བླ་མ་ལས།། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པ་སྟེ།། རྙེད་ནས་སངས་རྒྱས་ཀུན་རང་བཞིན་སྟེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་འགྱུརརོ།། དེ་ཉིད་ཀྱི་ཕྱིར་མདའ ་བདག་གོ་སྟེ།། འགྲོ་བ་གསུམ་པོ་ཡིའོ།། ཚེ་འདི་ཉིད་ལ་ནི་སྐྱེ་བ་འདི་ཉིད་ལས་སངས་རྒྱས་ཉིད་ཐེ་ཚོམ་མེད་པར་ཇི་ལྟར་འགྱུར་བ་དེ་བཞིན་དུ། རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་པས་ཐོབ་པར་བྱའོ།། བདག་བྱིན་བརླབ་པའི ་ཏིང་འཛིན་དང་།། དེ་བཞིན་འོད་གསལ་བའི་གནས་ཤེས་བྱ་བ་ལ་སོགས་པ་ལ་དང་གི་སྒྲ་ནི་རྐང་པ་རྫོགས་པར་བྱེད་པ་ལའོ།། ཇི་ལྟར་ཀུན་རྫོབ་ཀྱི་བདེན་པའི་གནས་དེ་བཞིན་དུ་དོན་དམ་པའི་བདེན་པས་གནསོ་ཞེས་བདེན་པ་གཉི་སུ་རྣལ ་འབྱོར་པ་འཇིག་རྟེན་པ་རྣམས་ལ་བསྟན་པ་ཡི་ནོ།། འདིས་ནི་གསུངས་པའི་བདེན་པ་གཉིས་པོ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་རྒྱུ་དང་འབྲས་བུའི་དངོས་པོར་རབ་ཏུ་བསྟན་པར་འདོད་པས་རྒྱུ་དང་འབྲས་བུའི་ཁྱད ་པར་ལས་ཞེས་གསུངས་ཏེ་ཀུན་རྫོབ་ཀྱི་བདེན་པ་འབྲས་བུའོ།། འོད་གསལ་བ་འདི་དག་དེ་སྲིད་དུ་མངོན་པར་བརྗོད་པ་བྱའོ།། བདག་བྱིན་པརླབ་པའི་རིམ་གྱི་ས་ནི།། འོད་གསལ་བ་ནི་ཐོབ་པར་བྱ།། དེ་བས་རྡོ་རྗེ་བླ་མ་ཡིས།། མངོན་དུ་བདག་བྱིན ་བརླབ་པར་གྱུར་པ་བསྟན་པར་བྱ་སྟེ་བ་ཤད་པར་བྱ་ཞེས་པ་རིམ་པ་འདི་ཉིད་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡོངས་ལ་སོགས་པའི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་བསྟན་པར་འདོད་ནས་གསུངས་པ།། སའི་ཁམས་ནི་ཆུ་ལ་ཐོམ།། ་ཆུ་ན་མི་ལ་ཐིམ་པ་སྟེ།། མེ་ཡང་ཕྲ་མོའི་ཁམས་ལ་ཡང་།། རླུང་ནི་སེམས་ལ་རྣམ་པར་ཐིམ།། སེམས་ཀྱང་སེམས་བྱུང་ལ་ཐིམ་བྱ།། སེམས་ལས་བྱུང་ནི་མ་རིག་ལའོ།། དེ་ཡང་འོད་གསལ་བར་འགྲོའོ།། སྲིད་པ་གསུམ་པོ་འདིར་འགག་གོ།། ་དེ་བཞིན་དུ་འདི་དག་ལུགས་དང་མི་མཐུན་པས་སྟོང་པ་བཞིས་རྒྱུ་དང་འབྲས་བུའི་དངོས་པོའོ།། དེ་ཡང་བཤད་པར་བྱ་བཞིན་པ་རང་དབང་མེད་ཅེས་བྱ་བ་ལ་སོགས་པ་སྟེ།། རང་དབང་མེད་པ་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ།། འགྲོ ་ཀུན་ནི་སོ་སོའི་སྐྱེ་བོ་སེམས་ལས་གཞན་པའི་དངོས་པོ་མེད་པ་སྟོང་པ་ཆེན་པོའི་འབྲས་བུའི་ངོ་བོའོ།། དེའི་རྒྱུ་ནི་འོད་གསལ་བའོ།། འོད་གསལ་བ་ཅིར་གྱུར་པ་ཞེ་ན། ཐམས་ཅད་སྟོང་པའི་མཚན་ཉིད་དོ།། བདག ་བྱིན་གྱིས་བརླབ་པ་འབྲས་བུའི་ངོ་བོའི་རྒྱུ་ཇི་ལྟར་འོད་གསལ་ཡིན།། འོད་གསཔ་ལས་ནི་སྟོང་ཆེན་ཏེ།། དེ་ལས་ཀྱང་ནི་ཐབས་འབྱུང་།། དེ་ལས་ཤེས་རབ་སྐྱེ་བར་བྱེད།། དེ་ལས་རླུང་ནི་ཡང་དག་འབྱུང་།། རླུང་ལས་མེ་ནི་ཡང་དག ་འབྱུང་།། མེ་ལས་ཆུ་ནི་ཡང་དག་འབྱུང་།། ཆུ་ལས་ཀྱང་ནི་ས་སྐྱེའོ།། འདི་ནི་སེམས་ཅན་རྣམས་འབྱུང་བའོ།། འཁོར་བར་འགྱུར་བ་མ་ཡིན་ནོ་ཞེས་གནས་པ་མ་ཡིན་ནམོ།། དེ་བཞིན་དུ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་། ས་ལ་སོགས་པ ་བཞི་པོ་དང་། དེ་བཞིན་སྟོང་པ་བཞི་པོ་སྟེ།། ཚིག་དོན་བརྒྱད་པོ་སྐྱེ་བ་དང་། འཇིག་པའི་རྒྱུར་ནི་རྣམ་ཤེས་བྱ་ཞེས་སྷོ།། འདིས་ནི་འདི་འདི་སྐད་གསུངས་པར་འགྱུར་ཏེ།། སོ་སོའི་སྐྱེ་བོ་དང་སྒྱུ་མ་ལྟ་བུའི་རྣལ་འབྱོར་པ་དག་གི་ཁྱད་པར ་ཅི་ཡིན་ཞེས་མི་ཤེས་ཏེ་ཁྱད་པར་རོ།། རྣལ་འབྱོར་པ་རྣམ་སོ་ཀྱི་སོ་སྐྱེ་བོ་རྣམས་ལ་གང་གི་ཕྱིར་དེ་རྣམས་སྒྱུ་མའི་རྣམ་པ་བཞིན།། དེ་རྣམསུ་ཉེ་བར་དམིགས་པ་དང་ལྡན་པའི་དངོས་པོ་རྣམས་ལ་བདེན་པ་ཉིད་དུ་མངོན་པ་མེད་པ་འདི་ནི།། ་དེ་རྣམས་ལ་བྱིས་པའི་སྐྱེ་བོ་བཞིན་དུ་བདེན་པ་ཉིད་ཀྱི་མངོན་ཞེན་པ་གང་ཡིན་པ་དེ་རྣམས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་བརྗོད་པར་བྱའོ།། གནས་གཞན་དུ་གསུངས་པ་ཡང་།། འདི་ལ་བསལ་བྱ་ཅི་ཡང་མེད།། ་བཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལས་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེསོ།། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་སྒྲ་དང་འབྲས་བུའི་དངོས་པོར་མཚུངས་པ་ཉིད་དོ།། དེ་བཞིན་དུ་ཡང ་བགྲ་ཆགས་དང་བཅས་པ་བྲག་ཆགས་མེད་པ་ཐོབ་ནས།། རང་གི་རྟོགས་པས་འདྲི་བར་བྱེད་པ་སོ་སོའི་སྐྱེ་བོའོ།། འདི་ཉིད་སླར་ཡང་བསྟན་པར་བྱ་བའི་ཕྱིར།། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ལྟ་བུའི་ཏི ་འཛིན་ཡོངསུ་མི་ཤེས་པའི་སེམས་གང་གིས་བྱིས་པ་རྣམས་དངོས་པོ་རྣམས་མངོན་པོར་ཤེས་པས་བཅིངས་པར་འགྱུར་བའོ།། གང་དུ་ཞེ་ན་འཁོར་བར་སྟེ་ཀུན་ཏུ་འཁོར་བར་བྱེད་པ་ནས་འཁོར་བ་སྟེ་འགྲོ་བ་ནས་འགྲོ་བ ་གཞན་ཏུ་ཞེས་པ་ཇི་སྲིད་པར་རོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་དངོས་པོའི་རང་བཞིན་ཡོངསུ་ཤེས་པའི་སེམས་དེས་རྣལ་འབྱོར་པ་བདེར་གཤེགས་གནས་སུ་འགྲོ་བར་འགྱུ་རོ།། དེ་ལྟ་བུའི་ཁྱང་པར་དུ་འཕགས་པའི ་སེམས་འདྲིར་ནཱི་གང་ཡང་སྐྱེ་བ་མི་། འཆི་བ་འང་གང་ཡང་ཡོད་མ་ཡིན་ཞེས་བྱ་བ་ལྔ་སོགས་པ་གོ་འཕྱང་གླཉིས་རྫོགས་པའི་རྣལ་འབྱོར་པའི་སེམས་ལ་བལྟོས་ནས་གསུང་སོ།། སེམས་ཀྱི་ངོ་བོ་རྣམ་གནས་པར།། ་འཁོར་བ་ཉིད་ཀྱིས་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་མ་རྫོགས་པའི་རྣལ་འབྱོར་པའི་སེམས་ལ་བལྟོས་པའི་ཚི་གོ།། འདི་དག་གོ་འཕངས་གཉིས་གཉིས་བསྟན་པ་དེ་ཚིགསུ་བཅད་པ་གཉིས་ཀྱིས་རྣམ་པར་གསལ་བར ་བསྟན་པར་ཕྱིར་རླུང་གི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། རྡོ་རྗེ་བཟླས་པའི་སྒྲ་དང་བྲལ་བྱས་སེམས་ཀྱི་བསྟན་པ་ཉིད་ཀྱི་རང་བཞིན་བཟུང་དུ་མེད་སྟེ་ཐོབ་པར་བྱར་མེདདོ།། འོན་ཀྱང་སྦྱོར་བ་ཉིད་ལས ་བདག་བྱིན་གྱིས་བརླབས་པའི་འབྲས་བུ་རྣལ་འབྱོར་པས་ཐོབ་པོ།། འདི་ཡེ་ཤེས་གསུམ་ཐ་མི་དད་པ་སྟོང་པ་ཆེ་ན་པོའི་ངོ་བོ་མངོན་པར་བརྗོད་དོ།། སེམས་ལས་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིངེ་འཛིན་ལ་ཡོངསུ་འདྲི་སྔ་པོ་མ་ཡིན་པ་ལས ་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་པོ་ལས་འདོད་ཆགས་དང་བྲལ་ལ་སོགས་པའི་མཚན་ཉིད་མི་དགེ་བའི་རང་བཞིན་རྣམས་རང་བཞིན་ཡང་དག་པར་འབྱུང་བར་འགྱུར་རོ།། ཅི་ལས་ཤེས་ན་རང་བཞིན་རྒྱུར་གྱུར་པ་ལ ་སྟེན་དེའི་རང་བཞིན་དེ་ལས་ལས་དང་སྐྱེ་བོ་ཀུན་ཏུ་འབྱུང་ངོ་།། རིགས་པ་འདིས་དངོས་པོའི་རང་བཞིན་མ་ཤེས་ནས་སོ་སོའི་སྐྱེ་བོའི་སེམས་སྐྱེ་བ་ཡོང་སུ་འཛིན་པར་བྱེད།། དེ་བཞིན་དུ་ཡང་རྒྱུད་དུ་གསུངས་པ།། དགེ་བ་བཅུ་ཡི་ལུས ་ཀྱི་ལམ། བྱེད་པ་ཡེ་ཤེས་སྤངས་པ་རྣམས་ཞེས་སོ།། འདིའི་དོན་བཤད་པ།། སྤྱོད་བསྡུས་མཛད་པས།། དེ་བཞིན་དུ་སེམས་ཅན་རྣམས་དགེ་བའི་བཤེས་གཉེན་དང་བྲལ་བ་རང་གི་སེམས་ཀྱིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངསུ ་ཤེས་པ་ཁོང་དུ་མ་ཆུད་ནས།། ངར་འཛིན་པ་དང་། ང་ཡིར་འཛིན་པ། གསོབ་གསོག་སྟོ་ང་པ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པར་བཏགས་ནས། ཐོག་མ་མེད་པའི་འཁོར་བར་སྡུག་བསྔལ་ཉམསུ་མྱོང་བར་འགྱུར་རོ་ཞེས་སོ།། དེ་ཉིད ་ཅེས་བྱ་བ་ལ་སོགས་པ་ལ།། སྒྱུ་མ་ལྟ་བུའི་སེམས་གང་ཡིན་པ་དེ་རྣམ་ཤེས་གསུམ་ཡིད་ཀྱིས་ཐ་དད་ཅེས་པ་ནི།། སྣ་བ་གཉིས་ལས་སྐྱེས་པ་སྣང་བ་མཆེད་པ་གཉིས་དང་བྲལ་བ་ཉིད་སྣང་བ་ཉེ་བར་ཐོབ་པའོ།། ལྷའི་རྣམ་པ་སྔར་སོ་སོ ་བསྟན་པོ་ཁྱད་པར་གྱི་དགའ་བའི་དགའ་བ་དབང་བསྐུར་བའི་མཚན་ཉིད་དོ།། བདེ་བ་ཆེན་པོའི་ངོ་བོ་རྣལ་འབྱོར་པས་འབྱུང་སྟེ། བསྐྱེད་པར་བྱའོ།། དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི།། དེ་བས་འདི་ལྟར་འགྲོ་བ་ཀུན་ནི་སེམས་ཅན་གྱི ་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དང་བཅས་པའི་ཁམས་གསུམ་པ་སྒྱུ་མ་ལྟ་བུར་འདིར་བཤད་པར་བྱའོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས་ཏེ།། སྒོམ་པ་པོ་ཐམས་ཅད་སྟེ་བརྗོད་པའི་ཁམས་གསུམ་པ་གང་ཡིན་པ་དེ་དང་འདྲ་བ་སྟེ ་སྒྱུ་མ་ལྟ་བུ་དང་མཚུངས་པར་མ་ཐོབ་བོ།། དགོངས་པ་བླ་ན་མེད་པར་གསུངས་པ་ཡང་།། སྣང་བ་གསུམ་པོ་མཐོང་བ་དང་། ས་བཅུ་ལ་ནི་རབ་ཏུ་གནས་ཞེས་སོ།། གཟུགས་དང་ཚོར་བ་ཉིད་དང་ནི་ཞེས་བྱ་ལ་སོགས་པ་ལ་གཟུགས་ནི། ་དང་ཕྱི་རོལ་ཉིད་ཐ་དད་པ་མིན་པར་ཐམས་ཅད་སྒྱུ་མ་ཉིད་གཞན་མིན་ཞེས་པའི་མཐར་ཐུག་པ་སྔར་བཤད་པ་ཉིད་ཀྱིས་གསལོ།། སོ་སོར་བསྟན་པའི་སྒྱུ་མའི་ལུས་ཇི་ལྟར་མཚོན་པར་བྱ་ཞེ་ན།། འདྲི་ནི་དོན་སླར་ཡང་གསུངས་དམ ་ལོང་གཟུགས་བརྙན་ལ་སོགས་པའི་དཔེས།། སྔགས་པས་སྒྱུ་མའི་ལུས་ནི་མཚོན་པར་བྱའོ།། ཁ་དོག་རྣམས་ནི་འཇའ་ཉིད་སྟེ། དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ་ཉིད་ཀྱིསོ།། ཁྱབ་པ་ཆུའི་ཟླ་བས་སོ་ནི།། ཇི་ལྟར་རི་པོད ་ཅན་གཅིག་ཉིད་ཆུ་དང་བཅས་པའི་སྣོད་སྣ་ཚོགསུ་མཐོང་ངོ་།། དེ་བཞིན་དུ་སྒྱུ་མཱའི་ལུས་ཀྱིས་ཁྱད་པ་ཉིད་དོ།། གང་དུ་མེ་ལོང་དྲི་མ་མེད་པ་ལ།། སྟེ་དྷི་མྦྷ་དང་བྲལ་བ་ལཱ་ཞེས་བྱ་བ་ལ་སོག་པ་ནི་རྟོགས་པར་སླའོ།། རྡོ་རྗེ ་སེམས་དཔའ་ལེགས་བྲིས་པཱ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་ཅི་ཡིན་པ།། ལེགསོ་བྲིས་པ་སྟེ་མཛེས་པར་བྲིས་པའོ།། ཇི་ལྟར་ཞེས་དཔེར་ནཱ་རས་ལ་རི་མོའི་ཐ་དད་པའི་དངོས་པོ་ལོས་རྣམ་པ་གཅིག་ཏུ་ཤེས་པ་སྐྱེའོ།། དེ་བཞི ་དུ་རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། ཞེ་ས། དེ་ཡང་ཇི་ལྟར་གྱུར་པ་ཞེས་ན་རྣམ་པ་ཀུན་གྱི་མཆོག་ལྗོན་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་རོ།། འདི་དག་གི་ངོ་བོ་ནི་གལ་ཏེ་ཡང་། ཆེས་གསལ་བར་འཕགས་པས་བྲིས་པ་དེ་བཞིན་དུ་ཡང ་བློ་ཞུན་པ་བདག་གིས་མཐའ་དག་བདག་བྱིན་གྱི་བརླབས་པའི་མན་ངག་བསྡུས་པའི་དོན་དུ་མངོན་པར་བརྗོད་པར་བྱའོ།། འདྲིར་སྨྲས་པ།། པདྨ་དཀར་པོ་དང་ཟླ་བའི་སྟན་ལ་དེའི་སྟེང་དུ་སྐུ་མདོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ་སཾམ?། ་དཔའི་སྐྱིལ་ཀྲུང་ཅན།། དབུ་ལ་རལ་པས་བརྒྱན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་གནས་པ།། ཕྱག་གི་ཡུལྔ་འདབ་ཀྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པའོ།། ཡང་ན་རྡོ་རྗེ་གསུམ་དང་བྲལ་བར་འགྱུར་རོ།། བདང་། བྱིན་གྱིས་བརླབ ་པའི་ངོ་བོ་དབང་པོའི་གཞུ་ལྟ་བུའི་ངོ་བོ་འོད་ཟེར་ལྔའི་རང་བཞིན་བརྫུན་པའི་བག་ཆགས་དང་ལྡན་པའི་ཡིད་ལས་བྱུང་བའི་ལུས་གསལ་བ།། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོ་སོར་རྟོགས་པ། རྣམ་པོར་ཉིད་པའི་སྐེད ་ཅིག་མཐོང་བའོ།། སྣང་བ་ཉེ་བར་ཐོབ་པའི་ངོ་བོ་རྣལ་འབྱོར་པ་རབ་རྣམས་ལ་སྐད་ཅིག་གིས་རྣམ་པའི་སྦྱོར་བས་སོ་སོ་རང་གིས་རིག་པར་བྱ་བུ་སྟོང་པ་ཆེན་པོའི་ཡེ་ཤེས་སངས་རྒྱས་རྣམས་ཀྱི་ལོང་སློང་རྫོགས་པའི་སྐུ་མཚན་བཟང་པོ ་སུམ་ཅུ་རྩ་གཉིས་འཆིང་བ་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་མཛེས་པའི་ལུས་རྡོ་རྗེ་བླ་མས་བསྟན་པོར་བྱའོ།། གང་དུ་ན་མེ་ལོང་དུའོ།། ཅིའི་ཆེད་དུ་ན་སློབ་མ་བཟང་པོའི་ཆེད་དུའོ།། འདི་ཉིད་ཀྱིས་བདོག་བྱིན་གྱིས་བརླབ་པ་མངོན་པར ་བརྗོད་པའི་མཚན་ཉིད་དེ་བརྗོད་པར་བྱའོ།། འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ་ཡང་། ཇི་ལྟར་མི་ལོང་གཟུགས་བརྙན་ཆ་ཤས་མཐའ་དགེ་དང་།། ལྡན་པའི་གཟུགས་ནི་ཆེས་གསལ་རྣམ་པོར་སྣང་བར་བྱེད།། དེ་བཞི་རྗེ ་འཆང་གྲི་སྐུ་ནི་རྟག་པ་ཉིད། དཔེ་བྱེད་བརྒྱད་ཅུ་དང་ནི་མཚན་ལ་སོགས་པ་རྣམས་ཞེས་སོ།། འདི་ཉིད་གང་ཞེས་བྱ་བ་ལ་སོགས་པ་ནི།། ངེས་པར་མཚན་པར་ནི་སྒྱུ་མ་ཡང་དག་པར་མཚོན་པར་བྱ་བ་སྟེ།། སྒྱུ་མ་ལྀས་བྱུང་བ་ཡེ ་ཤེས་ཀྱི་སྐྱེའི་རང་བཞིན་ནོ།། ལོང་སྤྱོད་རྫོགས་པའི་སྐུ་ཡང་དེ་སྒྱུ་མ་ལྟ་བུའི་ལུས་ནི་ལོང་སྤྱོད་རྫོགས་པའི་སྐུ་སྟེ། ས་བཅུའི་དབང་ཕྱུག་རྣམས་ཀྱི་རྟོགས་བྱའོ།། དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར ་བསྟན་པའོ།། འོན་ཀྱང་སོ་སོ་སོར་འགྲོ་བ་རྣམསུ་སྐྱེ་བོ་ཞེས་བྱས་ནས་སོའི་སྐྱེ་བོའི་སེམསོ་ལ་བལྟོས་ནས་དྲོ་ཟའི་སེམས་ཅན་དུ་མངོན་པར་བརྗོད་པར་བྱའོ།། རྡོ་རྗེའི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བདག་ཉིད་ཅེས་པ ་ལ་སོགས་པ་ནི་ལྷ་སྲས་ཐམས་ཅད་ཉིད་ནི་གཙོ་བོ་ཐམས་ཅད་ཉིད་དེ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཞེས་པའི་དོན་ཏོ།། དེ་བས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པ་ནི་རྟོགས་པར་སླའོ།། སྒྱུ་མུ་ལྕུ་བུའི་ལུས་ཀྱིས ་ཐམས་ཅད་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར།། སྔགས་དང་ཕྱག་རྒྱའི་རབ་འབྱོར་དདུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། སྔགས་དང་ཕྱག་རྒྱའི་རབ་སྦྱོར་དང་། དཀྱིལ་འཁོར་ལ་སོགས་རྣམ་རྟོག་པ་ནི་དཀྱིལ་འཁོར་ལ་སོ། ་པ་བྱེད་པ་འདོད་པོ་ཀུན་རྫོབ་ལ་བརྟེན་ནཱ་གཱ་ལ་ཏེ་ཡཱ་དག་པོར་བསྒྲུབ་པ་བྱའོ།། སྦྱིན་སྲེགཏོར་མའི་བྱ་བ་འོང་ཀུན་དེའི་ཚེ་སྒྲ་མོ་ལྟ་བུའི་གཟུན་ཀྱིས་དུས་ཐཾད་དུ་བྱའོ།། ཞི་བོ་ལ་ཉེས་པམེ་ནོ་ཞི་བ་ནོ་ང་རྒྱས་ཅནྡ་ཡོང་།། དེ་བཞིན་དབང་མངོན་སྤྱོད་ཅན།། དབང་པོའི་གཞུ་དང་མཚུངས་པ ་ཉིད་ཀྱིས་ཐམས་ཅད་བྱའོ་དེ་བཞིན་དུ་ཡང་བཅོམ་ལྡན་འའོདས་ཀྱིས་རྣམ་པར་སྣང་མཛད་མངོན་བར་བྱང་ཆུབ་པའི་རྒྱུད་དུ་གསུངས་པ།། ངའང་པོའི་མཚོན་ཆ་ལྟ་བུའི་སྐུ།། དེ་ཉིད་བསྒོམས་པས་ཐོབ་པོར་བྱེད་ཅེས་སོ།། འདིའི་དོན་འདི་ཡིན་ཏེ། ་དབང་པོ་ཞེས་པ་ནི་བརྒྱ་སྦྱིན་ནོ།། མཚོན་ཆ་ཞེས་པ་ནི་གཞུང་སྟེ་བརྡ་ལས་བརྒྱ་བྱིན་གྱི་གཞུ་ཞེས་པའི་དོན་ཏོ།། དབང་པོའི་གཞུ་ཅི་ཞེ་ན།། དེ་ནི་འོད་ཟེར་སྔའི་ཁ་དེགེ་ཉེ་བར་མཚོན་པ་སྟེ།། དཔེར་ན་དབང་པོའི་གཞུ་ན་མཁའི་མཐིལ་དུ་ཁ ་དོག་གི་དབྱེ་བས་ཡོངསུ་གསལ་བ་དེ་བཞིན་ཁོ་ནར་ལོང་སྐྱོང་རྫོགས་པའི་སྐུར་ཉེ་བར་མཚོན་ཏོ་ཞེས་པའི་དོན་ཏོ།། སྒེག་པ་ལ་སོགས་ཤེས་བྱ་བ་ལ་སོགས་པ་སྒྲེགས་སོགས་ཉེ་བར་ལོང་སྤྱོད་དང་། གླུ་དང་རོལ་མོ་སོགས་བརྟེན་པ་གང ་གི་ཚེ་བྱེད་པ་དེའི་ཚེ་ཆུ་ཟླ་བཞིན་དུའོ།། འདིའི་དོན་ནི་སྔ་མ་ཁོ་ནས་བཤད་དེ། དེས་ན་གོ་སླའོ།། གཟུགས་དང་སྒྲ་དང་ཞེས་བྱའི་ལ་སོགས་པ་ལ་གཟུགས་ལ་དང་། སྒྲ་ལ་མིག་ལ་སོགས་པ་རབ་ཏུ་འཇུག་པ་ཡང་མིག་གིས་གཟུང་བར ་བྱ་བཛྲཱི་ནི་གཟུགསོ་ཞེས་བྱས་ནས་མིག་ལ་སོགས་པའི་ཡུལ་ལ་སོགས་པ་རྣམས། སྒྱུ་མ་ལྟ་བུར་ཏེ་དེ་དང་འདྲ་བར་ཏེ་སྒྱུ་མོའོ་ལུས་དང་འདྲ་བར་བལྟ་བར་བྱའོ་ཞེས་པའི་དོན་ཏོ།། མང་དུ་ཅི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སྨྲའོ།། མེ་ལོང ་ག་ནི་གཟུགས་བརྙན་དང་ཞེས་བྱ་བ་ལ་སོགས་པ་ལ་མྱེ་ལོང་ལ་སོགས་པའི་དཔེབཅུ་གཉིས་པོ་རླམས་ཀྱིས་སྒྱུ་མའི་ལུས་ཁོང་དུ་ཆུད་པར་བྱ་སྟེ།། ཅིས་ཤེས་ན་རབ་ཏུ་གྱུར་པ་དེ་རྙེད་ཀྱི་སོ།། མིག་འཕྲུལ་དང་མཚུངས་ནི། དཔེར་ན ་མིག་འཕྲུལ་མཁན་སྐྱེས་པ་དང་ལྷག་ལྡན་དང་རྟ་ལཱ་སོགས་པ་སྒྱུ་མུས་སྤྲུལ་པར་བྱེད།། དེ་བཞིན་དུ་མིག་འཕྲུལ་མཚུངས་པ་སྒྱུ་མ་ལྟ་བུའི་ལུས་གང་ཡིན་པ་རྣལ་འབྱོར་པས་མཐོང་སྟེ།། དེ་འཇིག་རྟེན་རྣམས་ཀྱི་མངའ་བདགུ་ཡིན་པ ་བཤད་དེ་ལྷག་པ་ར་རྟོག་སོ་ཞེས་པའོ།། དེ་བཞིན་དུ་ཡང་གི་སྤྱོད་པ་སྡུས་སུ།། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣལ་འ་བྱོར་ཆེན་པོའི་རྒྱུད་དུ་ཡང་གསུངས་པོ་འདི་ཉིད་སྒྱུ་མ་ལྟ་བུའི་ཏིང་འཛིན་འདི་ཉིད་གསལ་བ་བྱའི་ཕྱིར་གསུངས་པ།། སོས་དང་སེ ་ལས་བྱུང་བ་མཉམ་པར་སྦྱོར་བ་བདེ་བ་ཆེན་པོའི་ཏིང་འཛིན་དེ་སྒྱུ་མ་ལ་སོགས་པའི་དཔེ་རྣམས་ཀྱིས་ཉེ་བར་མཚོན་པ།། དེ་བཞིན་གཤེགས་པ་གཾ་གའི་ཀླུང་གི་བྱེ་མ་རྙེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྒྱུ་མ་ལྟ་བུ་དང་ཆུ་ཟླ་ལྟ་བུ་དང་། ་སྣང་བརྙན་ལྕུ་བུ་ད་། སྨིག་རྒྱུ་དང་རྨི་ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། བརྒྱ་བྱིན་གྱི་གཞུ་དང་། གློག་དང་། ཆུའི་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ཞེས་པ།། སྒྱུ་མའི་དཔེ་བཅུ ་གཉིས་རྣམས་ཀྱིས་བདེ་བ་ཆེན་པོའི་ཏིང་འཛིན་ཉཾ་བཪྵ་མཚོན་པར་འགྱུ་རོ།། དཔེ་བཅུ་གཉིས་པོའི་དོན་བཤད་པདྨ་པྱ་སྟེ། སྒྱུ་མའི་དོན་ནི་བྱ་བས་སོ།། སྨིག་རྒྱུའི་དོན་ནི་བརྫུན་པ་ཉིད་ཀྱིསོ།། དྲི་ཟའི་ཐོང་ཁྱེརརུ་ནི་ཡུལ་ངེས་པ་མེད་པ་སོ་སོར་སྣང ་བྱ་ཉིད་ཀྱིསོ།། བརྒྱ་བྱིན་གྱི་གཞུ་ནི་ཁ་དོག་དུ་མ་ཉིད་ཀྱིསོ།། མེ་ལོང་གི་གཟུགས་བརྙན་ནི་གསལ་བ་ཉིད་ཀྱིསོ།། ནིའོ་ཟླ་བ་ཁྱབ་པསོ།། སྒྲ་ནྡྷན་ནི་ཡུལ་གཞན་དུ་སོ་སོར་སྨྲས་པ་ཉིད་ཀྱིས།། རྨི་ལམ་ནི་ཤེས་པ་རྣམ་ཉིད་ཀྱིསོ།། ་གྲིགྲུབ་མ་ནི་ཤ་དང་བྲལ་བ་ཉིད་ཀྱིསོ།། སྤྲིན་ནི་སྒྲིབ་པས་ཀུན་ཏུ་གཡོགས་པའི་རྒྱུ་ཉིད་ཀྱིསོ།། གློག་ནི་སྐད་ཅིག་ཙམ་ལེ་གནས་པ་ཉིད་ཀྱིསོ།། ཆུའི་ཆུ་བུར་ནི་སྐྱེས་པ་དང་རྣམ་པར་ཐོམ་པ་ཉིད་ལསོ།། མཐོང་བ་ཞེས་བྱ་བ་ལ་སོགས་པ་ལ་མི ་འཕྲུལ་མཐོང་བ་དང་རེག་པ་ཉིད་འགྲོ་བ་རྟག་ཏུ་སྒྱུ་མ་ཇི་བཞིན་པ་དེ་བཞིན་དུ།། ཐམས་ཅད་ཀྱི་ཚེ་འགྲོ་བ་ཡང་གཟུགས་དང་རེག་པ་ལ་སོགས་པོ་སྒྱུ་མཱ་ལྟ་བུ་ཉིད་ཀྱིས་ཡོངསུ་གྲག་སོ།། དམིགས་མེད་ཀུན་རྫོབ་དག་ཏུ་ཡང་སྟེ་བདེན་པ་བཅུ་ལ ་དངོས་པོའི་གྲོང་དུ་ཉེ་བར་དམིགས་པ་ཡང་མི་འགྱུར་ཏེ། ཆོས་ཉིད་དུ་འགྱུར་བར་བྱས་པར་གྱུར་པའི་བདེན་པའི་རང་བཞིན་ཀུན་རྫོབ་ཀྱིས་བདེན་པའི་རང་བཞིན་གྱི་ཆོས་ཉིད་དེ་མངོན་པར་བརྗོད་དོ།། དམིགས་མེད་ཀྱི་སྒྲས་ནི་ཐེག་ཆེན་ཉི་ཤུ ་པབཔར་གསུངས་པ་ཡང་།། སྒྱུ་མས་བསྒྲུབས་སྒྱུ་མིའི་བྱ།། རྟག་ཏུ་ཉེ་བར་སྲུང་བྱེད་པ།། དེ་ཚེ་སྒྱུ་མ་ཡོད་མ་ཡིན། དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་སོ།། འདི་དག་རྟོགས་པར་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་དེ་སྒྱུ་མ་ལྟ་བུར་ཡོངསུ་བསྒྲགསོ།། ཐ ་སྙད་ཡང་དག་པ་ལ་བ་རྟེན་ནས་འགྲོ་བ་སྒྱུ་མ་ལྟ་བུར་བསྟན་པར་བྱས་པ་ནི། བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པ་བཅུ་ལ་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་དང་། བསྟན་པའི་ཐ་སྙད་ཉིད་མེད་དོ་ཞེས་གནས་སོ།། ་སླར་ཡང་འདི་དག་ཉིད་བསྟན་པར་འདོད་ན་ཆོས་གང་དང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། གཟུགས་དྲང་སྒྲ་ལ་སོགས་པ་གང་དང་གང་དབང་པོའི་ལམ་ཉིད་དེ།། མིག་ལ་སོགས་པའི་དབང་པོའི་ཡུལ་གྱིས་ལམ་འདིའི་རང་བཞིན ་གྱིས་ཐབས་ཐོབ་པར་བྱའོ།། དེ་དང་དེའི་རང་བཞིན་ལ་སྟེ་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུའི་ལོང་སྤྱོད་རྫོགས་པའི་ལུས་ཀྱི་རང་བཞིན་ལ་སོ།། མཉམ་པར་མ་བཞུག་སྦྱོར་བ་ཡིས་ཞེས་བྱ་ནི། མཉམ་པར་མ་གཞག་པའི་གནས་སྐབསུ ་མཉམ་པར་གཞག་པ་ནོ་འདིའོ།། ཡང་ན་མི་མཉམ་པས་གཟུང་བ་ལ་སོགས་པའི་གཉེན་པོ་སྣང་པོ་ལ་སོགས་པའི་ཡེ་ཤེས་གསུམ་གྱིས་བཞག་པ་སྟེ་བསྐྱེ་བའི་སྦྱོར་བས་རྡོ་རྗེ་གསུམ་དང་བྲལ་བར་གྱུར་པའི་བདག་བྱིན་གྱིས་བརླབ་པའི ་མཚན་ཉིད་དོ།། འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྒྱུ་མའི་ལུས་ཀྱིས་ངོ་བོ་ཉིད་བསྐྱེད་ཅིང་ཐོབ་པར་བྱེད་དོ།། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ཇི་ལྟར་འགྱུར། གལ་ཏེ་ས་བཅུའི ་དབང་ཕྱུག་གང་ཡིན་པ་དེས་རྟོགས་པར་བྱའོ་ཞེས་བྱས་ནས། དེ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ངོ་བོར་བརྗོད་པར་རིགསོ་ཞེས། བདེན་ཏེ་ས་བཅུ་པ་ལ།། བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ན་ཏེ ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིནོ་ཞེས་གསུངས་པོའི་ཕྱིར་རོ།། ཀུན་ཏུ་ཀུན་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བཤད་པ་ནི་རྟོགས་པར་སླའོ།། ད་ནི་སྒྱུ་མའི་ལུས་ཁྱབ་པ་ཉིད་བསྟན་པར་བྱ་བའི་ཕྱིར།། འགྲོ་དང ་བཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་དེ་ཆེན་པོ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཆེན་པོའོ།། མངའ་བདག་བདེ་བ་ཀུན་རང་བཞིན་ནི།། འཁོར་བའི་སྡུག་བསྔལ་གྱི་བག་ཆགས་ཐམས་ཅོད་དང་བྲལ་བའི་ཕྱིར ་བདེ་བ་ཀུན་རང་བཞིན་ནོ།། ཁམས་གསུམ་པར་རབ་ཏུ་འབྱུང་བར་བྱེད་ཞེས་པས་མངའ་བྱེདག་ཏེ་རྡོ་རྗེ་སེམས་དཔའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་མཁའ་ལས་སྐད་ཅིག་ཉིད་ལ་སྟེ་རིང་པོར་མི་ཐོགས་པར་གནས་དང་ཟོས་དང ་བཏུང་བ་ལ་སྲོགས་རྣམས་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་རྙེད་པར་ཏེ་ཐོབ་པར་བྱེད་དོ།། འགྱུར་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་སྔགས་པ་གང་ཡིན་པ་རྣམས་རྣམ ་བར་རྟོག་པའི་དྲ་བ་སྲིད་པ་མཐའ་ཡས་ངག་གཅོད་པར་འགྱུརརོ།། འགྲོ་ལ་རབ་མཆོག་སྟོན་པ་དང་ཞེས་པོ་ནི་རབ་མཆོག་ནི་ཕུལ་དུ་བྱུང་བ་ལའོ།། འགྲོ་ལ་ནི་འགྲོ་བ་ལ་སྟོན་པའོ།། རྣལ་འབྱོར་པ་དེ་མཆོད་པར་བྱེད་དོ།། ཅི་ཞིག་རྣམས ་ཀྱིས་ཤེ་ན་ལྷ་རྣམས་ཀྱིས་ཏེ་ཐམས་ཅད་ཀྱིས་ཤེས་བྱ་བའི་དོན་ཏོ།། ཅི་བྱས་ན་ཡང་དང་ཡང་དུ་ཕྱག་བྱས་ནས་ཏེ་ཐམས་ཅད་ཀྱི་ཚེའོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ་དཔེ་གསུངས་པ།། སྟོན་པ་རྫོགས་སངས་རྒྱསོ།། ཅི་གྱུར་པསོ ་ཞེ་ན། ཕན་པར་བཞེད་པ་འཇིག་རྟེན་འདིར་རབ་ཏུ་འཇུག་པ་ཇི་ལྟར་དེ་བཞིན་ཉིད་དུ་རྣལ་འབྱོར་ཆེན་པོ་ནི་སྣ་ཚོགས་པའི་རང་བཞིན་གྱི་ཡེ་ཤེས་རྗེསུཾ་སྡུད་པའི་ཕྱིར་ཏེ། འགྲོ་བའི་བདག་ཉིད་ཅན་གྱི་ཡིས་ཀྱི་རྭ་བཞིན་གྱི་ལུས་དེ་སྡུད་པ་ཉི ་ཕྱིར་རོ།། མེད་ཅེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་སྐྱེས་པ་ནི་ཚིག་དོན་ཐམས་ཅད་ལ་སོགས་པ་ལ་བསྒྲིབ་པར་མི་བྱ་བས། རྟག་ཏུ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ།། རྡོ་རྗེ་སེམས་དཔས་ནི་སྒྱུ་མའི་ལུས་ཀྱི་སོ།། མཚན་པ་ནི་ངེས་པར ་རྟོགས་པའོ།། གང་དེ་ལྟོ་མོད་ཀྱི་ཐམས་ཅད་བསྒྲིབ་པར་བྱ་བ་ཁོ་ནའོ།། ཕྱག་རྒྱ་ཐམས་ཅད་ནི་ཐམས་ཅད་ཡོད་པ་སྟེ་བདེ་བ་ཆེན་པོ་གང་ཡིན་པའོ།། བདེ་བ་ཆེན་པོའི་རང་བཞིན་དེ་ལས་འདི་དག་ཐམས་ཅད་ཀུན་རྫོབ་བདེན་པའི་རྣམ་པ ་སྟེན་པ་ལ་རྣལ་འབྱོར་པས་ཤེས་པ་ལ་རབ་ཉིད་རྗེསུ་འགྲུབ་པར་འགྱུར་ཞེས་པ་རྗོད་པར་བྱེད་པའི་དོན་ཏོ།། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ལ།། ལས་ཀྱི་ལམ་ནི་དགེ་བ་བཅུ་ལ་སོགས་པ་རྣམསོ།། ལུས་ཀྱི་སྒྲས་ནི་སྐྱེ་བར་མངོན་པ ་འདོད་དོ།། ཇི་ལྟར་ཞེ་ན་གསུངས་པ་ཡང་ཉོན་མོངས་པ་ལ་སོ།། དེ་ལས་སྐྱེ་བའོ།། དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་དང་འབྲས་བུ་ཡང་ཡང་ནའོ་ཞེས་སོ།། འོད་གསལ་བ་ལས་སྟོང་པ་ཆེན་པོ་དཾ་ལས་འགྲོ་བ་བསྐྱེདོ་ཞེས་བྱས་ནས་བྱེད་པ་པོའོ།། འདི ་རྣམས་ཀྱི་བདེན་པ་ངེས་པར་རྟོགས་པས་འབྲས་བུ་ཡང་སྟེ། གང་གི་ཚེ་ངེས་པ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྒྱུ་མའི་ལུས་ཀྱི་དཔེ་སྨིག་རྒྱུ་དང་མཚུངས་པ་དང་། རྨི་ལམ་དང་འདྲ་བ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ ་ཁོང་དུ་ཆུད་པར་བྱའོ།། འདི་ཞེས་བྱ་བ་ལ་སོགས་པ་ལ།། དེ་རྣམས་སྒྱུ་མའི་སྨན་གྱིས་གསོ་ཞེས་པ་ནི། དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་འཛིན་མ་རྟོགས་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་རྣམས་ཀྱི་རྣམ་པ་སྣ་ཚོགས་པའི་ནང་སྐྱེ ་སྟེ་སྒྱུ་མ་ལྟ་བུའི་ཏིང་འཛིན་རྟོགས་པོ་རྣམས་ཀྱི་སྒྱུ་མའི་སྨན་པ་ནད་ལ་ས་རྒྱལ་བར་བྱེདོ་ཞེས་པའི་དོན་ཏོ།། བདག་བྱིན་བརླབ་པའི་མན་ངག་དྲག་ཅེས་པ་ལ་སོགསོ་པ་ནས།། སྡུག་བསྔལ་རྒྱ་མཚོ་འཇིགས་ཆེན་ལས་ཞེས ་པའོ་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་པར་སླའོ།། སློབ་མ་ངེས་པར་རྟོག་པར་བྱེད་པ་གསུངས་པ། གང་ཞིག་ང་རྒྱལ་དྲི་ལོས་སྔགས་ཞེས་བྱ་བ་ལ་སོགས་པ་ཡང་གསལ་ལོ།། བདེན་པར་སྨྲ་ཞེས་བྱ་བ་བདེན་པའི་ཚིག་གོ།། རྣམ་པར ་མཁས་པ་ནི་རྣམ་པར་དཔྱོད་པ་པོའོ།། གཅིག་པ་ནི་བླ་མ་ལ་མཉན་པ་དང་ཀློག་པ་ལ་སོགས་པ་བྱེད་པ་པོ་གང་ཡིན་པའོ།། ཁ་ཅིག་སེམས་དཔའ་ཅན་ཞེས་ཀློག་སྟེ། བསམ་པ་རྫོགས་པ་ཞེས་པའོ།། ཞེས་པ་བདག་བྱིན ་དྲེའི་པའི་མ་འཛིན་མ་གང་ལྡན་བའི་ཡིད་འདུན་རྗེགས་བྱེད་བྱིན་འ་ས་གས་ན།། གཞན་དག་འཛིན་འ་མེད།། མིའི་རྒྱས་ཟེའི་མ་གྱི ་བཞིན།། འོད་གསལ་རྣམ་དག་ཉིད་ལས། དེ་བཞིན་དུ་བྱིན་གྱིས་བརླབ་པ་ལ་དམིགས་པ་སྔོན་དུ་འགྲོ་བས་འོད་གསལ་བ་ལ་འཇུག་པར་བྱའོ།། ཞེས་ཤེས་ནས་སྟོང་པ་བཞིའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བ ་བྱེད་པ་སྔོན་དུ་འགྲོ་བའི་རྒྱུད་ཉིད་བསྟན་པར་འདོད་ན་རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། རྡོ་རྗེ་ཡང་འོད་ཡིན་ལ་སེམས་དཔའ་ཡང་ངོ་ཞེས་པས་རྡོ་རྗེ་སེམས་དཔའ་སྟེ་སྟོང་པ་ཉིད་དོང་སྙིང་རྗེ་ཐ་མེ ་དད་པའི་ངོ་བོ་དེ་ལ་ཕྱག་བྱ་སུ་ནས་ཤེས་སྦྲུལ་ལོ་ཅིར་གྱུར་པ་ལ་ཞེན།། ཐོམསོ་ཅད་སྟོང་པ་སྟོན་པ་པོ་སྟེ་ཐམས་ཅད་སྟོང་པ་འོད་གསལ་བ་ཉེ་བར་སྟོན་པར་བྱེད་དོ་ཞེས་པས་ཐམས་ཅད་སྟོང་ཉིད་སྟོན་པ་པོའོ།། དེ་ཉིད་ཀྱི་ཕྱིར་སྟོང་པ ་ཉིད་བཞིའི་བདག་ཉིད་བཞིའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངོ་བོ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་མངོན་པར་ཏེ་ཐམས་ཅད་ལས་ཡང་དག་པར་རྟོགས་པར་བྱའོ་ཞེས་པས་རྫོགས་པའི་བྱང་ཆུབ་སྟེ་འོད་གསལ ་བའོ།། དེ་སྔོ་སོར་རྟོགས་པར་བྱེད་པའི་རིམ་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པའི་རིམ་པ་བཞི་པའོ།། བཤད་པར་བྱ་ནི་བསྟན་པར་བྱའོ།། བདག་གིས་ནི་ཀླུ་སྒྲུབ་ཀྱིསོ།། ད་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སློབ་དཔོན་དག་གི ་རང་བཞིན་འདི་རང་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། དངོས་པོ་ཐམས་ཅད་རང་བཞིན་མེད་པར་ཡོངསུ་ཤེས་པ་ལོས་རང་ཉིད་འབྱུང་བར་བྱེད་ཞེས་པས་རང་འབྱུང་ཏེ་བཅོམ་ལྡན་འདསོ།། གཅིག་པུ་ཉིད་ནི་རྡོ་རྗེ ་སེམས་དཔའོ།། ཁམས་གསུམ་པ་རྣམས་ཀྱི་ལྷག་པའི་ལྷ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་དང་དེ་ལས་རྡོ་རྗེ་སེམས་དཔའ་རྡོ་རྗེ་སློབ་དཔོན་ལྷག་གོ།། ཅིའི་ཕྱིར་ཞེས་ན་མན་ངག་རྣམས་ནི་རབ་སྟེར་བའི་ཕྱིར་རོ།། དེ་ནི ་ཡང་དྲག་མཉེས་བྱ་ཞེས་བྱ་བ་ལ་སོགས་པ་ནས།། འདོད་པ་ལྔ་ལ་ཉྫ་བར་ལོང་སྤྱོད་ཅེས་པའི་མཐར་ཐུག་པ་ནི་རྩ་བ་ཉིད་ལས་རྟོགས་སླ་བར་བཤད་དོ།། སྣང་བ་བདག་ནི་བསྐྱེད་པར་བྱ་ཞེས་པ་ནི། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ ་པོ་བསྐྱེད་ཅིང་ཉམ་སུ་མྱོང་བར་བྱ་སྟེ། བླ་མ་ལས་ཀྱི་ཕྱག་རྒྱ་ལའོ།། ཅི་ལས་ན་སྙོམས་པར་འཇུག་པའི་ཆོ་ག་ལས་ཏེ།། རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་དབང་གཉིས་མཉམ་པར་སྦྱོར་བ་ལས་ཤེས་པ་ནི་ཆོ་གའི་སྒྲ་དོན་ཏོ།། དེ ་བཞིན་དུ་དགོངས་པ་བླ་ན་མེད་པ་གསུངས་པ། འདོད་ཆགས་ཉིད་དང་ཆགས་བྲལ་དང་།། དེ་དག་པར་ཞེས་གསུམ་པོ་ཡང་།། རྡོ་རྗེ་པདྨ་འདྲེས་པ་ཡི།། དབང་པོ་གཉིས་ཀྱི་མཉམ་སྦྱོ་རཱྀ་ལས་ཤེས་སོ།། བུམ་པ་ལ་སྡིག་སུ་ཞུ་བ་ལ་སོ ་བནི་བྱང་ནུབ་སེམཿནི་ཀུན་རྫོབ་པའི་འོ།། རབ་སྟེ་དང་པོ་ནས་འབད་པ་ཕུལ་དུ་བྱུང་བ་ལས།། བུམ་པ་ལ་སོགསུ་ལེགས་པར་བཞག་ནས་ཏེ་གསང་བའི་དབང་སྐུར་བའི་དོན་དུའོ།། ལ་སོགས་ཀྱི་སྒྲས་དྨའི་སྣོད་དང་། སུ་ཀ་ཏི་ཀཱ་དང་། དུང ་ཆོས་ལ་སོགས་པ་རྣམས་གཟུང་ངོ་།། མཚན་ཕྱེད་ན་དབང་བསྐུར་ཞེས་བྱེ་བ་ལ་སོགས་པ་ནི།། སྲོད་ལ་ཕྱོགས་པ་ནས་བརྩམས་ནས་མཚན་མོའི་ཆུ་ཚོད་བདུན་པའི་མཐར་ཐུག་པས་སློབ་དཔོན་དུ་དབང་བསྐུར་བ་དང་གསང་བའི་དབང་བསྐུར ་བ་བྱིན་ནས། སྣང་བ་དང་པོའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩ་བ་རུའོ།། དེ་ལས་ལྷག་པ་ཡེ་ཤེས་གཉིས་པ་ཉམསུ་མྱོང་བ་བྱེད་དུ་བཅུག་ནས་ཕྱི་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བུ་སྦྱིན་པར་བྱའོ།། སླར་ཡང་བཞི་པའི་མངོན་པར་དབང་སྐུར ་བ་དེ་ཡང་ངོ་།། འདི་དྲག་གི་ཉམསུ་མྱོང་བའི་ངོ་བོ་བཤད་པར་བྱ་སྟེ། ཤེས་རབ་ཀྱི་དབང་བསྐུར་བ་སྨོས་པ་ནི་གཉེན་པོ་སྣང་བ་ཉེ་བར་ཐོབ་པའོ།། རིན་པོ་ཆེ་སྐྱེས་པ་རྡོ་རྗེ་ནོར་བུའི་དབུསུ་བདེ་བ་ཆེན་པོ་རིག་པར་བྱེད་པ་བརྫུན་པའི་བྲག་ཚིགས ་ཀྱི་བགོས་པ་གང་ཡིན་པའི་ངོ་བོ་བློ་མས་མཚན་མོའི་ཐུན་གསུམ་པའི་ལྷག་མ་ལྔ་བསྟན་པ་དེ་ཉམས་མྱོང་བའི་ངོ་བོ་ཞུས་པ་ནི་བཤད་པ་ཕྱོགས་གཅིག་ལས་སོ།། གཞན་བཞི་པའི་དབང་བསྐུར་བ་མཚན་ཉིད་དང་བྲལ་བའི་ཕྱོགས ་མངོན་པར་བརྗོད་པར་བྱ་སྟེ། ཤེས་རབ་གང་ལ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཉམསུ་མྱོང་བ་བསྟན་པའི་ཤེས་རབ་དེ་ལ་བཞི་པའི་དབང་བསྐུར་བ་སྦྱིན་པར་བྱའོ།། འོན་ཀྱང་བཞི་བའི་དབང་སྐུར་པ་ཉམས་མྱོང ་བའི་ཡེ་ཤེས་རྡོ་རྗེ་ནོར་བུའི་རྩེ་མོར་གསུམ་པ་ཉིད་བཞི་པར་འགྱུརརོ།། ཤེས་རབ་ཡེ་ཤེས་སུ་ཛི་ལྷོར་འགྱུར་ཞེས་ན།། ནོར་བུའི་དབུསུ་སོ་སོར་རྟོགས་པ་ག་ཡིན་པ་དྲི་ཉིད་ནོར་བུའི་རྩེ་མོར་བསམ་པར་བྱའོ།། ཚིག་ཏུ ་བརྗོད་པར་བྱ་བ་མ་ཡིན་པའི་བདེ་བ་འོད་གསལ་བའི་རང་བཞིན་བག་ཆགས་དང་བྲལ་བའི་ཡེ་ཤེས་ནི་དཔེ་ཅན་ནོ་ཞེས་པ་དབང་བཞི་བའི་དོན་ཏོ།། ཕྱེད་དང་བཅས་པའི་བརྒྱ་པར་གསུངས་པ་ཡང་བག་ཚོགས་དང་བཅས་པ ་དེ་རྣམས་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ།། གཅིག་ཏུ་སྐྱོབ་པར་བྱེད་པ་ཞེས་སོ།། རིམ་པ་འདིས་དབྱུང་བསྐུར་བར་བྱེད་པ་རྡོ་རྗེ་བླ་མས་སློབ་མ་བཟང་ལ་ཞེས་སྐྱེའོ།། དབང་བསྐུར་ཡང་དག་ཐོབ་ནས ་ནི་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་བ་རྣམ་བཞི་ཉམསུ་མྱོང་བའི་ངོ་བོ་ཡང་དག་པརོ་ཐོབ་ནས་ཏེ། དེ་ཡང་ཚིག་གིས་སོ་སོར་བསྟན་པར་བྱ་བ་བཤད་པར་བྱ་བ་བཞིན་པའི་རིམ་པསྡུ་ཐོབ་ནས་སོ།། ཐོ་རངས་དུས་སུ ་ཡང་སྟེ་མཚན་མོའི་ལྷག་མ་ལ་འོད་གསལ་བྲོའི་མན་ངག་གྲི་ཁྱད་པར་སླར་ཡང་འོད་གསལ་བའི་རང་བཞིན་གྱིས།། ཡང་དག་མཆོད་ནས་མཉེས་བྱ་སྟེ་བླ་ཤད་པར་བྱ་བཞིན་པའི་བསྟོད་པ་རྣམས་ཀྱིས་བླ་མ་ལའོ།། སློབ་མས་ཐུལ ་མོ་སྦྱར་བྱས་པསོ།། ཁམས་གསུམ་པ་ལས་ངེས་པར་གྲོལ་ཞེས་བྱ་བ་ལ་སོགས་པ་ནི། ཁམས་གསུམ་པའི་སྒྲས་གསུང་བ་ལ་སོགས་པའི་སེམས་ཀྱི་གཉེན་པོ་སྟོང་པ་ཡེ་ཤེས་གསུམ་སྔོན་པར་བརྗོད་ལ།། འདིས་རྣམ་པར་གྲོལ ་ཏེ་བྲལ་བཽ་ཏེ་བག་ཆགས་མེད་པའི་རང་བཞིན་ཉིད་ཀྱིས་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར། ནཱ་མཁའ་མཉམ་པ་ཉིད་གྱུར་པའོ།། འདོད་པས་མགོས་པ་རྣམས་ལ་ནི་སྲེད་པས་ཡང་དག་པར་ཎཱཾ་སུ་བ་ཅིངས་པར་གྱུར་པ་མཱ་ཡིན་པའོ།། དམིགས ་པའི་རྣམ་པར་རྟོག་པ་ངེས་པར་སོང་བས་ན་དམིགས་མེདོ་ཅེས་བདེ་བའི་ཚི་ག་གོ། ཁྱེད་ལ་ཕྱག་འཚལ་གྱུར་ནི་ཁྱེད་ཀྱི་ཆེད་དུ་ཕྱག་འཚལ་གྱུར་ནི་ཕྱག་འཚལ་བར་བྱེད་པར་གྱུར་ཅིག་གོ། དམིགས་མེད་ཀྱི་ཚིག་རྣམས་ལ ་འདི་འདྲ་བའི་ཚིག་སྦྱོར་བ་ཚིག་བཅད་གཞན་ལ་ཡང་མཁས་པར་བརྟག་པར་བྱའོ།། མི་བརྟེན་པ་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་རྣམས་ལ་ཏེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་ལའོ།། ཁམས་རྣམས་ལ་སྟེ་ཁམས ་བཞི་ལ་སོགས་པ་ནོས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་བླངས་ནས་དེ་ཁམས་བཅོ་བརྒྱད་པོ་རྣམས་ཡོངསུ་ཤེས་པར་བྱའོ།། སྐྱེད་མཆེད་རྣམས་ལའང་སྟེ་མིག་སྐྱེ་མཆེད་ལ་སོགས་པ་ནུས་ཆོས་ཀྱི་སྐྱེ་མཆེད་ཀྱི་མཐར་ཐུག་པ ་བསྡུས་ནས་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ལ་རང་ངེས་པར་རྟོགས་པར་བསྒྲུབ་པར་བྱའོ།། ཞེས་པ་འདི་རྣམས་མི་རྟེན་པོ་སྟེ་ཁྱེད་བརྟེན་པར་མི་འགྱུར་ཏེ་འོད་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ལུ ་རྣམི་གྲོལ་བའོ།། རྣམ་རྟོག་མེད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བྲགྲོ་བའོ།། དེ་ཉིད་ཀུན་རྟོག་མེདོ་ཐུགས་ནི་རབ་ཏུ་མི་གནས་ནི། རབ་ཏུ་མི་གནས་པའི་རང་བཞིན་ཉིད་ཀྱི་ཕྱིར་བ་སུམ་གྱིས་མི་ཁྱབ་ཡིད་ལ་བྱེད་སྟེ་བས ་པར་བྱ་བ་མ་ཡིན་པ་ནི་ཀུན་ཏུ་རྟོག་པའོ།། གནས་མེད་ཅེས་བྱ་བ་ལ་སོགས་པ་ནས་སློབ་མས་ཐལ་སྦྱར་བླ་མ་ལ།། བསྟོད་ནས་ཞེས་བྱ་བའི་མཐར་ཐུག་པ་རྩ་བཱ་གཉིད་ལས་གོ་སླའོ།། བསྟོད་མ་ཐག་ཏུ་སྦྱར་ཡང་ཆེས་ཏེ་སྠིར་ཡཱ། ་ནན་ཏན་དུ་གསོལ་བ་གདབ་པ་གསུངས་པ།། མགོན་པོ་ཆེན་པོ་བདག་ལ་སྩོལ་ཅེས་བྱ་བ་ལ་སོགས་པ་ནས། ཡོན་ཏན་དམ་པོ་ཡང་དག་བརྗོད་ཅེས་པའི་མཐར་ཐུག་པ་ཡང་གསལ་ལོ།། སྙིང་རྗེ་སློབ་མ་ལ་བསྐྱེད་ནས ་དེ་ནས་རིམ་པ་འདི་ཉིད་བརྩམ་ནི།། རིམ་པ་མངོན་པར་བྱང་ཆུབ་པའི་སྒྲོ་ནས་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་བརྗོད་པ་བརྩམ་པར་བྱའོ།། ཕྱི་རོལ་གྱི་མངོན་པར་བྱང་ཆུབ་པ་དེ་སྲིད་དུ་བསྟན་པར་བྱའོ།། སྣང་བ ་མཚན་མོའི་ཆ་ཞེས་བྱ་བ་ལ་སོགས་པ་ནཱི་ཤེས་རབ་ཀྱི་རང་བཞིན་སྣང་བ་ནི་མཚན་མོའི་ཆུའོ།། གསལ་བ་ཉི་མའི་ཟློར་འགྱིད་འགྱུར་བ་ཉིན་མོ་ནི་ཐབས་ཀྱི་ཡཾ་ཤེས་ཀྱི་རང་བཞིན་སྣང་པོ་མཆོད་པའོ།། སྣང་བ་མཆེད་པོ་དང་འབྲེལ་པའི ་མཚམས་ནི་སྣང་བ་ཉེ་བར་ཐོབ་པའི་ངོ་བོའོ།། ཡེ་ཤེས་གསུམ་པོ་འདི་དག་རང་གི་རང་གི་རང་བཞིན་རྣམས་ཀྱི་ལྷན་ཅིག་ལན་ཅིག་མིན་པར་ཏེ་ཐམས་ཅད་ཀྱི་ཚེ་སྦྱར་ཏེ། ཡང་དག་པར་འབྲེལ་པར་བྱའོ་ཞེས་པའི་དོན་ཏོ།། མཚན་མོའི ་ཆ་མིན་ཞེས་བྱ་བ་ལ་སོགས་པ་ནི།། གཟུང་བྱའི་གཉེན་པོར་བསྟན་པ་སྣང་བ་ལ་སོགས་པ་རིག་པའི་བླ་མ་མཚན་མོ་དང་། ཉིན་མོ་དང་། ཐུན་མཚམས་ཀྱི་ཚེ་འདི་དག་ཡེ་ཤེས་གསུམ་དུ་མི་འགྱུར་བ་དེ་སྲིད་དུ་འདིར་འོད་གསལ་བའི། ་རང་བཞིན་དུ་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་འོད་གསལ་བྱའི་རིང་བཞིན་ཅི་ཡིན་ཞེས་དགོས་པ་ལ་གང་ཞིག་རང་བཞིན་རྣམས་ལ་རྣམ་གྲོལ་བ་ཞེས་གསུངས་ཏེ། རང་བཞིན་དྲང་འབྲེལ་པའི་ཀུན་ཏུ་སྣང་བའི་ཡེ་ཤེས་གསུམ་པོ། ་འདི་དག་དང་བྲལ་བ་སྟེ་ཡོངསུ་བཏང་བའོ།། དེ་ཅི་ཞེ་ན། དོན་དམ་པའི་བདེན་པ་དབང་བཞི་པ་དབང་བཞི་པར་བརྗོད་པར་བྱ་བ། བདེ་བ་ཆེན་པོའི་ངོ་བོ་ཐམས་ཅད་སྟོང་པའི་མཚན་ཉིད་དོ་ཞེས་སོ།། དེ་འདིར་བྱང་ཆུབ་སྐད་ཅིག་འགྱུར ་བར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ།། མཚན་བྱུང་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོ་ལས་བྱུང་བའི་མཚན་བྱུང་བའི་མཚན་བྱུང་སྟེ། ཨ་ཎའི་རྐྱེན་ནོ།། མཚན་བྱུང་མུན་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམ ་པར་ཉམས་པའོ།། མུན་ནག་མ་ལུས་ཏེ་མཐའ་དག་རྣམ་པར་བྲལ་གྱུར་ཏེ། ཐུན་མཚམས་ཀྱི་སྣང་བ་ཡང་སྐད་ཅིག་མ་གང་ཡིནྡ་པ་དེ་འདིར་བཤད་པར་བྱའོ།། ཅི་ཐུན་མཚམས་ཀྱི་སྣང་བའི་རང་བཞིན་ནམ། འོན་ཏེ་གཞན་ཡང ་ཡོད་ཅེས་འདྲི་བ་དགོས་པ་ལ་ལན་གསུངས་པ། འདི་དག་རྣམ་པར་ཉམས་པའི་ངོ་བོ་སྔ་མ་ཉིད་ཀྱིས་ནུབ་པའོ།། དེ་ལྟ་མོད་ཀྱི་སྐད་ཅིག་གི་ཁྱད་པར་ནི། ཇི་སྲིད་ཉི་མ་མཱ་ཤར་བ་དོ་འདིར་སྐད་ཅིག་ཏུ་བཤད་པར་བྱ་སྟེ། དྲི་མེད་དེ་དྲི་མ ་དྲང་བྲལ་བ་ཐམས་ཅད་སྟོང་པ་འོད་གསལ་བའི་སྐད་ཅིག་ལ་ཡང་དག་པའི་མཐའ་རུ་བསྟེན་པར་བྱའོ།། སློབ་མ་ལ་ཡང་སློབ་དཔོན་མཆོག་སྟེ་གཙོ་བོ་བླ་མ་ཁྱད་པར་ཇི་ལྟ་བུ་ཞེ་ན། རབ་རིབ་རྣམ་པར་བཅོམ་པོ་སྟེ་སྣང་བ་ལ་སོགས ་པའི་ཡེ་ཤེས་གསུམ་པོ་ཉིད་རབ་རིབ་སྟེ་དེ་སྤངས་པའོ།། དགོངས་པ་བླ་ན་མེད་པར་ཡང་དེ་གསུངས་པ། སྐྱ་རེངས་འཆར་བའི་དུས་སུ་ནི།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བྱང་ཆུབ་རྩ་བར་ཞུགས་ནས་ནི།། དོ་ནི་བདུད་རྣམས་འཇོས ་པར་མཛད།། དེ་ཉིད་ཡེ་ཤེས་བླ་ན་མེད།། ཤཱཀྱའི་མགོན་པོས་བརྙེད་ནས་ནི།། འགྲོ་བ་གསུམ་ལ་ཕན་དོན་དུ།། དེ་ཉིད་འདིར་ནི་སྟོན་པར་མཛད།། ཅེས་བྱ་བ་ལ་སོགས་པ་རྒྱས་པར་རོ།། ཕྱི་རོལ་བྱང་ཆུབ་བསྟན་ཅེས་པ་ནི་སྟོན་པར ་བྱེད་པསོ།། ཐོབ་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ནང་གི་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་མངོན་པར་རྗོད་པར་བྱ་སྟེ།། བདེ་བ་ཡང་དག་པར་རིག་པར་བྱས་པས་དྲང་པོ་ཉིད་ནས་སྤྲིན་རྒྱུའི་རྣམ་པའི ་ཡེ་ཤེས་གཅིག་པུ་བསྐྱེད་པར་བྱ་སྟེ།། ཕྱི་ནས་སྣང་བའི་ཡེ་ཤེས་གསུམ་གྱི་རིམ་པའི་མཐོར་ཐུག་པ་བསྐྱེད་པར་བྱའོ།། ཡེ་ཤེས་བཞི་པོ་འདི་དག་བག་ཆགས་དང་བཅས་པ་མུན་པོའི་ངོ་བོ་དེ་ལ་ནི།། དེ་རྣམས་བཞི་པའི་སྐད ་ཅིག་ཏུ་བླ་མས་བསྟན་ཏོ།། འོད་གསལ་བའི་སྐད་ཅིག་མ་གང་ཡིན་པའི་སྐད་ཅིག་མ་དེས་སངས་རྒྱས་ཀྱི་བྱང་ཆུབ་སྟེ་སངས་རྒྱས་ཉིད་སློབ་མ་དེས་ཐོབ་པར་བྱེད་དོ།། སངས་རྒྱས་ཉིད་ཇི་ལྟ་བུར་གྱུར་པ་ཞེ་ན།། ནང་གི་བདེ་བ་ཉིད་རྣོ་བའི ་རྣམ་པར་བྱུང་བའི་ངོ་བོ་ཐམས་ཅད་སྟོང་པའི་མཚན་ཉིད།། རྙོག་མ་དང་བྲལ་བ་སྟེ་ཉོན་མོངས་པ་དང་བྲལ་བའོ་ཞེས་པས་འདི་དག་ཉིད་སྐྱེ་བ་མེད་པའི་ངོ་བོར་ཡང་མངོན་པར་བརྗོད་དོ།། དེ་བཞིན་དུ་ཡང་སྤྱོད་བསྡུ་སུ་གསུངས་བྱ། ་དང་པོར་སྨིག་རྒྱུའི་རྣམ་པར་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་།། གཉིས་པར་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ།། གསུམ་པར་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ།། བཞི་པར་སྣང་བློ་ཉེ་བོར་ཐོབ་པ་སྟེ་མུན་པའི ་རྣམ་པའོ།། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བཞིན་རྒྱགས་པ། ཎ་སྣང་བའི་རང་བཞིན། དོན་དམ་པའི་བདེན་པའི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེས་སོ།། ད་ནི་འོད་གསལ་བའི་རང་གི་ངོ་བོ་སོ་སོར་བསྟན་པ ་གསུངས་པ། ཐོག་མེད་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འདི་རྣམས་ཀྱི་ཆོས་ཉིད་དུ་གནས་པ་ཉིད་དོ་ཞེས་བྱས་ནས། ཐོག་མེད་བྱུང་བའོ།། འོད་གསལ་བའི་རིམ་པ་ལས། མཐའ་མུར་བྱུང་བའོ།། ཟུང་འཇུག་གི་རིམ་པར ་དབུས་མིན་བྱུང་བར་འགྱུརརོ།། བདག་བྱིན་གྱིས་བརླབ་པ་ནི་དང་པོར་ཟུང་འཇུག་གི་རིམ་པ་ནི་མཐའ་མ་འདི་དག་གིས་དབུསུ་ངེས་པར་གནས་པའི་འོད་གསལ་ལོ་ཞེས་པས་དབུས་བྱུང་བའོ།། ཟུང་འཇུག་གི་རིམ་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི ་བདག་ཉིད་ཅན་གྱི་ཕྱིར། མཐའ་མེད་བྱུང་བའོ།། ཡེ་ཤེས་གསུམ་གྱི་རྣམ་པར་རྟོགས་པ་སེལ་བ་བྱས་ནས། མཐར་བྱུང་བ་སྟེ་འོད་གསལ་བ་དབང་བཞི་པའི་མཚན་ཉིད་དུ་མངོན་པར་བརྗོད་པར་བྱའོ་ཞེས་སོ།། འདིར་ཚིགསུ་བཅད་པ་ལ་ནི་ཡང ་ན་དེ་ལྷ་ལ་ཡང་། སྒྲ་གསུམ་པོ་འདི་རྣམས་ནི་དོན་གསུམ་པོ་རྣམས་ལ་སླར་ཡང་དོན་གྱི་ཕྱོགས་བླ་ན་མེད་པ་ལ་འཇུག་པ་རྣམསུ་འཇུག་པར་བྱེད་པ་རྣམསོ།། ཞེས་སོ།། དེ་ལྟར་གྱུར་པའི་ཡེ་ཤེས་དེ་ཐམས་ཅད་སྟོང་པར། མཁས་པ་རྣམས ་རྒྱུན་དུ་སྨྲ་བར་བྱེད་དོ།། ཡེ་ཤིས་འདྲི་ཉིད་ཀྱིས་རང་བཞིན་གསུངས་པ།། འགྲོ་དང་འོང་བ་ཞེས་བྱི་བ་ལ་སོགས་པ་ལ། གདོང་མེ་ནས་སྐྱེས་པའི་ངོ་བོ་ལ་འགྲོ་བ་དང་འོང་བཱ་ལ་སོགས་པའི་ཐ་སྙད་མི་འབྱུང་བའོ།། ཤིན་ཏུ་ངོ་མཚར་བའི ་གཟུགས་ཏེ་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ངོ་མཚར་མིན་ནི་རྣམ་པ་སྣ་ཚོགས་པའི་དངོས་པོར་ཞེན་པ་རྣམས་ཞེས་གསུངས་པའི་ཕྱིར་རོ།། གནས་པ་མིན་ཡང་ནི་གཅིག་ཏུ་གནས་པས་གནས་པའོ།། ཐམས་ཅད་དུ་ཁྱབ་པ ་ཉིད་ཀྱི་ཕྱིར་མྱུར་དུ་འགྲོ་བ་འང་མིན་ཏེ་སྔར་བཤད་པ་ཉིད་ཀྱིས་གསལ་ལོ།། གང་ཞིག་ཡོད་དང་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་རྣཾ་བར་རྟོག་པ་མེད་པ་ཅན་གྱི་ཡེ་ཤེས་ཡོད་པ་དང་།། མེད་པ་ཉིད་ཀྱི་ཐ་སྙད ་གྲོལ་ཏེ་ཡོངསུ་བཏང་བའོ།། དེ་ལྟ་མོད་ཀྱི་དྲི་ལ་ཡོད་པ་ཉིད་ཀྱང་ཇི་ལྟར་ཞེ་ན་འབྱུང་བར་བྱེད་པ་རྣམས་ཀུན་རྫོབ་དུ་འདིར་མངོན་པོར་བརྗོད་པར་བྱའོ།། བསོད་ནམས་གཟུགས་མིན་ཞེས་བྱ་བའི་ཚིག་རྣམས་ལ་འདི་དག་དང་འདྲེ་བར་བཤད ་བར་རྣལ་འབྱོར་བུས་རྟོགས་པར་བྱའོ།། འདིར་བྱུང་བ་ནི་བསོད་ནམས་དྲང་སྡིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། དེ་ཅི་ཞེས་ཐམས་ཅད་སྟོང་པའོ།། དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེསོ།། ་འདི་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་རབ་ཏུ་གསུངས་པར་བྱེད་དོ་ཞེས་སོ།། ལུང་དུ་ཡང་གསུངས་པ།། དེ་བཞིན་ཉིད་གང་ཡིན་པ་རྣམས་རྙི་དབུ་མའི་དོན་གྱི་རྗེས་འབྲངས་ནས ་མཐོང་སྟེ། དེ་རྣམས་ཉིད་ནི་དེ་ཁོ་ན་ཉིད་རིག་པ་རྣམས་ལ་མངོན་སུམ་སྟེ་གལ་ཏེ་ཡང་དག་པར་རིག་པསོ།། ཇི་སྤྲོད་དུ་ཐམས་ཅད་ཀུན་ཏུ་སྒྲོ་བཏགས་པ་དེ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་དོ།། དབུ་མའི་སྒོ་པ་ཏ་སྨོས་པ་མེད་པ་དེ ་ལ་སེལ་བ་དང་སྒྲུབ་པ་ཅི་ལས་ཤེས་སོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ།། རྣམ་པ་དེ་ལྟ་བུའི་སྐྱེ་བ་མེད་པའི་ངོ་བོ་དེ་ཉིད་ཐོབ་པ་སྟེ་རྙེད་ནས་རྒྱུ་དང་མི་རྒྱུའི་བདག་ཉིད་དེ་བརྟན་པ་དང་འགྲོ་བའི་དངོས་ཐམས་ཅད་ཀྱི་བདག་ཉིད།། ་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱི་ཕྱིརརོ།། འགྲོ་གཉེན་གཅིག་ནི། དམིགས་པ་མེད་པའི་ཐུགས་རྗེས་རང་བཞིན་ཉིད་ཀྱི་ཕྱིར་རོ།། གང་གི་རྣལ་འབྱོར་པ་ཡེ་ཤེས་རང་བཞིན་མའི་སྟེང་གེའོ།། ཡོངསུ་རྒྱུ་བར་བྱེད་པ་ནི་འཁྱམས་པར ་བྱེད་པའོ།། འགྲོ་བ་མ་ལུས་པ་ནི་མཐོའ་དག་གོ།། དེ་ནི་མི་ཟད་པ་སྟེ་ཟད་པ་མེད་པའི་ལུས་ཐོབ་པར་བྱས་པར་འགྱུརརོ།། དེ་ནི་ཡོན་པོའི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཉིད་ཀྱི་ནུས་པས་བསྲུབས་པས། ཡོན་པོ་མིན་པའི ་ལུས་སོ།། ཐུགས་རྗེས་བཀུར་བར་བྱེད་བཞིན་པས་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར།། དེ་ནི་སྟན་ལ་མིན་ཞེས་པ་སོ་སོར་ངེས་པའི་སྟོན་མེད་པ་ཉིད་ཀྱི་ཕྱིར་རོ།། སྟན་གྱི་འཆིང་བ་བསྟན་པའོ།། སྟན་ལ་བཅིངས་པར་མཱི ་འགྱུརརོ།། འོད་གསལ་བའི་རང་བཞིན་ཉིད་ཀྱི་ཕྱིར་དེ་ནི་མི་བཙུམས་པའོ།། སྟོང་པ་ཉིད་ཀྱི་ནུས་པས་བརླན་པ་ཉིད་ཀྱི་ཕྱིར་རྣམ་རྒྱས་མིག་སྟེ་དགའ་བ་ཕུལ་དུ་བྱུང་བ་ཉིད་ཀྱི་ཕྱིར་རོ།། མཉམ་གཞག་ཡིན་ནི་དེ་བཞིན་ཉིད་ལ་རྟོག་པར་བྱེད་པ་ཉིད ་ཀྱི་ཕྱིར་རོ་འདི་ནི་མཉམ་པར་མ་བཞག་པ་སྡེ་དངོས་པོ་ཐམས་ཅད་ཀྱི་དོན་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་ངེས་པར་རྟོག་པར་བྱེང་བའི་ཕྱིར་རོ།། སྟོང་པ་ཉིད་ཙམ་གྱི་མཐར་ཐུག་པ་ཉིད་ཀྱི་ཕྱིར་བརྗོད་བྲལ་ཡིན་ནོ།། སེམས་ཀྱི་དོན་བྱེད་པ ་ཉིད་ཀྱི་ཕྱིར་ཚིག་དང་ཡང་དག་པར་ལྡན་པའོ།། ལོང་སྤྱོད་ལྡན་པ་སྟེ་འཇིག་རྟེན་དང་འཇིག་རྟེན་གྲའད་ནི་ཕུན་སུམ་ཚོགས་པའི་ངེས་པ་སྟེར་བ་རྙེད་པའི་ཕྱིར་རོ།། གཟུགས་ངན་གྱུར་པ་སྟེ་འཇིག་རྟེན་པའི་ཆོས་བརྒྱད་རྣམས་ལ་རྒྱབ་ཀྱི་ཕྱོགས ་པའི་ཕྱིར་རོ།། དེ་ནི་འཇིག་རྟེན་མགོན་ཏེ་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ།། གཞན་བྲན་གྱུར་པ་དེ་ང་རྒྱལ་མེད་པ་ཉིད་ཀྱི་ཕྱིར་རོ།། རྣལ་འབྱོར་པ་གང་ཞིག་དེ་ཉིད་རིག་ཅིང་ཉེས་ཀུན་ཟད་པར ་འགྱུརརོ།། མན་དྲུག་ཐོབ་པའི་སློབ་མ་ཞེས་བྱ་བ་ལ་སོགས་པཱ་ནི།། རིམ་པ་འདིས་བསམ་གཏན་རྣམ་གཉིས་ལ་དམིགས་པར་བྱ་ཞིང་གོམས་པར་བྱའོ།། རིལ་པོར་འཛིན་པའི་རིམ་ཉིད་དང་།། དེ་བཞིན་ཉིད་དུའང་རྗེས་གྲ་ཞིག་ལ་སྟེ་རིལ་པོ་སྟེ ་ཕུང་པོ་སྟོང་པ་ཉིད་ཀྱིས་འཛིན་པས་རིལ་པོར་འཛིན་པའོ།། འདིའི་རིམ་པ་ངེས་སོ།། དེ་བཞིན་ཉིད་དུ་རྗེསུ་སྟེ་ཕྱི་ནས་འབྱེད་པ་ནི་རྗེ་སུཾ་གཞིག་པའོ།། རེ་ཞིག་རིལ་པོར་འཛིན་པའི་རིམ་པ་བསྟན་པར་བྱ་སྟེ།། མགོ་བོ་རྐང་པའི་བར་དུ་འང་། ཞེས་བྱ ་བུ་ལ་སོགས་པའི་ཚིགསུ་བཅད་པསོ།། རྗེསུ་གཞིག་པའི་རིམ་པ་ཡང་གྲོམས་པར་བྱེད་པ་དེ་རིམ་པ་འདི་ཡིན་ཏེ་བརྟོན་པ་ཞེས་བྱ་བ་ལ་སོགས་པ་ནི། བརྟན་པ་དང་ནི་ཡོ་བ་ཉིད།། དང་པོར་འོད་གོསལ་བར་བྱས་ནས་ཏེ། ཀླུང་ངམ་སྟེང་ཀའི་ཆུ་ནི ་དྲི་མེད་ལའང་། ཐིག་ལཾ་གང་ཞིག་ཐིམ་པར་བྱེད་ཅེས་པའི་མན་ངག་གིས་ཕྱི་ནས་བདག་ཀྱང་འོད་གསལ་བའི་རང་བཞིན་དུ་བྱེད་པ་རྗེ་སུ་གཞིག་པའི་རིམ་པ་སྟེ། འདི་བྲིས་པ་ལ་ནི་འདིར་དགོས་པ་ཡིན་ལ་མི་བྱའོ།། ཅི་རྣལ་འབྱོར་པ་གཅིག ་གིས་རིལ་པོར་འཛིན་པ་དང་རྗེསུ་གཞིག་པར་བྱ་འམ། འོན་ཏེ་ཐ་དད་པས་ཤེ་ན། འདིར་སྒྲུབ་པ་སོ་སོར་གསུངས་པ། རིལོ་པོར་འཛིན་པ་དང་རྗེ་སུ་གཞིག་པ་དག་གིས་བར་དུ་སྦྱོར་བ་གཅིག་པོ་འདི་འདོད་དེ། དེ་ལ་གོམས་པར་བྱེད་དོ།། ་ཇི་ལྟར་སོ་སོར་རྟོགས་པར་བྱ་ཞེ་ན། འདིའི་དོན་དཔེ་སོ་སོས་གསུངས་པ་དབུགས་ཀྱི་རླུང་ནི་མེ་ལོང་ལ། ཀུན་ནས་ཐིམ་འགྲོ་ཇི་ལྟ་བརླ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པའི་རྐང་པ་སྦྱོར་བ་རྣམས་མུ་བྱས་པ་ནི་རྩ་བར་མཆོག་ཏུ་ཆེས ་གསལ་བ་ཉིད་ཀྱི་ཕྱིར་རོ།། འཕགས་པ་ལྷའི་ཞབས་རྣམས་ཀྱི་སྤྱོད་བསྡུ་སུ་གསུངས་པ་ཡང་ཀླུང་ངམ་སྟེ་ཀ་དྲི་མཱ་མེད་པའི་ཆུ་ལ་ཐིག་ལོ་འང་གང་ཞིག་ཐིམ་པར་བྱེད། དེ་བཞིན་དེ་དག། རིམ་མཐར་རྗེས་གཞིག་པར་གསུངས་རྣལ་འབྱོར ་པ་ནི་རྟགས་མཐུར་དྲན།། མེ་ལོང་ལ་ནི་རླུང་དག་རིམ་པར་སོན་པས་ཟད་པ་དེ་བཞིན་ཡང་དག་ལྟ།། རིལ་པོར་འཛིན་ལ་བྱ་བའི་རིམ་པར་འདོད་པ་འདིར་དེ་བཞིན་ཡོད་དག་བརྟག་ཅེས་སོ།། འགྲོ་དང་ཞེས་བྱ་བ་ལ་སོགས་པ་ནས། དེ་ཉིད ་རིག་པ་ཞེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་རྟོགས་པར་སླའོ།། སེམས་ཅན་དོན་དུ་ལན་དགའ་འགྱུར་ཞེས་བྱ་བ་ལོས་སེམས་ཅན་གྱི་དྲོན་ཡང་བ་བཞིན་པའོ།། གཟུགས་བཅད་འོད་ཟེར་དེ་དང་དྲོ་སྟེ་འདོར་ལྔ་དང་ལྡན་པའི་རྡོ་རྗེ ་སེམས་དཔའི་རང་བཞིན་གྱིས་གལ་ཏེ་བྱེད་ནཱ་དེའི་ཚེ་ཡུལྔ་ཙམ་གྱིས་ཁྱད་པར་གྱིས་བདག་བྱིན་གྱི་བརླབ་པའི་རིམ་པས་ཞི་བ་ལ་སོགས་པའི་ལས་ཀྱང་དགའ་བས་ཐམས་ཅད་རྫོགས་པར་བྱེད།། ནེའི་སྒྲ་ནི་རྐང་པ་རྫོགས་པར་བྱེའོ།། ། ་པ་ལའོ།། འདིའི་དོན་གྱིས་དཔེ་གསུངས་པ། ཇི་ལྟར་དང་བའི་ཆུ་ཀླུང་ལསོ་ཞེས་བྱ་བ་ལ་སོགསོ་པའི་ཚིག་སུ་བཅད་པསོ།། འདིས་ཟུང་འཇུག་གི་རིམ་པར་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཉིད་ཀྱིས་སོ་སོར་བསྟན་ནོ།། འདི་ཉིད་སླར་མོ ་ལྡང་བར་བྱེད་པའི་བདག་ཉིད་ཅན་གྱིས་ལྷའི་ལུས་སུ་གསུངས་པ།། རིགས་ལྔའི་སངས་རྒྱས་ལ་བལྟོས་པ་ཞེས་བྱ་བ་ལ་སོགས་པ་སྟེ།། སངས་རྒྱས་རིགས་ལྔ་ལ་བལྟོས་པ་གང་ཡིན་པའི་ཕྱག་རྒྱ་ཆེན་པོ་དེ་དེ ་བཞིན་དུ་གསུང་སོ།། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་ཡོངསུ་བསྐྱེད་པའི་ལྷའི་རྣམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སླར་ཡང་རྡོ་རྗེ་འཆང་ཆེན་པོའི་སྐུའོ།། དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ལྔ་པོ་རྣམས་ཀྱི་མའང་བདག ་ཉིད་ཀྱི་ཕྱིར་རོ།། དོན་འདི་ལ་ལྷག་པར་མོས་པ་ནི་བརྟག་པའི་སྒྲའི་བརྗོད་པར་བྱའི།། ཁ་ཅིག་ཏུ་རྣམ་པར་རྟོག་པ་ཀུན་ཏུ་གནས་པར་བྱེད་པ་ཉིད་ནི་མ་ཡིན་ནོ།། འདི་ཙམ་ལ་ལྷོག་པར་མོས་པར་བྱེད་པ་ལམ་ཀྱི་ངོ་བོས་ཁྱད་པར་དུ་འཕཊ ་པའི་ལྷའི་ལུས་ཉམ་སུ་མྱོང་བར་བྱེད་དོ།། དེ་བཞིན་དུ་ཡང་གསུངས་པ་ཟུང་དུ་འཇུག་པའི་ལམ་མོ།། ཟུང་དུ་འཇུག་པ་ཅན་ནི་འབྲས་བུའོ་ཞེས་གསུང་ལ་སོ།། སོགས་པའི་སྒྲ་ལས་དང་ཆོས་དང་ཕྱོག་རྒྱ་ཆེན་པོ་རྣམས་གཟུང་།། འོད ་ལྷ་ཀུན་ནས་ལྡང་བ་ཡཱཾ།། སྟེ་འོད་ཟེར་ཁ་དོག་ལྷ་དང་ལྡན་པའི་ཕྱག་རྒྱ་ཆེན་པྲྀ་ཀུན་ནས་ལྡང་བ་སྟེ། ཡང་དག་པར་བསླང་བར་འགྱུར་རོ།། གང་དུ་ན་ན་མཁའ་ལའོ།། ཇི་ལྟ་བུར་ཞེ་ན། བརྒྱ་བྱིན་གྱི་གཞུ་ལྟ་རོ།། འདི་དངོས་པོ ་གཅིག་གི་རང་བཞིན་གྱི་དངོས་པོ་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར་གསུངས་པ།། ཕྱག་རྒྱ་འཆིང་བ་ཞེས་པ་ལ་སོགས་པ་ནས། ཐམས་ཅད་སྟོང་པས་དག་པར་བྱེད་ཅེས་པའི་མཐོར་ཐུག་པའི་བཤད་པ་མངོན་པར ་བརྗོད་པར་བྱའོ།། ཐམས་ཅད་སྟོང་པས་ཏེ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་སྒྲིབ་པ་མཐའ་དག་རབ་ཏུ་སྦྱངས་པའི་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་བསྒོམ་པར་བྱ་བཞིན་པས་དག་པར་བྱེད་དོ།། ངག་གི་བསྡུས་པའི་དོན་གྱིས་བཤད ་པའོ།། སློབ་མ་བཟང་པོ་སྦྲུལ་བཟང་མན་ངག་ཐོབ་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ལ་ནི་སེམས་ཏེ་ནི་སྟེ་དོན་གང་གི་ཕྱིར་དུ་བྱང་ཆུབ་ལ་སེམས་དཔའ་དོན་དམ་བདེན་པར་མངོན་པར་བརྗོད་པ་ནཱི་ཞེས་བྱ་བའོ།། འདི་བླ་མའི་སྤྱན་སྔ་ནས ་སླར་ཡང་ལག་པ་མེ་ཏོག་འཛིན་པ་ཐུལ་མོ་སྦྱར་བ་བྱས་པོས་བླང་བར་བྱ་ནི་ལྲྀང་ངའི་ལ་མིགི་གཟུགས་ཕྱིས་པ་མཐའ་ཡིས་སོ།། ཇི་ལྟར་བྱས་ནས་རྟོགས་པར་བྱ་ཞེ་ན།། འདིའི་དོན་གཞུང་སོ་སོའི་མཐར་གྱི་བཤད་པ་ལ་འཇུག་པར ་བྱ་སྟེ།། ཐོག་མར་ཤེས་རབ་ཉི་མ་ཉིན་མོའི་ལྐོག་མོའི་ཡེ་ཤེས་སྐད་ཅིག་བཞི་པར་མངོན་པར་བརྗོད་པར་བྱ་བ་བླ་མས་སླར་ཡང་བསྟན་པ་གང་ཡིན་པ་དང་ནི་ཚིག་སྒོ་ཉིད་ཀྱིས་བླང་བར་བྱ་བ་ཐོབ་པའི་སློབ་མ་བཟང་པོ་ཡང་དག་པའི ་མོནི་ངག་གིས་བསྡུས་པའི་དོན་བླང་བར་བྱའོ།། ཞེས་བྱ་བ་ལ་སོགས་པའོ།། དངོས་པོ་ཐམས་ཅད་རྣམས་བྲལ་བ་ཞེས་པའི་དངོས་པོ་ཐམས་ཅད་རྣམ་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་དང་འཛིན་པ་པོ་སྤངས་པ ་ནི་རང་ཡང་དག་པར་རིག་པའི་ངོ་བོ་དེ། རབ་ཀྱི་སྒོམ་པ་པོས་ཤེས་པར་བྱའོ།། ཆོས་བདག་མེད་པ་མཉམ་ཉིད་པས་ཏེ། ཇི་ལྟར་ཤིང་དང་། རི་དང་འབབ་ཆུ་དང་། རྒྱ་མཚོ་ལ་སོགས་པའི་ཆོས་རྣམས་གདོད་ནས་མ་སྐྱེས་པའི་རང་གི་ངོ་བོ ་ཉིད་ཀྱིས། དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པ་དེ་བཞིན་དུ། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་སོ།། སློབ་མའི་ཆེད་དུ་བླ་མ་མཆོག་སོ་སོར་རྟོགས་པར་བྱེད་དོ།། འདིས་འདི་བཤད་དེ།། བ ་ཅིང་རྒྱ་ཆེ་བའི་ཐེག་པ་ལ་ལྷག་པར་མོས་པ་ལ་དབང་བསྐུར་རིན་ཆེན་ཚིག་ཉིད་དུ་བྱིན་ཅིག་ཅེས་འདིའི་དོན་བསྟན་པོ་དེ་ནི་སླར་ཡང་དེ་བཞིན་བཞི་པའི་དབང་བསྐུར་བའི་སྒྲར་མངོན་པར་བརྗོད་པར་བྱ་བ་ལྷན་ཅིག་སྐྱེས་པའི་དགའ་བ་བསྟན་པར ་འགྱུརརོ་ཞེས་པ་དེ་ཁོ་ན་ཉིད་དོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་བློ་མའི་ཆེད་དུ་རྗེསུ་མཐུན་པའི་ཡོན་དབུལ་བར་བྱ་སྟེ། རིན་ཆེནཱ་ཞེས་བྱ་བཱ་ལ་སོགས་པ་ནས། སློབ་མ་ལ་གཞན་ལྟོ་ཅི་སྨོས་ཞེས་པའི་མཐར་ཐུག་པ་གོ་སླའོ།། ་ཇི་ལྟ་བུར་ངོ་བོར་གྱུར་པའི་ཡེ་ཤེས་ཐོབ་པ་དེའི་འབྲས་བུ་གསུངས་པ། སློབ་དཔོན་ལས་ནི་དྲི་ན་ཐོབ་ཅེས་བྱ་བྱ་ལ་སོགས་པོ་སྷོ། ཐོབ་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་རྙེད་པའོ།། སློབ་དཔོན་གྱི་དྲིན་ནི་ཐི་མྱའི་བཀའ་དྲིན་ནོ།། དྲི་མེད་ནི་དྲི་མི་དང་བྲལ ་བབློ་གྲོས་བརྟན་པ་གང་ཡིན་པའི་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་ཁོ་ན་ཉིད་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པས་དེ་ཁོ་ན་ཉིད་བསྒོམ་པར་བྱ་ཞེས་པ། དངོས་སུ་སྦྲེལྔ་ལོ།། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་ཇི་ལྟ་བུར་གྱུར་པ་ཞེས། དངོས་ཀུན ་རང་བཞིན་དེ་ཉིད་དོ།། ཇི་ལྟར་གྱུར་པ་ཞེ་ན།། ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་གསལ་བའོ།། སྒྲིབ་པ་གཉིས་དང་བྲལ་བ་ཉིད་ཀྱི་ཕྱིར་དག་པའོ།། མཚོན་པར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་ཕྲ་བའོ།། མཆོག་ཏུ་ཞི་བའི་རང་བཞིན་ནི་དགེ་ལེགས་སྐྱེད་པ ་པོ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཀྱི་མྱང་འདས་སྐྱེད་པར་བྱེད་པའི་ཕྱིར་ཐར་པའོ།། དེ་འཛིན་པར་བྱེད་པའི་ཞེས་པས་ཁམས་ཏྭེ་སྤངས་རྒྱུས་མྱ་ངན་འདས་པའི་ཁམསོ།། སྲིད་པ་དང་མྱ་ངན་ལས་འདས་པ་གཉིས་དང་བྲལ་བའི་ཕྱིར་གཉིས ་མེདོ།། རྟོགས་པ་ཐམས་ཅད་ལས་འདས་པ་ཉིད་ཀྱི་ཕྱིར་རྟོག་བྲལ་ལོ།། ཐམས་ཅད་ཀྱི་ཚེ་རྣོ་བའི་རྣམ་པ་ཉམས་མྱོང་བའི་ངོ་བོ་ཉིད་ཀྱི་ཕྱིར་རྟོག་ཏུ་བདེ་བའི་རང་བཞིན་ནོ།། དེ་ཉིད་མངོན་སུམ་དུ་བྱས་པ་ནི་རྣལ་འབྱོར་པའོ།། བསོད་ནམས ་བསོད་ནམས་མིན་པ་དག་ལས་རྣམ་གྲོལ་ཏེ་བྲལ་བ་རང་ཉིད་འདིར་ཏེ།། དེ་ཁོ་ན་ཉིད་བསྒོམ་པར་བྱེད་པ་རྣམས་ལ་བཅོམ་ལྡན་འདས་སུ་འགྱུརརོ།། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེའི་རང་བཞིན་དུ་འགྱུ་རོ།། ཞེས་གནས་སོ།། མཆོག་ཏུ་གསང་བའི་བདེ ་བ་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་པ་ནི།། མཆོག་ཀྱང་དེ་ཡིན་ལ་གསང་བ་ཡང་དེ་ཡིན་ནོ་ཞེས་དང་། བདེ་བུ་ཡང་དེ་ཡིན་ལ་མངོན་པར་བྱང་ཆུབ་པ་ཡང་དེ་ཡིན་ནོ་ཞེས་པས་ཏེ་མཆོག་ཏུ་གསང་བ་ཡང་འདི་ཡིན་ལ་བདེ་བ་མངོན ་བྱེད་བྱང་ཆུབ་པ་ཡང་ངོ་ཞེས་བྱ་སྟེ།། མཆོག་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པ་སྟེ་འོད་གསལ་བ་དེའི་རིམ་པའོ་ཞེས་པ་འོད་གསལ་གྱི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ལྡིང་འཕྲོག་རྫོག་སོ།། །། སེམས་ཀྱི ་དོན་དུ་མངོན་པར་དགོངས་ནས་སྔོན་གྱི་སྨོན་ལམ་གྱི་དབང་གི་འོད་གསལ་ལས་ཟུང་འཇུག་གི་རིམ་པར་ལྡང་བྱེད་པ་ཕྱག་བྱེད་པ་སྔོན་འགྲོ་བ་ཅན་ཉིད་ཀྱིས་བསྟན་པར་འདོད་ནས་རྒྱུ་དང་འབྲས་བུ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ་མགོན་པོ་ནི་འཇིག་རྟེན་རྣམས་ཀྱིས་སྐྱོབ་པར་གྱུར་པའོ།། ཕྱག་འཚལ་ནཱས་ནི་རབ་ཏུ་བཏུད་ནས་སོ།། ཡང་དག་པར་ངེས་པའི་དོན་ཟུང་དུ་འཇུག་པའི་རིམ་པ་ཐམ་བྲི་བཱར་བྱ་ཞེས་སྦྲེལ་ལོ།། ཇི་ལྟར་གྱུར་པ་ཞེ་ན། མགོན་པོ་རྒྱུ ་དང་འབྲས་བདག་ཉིད་དོ།། འབྲས་བུ་ནི་འོད་གསལ་ལོ།། རྒྱུ་ནི་རྒྱུ་ལུས་ཏེ་བདག་བྱིན་གྱིས་བརླབ་པའི་སྒྲས་མངོན་པར་བརྗོད་པར་བྱའོ།། འདི་དག་གཅིག་པ་ཉིད་ནི་འབྲས་བུ་དང་རྒྱུའི་བདག་ཉིད་ཅན་ཟུང་འཇུག་གོ།། དེ་ཉིད་ཀྱི་ཕྱིར་གཉིས་པ་ཐ~ཾད ་རྣམས་སྤངས་པའོ།། ཟུང་འཇུག་རིམ་པ་ཐ་མ་ནི་ཟུང་གིས་རྒྱུ་དང་འབྲས་བུའོ།། འཇུག་ནི་གཅིག་ཏུ་འདྲེས་པར་གྱུར་པའོ།། སྭཱ་ཧ་འིའཚོང་བ་ལའོ་ཞེས་པ་འདིའི་བྱིངས་ལས། ཀྵའི་སི་རབ་ཏུ་སྦྱ་རོ།། འོད་གསལ་གྱི་རིམ་པ་ལས་ཕྱི་མ་སྟེ་ཁྱད་པར་དུ ་འཕགས་པའོ།། འཁོར་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ།། བདག་བྱིན་གྱིས་བརླབ་པའི་སྒྲར་བརྗོད་པར་བྱའོ།། མྱ་ངན་ལོས་འདས་པ་ནི་དོན་དམ་པའི་བདྲེན་པ་སྟེ་འོད་གསལ་ལོ།། རྟོག་པ་གཉིས་པོ་སྤང་བ་ལ ་སྟེ་གསུངས་པ་ཡང་བདེན་པ་གཉིས་ཀྱི་རྟོག་པ་སྤུངས་པ་ལ། རྟོག་པ་གཉིས་དང་བྲལ་བ་ནི་ཟུང་འཇུག་གི་རིམ་པ་ཞེས་པའི་དོན་ཏོ།། གང་དུ་དངོས་པོ་གཅིག་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ཀ་དག ་གང་དུ་སྟེ་ངོ་བོ་གང་དུ་དངོས་པོ་གཅིག་གྱུར་ཏེ་རོ་མཉམ་ཞིང་གཅིག་པ་ཉིད་དུ་ཐོབ་པར་བྱེད་དོ་ཞེས་པས། ཟུང་དུ་འཇུག་པར་དེ་བརྗོད་བྱའོ།། རིམ་པ་འདི་ཉིད་ཀྱིས་ཚིག་སུ་བཅང་བ་གཞན་ལ་ཡང་གཅིག་གྱུར་པ་ཟུང་དུ་འཇུག་སྟེ ་ཚིག་དག་གིས་བཤད་པར་བརྟགས་པར་བྱའོ།། ཅི་ཤེས་པ་རྣམས་ཀྱིས་ཤེ་ན་ཀུན་ནས་ཉོན་མོངས་རྣམ་པར་བྱུང་།། ཤེས་ནས་ཞེས་བྱ་བ་ལ་སོགས་པ་ལ།། ཀུན་ནས་ཉོན་མོངས་པ་ཡོངསུ་དག་པ་སྒྱུ་མའི་ལུས་སོ།། རྣམ་པར་བྱང ་བ་ནི་འོད་གྲུས་ལོ།། ཤེས་ནས་ནི་བློས་སོ་སོར་རྟོགས་ནས་སོ།། འདི་དག་དྲུངས་པོ་གཅིག་ཉིད་དུ་གྱུར་པ་ནི་གཅིག་ཉིད་དོ།། གྷང་གི་སྒོ་རིག་པ་ནི་ཤེས་པའོ།། རྣམ་བཅས་དངོས་པོ་ཀུན་བཏགས་ཤིབས་པ་སོགས་ནི། རྣམ་པ་དང ་བཅས་པའི་དངོས་པོ་ཀུན་བཏགས་པ་ནི་བདག་བྱིན་གྱིས་བརླབ་པའོ།། རྣམ་མེད་ཉིད་དུ་རྟོགས་པ་ནི་རྟོགས་པ་ནི་འོད་གླསལ་ལོ།། འདི་དག་གཅིག་ཉིད་དུ་བྱས་ནས་སྤྱོད་པ་ནི་ཐ་སྙད་དུ་བྱེད་པའོ།། རྣལ་འབྱོར་པ་དེ་རིག་པ་ནི་ཤེས་བྱ ་བྱེད་པའོ།། ག་ཟུང་དང་འཛིན་པ་ཞེས་བྱ་བ་ལ་སོ་གོས་པ་ལ་གཟུང་བྱ་ནི་དི་གས་ལོ།། འཛིན་པ་ནི་ཡོངསུ་མ་དག་པའི་སྒྱུ་ལུས་སོ།། ཞེས་པཱའི་རྣམ་གེ་ཉོས་སྦྱིན་བློའི་རྣམྦྷ་པའོ།། ཡོད་མིན་ཏི་ནི་བཱསྣོད་པར་མི་བྱ་བའོ།། གང་ཙུན ་ཡེ་ཤེས་ལྕེ།། མ་ཕྱེད་པ་ཉིད་དུ་འགྱུར་བ་དེའི་ཚེ་བཤད་པ་ཏྲེ་སྐྱེས་པའོ།། རྟག་དང་ཆད་པའི་བློ་དག་ནཱི་ཞེས་བྱ་བ་ལ་སོ་གས་པ་ལ་རྟོག་པ་ནི་ཡོངསུ་མ་དག་པའི་རྒྱུ་ལུས་སོ།། ཆང་པ་ནི་འོད་གསལ་ལོ།། ཤེས་རབ་སྙིང་རྗེ་གཅིག ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལེ།། ཤེས་རབ་ནི་འོད་གསལ།། སྙིང་རྗེ་ནི་ཡོངསུ་མ་དག་པའི་རྒྱུ་ལུ་སོ།། ཐབས་དང་ཤེས་རབ་སྙོམས་འཇུག་པ་ཞེས་པ་ནི། ཤེས་རབ་ནི་སྟོང་པ་ཉིད་དོ།། ཐབས་ནི་སྒྱུ་ལུས།། གང་དུ་ཕུང་པོ་ལྷག་བཅས ་དང་། དེ་བཞིན་ཕུང་པོ་ལྷག་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ལྷག་མ་དང་བཅས་པ་ནི་སྒྱུ་ལུས་སོ།། ཕུང་པོ་ལྷག་མ་མེད་པ་ནི་མྱ་དྲན་ལས་འདས་པའོ།། གང་དུ་གང་ཟག་བདག་མེད་པ་འང་ཞེས་བྱ་བ་ལ་སྨོན ་པ་ལ།། གང་ཟག་གི་བདག་མེད་པ་ནི་བདག་བྱིན་གྱིས་བརླབ་པའི་ངོ་བོའོ།། ཆོས་ཀྱི་བདག་མེད་པ་ནི་འོད་གས་ལོ།། ཤྲྀ་ས་ནས་ཞེས་བྱ་བ་ལ་སོགས་པ་ནས།། མི་ཟད་རྣལ་འབྱོར་པའི་གནས་ཞེས་བྱ་བའི་མཐར་ཐུག་པ་ནི་རྟོགས་པར་སླའོ།། ་གཉིད་ལོག་པ་དང་རབ་སད་པ།། གནས་སྐབས་འདི་ཉིད་སྤངས་པ་ལས་ཞེས་བྱ་བ་ལ་སོགས་པ་ལས་གཉིད་ལོག་པའི་གནས་སྐབས་ནི་འོད་གསལོ།། རབ་ཏུ་སད་པའི་གནས་སྐབས་ནི་སྒྱུ་ལུསོ།། མཉཾ་བ་གཞག་དང་མ་བཞག་པ་ཞི་བྱ་བ་ལ་ཧོ་ཌ་བ་ལ། མཉེ་བར ་བདག་ནི་འོད་གསལ་ལོ།། མཉམ་པར་མ་གཞག་པ་ནི་སྒྱུ་ལུས་སོ།། དྲུན་དང་དྲན་མིན་རྣམ་པར་གྲོལ་ཞེས་པ་ལ་སོགས་པ་ལ།། དྲན་མིན་འོད་གྲས་ལོ།། དྲན་པ་ནི་སྒྱུ་ལུས་སོ།། ཆགས་དང་ཆགས་བྲལ་རྣམ་པར་གྲོལ་ཞེས་བྱ་བ་ལ་སོགས་པ་ལ་ཆགས ་པཱ་ནི་རྒྱུ་ལུས་སོ།། ཆགས་བྲལ་ནི་འོད་གསལ་ལོ།། བྱ་བ་དང་ནི་བྱེད་པ་དག་ཅེས་བྱ་བ་ལ་སོགས་པ་ལ་བྱ་བ་ནི་འོད་གསལ་ལོ།། བྱེད་པ་ནི་རྒྱུ་ལུས་སོ།། བ་སྐྱེད་པའི་རིམ་པ་འདི་གཅིག་དང་ཞེས་བྱ་བ་ལ་སོགས་པ་ནས་གངྒཱའི་བེད་མ་ལྟ་བུ་ཞེས ་པའི་བར་རྣམས་ལ་ཀུན་རྫོབ་ཀྱི་བདེན་པར་མངོན་པར་རྗོད་པར་བྱེད་པའི་ཚིག་ཀྱང་ཡོད།། དོན་དམ་པའི་བདེན་པ་མངོན་པར་རྗོད་པར་བྱེད་པའི་ཚིག་ཀྱང་ཡོད་པས།། འདི་དག་ཉིད་དུ་མངོན་པར་ཤེས་ནས་ཟུང་འཇུག་བར་བརྗོད་པའི་རིམ ་པས་མཁས་པས་རྣམ་གྲངས་པའི་སྒྲར་བྱའོ།། སྲེ་བ་བཞིན་པ་ཞེས་བྱ་བ་ལ་སོགས་པ་ལ། སློབ་བཞིན་པ་ནི་འའདྲ་བ་བྱེད་བཞིན་པའོ།། རྣལ་འབྱོར་ཆེན་པོ་ནི་ཟུང་འཇུག་གོ་འབྱུང་ལ་གནས་པ།། ཟང་དུ་འཇུག་པ་སྒོམ་པར་བྱེད་དོ།། ་སྤྱོད་པ་འང་དེའི་དོན་དུའོ།། འདིར་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བྱའོ་ཞེས་པ་ལྷག་མའོ།། འདིར་ནི་མན་ངག་གི་ཁྱད་པར་ལས་སྤྲོས་པ་མེད་པའི་སྤྱོད་པ་འང་མདོར་བྱས་ཀྱི་རིམ་པར་བསྟན་ཏེ། དེས་ན་འདིར་མ་བརྗོད་དོ།། སྤྱོད ་བསྡུས་སུ་གསུངས་པ་ཡང་། ཤིང་ཡང་བསྲེགས་ནས་ཐོལ་བར་འགྱུར་རོ།། ཏཱ་ལའི་འདབ་མ་ཡང་བསྲེགས་ནས་ཐལ་བར་འགྱུར་རོ།། ཤིང་བལ་ཡང་བསྲེགས་ནོ་ཐལ་བར་འགྱུར་ཞེསོ།། ཐམས་ཅད་དུ་རང་བཞིན་གཅིག་ཉིད་ཀྱི ་ང་རྒྱལ་གྱིས་སྤྱོད་པ་སྤྱད་པར་བྱའོ་ཞེས་བསྟན་པར་འདོད་ནས་གསུངས་པ།། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས།། ཕུན་གསུམ་ཚོགས་པ་ཐམས་ཅད་འགྲུབ་ཅེས་པའི་མཐར་ཐུག་པ་རྩ་བ་ཉིད་ལས་གོ་སླའོ།། འདི་དག་ཀྱང ་སྤྱོང་བསྡུས་སུ་གསུངས་པ། རྣལ་འབྱོར་བུ་ཐམས་ཅད་ནས་ཐེ་ཚོམ་ཆོད་པ་རྩོལ་བྱ་མེད་པར་བྱིས་པ་བཞིན་དུ་སྤྱོད་པར་བྱེད་དོ།། དེའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཆར་འབེབ་སོ།། དཔལ་འདུས་པའི་རྒྱ་ཆེར་འགྲེལ་པར ་ཡོང་གསུངས་པ། རྡོ་པདྨ་མཉམ་སྦྱོར་བས།། ཡིས་གསུམ་གྱིས་ཆ་རིགས་པ།། བློ་ལ་གོས་དང་མ་གོས་པ།། དེར་ནི་བདེ་བས་རྟག་ཏུ་གནས།། བཀག་པ་རྣམས་ཀྱང་བྱས་ནའོ།། བྱ་དང་བྱ་མིན་རྣམས་སྤངས་པ།། རང་བཞིན་ཤེས་པ་མི་གོས་ཏེ།། ་པདྨའི་འདབ་མ་ཆུ་ཡིས་བཞིན་ཞེས་སོ།། བཤད་ནས་བསྐྱོད་ནས་ཞེས་བྱ་བའི་མཐར་ཐུག་པའི་ཚིགས་བཅད་པའི་བབྱུང་བ་ནི་ཆེ་སྔ་གསལོ།། ཞེས་བཟུང་དུ་འཇུག་པའི་རིམ་པའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད ་འཕྲོག་ཅེས་བྱ་བ་རྫོག་སོ།། །། སྐྱབས་གསུམ་བླ་མར་བཏུད་ནས་ཤིན་ཏུ་བགྲོད་དཀའ་ངེས་པར་རིང་།། ཟབ་མོ་གསང་སྔགས་ཚུལ་ནི་རྒྱ་མཚོ་མནྡ་ར་ཡི་རི།། རིམ་ལྔར་རྣམ་པར་རྣམ་པར་སྦྱར་ཞིང་བསྒྲུབས་པའི་བདག་གི་བསོད་ནམས་ནི།། གང་ཡིན ་དེས་ནི་འགྲོ་རློམས་མ་གི་བྱང་ཆུབ་གྲུབ་གྱུར་ཅིག། དོན་མདོར་བཤད་པ་འདིའི་ཚིག་གི་རྒྱུ་སྐྱེས་བྲུད་པ་སྦྱོར་བ་སྦྲང་བ་སྠཱང་ཚོགས་འཕྲོ་བཞིན་པ།། སློབ་དཔོན་སློབ་མ་གཏམས་པ་སཽ་ལ་མཆོག་གི་རི་མོར་ཤེས་རབ་སྟོབས་ཀྱིས་བསྐུལ་བ ་ལས།། བརྟེན་པའི་ཡིད་འཕྲོག་ཅེས་བྱ་བླ་མ་མང་པོ་མཉེས་པར་བྱས་ཤིང་རིངྒ་ནས་འགྲི་ལྀ་དཱརྩེ།། བློ་གྲོས་ཆེན་པོ་འཕྲོག་པའི་དམ་པའི་དགེ་སློང་ཐུབ་པ་དཔལ་བཟུང་པོ་ཡིས་བྱས་པ་ཡིན།། མ་བརྗོད་གཞན་དུ་བྱས་པ་ཉེས་པའི་ཆ་ཤས?་གང་།། ་མཆོ་ག་སྟོན་གནས་ཀྱིས་ཡོངས་དུང་རྗེས་ཆགས།། བཅུད་ཀྱི་རང་བཞིན་བློ་ལྡན་རྣམས་ཀྱི་སྟོན་ཆུར།། ཉེས་པའི་འཁྲི་ཤིང་མི་ཤེས་བདག་ཀྱང་འཇུག་པར་བྱེད།། ། འདི་ནི་ཡུལ་མ་ག་དྷ་བའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་མཛད་བའོ།། ། རིམ་ལྔའི ་འགྲེལ་པོ་རྣལ་འབྱོར་པའི་ཡིད་འབྲོག་ཅེས་བྱ་བ་རྫོག་སོ།། ། འདི་ནི་སྩལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་ཕྱག་དཔེའི་རྒྱུ་དཔེ་ལས། བོད་སྐང་དུ་། དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་སེ་ཅོ་སྒྲ་ཆད་པའོ།། ་