CLOSE WINDOW

GT693: mdor bsdus pa'i thabs kyi 'grel pa chen phreng ba zhes bya ba
Wyliee-texts produced with BDRC’s OCR application

བཟང་པོས་པ་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། འདི་ལ་ཤློ་ཀྲ་བནྡྷ་དྷྱད་ཅུ་རྩ་གསུམ་ཡོད།། ། རྒྱ་གར་སྐད་དུ། པིནྟི་ཀྲི་ཏ་སཱ་དྷཱ་ནོ་བེ་ཀ་བྲིདྡྷི་རཏཱ་ནཱ་ཝཱ་ལི་ནཱ་མ། བོད་སྐད་དུ། མདོར་བསྡུས་པའི་ཐབས་ཀྱི་འགྲེལ་པ་ཆེན་ཕྲེང་བ་ཞེས་བྱ་བ། ་དཔལ་རྡོ་རྗེ་སེམས་དཔའི་ལ་ཕྱག་འཚལོ།། སངས་རྒྱས་ཀུན་གྱི་སྐུ་ཅིག་པ།། རྡོ་རྗེ་འཆང་ཆེན་ལ་བཏུང་ཏེ།། མདོར་བསྡུས་པ་ཡི་འགྲེལ་པ་འདི།། དོན་གསལ་བདག་གིས་བཤད་པར་བྱ།། དཔལ་ལྡན་ཀླུ་སྒྲུབ་ཞལ་སྔ་ཡི།། ཇི་ལྟར་མན་ངག་ཐུགས་ལ་གནས། ་དེ་བཞིན་དུ་ནི་བྱེ་བ་སྟེ། མེ་ལོང་ལ་ནི་གཟུགས་བརྙན་བཞིན།། འཕགས་སྐོར་ཤིན་ཏུ་རྟོགས་དཀུར་བ།། བདག་གིས་ཡང་དག་བསལ་བར་བྱ།། ཉི་མས་ཕྱོགས་རྣམས་གསལ་གྱུར་ན།། ལམ་ལོག་པར་ན་འཁྲུལ་བ་མེད།། འདིར་བརྩ ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་འགྲོ་བའི་དོན་དུ་སྤྲོས་པ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ།། སྟོང་པ་ཉིད་བཅུ་དྲུག་བསྡུས་པར་གྱུར་པ་མི་གཡོ་བ་ཞེས་བྱས་པའི་ཏིང་འཛིན་ལ་སྙོམས་པར ་ཞུགས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་བདག་གིས་ཐོབ་པོ་ཞེས་བསམས་པས་བྲག་ཞིན་དུ་མི་གཡོ་བར་གནས་པར་གྱུར་ཏོ།། དེའི་ཚེ་སྲིད་པའི་རྩེ་མོའི་སྟེང་དུ་དཀྱིལ་འཁོར་གྱི་འཁོ་ལོ་རིམ་པའོ།། དཔག་ཚད་ལྔ་སྟོང་གི་བར་གྱི་ཚད་གྱི་སྟེང ་དང་འོག་གི་རིམ་པས་མངོན་པར་དགའ་བོ་དག། འོག་མིན་དང་རིན་ཆེན་འབྱུང་གནས་དང་། བདེ་བ་ཙནྡྲ་དང་། མེ་རྟོག་ཅན་ཞེས་བྱ་བ་ཐུགས་རྡོ་རྗེ་འཆང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བྱིན་གྱི་བརླབ་པ་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི ་སངས་རྒྱས་ཀྱི་ཞིང་ལྔ་གཡོ་བར་འགྱུར་ཏེ། ཏིང་འཛིན་ལས་ལྡང་བའི་སངས་རྒྱས་ལྔས་ཀྱང་བཞིན་གྱི་སེམས་མཁྱེན་པའི་དབང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱིན་གྱིས་བརླབ་པའི་ཏིང་འཛིན་མཁྱེན་པར་གྱུར་ཏོ།། དེའི་ཚེ་ཕན་ཚུན ་བསམ་པ་གཅིག་པས།། གང་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་གནས་པ་དེར་ཉེ་བར་གཤེགས་སོ།། ཉེ་བར་གཤེགས་ནས་བར་སྣང་གི་ན་མཁའ་ལ་ཏིལ་གྱི་གང་བུ་བཞིན་དུ་ཁྱབ་ནས་ཀྱེ་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་བསམ ་གཏན་འདི་ནི་མཐར་ཐུག་པའི་གནས་ཐོབ་པའི་རྒྱུ་མ་ཡིན་པས་དེ་ཉིད་སྤོངས་ཤིག་ཅེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པའི་གསུང་ཐོས་ནས་ཏིང་འཛིན་ལས་ལངས་ནས་ལྷའི་མིག་གིས་མཐའ་ཡས་པའི་དེ་བཞིན་གཤེགས་པའི་སྐུས ་ཡོངསུ་གང་བའི་ན་མཁའི་ཁམས་ལ་བལྟས་ནས་པུ་མེ་གཉིས་ས་ལྔ་གཙུགས་ཏེ། ཕྱག་བཞི་བྱས་ནས་བཅོམ་ལྡན་འདས་ཡང་དག་པའི་ཏིང་ངེ་འཛིན་ཇི་ལྟ་བུ་ལགས། ཞེས་གསོལ་བ་བཏབ་པ་བྱསོ།། དེའི་ཚིག་གསན་མ་ཐག་ཏུ་བཅོམ་ལྡན ་འདས་མི་བསྐྱོད་བ་ལ་སོགས་པས་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་སྤྱན་ལ་སོགས་པའི་ལྷ་མོ་བཞི་ཐུགས་ཀ་ནས་སྤྲུལ་ཏེ། དང་པོ་འོད་ཟེར་གྱི་འཁོར་ལོས་དབང་བསྐུར་ཞིང་སློབ་དཔོན་ལ་སོགས་པ་དབང་བཞི་པོས་དབང་སྐུར་ཏེ། རྣལ་འབྱོར ་བཞི་ལ་སོགས་པའི་རིམ་གྱིས་མན་ངག་ཉེ་བར་བསྟན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཅུག་ཅིང་མི་སྣང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཡང་ས་བཅུ་གཅིག་པ་ཐོབ་ནས་མཚན་ཕྱེད་ཀྱི་དུསུ་སངས་རྒྱས་ཏེ་ཐོ་རི་ངས་ཀྱི་དུསུ་བདུད ་བཅོམ་ནས་གོང་དུ་དགའ་ལྡན་གྱི་གནས་དེར་གཤེགསསོ།། ཉེ་བར་གཤེགས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་བཟང་སྤྲུལ་ལ། ཐུགས་ཀ་ནས་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ། དེ་རྣམ་ཀྱི་གསོལ་བ་བཏབ་པས་དཔལ་གསང་བ ་འདུས་པའི་རྒྱུད་ཉི་ཁྲི་ལྔ་སྟོང་པ་གསུང་སོ།། ཚེའི་སྙིགས་མ་དང་ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། བསྐལ་པའི་སྙིགས་མ་དང་ལྡན་པ་ཤེས་རབ་དང་བརྩོན་འགྲུས་དམན་པའི་སེཾན ་རྣམས་ལ་ཕན་གདགས་པའི་ཕྱིར་ཡང་གསོལ་བ་བཏབ་པ་བྱས་ཏེ། བཅོམ་ལྡན་འདས་མདོར་བསྡུས་པའི་རྒྱུད་བཀའ་སྩོལ་ཅིག་དང་། གང་གིས་ཕྱིར་ད་ལྟར་བྱུང་བའི་སེམས་ཅན་རྣམས་ནི་རྒྱ་ཆེ་བའི ་དོན་འཛིན་པར་མི་ནུས་སོ།། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཀྱང་དེ་ལས་བསྡུས་པ་ལེའུ་བཅོ་བརྒྱད་བརྒྱ་ཕྲག་བཅཝོ་བརྒྱད་ཀྱི་ཚད་ཙམ་གྱི་རྒྱུད་གསུང་སོ།། ལག་ན་རྡོ་རྗེ་ཡང་སྡུད་པ་པོ་ཡིན་ཏེ། དེས་ནི ་གཅིག་ནས་གཅིག་རིམ་གྱིས་མིའི་ཡུལ་དུ་འཇུག་པར་བྱསོ།། དེ་ནས་བརྩམས་དེ་གླེགས་བམ་ལ་སོགས་པ་བྱུང་།། གང་གི་ཕྱིར་ལོ་འབུམ་ཕྲག་ཉི་ཤུའི་ཚད་ཙམ་གྱི་རྫོགས་ལྡན་གྱི་དུསུ་ཞལ་གྱི་མན་ངག་འབའ་ཞིག་ཏུ་བྱུང་ངོ་།། གསུམ ་ལྡན་གྱི་དུས་སུ་རྩ་བའི་རྒྱུད་བྱུང་བར་གྱུར་པ་དང་། གཉིས་ལྷུན་གྱི་དུས་སུ་དེ་དག་གཏན་ལ་འབབས་པར་བྱེད་པ་དེའི་ཡན་ལོག་བྱུང་བ་དང་། སྐལ་ལྡན་གྱིས་དུས་དེའི་བཤད་པའི་རྒྱུད་དང་། དེ་མ་རྟོགས་པས་གང་ཟག་གིས་བརྩམས ་པའི་འགྲེལ་པ་ལ་སོག་ལྔ་པ་ཡང་འབྱུ་།། གསུམ་ལྡན་ནི་ལོ་འབུམ་ཕྲག་འཅོ་ལྔའི་ཚད་དང་། གཉིས་ལྡན་ནི་འབུམ་ཕྱག་བཅུའི་ཚད་དང་། སྐལ་ལྡན་ནི་ལོ་འབུམ་ཕྲག་ལྔའི་ཚད་ཡིན་ནོ།། དེ་ལ་དཔལ་གྱི་རི་བོ་ལ་གནས་པའི་འབྲུར ་པཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་ལས་མདོར་བསྡུས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་འདི་མ་འོངས་པའི་སེམས་ཅན་ལ་ཕན་གདགས་པར་བྱེ་བའི་ཕྱིར་བསྡུས་ཏེ། དེ་དང་པོར་ཉན་པ་པོ་འཇུག་པའི་ཚེདུ ་བརྗོད་པ་ལ་སོགས་པ་ལྔ་བོ་ངོས་བཤད་པར་བྱ་བ་ཡིན་ཏེ། དེ་མ་བརྗོད་མཉན་པ་པོ་འཇུག་པ་མེད་པའི་ཕྱིར་རབ་ཏུ་བྱེད་པ་འདི་ནི་དོན་མེད་པར་ཐལ་བར་འགྱུའོ།། དེ་རྣམས་ཀྱང་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་བར་དང་། ་དགོས་པ་དེའི་དགོས་པའོ།། གང་གི་ཕྱིར་ཐ་སྙད་ལ་ནི་འཇུག་ཕྱིར་དད་།། གཞན་རྣམས་ལ་ནི་དངོས་གཞིའི་ཕྱིར།། རྗོད་པ་མེད་པས་འཇིག་རྟེན་འདི།། ལོང་དང་ལྐུགས་པ་འདྲ་བར་འགྱུར་ཞེས་བཤད་པའི་ཕྱིརརོ།། ལ་རྗོད་པ་ནི་མདོར་བསྡུས་པ་ཞེས ་བྱ་བའི་སྒྲུབ་པའི་ཐབས་ཏེ།། དེ་ནི་དོན་དང་བཅས་པ་ཡིན་ནམོ་དོན་མེད་པ་ཡིན་ཞེས་ན།། སྨྲས་པ། དོན་དང་བཅས་ཡིན་ཏེ། དེའི་དོན་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བཅོ་བརྒྱད་ཀྱིས་བསྒྲིབས་པའི་བསྐྱེད་པའི་རིམ ་བཽབོ་བྱིས་པའི་བློ་གྲོས་ཀྱིས་ཁོང་དུ་ཆུད་པར་མི་ནུས་པ་བསྡུས་ནས་བསྟན་པ་ནི་མདོར་བསྡུས་པ་དང་། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒྲུབ་པའི་དོན་དུ་ཐེབས་ནི་འདི་ཉིད་ཡི་ནོ་ཞེས་སྒྲུབ་པའི་ཐབ་སོ།། མདོར་བསྡུས་པ་ཡང ་ཡིན་ལ་སྒྲུབ་ཐབས་ཀྱང་ཡིན་པས་མདོར་སྡུས་པའི་སྒྲུབ་པའི་ཐབས་ཏེ་ལས་འཛིན་པའོ།། བརྗོད་པར་བྱ་བ་ནི་དོན་གྱི་མཚན་ཉིད་དེ།། བསྐྱེད་པའི་རིམ་པ་ཞེས་བྱའོ།། དེའི་དབྱེ་བ་ནི་དང་པོའི་སྦྱོར་བ་དང་།། དཀྱིལ་འཁོར་རྒྱལ་པོ་མཆོག་དང ་ལས་ཀྱི་རྒྱལ་བ་མཆོག་སྟེ་གསུམ་མོ།། དེ་རྣམས་ཀྱི་དབྱེ་བ་སུམ་ཅུ་རྩ་བརྒྱད་ནི་གཞན་ལས་གསུངས་ཏེ།། འདིར་མ་བསྟན་ཏོ།། ལེའུ་བཅུ་བདུན་པ་ལས་དེའི་མདོ་བསྲེས་བྱ་སྟེ། དེ་ལ་ལེའུ་བཅུ་གཉིས་པ་ལས། དགོན་པ་ཆེན་པོའི་ས་ཕྱོགས།། ་མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་རི་བོ་དབེན་པར་དངོས་གྲུབ་ཀུན།། བསྡུས་པ་ཡང་དག་སྒྲུབ་པར་བྱེད་ཅེས་བྱ་བའི་མདོས་ཁྱད་པར་གྱི་གནས་དམིགས་པ་བསྟན་ཏོ།། ལེའུ་གསུམ་པ་ལས་གསུང་བའི་ནམ་མཁའ ་དབྱིངས་ཀྱི་དབུས་གནས་པའི།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པའི་མངས་བྱང་ཆུབ་སེམས་ཀྱི་རྡོ་གཟུགས་བསྒོམས་ལ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྣམ་པར་སྣང་མཛད་འོད་དང་མཚུངས་ཞེས་བྱ་བ ་ལ་སོགས་པའི་མདོས་ཁ་དོག་དཀར་པོར་བདག་ཉིད་བསྒོམས་ལ།། ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་ལོས་གསུངས་པའི་ཨོཾ་སུཾ་བྷ་ནི་སུཾ་བྷ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་བསམ་གཏན་ལས་སྐྱེས་ཞེས་བྱ་བ་ལ་སོགས་པས་ཀྱང ་བགེགས་བསྐྲད་པ་སྟན་ཏོ།། དངོས་པོ་མེད་པས་བསྒོམ་པ་མེད།། བསྒོམ་པར་བྱ་བ་བསྒོམ་པ་མིན།། དེ་ཕྱིར་དངོས་པོ་དངོས་མེད་པས།། བསྒོམ་པ་དམིགསུ་མེད་པའོ་ཞེས་བྱ་བ་ལེའུ་གཉིས་པ་ལས་གསུངས་པའི་མངས་སྟོང་པ་ཉིད་བསྒོམ་པ ་བསྟན་ཏོ།། དེ་ནས་བཅུ་གཅིག་པ་དང་བརྒྱད་པ་དང་། ལེའུ་བཅུ་གཉིས་པ་སྟེ་ག་སུམ་ལས་གསུངས་པའི་ན་མཁའ་རྡོ་རྗེ་དབུས་གནས་པའི།། རྡོ་རྗེ་ཀུན་འབྱུང་དཀྱིལ་འཁོར་བསམ་ཞེས་བྱ་ལ་སོགས་པའི་མདོས་ཡེ་ཤེས་ཀྱི་ས་གཞི་བསྒོམ་པ ་བསྟན་ཏོ།། ཡི་གེ་བྷྲཱུཾ་གྱི་གནས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གསུམ་པ་ལས་གསུངས་པའི་མངོས་གཞལ་ཡས་ཁང་པ་བསྒོམ་པ་བསྟན་ཏོ།། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱི ་གནས་ཞེས་བྱ་བ་ལ་སོགས་པ། ལེའུ་དང་པོ་ལས་གསུངས་པའི་རྡོ་རྗེའི་མདོས་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ལེའུ་གསུམ་པ་ལས་གསུངས་པའི་ལྷག་པར་མོས་པའི་དཀྱིལ་འཁོར་དེར།། གསལ ་བཱ་དེའི་ངོ་བོ་ཉིད་སྣ་ཚོགས་གཟུགས་ཀྱིས་ཀུན་དུ་ཁྱབ་ཅེས་བྱ་བ་ལ་སོགས་པ་ལེའུ་དང་པོ་ལས་གསུངས་པའི་མདོས་བསྒོམ་པ་བསྟན་ཏོ།། དམ་ཚིག་ལས་ནི་རཱི་རེ་སྥོ།། ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་ལས་གསུངས་པའི་མདོས་དོན་དེ ་པའི་དཀྱིལ་འཁོར་བསྒོམ་པ་བསྟན་ཏོ།། ལེའུ་བརྒྱད་པོ་ལས་གསུངས་པའི།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པའི་ཞེས་བྱ་བ་ལ་སོགས་པའི་མདོས་ཡེ་ཤེསྭཱ་ཀཱི་རྒྱ་མཚོའི་རང་བཞིན་དོན་དམ་པའི་དཀྱིལ་འཁོར་བསམ་པར་བྱའོ་ཞེས་བསྟན ་ཏོ།། ཡི་གེ་ཨཱ~ཾ་ནི་སྒྲ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པོ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མཛེས་ཨོཾ་གཱི་གསུམ་ཡོངསུ་གྱུར་པའི་ཟླ་བ་ལ་སོགས་པའི་གདན་གྱི་དབྱེ་བོ་བསྟན་ཏོ།། ལེའུ་བཅུ་གསུམ་པ་ལྔས་གསུངས་པའི་ཡི་གེ་གསུམ་ཞེས་བྱ ་ལ་སོགས་པའི་མདོ་ས་ཡི་གེ་གསུམ་དགོད་པ་བསྟན་ཏོ།། ལེའུ་གསུམ་པ་ལས་གསུངས་པའི་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ།། ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཨོཾ་ཡིག་ཞེས་བྱ་བ་ལ་སོགས་པའི ་མདོས་ཡི་གེ་གསུམ་དགོད་པ་སྔོན་དུ་འགྲོ་བར་རྡོ་རྗེའི་ང་རྒྱལ་བྱས་ལ་སྐུ་རྫོགས་པ་བསྟན་ཏོ་ཞེས་རྣལ་འབྱོར་རོ།། སྙིང་གར་ཟླ་བ་བསྒོམ་པར་བྱ་བ་ལ་སོགས་པ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་མདོས་ཡེ་རེ་ཞེས་སོ་ཤྩ་ཏིངངེ་འཛིན་སེམས ་དཔའ་བསྒོམ་པར་བསྟན་ཏོ།། རྗེ་སུ་རྣལ་འབྱོར་རོ།། ལེའུ་བཅུ་གཅིག་པ་ལས་གསུངས་པའི་བྷྲཱུཾ་ཞེས་བྱ་བ་ལ་སོགས་པའི་མདོས་རྒྱ་མཆེད་བྱིན་གྱིས་བརླབ་པ་བསྟན་ཏོ།། ནུ་མ་ནས་བརྩམས་སྤྱི་བོའི་བར་ཞེས་བྱ་བ་ལ་སོགས་པ་ལེའུ ་བརྒྱད་པ་ལས་གསུངས་པའི་མདོས་ཕུང་པོ་བྱིན་གྱིས་བརླབ་པ་བསྟན་ཏོ།། ས་ནི་སངས་རྒྱས་སྤྱན་བཤད་པ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྡོ་རྗེའི་མདོས་ཁམས་བྱིན་གྱིས་རླབ་པ་བསྟན་ཏོ།། ལེའུ་བཅུ་གསུམ་པ ་ལས་གསུངས་པའི་ཁྲོ་བོའི་འཁོར་ལོ་བསྒོམ་པས་ཡན་ལག་དང་ཉིང་ལག་ལ་དགོད་པ་བསྟོན་ཏོ་ཞེས་ཤིན་ཏུ་རྣལ་འབྱོར་རོ།། རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་ཡི་གེ་ཧཱུཾ། ་ལ་སོགས་པ་ཡོངསུ་གྱུར་པ་ལས་མི་བསྐྱོད་པ་ལ་སོགས་པ་བསྒོམ་པར་བྱ་སྟེ་ལེའུ་བཅུ་གཉིས་པ་ལས་གསུངས་པའོ།། དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་རྣམས་ཀྱིས་གསོལ་པ་གདབ་པར་བྱ་སྟེ། ་ལེའུ་བདུན་པ་ལས་གསུངས་པའི་རིགས་གསུམ་གྱི་ཚིག་སུ་བཅད་པ་རྣམས་ཀྱིས་ང་རྒྱལ་བྱས་ལ།། ལེའུ་དྲུག་པ་ལས་གསུངས་པའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་ནས།། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པར་བསྟན་ཏོ་ཞེས་རྣལ་འབྱོར ་ཆེན་པོའོ།། ཕྱག་རྒྱ་འདུས་བྱས་པ་ནི་ལེའུ་བརྒྱད་པ་ལས་བསྟན་ཏོ།། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རིགས་ཀྱི་དབྱེ་བའི་མདོས་དེ་ལ་དམིགས་པ་བསྟན་ཏོ།། ལེའུ་བདུན་པ་ལས་གསུ་བཱི་རྡོ་རྗེ་མདོས་རྡོ་པདྨ་སྙོམས་པར་འཇུག་པ་བསྟན་ཏོ།། ལེའུ་དང་པོ ་ལས་གསུངས་པའི་རྡོ་རྗེ་མདོས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་བསྟན་ཏོ།། དེ་ཉིད་ལས་གསུངས་པའི་མདོས་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་བསྟན་ཏོ།། ལེའུ་དང་པོ་ནས་གསུངས་པའི་ཕྱུང་བའི་སྔགས་ཀྱིས་ཕ་རོལ་ཏུ་སྤྲོ་བ་བསྟན་ཏོ། ་ལེའུ་དང་པོ་ནས་གསུངས་པ་དེ་ཉིད་དང་།། ལེའུ་བཅུ་གཅིག་པ་ལས་གསུངས་པའི་མདོས་དབང་བསྐུར་བ་བསྟན་ཏོ།། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྡོ་རྗེ་མདོས་རྒྱས་གདབ་པ་བསྟན་ཏེ།། དཀྱིལ་འཁོར་རྒྱལ་བ་མཆོག་གོ།། ལེའུ་དྲུག་པ་ནས ་གསུངས་པའི་རྡོ་རྗེ་མངོས་ཕྲ་མོའི་རྣལ་འབྱོར་བསྟན་ཏོ།། ལེའུ་གསུམ་པ་ལས་གསུངས་པའི་མདྲིས་དེའི་དབྱེ་བ་བསྟན་ཏོ།། ལེའུ་བཅུ་གསུམ་པ་འམ་བདུན་པ་ལས་གསུངས་པའི་མདོས་བཟླས་པའི་ཆོ་ག་བསྟན་ཏོ།། ལེའུ་བཅུ་བདུན་པ་ལས ་གསུངས་པའི་མདོས་འོད་དུ་ཞུ་བ་དང་། སླར་ལྡང་བ་དང་། ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པ་བསྟན་པའོ།། ལེའུ་བཅུ་བདུན་པ་དང་། བཅུ་གཉིས་པ་དང་། བཅོ་ལྔ་པ་ལས་གསུངས་པའི་མདོས་ཚིམ་པའི ་ཆོ་ག་བསྟན་ཏོ།། ལེའུ་བཅུ་བདུན་པ་ལས་གསུངས་པའི་མདོས་དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་བསྡུ་བ་བསྟན་ཏོ།། ལེའུ་རུ་གཉིས་པ་ལས་གསུངས་པའི་མདོས་ནང་གི་སྦྱིན་སྲེག་དང་། མཆོད་པ་དང་གཏོར་མ་བསྟན་ཏོ།། ལེའུ་བཅུ་བདུན་པ ་དང་བཅོ་ལྔ་པ་ལས་གསུངས་པའི་མདོ་དག་གིས་གཤེགསུ་གསོལ་བ་དང་། ཉལ་བའི་ཆོ་ག་དག་བསྟན་ཏོ།། ཞེས་ལས་ཀྱི་རྒྱལ་བ་མཆོག།། དེ་ལྟར་བརྗོད་པར་བྱ་བ་རྣམ་པ་དུ་མ་འོག་ནས་དབྱེ་བས་འཆད་པར་འགྱུརརོ།། སྒྲ་དང་དོན་དག་གི་བརྗོད ་བར་བྱ་བ་དང་།། རྗོད་པར་བྱེད་པའི་མཚན་ཉིད་ནི་བྲེལ་པའོ།། འདིར་སྨྲས་པ། སྒྲ་དང་དོན་དག་གི་འབྲེལ་པ་ཇི་ལྟར་བཤད་པར་རིགས་ཞེས་ན། གང་གི་ཕྱིར་བདེ་བར་གཤེགས་པ་རྣམས་ཀྱི་རྗེསུ་འགྲོ་བ་དང་ལྡོག་པ་མེད་པའི ་ཕྱིར་སྒྲ་དང་དོན་དག་གི་འབྲེལ་པ་མེ་དོ།། དེ་ལ་འབྲེལ་བ་ནི་རྣམ་པ་གཉིས་ཏེ་དེའི་བདག་ཉིད་ཀྱི་མཚན་ཉིད་དང་། དེ་ལས་བྱུང་བའི་མཚན་ཉིད་དེ་མི་རྟག་པ་དང་བྱས་པ་ལ་སོགས་པ་བཞིན་དང་། མེ་དང་དུ་བ་ལ་སོགས་པ་བཞིནོ།། གཉིས་པོ་དེ་དག ་ཀྱང་སྒྲ་དང་དོན་གྱི་ཕྱོགསུ་མེ་།། གང་གི་ཕྱིར་སྒྲས་ནི་སྐྱེས་བུའི་དགོངས་པ་མངོན་པར་བརྗོད་ཀྱི་ཕྱི་རོལ་གྱི་དོན་ལ་སྐྱེ་བར་མི་འགྱུ་རོ་ཕྱི་རོལ་གྱི་དོར་ཡོད་ན་ཡོང་དེ་མི་འབྱུང་བ་སྟེ། སྐྱེས་བུའི་འདོད་པ་མེད་པའི་ཕྱིར།། ཕྱི་རོལ་གྱི་དོན་མེད་ཀྱང་སྒྲ ་འབྱུང་ང་མི་ཐོང་བ་སྟེ། སྐྱེས་བུའི་འདོད་པ་འཇུག་པའི་ཕྱིར་རྒྱུ་མྲྀནྡོ་ལ་སོགས་པའི་སྒྲ་རྗོད་པ་བཞིན་ནོ།། ཞེས་རྗེ་སུ་འགྲོ་པོ་དང་ལྡོག་པ་མེདོ།། རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེ་སུ་འགྲོ་བ་དང་ལྡོག་པ་སྔོན་དུ་འགྲོ་བ་ཡིན་ལ་དཔེར་ན་མེ་ཡོད་པ་དུ་བ་འབྱུང ་བ་དང་། མེ་མེད་པས་དུ་བ་སྐྱེ་བར་མི་འགྱུརརོ་ཞེས་སྐྱེ་བའི་རིམ་པའོ།། རྟོགས་པའི་རིམ་པ་ཡང་དུ་བ་མཐོང་བ་མེ་ཤེས་པ་དང་།། མེ་མདོ་པས་དུ་བ་མེད་པ་ཤེས་པར་འགྱུརརོ་ཞེས་སྐྲ་དང་དོན་ངག་གིས་དེ་ལས་བྱུང་བའི་འབྲེལ་བ་མེདདོ།། དེའི ་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་བ་ཡང་ཡོད་པ་མོ་ཡིན་ཏེ། ཐ་དད་པ་དམིགས་པའི་ཕྱིར་རོ།། དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ནི་ཐ་མི་དད་པ་གཙོ་བོ་ཡིན་ཏེ། ཤིང་དང་ཤ་པ་བཞི་ནོ།། བསྒྲུབ་བྱ་དང་སྒྲུབ་པའི་དངོས་པོའི་མཚན་ཉིད་ཀྱི ་ཐ་སྙད་ནི་གཞན་སེལ་བའི་བློས་བྱས་ཏེ། དངོས་པོ་ཐམས་ཅད་ནི་ལྡོག་པ་དུ་མ་དང་ལྡན་པའི་ཕྱིརརོ།། གང་ཕྱིར་དངོས་ཀུན་རང་བཞིན་གྱིས།། རང་རང་ངོ་བོ་ལ་གནས་ཕྱིར།། མཐུན་དངོས་གཞན་གྱི་དངོས་དག་ལས།། ལྡོག་པ་ལ་ནི་བརྟེན་པ་ཅན་ཞེ ་འབྱུང་བའི་ཕྱིརརོ།། སྒྲ་དང་དོན་དག་ལ་དེ་ལྟ་བུའི་མཚན་ཉིད་མ་མཐོང་སྟེ། གང་གིས་ཕྱིར་སྒྲ་ནི་ཁར་ཡོད་པ་དང་། དངོས་པོ་ནི་ཕྱི་རོལ་ཏུ་ཡོད་པ་སྟེ་དེ་དག་ཐ་དད་པ་ཡིན་ནོ།། ཕན་ཚུན་ལས་ཐ་མི་དད་པ་ཁས་བླངས་ནས་བུམ་པ་ཞེས་བརྗོད་པས ་བུམ་པྲ་ཁ་ཁོངས་པར་འགྱུར་བ་དང་། མེ་ཞེས་བརྗོད་པས་ཁྭ་ཚིག་པར་ཐལ་བར་འགྱུ་རོ་ཞེས་རིགས་པས་དེའི་བདག་ཉིད་ཀྱང་མེདོ།། དེ་བྱས་ནུ་བརྗོད་བྱ་བ་དང་། རྗོད་པར་བྱེད་པའི་འབྲེལ་པ་ནི་སྒྲ་དང་དོན་དག་ལ་མི་རིག་སོ།། བདེན་ཏེ་རང་གི ་མཚན་ཉིད་ཀྱི་འབྲེལ་པ་ནི་མེད་དེ་དོན་གྱི་བྱ་བ་བྱེད་པ་མེད་པའི་ཕྱིར་རོ།། དེ་མེད་པ་ནི་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ།། དངོས་པོའི་སྐད་ཅིག་མ་འཇུག་ན་སྒྲ་འབྱུང་སྟེ། དེའི་ཚེ་རང་གི་མཚན་ཉིད་མེད་པས་བརྡར་བྱས་པ་ཡང་མེདདོ།། ། ་ཞེས་སྒྲས་ནི་ཐ་སྙད་གང་ལ་བྱ་བ་ཡིན།། རྣམོ་འགྲེལ་ལྔས་ཀྱང་སྒྲ་རྣམས་བརྡར་བྱས་པས་དོན་ཏོ།། དེ་ནི་ཐ་སྙད་བྱ་ཕྱིར་བཤོད།། དེ་ཚེ་རང་གི་མཚན་ཉིད་མེད། དེས་ན་དེ་ལ་བརྡ་མེད་དོ་ཞེས་འབྱུང་།། གལ་ཏེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི ་མཚན་ཉིད་ཀྱི་བྱ་བ་དོན་གྱི་བྱ་བ་ཡིན་ནོ་བརྗོད་ན། དེ་ཡང་མི་རིགས་ཏེ། གསལ་བར་སྣང་བ་མེད་པའི་ཕྱིར།། གསལ་པོར་སྣང་བ་ཉིད་ནི་དོན་གྱི་བྱ་བ་ཡིན།། རིགས་པའི་ཐིགས་པ་ལས་ཀྱང་། དོན་གང་ཞིག་ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པ་ལ ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ།། དེ་ལས་གཞན་ནི་སྤྱིའི་མཚན་ཉིད་དོ་ཞེས་འབྱུང་བའི་ཕྱིརོ།། དེ་བས་ན་སྤྱིའི་མཚན་ཉིད་ཀྱི་འབྲེལ་བ་ཡོད་དེ།། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣོར་སྣང་བའི་དོན་ནི་སྒྱུའི ་མཚན་ཉིད་ཅེས་བཤད་པ་ཡིན་ནོ།། དེ་བས་ན་རྣམ་རྟོག་ལ་སྣང་བའི་བུམ་པའི་རྣམ་པ་ལས་བུམ་པ་ཞེས་བྱ་བའི་སྒྲ་འབྱུང་བ་སྟེ། རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་དོ།། འཆང་བ་པོས་སྨྲས་པའི་བུམ་པའི་སྒྲ་ལས་ཀྱང་ཉམ་པའི་རྣམ་པར་ཤེས་པ་ལ ་བུམ་པའི་རྣམ་པ་སྐྱེ་ཞེས་གོ་བཟློགས་པས་ཀྱང་རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་དོ།། སྒྲ་རྣམས་རྣམ་རྟོག་ལས་འབྱུང་བ་དང་། སྒྲ་ལས་རྣམས་རྟོག་རྣམས་འབྱུང་བའོ་ཞེས་བཤད་པའི་ཕྱིརརོ།། དེ་ལྟར་དངོས་པོའི་འབྲེལ་པ་བཀག་ནས་སྒྲ་དང་དོན ་གྱི་རྣམ་པར་རྟོག་པའི་འབྲེལ་པ་བསྟུན་ཏོ།། རྗོད་པ་ཀུན་རྫོབ་ཀྱིས་སྒྲ་དང་དོན་གཉིས་བྱས་པའི་ཐ་སྙད་ཐམས་ཅད་འདི་ཡིན་ནོ།། ཞེས་ཤིན་ཏུ་ཕལ་ཆེན་ཐལ་བས་ཆོ་ག། ཇི་སྐད་དུ་གང་ཕྱིར་འབྲེལ་པ་བསྟན་པ་ཡིས།། ཉན་པ་པོ་རྣམས་འཇུག་པར་འགྱུར།། ་དེ་ཕྱིར་བསྟན་བཅོས་ཐམས་ཅད་ཀྱི།། འབྲེལ་པ་སྔོན་དུ་བཤད་པ་ཡིན་ཞེས་བཤད་པ་ཕྱིར།། དགོས་པ་བསྟན་པར་མ་བྱས་པས་དམན་པ་ཡང་ནི་འཇུག་མི་འགྱུར་ཞེས་བྱ་བའི་ཚིག་གིས་དགོས་པ་ནི་ངེས་པར་བརྗོད་པར་བྱ་སྟེ་དེ་ཡང་ཐོས་པ་ལ ་སོགས་པ་རབ་ཀྱིས་ཐ་མལ་པའི་ལུས་སྤངས་ནས་འཇིག་རྟེན་ལས་འདས་པའི་ལྷའི་སྐུ་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་སྟེ། རང་གི་དོན་ཕུན་སུམ་ཚོགས་པའོ།། དེའི་དགོས་པ་ཡང་བསྟན་པ་ལ་སོགས་པའི་རྣམ་པས་འགྲོ་བའི་དོན་བྱེད་པའི་མཚན་ཉིད ་དེ་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། ཇི་སྐད་དུ། འགྲོ་བ་མཱ་ལུས་རང་བཞིན་མངོན་མཛད་པའི། དེ་བཞིན་གཤེགས་ཉིད་གླང་གྲི་ཞར་ལ་བྱུང་ཞེས་བཤད་པ་ལྟ་བུའོ།། གཞན་དག་ན་རེ་ཕྱིན་ཅི་མ་ལྡོག་པའི་རྟོགས་པའི་མཚན ་ཉིད་ནི་དགོས་པ་ཡིན་ལ།། དེ་ཁོང་དུ་ཆུད་པས་ཡི་དམ་པས་ཡི་དམ་གྱི་ལྷའི་སྐུ་ཐོབ་པ་ནི་དེའི་དགོས་པ་ཡིན་ནོ་ཞེས་ཟེར་རོ།། དེ་ནི་མི་རིགས་ཏེ། གཞན་གྱི་དོན་ནིད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་གྱི་དོན་གྱི་བྱ་བ་གཙོ ་པོ་ཡིན་ནོ་ཞེས་བརྗོད་པ་ལ་སོགས་པ་ལྔ་པོ་བསྟན་ཏོ།། ཡང་ན་རབ་ཏུ་བྱེད་པ་འདིའི་དངོས་པོ་གསུམ་ནི་གཙོ་བོ་ཡིན་ཏེ།། བྱ་བ་དང་བྱ་བའི་འབྲས་བུར་འགྱུར་བ་ནི་སྐྱེ་བར་འགྱུར་བའོ།། མཚན་མའི་ཁམས་ནི་རྣམས་པ་ལྔར།། བྱང་ཆུབ་རྡོ་རྗེ ་ས་གསུངས་པ་ཡིན་ཞེས་པ་ནི་དང་པོར་ས་ཆུ་ལ་ཐིམ་པར་གྱུར་པ་ལས་སྨིག་རྒྱུའི་སྣང་བ་སྐྱེ་བར་འགྱུར་བ་ནི་དང་པོའོ།། དེ་བཞིན་དུ་ཆུ་མེ་ལ་ཐིམ་པར་གྱུར་པ་ལས་དུ་བ་ལྟོ་བུ་སྟེ་གཉིས་པའོ།། མེ་རླུང་ལ་ཐིམ་པར་གྱུར་པ་ལས་ན་མཁའ་ལྟར་སྣང ་བ་སྟེ་གསུམ་པའོ།། ཁམས་ཕྲ་བ་སྣང་བ་ལེ་ཐི་སྣ་ཡ་དང་སྣ་བ་མཆེད་པ་སྣང་བ་ཐོབ་པ་ལ་ཐིམ་པར་གྱུར་པ་ལ་མར་མེ་ལྟར་འབར་བ་སྟེ་བཞི་པའོ།། སྣང་བ་ཐོབ་པ་འོད་གསལ་དུ་ནུ། སྒྲིམ་པ་འམ་མར་ལ་མར་ཐིམ་པ་ལྷར་གྱུར་པ་ལས་ནི་སེམས་ནི ་འགོག་པའི་རྡོ་རྗེ་གྱུར་ཞེས་བྱའོ།། དེར་གྱུར་པ་ལས་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་རྟག་ཏུ་སྣང་བའི་འོད་གསལ་ཉི་མ་དང་ཟླ་བ་དང་མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ་དོན་དམ་པའི་མཚན་ཉིད་ཡེ་ཤེས་ཀྱི་མིག་གཱི་མཐོ་ཤཱ་འགྱུར་ཏེ། དེ་ནི་མཚན་མ ་ལྔ་པའོ།། དེ་ཡང་ལས་ཀྱི་མཐའ་རྣམ་པར་འབྱེད་པ་ལས། དང་པོས་ནི་ཆུ་ལ་ཐིམ།། ཆུ་ཡང་མེ་ལ་ཐིམ་པར་གྱུར།། མེ་ནི་རླུང་ལ་ཐིམ་པར་གྱུར།། རླུང་ཡང་རྣམ་པར་ཤེས་ལ་འཇུག། རྣམ་ཤེས་གཟུང་བ་དེ་ཉིད་ནི།། འོད་གསལ་བ་ཡང ་འཇུག་པར་འགྱུར་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་རྣམ་པོར་ཤེས་པ་གསུཾ་རྣཾ་དག་སྟེ། སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་འོད་གསལ་ཆེན་པོ་དང་། དེན་དམ་ཆེན་པ་དང་། དོན་དམ་ཆེན་པོ་དང་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། བྱང་ཆུབ་ཀྱི ་སེམས་བདེ་བ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། ལས་དང་སྐྱེ་བ་ལ་རྣམ་པར་གྲོལ་བ་དང་། ཐམས་ཅད་སྟོང་པ་དང་མངོན་པར་བྱང་ཆུབ་པ་དང་ཡང་དག་པའི་མཐའ་ཞེས་བྱའོ།། དོན ་དམ་པའི་བདེན་པ་བཤད་པ་སྟེ། ཡན་ལག་ལྔ་པའོ།། །། ཟུང་འཇུག་གི་ཏིངངེ་འཛིན་བརྟན་པར་བྱ་བའི་ཕྱིར་བརྟེན་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། བརྟན་འགྱུར་ནི་ཡོང་དག་པའི་མཐའ་སྟེ་བཏན་པར་འགྱུར་བའོ།། རྡོ་རྗེ ་ལམ་ཡང་དག་པའི་མཐའ་དེ་ཉིད་ཡིན་པས་དེ་ན་མཁའི་ཁམསུ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བོར་བྱའོ།། ཅི་འདྲ་བ་སྤྲོ་བ་བསྟན་པར་བྱ་བའི་ཕྱིར་རྗེ་སུ་དྲན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་སྔོན་རྗེསུ་དྲན་པའི་སྨྱིག་རྒྱུ་ལྟ་བུ་ལ ་སོགས་པའི་རྣམ་པར་ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་བའི་སྣང་ཐོབ་པ་སྟོང་པ་ཆེན་པོ་མུན་པ་ལྟ་བུའི་ངོ་བོ་ཉིད་ལས་སྣང་བ་སྤྲོ་བོར་བྱའོ།། དེ་ལས་སྣང་བ་མཆེད་པ་ཤིན་ཏུ་སྟོང་པ་ཉི་མའི་འོད་ཟེར་ལྟར་ཆེ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྤྲོ ་བར་བྱའོ།། དེ་ལས་སྣང་བ་སྟོང་པ་ཟླ་བའི་འོད་ཟེར་ལྟར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བ་སྤྲོ་བར་བྱའོ།། སྤྲོ་བ་དེ་ལ་རྗེསུ་དྲན་པ་ཞེས་ཀྱང་བཤད་དོ།། དེ་ཡང་དཔལ་མཆོག་དང་པོ་ལས།། ན་མཁའུ་ལས་ནི་ན་མཁའ་བྱུང་།། ཐམས་ཅད་སྟོང་པ་ན་མཁའ་ཆེ་ཞེས ་གསུངས་པ་ཡིན་ནོ།། དེ་ལྟར་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་ན་མཁའི་ཚོགས་སྙིང་བ་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ།། མངོན་དུ་གྱུར་པ་དེའི་ཚེ་ནི་ཟུང་འཇུག་གི་ཏིང་འཛིན་ལ་གནས་པ་དང་། དཔའ་བར་འགྲོ་བའི་ཏི་ངེ་འཛིན ་ལ་གནས་པ་དང་། རྫོགས་པའི་ཏིངངེ་འཛིན་ལ་གནས་པ་དང་།། རྣམ་པར་མི་རྟོག་པའི་ཏིངངེ་འཛིན་ལ་གནས་པ་དང་། ཆོས་ཀྱི་དབྱིངས་རྣམ་པ་དོག་པ་དང་། སྦྱང་བ་བྱས་པ་དང་། རྫོགས་པར་སངས་རྒྱས་པ་དང་། གཉི་སུ་མེད་པའི་ཡེ་ཤེས་དང་། དེ་ཁོ་ན ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཞེས་བྱའོ།། སློབ་བཞིན་པའི་རྣལ་འབྱོར་པའི་ཏིང་འཛིན་དེ་ལྟ་བུ་ལ་ཞུགས་པས་ཀྱང་འདོད་ཆགས ་དང་བཅས་པའི་ལམ་གྱི་སྤྱོད་པ་ལ་སོགས་པ་གོང་ཡང་རུང་བ་གཉིསུ་མེད་པའི་དོན་གྱིས་སྤྱད་པར་བྱའོ།། ཇི་སྲིད་དྲང་པོའི་སྣམས་བསྐྱེད་པ་ནས་བཟུང་སྟེ་ཟུང་འཇུག་གི་ཏིང་འཛིན་འོད་མངོན་སུམ་དུ་མ་གྱུར་པའི་བར་དེ་སྲིད་དུ་ནི་བརླབ་པར་བྱ་བའི་བར ་ལམ་ཡིན་པར་ཤེས་པར་བྱའོ།། དེ་ཡང་དཔའ་བར་འགྲོ་བའི་ཏིངེ་འཛིན་གྱི་མདོ་ལས། གང་གིས་དཔའ་བར་འགྲོ་བའི་ཏིངངེ་འཛིན་ཐོབ་པའི་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་བུ་དང་། བྱ་བའི་འབྲས ་བུའི་འབྲས་བུའོ།། དེ་ལས་མདོར་བསྡུས་པ་འདི་ལེའུ་བཅུ་བདུན་པ་ལས་བསྡུས་པ་ནི་བྱ་བའོ།། བདེ་བླག་ཏུ་རྟོགས་པ་ནི་བྱ་བའི་འབྲས་བུའོ།། དེ་རྟོགས་པས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་བྱ་བའི་འབྲས་བུའི་འབྲས་བུ ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ།། དེ་ལ་དང་པོ་བགེགས་ཞི་བར་བྱ་བའི་ཕྱག་བཙལ་བར་བྱ་སྟེ། གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ནི་འཇུག་པ་ཡིན་ནོ་ཞེས་དམ་པ་རྣམས་ཀྱི་སྤྱོད་པ་ཡིན་ནོ།། དེ་ལ་བགྲོགས་རྣམ ་པ་གསུམ་སྟེ།། ལུས་ཀྱི་ནི་རིམས་ལ་སོགས་པའོ།། ངག་གི་ནི་ཚིག་རྩུབ་ལ་སོགས་པོའོ།། སེམས་ཀྱི་ནི་འདོད་ཆགས་ལ་སོགས་པའོ།། ཡང་ན་བེམས་པོ་དང་བེམས་པོ་མ་ཡིན་པ་དང་། གཉི་གའི་རླུང་བཞིན་ནི་བགེག་སོ།། བྱེམས་པོན་ནི་གྲང་བ ་དང་དྲོ་བ་ལ་སོགས་པའོ།། བེམས་པོ་མ་ཡིན་པ་ནི་རྒྱལ་པོ་རྩོད་པ་ལ་སོགས་པའོ།། གཉི་ག་གཉིས་གས་སྤྲུལ་པའོ།། ཇི་སྐད་དུ་ཤིན་ཏུ་ཆར་དང་ཆར་དཀོན་དང་། བྱི་བ་ཆ་ག་ནེ་ཚེ་དང་།། ཕན་ཚུན་རྩོད་པའི་རྒྱལ་པོ་རྣམས།། དྲུག་པོ་རྣམ་པར་འཚེ་བར ་བཤད་ཅེས་འབྱུང་ངོ་།། བགྲེགས་རྣམས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཕྱག་འཚལ་བས་རབ་ཏུ་ཞི་བར་འགྱུར་རོ།། འདིར་རིགས་པ་ནི་ཕྱག་འཚལ་བར་བྱས་ནས་སྐྱེས་བུ་ཆེན་པོ་ལ་རབ་ཏུ་བསྐྱོད་པས་བསོད་ནས་ཐོབ་ཅིང་བསོད་ནམ་ཡིན་པ་ལྡོག ་པས་མི་དགེ་བ་ལས་བྱུང་བའི་ཕྱི་དང་ནང་གི་བགེགས་རྣམས་ཉེ་བར་ཞི་བར་འགྱུར།། ཞེས་བདེ་བས་བསྟན་བཅོས་རྫོགས་པར་འགྱུ་རོ་ཞེས་འགལ་བ། དམིགས་པོ་འམ།། འགལ་བའི་འབྲས་བུ་དམིགས་པའི་ཕྱག་འཚལ་བས་བགེགས ་ཉེ་བར་ཞི་བར་འགྱུར་རོ།། དཔེར་ནི་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་དེདེ་བཞིན་དུ་འདི་ན་པ་མོའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིརརོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད ་དག་ཅིང་ཞི་བ་རྣམས་དབེན་བདེ་མཆོག་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ།། རྟོགས་དཀའ་བརྟག་པར་དཀའ་ལ་བདག་གཞན་རབོ་ཕནྡ་ཁྱབ་ཅིང་སྤྲོས་པ་མེད།། རྒྱལ་བུ་རྣམས་ཀྱི་ཞི་བ་མཉམ་མེད་མཉམ་སྐུ་མི་རྟོགས་ཚུལ་གཅིགས་ལ་ཕྱག་འཚལ་ཞེས ་སྨྱོསྨོས་པ་ལས། རྒྱལ་བ་ནི་སངས་རྒྱས་ཀྱི་སྐུ་ཏེ། སྐུ་གསུམ་ལ་ཕྱག་འཚལ་བ་ནི་འདུད་དེ་ཇི་ལྟ་བུ་ཡིན་ཞེ་ན། ཁམས་གསུམ་སྤྱོད་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་སོ།། དེ་རྣམས་ལས་གྲོལ་བ་ནི་བྲལ་བའོ།། དེ་བཞིན་དུ་མཁའ་དང་མཉམ ་གྱུར་པ་ནི་ན་མཁའ་དང་འདྲ་བར་གནས་པའོ།། བུམ་པའི་ན་མཁའ་དང་འདྲ་བའི་ཕྱོགས་གཅིག་པ་ཡིན་ནམ་ཞེ་ན་མ་ཡིན་ཏོ།། དངོས་པོས་ཀུན་གྱི་ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་དག་གི་ཆོས་ཉིད་ཀྱི་རང་བཞིན་ནོ།། ་དེས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པས་ན་དག་པའོ།། འོད་གསལ་བའི་རང་བཞིན་ཡིན་པས་ན་ཞི་བའོ།། ཆོས་ཀྱི་སྐུ་ལས་བྱུང་བས་ན་རྣམ་དབེན་པའོ།། ཆོས་ཀྱི་བདུད་རྩིས་གང་བས་ན་བདེ ་མཆོག་གི་རང་བཞིན་ནོ།། ས་ཐོབ་པོའི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ།། དེས་ནི་ལོང་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་ཕྱག་འཚལ་བར་བསྟན་ཏོ།། སེམས་དང་སེམས་ལས་བྱུང་བའི་ཆོས་དང་བྲལ་བས་ན ་རྟོགས་དཀའ་བརྟག་པར་དཀའ་བ་སྟེ། སྐུ་དང་གསུང་གི་ངོ་བོ་ཡིན་པའི་ཕྱི་རོ།། སྐྱེ་བ་ལ་སོགས་པ་བསྟན་པས་བདག་ལ་རབ་ཕན་ནོ།། སེམས་ཅན་གྱིས་དོན་བྱ་བ་སྟན་པས་གཞན་ལ་རབ་ཕན་ནོ།། ཀུན་ཏུ་འགྲོ་བུས་ན་ཁྱབ ་པ་པ་སྟེ། མགོན་པ་ལ་འབར་བའི་མེ་བཞིན་ནོ།། ཆོས་ཀྱི་སྐུ་རྒྱུར་གྱུར་པར་ན་སྤྲོས་པ་མེད་པའོ།། དེསཽ་ནི་སྤྲུལ་པའི་སྐུའི་རང་བཞིན་གྱིས་ཕྱག་འཚལ་བར་བསྟན་ཏོ།། ཉེ་བར་བསྡུ་བར་བཤད་པར་བྱ་སྟེ། ཞི་བ་ནི་ཆོས་ཀྱི་སྐུའོ།། མཉམ་མེད་ནི་དེ་ཉིད་ཏོ།། ་དེ་དང་མཉམ་པ་ནི་ལོང་སྤྱོད་རྫོགས་པའི་སྐུའོ།། སེམས་དང་བྲེལ་བའི་ཕྱིར་མི་རྟོགས་ཚུལ་གཅིག་ཅེས་བྱ་བ་ནི་སྤྲུལ་པའི་སྐུའོ།། དེ་ལྟར་རྒྱལ་བ་རྣམས་ཀྱི་རྣམ་པ་གསུམ་གྱི་སྐུ་ལ་ཕྱག་འཚལོ་ཞེས་ཡི་གེའི་དོན་ཏོ།། ཁམས་གསུམ་སྤྱོད་པ་ལས་འགྲོལ་བ་ནི། ་བགེགས་བསྐྲད་པའོ།། མཁའ་དང་མཉམ་པར་གྱུར་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་རང་བཞིན་ནོ།། དངོས་ཀུ་ནི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཡེ་ཤེས་ཀྱི་ས་གཞིའི་དྲོ་བོའོ།། དག་པ་ནི་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི ་གཞལ་ཡས་ཁང་གིས་ངོ་བོའོ།། ལྷག་པར་མོས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ན་ཞི་བའོ།། དོན་དམ་པའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་པས་ན་རྣམ་དབེན་ནོ།། གདན་གྱི་དབྱེ་བའི་ངོ་བོ་ཡིན་པས་ན་བདེ་མཆོག་རང་བཞིན་ཏོ།། ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ།། ཡི་གེ་གསུམ་གྱི་བདག་ཉིད་ཡིན་པས་ན་རྟོགས་དཀའ་བའོ།། དེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་རྣམ་པ་ཡིན་པས་ན་བརྟག་པར་དཀའོ།། སྤྲོ་བའི་བདག་ཉིད་ཡིན་པས་ན་བདག་དང་གཞན་ལ་རབ ་ཕུན་ནོ།། དེའི་ང་རྒྱལ་གྱི་བདག་ཉིད་ཡིན་པས་ན་ཁྱབ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པས་ནཱ་སྤྲོས་མེད་པའོ།། རྒྱལ་བའི་སྐུ་ནི་དཔལ་རྡོ་རྗེ་འཆང་གི་སྒྱུ་འགྲུབ་པ་སྟེ་རྣལ་འབྱོར་རོ།། ཡེ་ཤེས་སེམས་དཔའ་དང ་ཏིངེ་འཛིན་སེམས་དཔའི་ངོ་བོ་ཡིན་པ་ན་ཞི་བ་སྟེ། ཎཱཾ་སུ་རྣལ་འབྱོར་རོ།། མཉམ་མེད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པས་ན་མཉམ་མེད་མཉམ་པ་སྟེ།། ཤིན་ཏུ་རྣལ་འབྱོར་རོ།། སྐུ ་གསུང་ཐུགས་བྱིན་གྱིས་བརླབས་པས་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་ཏེ། རྣལ་འབྱོར་ཆེན་པོའོ།། དེ་ལྟར་དང་པོའི་སྦྱོར་བའི་བདག་ཉིད་ཡིན་པས་ན་སྤྱིའི་དོན་ཏོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ཞེས་བྱ་བ་ནི་རླུང་གསུམ་ཉེ་བར་བསྡུས་པས་གཅིག་ཏུ ་གྱུར་པའོ།། མཁའ་དང་མཉམ་གྱུར་པ་ནི་འདོད་པའི་གདུགས་ཀྱི་རྩ་ལ་གནས་པ་སྟེ། རྩ་དབུ་མ་ལས་གནས་པའོ།། དངོས་ཀུན་ངོ་བོ་ཉིད་ཅེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པའི་བདག་ཉིད་དོ།། སྣ་ཡི་རྩེ་མོར་ཡུངས་ཀར་བསམ།། འགྲོ་དང་མི་འགྲོ་ཡུངས ་ཀར་ལ་ཞེས་བཤད་པའི་ཕྱིརརོ།། ཀུན་ད་ལྟར་དཀར་བ་ཡིན་པས་ན་དག་པའོ།། རྣམ་པར་མི་རྟོག་པའི་ངོ་བོ་ཡིན་པས་ན་ཞི་བའོ།། ཡུངས་ཀར་གྱི་ཚད་ཙམ་ཡིན་པའི་ཕྱིར་རྣམ་དབེན་ནོ།། ཐབས་དང་ཤེས་རབ་བསྙོམས་པར་འཇུག་པ་ལས་བྱུང་བས་ན་བདེ་མཆོག་རང ་བཞིན་ནོ།། རང་རིག་པས་ན། རྣལ་འབྱོར་པ་ཉིད་ཡུལ་ལོ།། རགས་པ་དང་ཕྲ་བའི་རྣམ་པར་རྟོགས་པ་དང་བྲལ་བས་ན་རྟོགས་དཀའ་བརྟག་པར་དཀའ་བའོ།། སྤྲོ་བ་དང་བསྡུ་བ་དག་གིས་འགྲོ་བའི་དོན་མཛད་པས་ན་བདག་དང་གཞན་ལ་རབ་ཕན་ནོ།། འགྲོ་བ་སྐྱེད་པའི ་རྒྱུ་གྱུར་པས་ན་ཁྱབ་པའོ།། ཕུང་པོ་དང་དབང་པོ་དང་རླུང་ཉེ་བར་བསྡུས་པས་ན་སྤྲོས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་ཕུང་པོ་རྣམས་ཀྱི་ཉེ་བར་གྲགས་པའི་རྒྱལ་བ་རྣམས་ཉེ་བར་བསྡུས་པས་ན་རྒྱལ་བའི་སྐུ་སྟེ། ཆོས་དང་ལོང་སྤྱོད་རྗེ ་པ་དང་སྤྲུལ་པའི་སྐུའི་རང་བཞིན་ནོ།། དེ་ཉིད་བཤད་པ་བཞིན་པ་ནི་གསང་བའི་སྣ་རྩེ་ལ་གནས་པའོ།། མཉམ་མེད་མཉམ་པ་ནི་སྙིང་ཀཱའི་པདྨའི་ནང་ན་གནས་པའོ།། མི་རྟོག་ཚུལ་གཅིག་ཅེས་བྱ་བ་ན་ཀུན་རྫོབ་སྣའི་རྩེ་ལ་གནས་པའོ།། ཕྱག་འཚལ་བ ་ནི་ཉམ་སུ་མྱོང་བ་སྟེ་སྦས་པའོ།། སྣང་བ་གསུམ་དང་བྲལ་བས་ན་ཁམས་སུམ་སྨོད་པ་ལས་གྲོལ་བའོ།། འོད་གསལ་བའི་རང་བཞིན་ཡིན་པས་ན་མཁའ་དང་མཉམ་གྱུར་པའོ།། བརྟན་པ་དང་གཡོ་བའི་ངོ་བོ་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ།། ཤྭེ་རབ ་རང་བཞིན་དང་བྲལ་བས་ན་དག་པའོ།། ཐབས་ཀྱི་རང་བཞིན་དང་བྲལ་བས་ན་ཞི་བའོ།། མི་རིག་པའི་རང་བཞིན་བྲལ་བས་ན་རྣམ་དབེན་ནོ།། ཕྱག་རྒྱའི་ཐབས་ཀྱིས་ཐོབ་པས་ན་བདེ་མཆོག་རང་བཞིན་ནོ།། རྫོགས་པའི་རིམ་པའི་རྣལ་འབྱོར་པས་བླང་བར ་བྱ་བས་ན་རྣལ་འབྱོར་པ་ཉིད་ཡུའོ།། ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་ཤེས་པས་ན་རྟོགས་དཀའོ།། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་དཀའ་བས་ན་བརྟག་པར་དཀའ་བའོ།། བདག་དང་གཞན་ལ་ཕན་འདོགས་པའི ་རྒྱུ་གྱུར་པས་ན་བདགོ་གཞན་རབ་པན་ནོ།། ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཁྱབ་པའོ།། སྣང་པོ་ལ་སོགས་པའི་གསལ་བ་གསུམ་བྲལ་བས་ན་སྤྲོས་པ་མེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན། རྒྱལ་བ ་རྣམས་ཀྱི་སྐུའོ།། ཟླ་བའི་སྣང་བ་ཡིན་པས་ན་ཞི་བའོ།། ཉི་མ་ལྟར་སྣང་བ་ཡིན་པས་ན་མཉམ་མེད་མཉམ་པའོ།། མཚམས་ཀྱི་སྣང་བ་དང་དེ་དག་དང་བྲལ་བ་ན་མི་རྟོག་ཚུལ་གཅིག་ཅེས་བྱ་བ་སྟེ་སྨྲས་པའོ།། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་དང་བྲལ་བའི་བསྒོམ ་པ་ལས་བྱུང་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ།། འོད་གསལ་བ་ལས་བྱུང་བས་ན་མཁའ་དང་མཉམ་གྱུར་པའོ།། སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པས་ན་དངོས་ཀུན་ངོ་བོ་ཉིད་དོ།། ཆོས་ཀྱི་སྐུར་བདག་བྱིན་གྱིས་བརླབས་པས་ན་དག་པའོ།། ། ་ལོང་སྤྱོད་རྫོགས་པའི་སྐུར་བདག་བྱིན་གྱིས་བརླབས་པས་ན་ཞི་བའོ།། སྤྲུལ་པའི་སྐུར་བདག་བྱིན་གྱིས་བརླབས་པས་ན་རྣམས་ང་བེན་ནོ།། རང་རིགས་པས་ན་བདེ་བ་མཆོག་རང་བཞིན་ནོ།། ས་བཅུ་པ་ལ་ཡེ་ཤེས་ཀྱི་དབང་ཉིད་ཐོབས་ན་རྣལ་འབྱོར་པ་ཉིད་ཡུའོ།། ་བདག་དང་གཞན་གྱི་རྒྱུད་དེ་ལ་གནས་པའི་རྣམ་པར་རྟོག་པ་བཅོམ་པས་ན་རྟོགས་དཀའ་བརྟག་པར་དཀའ་བའོ།། སྒྱུ་མ་ལྟ་བུ་ཡིན་ན་ཡང་བདག་དང་གཞན་ལ་ཕན་པར་མཛད་པས་ན་བདག་གཞན་རབ་ཕན་ནོ།། ཆུའི་ཟླ་བ་དང་འདྲ་བས་ན་ཁྱབ་པའོ།། འོད ་གསལ་བ་ལས་བྱུང་བས་ན་སྤྲོས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་མོས་པའི་དབྱེ་བས་ན་དེ་བཞིན་གཤེགས་ལྔའི་སྐུ་འཆང་བས་ན་རྒྱལ་བ་རྣམས་ཀྱི་སྐུའོ།། དམ་ཚིག་སེམས་དཔའི་ངོ་བོ་ཡིན་པས་ན་ཞི་བའོ།། ཡེ་ཤེས་སེམས་དཔའི་ངོ་བོ་ཡིན་པས་ན་མཉམ ་མེད་མཉམ་པའོ།། ཏིང་འཛིན་སེམས་དཔའི་ངོ་བོ་ཡིན་པས་ན་རྟོག་མེད་ཚུལ་གཅིག་སྟེ་སྦས་པའོ།། ཆགས་པ་དང་ཆགས་པ་དང་བྲལ་བ་དང་། ཆགས་པ་བར་མ་དང་བྲལ་བས་ན་ཁམས་གསུམ་སྤྱོད་པ་ལས་གྲོལ་བའོ།། ནམ་མཁའ་སྤྲོས་པ་ཐམས་ཅད་པ ་ཡིན་པས་ན་ན་མཁའ་དང་མཉམ་གྱུར་པའོ།། ཁམས་གསུམ་གྱི་བདག་ཉིད་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད།། ཆགས་པ་སྦྱོང་བས་ན་དག་པའོ།། ཆགས་པ་དང་བྲལ་བས་རྣམ་དབེན་ནོ།། ལྷན་ཅིག་སྐྱེས་པའི་ཕྱིར་བདེ་མཆོག་གི་རང ་བཞིན་ནོ།། རྣལ་འབྱོར་གྱི་མངོན་སུམ་གྱི་ཚད་མས་རྟོགས་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ།། སྨིག་རྒྱུ་ལ་སོགས་པའི་རྟགས་མེད་པས་རྟོགས་དཀའོ།། ཕྲ་བའི་ལྟ་བས་རྟོགས་པས་བརྟག་དཀའ་བའོ།། དེ་ལས་ལྡང་བ་ནི་བ་པོ་དང་གཞན་གྱི་དོན་གྲུབ་པས་ན ་བདག་གཞན་རབ་ཕན་ནོ།། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ན་མཁའི་ཁམས་ཐམས་ཅད་ཁྱབ་པས་ན་ཁྱབ་པའོ།། དོན་དམ་པ་བྱང་ཆུབ་སེམས་ནི་རྣམ་པར་རྟོག་པ་དང་། བྲལ་བས་སྤྲོས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་རྒྱལ་བ་རྣམས་ཀྱི་སྐུ་ནི་སངས་རྒྱས་རྣམས ་ཀྱི་ཆོས་ཀྱི་སྐུའོ།། ཞི་བ་ནི་རིལ་པོར་འཛིན་པའི་ཏིང་འཛིན་གྱིས་རྟོགས་པའོ།། མཉམ་མེད་མཉམ་པ་ནི་རྗེསུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཐོབ་པའོ།། ཐམས་ཅད་ཀྱི་འབྲས་བུ་ཡིན་པས་ན་མི་རྟོག་ཚུལ་གཅིགོ།། ཕྱག་འཚལོ་ཞེས་བྱ་བ་ནི་བདག་ཉིད་དུ་བྱས ་བ་དེ། མཐརེ་ཐུགས་པའོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའོ།། མཁའ་དང་མཉམ་གྱུར་པ་ནི་ས་བཅུ་གཉིས་པ་ཐོབ་པའོ།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་རང་བཞིན་ཡིན་པས་ན་དངོས་ཀུན་ངོ་བོ་ཉིད་དོ།། ཀུན་རྫོབ ་ཀྱི་རྣམ་པར་རྟོག་པ་སྤོང་བས་མ་དག་པའོ།། དོན་དམ་པའི་རྣམ་པར་རྟོག་པ་དང་། བྲལ་བས་ན་ཞི་བའོ།། བདེ་བ་གཉིས་དང་གཉི་སུ་མེད་ལས་ན་རྣམས་དཔོན་ནོ།། ཆོས་ཀྱི་བདུད་རྩིའི་ཆར་འབེབས་པས་ན་བདེ་མཆོག་རང་བཞིན་ནོ།། ཟབ་པ་མེད་པའི་ཡེ་ཤེས་ཀྱི ་རྣལ་འབྱོར་པ་རྣམ་ཀྱིས་ཁོང་དུ་ཆུད་པས་ན་རྣལ་འབྱོར་པ་ཉིད་ཡུལ་ལོ།། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཡིད་པས་ན་རྟོགས་དཀའོ།། དེའི་རྗེ་སུ་ལས་ཐོབ་པའི་ཡེ་ཤེས་ཀྱི་རྣམ་པ་ཡིད་པས་ན་བརྟག་དཀའ་བའོ།། སེམས་ཅན་ཐམས་ཅད་ཀྱི་རྒྱུད ་ལ་ཕན་འདོགས་པས་ན་བདག་གཞན་རབ་ཕན་ནོ།། མཐའ་གཉིས་དང་བྲལ་བས་ན་ཁྱབ་པའོ།། དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ།། རྒྱལ་བ་རྣམས་ཀྱི་སྐུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དོ།། ཕུང་པོ་ལྷག་མ་དང་བཅས་པ་དང་།། ཕུང་པོ ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པར་རྟོག་པ་མེད་པས་ན་ཞི་བོའོ།། རྣམ་པ་བཅས་པོ་དང་རྣམ་པ་མེད་པ་ལ་སོགས་པ་སྤོང་བ་ནི་མཉམ་མེད་མཉམ་པའོ།། འབྲས་བུའི་ངོ་བོ་ཡིན་པས་ན་མི་རྟོགས་ཚུལ་གཅིག་གོ།། ཕྱག་འཚལ་ཞེས ་བྱ་བ་ནི་དེའི་བདག་ཉིད་དུ།། འཇུག་པར་བྱ་ཞེས་པའི་དོན་དེ་མཐར་ཐུག་པའོ།། དེ་ནི་བཤད་པ་རྣམ་པ་བཞིའོ།། ཡང་ན་ཁམས་གསུམ་སྤྱོད་པ་ལུས་གྲོལ་ཞེས་བྱ་བ་ནི་ཐུགས་སོ་ང་གི་རང་བཞིན་ནོ།། མཁའ་དང་མཉམ་གྱུར་ཞེས་བྱ་བ་ནི་རིན་ཆེན་འབྱུང ་ལྡན་གྱི་རང་བཞིན་ནོ།། དངོས་ཀུན་ངོ་བོ་ཉིད་ཅེས་བྱ་ནི་འོད་དཔག་ཏུ་མེད་པའི་ངོ་བོའོ།། དག་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ།། ཞི་བ་ནི་དོན་གྲུབ་པའི་རང་བཞིན་ནོ།། མ་དབེན་ནི་སྤྱན་གྱི་རང་བཞིན་ནོ།། བདེ་མཆོག་རང་བཞིན་མཱ་མ་ཀཱི་ངོ་བོའོ།། ་རྣལ་འབྱོར་པ་ཉིད་དུ་ཡུལ་ནི་གོས་དཀར་མོའི་བདག་ཉིད་དོ།། རྟོགས་དཀའ་ནི་སྒྲོལ་མའི་བདག་ཉིད་དོ།། བརྟག་པར་དཀའ་བ་ནི་གཤིན་རྗེ་མཐར་བྱེད་ཀྱི་བདག་ཉིད་དོ།། བདག་གཞན་རབ་ཕན་ནི་ཤེས་རབ་མཐར་བྱེད་ཀྱི་བདག་ཉིད་དོ།། ཁྱབ་པ་ནི་པདྨ་མཐར ་བྱེད་ཀྱི་བདག་ཉིད་དོ།། སྤྲོས་པ་མེད་པ་ནི་བགེགས་མཐར་བྱེད་ཀྱི་བདག་ཉིད་དོ།། ཞི་བ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རང་བཞིན་ནོ།། མཉམ་མེད་མཉམ་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད ་པའི་ལྷ་མོ་ལྔའི་རང་བཞིན་ནོ།། མི་རྟོག་ཚུལ་གཅིག་ནི་ཁྲོ་བོའི་རྒྱལ་པོ་བཅུའི་རང་བཞིན་ནི།། དེ་དང་འདྲ་བ་རྒྱལ་བ་རྣམས་ཀྱི་སྐུ་ནི།། རྡོ་རྗེ་འཆང་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་བ་ནི་བདུད་ཅེས་བྱ་བ་ཚིགྲི་དོན་ཏེ ་སྒྲ་ཇི་བཞིན་པའོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། མཁའ་དང་མཉམ་གྱུར་པ་ནི་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། དངོས་ཀུན་ངོ་བོ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞི་ནོ།། དག་པ་ནི་སྟོང་པ་ཉིད་སྟོང་པ ་ཉིད་ཀྱི་རང་བཞིན་ནོ།། ཞི་བ་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རྭ་བཞིན་ནོ།། རྣམ་དཔོན་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། བདེ་མཆོག་རང་བཞིན་ནི་འདུས་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། རྣལོ་འབྱོར་པ་ཉིད་ཡུལ་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན།། ་རྟོགས་དཀའ་བ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། བརྟག་པར་དཀའ་བ་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། བདག་གཞན་རབ་པ་ན་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཁྱབ་པ་ནི་རང་བཞིན་སྟོང ་པ་ཉིད་ཀྱི་རང་བཞིན་ནོ།། སྤྲོས་པ་མེད་པ་ནི་ཚྭ་ཚོད་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཞི་བའི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། མཉམ་མེད་མཉམ་པ་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། མི་རྟོག་ཚུལ་གཅིག་ནི་དངོས་པོ་མེད་པ ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། དེ་ལྟར་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྒྱལ་བ་རྣམས་སྐུ་ནི་རྡོ་རྗེ་སེམས་དཔའི་ལ་ཕྱག་འཚལ་ཞེས་སྒྲ་ཇི་བཞིན་མཱ་ཡིན་པའོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་སྣང་བ་ཆུད་པའི་བདག་ཉིད་དོ།། ་མཁའ་དང་མཉམ་གྱུར་པ་ནི་སྣང་བའི་བྲང་གི་བདག་ཉིད་དོ།། དངོས་ཀུན་ངོ་བོ་ཉིད་ནི་སྣང་བ་རབ་ཀྱི་བདག་ཉིད་དོ།། དག་པོ་ནི་སྣང་བ་རབ་ཀྱི་རབ་ཀྱི་བདག་ཉིད་དོ་ཞི་བ་ནི་སྣང་བ་མཆོད་པ་ཆུང་བའི་རང་བཞིན།། རྣམ་དབེན་ནི་སྣང་བ་མཆེད་པ ་འབྲིང་གི་བདག་ཉིད།། བདེ་མཆོག་རང་བཞིན་ནི།། སྣང་བ་མཆེད་པ་རབ་ཀྱི་བདག་ཉིད་དོ།། རྣལ་འབྱོར་པ་ཉིད་ཡུལ་ནི་སྣང་བ་མཆེད་པ་རབ་ཀྱི་རབ་ཀྱི་བདག་ཉིད་དོ།། རྟོགས་དཀའ་ནི་སྣང་བ་ཉེ་བར་ཐོབ་པ་ཆུང་ངུའི་བདག་ཉིད་དོ།། བརྟག་པར ་དཀའ་བ་ནི་སྣང་བ་ཉེ་བར་ཐོབ་པ་འབྲིང་གི་བདག་ཉིད་དོ།། བདག་གཞན་རབ་ཕན་ནི་སྣང་བ་ཉེ་བར་ཐོབ་པ་རབ་ཀྱི་བདག་ཉིད་དོ།། ཁྱབ་པ་ནི་སྣང་བ་ཉེ་བར་ཐོབ་པའི་རབ་ཀྱི་རབ་ཀྱི་བདག་ཉིད་དོ།། སྤྲོས་པ་མེད་པ་ནི་འོད་གསལ་བ་ཆུང་ངུའི་བདག་ཉིད།། ་ཞི་བ་ནི་འོང་གིསལ་བ་འབྲིང་གི་བདག་ཉིད་དོ།། མཉམ་མེད་མཉམ་པ་ནི་འོད་གསལ་བ་རབ་ཀྱི་བདག་ཉིད་དོ།། མི་རྟོག་ཚུལ་གཅིག་ནི་འོད་གསལ་པ་རབ་ཀྱི་རབ་ཀྱི་བདག་ཉིད་དོ།། དེ་རྣམས་ཀྱི་དབྱེ་བ་ནི་ཉེ་བར་གྱི་ཟླ་བའི་སྣང་བ་དང་། ཟླ་བའི་ཕྱེད ་ཀྱི་སྣང་བ་དང་།། སྤྲིན་དང་བཅས་པའི་ཟླ་བ་སྣང་བ་དང་། སྤྲིན་མེད་པའི་ཟླ་བའི་སྣང་བ་བཞིན་དུ་སྣང་བ་བཞིན་དུ་སྣང་བའི་ཡེ་ཤེས་སོ།། དེ་བཞིན་དུ་ཉི་མ་ཤར་བའི་སྣང་བ་དང་། ཉི་མ་ནུབ་བཞོན་པའི་སྣང་བ་དང་།། སྤྲིན་དང་བཅས་པའི་ཉི་མའི་སྣང ་བ་དང་།། སྤྲིན་མེད་པའི་ཉི་མ་སྣང་བ་ལྟ་བུ་སྣང་བ་མཆེད་པའི་ཡེ་ཤེས་སོ།། སྲོད་ཀྱི་མཚམས་དང་ནང་པར་གྱི་མཚམས་དང་།། སྤྲིན་དང་བཅས་པའི་མཚམས་དང་། སྤྲིན་མེད་པའི་མཚམས་ལྟ་བུ་ནི་སྣང་བ་ཉེ་བར་ཐོབ་པའི ་ཡེ་ཤེས་སོ།། མར་ངོ་ཕྱོགས་ཀྱི་ན་མཁའ་དང་། ཡང་ངོ་ཕྱོགས་ཀྱི་ནམཁའ་དང་།། སྤྲིན་དང་བཅས་པའི་ནམ་མཁའ་དང་། སྤྲིན་མེད་པ་ཡིན་མཁའ་ལྟ་བུ་ནི་འོད་གསལ་བའི་ཡེ་ཤེས་ཏེ། དགོངས་པས་བཤད་པའོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ ་ནི་སྲོག་གི་རླུང་ཀུན་ཏུ་རྒྱུ་བ་དང་བྲལ་བའོ།། མཁའ་དང་མཉམ་གྱུར་ནི་ཐུར་དུ་སེལ་བའི་རླུང་གི་ཀུན་ཏུ་རྒྱུ་བ་དང་བྲལ་བའོ།། དངོས་ཀུན་ངོ་བོ་ཉིད་ནི་མ་དང་། མཉམ་པའི་རླུང་ཀུན་ཏུ་རྒྱུ་བ་དང་བྲལ་བའོ།། དག་པ་ནི་གྱེན་དུ་རྒྱུ་བའི་རླུང་ཀུན་ཏུ་རྒྱུ་བ་དང ་བྲལ་བའོ།། ཞི་བ་ནི་ཁྱབ་བྱེད་ཀྱི་རླུང་ཉེ་བར་སྡུད་པར་བྱེད་པའོ།། རྣམ་དབེན་ནི་རྒྱུ་བ་དང་བྲལ་བའོ།། བདྨ་མཆོག་རང་བཞིན་ནི་རྣམ་པར་རྒྱ་བ་དང་བྲལ་བའོ།། རྣལ་འབྱོར་པ་ཉིད་ཡུལ་ནི་ཡང་དག་པར་རྒྱུ་བ་དང་བྲལ་བའོ།། རྟོགས་དཀའ་ནི་རབ་ཏུ་རྒྱུ་བ་དང་། ་བྲལ་བ་དང་། བརྟག་པར་དཀའ་བ་ནི་ངེས་པར་རྒྱུ་བ་དང་བྲལ་བའོ།། བདག་གཞན་རབ་ཕན་ནཱི། ལུས་ཀྱི་ཉེ་བར་རླུང་ཉེ་བར་སྡུད་པའོ།། ཁྱབ་པ་ནི་ངག་གི་རླུང་ཉེར་སྡུད་པའོ།། སྤྲོས་པ་མེད་པ་ནི་སེམས་ཀྱི་རླུང་ཉེ་བར་སྡུད་པའོ།། དེ་ལ་ལུས་ཀྱི་རླུ་ང་ནི ་འགྲོ་བ་དང་། བསྐུལ་བ་དང་། བརྐྱང་བའི་མཚན་ཉིད་དོ།། དག་གི་རླུང་ནི་རྟོག་དཔྱོད་ཀྱི་མཚན་ཉིད་ཏོ།། བརྟོགས་ཤིང་དཔྱད་ནས་ཚིག་རྗོད་པ་ཡིན་ནོ།། ཞེས་རིགས་པས་སོ།། སེམས་ཀྱི་རླུང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མག་གི་བདག་ཉིད།། ཞི་བ ་ནི་འཇུག་པ་མེད་པའོ།། མཉམ་མེད་མཉམ་པ་ནི་གནས་པ་མེད་པའོ།། མི་རྟོག་ཚུལ་གཅིག་ནི་འབྱུང་བ་མེད་པའོ།། དེ་ལྟ་བུའི་རྒྱལ་བ་རྣམས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་མ་ནིང་གི་བཟླས་པའི་བདག་ཉིད་རྡོ་རྗེ་འཆང ་ལ་ཕྱག་འཚལོ་ཞེས་དགོངས་པ་མ་ཡིན་པའོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་མེད་དོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། མཁའ་དང་མཉོམ་གྱུར་པ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས ་པ་ཡོད་དོ་ཞེས་རྣམ་པར་རྟོགས་པ་དང་བྲལ་བའོ།། དངོས་ཀུན་ངོ་བོ་ཉིད་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡོད་པ་འང་ཡིན།། མེད་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། དགེ་པ་ནི་འཆི་བ་ལས་ཕ་རོལ་ན་དེ་བཞིན་གཤེགས ་པ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། ཞི་བ་ནི་འཇིག་རྟེན་གྱི་མཐའ་དང་ལྡན་པ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། རྣམ་དབེན་ནི་འཇིག་རྟེན་མཐའ་དང་ལྡན་པའང་མ་ཡིནོ།། ཞེས་རྣམ་པར་རྟོག་པ་དང་བྲལ་བའོ། ་བདེ་མཆོག་རང་བཞིན་ནི་འཇིག་རྟེན་ནི་མཐའ་དང་ལྡན་པ་ལྔ་ཡིན་པ་དང་མི་དྲན་པ་ལྔ་ཧྲཱི་ཧྲཱིར་རྟོག་པ་དང་བྲལ་བའོ།། རྣལ་འབྱོར་པ་ཉིད་ཡུལ་ནི་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན།། ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། རྟོགས་དཀའ་ནི་འཇིག་རྟེན་རྟག ་པ་ཡིན་ནོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། བརྟག་པར་དཀའ་ནི་འཇིག་རྟེན་མི་རྟག་པའོ་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། བདག་གཞན་རབ་ཕན་ནི་འཇིག་རྟེན་ནི་རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། ཁྱབ་པ ་ནི་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་རྣམ་པར་རྟོག་པ་དང་བྲལ་བའོ།། དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའོ།། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་ཞི་བའོ།། མཚན་མ་མེད་པས་ན་མཉམ་མེད་མཉམ ་པའོ།། སྨོན་པ་མེད་པས་ན་མི་རྟོག་ཚུལ་གཅིགོ། རྒྱལ་བ་རྣམ་ཀྱི་སྐུ་ནི་རྡོ་རྗེ་འཆང་ལ་ཕྱག་འཚལོ་ཞེས་བྱ་བ་ནི་དྲང་པའི་དོན་ཏོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་བ་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པའི་རང་བཞིན་ནོ།། མཁའ་དང་མཉམ་གྱུར་ནི་ཐུགས་ཀྱི ་བཟླས་པའི་རང་བཞིན་ནོ།། དངོས་ཀུན་ངོས་ཉིད་ནི་ངག་གི་བཟླས་པའི་རང་བཞིན་ནོ།། དག་པ་ནི་སྐུའི་བཟླས་པའི་རང་བཞིན་ནོ།། ཞི་བ་ནི་རིན་ཆེན་བཟླས་པས་རང་བཞིན་ནོ།། རྣམ་དབེན་ནི་དོན་ཡོད་བཟླས་པའི་རང་བཞིན་ནོ།། བདེ་མཆོག་རང་བཞིན་ནི་ཞེས ་སྣང་བཟླས་པའི་རང་བཞིན་ནོ།། རྣལ་འབྱོར་པ་ཉིད་ཡུལ་ནི་འདོད་ཆགས་བཟླས་པའི་རང་བཞིན་ནོ།། རྟོགས་དཀའ་ནི་གཏི་མུག་བཟླས་པའི་རང་བཞིན་ནོ།། བརྟགས་པར་དཀའ་ནི་ཁྲོ་བོའི་བཟླས་པའི་རང་བཞིན་ནོ།། བདག་གཞན་རབ་ཕུན་ནི་མ་ནིང་གྲི་བཟླས ་པའི་རང་བཞིན་ནོ།། དེ་ཉིད་ཀྱི་ཁྱད་པར་ནི་ཁྱབ་པ་སྟེ།། འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར།། སྤྲོས་པ་མེད་པ་ནི་ངག་གི་སྤྲོས་པ་ལས་འདས་པའོ།། འཇུག་པ་ལ་སོགས་པ་དང་བྲལ་བས་ཞི་བ་དང་མཉམ་མེད་མཉམ་པ་དང་མི་རྟོག་ཚུལ་གཅིག་སྟེ ་ངེས་པའི་དོན་ཏོ།། དེ་ལྟར་དོན་བཅུ་བཞི་སྟོན་པར་བྱེད་པའི་ཕྱག་འཚལ་བའི་ཚིག་གིས་རྒྱུད་ཀྱི་དོན་མ་ལུས་པར་བསྟན་ཏོ།། ད་ནི་སྔར་བསྟན་པའི་བརྗོད་པ་ལ་སོགས་པ་བཤད་པར་བྱ་སྟེ་དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི།། དོན་བསྡུས་རྟོགས་པ ་བྱ་བའི་ཕྱིར།། སེམས་ཅན་ཀུན་ལ་ཕན་བསྐྱེད་པ།། མདོར་བྱས་འདྲག་གིས་བཤད་པར་བྱ་ཞེས་བྱ་བ་ནི་མདོར་བྱས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ནི་བདག་གིས་བཤད་པར་བྱ་སྟེ་དབྱེ་བར་བྱ་བའོ།། འོ་ན་གལ་ཏེ་སྒྲུབ་པའི་ཐབས་འདིས་དཔལ་འདུས་བྲི། ་རྒྱུད་ཀྱི་དོན་བསྡུས་པ་ཡིན་ན་དེ་གཞུང་གོས་བསྡུས་ས་མོ་དོན་གྱིས་བསྡུས་གལ་ཏེ་གོ་ཞུང་གསོ་བསྡུས་ན་དེའི་ཚེ་དོན་རྫོགས་པོར་བསྡུས་པར་མི་འགྱུར་གལ་ཏེ་དོན་གྱིས་བསྔོས་ན་དེའི་ཚེ་རབ་ཏུ་བྱེད་པས་ཅི་ཞིག་བྱ་ཞེ་ན་སྨྲས་པ་གཞུང་དང་དོན་གྱི། ་བསྡུ་སོ།། འོ་ན་གཞུང་ཉུང་བས་དོན་རྒྱས་པ་ཇི་ལྟར་བསྡུ་བར་ནུས་ཞེས་ནི།། སྨྲས་པ་ཚིག་དོན་ཟབ་མོ་ཡིན་པའི་ཕྱིར་དོན་རྒྱས་པ་ཡང་བསྡུས་ཏེ།། དཔེར་ན་ཇི་ལྟར་སོར་གདུབ་ཀྱི་མེ་ལོང་ལ་གླང་པོ་ཆེའི་གཟུགས་བསྙུན་སྣང་བ་དེ་བཞིན་དུ་ཚིག་ཉུང ་བ་ལ་ཡང་དོན་མང་པོ་བསྡུས་པར་ཤེས་པར་བྱ་སྟེ། ཆོས་གང་རྒྱུ་ལས་བྱུང་བ་ལ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ།། ཕུ་བུན་རེ་ཡིད་མཆིས།། ལྔ་ལེན་ནཱ་རེ་བུད་མེད་པ་འཇམ།། ཟླ་བ་ནཱ་རེ་ཞུ་ན་བཟའ། སེར་སྐྱ་ན་རེ་སྲོག་ཚིགས་རྩེ་ཞེས་བྱ་བའི་མདོས ་རྒྱལ་པོའི་བསྟན་བཅོས་དང་འདོད་པའི་བསྟན་བཅོས་དང་། སྨན་པའི་བསྟན་བཅོས་དང་།། ཆོས་ཀྱི་བསྟན་བཅོས་ཏེ། འབུམ་ཕྲག་བཞི་ཇི་ལྟར་བསྡུས་པ་དེ་བཞིན་དུ་འདིར་ཡང་བསྡུས་པ་ཡིནོ།། འོ་ན་རང་དབང་གིས་བཤད་པ་ཡིན་ནམ་ཞེ་ན། མ་ཡིན ་ཏེ། དཔལ་ལྡན་འདུས་པའི་རྒྱུད་ཀྱི་ནི་ཞེས་ཧཱུ~ཾ་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས་ན་དང་ལྡན་ནམ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པས་ན་དཔལ་ལྡན་ནོ།། སངས་རྒྱས་ལྔ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ། ་ཡི་གེའི་དོན་ཏོ།། ཡི་གེ་གསུམ་འདུས་པས་ན་སྟེ། སྤྱིའི་དོན་ཏོ།། སྟོང་པ་ཉིད་བསྒོམ་པ་ནི་འདུས་པ་སྟེ།། ཡང་སྤྱིའི་དོན་ཏོ།། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་འདུས་པ་སྟེ། སྨྲས་པའོ།། ཡེ་ཤེས་གསུམ་ཉེ་བར་འདུས་པ་ནི ་འདུས་པ་སྟེ། ཡཱང་སྨྲས་པའོ།། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པ་འདུས་པ་ནི་འདུས་པ་སྟེ། ཡང་སྦས་པའོ།། བྱང་ཆུབ་ཀྱི་སེམས་འཛིན་པ་ནི་འདུས་པ་སྟེ།། མཐར་ཐུག་པུའོ།། བདེན་པ་གཉིས་འདུས་པ་ནི་འདུས་པ་སྟེ། ཡང་མཐར་ཐུག་པའོ།། ལེའུ་བཅོ ་བརྒྱད་ཀྱི་བདག་ཉིད་ཀྱི་རྒྱུད་ནི་འདུས་པ་སྟེ། སྒྲ་ཇི་བཞིན་པའོ།། ས་ནཱི་སྲོག་གི་རླུང་ངོ་།། མེ་ནི་ཐུར་དུ་སེལ་བའི་རླུང་ངོ་།། ཛ་ནི་མི་དང་མཉམ་པའི་རླུང་ངོ་།། སྒྲ་ཇི་བཞིན་མ་ཡིན་པའོ།། ཡེ་ཤེས་གསུམ་ཉེ་བར་བསྡུས་པ་ནི་འདུས་པ་སྟེ། དགོངས་པས་བཤད་པའོ།། ་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དུས་སུ་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་ནི་འདུས་པ་སྟེ། དགོངས་པ་མ་ཡིན་པའོ།། སྐུ་རྡོ་རྗེ་འཆང་ལ་སོགས་པ་དཀྱིལ་འཁོར་བསྒོམ་པ་ནི་འདུས་པ་སྟེ།། བླང་བའི་དོན་ཏོ།། ལུས་ལ་སོགས ་བུའི་རྣམ་པར་རྟོག་པ་ཉེ་བའི་བསྡུས་པ་ནི་འདུས་པ་སྟེ།། ངེས་པའི་དོན་ཏོ། ཡང་སྐུའི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ།། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ།། ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ནོ།། འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་ཏུ ་མེད་པའོ།། འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའོ།། རྣམ་པར་ཤེས་པའི་ཕུང་ནི་མི་བསྐྱོད་པའོ།། སའི་ཁམས་ནི་སངས་རྒྱས་སྤྱན་ནོ།། ཆུའི་ཁམས་ནི་མཱ་མ་ཀཱིའོ།། མེའི་ཁམས་ནི་གོས་དཀར་མོ།། རླུང་གི་ཁམས་ནི་དམ་ཚིག་སྒྲོལ་མའོ།། མིག་གི ་དབང་པོ་ནི་སྣའི་སྙིང་པོའོ།། རྣ་བའི་དབང་པོ་ནི་ལག་ན་རྡོ་རྗེའོ།། སྣའི་དབང་པོ་ནི་ནཱ་མཁའི་སྙིང་པོའོ།། ལྕེའི་དབང་པོ་ནི་འཇིག་རྟེན་དབང་ཕྱུག་གོ།། ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། ཡིད་ཀྱི་དབང་པོ་ནི་འཇམ་དཔའོ།། ་ཚིགས་ཀུན་ནི་དུན་ཏུ་བཟང་པོའོ།། རྩཝ་རྒྱུད་ཐམས་ཅད་དང་རྩ་བདུ་ནི་ཁྲི་ཉྫིས་སྟོང་ནི་བྱམས་པའོ།། གཟུགས་ནི་གཟུགས་རྡོ་རྗེ་མའོ།། སྒྲ་ནི་སྒྲ་རྡོ་རྗེ་མོའོ།། དྲི་ནི་དྲི་རྡོ་རྗེ་མོའོ།། རོ་ནཱི་རོ་རྡོ་རྗེ་མའོ།། རིག་བྱ་ནི་རེག་བྱ་རྡོ་རྗེ་མའོ།། དཔུང་པ་གཡས་པའི་རྩ ་ནཱི་ག་ཤིནཱི་ཎཱི་མཐར་བྱེ་དོ།། དཔུང་པ་གཡོན་པར་ནི་གཞན་གྱིས་མི་ཐུབ་པའོ།། ཁཱའི་པདྨར་ནཱི་རྟ་མབྱིན་ནོ།། གསང་བར་ནི་བདུད་རྩི་འཁྱིལ་བའོ།། ལག་དར་གཡས་པ་ནི་མིག་ཡོ་བཱའོ།། ལག་ངར་གཡོན་པར་ནི་འདོད་པའི་རྒྱལ་པོའོ།། པུས་མོ་གཡས་པ་དེ ་ནི་དབྱིག་སྔོན་ནོ།། པུས་མོ་གཡོན་པཱར་ནཱི་སྟོབས་པོ་ཆེའོ།། ཚངས་པའི་སྒོར་ནི་གཙུག་ཏོར་འཁོར་ལོ་སྦྱར་བའོ།། རྐང་པཱིའི་དཀྱིལོ་འཁོར་ལ་གནོད་མཛེས་ཀྱི་རྒྱལ་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུའི་དཀྱིལ་འཁོར་ནི་འདུས ་པ་སྟེ། སྒྲ་ཇི་བཞིན་པའོ།། ཡང་ནུ་གསུང་གི་དཀྱིལ་འཁོར་འདུས་པ་འདི་ལྟ་སྟེ།། ཨ་ཨཱ་ན་མི་བསྐྱོད་པ་དང་མཱ་མ་ཀཱིའོ།། ཨི་ཨཱི་ནི་རྣམ་པར་སྣང་མཛད་དང་སྤྱན་ནོ།། ཨུ་ཨཱུ་ནཾ་རིན་ནཱ་འབྱུང་ལྡན་དང་གཞན་མཱ་མ་ཀཱིའོ།། རྀ་རཱྀ་ནི་འོད་དཔག་ཏུ་མེད་པ་དང ་གོས་དཀར་མོའོ།། ལྀ་ལཱྀ་ནི་དོན་ཡོད་གྲུབ་པ་དང་སྒྲོལ་མའོ།། ཨེ་ནི་གཤིན་རྗེ་མཐར་བྱེའོ།། ཨཻ་ནཽ་ཤེས་རབ་མཐར་བྱེད་དོ།། ཨོཾ་ནི་པདྨ་མཐར་བྱེད།། ཨོཾ་ནི་བགེགས་མཐར་བྱེདདོ།། ཀ་ཁ་ག་གྷ་ད་ནི་མི་བསྐྱོད་པ་དང་སྤྱན་ལ་སོགས་པའོ།། ཙ་ཚ་ཛ་ཛྷ་ཉ་ནི ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར།། ཊ་ཋཱ་ཌ་ཌྷ་ཎ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ།། ཏ་ཐཱ་ད་དྷ་ན་ནི་སྣོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ།། པ་ཕ་བ་བྷ་མ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ།། ཡ་ར་ལ་ཝཱ་ཤ་ཥུ་ས ་ཧ་ཨཾ་ཨཿནི་ཁྲོ་བོ་བཅུའི་དཀྱིལ་འཁོར།། ཡང་ན་ཨཱ་ལི་ནི་ལྷ་མོའི་རང་བཞིན་དང་། ཀཱ་ལི་ནི་ཐབས་ཀྱི་རང་བཞིན་ཏེ། གསུང་གི་དཀྱིལ་འཁོར་ནི་འདུས་པ་སྟེ། སྤྱིའི་དོན་ཏོ།། ཡང་ན་ཐུགས་ཀྱི་དཀྱིལ་འཁོར་འདུས་པ་ནི་འདི་ལྟ་སྟེ། ཞེ་སྡང་ནི་མི ་བསྐྱོད་པའོ།། གཏི་མུག་ནི་རྣམ་པར་སྣང་མཛད་དོ།། འདོད་ཆགས་ནི་འོད་དཔག་ཏུ་མེད་པའོ།། ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་ནོ།། ཕྲག་དོག་ནི་དོན་ཡོད་པར་གྲུབ་པའོ།། བདག་ཏུ་ལྟ་བ་ནི་སྤྱན་ནོ།། བདག་ཏུ་རྨོངས་པ་ནི་མཱ་མ་ཀཱིའོ།། བདག་ཏུ་ང་རྒྱལ་བ ་ནི་གོས་དཀར་མོའོ།། བདག་ལ་ཆགས་པ་ནི་སྒྲོལ་མའོ།། ཁྲོ་བ་ནི་སའི་སྙིང་པོའོ།། ཁོན་དུ་འཛིན་པ་ནི་བྱིས་པའོ།། འཚིག་པ་ནི་ལག་ན་རྡོ་རྗེའོ།། འཆབ་པ་ནི་མཱ་མ་ཀཱིའི་སྙིང་པོའོ།། རྒྱུགས་པ་ནི་འཇམ་དཔལོ།། རྣམ་པར་འཚེ་བ་ནི་འཇིག་རྟེན་དབང ་ཕྱུག་གོ།། རྒྱུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། གཡོ་ནི་ཀུན་ཏུ་བཟང་པོའོ།། ངོ་ཚ་མེད་པ་ནི་གཤིན་རྗེ་མཐར་བྱེདདོ།། ཁྲེལ་མེད་པ་ནི་ཤེས་རབ་མཐར་བྱེད།། ཕྲག་དོག་ནི་པདྨ་མཐར་བྱེད།། སེར་སྣ་ནི་བགེགས་མཐར་བྱེདདོ།། རྣམ་པར་གཡེང་པོ་ནི་མི ་གཡོ་བའི།། འགྱོད་པ་ནི་འདོད་པའི་རྒྱལ་པོའོ།། བྱིང་བ་ནི་དབྱུག་སྔོན་ནོ།། རྒོད་པ་ནི་སྟོབ་པོ་ཆེའོ།། རྟོག་པ་ནི་སྣོད་མཛེ་སོ།། དཔྱོད་པ་ནི་གཙུག་ཏོར་འཁོར་ལོ་སྦྱོར་བ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་སྟེ། ངེས་པའི་དོན་ཏོ།། དེ་དང་འདྲ་བའི་དང་ལྡན་འདུས ་པ་ནི། བྱད་ཀྱི་ངོ་བོ་ཡིན་པས་ན།། དེ་ནི་རྣམ་པ་གསུམ་སྟེ་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ།། དེ་ལ་རྒྱུའི་རྒྱུད་ནི་རིམ་པ་གཉིས་བསྒོམ་པའོ།། འབྲས་བུའི་རྒྱུད་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་དོ།། ཐབས་ཀྱི་རྒྱུད་ནི་བྱུང ་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྡོ་རྗེ་འཆང་དང་། འབྲས་བུའི་རྡོ་རྗེ་འཆང་དང་། ཐབས་ཀྱི་རྡོ་རྗེ་འཆང་དོ།། དེ་ལ་རྒྱུའི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ།། འབྲས་བུའི་རྡོ་རྗེ། ་འཆང་ནི་སྙིང་ག་ལོས་མི་བསྐྱོད་པ་སྤྲོ་ཞིང་དེ་དང་རྗེསུ་འཇུག་པས་བྱུང་བ་ནི་ཐུགས་རྡོ་རྗེ་འཆང་ངོ་།། ཐབས་ཀྱིསྡེ་རྡོ་རྗེ་འཆང་ནི་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་རང་བཞིན་ནོ།། དེ་ནི་རྒྱུད་ལ་གཏན་ལ་དབབ་པའོ།། དེ་ནས་ལས་འཛིན་པས ་ཏེ་དཔལ་ལྡན་ཡང་ཡིན་ལ་འདུས་པ་ཡང་ཡིན་པས་ན་དཔལ་ལྡན་འདུས་པའོ།། དཔལ་ལྡན་འདུས་པ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་ན་དཔ་ལྡན་འདུས་པའི་རྒྱུད་དེ་གཞི་མཐུན་པ་གཉིས་སོ།། དེའི་འབྲེལ་པ་དང་ལྡན་པ་དོན་བསྡུས་པ་ནི་བརྗོད ་པར་བྱ་བའི་ངོ་བོ་སྒྲ་དང་དོན་གྱི་རང་བཞིན་མཐའ་དྲུག་སྟེ། དགོངས་པས་བཤད་པ་ལ་སོགས་པའི།། དེ་ཉིད་རྗོད་པར་བྱ་བ་ཡིན་པས་ན་དོན་ཏོ།། དེ་རྟོགས་པར་བྱ་བའི་ཕྱིར་ནི་དེ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར།། སེམས་ཅན་ཀུན་ལ་ཕན་སྐྱེད ་པ་ཞེས་བྱ་བ་ནི་དེ་ལ་སེམས་ཅན་ཀུན་ནི་གང་ཟག་ལྡེ་སྟེ་ཙན་དན་དང་། ཨུ་པ་ལ་དང་། པདྨ་དཀར་པོ་དང་། པདྨ་དང་། རིན་པོ་ཆེ་དང་། དེ་ལ་ཙན་དན་ནི་བེམས་པོ་ལྟ་བའོ།། ཨུཏྤ་ལ་ནི་དབང་པོ་དམན་པའོ།། པདྨ་དཀར་པོ་ནི་དབང་པོ་བར་པའོ།། པདྨ་ནི ་དབང་པོ་རབ་པོ།། རིན་པོ་ཆེ་ལྟ་བུ་ནི་དབང་པོ་རབ་ཀྱི་རབ་བོ།། དེ་ལ་དང་པོ་བཞི་པོ་ལ་བསྐྱེད་པའི་རིམ་པ་བཤད་པའི་རིགས་པ་དང་། ལྔ་པ་ལ་ནི་རྫོགས་པའི་རིམ་པ་བཤད་པའི་རིགསོ་ཞེས་འདིར་གང་གཟུང་བར་འགྱུར་ཞེ་ན ་སྨྲས་པ། འདིར་རེ་ཤིག་རབ་ཏུ་བྱེད་པ་འདིས་ཙན་དན་གྱི་བེམས་པོ་ཉིད་བསལ་ནས། ཡང་དག་པའི་ལྟ་བ་ལ་འཇུག་གོ། ཨུཏྤ་ལཱ་གྱི་དབང་པོ་དམན་པ་ཉིད་བསལ་ནས་བར་བ་ཉིད་དུ་སྐྱེ་དོ།། པདྨ་དཀར་པོའི་བདེ་བར་རྟོགས་པས་འཁྲུལ་པ་ཟློག་ཅིང ་དབང་པོ་རྣོ་བ་ཉིད་དུ་བྱེདདོ།། དབང་པོ་རྣོ་བའི་པདྨ་ལ་བསྒོམ་པའི་རང་བཞིན་ཤེས་རབ་བསྐྱེད་དེ་རིམ་པོ་ཆེ་ལྟ་བུ་ནི་རང་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་ཡང་ཡིད་དགའ་བ་དང་རྗེསུ་དྲན་པ་ཙམ་བྱེདདོ་ཞེས་གང་ཟག་ལྔ་ནི་སེམས་ཅན་ཀུན་གྱི་སྒྲས་བསྟན ་ཏོ།། དེ་རྣམས་ལ་ཕོན་སྐྱེད་པ་ནི་སྔར་བཤད་པའི་རིམ་པས་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་གང་ཡིན་ཞེ་ན། མདོར་བྱས་པ་ནི་མདོར་བསྡུས་པ་ཞེས་བྱ་བ་སྒྲུབ་པའི་ཐབས་ཏེ། བདག་གིས་བཤད་པ་ནི་སོ་སོར་བསྟན་པ་ཡིན་གྱི ་རང་བཟོར་བརྩམས་པ་མོ་ཡིན་ནོ།། དེ་ནི་ལུང་དང་རྟོགས་པའི་བདག་ཉིད་སྟོན་པའི་གསུང་གོ་རྗེསུ་འབྲང་བ་ཡིན་ནོ།། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པཱི་བདག་ཉིད་དོ་ཞེས་བཤད་པའི་ཕྱིརརོ།། དེས་ནི་བརྗོད་པ་ལ་སོགས་པ ་ལྔ་པོ་བསྟན་པ་ཡིན་ཏེ། དེ་ལ་མདོར་བྱས་ཞེས་བྱ་བ་ནི་བརྗོད་པའོ།། དོན་བསྡུས་ཞེས་བྱ་བ་ནི་བརྗོད་པར་བྱའོ།། བརྗོད་བྱ་རྗོད་འབྲེལ་བ་ནི།། མ་བསྟན་པར་ཡང་དོན་གྱིས་རྟོགས།། འཇིག་རྟེན་འབྲེལ་པའི་སྒྲ་དག་ནི།། གཉིས་ལ་གནས་ཏེ་རིང་ཐུང་བཞིན ་སེམས་ཅན་ཀུན་ལ་ཕན་བསྐྱེད་པ་ཞེས་བྱ་བ་ནི་དགོསླ་པ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། དགོས་པ་ནི་དོན་གྱིས་རྟོགས་པ་སྟེ།། རང་གི་དོན་ཕུན་སུམ་ཚོགས་པ་མ་ཐོབ་པའི་སྐྱེས་བུས་གཞན་གྱི་དོན་ཇི་ལྟར་བྱེད་ནུས་ཞེས་བྱ་བའི་བོར་། ་ཁ་ཅིག་ན་རེ་དོན་བསྡུས་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བའི་རྟོགས་པའི་ཚིག་གིས་དགོས་པ་འཆད་པར་བྱེད་དེ་དེ་ལ་དོན་བསྡུས་པ་ནི་མངོན་དུ་རྟོག་ལ་བསྒོམ་པའི་རང་བཞིན་གྱི་ཤོས་རབ་ཀྱིས་བསྒོམ་ཞིང་རྡོ་རྗེ་འོ་ཆང་གི་སྐུ་ཐོབ་པར་འགྱུར ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་རྗོད་པ་ལ་སོགས་པ་ལྔ་པོ་བསྟན་ནས། སྒྲུབ་པའི་ཐབས་འདི་གང་ལས་བསྡུས་པ་དེ་ཉིད་ཉོན་མོངས་པ་རྣམས་ལས་གྲོལ་བའི་རྒྱུ་དང་ཐར་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་རྒྱུད་ཀྱི་ཕནྡྷ་ཡོན་བསྟན་པར་བྱ་བའི་ཕྱིར་བཤད ་པར་བྱ་སྟེ། ཐོག་མོད་བག་ཆགས་ཉེས་པ་རྣམས།། འགྲོ་གསུམ་རྣམ་པར་རྨོངས་བྱེད་པ། བློ་དང་ལྡན་པས་དེ་བལྟས་ཏེ།། རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ་ཞེས་སྨོས་པ་ལྔ།། གང་ལ་ཐོག་མ་མེད་པ་དེ་ནི་ཐོག་མ་མེད་པའོ།། དེས་ནི་དངོས་པོ ་ཐམས་ཅད་རྟེན་ཅིང་འབྲེལ་པ་ལས་བྱུང་བ་ཡིན་གྱིས།། དབང་ཕྱུག་ལ་སོགས་པས་སྤྲུལ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། དབང་ཕྱུག་ལྀ་སི་གས་པོ་རྣམས་དཔྱད་ན་མེད་པའི་ཕྱིརརོ།། དེ་ལ་དབང་ཕྱུག་ཅེས་བྱ་བ་ན་རྟག་པ་ཡིན་ནམ་མི་རྟག་པ་ཡིན ་གལ་ཏེ་རྟག་པ་ཡིན་ན་དངོས་པོ་རྣམས་ཇི་ལྟར་སྐྱེད་པར་བྱེད།། སྐྱེད་པ་པོ་འི་རིམ་དང་ཅིག་ཅར་གྱི་དོན་གྱིས་བྱ་བ་བྱུང་ན་རྟག་པ་ཉིད་དང་བྲལ་བར་འགྱུརརོ།། དེ་བས་ན་དེ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ།། བྱེད་པ་ཡིན་ན་རྟག་པ་ཉམས།། རྟག་པ ་ཡིན་ནུ་བྱེད་པ་མིན།། ཕན་ཚུན་རྣམ་པར་འགལ་བ་ཉིད།། ཇི་ལྟར་གཅིག་ལ་རིགས་པར་འགྱུར།། འདིར་སྦྱོར་བ་ནི་གླང་དང་གང་དོན་གྱི་བྱ་བ་བྱེད་པ་དེ་ནི་མི་རྟག་པ་སྟེ་བུམ་པ་བཞིན་ནོ།། རིམ་པ་དང་ཅིག་ཆར་གྱིས ་འགྲོ་བ་དབང་ཕྱུག་གིས་བྱེད་དོ།། ཞེས་རང་བཞིན་གྱི་གཏཱནི་ཚིགས་ཀྱི་སྦྱོར་བའོ།། གཞན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ལྡོག་པའི་དབང་ཕྱུག་གཞན་ནི་མི་མཐོང་ངོ་།། དེ་བས་མ་མཐོང་བ་དེ་ནི་ཇི་ལྟར་སྟོབས་ཀྱིས་འཇོག་པར ་བྱེད།། ཆོས་ཅན་མེད་པ་དེ་ལ་རྟག་པ་དང་བྱེད་པ་ཉིད་མི་རིགས་ཏེ། ཆོས་ཅན་མེད་པའི་ཕྱིར་རོ།། དག་ཅེས་བྱ་བ་དངོས་པོ་མེད། བྱེད་པ་པོ་ཞེས་ཇི་ལྟར་བརྗོད།། ཆོས་ཅན་ཡོད་ན་ཆོས་རྣམས་ནི། འཇིག་རྟེན་པ་ནི་རྟོགས་པར་བྱེད ་ཅེས་བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་གསུངས་པའི་ཕྱིར་རོ།། འདིར་སྦྱོར་བ་ནི་གྲང་དང་གླང་ཆོས་ཅན་དེ་དྲོང་དེ་མི་རྟག་པའི་ཆོས་དང་འབྲེལྔ་པ་ཡོད་དྲེ་བུམ་པའི་བྱས་པ་དང་མི་རྟག་པ་བཞིན་ནོ།། ཕུང་པོ་ལྔ་ལ་ལྡོག་པའི་དབང ་ཕྱུག་ནི་མཱི་དམིགས་པས་དེའི་རྟག་པ་དང་བྱེད་པ་ཉིད་ཀྱང་མེད་དོ་ཞེས་རང་བཞིན་མི་དམིགས་པའི་སྦྱོར་བའོ།། རིགས་པ་དང་། བྱེ་བྲག་པ་རྣམས་ཀྱི་འདོད་པའི་བདག་ཀྱང་ལོག་པར་བརྟགས་པ་ཡིན་ནོ།། དེ་ལ་དེ་རྣམས་འདི་སྐད་སྨྲ་སྟེ། ་བདག་ཉིད་ཕུང་པོ་དང་བདག་ལ་ཕུང་པོ་དང་། ཕུང་པོ་ལ་བདག་དང་མེ་དང་བུད་ཤིང་བཞིན་དུ་ཕུང་པོ་དང་བདག་ཐ་མི་དད་པ་སྟེ། རྟོག་བཞིའོ།། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་བྱེ་བས་རྣམ་པ་ཉི་ཤུ་འཇིག་ཚོགས་ལ་ལྟ་བ ་མི་རིགས་ཏེ། རིགས་པས་ནི་མ་འགྲུབ་པའི་ཕྱིརརོ།། གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་ཕུང་པོ་རྣམས་མི་རྟག་པས་བདག་ཀྱང་མི་རྟག་པར་ཐལ་བར་འགྱུརརོ།། བར་པ་ཕྱོགས་གཉིས་པོ་འདི་མི་རིགས་ཏེ། རྟག་པ་དང་མི་རྟག་པ་ལྔ་རྟེན་པའི ་འབྲེལ་པ་མི་རིགས་པའི་ཕྱིརརོ།། གལ་ཏེ་ཤིང་བཅད་པས་བྱ་རོག་མ་བཅད་པ་དང་། བྱ་རོག་ཤི་བས་ཤིང་མི་འཇིག་གོ་ཞེས།། ཇི་ལྟར་རྟེན་དང་བརྟེན་པའི་འབྲེལ་པ་མི་འགྲུབ་ཅེས་ཟེར་ན། དེ་ནི་མི་འདྲ་སྟེ། བྱ་རོག་དང་ཤིང་དག་མི་རྟག་པའི ་ཕྱིར་རོ།། ཕྱི་རོལ་གྱི་དངོས་པོ་རྣམས་ལ་སྔར་བཤད་པའི་ཚོད་མས་མི་རྟག་པ་ཉིད་གྲུབ་བོ།། མེ་དང་བུད་ཤིང་བཞིན་ཡང་མི་རིག་སྟེ། བུད་ཤིང་འཇིག་ན་མེ་འབྱུང་བས་ཐ་དད་མི་འགྲུབ་པའི་ཕྱིར་རོ།། དེ་བཞིན་དུ་བདག་འཇིག་པས་ཕུང་པོ་འབྱུང ་བ་དང་། ཕུང་པོ་འཇིག་པས་བདག་འབྱུང་བའི་ཕྱིར།། དཔྱོད་པ་པས་བརྟགས་པའི་ཞི་བའི་ཚངས་པ་དང་། སྣ་ཚོགས་ཀྱི་ཚངས་པ་ནི་མི་རིགས་ཏེ།། བྱས་པ་ཡིན་པས་མི་རྟག་པར་ཐལ་བར་འགྱུར་བའི་ཕྱིརརོ།། གྲངས་ཅན་གྱིས་བརྟགས་པའི་དེ་ཁོ་ན། ་ཉིད་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སྐྱེས་བུ་རྟག་པོར་བཤད་པ་མི་རིགས་ཏེ། རང་བཞིན་ཉིད་ལ་དེ་ཁོ་ན་ཉིད་ཐམས་ཅད་བྱུང་ན་དེའི་དགོས་པ་མེད་པའི་ཕྱིརོ།། དེའི་རྟོགས་པ་ཉིད་དགོས་པ་ཡིནོ།། ཞེས་ཟེར་ན་དེ་ནི་ཡང་དག་པ་མ་ཡིན་ཏེ། དེའི་བྱ་བ། ་ན་བློས་བཟུང་བ་ཡིན་ན་ཇི་ལྟར་གཞན་གྱི་བྱ་བ་བྱེད་པའི་སྐྱེས་བུ་ཡིན།། དེའི་ལྟ་བ་པོ་ཉིད་གཙོ་བོ་ཡིན་ནོ་ཞེས་ཟེར་ན་དེ་ནི་མི་རིགས་ཏེ། ལྟ་བ་པོ་ཉིད་ནི་མིགཽ་ལ་སོགས་པའི་བྱ་བ་ཡིནོ་ཞེས་དེ་བྱེད་ན་དེ་དང་འདྲ་བར་ཐལ་བར་འགྱུར་བས་མི་རྟོག་པ ་ཉིད་དུ་འགྱུརརོ།། བཏང་སྙོམས་ཡིན་ན་སྐྱེས་བུ་ཉིད་མེད་པར་རིགས་ཀྱིས་ཡོད་པ་ནི་མ་ཡིན་ནོ།། འབྱུང་བ་སེམསུ་སྦུ་བུ་རྣམས་ལ་ཡང་བེམས་པའི་ངོ་བོ་ཐལ་བར་འགྱུར་བས་འགྲོ་བ་དང་འོང་བ་ལ་སོགས་པ་མེད་པར་འགྱུར་རོ།། ་རྗེསུ་དཔག་པའི་ཚད་མ་མ་ཡིན་ཞེས་ཚད་མས་གང་གིས་སུ་མོ་འབྱིན་པ་དེ་ཉིད་རྗེསུ་དཔག་པ་ཡིནོ།། ཞེས་འཇིག་རྟེན་རྒྱང་པན་པ་ནི་རང་གི་ཚྭ་ཀ་དང་འགལ་བ་ཡིན་ནོ།། ཕྱོགས་ཀྱི་གོས་ཅན་ངོ་ཚ་མེད་པས་ཀྱང་ཞོ་ཡང་རྔ་མོ་ཡིན་ལ། རྔ་མོ་ཡང་ཞོ་ཡིནོ་ཞེས ་དངོས་པོ་ཐམས་ཅད་ཡོངསུ་འགྱུར་ན་མི་འགྱུར་བའི་ཆོས་ཅན་གང་ཟག་ཇི་ལྟར་ཡིན།། དེ་དང་འདྲ་བ་གཞན་དག་དུ་མ་ཡང་མི་རིགས་པར་སྨྲ་བ་མི་རུང་ངོ་།། དེ་ལྟར་བདག་ལྀ་སོགས་པ་བཀག་ནས།། དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བ་ལས་བྱུང་ཞེས ་སྒྲུབ་པོ།། དེ་ཉིད་ཀྱི་ཕྱིར། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཉེས་པ་ནི།། སེམས་ཀྱི་རྒྱུད་རྙོག་པར་བྱེད་པས་ན་འདོད་ཆགས་ལ་སོགས་པའོ།། འོ་ན་ཐོག་མ་མེད་པའི་བག་ཆགས་ཉིད་ནི་བདག་ལ་སོགས་པ་ཡིན་ནོ་ཞེས་ཟེར་ན་དན་ཡང་དག་པ་མ ་ཡིན་ཏེ། གང་གི་ཕྱིར་བག་ཆགས་ཞེས་བྱ་བ་རྟེན་ཅིང་འབྲེལ་པ་ལས་བྱུང་བའི་དངོས་པོའི་འཁྲུལ་པོས་མེད་པར་ཡང་བྱིས་པ་རྣམས་ཀྱི་བཏག་སོ།། དོན་དམ་པར་ནི་དེ་ཉིད་སྟོང་པའོ།། དེ་ཉིད་ཀྱི་ཕྱིར་དངོས་པོ་སྟོང་པ་ལ་ཆོས་རྣམས་སྟོང་པ ་སྟོང་པ་འབྱུང་བ་དང་། རྒྱུ་དང་འབྲས་བུ་ནི་བརྫུན་པའི་རང་བཞིན་ནོ།། དེ་དེ་བརྟེན་ནས་གང་སྐྱེ་བ།། དེ་ནི་དེ་ཉིད་སྐྱེ་བ་མིན། གང་ཞིག་རང་བཞིན་མ་སྐྱེས་པ།། དེ་ནི་ཇི་ལྟར་སྐྱེད་པ་ཡིན་ཞེས་བཤད་པ་དང་། དེ་བཞིན་དུ་སྟོང་པ་ཡི་ནི་ཆོས་རྣམས་ལ། ་ཆོས་རྣམས་སྟོང་པ་ཉིད་དུ་འབྱུང་།། ཞེས་བཤད་པའི་ཕྱིརརོ།། གང་གི་ཕྱིར་དེ་ལྟར་གྱུར་པའི་དངོས་པོ་རྣམས་ལས་སྟོང་པའི་རང་བཞིན་གྱི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐ་སྙད་དུ་བྱས་ཏེ། ཁ་ཏོན་མར་མེ་མེ་ལོང་བརྒྱ།། བྲག་ཙ་མེ་ཤེལ་ས་བོན ་རྒྱུར།། ཕུང་པོ་སོ་སོར་ཆགས་པ་དང་།། མི་འཕོ་མཁས་པོས་ངེས་གཟུང་བྱ་ཞེས་བཤད་པའི་ཕྱིརརོ།། དེ་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དགུ་ཅུ་རྩ་བརྒྱད་དེ་ཉིན་དང་མཚན་མོ་རང་བཞིན ་བརྒྱ་དྲུག་བཅུའི་ངོ་བོ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་འགྲོ་དྲུག་གི་སྲིད་པའི་འཁོར་ལོའི་འཁོར་བའི་རྒྱུ་ཡིན་ནོ།། དེ་རྣམས་རྣམ་པར་དཔྱད་ན་ཕྱི་ལ་སོགས་པའི་དབྱེ་བས་རང་བཞིན་མེད།། དེ་ལ་ཉོན་མོངས་པ་རྣམས་ནི་ཡུལ་ན་མི་གནས་ཏེ། ་ཡུལ་ནི་བེམས་པོ་ཡིན་པའི་ཕྱིརོ།། དབང་པོ་ལ་མི་གནས་ཏེ། དབང་པོ་རྣམས་སེམས་ལས་བྱུང་བ་མ་ཡིན་པའི་ཕྱིརརོ།། སེམས་ལ་མཱི་གནས་ཏེ། རྟེན་དང་བརྟེན་པ་དག་ལ་མེད་པའི་ཕྱིརརོ།། རྒྱུ་དང་རྐྱེན་མེ་ན་འབྲས་བུ་གང་ལས་འབྱུང་། དེ་ལྟར་རུང ་བཞིན་པའི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཉེས་པས་འགྲོ་བ་གསུམ་རྣམ་པར་རྨོངས་པ་སྟེ། རྫོགས་པར་བྱེད་པ་ཡིན་ནོ།། དེ་རྣམས་ཐབས་གང་གིས་སྤངས་པར་བྱོ་ཞེ་ནི། སྨྲས་པ། བློ་དང་ལྡན་པས་དེ་བལྟས་ཏེ་ཞེས་བྱ་བ་ནི་དེ ་ལྟར་ཡང་བཤད་པའི་ཁྱད་པར་གྱིས་ཉེས་པ་དེ་རྣམས་ཡང་དག་པར་བལྟས་ཏེ། ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤོས་རབ་ཀྱི་ཕྱིས་ན་ཅི་མ་ལོག་པར་བརྟགས་ལ།། རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད ་ཀྱིས་སྤང་བར་བྱའི།། ཉན་ཐོས་ལ་སོགས་པའི་ཐེག་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། གང་གི་ཕྱིར་ཉན་ཐོས་པ་ནི་མི་སྡུག་པ་བསྒོམ་པ་ཙམ་གྱིས་རུས་པའི་རྐེངས་རུས་ཙམ་དེ་ཁོ་ན་ཉིད་བསྒོམ་པར་བྱེད། དེ་ནི་ཡང ་དག་པ་མ་ཡིན་ཏེ། བག་ཆགས་བྱུང་ན་ཡོང་འཁོར་བའི་རྒྱ་མཚོར་ལྟུང་བའི་ཕྱིར་སྲིན་བུ་བཞིན་ནོ།། དེ་ནི་དགུན་གྱི་དུས་སུ་མི་འཀུལ་བར་འགྱུར་ཞིང་དཔྱིད་ཀྱི་དུསུ་འགུལ་བ་དེ་བཞིན་དུ་ཉན་ཐོས་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས ་ཏེ། ཡང་ཉོན་མོངས་པ་འབྱུང་བས་འཁོར་བ་པར་འགྱུརརོ་ཞེས་དེ་རྣམས་ཀྱི་དེ་ཁོ་ན་ཉིད་དང་དེ་ཐོབ་པའི་རྒྱུ་ཡང་དག་པ་མ་ཡིནོ།། རྣལ་འབྱོར་སྤྱོད་པ་རྣམས་ཀྱང་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་དབྱེ་བས་རྣམ་པ་གཉིས་ཀྱི་རྣམ་རིག་ཙམ ་ཆོས་ཀྱི་སྐུར་འདོད་པ་དེ་རྣམས་ཀྱི་ཡེ་ཤེས་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་ཕྱི་རོལ་གྱི་དོན་མེད་ན། འཛིན་པར་བྱེད་པ་རྣམ་རིག་ནི་ཇི་ལྟར་རིགས། གལ་ཏེ་རྣམ་པ་དང་བཅས་པ་ཡིན་ན། ཇི་ལྟར་དོན་མེད། གལ་ཏེ། ་རྣམ་པ་མེད་པ་ཡིན་ན་སྟོང་པ་ཉིད་རིགས་ཀྱི་རྣམ་རིགས་ནི་མ་ཡིན་ནོ་ཇི་སྲིད་དམིགས་པ་སོ་སོར་སྣང་བ་དེ་སྲིད་རྣམ་པར་རྟོག་པའི་ངོ་བོ་ཡིན་པས་ན་འཁོར་བའི་ཕྱོག་སོ།། སྤྲོས་པ་ཐམས་ཅད་རབ་ཏུ་ཞི་བ་ན་མྱ་ངན་ལས་འདས་པ་ཡིན་ནོ།། ཇི་སྐད་དུ་རྐྱེན ་གཞན་མེད་པ་ཞི་བ་སྟེ།། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ།། ཐ་དད་དོན་མི་རྣམས་མི་རྟོག། དེ་ནི་ཡང་དག་མཚན་ཉིད་དོ་ཞེས་བཤད་པའི་ཕྱིརརོ།། དེ་བས་རྣལ་འབྱོར་སྤྱོད་པའི་ཕྱོགས་ཀྱི་ཐར་པ་ནི་མ་དག་པ་ཡི་ནི།། དབུ་མ་པ་རྣམས་ཀྱང་གཅིག་དང་དུ་མ་དང ་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཁས་བླངས་པས་ཆོས་ཀྱི་དབྱིངས་ཐ་མི་དད་པ་ཡང་ཐ་མལ་པའི་ལུས་སྤངས་པས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་འགྱུར་ཏེ། ཐབས་ལ་མི་མཁས་པའི་ཕྱིར།། དེ་ལ་དེ་རྣམས་ནི་སེམས་ཅན ་གཅིག་གི་ཕྱིར་གོས་ལ་སོགས་པ་སྦྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འདོད་པ་དེ་རྣམས་ཀྱི་སྦྱིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡོངསུ་བཟུང་བ་མེད་པའི་ཕྱིར་རོ།། དེ་བས་ན་བསྐལ་པ་གྲངས་མེད ་གསུམ་གྱིས་བྱང་ཆུབ་ཐོབ་པ་ཡིན་ཞེས་ཉོན་མོངས་རྣམ་པར་དག་པའི་ཕྱིར་ཐེག་པ་ཆེན་པོ་ནི་མྱུར་བའི་ཐབས་མ་ཡིནོ།། བྱ་བའི་རྒྱུད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱང་སྤྲོས་པ་མང་བས་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་བཞིན་དུ་ཤེས་པར ་བྱའོ།། དེ་བས་ན་རྣལ་འབྱོར་ཆེན་པོའི་རྒྱུད་ཉིད་ནི་ཉེས་པ་དེ་རྣམས་སྦྱོར་བའི་ཐབས་ཡིན།། དེ་ལ་འདོད་ཆགས་ལ་སོག་པ་ཉོན་མོངས་པ་རྣམས་བཅོམ་ལྡན་འདས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ཡིནོ་ཞེས་བསྒོམ ་པོས་དེ་ཡོངསུ་གྱུར་ཅིང་དེའི་ཡེ་ཤེས་ཐོབ་ནས་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུརརོ།། དེ་བཞིན་དུ་ཞེ་སྡང་ནི་ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས་དང་།། འདོད་ཆགས་ནི་འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས་དང་། གཏི་མུག་ནི་གཏི་མུག་ཆེན ་པོའི་ཏིང་འཛིན་གྱིས་ལྡོག་ཏེ་འགལ་བའི་ཆོས་ཀྱིས་ཉོན་མོངས་པ་རྣམས་སྦྱང་བར་བྱ་སྟེ།། རྣ་བ་ལ་ཞུགས་པའི་ཆུན་གཞན་གྱིས་དགུག་པ་བཞི་དྲ་ཡན་ལག་ཚིག་པ་ནི་མེད་བསྲོས་པ་བཞིན་ནི་ཞེས་རྣལ་འབྱོར་ཆེན་པོའི་རྒྱུད་ནི་རྣམ་པ་སྣ་ཚོགས་པའི ་ཐབས་དང་ལྡན་པ་ཡིན་ནོ།། དེ་ལ་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་འདོད་ཆགས་ལ་སོགས་པ་སྤོང་བར་འགྱུར་བ་དང་ཁྲོ་བོའི་ཏིང་འཛིན་གྱིས་ཞེ་སྡང་སྤོང་བར་འགྱུར་ཏེ། དེ་དག་གི་རང་བཞིན་ཡོངསུ་ཤེས ་པའི་ཕྱི་རོ།། རང་བཞིན་མི་ཤེས་པ་རྣམས་ལ་སྤོང་བ་རྣམས་ཀྱིས་དགོས་པ་མེདོ།། འོ་ན་རྣལ་འབྱོར་པའི་རྒྱུད་ཇི་ལྟར་ཡིན་ཞེ་ན། སྔ་མའི་ཚིག་མི་མངོན་པས་བདེན་པར་ཁྲོས་པ་ལ་ཁྲོས་པ་བཞིན་ནོ།། རྣལ་འབྱོར་ཞེས་བྱ་བ་དོན་གང་ཞིག་ཡིན།། ་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ནི་རྣལ་འབྱོར་ཏེ། ཡི་གེའི་དོན་ཏོ།། ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་སྤྱིའི་དོན་ཏོ།། རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ། སྦས་པའོ།། འོད་གསལ་བ་དང་གཉིསུ ་མེད་པ་རྟོགས་པ་ནི་རྣལ་འབྱོར་ཏོ་མཐར་ཐུག་པའོ།། སོ་སོར་སྡུད་དང་བསམ་གཏན་དང་། སྲོག་དང་རྩོལ་བ་འཛིན་པ་དང་།། རྗེ་སུཾ་དྲན་དོང་ཏིང་འཛིན་ནི།། ཡན་ལག་དྲུག་གི་རྣལ་འབྱོར་བཤད་ཅེས་པ། དགོངས་པ་མ་ཡིན་པའོ།། དཀྱིལ ་འཁོར་བཞི་འབྱུང་བ་ནི་རྣལ་འབྱོར་ཏེ། དགོངས་པས་བཤད་བའོ།། ལེའུ་བཅུ་བདུན་གྱིས་རྒྱུད་ནི་རྣལ་འབྱོར་ཏེ།། སྒྲ་ཇི་བཞིན་པའོ།། སེམས་ཀྱི་རྟོག་པ་འགོག་པ་ནི་རྣལ་འབྱོར་ཏོ། ངེས་པའི་དོན་ཏོ།། ཐབས་དང་ཤེས་རབ་སྙོམས་འཇུག ་པ།། རྣལ་འབྱོར་ཞེས་ནི་བཤད་པ་ཡིན་ཞེས་གསུངས་པའི་ཕྱི་རོ།། དེ་ལྟར་ན་རྣལ་འབྱོར་གྱི་རྒྱུད་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཐབས་ཡིན་ཞེས་རབ་ཏུ་བསྒྲིབས་ནས་ད་ནི་དེའི་རྗེསུ་འབྲང་བས་ལུས་ཀྱི་ཉོན་མོངས་པ་སྤང་བ ་བྱ་བའི་ཕྱིར་བཤད་པར་བྱ་སྟེ།། འདོད་པ་ལྔ་ནི་ཡོངས་སྤངས་ནས་དཀའ་ཐུབ་ཀྱིས་ནི་མ་གདུངས་པར།། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ།། བདེ་བས་བྱང་ཆུབ་བསྒྲུབ་པར་བྱ་ཞེས་སྨོས་པ་ལ།། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ་ཞེས་བྱ་བ་ནི་རྣལ ་ར་ཆེན་པོའི་རྒྱུད་ལ་བརྟེན་ནས་སོ།། བདེ་བས་ནི་འདོད་པའི་སྟོན་དང་ལོང་སྤྱོད་ཀྱི་སྒོ་ནས་སོ།། བྱང་ཆུབ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། བསྒྲུབ་པར་བ་བ་ནི་རྫོགས་པར་བྱའོ།། ཅི་འི་ཕྱིར་ཞེ་ན།། འདོད་པའི་སྟོན་ལྔ་ནི་གཟུགས་ལ་སོགས་པ་ཡོངསུ་སྤངས་ཏེ ་བྲལ་ནས་དཀའ་ཐུབ་ཀྱིས་ནི་ལུས་ངལ་བའི་རྒྱུར་གྱུར་པ་བརྟུལ་ཞུགས་དང་སྦྱོངས་པའི་སྟོན་ལ་སོགས་པས་ལུས་མ་གདུངས་པར་བྱའོ།། བདེ་བ་དང་ལྡན་པའི་སེམས་ནི་མཉམ་པར་བཞག་པར་འགྱུརརོ་ཞེས་འབྱུང་བའི་ཕྱིར།། མཉམ་པར་བཞག་པའི ་སེམས་ཀྱིས་ཡང་དག་པར་གྱུར་པ་ཤེས་པར་འགྱུརརོ།། འོ་ནི་འདོད་པའི་སྨོན་ལྷ་ནི་སེམས་རྣམ་པར་གཡེང་བའི་རྒྱུ་ཡིན་པས་ན། དེ་རྣམས་ཀྱི་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན་སྨྲས་པ།། ཐབས་ལ་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་རྣམས་ཀྱི་ཉོན ་མོངས་པ་རྣམས་ནི་ཕན་འདོགས་པར་གྱུར་པ་ཡིན་ཏེ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱིས་གླང་པོས་ཟོས་ན་གླ་རྩིའི་ངོ་བོར་འགྱུརརོ།། དེ་ཉིད་ཐ་མལ་པོའི་གླང་པོས་ཟོས་ན་མི་གཙང་བར་ཡོངསུ་འགྱུརརོ།། དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་འདི་ལྟ ་སྟེ། འོད་སྲུངས་བུ་མ་ཤིང་དང་འབྲས་ས་ལུའི་ཞིང་ལ་ལུད་ཀྱི་ཕན་འདོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉོན་མོངས་པ་རྣམས་པན་འདོགས་པར་འགྱུརརོ།། དེ་བཞིན་དུ་དུག་གི་དེ་ཁོ་ན་ཉིད་མི་ཤེས་པའི་སྐྱེ་བུས་དུག་ཟོས་ན ་པར་འགྱུར། དེ་ཉིད་དྲུག་གི་དེ་ཉིད་ཤེས་པས་ཟློས་ན་བདུད་རྩི་ཉིད་དུ་འགྱུར་རོ།། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས།། འདོད་ཆགས་ཞེ་སྡང་གཏི་མུག་ནི།། འཇིག་རྟེན་ལ་ནི་དུག་ཆེན་གསུམ།། དུག་ཉིད་རྣམ་པར་བཅོམ་པ་ཡིས།། དུག་ནི་དུག་ཉིད ་མེད་པར་བྱས་ཞེས་བཤད་པའི་ཕྱིར་རོ།། དོན་ཡོད་གྲུབ་པའི་རྒྱུད་ལས་ཀྱང་། གང་གིས་རྨོངས་པ་འཆིང་འགྱུར་བ།། དེས་ནི་མཁས་པ་གྲོལ་བར་འགྱུར།། དེ་ལྟར་བྱང་ཆུབ་བསྒོམས་པ་ཡི།། ཐམས་ཅད་རྣམ་པར་ལྡོག་པ་ཡིན་ཞེས་གསུང་སོ།། འདིར་མན་ངག་ནི་རེ ་ཞིག་ལས་དང་པོའི་རྣལ་འབྱོར་པ་སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་གནས་པར་གྱུར་པས་ལྷ་ཁང་སུམ་བརྩེགས་ཀྱི་འོག་ཁང་དུ་བཟའ་བ་ལ་སོགས་པ་བཞག་སྟེ། བར་ཁང་དུ་རོལ་མོ་ལ་སོགས་པ་བཞག་སྟེ། ཁང་ཐོག་ཏུ་རྣམ་པ་སྣ་ཚོགས་པའི་གདན་ལ ་འདུག་སྟེ། དམ་ཚིག་གི་ཕྱག་རྒྱ་བཞི་ལོ་བཅུ་གཉིས་པ་འཚོ། བཅུ་དྲུག་པ་འམ་ཉི་ཤུ་ལོན་པ་གཟུགས་བཟང་བ་ལེགས་པར་བརྒྱན་པ་དཀྱིལ་འཁོར་དུ་རིམ་གྱིས་གཞག་ལ། དེང་པོའི་སྦྱོར་བ་ལ་སོགས་པའི་རིམ་གྱིས་ལྷའི་རྣམ་པར་ཐམས་ཅད་བྱས་ལ ་བཟའ་བ་བཏུང་བ་ལ་སོགས་པ་དང་བདུད་རྩི་མྱང་བས་ཚིམ་པར་བྱས་ལ།། ཕུང་བའི་དྲ་བ་ལ་སོགས་པས་བདེ་བ་ཉམསུ་མྱོང་ཞིང་སྣང་བ་ལ་སོགས་པའི་རིམ་གྱིས་འོད་གསལ་བ་མངོན་དུ་བྱའོ།། དེ་བས་ན་རྒྱུད་འདི་ཉིད་ལས་བདེ་བས་བྱང་ཆུབ་བསྒྲུབ ་པར་བྱའི།། ལུས་གདུངས་པས་ནི་མ་ཡིན་ཞེས་སོ།། ད་ནི་རྣལ་འབྱོར་པ་རྣམས་ཀྱི་དབང་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེས་ན་འདི་ནི་སྡོམ་གནས་འདི།། རྟག་ཏུ་མི་ཕྱེད་བརྟུལ་ཞུགས་གང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། བསྒྲུབ་པ་དག ་བརྩམ་པར་བྱ་ཞེས་སྨོས་པ་ལ།། དོན་ནི་འདི་ཡིན་ཏེ། དེས་ན་ནི་སྔར་བཤད་པའི་ཐབས་ཀྱི་རྒྱུ་ཡི་སོ།། འདིར་དཔལ་གསང་བ་འདུས་པའི་རྒྱུད་ལ་སྡོམ་པ་གསུངས་པ་གང་ཡིན་པ་དེ་རྣམས་ལ་གནས་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བརྟུལ་ཞུག་སོ།། རྟག་ཏུ་ནི ་དུས་གསུམ་དུ་ཡང་མི་ཕྱེད་པ་སྟེ་ཕྱིར་མི་ལྡོག་པས་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་རྡོ་རྡོ་འཆང་ཆེན་པོའི་སྒྲུབ་པ་སྟེ། མངོན་དུ་བྱེད་པའི་ཐབས་པརྩམ་པ་ནི་བརྩམ་པར་བྱའོ།། དོན་ནི་འདི་ཡི་མ་རེ་ཞིག་དང་པོ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི ་སྤྱོད་པ་བསྒྲུབ་པའི་དོན་དུ་སྙིང་རྗེ་ཆེན་པོའི་དབང་གིས་བྱང་ཆུབ་སེམས་བསྐྱེད་ཅིང་གཏོང་བ་ལ་སོགས་པ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེའི་བདག་ཉིད་ཀྱི་སྔགས་ཀྱི་ཐེག་པ་ཆེན་པོ་ལ་མོས་པ་དང་ལྡན་པ་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ། དཀོན་མཆོག་གསུམ ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་མཎྜལ་བྱས་ནས་མཆོད་ཅོང་གསོལ་བ་གདབ་པ་མང་པོར་བྱས་ནས།། མགུ་བར་གྱུར་པའི་སློབ་དཔོན་དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བྲི་བ་སྔོན་དུ་འགྲོ་བར་སློབ་དཔོན་དང་། གསང་བ་དང་། ཤེས་རབ་དང་། ་ཞི་བོའི་དབང་སྐུར་དང་། བཟའ་བར་བྱས་པ་དང་། སྲུང་བའི་དམ་ཚིག་དང་། སྡོམ་པ་སྦྱིན་པའི་སྔོན་དུ་འགྲོ་བས་དབང་བསྐུར་བའི་རྡོ་རྗེ་བརྟུལ་ཞུགས་དང་།། སྤྱོད་པའི་བརྟུལ་ཞུགས་དང་། རིག་པའི་བརྟུལ་བཞུགས་དང་ལྡན་པ། ཕ་རོལ་རྒོལ་བ་རྣམས་ཀྱིས་མི ་ཟློགས་པ། དཔལ་གསང་བ་འདུས་པའི་རྒྱུད་ཕྱིན་ཅི་མ་ལོག་པ་བཤད་པ་རྣམ་པ་བཞི་ལ་སོགས་པའི་རིམ་གྱིས་བླ་མིའི་ཞལ་ནས་ཁོང་དུ་ཆུད་དེ་རིགས་པ་བཞིའི་རིམ་གྱིས་བསམས་ལ་བདག་དང་གཞན་ལ་ཕན་པའི་ཕྱིར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ། ་མཆོད་པ་རྣམ་པ་ལྔས་མཆོད་ཅིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་སློབ་དཔོན་དམ་པ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དགྲོལ་བའི་དོན་དུ་ཐུགས་རྗེ་བསྐྱེད་པ་བདག་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་སྒྲུབ་པར ་འདོད་དེ། དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་ཕྱིས་དབེན་པར་བསྒོམ་པར་བྱ་བའི་ཕྱིར་བདག་ལ་རྗེསུ་གནང་བར་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ།། དེའི་རྗེས་ལ་སློབ་མ་འདི་སྐལ་པ་དང་ལྡན་པ་ཡིནོ་ཞེས་ངེས་པར་བྱས་ལ། རྡོ་རྗེ་སློབ་དཔོན ་གྱིས་དེ་ལ་སྨྲ་བར་བྱ་སྟེ། རིགས་ཀྱི་རང་དང་གཞན་ལ་ཕན་པའི་ཕྱིར་དབེན་པ་ལ་འདུག་སྟེ། ཇི་ལྟར་ཐོས་པ་དེ་བཞིན་དུ་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་རྡོ་རྗེ་འཆང་གི་དཀྱིལ་འཁོར་བསྒྲུབ་པར་གྱིས་ཤིག་ཅེས་དེས་རྗེ་སུ་གནང་བས་དེའི་ཞབས་ལ ་གཏུགས་ཏེ། ཁྱེད་ཀྱིས་བཀས་རྡོ་རྗེ་འཆང་གི་དཀྱིལ་འཁོར་བདག་ལ་མྱུར་དུ་བསྒྲུབ་ཤིག་ཅེས་སྨྲས་ལ་དབེན་པར་སྟོང་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་ངག་གི་དོན་ཏོ།། དེ་ལྟར་རྗེ་སུ་གནང་བ་བྱང་ཆུབ ་བསྒྲུབ་པའི་ཕྱིར་སྣོད་དུ་རུང་བ་ཡིན་གྱིས་གཞན་དུ་ནི་མ་ཡིན།། འདིར་སྡོམ་པའི་སྒྲ་ནི་ཉེ་བར་མཚོན་པའི་དོན་ཏེ། དམ་ཚིག་ལ་གནས་པ་ཡང་བཤད་པར་བྱའོ།། དེ་ལ་རིགས་པའི་དབང་བསྐུར་ལ།། རིགས་ལྔའི་དམ་ཚིག་ནི་དཀོན་མཆོག་གསུམ་ལོ་སྐྱབསུ ་འགྲོ་བ་དང་། རྡོ་རྗེ་དང་དྲིལ་བུ་དང་། སློབ་དཔོན་འཛིན་པ་དང་། སྦྱིན་པ་བཞི་དང་། དམ་པའི་ཆོས་རྣམ་པ་གསུམ་འཛིན་པ་དང་། ཅི་ནུས་པས་མཆོད་པའི་ཆོ་གའོ།། སྡོམ་པ་ནི་ལྔ་སྟེ། མི་དགེ་བ་བཅུ་སྤང་བ་དང་།། ཐེག་པ་དམན་པ་ལ་འདོད་པ་མི་བྱེད་པ་དང་། ཆང ་སྤང་བ་དང་། སེམས་ཅན་གྱི་དོན་ལ་རྒྱབ་ཀྱི་ཕྱོགས་པ་སྦྱོང་བ་དང་། ལྷ་ལ་སོགས་པའི་མཚན་མ་ལ་སོགས་མི་འགོམ་པའོ།། ཕྱིར་མི་ལྡོག་པའི་དབང་བསྐུར་བ་ལ་དམ་ཚིག་ནི་བཅུ་བཞི་སྟེ་སློབ་དཔོན་ལ་སློང་བ་དང་། བདེ་བར་གཤེགས་པའི་བཀའ་ལས ་འདའ་བ་དང་། རྡོ་རྗེ་སྤུན་ལ་སྨོད་པ་དང་། བྱམས་པ་ཆེན་པོ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། ཐེག་པ་གསུམ་ལ་སྨོད་པ་དང་། སྐལ་བ་མེད་པ་ལ་གསང་བའི་ཆོས་སྟོན་པ་དང་། རང་གི་ཕུང་པོ་སྨོད་པ་དང་། ཆོས་རང་བཞིན་མེད་པ་ལ་སོམ་ཉི་ཟ་བ་དང་། ་གདུག་པ་ཅན་ལ་བྱམས་པ་དང་། ཆགས་པ་དང་བྲལ་བ་དང་། ཆོས་རྣམས་ལ་མཐའ་གཉིས་གཞག་པ་དང་། དད་པའི་སེམས་སྨོད་པ་དང་ཇི་སྙེད་པའི་དམ་ཚིག་ལ་མི་བསྟེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བུད་མེད་ལ་སྨོད་པའོ་ཞེས་རྩ་བའི ་ལྟུང་བ་བཅུ་བཞི་སྤང་བ་ནི་དམ་ཚིག་གོ།། མི་དགའ་བ་རིག་པ་སྟེན་པ་དང་། དམ་ཚིག་རྣམས་མི་སྦྱོར་བ་དང་། ཚོགས་ཀྱི་དཀྱིལ་འཁོར་ལ་བརྩོད་པ་དང་། དད་པའི་སེམས་སྨོད་པ་དང་། ཞག་བདུན་གྱི་བར་དུ་ཉན་ཐོས་པའི་ནང་ན་གནས་པ་དང་། རྣལ་འབྱོར་པའི་ང ་རྒྱལ་དང་། དད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ལོག་པའི་ཆོས་སྟོན་པ་དང་། མ་ངེས་པོ་ལ་ཆོས་སྟོན་པ་དང་། སྦྱོར་བ་ལ་གསང་བ་སྟོན་པ་དང་། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་སྟེ། ཁ་ན་མ་ཐོབ་བཅུ་མི་བྱེད་པ་ནི་སྡོམ་པའོ།། གསང་བའི ་དབང་བསྐུར་བ་ལ་དམ་ཚིག་གསུམ་སྟེ། རྡོ་རྗེའི་དེ་ཁོ་ན་ཉིད་དང་། དྲིལ་བུའི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དོ།། སྡོམ་པ་གསུམ་ཏེ། སྒྲོན་མ་མྱང་བ་དང་། ལྕགས་ཀྱུ་མྱང་བ་དང་། བྷ་ག་ལ་ཙུམ་པ་ནའོ།། ཤེས་རབ་ཀྱི་དབང་བསྐུར་བ་ལ་དམ་ཚིག་ལྔ་སྟེ། ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའོ།། སྡོམ་པ་ནི་ལྔའོ།། གཏི་མུག་གི་སྡོམ་པ་དང་། ཞེ་སྡང་གི་སྡོམ་པ་དང་། འདོད་ཆགས་ཀྱི་སྡོམ་པ་དང་། ང་རྒྱལ་གི་སྡོམ་པ་དང་། ་ཕྲ་དོག་གི་སྦོམ་པོའོ།། དེ་རྣམས་ལ་གནས་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ་མི་ཕྱེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པས་མི་གཡོ་བ་སྟེ་དྲང་བའི་དོན་ཏོ།། བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་མི་ཕྱེད་པ་སྟེ།། ངེས་པའི་དོན་ཏོ།། སྤྱོད་པའི་བརྟུལ ་ཞུགས་གསྙེལ་བ་མི་ཕྱེད་པ་སྟེ། སྒྲ་ཇི་བཞིན་པའོ་ཀུ་ག་དཱ་ཧོ་ན་ལ་བསྟེན་པ་ནི་མི་ཕྱེད་པ་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ།། འདོད་པའི་གདུགས་ལ་གནས་པ་ནི་དགོངས་པས་བཤད་པའོ།། གཉིས་མེད་པའི་ཡེ་ཤེས་ལ་དགའ་བ་ནི་དགོངས་པས་མ་ཡིན ་པའོ།། དམ་ཚིག་དང་སྡོམ་པ་ལ་བརྟེན་པ་ནི་ཡི་གེའི་དོན་ཏོ།། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བརྩོན་པ་ནི་སྤྱིའི་དོན་ཏོ།། སྙོམས་པར་འཇུག་པ་ལ་མཁས་པ་སྟེ།། སྦས་པའོ་པདྨ་ཅན་དང་དུང་ཅན་དང་ཨུཏྤ་ལ་ཅན་དང་སྦྱོར་བའི་དབྱེ་བས་འདོམས ་ལ་དགའ་བ་སྟེ།། མཐར་ཐུག་པའོ།། རྡོ་རྗེའི་བརྟུལ་ཞུགས་དང་། སྤྱོད་པའི་བརྟུལ་ཞུགས་དང་། རིག་པའི་བརྟུལ་ཞུགསོ་དང་། ལྡན་པ་ནི་བརྟུལ་ཞུགས་ཏེ། དྲང་བའི་དོན་ཏོ།། འོད་གསལ་བརྟོགས་པས་བརྟུལ་ཞུགས་ཏེ། ངེས་པོའི་དོན་ཏོ།། རལ་ཅན་གཅེར ་མགོ་རེག་དང་།། གཙུག་བུད་ཅན་དང་འདུ་འཛི་བྲ་ལ།། རྟ་བ་ནི་དེ་དེ་སྣ་ཚོགས་པས་མངོན་པར་བྱང་ཆུབ་འདོད་པ་ཡིན་ཞེས་བཤད་པའི་ཕྱིརོ།། སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད།། གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ།། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་སྟེ། ཡི་གེའི་དོན་ཏུ ་སྐུ་རྡོ་རྗེ་ནི་ཡི་གེ་ཨོཾ་མོ།། གསུང་རྡོ་རྗེ་ནི་ཡི་གེ་ཨཱའོ།། ཐུགས་རྡོ་རྗེ་ནི་ཡི་གེ་ཧཱུཾ་སྟེ། སྤྱིའི་དོན་ཏོ།། སྐུ་རྡོ་རྗེ་ནི་རུས་སྦྲུལ་གྱི་རྩ་དང་། གསུང་རྡོ་རྗེ་ནི་ཟླ་བའི་རྩ་དང་། ཐུགས་རྡོ་རྗེ་འདོད་པའི་གདུགས་ཀྱི་རྩཝ་སྟེ་སྤྲས་པའོ།། སྐུ་རྡོ་རྗེ་ནི་ཆགས་པ་དང་། གསུང་རྡོ་རྗེ་ནི་ཚྭ་ཌ ་པོ་དང་བྲལ་བ་དང་། ཐུགས་རྡོ་རྗེ་ནི་ཆགས་པ་བར་མ་སྟེ། མཐར་ཐུགས་པའོ།། སྐུ་རྡོ་རྗེ་ནི་ཁྱིག་དང་། གསུང་རྡོ་རྗེ་ནི་ཤུ་ཀྲ་དང་།། ཐུགས་རྡོ་རྗེ་ནི་དྲི་ཆབ་སྟེ། དགོངས་པས་བཤད་པའོ།། སྐུ་རྡོ་རྗེ་ནི་སྣང་བའོ།། གསུང་རྡི་ནི་སྣང་བ་མཆེད་པའོ།། ཐུགས་རྡོ་རྗེ་ནི ་སྣང་བ་ཉེ་བར་ཐོབ་པ་སྟེ། དགོངས་པ་བ་ཡིན་པའོ།། སྐུ་རྡོ་རྗེ་ནི་ཁྱཱ་ཉི་ཤུ་བའི་དཀྱིལ་འཁོར་དང་། གསུང་རྡོ་རྗེ་ནི་ཁྲུ་བཅུ་དྲུག་པའི་དཀྱིལ་འཁོར་དང་། ཐུགས་རྡོ་རྗེ་ནི་ཁྱུ་གཉིས་པའི་དཀྱིལ་འཁོར་ཏེ། སྒྲ་ཇི་བཞིན་པའོ།། སྐུ་རྡོ་རྗེ་ནི་ཚངས་པའོ།། གསུང་རྡོ་རྗེ་རྨི ་དབང་ཕྱུགས་ཆེན་པོ་དང་། ཐུགས་རྡོ་རྗེ་ནི་ཁྱད་འཇུག་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ།། སྐུ་རྡོ་རྗེ་ནི་ཞི་བ་དང་། གསུང་རྡོ་རྗེ་ནཱི་དེབོང་དང་། ཐུགས་རྡོ་རྗེ་ནི་མངོན་སྤྱོད་དེ། དྲདྲ་བའི་དོན་ཏོ།། སྐུའི་རྡོ་རྗེ་ནི་སྤུའི་རྡོ་རྗེ་དཀྱིལ་འཁོར་དང་། གསུང་རྡོ་རྗེ་ནི་གསུང་གི་དཀྱིལ་འཁོར་དང ་ཐུགས་ཀྱི་དཀྱིལ་འཁོར་ཏེ་ངེས་པའི་དོན་ཏོ།། མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་པ་ནི་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི་སྙིང་རྗེ་ཆེན་པོ་མངོན་སྤྱོད་དུ་གྱུར་པ་སྔོན་དུ་འགྲོ་བས་ཁྱད་པར་གྱིས་གནས་ལ་བརྟེན་པ་བཤད་པར་བྱ་སྟེ། དགོན་པ་ཆེན་པོའི་ས ་ཕྱོགས་ནི་མེ་ཏོག་འབྲས་བུ་སོགས་བརྒྱན། རི་བོ་དབེན་པ་དག་ཏུ་ནི། དངོས་གྲུབ་ཐམས་ཅད་བསྡུས་པས་སྒྲུབ།། ཅེས་སྨོས་པ་ལ་འདིར་དང་པོའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ། ཕྱིས་གནས་ལ་བརྟེན་པར་བྱ་སྟེ། དགོན་པ་ཆེན་པོའི་ས་ཕྱོགས་ནི་ཁྱད་པར་གྱི ་གནས་ཡིན་ཏེ། རྫིང་བུ་ལ་སོགས་པས་ཡིད་འཕྲོག་པའི་ཕྱིར་རོ།། མེ་ཏོག་འབྲས་བུ་སོགས་ཀྱི་བརྒྱན་པ་ནི་རི་བོའི་ཁྱད་པར་རོ།། དབེན་པ་ནི་གཞན་ཡང་དབེན་པའི་ས་ལའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས ་ཅད་བསྡུས་པ་ནི་གང་དུ་བསྡུས་པར་གྱུར་པ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་པོ་སྟེ། སངས་རྒྱས་ཉིད་དོ།། སྒྲུབ་པ་ནི་བསྒྲུབ་པར་བྱ་བ་སྟེ། དྲང་བའི་དོན་དུ། ན་མཁར་རྟོགས་པའི་སྦྱོར་བ་ཡིན།། ཕུང་པོ་དགོན་པ་ཆེན་པོར་འདོད།། གནས་མེད་གནས་ཀྱི་སྦྱོར་བ་། ་སའི་ཕྱོགས་ནི་གནས་ཆེན་པོ།། དཔག་བསམ་ཤིང་ལྟར་ལོང་སྤྱོད་ནི།། སྣ་ཚོགས་དངོས་གྲུབ་མེ་ཏོག་ཅན།། སྥུ་ལ་པའི་འབྲས་བུ་ཀུན་མཛེས་པའི།། ཡང་དག་བྱང་ཆུབ་རི་བོ་ཡིན།། རང་བཞིན་མེད་པ་དབེན་པ་ལ།། སངས་རྒྱས་མཛེས་ཏེ་བསྒྲུབ་པར་བྱ་ཞེས ་ངེས་པོའི་དོན་ཏོ།། དགོན་པ་ཆེན་པོ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེའི་སྲ་ཕྱོགས་ནི་འདོད་པའི་གདུག་སོ།། འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་འཛག་པ་ཟླ་བ་མེའི་རྩའོ།། མེ་ཏྲོག་ནཱི་རང་འབྱུང་གི་མེ་ཏོག་འཛག་པ་རུས་སྦལ་མའི་རྩའོ།། སོགས་པའི ་སྒྲས་ནི་བཤང་གཅི་དང་ལྡན་པའི་ལྷས་བྱིན་མ་དོང་། ནོར་རྒྱལ་མའི་རྩེ་གཟུང་ངོ་།། དེ་རྣམས་ཀྱིས་བརྒྱན་པའི་བྷ་གོ་ལའོ།། རི་བོ་ནི་སོར་བཞིའི་ཚད་ཙམ་གྱི་མོའི་དབང་པོའི་རྩའོ།། དེ་ཉིད་ཆགས་པ་ལ་སོགས་པ་སྤོང་བར་བྱེད་པས་ན་དབེན་པའོ།། དེ་ལ་དངོས ་གྲུབ་ཐམས་ཅད་བསྡུས་པ་ནི་ཐིག་ལེ་ཙམ་གྲུབ་པ་སྟེ། དགོངས་པས་བཤད་པའོ།། དགོན་པ་ཆེན་པོ་ནི་གསང་བའི་དཀྱིལ་འཁོར་རོ།། དེ་ཉིད་ས་ཕྱོགས་ནི་གསང་བ་ཡིན་པའི་ཕྱིར་ཏོ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པོ་ནི་ལྟེ་བའི་དཀྱིལ་འཁོར་རོ།། རི་བོ་ན ་སྙིང་གའི་དཀྱིལ་འཁོར་རོ།། དབེན་པ་ནི་མགྲིན་པའི་དཀྱིལ་འཁོར་རོ།། དེ་ལ་བསྒྲུབ་པ་སྟེ། དགོངས་པ་མ་ཡིན་པའོ།། དགོན་པ་ཆེན་པོ་ནི་འདོད་པའི་གདུགས་ཀྱི་ན་མཁའོ།། ས་ཕྱོགས་ནི་ལྷ་བྱིན་མའི་ནམཁའོ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི ་ཟླ་བ་ན་མཁའོ།། རི་བོ་ནི་རུས་སྦལ་མའི་ན་མཁའོ།། དབེན་པ་ནི་རོར་རྒྱལ་མའི་ན་མཁའ་སྟེ། སྒྲ་ཇི་བཞིན་མ་ཡིན་པའོ།། ཇི་སྐད་དུ། དྷུ་གའི་དབུས་ན་ན་མཁའ་གང་། ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། ལྟེ་བ་གེས་སར་དང་ལྡན་པ།། འདབ་མ་བརྒྱད་ཀྱིས་རྣམ་པ ་མཛེས།། ཤུ་ཀྲའི་གཟུགས་ཅན་བདུད་རྩི་ནི།། དེར་གནས་རྟག་ཏུ་འཛག་པར་འགྱུར་ཞེས་བཤད་པའི་ཕྱིར་རོ།། དགོན་པ་ཆེན་པོའི་ནི་དབང་སོ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི། གསལ་བྱེད་རྣམསོ།། དེ་རྣམས་ཀྱི་ཉེ་བར་མཚོན་པ་ནི་རི་བོ་དབེན་པ ་སྟེ། ལུས་སོ།། དེ་ལ་བསྒྲུབ་པར་བྱ་སྟེ། སྒྲ་ཇི་བཞིན་པའོ།། དགོན་པ་ཆེན་པོ་ནི་པདྨ་ཅན་ནོ།། ས་ཕྱོགས་ནི་དུང་ཅན་ནོ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཨུཏྤ་ལ་ཅན་ནོ།། རི་བོ་དབེན་པ་ནི་བའོ།། དེ་ལ་པདྨ་ཅན་ནི་འབྲིང་གི་པདྨའོ།། དུང་ཅན་ནི་ཡོན་པོའི ་པདྨའོ།། ཨུཏྤ་ལ་ཅན་ནི་ཕྲ་མོའི་པདྨའོ།། བ་ནི་རྒྱས་པའི་པདྨའོ།། དེ་རྣམས་ལ་དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ་པར་བྱ་སྟེ། སྦས་པའོ།། དགོན་པ་ཆེན་པོ་ནི་ལས་ཀྱི་ཕྱག་རྒྱའོ།། ས་ཕྱོགས་ནི་དམ་ཚིག་གི་ཕྱག་རྒྱའོ།། མེ་ཏོག་འབྲས་བུ་སྔོགས་ཀྱིས ་བརྒྱན་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། རི་བོ་དབེན་པ་ནི་ཕྱག་རྒྱ་ཆེན་པོའོ།། དེ་རྣམས་ལ་སྒྲུབ་པ་སྟེ། ཡི་གེའི་དོན་ཏོ།། དགོ་ན་པ་ཆེན་པོན་སྙིང་གར་ཡི་གེ་ཧཱུཾ་ངོ་།། མེ་ཏོག་འདྲས་བུ་སོགས་ཀྱིས་བརྒྱན་པ་ནི་ལྐོག་མར་ཡི་གེ་ཨཱཿའོ།། རི་བོ་དབེན་པ་ནི་སྤྱི་བོར་ཡི་གེ ་ཨོཾ་མོ།། དེ་ལ་བསྒྲུབ་པ་སྟེ་སྤྱིའི་དོན་ཏོ།། མགོན་པ་ཆེན་པོ་ནི་ཆོས་ཀྱི་སྐུའོ།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན་པ་ནི་ཡེ་ཤེས་ཀྱི་སྐུའོ།། རི་བོ་དབེན་པ་ནི་དེ་དང་ཐ་མི་དད་པ་རྡོ་རྗེའི་སྐུའོ།། དེ་ལ་བསྒྲུབ་པར་བྱ་སྟེ་མཐར་ཐུག་པའོ།། ་དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེ་ཞིག་དང་པོར་སྐུ་བོས་དབེན་པའི་ས་ཕྱོགསུ་བདུད་རྩི་ལྔས་གྲུ་བཞི་པའི་དཀྱིལ་འཁོར་བྱུགས་ལ། དེར་བྱ་འགན་ལ་སོགས་པ་འཇམ་པའི་སྟན་ལ་འདུག་སྟེ། སྡུག་བསྔལ་དུ་མས་མནན་པོའི་ཁམས་གསུམ་པ ་མངོན་དུ་བྱིས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་སྦྱོར་འདོད་པའི་རྣམ་པ་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དང་འཕགས་པ་དང་སོ་སོ་སྐྱེ་བོའི་བསོད་ནམས་ལ།། རྗེ་སུ་ཡི་རང་བ ་རྣམ་པ་འོམ། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་གཙུག་པར་བགྱི་ཞེས་དེའི་རྣམ་པ་དགའ་བ་དང་། སེམས་ཅན་ཐམས་ཅིཅད་ལྡན་གཅིག་སྣོད་མིན་པ་སྟེ། སྨིན་པའི་དུས་གདུལ་བར་བགྱི་ཞེས་བཏང་སྙོམས་ཏེ། རྣམ་པར་སྡང་བ་དང་། རྣམ་པར་འཚོ་བ་དང་།། ་རྣམ་པར་མི་དགའ་བ་དང་། འདོད་པའི་འདོད་ཆགས་རྣམས་ཀྱི་གཉེན་པོར་གྱུར་པ་མཐའ་ཡས་པའི་སྙོམས་ཅན་རྣམས་ལ་དམིགས་པ་ཚད་མེད་པ་བཞྀ་སྟེ། རྣལ་འབྱོར་བསྲུང་བའི་དོན་དུ་བསྒོམ་པར་བྱའོ།། ཇི་སྐད་དུ། བྱམས་པ་དང་། སྙིང་རྗེ་དང་། དགའ ་བ་དང་། བཏང་སྙོམས་ནི་བདེ་བ་དང་། སྡུག་བསྔལ་བ་དང་། བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ཡུལ་ལ་བསྒོམས་པས་སེམས་དང་བར་འགྱུརརོ་ཞེས་འབྱུང་ངོ་།། ད་ནི་གནས་བསྲུང་བར་བྱ་བའི་ཕྱིར་བསྒོམ་པ་བཤད་པར་བྱ་སྟེ། འཇམ་པའི་སྟན ་ལ་འདུག་ནས་ནི།། སེམས་པའི་སྐྱིལ་ཀྲུངས་ལེགས་གནས་ཏེ།། ཞེ་སྡང་རྡོ་རྗེའི་ཏིངངེ་འཛིན་གནས།། གནས་བསྲུང་བ་ནི་བསམ་པར་བྱ་ཞེས་སྨོས་པ་ལ།། རྣལ་འབྱོར་བསྲུང་བའི་འོག་ཏུ་རྣལ་འབྱོར་པས་ཅིང་ཅར་དུ་བཅོམ་ལྡན་འདས་ཞལ་གཅིག་པ།། ཕྱག ་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཆང་བ་དཀར་ཞིང་ཞི་བ་རྡོ་རྗེ་འཆང་ཆེན་པོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ་བསྒོམ་པར་བྱའོ།། དེ་ནས་བགེགས་བསྐྲད་པར་མ་ངོན་པར་དགོངས་ནས། ཐུགས་ཀ་ནས་སྤྲོས་པའི་ཅུང་ཟད་ཁྲོས་པའི་ཨིནྡྲ་ནཱི་ལྔའི ་ཁ་དོག་འདྲ་བའི་ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པར་བྱས་ལ་བཅོམ་ལྡན་འདས་དེ་ཉིད་དུ་བདག་ཉིད་བསྒོམ་པར་བྱ་སྟེ། གང་གི་ཕྱིར་ཁྲོ་བོའི་དཀྱིལ་འཁོར་ནི་ཞེ་སྡང་རྡོ་རྗེ་ལས་བྱུང་ངོ་ཞེས་དེ་ཉིད་བསྒོམ་པར་བྱ་བར་རིགས་ཀྱི་མི་བསྐྱོད་པ་ནི་མ་ཡིན་ནོ།། ་ཐུགས་རྡོ་རྗེའི་དབྱེ་བ་གཉིས་ཏེ། ཞེ་སྡང་རྡོ་རྗེ་དང་མི་བསྐྱོད་པའོ།། དེ་ལ་ཞེ་སྡང་རྡོ་རྗེ་ནི་མཆེ་བ་རྣམ་པར་གཙིགས་པོ་ཁྲི་དོག་མཐོང་ནག་གོ།། མི་བསྐྱོད་པ་ནི་སྒེག་ཅིང་ཞི་བ་ཨིནྡྲ་ནཱ་ལའི་ཁ་དོག་གོ།། གནས་བསྲུང་བ་ནི་ཕྱོགས་བཅུའི་བགེགས་རབ་ཏུ་ཞི་བའི ་མཚན་ཉིད་བསམ་པར་བྱ་ཞེས་དྲང་བའི་དོན་ཏོ་འཇམ་པའི་སྟན་ནི་ཤེས་རབ་ཀྱི་མཚོ་སྐྱེས་ཀྱི་ཟེ་འབྲུ་སྟེ། འདོད་པའི་གདུགས་ཀྱི་རྩའོ།། དེ་ལ་འདུག་ནས་ནི་དེའི་རེག་པ་ཙ་མཾ་ལ་དགའ་བའོ།། སེམས་དཔའི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་པདྨ་སྙོམས་པར་འཇུག ་པ་སྟེ། དེས་ལེགས་གནས་ཏེ་བདེ་བར་གནས་པར་གྱུར་ནས་སོ།། ཞེ་སྡང་རྡོ་རྗེ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པའི་མཚན་ཉིད་འོད་གསལ་བ་སྟེ། དེ་ཉིད་ཏིང་འཛིན་ནི་སེམས་རྩེ་གཅིག་པ་སྐྱེད་པའི་ཕྱིར་རོ།། དེར་གནས་པ་ནི་འཇུག་པར་འགྱུར་ཞིང་།། ་གནས་བསྲུང་བ་ནི་སྒོ་བཅུའི་གནས་ལས་སྒྲོག་ལ་སོགས་པ་རླུང་བཅུ་འགོག་པ་བསམ་པར་བྱ་ཞེས་ངེས་པའི་དོན་ཏོ།། ད་ནི་དེ་ཉིད་བསྣུན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། འབར་བའི་འོད་འཕྲོ་འཇིགས་པར་བྱེད། ་ཉི་མ་ལ་གནས་ཧཱུཾ་ལས་བྱུང་། གཡོན་བསྐྱང་བ་ཡིས་གནས་པས་གནས།། ཁྲོ་བོ་བཅུ་ནི་སྤྲོ་བར་བྱ།། ཞེས་སྨོས་པ་ལ་སྔར་བཤོད་པའི་ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ་དམིགས་ཏེ།། ཐུགས་ཀ་ནས་རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་སྤྲོས་ལ་དེའི་བྷ་གར་ཧཱུཾ་ཡོངསུ ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་སྟེང་དུ་རམ་ཡོངསུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སྙིང་གའི་པདྨ་ལ་གནས་པའི་ཏིང་འཛིན་སེམས་དཔའི་ཡིག་འབྲུ་ལས་འོད་ཟེར་གྱི་འཁོར་ཁྲོ་བ་སྤྱིའི་བུ་ག་ཐམས་ཅད་ལ་སྤྲོས་ལ་ལཱུ་ཌ ་ཀྱུའི་རྣམ་པ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ཁྲོ་བོའི་རྒྱལ་པོ་རྣམ་བཀུག་ཅིང་ངག་གི་ལམ་ནས་ཞུགས་ཏེ་རྩ་དབུས་མའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྲོས་ལ་ཐིག་ལེ་ཡོངསུ་གྱུར་པ་ལས་བྱུང་བའི་ཡི་གེ ་ཧཱུཾ་བཅུ་བསྒོམས་ཏེ།། དེ་ཡོངསུ་གྱུར་པ་ལས་གཙིགས་པའི་རྡོ་རྗེ་བཅུ་འབར་བའི་འོད་འཕྲོ་བ་ཧཱུ~ཾ་གིས་མཚན་པ་བསམས་ཏེ། སྤྲོ་བ་དང་སྤྱི་བི་སྔོན་དུ་འགྲོ་བར་ཡོངསུ་གྱུར་པ་ལས་བྱུང་བྱའི་གཱ་ཤིནྡ་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་ཇི་ལྟར ་ཇི་ཤད་པའི་དབྱིབས་དང་ཁ་དོག་དང་ཕྱག་མཚན་དང་ལྡན་པ་སྐྱེད་ལ། དེ་རྣམས་སྐྱེད་པའི་སྔོན་དུ་ཧཱུཾ་ལས་བྱུང་བ་གནོད་མཛེས་ཀྱི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པོ་ཁ་དོག་སྔོན་པོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བསམས་ཏེ། དེ་ནས ་ལྷ་མོའི་བ་སྤུའི་བུ་ག་ཐམས་ཅད་ཀྱི་སྒོ་ནས་ཁྲོ་བོ་བཅུ་གཅིག་སྤྲོས་ཏེ། བདག་ཉིད་ཀྱི་ཕྱོགས་བཅུ་དང་མདུན་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ།། དེ་ལ་གཤིན་རྗེ་མཐར་བྱེད་ནི་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ ་མངའ་བ། དེ་བྱུག་ཐོ་དང་། འཁོར་ལོ་དང་། རྡོ་རྗེ་དང་པདྨ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཆང་བ།། མ་ཧེའི་སྟེང་དུ་གཤིན་རྗེ་མནན་ནས་གཡས་རླུང་གིས་གནས་པའོ།། ཤེས་རབ་མཐེར་བྱེད་དཀར་པོ།། དཀར་པོ་དང་། སྔོན ་པོ་དང་། དམར་པོའི་ཞལ་མངའ་བ། དབྱིག་པ་དང་། རལ་གྲི་དང་། རྡོ་རྗེ་དང་། ནོར་བུ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་འཛིན་པ། ཁྱབ་འཇུག་གི་སྟེང་དུ་གཡོན་བརྐྱང་བས་གནས་པའོ་པདྨ་མཐར་བྱེད་དམར་པོ།། དམར་པོ་དང་། སྔོན་པོ ་དང་། དཀར་པོའི་ཞལ་མངའ་བ། པདྨ་དང་རོལ་གྲི་དང་། རྡོ་རྗེ་དང་། ནོར་བུ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དྲིལ་བུ་འཆང་བ། ལྷ་ཆེན་པོའི་སྟེང་དུ་རྐང་པ་མཉམ་པས་གནས་པའོ།། བགེགས་མཐར་བྱེད་ནི་ལྔ་ཁུ། ལྗང་ཁུ་དང་སྔོན་པོ་དང་། དམར ་པོའི་ཞལ་མངའ་བ་རྡོ་རྗེ་དང་། རལ་གྲི་དང་། པདྨ་དང་། ནོར་བུ་དང་། སྡིགས་མཛུབ་ཞགས་པ་དང་། དྲིལ་བུ་འཆང་བ་ལོག་འདྲེན་གྱི་སྟེང་དུ་མི་མཉམ་པའི་རྐང་པས་གནས་པའོ།། མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་དང་། སྟོབས་པོ་ཆེ་དང་། ་གནོད་མཛེས་དང་གཙུག་ཏོར་འཁོར་ལོ་ཏེ། ཞལ་གསུམ་ཕྱག་དྲུག་པ། ཁ་དོག་ནག་པོ།། གཡོན་བརྐྱང་བས་ཉི་མ་ལ་གནས་པ། གཙོ་བོའི་ཕྱག་གིས་ལྕགས་ཀྱུ་དང་རྩེ་གསུམ་དབྱུག་པ་དང་། རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེ་འཆང་བ་དང་། ལྷག་མ་རྣམས་ཀྱིས ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིན་དུ་ཕྱག་མཚན་འཛིན་པ་བསྒོམ་པར་བྱའོ།། ཁྲོ་བོ་དེ་དག་ཀྱང་མིའུ་ཐུང་ལྟོ་འཕྱང་བ།། སྐུ་རྒྱས་པ། མཆེ་བ་རྣམ་པར་གཅིག་པ་ཧ་ཧར་སྒྲོག་པ། སྐྲ་འབར་བ་གྱེན་དུ་མརྗེས་པ། ཉི་མ་དང་། ཟླ་པ་དཱ། ་མེའི་རང་བཞིན་སྤྱན་གསུམ་པ། སྨིན་མ་དང་སླར་དང་། དབུ་སྐྲ་ཁམ་པོ། རལ་པའི་ཐོར་ཚུགས་འཇོག་པོས་བཅིངས་པ། པདྨ་དང་པདྨ་ཆེན་པོས་རྣ་ཆ་བྱས་པ། ནོར་རྒྱས་གྱིས་བུས་ཚངས་སྐད་བཏང་བ། དུང་སྐྱོང་དང་རིགས་ལྡན་དག་གིས་རྐང་གདུབ་བྱས་པ།། ་མཐའ་ཡས་ཀྱིས་སྟག་གི་ལྤགས་པའི་ཤམ་ཐིབས་བཅིངས་པ་ཧུ་ལུ་ཏས་བྱས་པའི་གདུ་བུས་བརྒྱན་པ། ཧ་ཧར་རྒོད་པས་བྲག་རྣམས་འཇིག་པ། སོ་རྣམས་ཀྱིས་མཆུ་འཛིན་པ་བསམ་པར་བྱའོ།། དེ་ཉིད་ཀྱི་ཕྱིར་ཧཱུཾ་ལས་བྱུང་ཞེས་བྱ་བ་ནི་ཡི་གེ་ཧཱུ~ཾ་བཅུ་ལས ་བྱུང་བའོ།། གཡོན་བརྐྱང་བ་ཞེས་བྱ་བ་ནི་ཉེ་བར་མཆེན་པ་སྟེ། སྔར་བཤད་པའི་སྟངས་ཐབས་ཀྱིས་གནས་པ་ཞེས་བྱ་བའི་དོན་ཏོ།། འབར་བའི་འོད་འཕྲོ་འཇིགས་པར་བྱེད་ཅེས་བྱ་བ་ནི་མཐའ་ཡས་པའི་ཁྲོ་བོའི་རྒྱལ་པོ་སྤྲོ་བར་བྱེ་བའོ།། བཅུ་ཞེས་བྱ་བ་ནི ་གནོད་མཛེས་ཀྱི་རྒྱལ་པོ་གཅུ་གཅིག་པ་ཡང་སྤྲོ་བར་བྱའོ།། དེ་ལ་བཀའ་སྦྱིན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ནི།། རིམྦྷ་པ་བཞིན་དུ་བོསམ་བྱ་སྟེ། བགྲོགས་ཀུན་རྣམ་པར་གཞིག་པའི་ཕྱིར།། གནོད་མཛེས་བཀའ ་སྩལ་དུ་པུས་བུས་ཅེས་སྨོས་པ་ལ།། ཁྲོ་བོ་བཅུ་པོ་དེ་དོག་ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོར་ཏེ། བདག་ཉིད་ཀྱི་ཕྱོགས་བཅུའི་མཐར་རིམ་པ་བཞིན་ནི་རིམ་པ་ཇི་ལྟར་བཞིན་དུ་ལ་སོགས་པར་རིམ་གྱིས་བསམ་པར་བྱ་སྟེ། ཞེས་བྱ་བ་ནི་དགོད་ཅིང་གསལ་བཱ ་བལྟས་ལ། དེའི་ནང་དུ་བཅུ་གཅིག་པ་གནོད་མཛེས་ནི་བཀའ་ཉན་གྱི་གཟུགས་ཅན་བཀའ་སྩལ་པ་ནི་བཀའ་བྱིན་ནས་བགེགས་ཀུན་ནི་འཇིག་རྟེན་སྐྱོང་བ་སྟེ། དབང་པོ་ལ་སོགས་པ་དེ་རྣམས་འཇིག་པར་བྱ་བའི་ཕྱིར་ཕུར་བུས་གདབ་པ་ནི་ཕུར་བུས་གདབ་པའི་ཆོག ་བྱ་སྟེ་དྲང་བའི་དོན་ཏེ། འོད་གསལ་བ་ལ་སྐད་ཅིག་མ་བཅུ་སྟེ། སྨིག་སྒྱུ་ལ་སོགས་པ་རྟགས་ལྔ་དང་། དེ་འདས་པའི་སྐད་ཅིག་མ་ལྔའོ།། དེ་རྣམས་རླུང་བཅུ་པོའི་བགེགས་འགོག་པར་བྱེད་པས་ན་ཕུར་བུ་སྟེ། འོད་གསལ་བ་སྔོན་དུ་བྱེད་པ་ནི་གནོད་མཛེས་ཏེ། ངེས ་བའི་དོན་ཏོ།། ཕུར་བུ་གདབ་པའི་སྔགས་བཤད་པར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུམ་བྷུ་ཧཱུཾ་ཧཱུཾ་ཕཊ། གྲཱི་ཧྞ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། གྲིཧྞཱ་པ་ཡ་གྲིཧྞཱ་བ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ་བྷ་བཱན་བིདྱཱ་རཱ་ཛཱ་བཛྲ་ཧཱུཾ་ཧཱུ~ཾ་ཕཊ། ཅེས་སྨོས་པ་ལ། དེ་ནས་ཞེས་སྡང་རྡོ་རྗེ་བགེགས་ཀྱི་བདག་པོ་དགུག་པར ་བྱ་བའི་དོན་དུ་སྡིགས་མཛུབ་དང་མཐེ་བོང་ནི་ཕྱག་རྒྱས་ཕྱོགས་བཅུར་བསྐུལ་བའི་ཕྱི་རོ་སྔགས་འདས་གནོང་མཛེས་ལ་བཀའ་སྩལ་། ཨོཾ་ནི་རྡོ་རྗེ་འཆང་བའོ།། སུ~ཾ་བྷ་ནི་བོད་ཐོའོ།། ནི་སུཾ་བྷཱ་བིགེགས་གནོན་པའོ།། ཧཱུ~ཾ་ནི་མི་བསྐྱོད་པའི་སྙིང་པོའོ།། ཧཱུ~ཾ་གཉིས ་པོ་ནི་སྙིང་པོ་སྐུལ་བའོ།། ཕཊ་ནི་གསོད་པའོ།། གྲིཧྞ་གྲྀ་ཧྞ་ནི་སོང་བ་རྣཾས་ཀྱི་ཚེ་ཞིག་ཆིངས་ཤིག་པའོ།། གྲི་ཧྞཱ་པ་ཡ་ནི་འཁོར་རྣམས་ཀྱིས་ཆིངས་ཤིག་པའོ།། བཅིངས་ནས་བདག་གཱི་གམ་དུ་ཨཱ་ན་ཡ་ཧཱུ~ཾ་ཞེས་ཁྲིད་ཅིག་པའོ།། བྷ་ག~ཾ་བྷཱན་བཛྲེ་ཞེས་བྱ་བ་ནི་དང་བས་དགུག ་པའོ།། ལྷག་མེ་ནི་སྔར་བཞིན་ནོ།། སྔགས་དེ་གནོད་མཛེས་ཀྱི་རྒྱལ་པོ་ཐལ་མོ་སྦྱོར་ཞིང་ཉན་པར་བསྒོམ་པར་བྱའོ།། སོང་ནས་ཅི་བྱེད་ཅེ་ན། སྨྲས་པ་ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི། བགེགས་ཀྱི་དབང་པོ་ཉིད་བཀུག་ནས།། བློ་དང་ལྡན་པས་སྦྱོར་བ་ཡིས།། ཆོ་གེ ་བཞིན་དུ་པུར་བུས་གདབ་ཅེས་སྨོས་པ་ལ། ཁྲོ་བོའི་གཟུགས་ཅན་དེ་ཉིད་ནི་གནོད་མཛེས་ཀྱི་རྒྱལ་པོའི་གཟུགས་དང་།། ཁྲོ་བོ་བཅུའི་གཟུགས་ཀྱིསོ།། བགེགས་ཀྱི་དབང་པོ་ནི་བརྒྱ་བྱིན་ལ་སོགས་པའོ།། བདུག་པ་ནི་མནན་ནས་སོ།། བློ་དང ་ལྡན་པ་ནི་དྲན་པ་དང་ལྡན་པའི་ངང་ཚུལ་ཅན་གྱི་རྣལ་འབྱོར་པས་སོ།། སྦྱོར་བ་ཡིས་ནི་ཕུར་བུས་གདབ་པའི་སྦྱོར་བའི་ཏི་ངེ་འཛིན་གྱིསོ།། ཆོ་ག་བཞིན་དུ་ནི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་བསམ་གཏན་གྱིས་དེ་རྣམས་ཕུར་བུས་གདབ་པར་བྱའོ།། དེའི་དོན་ནི ་འདི་ཡིན་ཏེ། ཞེ་སྡང་རྡོ་རྗེའི་བཀའ་བླངས་ལ་གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ཕྱོགས་བཅུར་སྤྲོས་ལ། དེས་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་དགུག་ཅིང་ཞེ་སྡང་རྡོ་རྗེའི་ཕྱོགས་བཅུར་འཇོག་པར་བྱེད་པར་བསམས་པར་བྱའོ།། དེ་ལ ་ཤར་ཕྱོགསུ་བརྒྱ་བྱིན་དཀར་པོ་གདོང་གཅིག་པ་ལག་པ་གཉིས་པ་རྡོ་རྗེ་དང་། ཨུཏྤ་ལ་འཛིན་པ། གླང་པོ་ཆེ་ལ་གནས་པ།། བདེ་སོགས་མ་དང་བཅས་པ། ལྷོ་ཕྱོགསུ་གཤིན་རྗེ་ཁ་དོག་སྔོན་པོ་གདོང་གཅིག་པ། ལག་པ་གཉིས་པ། དབྱིག་པ་དང་མི་མགོ་འཛིན་པ། ་མ་ཧེ་ལ་གནས་པ་ནག་མོ་དང་བཅས་པ། ནུབ་ཕྱོགསུ་ཆུ་ལྷ་དཀར་པོ་གདོང་གཅིག་པ། ལྡག་པ་གཉིས་པ། ལག་པ་གཉིས་ཀྱིས་ཀླུའི་ཞགས་པ་འཛིན་པ།། ཆུ་སྲིན་ལ་ཞོན་པ་མཛེས་མ་དང་བཅས་པའོ།། བྱང་ཕྱོགསུ་རྣམས་ཐོས་སྲས་དམར་པོ་གདོང ་གཅིག་པ། ལག་པ་གཉིས་པ་སེངྒེའི་རྒྱལ་མཆེན་དང་ནི་ལིའི་གཏེར་འཛིན་པ་སེང་གེའི་ཁྲི་ལ་གནས་པ།། ཟླ་བའི་འོད་དང་བཅས་པའོ།། མེའི་མཚམ་སུ་མེ་ལྷ་དམར་པོ། གདོང་གཅིག་པ་ལག་པ་གཉིས་པ། འཕྲེང་བ་འཛིན་པ། ནེ་ཙེ་ལ་ཞོན་པ་སྭཱ་ཧཱ ་མ་དང་བཅས་པའོ།། བདེན་བྲལ་གྱི་མཚམསུ་བདེན་བྲལ་ནག་པོ།། གདོང་གཅིག་པ། ལག་པ་གཉིས་པ། རལ་ཕུབ་མཛིན་པ། ཡི་དགས་ལ་གནས་པ། རྣམ་པར་གཙིགས་མ་དང་བཅས་པའོ།། རླུང་གི་མཚམསུ་རླུང་ལྷ་ལྗང་གུ་གདོང་གཅིག་པ། ལག ་པ་གཉིས་པ། རྒྱལ་མཚན་འཛིན་པ། ཤྭ་བ་ལ་གནས་ཤིང་རླུང་མ་དང་བཅས་པའོ།། དབང་ལྡན་གྱི་མཚམ་སུ་དབང་ལྡན་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། མ་ཏུ་ལུང་ག་དང་རྩེ་གསུམ་འཆང་བ།། ཁྱུ་མཚོ་ག་ལ་ཞོན་པ། ཨུ་མ་དང་བཅས ་པའོ།། སྟེང་དུ་ཚངས་པ་དང་ཉི་མ་དང་ཟླ་བ་སྟེ་གདོང་གཅིག་པ་ལག་པ་གཉིས་པ། སེར་པོ་དང་། དམར་པོ་དང་དཀར་པོའོ།། གྷུནྡྷེ་དང་ཕྲེང་བ་དང་པདྨ་དང་། ཀུ་མུ་ཏ་འཛིན་པ། ང་པ་དང་རྟ་དང་ཀུ་མུ་ཏ་ལ་གནས་པ། གྲགས་མ་དང་འོད་ལྡན་མ་དང་བེ་རྫི ་དང་བཅས་པའོ།། འོག་ཏུ་ཐགས་བཟང་རིས་ནག་པོ་གདོང་གཅིག་པ། ལག་པ་གཉིས་པ་རལ་གྲི་དང་སྡིགས་མཛུབ་འཛིན་པ་གླང་པོ་ལ་ཞོན་པ་སའི་ལྷ་མོ་ཡང་ལུས་ཕྱེད་འཐོན་པ་སེར་མོ་ལག་པ་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་དེ་དག ་ཐམས་ཅད་བུ་སྨད་དང་འཁོར་དང་བཅས་པ། ཀུན་ཙེ་དུ་མ་བྱེད་པ་བསམ་པར་བྱའོ།། དེ་ནས་ཞེ་སྡང་རྡོ་རྗེའི་བ་ས་གནོད་མཛེས་ཀྱི་རྒྱལ་པོས་ཁྲོ་བོ་བཅུ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་སྟོང་ཁྲོ་བོའི་རྣམ་པ་ཅན་བླངས་ཏེ། རྟ་མགྲིན་གྱི་རང་བཞིན་གྱི་ཐོབས ་བརྒྱ་བྱིན་ལ་སོགས་པའི་སྤྱི་བོར་གདབ་ཅིང་རྡུང་བཞིན་པར་བསམ་པར་བྱའོ།། ཕུར་བུས་གདབ་པའི་དུས་སུ་ཁྲོ་བོ་བཅུ་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་དང་འདྲ་བ། ཨུཏྤ་ལ་སྔོན་པོ་ལྟ་བུ་བསམ་པར་བྱ་ཏེ། བདུད་རྩི་འཁྱིལ་པ་ནི་ལས་ཐམས ་ཅད་པ་ཡིན་པའི་ཕྱིར་རོ།། དེ་ནས་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱིས་བགེགས་དེ་དག་ས་འོག་བདུན་གྱི་བར་དུ་སོན་པར་དུ་གནོན་པར་བསམ་པར་བྱའོ།། དེ་ལས་བྱུང་བའི་ཁྲོ་བོ་འབར་བའི་ཚོགས་ཀྱིས་ཁྱུང་མོ་ལྕགས་རིའི་མཐར་དེ་རྣམས ་ཀྱི་འཁོར་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། ཡི་དགས་དང་། སྨྱོ་བྱེད་དང་། གྲུལ་བུམ་ལ་སོགས་པ་བསྲེག་ཅིང་ཐལ་བར་གྱུར་པ་ཁྲོ་བོའི་ཞལ་ནས་བྱུང་བའི་ཡི་གེ་ཧཱུཾ་གི་དབུགས་ཀྱི་རླུང་གིས་ཁྱེར་པ་མི་སྣང་བར་བྱས་པར་བསྒོམ ་པར་བྱའོ།། ཞེས་འཁོར་དང་བཅས་པའི་བགེགས་རབ་ཏུ་ཞི་བ་བསྟན་ནོ།། དེ་ཉིད་བཤད་པོར་བྱ་བའི་ཕྱིར།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། ཨུཏྤ་ལ་སྔོན་པོའི་འདབ་མའི་མདོག། འབར་ཕྲེང་འཁྲིགས་པའི་འོད་ལྡན་པ།། རྡོ་རྗེ་ཕུར་བུས་རྣམ་པར་བསྒོམ་ཞེས་སྨོས་པ་ལ།། ་ཕུར་བུས་གདབ་པའི་དུས་སུ་སྒྲུབ་པ་པོས་རྡོ་རྗེ་བདུད་རྩི་ནི་བདུད་རྩི་འཁྱིལ་བ་སྟེ། དེ་ཉིད་རྒྱལ་པོ་ཆེ་སྟེ་ཁྲོ་བོ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ་ལས་ཐམས་ཅད་ཀྱི་རིགས་ལས་བྱུང་བའི་ཕྱིརརོ།། ཨུཏྤལ་སྔོན་པོ་འདབ་མའི་མདོག་ནི་ཁ་དོག་ལྗང་གུའོ།། ་འབར་འཕྲེང་འཁྲིགས་པའི་འོདི་ལྡན་པ་ཞེས་བྱ་བ་ནི་ཁྲོ་བོའི་འབར་བ་སྤྲོ་བར་བྱེད་པའོ།། རྡོ་རྗེ་ཕུར་བུ་ནི་ཁྲོ་བོའི་རྒྱ་ལྷོ་བཅུའི་རང་བཞིན་དུ་བསམ་པར་བྱའོ།། གལ་ཏེ་ཁ་དོག་གིས་བདུད་རྩི་འཁྱིལ་བ་དང་འདྲ་བར་བསྒོམ་ན་དེ་རྣམས་ཀྱི་དབྱིབས་ཇི་ལྟ་བུ་ཡིན། ་ཞེ་ན། སྨྲས་པ་ལྟེ་བའི་ཕྱོགས་ནས་སྨད་ཀྱི་ཆ།། རྩེ་མོ་ལྟ་བུར་རྣམ་བསམ་ཞིང་།། སྟོད་ནི་ཁྲོ་བོའི་དབྱིབས་ཅན་ཏེ།། ཞལ་གསུམ་ཕྱག་དྲུག་ལྟ་བུ་བསྒོམ།། ཞེས་སྨོས་པ་ལ།། ཁྲོ་བོ་བཅུ་པོ་དེ་དག་སྟེང་དུ་ནི་ལྟེ་བའི་བར་དུ་ཞལ་གསུམ་ཕྱག་དྲུག་པོ་ལྟ་བུའོ།། དེ་ལྟེ་བ ་མན་ཆད་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་བསམ་པར་བྱའོ།། གང་གིས་བགེགས་རྣམས་ཕུར་བུས་བཏབ་པར་གྱུར་ཏེ། དྲང་བའི་དོན་ཏོ།། འདོད་པའི་གདུགས་དང་། རུ་སྦལ་མ་དང་། ཟླ་བ་མ་སྟེ་རྩཝ་གསུམ་ལྟེ་བ་ཡན་ཆད་ཆ་གཉིས་ཀྱིས་གནས་པས་ཕྱག་དྲུག་པ་ལྟ་བུའོ།། ་སྙོམས་པར་འཇུག་པའི་དུས་སུ་རོ་གཅིག་པར་འགྱུར་བས་རྩེ་གཅིག་པའི་རྡོ་རྗེ་ལྟ་བུར་གྱུར་པ་དེའི་ཚེ་སྣང་བ་ལ་སོགས་པའི་བགེགས་ལ་ཕུར་བུས་བཏབ་པར་འགྱུརརོ་ཞེས་པ་ངེས་པའི་དོན་ཏོ།། དེ་ཉིད་སྤྲོ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ཡི་གསང ་སྔགས་ལེགས་བརྗོད་ལ།། བལྟས་པས་འོག་ཏུ་བགེགས་ཀྱི་ཚོགས།། རྡོ་རྗེའི་ཕུར་བུས་ངས་བཏབ་ན། བགེགས་ཀྱི་ལུས་ལ་མི་གཡོ་འགྱུར་ཞེས་སྨོས་པ་ལ།། རྡོ་བདུད་རྩི་འཁྱིལ་བའི་གཟུགས་ཀྱིས་གནོད་མཛེས་ཀྱི་རྒྱལ་པོས་མགོ་བོ་ནས་བརྩམས་ཏེ་རྐང ་པའི་མཐིལ་གྱི་བར་དུ་ཕུར་བུས་བཏབ་ནས་ས་འོག་བདུན་གྱི་བདུ་སོན་པར་བལྟས་ཏེ། དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར།། སྔགས་འདི་བརྗོད་པར་བྱ་སྟེ་དྲང་བའི་དོན་དོ།། རྣམ་པར་རྟོག་པའི་ཚོགས་ཞི་བར་འགྱུར་ན་འོད་གསལ་བའི་བདག་ཉིད་ཀྱི་སྔགས་ཡིད ་ཀྱིས་བསམ་པར་བྱ་སྟེ། ངེས་པའི་དོན་ཏོ།། སྔགས་དེ་ཉིད་བཤད་པར་བྱ་སྟེ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། སརྦ་བི་གྷཾ་ཀཱ་ཡ་བཱཀ་ཙིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ་ཅེས་སྨོས་པ་ལ། ཞེ་སྡང་རྡོ་རྗེའི་རང་བཞིན་གྱི་རྣལ་འབྱོར་པས་སྔགས་འདི་བརྗོད་པས་བཀའ་བསྒོ་བར་བྱ་སྟེ། ཨོཾ་ནི་བཤད་ཟིན་ཏོ། གྷ་གྷ་ཞེས་བྱ་བ་ལ་སོགས་པ་ནི་སོད་ཅིག་པའོ།། སརྦ་དུཥྚི་ནི་དབང་པོ་ལ་སོགས་པའོ།། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ནི ་སྔ་མ་བཞིན་ནོ།། ཀཱི་ལ་ཡ་ནི་སྤྱི་བོར་ཕུར་བུསྣ་ཐོབ་ཅིག་པའོ།། སརྦ་པཱ་པཾ་ཞེས་བྱ་བ་ནི་ཁྱབྷ་འཇུག་ལ་སོགས་པའོ།། བཛྙཱ་ཀཱི་ལ་ཡཱ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་བོད་པའོ།། བཛྲ་དྷཱ་རོ་ཨཱཛྙཱ་པ་ཡ་ཏི་ཞེས་བྱ་བ་ནི་བདག་ཞེ་སྡང་རྡོ་རྗེ་བཀ ་སྩལ་པའོ།། སརྦ་བཱི་གྷྣཱཾ་ཞེས་བྱ་བ་ནི་སྔར་བཤད་པ་རྣམ་ཀྱིའོ།། ཀཱ་ཡ་བཱིཀྵི་ཏྟཾ་ནཱི་ལུས་ལ་སོགས་པའོ།། བཛྲཱ་ཀཱི་ལ་ཡོ་ནི་དབྱི་བར་གྱིས་ཤིག་པའོ།། ཧཱུཾ་གསུམ་ནཱི་ལུས་ལ་སོགས་པ་ཕུར་བུས་བཏབ་པའི་ཕྱིརརོ།། ལྷག་མ་ནི་སྡོ་མ་བཞིན་ནོ།། སྔགས་ཀྱི་ཚིག ་གཉིས་པོ་དེ་དག་གི་ཐོས་བགེགས་རྣམས་ལ་ཕུར་བུས་བཏབ་པ་དང་། གཅིག་གིས་ནི་བརྡུང་བར་བྱ་སྟེ། དྲང་བའི་དོན་ཏོ།། རྣམ་པར་རྟོགས་པ་ཐམས་ཅད་སེལ་བ་ནི་ཕུར་བུས་བཏབ་པ་དང་། འོད་གསལ་བ་ལོ་རྟན་པ་ནཱི་བརྡུང་བར་བྱ་སྟེ། ངེས་པའི་དོན་ཏོ།། བརྡུང ་བ་ནི་ཇི་ལྟར་བྱེད་ཅེ་ན་སྨྲས་པ།། རྡོ་རྗེ་ཐོབ་ཕྱག་བསྣམས་པའི།། གནོད་མཛེས་རྒྱལ་པོ་རྣམ་པར་བསམ།། རྡོ་རྗེ་མེ་ནི་སྔགས་བཅས་པས།། རྣམ་པར་འཕྲོ་བ་ངེས་པར་བསྒོམ་ཞེས་སྨོས་པ་ལ།། གནོད་མཛེས་ཀྱི་རྒྱལ་པོ་ཡོང་རྡོ་རྗེ་ལྕགས་ཀྱུ་ཡོངསུ ་གྱུར་པས་རྡོ་རྗེ་ཐོབ་ལགྷ་ནཱ་བསྣམས་པ་བསྒོམ་པར་བྱའོ།། དེ་ཡངྒ་རྟ་མགྲིན་གྱི་རང་བཞིན་ཞེས་མུན་ངག་གོ།། རྡོ་རྗེ་ཐོ་བ་དེ་ཡང་རྡོ་རྗེའི་མེ་འཕྲོ་བར་བྱེད་པར་བསམ་མོ།། རྡོ་རྗེ་ཐོ་བ་དེས་དེ་དགྲ་བརྡུང་ཞིང་ས་འོག་བདུན་དུ་སོན་པར་བསམས་ཏེ། ཁྲོ་བོའི་སྐུ ་ལས་བྱུང་བའི་འབར་བའི་ཚོགས་ཀྱི་བསོགས་ལ་དབུགོས་ཀྱི་རླུང་གིས་ཐལ་བར་ཁྱེར་བར་བྱའོ།། ཞེས་དྲང་བའི་དོན་ཏོ།། གནོད་མཛེས་ཀྱིས་རྒྱལ་པོ་ནི་རྩ་དབུས་མ་སྟེ། དེ་ཉིད་རྡོ་རྗེའི་ཐོ་བའི་དབྱིབས་ཅན་འོད་གསལ་བའི་མེ་འཕྲོ་བ་བསམ་པ་ནི་ངེས་པའི ་དོན་ཏོ།། དེ་ཉིད་བཤད་པ་གདུག་པ་ཚིག་པས་ཕན་ཚུན་དུ།། འབྲོས་པར་གྱུར་པར་རྣམ་པར་བསམ་ཞེས་བྱ་བ་ནི་ཕན་ཚུན་ཏེ་བདག་པོ་རྣམས་ཕུར་བུས་བཏབ་ན་འཁོར་རྣམས་ཀྱང་འཇིགས་པ་དང་ལྡན་པར་གྱུར་ཞིང་འབྲོས་པར་གྱུར་པར་བལྟས་ཏེ། སྔ་མའི་རིམ་གྱི ་བསྲེག་པར་བྱ་སྟེ། དྲང་བའི་དོན་ཏོ།། སྣང་བ་གསུམ་སྤངས་པར་གྱུར་ན། དེའི་འཁོར་དུ་གྱུར་པའི་རང་བཞིན་བརྒྱ་དྲུག་བཅུ་འབྲོས་པར་གྱུར་པ་ནི་མི་སྣང་བར་གྱུར་པར་བསམ་པར་བྱ་སྟེ། ངེས་པའི་དོན་ཏོ།། ཉེ་བར་བསྒྲུབ་བཤད་པར་བྱ་སྟེ། ཕྱོགས་བཅུར་ཕུར་བུས ་བཏབ་ནས་ནི།། སྟེང་འོག་ཡང་དག་བྱིན་གྱིས་བརླབ་ཅེས་བྱ་བ་ནི་དེ་ལྟར་སྔར་བཤད་པའི་རིམ་གྱིས་ཕྱོགས་བཅུར་ཕུར་བུས་བཏབ་པར་བསྟན་ཏོ།། འོ་ན་ཕྱོགས་བརྒྱད་ནི་རབ་ཏུ་གྲགས་པ་སྟེ། ཇི་ལྟར་ཕྱོགས་བཅུ་ཞེས་བཤད་ཅེས། སྨྲས་པ་སྟེང་འོག་ཡང་དག ་བྱིན་གྱིས་བརླབ་ཅེས་བྱ་བ་ནི་སྟེང་འོག་དང་ལྷན་ཅིག་ཕྱོགས་བཅུར་ཕུར་བུས་གདབ་པས་སྐྱོན་མེདོ།། དེ་ཉིད་བཤད་པ་ཡང་དག་བྱིན་བརླབ་པ་ནི་ཕུར་བུས་གདབ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་ཡེ་ཤེས་སེམས་དཔའི་ས་བོན་ལས་འོད་ཟེར་གྱི་འཁོར་ལོ ་སྤྲོས་ལ་ལྕགས་ཀྱུའི་རྣམ་པ་དེས་ཁྲོ་བོ་བཅུ་གཅིག་པོ་བཀུག་ཅིང་རང་གི་སྙིང་གར་བཅུག་སྟེ་ཐབས་དང་ཤེས་རབ་འབའ་ཞིག་ཏུ་གནས་པར་བལྟ་བར་བྱའོ།། དེ་ལྟར་བྱས་ན་ཡང་གལ་ཏེ་ལས་དང་པོ་པ་ཡིན་པའི་ཕྱིར་བགེགས་ཞི་བར་མ་གྱུར་ན་དེའི་ཚེ་ཇི་ལྟར ་བྱེད་ཙ་ན།། སྨྲས་པ། དམ་པའི་དོན་དུ་སྲིད་གསུམ་ནི།། དངོས་པོ་མེད་པར་བསྒོམ་པར་བྱ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་སྲིད་གསུམ་མོ།། གཅིག་དང་དུ་མ་དང་བྲལ་བས་ན་སྟོང་པ།། དབང་ཕྱུག་ལ་སོགས་པ་རྒྱུ་མེད་པས་ན་མཚན་མ་མེད ་པ་རྟོགས་པ་དང་བྲལ་བས་སྨོན་པ་མེད་པ་སྟེ། དེ་ཉིད་ཀྱིས་ཕྱིར་དངོས་པོ་མེད་པ་སྟེ། འདི་ཉིད་ཀྱི་ངོ་བོ་ཞེས་བརྗོད་དུ་མི་ནུས་པ་ཐམས་ཅད་སྟོང་པའི་རང་བཞིན་དུ་བསྒོམ་པར་བྱའོ།། ཇི་སྐད་དུ་གཟུགས་ནི་དབུ་བ་ལྟ་བུར་བཤད།། ཚོར་བ་ཆུ་བུར ་དང་མཚུངས་པ།། འདུ་ཤེས་སྨིག་རྒྱུ་ལྟ་བུར་སྟེ། འདུ་བྱེད་ཆུ་ཤིང་དང་འདྲ་བ།། རྒྱུ་མ་ལྟ་བུར་རྣམ་པར་ཤེས། དེ་ལྟར་ཕུང་པོ་རྣམས་བསྟན་པའོ་ཞེས་འབྱུང་ངོ་།། དེ་བཞིན་དུ་རང་བཞིན་བྲལ་བ་སྟོང་པ་ཉིད་ཡིན་ཏེ། རྒྱུ་དང་བྲལ་བས་དེ་བཞིན་མཚན་མེད།། རྟོག་པ་མེད ་པས་དངོས་པོ་མ་ལུས་ནི།། སྨོན་པ་ལས་ནི་ངེས་པར་གྲོལ་བ་ཡིན་ཞེས་འབྱུང་ངོ་།། དེ་བཞིན་དུ། རང་ལས་མ་ཡིན་གཞན་ལས་མིན་གཉི་ག་ལས་མིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་འབྱུང་།། དངོས་པོ་འདི་དག་རང ་བཞིན་མེད། གཅིག་དང་དུ་མ་དང་བྲལ་ཕྱིར་གཟུགས་བརྙན་བཞིན་ཞེས་གཞན་ལས་ཀྱང་འབྱུང་ངོ་།། འདིར་མན་ངག་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཡབ་ཡུམ་ཞུ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསམ་པར་བྱའོ་ཞེས་བྱ་བའི ་དོན་ཏོ།། དེ་ཉིད་སྤྲོས་ཏེ་བཤད་པར་བྱ་བའི་ཕྱིར།། དངོས་པོ་མེད་པས་སྒོམ་པ་མེད།། བསྒོམ་པར་བྱ་བ་སྒོམ་པ་མིན།། དེ་བས་དངོས་པོ་དངོས་མེད་པས། སྒོམ་པ་དམིགསུ་མེད་པའོ།། ཞེས་སྨོས་པ་ལ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་མེད་ན ་སྒོམ་པ་མེད་དེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ།། བསྒོམ་པར་བྱ་བ་བསྒོམ་པ་མིན་ཞེས་བྱ་བ་ནི། གང་ཡོད་པའི་སྒོམ་པ་དེ་ཡང་སྒོམ་པ་མ་ཡིན་ཏེ། སྒོམ་པ་མེད་པས་ཀྱང་ཡོད་པའི་ཕྱིར་རོ།། དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་ནི་དངོས ་པོ་མ་ཡིན་ནོ།། དེ་བས་ན་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་།། སྒོམ་པ་ནི་མི་དམིགས་ཏེ། ཡི་གེའི་དོན་ཏོ།། སྟེང་ལ་སོགས་པའི་དབྱེ་བས་ཆོས་ཐ~ཾད་སེལ་ཅིང་འདུ་གྱུས་དུ་ཡུས་བྱས་པའི་ཆོས་རྣམས་སྟོང་བུ་ཞེས་བསྒོམ་པ་གང་ཡིན་པ་སྟེ། སྟོང་པ་ཉིད་ལ་མངོན་པར ་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་རོ།། མཚན་མ་སེལ་བར་བྱ་བའི་ཕྱིར། བསྒོམ་པར་བྱ་བ་བསྒོམ་པ་མིན་ཞེས་སྨོས་ཏེ། རྒྱུ་དང་འབྲས་བུའི་རྣམ་པ་ལ་མངོན་པར་ཞེན་པོའི་སྒོམ་པ་གང་ཡིན་པ་དེ་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཕྱིར་རོ།། ་སྨོན་པ་སེལ་བར་བྱ་བའི་ཕྱིར་དེ་བས་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཕྱིའི་རྣམ་པའི་སྨོན་པའི་འབྲས་བུ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། སྨོན་པ་ལ་སོགས་དམིགས་པ་མེད་པའི་ཕྱིར་རོ།། དེ་བས་ན་ཕྱིའི་ངོ་མོ་བོཞི་ནི་བསྒོམ་པ་དམིར ་སུ་མེད་པ་ནི་ཡོད་པོ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། སྤྱིའི་དོན་ཏོ།། དངོས་པོ་མེད་པ་ནི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་རྣམས་མེད་པས་བསྒོམ་པར་གྱུར་པ་སེམས་ཙམ་གང་ཡིན་པ་དེ་ནི་མེད་དེ།། མ་དག་པོ་དང་རྟག་ཏུ་མེད་པའི་ཕྱིརརོ།། ་ཀུན་རྫོབ་ཀྱི་བདེན་པ་སེལ་བར་བྱ་བའི་ཕྱིར།། བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་སྨོས་ཏེ། ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་ལྷའི་སྐུ་བསྒོམ་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། འོད་གསལ་བས་རྣམ་པར་དག་པར་བྱ་བའི་ཕྱིརརོ།། དེ་བས་ན་ཀུན་རྫོབ་ཀྱི ་བདེན་པ་ཙམ་གྱི་དངོས་པོ་ནི་དངོས་པོ་མ་ཡིན་ཏེ་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་རོ།། དེས་ན་སྒོམ་པ་ནི་བདེན་པ་གཉིས་ཀྱི་རྣམ་པའི་སྒོམ་པ་དམིགས་པ་མེད་པ་སྟེ། དཀའ་བས་དམིགས་པ་ཞེས་བྱ་བ་སྟེ། སྦས་པའོ།། དངོས་པོ་མེད་པ་ནི་དོན་དམ་བཱི ་བདེན་པ་སྒོམ་པ་མེད། ཐོག་མ་ནས་དག་པའི་ཕྱིར་རོ།། ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྒོམ་པ་གང་ཡིན་པ་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། བདེན་པ་མ་ཡིན་པའི་ཕྱིརོ།། དེ་བས་ན་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི ་དངོས་པོ་ནི་བསྒོམ་པར་བྱ་བ་མ་ཡིནོ།། བདེན་པ་གཉིས་སུ་མེད་པར་བྱ་བ་མཐོང་བ་ཙམ་གྱིས་ཐར་པ་ཡིན་པའི་ཕྱིར་རོ།། དེས་ནས་སྒོམ་པ་པོ་དང་། སྒོམ་པ་དང་། བསྒོམ་པར་བྱ་བ་མངོན་པར་ཞེན་པ་འདི་ནི་ཟུང་འཇུག་གི་རིམ་པ་ཁོང་དུ་ཆུད་པས་མི་དམིགསོ། ་ཞེས་མཐར་ཐུགས་པའོ།། དངོས་པོ་མེད་པ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་མེད་ན་དེ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྒོམ་པ་མེད།། དེའི་རང་བཞིན་མི་དམིགས་པའི་ཕྱི་རོ།། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ནི་ཡོད་དོ་ཞེས ་ཉན་ཐོས་པ་རྣམས་ཀྱི་སྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བས་དེ་རྣམས་མེད་པའི་ཕྱིར་རོ།། དེ་བས་ན་རྣམ་པ་འདིས་དངོས་པོ་ནི་ཕུང་པོ་ལྔ་ལ་སོགས་པོའི་མཚན་ཉིད་དངོས་པོ་མེད་པ་སྟེ། རྫ་སུ་ཡོད་པ་མ་ཡིན་ཏེ། དེ ་བས་ན་བསྒོམ་པ་ནི་དེ་ལས་ལྡོག་པའི་ཕྱིར་མི་སྡུག་པ་ལ་སོགས་པ་དམིགས་པ་མེད་པ་སྟེ། སྒྲ་ཇི་བཞིན་པའོ།། དངོས་པོ་མེད་པ་ནི་ཆོས་ཐམས་ཅད་མེད་པས་ཆོས་ལ་མངོན་པར་ཞེན་པའི་ཚན་ཉིད་ཀྱི་སྒོམ་པ་མེདོ་ཞེས་སྟོང་པའོ།། བསྒོམ་པར་བྱ་བ ་ནི་ཀུན་བརྟགས་ཀྱི་སྒོམ་པ་སྟེ། སྒོམ་པ་མ་ཡིན།། ཞེས་ཤིན་ཏུ་སྟོང་པའོ།། དེ་བས་ན་དངོས་པོ་ནི་གཞན་དབང་གི་མཚན་ཉིད་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ། རྫས་མ་ཡིནོ་ཞེས་སྟོང་པ་ཆེན་པོའོ།། བསྒོམ་པ་དམིགསུ་མེད་པ་ནི་ཡོངསུ་གྲུབ་པའི ་སྒོམ་བརྟགས་པ་མ་ཡིན་ནོ།། ཞེས་ཐམས་ཅད་སྟོང་པ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པའོ།། དངོས་པོ་མེད་པའི་རྙེད་པའོ།། སྒོམ་པ་མིན་པ་ནི་མ་རྙེད་པའོ།། བསྒོམ་པར་བྱ་བ་ནི་བདེ་བའོ།། སྒོམ་པ་མིན་པ་ནི་སྡུག་བསྔལོ།། དེ་ལྟར་དངོས་པོ་ནི་གྲགས་པའོ།། དངོས ་པོ་མེད་པ་ནི་མ་གྲགས་པའོ།། བསྒོམ་པ་ནི་བསྟོད་པའོ།། དམིགསུ་མེད་པ་ནི་སྨོད་པ་སྟེ། དགོངས་པས་བཤད་པའོ།། དངོས་པོ་མེད་པ་ནི་ལས་ཀྱི་ཕྱག་རྒྱས་སྤངས་ནས་སྒོམ་པ་མེད་པ་སྟེ། དེའི་སྤྲོས་པ་ནི་སྒོམ་པ་མི་རིགས་ཏེ། བསྐྱེད་པའི་རིམ་པར་ཐལ་བར ་གྱུ་བའི་ཕྱིར་རོ།། བསྒོམ་པར་བྱ་བསྒོམ་མིན་ནི་དམ་ཚིག་གི་ཕྱག་རྒྱའི་སྒོམ་པ་ནི་འཇིག་རྟེན་ལས་འདས་པ་མ་ཡིན་ཏེ། སྔགས་ལ་སོགས་པས་སྦྱོང་བ་ལ་བལྟོས་པའི་ཕྱི་རོ།། དེ་བས་ན་དངོས་པོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་བསྒོམ་པ་ཡང་དངོས་པོ་མ་ཡིན་ཏེ། དོན ་དམ་པ་མ་ཡོན་གྱིས་བརྟགས་པའི་ཕྱིརརོ།། དེ་བས་ན་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་བསྒོམ་པ་དམིགསུ་མེད་པ་སྟེ། ཕྱག་རྒྱ་གསུམ་གྱི་རྣམ་པར་རྟོག་པ་དེ་ལ་མི་དམིགསོ་ཞེས་དགོངས་པ་མ་ཡིན་པའོ།། འཇིག་ཚོགས་ཀྱི་ལྟ་བ་དངོས་པོ་མེད་ན་མཐར་འཛིན་པའི་ལྟ་བཱི། ་བསྒོམ་པ་མེད་དོ།། བསྒོ་བར་བྱ་བ་ནི་ལོག་པའི་རྟོག་པ་ནི་མི་དམིགས་ཏེ། བརྫུན་པ་ཡིན་པའི་ཕྱིར་རོ།། དེ་བས་ན་ལྟ་བས་མཆོག་ཏུ་འཛིན་པའི་དངོས་པོ་ནི་དངོས་པོ་ཡིན་པས་མེད་དེ། དེ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའི་མཚན ་ཉིད་ཀྱི་སྒོམ་པ་ནི་དམིགས་པ་མེད་པ་སྟེ། དྲང་བའི་དོན་ཏོ།། དངོས་པོ་མེད་པ་ནི་རྣམ་རིག་ཙམ་མེད་པས་བསྒོམ་པ་མེད་པ་སྟེ། དེ་ཐོབ་པར་བྱེད་པའི་ལམ་གྱི་བསྒོམ་པ་མེདོ།། བསྒོམ་པར་བྱ་བ་སྒོམ་པ་མིན་ནི་སྟོང་པ་ཉིད་ཀྱི་སྒོམ་པ་ཡང་མི་རིགས་ཏེ། བཅོ་བརྒྱད་ལ ་བལྟོས་པའི་ཕྱིར་ངང་ཆུད་པའི་ཕྱོགས་ཡིན་པའི་ཕྱིར་རོ།། དེ་བས་དངོས་པོ་དངོས་མེད་པ་ནི་བསྐྱེད་པའི་རིམ་པའི་སྒོམ་པའི་བདག་ཉིད་དོན་དམྦྷ་པ་མཱ་ཡིན་ཏེ། བརྟགས་པའི་ཕྱིརརོ།། དེ་བས་ན་རྫོགས་པའི་རིམ་པ་སྒོམ་པ་ནི ་དམིགས་པ་མེད་པ་སྟེ། སྤྲོས་པ་མེད་པའི་ཕྱིར་དང་། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ།། ཞེས་ངེས་པའི་དོན་ཏོ།། དེ་ཉིད་བསྡུ་བར་བྱ་བའི་ཕྱིར།། ཚིགས་གཅད་འདི་ཡིས་རྒྱུ་མི་རྒྱུའི།། བདག་ཉིད་ཅན་རྣམས་སྟོང་པར་བསྒོམ།། ཞེས་སྨོས་ཏེ། ཚིག་བཅད་འདི ་ཡིས་ནི་སྔར་བཤད་པས་སོ།། རྒྱུ་དང་མི་རྒྱུའི་བདག་ཉིད་ཅན་ནི་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་ཁམས་གསུམ་པ་སྟོང་པ་ཉིད་དུ་བསམ་པར་བྱའོ།། དེའི་རིམ་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེ་སྣོད་དང་བཅུད་ཀྱི ་འཇིག་རྟེན་གཉིས་དགུག་ཅིང་དེར་བཅུག་ལ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་བདག་ཉིད་སྟོང་པ་ཉིད་དུ་བསྒོམ་མོ།། དེ་བས་ན་འོད་གསོལ་བའི་སེམས་ལ་བགེགས་འབྱུང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་གྱི་ཀླགས་སྐབས་ཀྱང ་མ་ཡིན་ནོ།། དེ་ནི་བགེགས་རབ་ཏུ་ཞི་བར་བྱ་བའི་ཐབས་དམ་པ་ཡིན་ནོ།། ཐི་ལེ་ཙམྲྀ་ལུས་གྱུར་རཱམ་ཞེ་ན། མ་ཡིན?་ཏཾ། ཐིག་ལེ་ཡང་སྒྲ་ལ་ཐིམ་པ་དང་། སྒྲ་ནི་སྒྲ་ཙམཱ་ལ།། སྒྲ་ཙམ་ནི་འོད་འོད་གསལ་བ་ལཱ་ཞེས་རྣམ་རིག་ཙམ་དུ་ཐལ་བར་མི ་འགྱུར་ཏེ། གཞུང་མཁན་ནི་དབུ་མ་པ་ཡིན་པའི་ཕྱིར་རོ།། དེ་ནི་ཡན་ལག་གསུམ་པའོ།། ད་ནི་ཆད་པའི་ལྟ་བ་སེལ་བའི་ཕྱིར་དང་། འགྲོ་བའི་དོན་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་བཤད་པར་བྱ་སྟེ། དེའི་དང་པོ་ཡེ་ཤེས་ཀྱི་ས་གཞི་བསྒོམ་པ་ནི། ཆོ་གའི ་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་གཞི་བྱིན་གྱིས་བརླབ་ཅེས་སྨོས་ཏེ། འདིར་དང་པོ་རྟེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བ་དང་། ཕྱི་ནས་རྟེན་པའི་དཀྱིལ་འཁོར་ལོ།། རྟེན་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ས་གཞི་སྟེ། དེ་བཞིན་གཤེགས་པ་ལྔའི ་ངོ་བོ་ན་མཁའ་དང་། རླུང་དང་མེ་དང་ཆུ་དང་། སའི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིརརོ།། གང་གི་ཕྱིར་སྣོད་ཀྱི་འཇིག་རྟེན་ནི་གླིང་བཞི་དང་རི་རབ་ཀྱི་རང་བཞིན་ཡིནོ་ཞེས་དེའི་རྣམ་པར་དག་པས་ཡེ་ཤེས ་ཀྱི་ས་གཞི་བསྒོམ་པར་བྱའོ།། དེ་ཉིད་བསྟེན་པཱ་ནི་ན་མཁའི་ཁམས་ཀྱི་དབུས་གནས་པར།། ཧཱུཾ་གཉིས་ས་བོན་ཡཱཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་སྨོས་ཏེ། དང་པོ་ཧཱུཾ་ལས་བྱུང་བའི་ཆོས་འབྱུང་གི ་ཕྱག་རྒྱའི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པོའི་ཡི་གཱི་ཡཾ་སྔོན་པོ་ཡོངསུ་གྱུར་པ་ལ་སྐུ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཧཱུཾ་གཉིས་ས་བོནྡ་རམཱ་ལས་བྱུང་།། རྡོ་རྗེ་གཉིས་ཀྱིས་ཡང་དག་མཚན།། མ་ཡིད་དཀྱིལ་འཁོར ་ཉིད་ཀྱང་ནི།། དེའི་སྟེང་དུ་རྣམ་པར་བསམ་ཞེས་སྨོས་ཏེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱི་མཚན་པ་ཡི་གེ་རཾ་དམར་པོ་ཡོངསུ་གྱུར་པོ་རྡོ་རྗེ་གཉིས་ཀྱི་མཚོན་པ་མེའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཧཱུཾ་གཉིས་ས་བོན་པཾ་ལས་བྱུང་།། ་རྡོ་རྗེ་གཉིས་དང་ཡང་དག་ལྡན།། ཆུའི་དཀྱིལ་འཁོར་ཉིད་ཀྱང་ནི།། དེ་ཡི་སྟེང་དུ་རྣམ་པར་བསམ་ཞེས་སྨོས་ཏེ། མེ་ཡི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པ་བམ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་གཉིས་ཀྱིས་མཚན་པའི་ཆུའི་དཀྱིལ་འཁོར་བ་སྒོམ ་དེ་ནས་ཧཱུཾ་གཉིས་ས་བོན་ལཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དགུ་ལྡན།། ས་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། དེ་ཡི་སྟེང་དུ་ཡང་དག་བསམ། ཞེས་སྨོས་ཏེ། ཧཱུཾ་གཉིས་ཀྱིས་མཚན་པའི་ལམ་སེར་པོ་ལྔ་བྱུང་བ་ཆུའི་དཀྱིར་གྱི་སྟེང་དུ་སྲི་ཀྱི ་བསྒོམ་པར་བྱའོ།། དེ་ནས་དཀྱིལ་འཁོར་བཞི་པོ་ཡང་དག་སྐུ། རྡོ་རྗེའི་ས་ཀཞིའི་དཀྱིལ་འཁོར་ལ་ཞེས་སྨོས་ཏེ། ཆོས་འབྱུང་བའི་ཕྱག་རྒྱ་སྤང་ནས་ལྷག་མ་རླུང་གི་དཀྱིལ་འཁོར་ལ་སོགས་བཞི་གཅིག་ཏུ་གྱུར་པས་ཡེ་ཤེས་ཀྱི་ས་གཞིར་གྱུར་པར ་བསམ་མོ།། འདིར་ཞལ་གྱི་མན་ངག་ནི་དང་པོ་ཐམས་ཅད་སྟོང་པའི་རང་བཞིན་འོད་གསལ་བ་ལས་ཅིག་ཅིར་དུ་སྤྲིན་མེད་པའི་ན་མཁའི་དབུས་ནས་སྤྲིན་གྱི་དུམ་བུ་བཞིན་དུ་ཡི་གེ་ཧཱུཾ་བསྒོམས་ནས་དེ་ཡོངསུ་གྱུར་པས་ཁྱམས་གསུམ་གྱི་རང་བཞིན ་གྱི་ཕྱག་རྒྱ་ཆོས་འབྱུང་དཀར་པོ་ནང་ཁོང་སྟོང་ན་མཁའི་ཁམས་ཀྱི་རང་བཞིན་བསམས་ཏེ། དེའི་སྟེང་དུ་ཁ་དོག་དཀར་པོ་དབྱངས་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་ཁྱབ་ནས་གནས་པ་བལྟས་ཏེ། དེའི་དབུསུ་ཧཱུ~ཾ་སྔོན་པོ་བཀོད་ལ། ་དེ་ལས་འཕྱོས་པའི་དབྱངས་དང་གསལ་བྱེད་ཕྲེང་བ་དཀར་པོ་དང་། དམར་པོ་ཤེས་པ་དང་ཐབས་ཀྱི་རང་བཞིན་བསམས་ཏེ། ཧཱུཾ་སྤངས་ནས་དབྱངས་དང་གསལ་བྱེད་ཡོངསུ་གྱུར་ཅིང་། ལྷ་མོ་དང་ཐབས་སུམ་ཅུ་རྩ་གཉིས་ཀྱི་བདྨ་ག་ཉིད་ལྷ་སུམ་ཅུ ་གསུམ་གྱི་དཀྱི་ལྕི་འཁོར་ལོ་ཞལ་གསུམ་ཕྱོག་དྲུག་པ་ཞི་བ་སྙོམས་པར་འཇུག་པའི་བདེ་བ་ཉམ་སུ་མྱོང་བ་སེམས་དཔའ་གསུམ་གྱི་བདག་ཉིད་བསམ་མོ།། དེ་ནས་ཆགས་པ་ཆེན་པོ་ལས་བྱུང་བའི་སྒྲས་ནམཁའི་ཁམས་ན་གནས་པའི་དེ་བཞིན་གཤེགས ་པའི་ཆོ་གས་དགུག་ཅིང་ངག་གི་ལམ་ནས་ཞུགས་ཏེ། དེ་མ་ཐག་ཏུ་ཞུ་ཞིང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རོ་གཅིག་པར་བསམ་མོ།། ཧཱུཾ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ཡང་ཆོས་འབྱུང་ལ་ཐིམ་མོ།། ཆོས་འབྱུང་ནི་དབུས་སུ་སྔོན་པོ་དང་།། གཡོན་དང་གསས། ་ཕྱོགསུ་དཀར་པོ་དང་དམར་པོ་སྟེ། ན་མཁའི་ཁམས་ཞེས་བྱ་བའི་དོན་ཏོ།། དེའི་སྟེང་དུ་ཧཱུཾ་གཉིས་ཀྱིས་མཚན་པའི་ཡི་གྲེ་ཡཾ་སྔོན་པོ་བཀོད་དེ།། དེ་ཡོངསུ་གྱུར་པ་ལས་བ་དན་གྱི་མཚན་པ་གཞུའི་དབྱིབས་ཅན་རྡོ་རྗེ་གཉིས་དང་ལྡན་པས་འོག་ནས་བརྩམས་ཏེ། ་མཐའ་ཡས་པར་རླུང་གི་དཀྱིལ་འཁོར་སྔོན་པོ་བསམ་མོ།། དེའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་ས་བོན་ཡི་གེ་ཁ་བཀོད་ལ་དེ་ཡོངསུ་གྱུར་པ་ལས་ཁ་དང་བཅས་པའི་རལ་གྲི་བསམས་ལ། དེ་འོད་ཟེར་གྱི་མེ་ཏོག་ཅན་གྱི་སངས་རྒྱས ་ཀྱི་ཞིང་ན་གནས་པའི་དོན་ཡོད་གྲུབ་པའི་དཀྱིར་བཀུག་ཅིང་བཅུག་ལ། དེ་ཡོངསུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ལྕང་ཀུ་སྒྲོལ་མ་དང་སྙོམས་པར་འཇུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་ལྟ་སྟེ།། དགའ་བའི་སྒྲས་དེ་བཞིན ་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་སྟེ། རླུང་གི་དཀྱིལ་འཁོར་དང་ཐ་མི་དད་པར་བསྒོམོ།། དེ་ནས་རླུང་གི་དཀྱིལ་འཁོར་ཉིད་ཡོངསུ་གྱུར་པ་ལས་ཧཱུཾ་གཉིས་དང་ལྡན་པའི་ཡི་གྲེ་རཾ་བྱུང་ཞིང་དེ་ལས་སྐྱེས་པ་དམར་པོ་གྲུ་གསུམ་ལ་འབྲུ ་ཕྲེང་བས། མཚན་པ་མེའི་དཀྱིལ་འཁོར་བསྒོམ་ཏེ། དེའི་སྟེང་དུ་ཡི་གེ་ཨཱཿཡོངསུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དམར་པོ་དེ་ཉིད་ཀྱི་མཚན་པ་བསམས་ལ། དེའི་འོད་ཟེར་གྱིས་བདེ་བ་ཅན་གྱིས་སངས་རྒྱས་ཀྱི་ཞིང་ལས་འོད་དཔག་ཏུ་མེད ་པ་བཀུབ་ཅིང་བཅུག་ལ་དེ་ཡོངསུ་གྱུར་པ་ལས་ཁྱོད་དཔག་ཏུ་མྱེད་པ་ཞལ་གསུམ་ཕྱག་དྲུག་པ་དམར་པོ་གོས་དཀར་མོ་དང་སྙོམས་པ་འཇུག་པ་བསམས་ཏེ། དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན ་དུ་འགྲོ་བར་ཞུ་ཞིང་ཡང་མེའི་དཀྱིལ་འཁོར་བསམས་མོ།། དེ་ནས་མེའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱི་མཚན་པ་པཾ་དཀར་པོར་གྱུར་ཅིང་དེ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེ་གཉིས་ཀྱིས་མཚན་པ། འོ་མའི་རྒྱ་མཚོ་དང་འདྲ་བ་རྦ ་རླབས་འཕྲོ་བ་བསམས་ཏེ། དེའི་དབུས་སུ་ཧཱུཾ་སྔོན་པོ་ལས་བྱུང་བའི་རྡོ་རྗེ་རྗེ་ལྔ་པ་བསམས་ཏེ། དེའི་འོད་ཟེར་གྱིས་སྟོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་མི་བསྐྱོད་པ་བཀུག་ཅིང་བཅུག་ལ།། དེ་ལས་བྱུང་བ་ཞལ་གསུཾམ་དྲུག་པ་སྔོན ་པོ་མི་བསྐྱོད་པ་མཱ་མ་ཀཱི་དང་བཅས་པར་བསྒོམས་ཏེ། དགའ་བོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་ཡང་ཆུའི་དཀྱིལ་འཁོར་བསམས་མོ།། དེ་ནས་ཆུའི་དཀྱིལ་འཁོར་ཉིད་ཧཱུཾ་གཉིས་ཀྱིས་མཚན་པ་ལིཾ་སེར་པོར་གྱུར ་ཅིང་དེ་ལོས་བྱུང་བ་དེ་པང་ཆེན་དཀྱིལ་འཁོར་གྲུ་བཞི་པ་བསམས་ཏེ། དེའི་སྟེང་དུ་ཨོཾ་དཀར་པོ་ལས་རྩིབས་བརྒྱད་པའི་འཁོར་ལོ་དེ་ཉིད་ཀྱིས་མཚན་པ་བསམས།། དེའི་འོད་ཟེར་གྱིས་འོག་མིན་ནས་རྣམ་པར་སྣང་མཛད་སྤྱན་མ་དང་བཅས་པ་བཀུག ་ཅིང་གཙུག་ལ་དེ་ཡོངསུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་དཀར་པོ་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་འཇུག་པ་བསྒོམས་ལ་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བོར་ཞུ་ཞིང་ཡང་དབང་ཆེན ་གྱིས་དཀྱིལ་འཁོར་བསམ་སོ།། དེའི་སྟེང་དུ་ཏཱཾ་ལས་ཟུང་དྲུག་པའི་རིན་པོ་ཆེའི་འོད་ཟེར་གྱིས་རིན་ཆེན་འབྱུང་གནས་ན་གནས་པའི་རིན་ཆེན་འབྱུང་ལྡན་མཱ་མ་ཀཱི་དང་བཅས་པ་དགུག་ཅིང་བཅུག་ལ། དེ་ཡོངསུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་སྙོམ ་པར་འཇུག་པ་བསམ་ཏེ། དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བར་ཞུ་ཞིང་དབང་ཆེན་གྱི་དཀྱིལ་འཁོར་ཉིད་ནམ་མཁའ་བཞིན་དུ་རྒྱ་ཆེ་བར་བསྒོམ་སྟེ། དྲང་བའི་དོན་ཏོ།། ཚངས་པའི་བུ་ག་ནི་མཆོད་སྦྱིན་གྱི་ཕྱག་རྒྱའོ།། ལྟེ་བར་རླུང་གི ་དཀྱིལ་འཁོར་དང་། ལྐོག་མར་མེའི་དཀྱིལ་འཁོར་དང་། སྙིང་གེར་ཚྭའི་དཀྱིལ་འཁོར་དང་གསང་བར་དབང་ཆེན་གྱི་དཀྱིལ་འཁོར་རོ།། གཡོས་པ་ལས་བྱུང་བའི་འོད་ཟེར་ནི་མེའི་དཀྱིལ་འཁོར་ཉིད་དོ།། ཞེས་བཤད་པའི་ཕྱིར་ཏེ། ངེས་པའི ་དོན་ཏོ།། དེ་ཉིད་བཤད་པ་དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ།། རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ལ།། སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་ཉིད།། འབྱུང་བ་བཞི་ཡི་རང་བཞིན་ཏེ། དྲང་བའི་དོན་ཏོ།། ལྐོག་མ་ལ་སོགས་པའི་དཀྱིལ་འཁོར་བཞི་ཉེས ་སྡུད་པར་བྱེད་པ་རྡོ་རྗེ་ས་གཞིའི་དཀྱིལ་འཁོར་ཏེ།། རྡོ་རྗེ་ས་ག་ཞིའི་དཀྱིལ་འཁོར་ནི་འོད་གསལ་བ་སྟེ། ངེས་པའི་དོན་ཏོ།། ད་ནི་ཡེ་ཤེས་སེམས་དཔའ་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་བྷྲཱུཾ་ལས་བྱུང་བ་ཡི།། གཞལ་ཡས་ཁང་པ་རྣམ་པར ་བསྒོམ། ཟུར་བཞི་དང་ནི་སྒོ་བཞི་དང་། རྟ་བབས་བཞི་ཡིས་མཛེས་བྱས་ལ།། ཐིག་བཞི་དང་ནི་ཡང་དག་ལྡན།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། དྲ་བ་དྲ་བ་ཕྱེད་པ་དང་། རྡོ་རྗེ་ནོར་བུ་ཟླ་ཕྱེད་བརྒྱན། གྲཝ་ཡི་མཚམས་ནི་ཐམས་ཅད་དང་།། སྒོ་དང་སྒོ་ཁྱུད ་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། ཕྱི་ཡིད་ཀྱི་འཁོར་ཐིག་གདབ་བྱ།། བུམ་པ་ཀ་རྡོ་རྗེ་ཆེ།། ཕྱེ་ཡི་ཕྲེང་ལ་བྱ་རྣམས་རྣམས་གནས།། བྱ་ངན་དྲིལ་བུས་མཛེས་བྱས་ལ།། རྔ་ཡབ་སོགས་ཀྱིས་རྣམ་པར་བརྒྱན ་བརྒྱན་ཅེས་སྨོས་ཏེ། ཚིག་སུ་བཅད་པ་བཞི་པོས་གཞལ་ཡས་ཁང་སྒོམ་པ་བཤད་པར་བྱ་སྟེ།། དེ་ལ་ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་ཁེ་དོག་སེར་པོའི་ཡི་གེ་སུམ་བཀོད་ལ། དེ་ལས་རིའི་རྒྱལ་པོ་རི་རབ་རྩེ་མོ་བརྒྱད་ཀྱིས་མཛེས་པ། རིན་པོ་ཆེ ་སྣ་བཞིའི་རིང་བཞིན་རྒྱལ་པོ་ཆེན་པོ་ལ་སོགས་པ་ལྷའི་རིས་དྲུག་གིས་བརྒྱན་པ། དགའ་བོ་ལ་སོགས་པ་ནོགས་ཚལ་ཆེན་པོའི་ཚོགས་དང་ལྡན་པ་བསམས་ཏེ། དེའི་སྟེང་དུ་སྤྲིན་སྒྲ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་འཆུང་ཟུངས་ལ་བམ་ལས་བྱུང་བའི ་སྣ་ཚོགས་པདྨའི་ཟེའུ་འབྲུར་བྷྲཱུཾ་ཡོངསུ་གྱུར་པ་ལས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་ཧཱུཾ་བཀོད་ལ་སྤྲོ་བ་དང་སྡུ་བ་སྔོན་དུ་འགྲོ་བར་ཡོངསུ་གྱུར་པ་ལས་བྱུང་བའི་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བར་ས་བོན་དེ་ཉིད ་ལས་བྱུང་བའི་འོད་ཟེར་གྱི་ཕྲ་དེ་བ་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ།། དེ་ཡོངསུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ་ཀུན་ཏུ་ཞལ་དཀར་པོ་སྤྱན་དང་བཅས་པའི་སེམས་དཔའ་གསུམ་གྱི་བདག་ཉིད་འཁོར་ལོ་དང་། དྲིལ་བུ་འཆང་བ་བསམས་ཏེ། ་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་བཀུག་པའི་སངས་རྒྱས་ཞུགས་པ་བཞུས་སྟེ།། ཐིག་ལེ་ཉིད་དུ་གྱུར་པ་བལྟས་ཏེ། ཐིག་ལེའི་དྲོད་ཀྱིས་མཆོད་རྟེན་དང་། སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། རི་རབ་དབང་ཆེན་གྱི་དཀྱིལ་འཁོ། ་གཅིག་ཏུ་གྱུར་པ་ལས་བྱུང་བའི་གཞལ་ཡས་ཁང་པ་འོག་ཏུ་ཧཱུཾ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སྟེང་ན་གནས་པར་བསམ་པར་བྱའོ།། ཞེས་ཚིག་གི་དོན་དོ།། དེ་ཡང་ཇི་ལྟ་བུ་ཡིན་ཞེས་ན། ཟུར་བཞི་པའི་ནང་དུ་ཁྱུད་མོ་ལྕགས་རིའི་མཐར་ཁྱབ་པ་སོར་བཞི་དང ་ལྡན་པ་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་ཕྱིར།། སྒོ་བཞི་ནི་ཕྱོགས་རེ་རེས་སྒོ་དང་བཅས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞི་དང་། དྲན་པ་ཉེ་བར་བཞུག་པ་རྣམ་པར་དག་པའི་ཕྱི་རོ།། རྟ་བབས་བཞི་ནི་སྒོའི་སྟེང་དུ་དབྱིབས་ཀྱི་ཁྱད་པར་སྟེ། དེས་མཛེས ་པ་ནི་སྤྲས་སྟེ། བསམ་གཏན་བཞི་རྣམ་པར་དག་པའི་ཕྱིར། དེ་བཞིན་དུ་ཐིག་བཞི་ཚངས་པའི་ཐིག་གཉིས་ལས་བྱུང་བ་འམ། ཕྱོགས་ཀྱི་ཐིག་ལེ་གཞི་ལས་བྱུང་བ་ནི་དེ་དང་ལྡན་པ་སྟེ། ཚངས་པོའི་གནས་བཞི་རྣམ་པར་དག་པའི་ཕྱིར་རོ།། ཀ་བོ་བརྒྱད་ནི་འཁོར་ལོས ་སྦྱར་བའི་རེའུ་མིགི་ཤར་ལ་སོགས་པ་རྣམས་ལ་གོནས་པ་དེ་རྣམས་ཀྱིས་མཛེས་པ་ནི།། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དང་ལྡན་པ་དང་། རྡོ་རྗེ་མེ་ལོང་ལ་སོགས་པས་མཚན་པའི་ཕྱིར་ཏེ། བསམ་གཏན་གྱི་རྣམ་པར་ཐར་པ་རྣམ་པར་དག་པའི་ཕྱིརརོ།། དེ་བཞིན་དུ ་དྲ་བ་ནི་གཙོ་བོ་དང་བཅས་པ་དང་། དྲ་བ་བྱེད་པ་ནི་གཙོ་བོ་མེད་པ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་རིན་པོ་ཆེ་སྟེ། དེ་རྣམས་ཀྱིས་བརྒྱན་པ་ནི་བརྒྱན་པ་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པའི་ཕྱིརོ།། དེ་བཞིན་དུ་གྲཝའི་མཚམས་ཐམས་ཅད་ནི་ཕྱོགས་བཞིའི་མ ་དང་དེ་བཞིན་དུ་སྒོ་ཁྱུད་ནི་ཕྱིའི་ཆ་དང་། མཚོམས་ནི་ནང་གི་ཆ་སྟེ། དེ་རྣམས་ལ་རྡོ་རྗེ་རིན་ཆེན་ཅུང་ཟད་འཕྱང་བ། རིན་པོ་ཆེ་མཚན་པ་རྡོ་རྗེས་སྤྲས་པ་ནི་འོད་འཕྲོ་བ་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིརརོ།། དེ་བཞིན་དུ་བུམ་པ་ནི་སྒོ་རེ་རེར་ལོགས་གཉིས་གཉིས ་ལ་གནས་པ་གསེར་གྱི་བུམ་པ་བརྒྱད་དེ། དེ་ལ་ཤར་གྱི་སྒོར་རྒྱལ་བ་དང་བཀྲུ་ཤིས། ལྷོར་ཆོ་འཕྲུལ་དང་། དངོས་གྲུབ་བོ།། ནུབ་ཏུ་རྒྱལ་བ་དང་ཞི་བའོ།། བྱང་དུ་གྲུབ་པ་དང་སྤྲུལ་པ་སྟེ། ཞི་བ་ལ་སོགས་པའི་དངོས་གྲུབ་བརྒྱད་ཀྱི་བདག་ཉིད ་ཡིན་ཕྱིར་རོ།། ཀ་བ་ནི་སྒོ་རེ་རེ་ལ་གཉིས་གཉིས་ཡིན་པས་ན་བརྒྱད་།། དེ་རྣམས་ཀྱི་བརྒྱན་པ་ནི་སྔ་མ་བཞིན་ནོ།། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་བཅུ་གཅིག་སྟེ་ས་རྣམ་པར་དག་པའི་ཕྱི་རོ།། བྲེའི་ཕྲེང་ལ་བློ་རྣམས་གནས་ཞེས་བྱ་བ་ནི། རྟ་བབས་ཀྱི་རྩེ་མོར་ཤར་ཕྱོགས་རྨ་བྱ་གཉིས ་དང་། ལྷོ་ཕྱོགསུ་ངང་པ་གཉིས་དང་། ནུབ་ཕྱོགསུ་ངུར་པ་གཉིས་དང་། བྱང་ཕྱོགསུ་ཤང་ཤང་བེའུ་གཉིས་གནས་ཏེ། འདོད་ཆགས་རྣམ་པར་དག་པའི་ཕྱིར་རོ།། དེ་བཞི་ནོ་དྲིལ་བུ་དང་བཅས་པའི་བ་དན་ནི་དྲིལ་བུ་བོ་དན་ཏེ། རྒྱལ་མཚན་གྱི་རྩེ་མོར་འཇུག་པའི་དབྱངས་དང་། ་བ་དན་དང་གཡེར་ཁའི་དྲ་བ་དང་ལྡན་པའོ།། དེ་བཞིན་དུ་རྔ་ཡབ་ལ་སོགས་པ་ནི་རྔ་ཡབ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་རྣམ་པར་བརྒྱན་པ་ནི་བརྒྱན་པ་སྟེ། གསུངས་རབ་ཡན་ལག་དགུ་རྣམ་པར་དག་པ་སྟེ། དྲུང་པའི་དོན་ཏོ།། དེ་ལ་རི་རབ་ནི་ལུས ་ཏེ། སྒོ་བརྒྱད་ནི་རྩེ་མོ་བརྒྱད་དོ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ་ནི་དབང་པོ་གཉིས་ཏེ། བུད་མེད་དང་སྐྱེས་པའི་དབྱེ་བསོ།། གཞལ་ཡས་ཁང་ནི་ལུས་ཉིད་དོ།། ཟུར་བཞི་པ་ནི་མདུན་དང་རྒྱབ་དང་། གཡས་དང་གཡོན་གྱི་ཆའོ།། སྒོ་བཞི་ནི་ཁ་དང་། གསང་བ་དང་། ལྟེ་བ ་དདང་། ཚངས་པའི་སྒོའོ།། རྟ་བབས་བཞི་ནི་མིག་གཉིས་དང་རྣ་བ་གཉིས་སོ།། ཐིག་བཞི་ནི་རུས་སྦལ་མོ་དང་། ཟླ་བོ་མ་དང་། ལྷ་སྦྱིན་མ་དང་། ནོར་རྒྱ་མའོ།། ཀ་བ་བརྒྱད་ནི་དཔུང་པོ་གཉིས་དང་། ལག་ངར་གཉིས་དང་བརླ་གཉིས་སོ།། དྲ་བ་ནི་རྩ་རགས་པའོ།། དྲ་བ་བྱེད་པ་ནི ་རྒྱུས་ཏེ། བདུན་ཁྲི་ཉིས་སྟོང་ངོ་།། ཤེས་རབ་ཀྱི་ཆ་ཉེ་བར་བསྡུས་པས་ཐབས་ཀྱི་ཆ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཟླ་བ་ཕྱེད་པའོ།། རྡོ་རྗེ་ནི་གསང་བའི་རྡོ་རྗེའོ།། རིན་ཆེན་ནི་དེའི་རྩེ་མོའོ།། གྲཝའི་ཆ་ནི་གཡོན་གྱི་སྒོ་དང་། སྒོ་ཁྱུད་མཚམས་ནི་སྣ་བུག་གཡས་ཀྱི་སྒོའོ།། དེ་རྣམས ་ལ་རྡོ་རྗེ། ནི་རྣམ་པར་ཤེས་པའོ།། རིན་ཆེན་ནི་དེ་ལས་འཇིག་པའི་རྫས། དེ་དང་ལྡན་པའོ།། བུམ་པ་ནི་ལྟོ་བའོ།། ཀ་བ་ནི་སྒལ་བུའོ།། རྡོ་ཆེན་པོ་ནི་ཁཾས་དུག་བྱ་རྣཾས་ནི་རླུང་བཅུ་སྟེ། གཡོ་བའི་ཕྱིརརོ།། དྲིལ་བུ་ནི་ལྕེ་སྟེ་སྒྲ་སྒྲོགས་པའི་ཕྱིརརོ།། བ་དན་ནི་རྩ་དབུས་མའོ།། རྔ་ཡབ་ནི་སྒྲའི ་ཚོག་སོ།། སོགས་པའི་སྒྲས་ནི་མེ་ཏོག་གི་ཕྲེང་བ་ནི་རྒྱུ་མའོ།། རི་དགས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། ངེས་པའི་དོན་ཏོ།། བདག་ཉིད་ཕྱག་རྒྱར་ལྡན་པ་ནི།། ཞལ་གསུམ་ཕྱག་དྲུག་ལྟ་བུ་ལ།། ཨིནྡྲ་ནཱི་ལྀའི་འོད་མཉམ་པ།། དཀྱིལ་འཁོར་དབུས་སུ་བསྒོམ ་པར་བྱ།། རྣམ་སྣང་མཛད་དཔལ་རིན་ཆེན་དང་།། འོད་དེ་པག་མེད་དང་ལས་ཀྱི་རྒྱ་ལཱ།། ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི།། ཤར་ལ་སོགས་པའི་ཕྱོགསུ་བསམ། གཏི་མུག་དགའ་སོགས་ལྷ་མོ་རྣམས།། ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི། མེ་ཡི་ཕྱོགས་ནས་བརྩམས་ན ་སུ།། རིམ་པ་ཇི་བཞིན་ངེས་པར་དགོད།། དེ་བཞིན་གཟུགས་རྡོ་རྗེ་ལ་སོགས།། ཕྱི་ཡི་མཚམས་ནི་རྣམ་པ་བཞིར།། རེག་བྱ་རྡོ་རྗེ་ཉིད་ཀྱང་ནི།། རྡོ་རྗེ་སེམས་དཔའ་དང་ལྡན་གནས། བྱམས་པ་ས་ཡི་སྙིང་པོ་སྟེ། ཤར་གྱི་སྣམ་བུར་དགོད་པར་བྱ།། ཕྱག་ནི་རྡོ་རྗེ་མཁའ་སྙིང་པོ།། ་བརྟུལ་ཞུགས་ཅན་གྱིས་ལྷོར་རུང་ཡོང།། འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས།། ནུབ་ཏུ་ཡང་ནི་དགོད་པར་བྱ།། སྒྲིབ་པ་ཐམས་ཅད་སེལ་བ་དང་། ཀུན་ཏུ་བཟང་པོ་བྱང་ཕྱོག་སུ།། གཤིན་རྗེ་གཤེད་ནི་ཤར་གྱི་སྐོར།། གཞན་གྱིས་མི་ཐུབ་ལྷོ་ཕྱོགསུ། ནུབ་ཕྱོགསུ་ནི ་རྟ་མཟིན་ཏེ།། བདུད་རྩི་འཁྱིལ་པ་བྱུང་དུའོ།། མི་གཡོ་འདོད་པའི་རྒྱལ་པོ་དང་།། དབྱུག་སྔོན་དང་ནི་སྟོབས་པོ་ཆེ། ཤར་ལྷོའི་མཚམས་སོགས་ནས་བརྩམས་ཏེ། རིམ་པ་བཞིན་དུ་དགོད་པར་བྱ།། གནོད་མཛེས་མྱུ་ཏྲ་དྲརྻ་རྨཱཿ ་ཆེ།། དེ་ཡི་འོག་ཏུ་རྣམ་པར་བསམ།། གཙུག་གཏོར་འཁོར་ལོས་སྒྱུར་རྒྱལ་ཡང་།། དེ་བཞིན་སྟེང་དུ་རབ་ཏུ་བསྒོམ།། ཆོ་ག་ཇི་བཞིན་དཀྱིལ་འཁོར་པ།། དེ་ལྟར་ལྷག་པར་མོས་བསམས་ནས་ཞེས་སྨོས་ཏེ། གཞལ་གྲཝ་ཁང་གི་དང་སུ~ཾ་པ~ཾ་ལཱ་བྱུང་བཱི་སྨྲྀ་ཊ་པདྨའི་ལྟོ་བ་ལས་བྱུང་བའི ་འོད་ཟེར་གྱིས། སྣ་ཚོགས་པདྨ་སུམ་ཅུ་སྤྲོས།། དེ་རྣམས་ཀྱི་ལྟེ་བར་རཾ་དང་དབྱངས་ཡིག་དང་པོ་ལས་བྱུང་བའི་ཉི་མ་དང་། ཟླ་བའི་གདན་བསམ་མོ།། དེ་ལ་དབུས་དང་ཤར་ཕྱོགསུ་ཟླ་བ་གཉིས་དང་། ལྷོ་དང་ནུབ་དང་བྱང་ཕྱོགསུ་ཉི་མ་གསུམ་མོ།། ་མཱ་མ་ཀཱིའི་གནས་སུ་ཉི་མའི་དཀྱིལ་འཁོར་དང་སྤྱན་ལ་སོགས་པའི་ཟླ་བ་གསུམ་མོ།། ཕྱག་ན་རྡོ་རྗེའི་ཉི་མའི་དཀྱིལ་འཁོར་དང་། བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱི་ཟླ་བའི་གདན་ནོ།། མཆོད་པའི་ལྷ་མོའི་ཟླ་བའི་གདོན་དང་། ཁྲོ་བོ་བཅུ་ནི་ཉི་མ ་གདན་ནོ་དེ་ལྟར་གདན་གྱི་དབྱེ་བ་བསྒོམས་ནས།། ཕྱི་ནོས་ཟླ་བའི་དབུསུ་མི་བསྐྱོད་པ་ཞལ་གོསུམ་ཕྱག་དྲུག་པ། ཁ་དོག་སྔོན་པོ་ཅིག་ཅརརེ་དྲེ་བྱུང་བ་དེ་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པ། རྡོ་རྗེ་དང་འཁོར་ལོ་དང་། པདྨ་དང་། ནོར་བུ ་དང་རལ་གྲི་དང་། དྲིལ་བུ་འཆང་བ། སེམས་དཔའ་གསུམ་དང་ལྡན་པར་བདག་ཉིད་བསམ་མོ།། དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་བཞིར་ཁ་དོག་དང་ཕྱག་ཞལ་དོང་ཕྱག་མཚན་འཆད་པར་འགྱུར་བའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་བསྒོམ ་མའི་མཚམས་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་བཞི་ཞལ་གསུམ་པ་ལ་སོགས་པ་ལྟ་བུར་བསྒོམོ།། མཆོད་པའི་ལྷ་མོ་བཞི་པོ་ཡང་སྤྱན་ལ་སོགས་པ་བཞིན་དུ་དབྱིབས་དང་ཁ་དོག་དང་ལྡན་པ་བསྒོམོ།། ཤར་ལ་སོགས་པའི ་སྣམ་བུ་རྣམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་དང་སའི་སྙིང་པོ་ནི་དཀར་པོའོ།། ཕྱག་ན་རྡོ་རྗེ་དང་ན་མཁའི་སྙིང་པོ་ནི་སྔོན་པོའོ།། འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་ནི་དམར་པོའོ།། སེལ་བ་དང་ཀུན་ཏུ་བཟང་པོ་ནི་ལྗང་གུ་སྟེ། རིགས་དང་ཐུན་པའི ་ཁ་དོག་གོ།། ཡང་ན་སའི་སྙིང་པོ་ནི་དཀར་པོ། བྱོས་པ་ནི་དབར་པོ་། ཕྱག་ན་རྡོ་སྔོན་པོའོ།། ན་མཁའ་སྙིང་པོ་སེར་པོ།། འཇིག་རྟེན་དབང་ཕྱུག་དམར་པོ་འཇམ་དཔལ་དཀར་པོ། སེལ་བ་ལྗང་གུ་ཀུན་ཏུ་བཟང་པོ་དམར་པོའོ།། གཤིན་རྗེ་མཐར་བྱེད་ནག་པོ།། ཤེས་རབ་མཐར་བྱེད་དཀར ་པོ། པདྨ་མཐར་བྱེད་དམར་པོ། བགེགས་མཐོར་བྱེད་ནི་ལྗང་གུའོ།། མི་གཡོ་བ་ལ་སོགས་པ་དྲུག་ནི་ནག་པོའོ།། ཞལ་གསུམ་པ་ལ་སོགས་པ་སྔ་མ་བཞིན་ནོ།། དེ་ལ་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་པའོ་བྱང་ཆུབ ་སེམས་དཔའ་དང་མཆོད་པའི་ལྷ་མོ་རྣམས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ཅན་ནོ།། གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་བ། ཤེས་རབ་མཐར་བྱེད་ནི་གཡོན་བརྐྱང་བ། རྟ་མགྲིན་ནི་རྐང་པ་མཉམ་པ་འཁྱིལ་བ་ནི་རྐང་པ་མི་མཉམ་པ་དང་། མི་གཡོ་བ་ལ་སོ་ར ་པ་ཁྲོ་བོ་དྲུག་ནི་གཡོན་བརྐྱང་བས་གནས་པའོ་མི་བསྐྱོད་པོ་ན་དྲག་པོ་དང་ཞི་བ་དང་། སྒེག་པའི་ཉམས་འཆང་བའོ།། རྣམ་པར་སྣང་མཛད་ལ་སོགས་པ་ནི་ཞི་བའི་ཉམས་འཆང་བའོ།། རིགས་ཀྱི་ཡུམ་ནི་ཞི་བ་དང་སྒེག་པའི་ཉམས་འཆང་བའོ།། མཆོད་པའི་ལྷ ་མོ་ནི་སྒེག་པའི་ཉམས་འཆང་བ་དང་། བྱང་ཆུབ་སེམས་དཔའ་ནི་ཞི་བའི་ཉམས་འཆང་བའོ།། ཁྲོ་བོ་རྣམས་ནི་དྲག་པོ་དང་དཔའ་བོ་དང་འཇིག་སུ་རུང་བའི་ཉམས་འཆང་བའོ།། དེ་བཞིན་གཤེགས་པ་དང་ལྷ་མོ་དང་།། བྱང་ཆུབ་སེམས ་དཔའ་ནི་རྡོ་རྗེའི་ཟློས་པས་རང་གིས་སྙིང་པོ་རྗོད་བཞིན་པ་དཱ་ཏྲ~ཾ་སྥོ་ནི་ཁྲོ་བོའི་བཟླས་པ་ཡི་གེ་ཧཱུཾ་རྗོད་བཞིན་པའོ།། དཀྱིལ་འཁོར་པ་ཐམས་ཅད་ནི་དབུས་ཀྱི་གཙོ་བོ་ལ་མངོན་པར་བལྟས་པ་དང་། གཙུག་ཏོར་འཁོར་ལོ་བསྒྱུར་བ་ནི་སྟེང་དུ་ཞལ་བལྟོས་པ་དང་། ་གནོད་མཛེས་རྒྱལ་པོ་ནི་འོག་ཏུ་ཞལ་བལྟས་པའོ།། དེ་རྣམས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་དང་། ཉི་མ་ལ་གན་བའི་རྭ་རང་གི་མཚ་མ་ལནྡ་རང་གི་ཡིག་འབྲུའི་ཐིག་ལེ་རེ་རེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཕྲ་མོ་རྣལ ་འབྱོར་གྱིས་བསྒོམ་བཞིན་པ་བསམ་པར་བྱའོ།། བསྡུས་ན་དེ་བཞིན་གཤེགས་པ་ནི་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིར་འགྱུརརོ།། ཞེས་པ་སྟེ་དྲང་བའི་དོན་ཏོ།། འདོད་པའི་གདུགས་ནི་མི་བསྐྱོད་པ་སྟེ། དྲི་ཉིད་སྟོང་དང་བྲལ་དང་འོག་གི་དབྱེ་བ་སྣང་བ་ལ་སོགས ་པའི་རང་བཞིན་ཡིན་པས་ཞལ་གསུམ་པའོ།། སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་དང་། འོད་གསལ་བ་ནི་ཕྱག་དྲུག་པའོ།། རུས་སྦལ་ལ་སོགས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའོ།། དཀྱིལ་འཁོར་བཞིའི་རྩ་ནི་སྤྱན་ལ་སོགས་པའོ།། མིག་དང་རྣ་བ་དང་། སྣ་དང ་ལྕེ་དང་ལུས་དང་ཡིད་དང་། ཡན་ལག་ཐམས་ཅད་ཀྱི་ཚིགས་དང་། རྩ་རྒྱུས་ཐམས་ཅད་ཀྱི་རྩ་ནི་བྱང་ཆུབ་སེམས་དཔའ་རྣམ་སོ།། མིག་གཡོན་པའི་རྩ་ནི་གཟུགས་རྡོ་རྗེ་མ། རྣ་བ་གཡོན་པའི་རྩ་ནི་སྒྲ་རྡོ་རྗེ་མ་དང་། སྣ་གཡོན་བའི་རྩ་ནི་དྲི་རྡོ་རྗེ་མ་དང་། ལྕེའི་རྩ་ནི་རོ་རྡོ་རྗེ་མ ་དང་། རྡོ་རྗེའི་དབུབ་ཀྱི་རྩ་ནི་རེག་བྱ་རྡོ་རྗེ་མའོ།། དཔུང་པ་གཉིས་དང་ལག་དཱར་གཉིས་དང་ཁ་དང་གསང་བ་དང་པུས་མོ་གཉིས་དང་། ཚངས་པའི་སྒོ་དང་རྒུང་པའི་མཐིལ་གྱི་རྩ་ནི་ཁྲོ་བོ་བཅུའོ།། སྟེང་ལ་སོགས་པའི་དབྱེ་བས་ཞལ་གསུམ་ལ་སོགས་པ་སྟེ། སྣརུ ་བཞིན་ཏེ། ངེས་པའི་དོན་ཏོ།། སྤྲོས་པ་སྤང་བར་བྱ་བའི་ཕྱིར། དོན་དམ་པའི་དཀྱིལ་འཁོར་གྱི་བསྒོམ་པ་བཤད་པར་བྱ་སྟེ། སྦྱར་ཡང་ཁྭ་སྦྱར་སྦྱོར་བ་ཡིས།། རང་གི་ལུས་ལ་དེ་རྣམས་གཞུག་ཅེས་སྨོས་པ་ལ། དེ་ལྟར་སྔར་བཤད་པའི་རིམ་པས་ལྷག་པར་མེས ་པའི་དཀྱིལ་འཁོར་བྱིན་གྱིས་བརླབས་ལ། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་དང་། ཕྱི་རོལ་གྱི་དཀྱིལ་འཁོར་གཅིག་ཏུ་གྱུར་པས་རང་གི་ལུས་ལ་དེ་རྣམས་ནི་དཀྱིལ་འཁོར་པ་རྣམས་གཞུག་པར་བྱ་སྟེ། དྲང་པའི་དོན་ཏོ།། ་སླར་ཡང་ཁ་སྦུར་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཁ་སྦྱོར་ནི་བཞི་སྟེ། ཁ་གཉིས་ཀྱི་ཁ་སྦྱོར་དང་། དབང་པོ་གཉིས་ཀྱི་ཁ་སྦྱོར་དང་རྩ་གཉིས་ཀྱི་ཁ་སྦྱོར་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཁ་སྦྱོར་རོ།། དེའི་སྦྱོར་བ་ནི་དེ་དག་གཅིག་ཏུ་གྱུར་པས་དེ་རྣམས་ནི་རྩ་སུམ་ཅུ་རྩ ་གཉིས་རང་གི་ལུས་ནི་དབུས་མ་ལ་གཞུག་པ་མི་སྣང་བར་བྱས་སྟེ། ངེས་པའི་དོན་ཏོ།། ཕྱིའི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར་དང་། ངག་གི་དཀྱིལ་འཁོར་དང་། སེམས་ཀྱི་དཀྱིལ་འཁོར་ཏོ་ཁ་སྦྱར་རོ།། དེ་རྣམས་ཀྱི་སྦྱོར་བ་ནི་གཅིག་ཏུ་གྱུར་པས་སོ།། ་དེ་རྣམས་ནི་དཀྱིལ་འཁོར་བཞི་སྟེ། རང་གི་ལུས་ནི་རིང་གི་ལུས་ལ་འཇུག་པར་བྱ་སྟེ། ཡི་གེའི་དོན་ཏོ།། སྟོང་པ་གཉིས་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁ་སྦྱོར་གྱིས་རང་གི་ལུས་ནི་ཆོས་དང་། ལོང་སྤྱོད་རྫོགས་པོའི་སྐུའི་བདག་ཉིད་ཀྱི་རྡོ་རྗེ་འཆང ་ཆེན་པོ་ལ་འཇུག་པར་བྱ་སྟེ། སྤྱིའི་དོན་ཏོ།། ཁ་སྦྱོར་གྱི་སྦྱོར་བ་སྟེ་སྣང་བ་ནི་སྣང་བ་མཆེད་པ་ལ་འཇུག་གོ་སྣང་བ་མཆེད་པ་ནི་སྣང་བ་ཉེ་བར་ཐོབ་པ་ལའོ།། སྣང་བ་ཉེ་བར་ཐོབ་པ་ནི་འོད་གསལ་སྟེ། སྦས་པའོ།། ཨཱ་ན་ཨཱཿོཾ་ནི་ཨཱཿལའོ།། ཨཱ ་ནི་ཧཱུཾ་ལའོ།། ཧཱུཾ་ནི་ཨ་ལའོ།། ཨ་ནི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ།། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ནི་ལྟེ་བའི་ནམ་མཁའ་ལ་སྟེ་སྦས་པའོ།། ཆགས་པ་དང་བྲལ་བ་ནི་ཆགས་པ་ལའོ།། ཆགས་པ་ནི་ཆགས་པ་བར་པ་ལའོ།། ཆགས་པ་བར་བ་ནི་འོད་གསལ་བ་སྟེ། མཐར ་ཐུག་པའོ།། ཀུན་རྫོབ་དང་དོན་དམ་པ་ཁ་སྦྱོར་གྱི་སྦྱོར་བ་ནི་ཐ་མི་དང་བའི་ཏིང་འཛིན་གྱིས་དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། རང་གི་ལུས་ལ་འཇུག་པར་བྱ་སྟེ། རྣམ་པར་མི་རྟོག་པར་བྱ་བ་ནི་མཐར་ཐུག་པའོ།། དེ་ཉིད་བཤད་པར་བྱ་སྟེ། ལུས ་ཀྱི་འཁོར་ལོར་རྫོགས་སངས་རྒྱས།། རིམ་པོ་ཇི་བཞིན་ཡང་དག་བསམ། དོན་དམ་པ་ཡི་རྡོ་རྗེ་ཡིས།། དེ་བཞིན་ཉིད་ལ་གཞུག་བྱ་བས།། དེ་བཞིན་གཤེགས་པའི་ཚོགས་བསད་ན།། དངོས་གྲུབ་རབ་མཆོག་གྲུབ་པར་འགྱུར།། ཞེས་སྨོས་ཏེ། ལྷག་པར་མོས་པའི ་བདག་ཉིད་ཀྱི་ལུས་ཀྱི་དཀྱིལ་འཁོར་ལ་སྔར་བཤད་པའི་རིམ་གྱིས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་གཉིས་བཤད་པ་གང་ཡིན་པ་དེ་རྣམས་རིམ་པ་ཇི་བཞིན་དུ་ནི་ཕྱིན་ཅི་མ་ལོག་པའི་རིམ་གྱིས་ཡང་དག་པར་བསམ་པ་ནི།། རྣམ་པར་བསྒོམས་ཏེ། ་སླར་ཡང་ཁ་སྦྱར་སྦྱོར་བའི་ཏིངངེ་འཛིན་ནི་དོན་དམ་པའི་རྡོ་རྗེ་སྟེ། རང་བཞིན་མེད་པའི་བདག་ཉིད་ཀྱི་དེ་ནི་འོད་གསལ་བ་ལ་འཇུག་པར་བྱའོ།། དེ་ཉིད་བཤད་པ་དེ་བཞིན་གཤེགས་པའི་ཚོགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཏེ། ་བསད་པ་ནི་གང་གི་ཚེ་མི་སྣང་བར་བྱས་པ་དེའི་ཚེ་དངོས་གྲུབ་རབ་མཆོག་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཏེ། དགོངས་པས་བཤད་པའོ།། དེ་ཉིད་ཚད་མ་ཉིད་དུ་བྱས་པའི་ཕྱིར་བཤད་པར་བྱ་སྟེ། འདི་དོན་རྡོ་རྗེ་ཕྲེང་བ་ལས་གསལ་བ་རུ་ནི་རྣམས་ཕྱེ་སྟེ། ཞེས ་སྨོས་ཏེ། འདི་དོན་ནི་དོན་དམ་པའི་དཀྱིལ་འཁོར་གྱི་དོན་ཏོ།། རྡོ་རྗེ་ཕྲེང་བ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསལ་བ་རུ་ནི་རྣམས་ཕྱེ་སྟེ།། རབ་ཏུ་གསལ་བར་བྱསོ་ཞེས་ལུང་གི་ཚད་མ་ཉིད་དུ་སྟོན་ཏོ།། དེ་ཉིད་བཤད་པ།། གཟུགས་ཕུང་གཏོགས་ལ ་མེ་ལོང་དང་།། སའི་ཁམས་དང་མིག་དབང་པོ།། གཟུགས་ཀྱང་རིགས་ནི་ལྔ་པ་སྟེ།། ཁྲོ་བོ་བྱམས་པ་ཡང་ངག་ལྡན་ཞེས་སྨོས་པ་ལ། གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་བསྡུ་བ་དང་།། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། སའི་ཁམས་ལ་སྤྱན་ནོ།། ་མིག་གི་དབང་པོ་སའི་སྙིང་པོའོ།། གཟུགས་ལ་གཟུགས་རྡོ་རྗེ་མོའོ།། ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང་། མིག་ཡོ་བ་ནི་ཕུང་པ་གཡས་པ་དང་པུས་མོ་གཡས་པ་ལའོ།། བྱམས་པ་ནི་རྩ་རྒྱུས་ཐམས་ཅད་ལའོ།། དེས་ནི་ཤར་ཕྱོགས་ཀྱི་ཆ་དང་། མེའི་མཚོན་གྱི་ཆལ ་གནས་པའི་དཀྱིལ་འཁོར་བ་རྣམས་བསྡུ་བར་བསྟན་ཏོ།། དེ་བཞིན་དུ་ཚོར་བའི་ཕུང་པོ་མཉམ་ཉིད་དང་ཚྭ་ཁམས་རྣ་བའི་དབང་པོ་དང་། སྒྲ་ཡང་རིགས་ནི་ལྔ་པ་སྟེ། ཁྲོ་བོ་གཉིས་དང་ཡང་དག་ལྷན་ཞེས་སྨོས་ཏེ། ཚོར་བའི་ཕུང་པོ་ལ་རིན་ཆེན་འབྱུང་ལྡན་དང་། དེ་ཉིད ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཆུའི་ཁམས་ལ་མཱཾ་མོ་ཀཱིའོ།། རྣ་བའི་དབང་པོ་ལ་ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོའོ།། སྒྲ་ལ་སྒྲ་རྡོ་རྗེ་མའོ།། ཁྲོ་བོ་གཉིས་ནི་ག། ཤིན་རྗེ་མཐར་བྱེད་དང་། འདོད་པའི་རྒྱལ་པོ་སྟེ། དཔུང་པ་གཡོན་པ་དང་པུས་མོ་གཡོན་པ་ལ ་འཇུག་གོ།། དེས་ནི་ལྷོའི་ཕྱོགས་དང་བདེན་བྲལ་མཚམས་ཀྱི་དཀྱིལ་འཁོར་བ་རྣམས་བསྡུ་བ་བསྟན་ཏོ།། འདུ་ཤེས་སོ་སོར་རྟོག་པ་དང་།། བྱིན་ཟ་སྣ་ཡི་དབང་པོ་དང་།། དྲི་ཡང་རིགས་ནི་ལྔ་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་སྨོས ་འདུ་ཤེས་ལ་འོད་དཔག་ཏུ་མེད་པ་དང་། དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སོ།། མེའི་ཁམས་ལ་གོས་དཀར་མོའོ།། སྣའི་དབང་པོ་ལ་འཇིག་རྟེན་དབང་ཕྱུག་གོ།། ཡིད་ལོ་འཇམ་དཔལོ།། དྲི་ལ་དྲི་རྡོ་རྗེ་མའོ།། ཁྲོ་བོ་གཉིས་ནི་པདྨ་མཐར་བྱེད་དང་། དབྱུག་པ་སྔོན་པོའི ་ཁ་དང་ལག་ངར་གཡས་པ་ལ་འཇུག་གོ།། འདུ་བྱེད་བྱ་བ་ནན་ཏཱན་སྒྲུབ།། རླུང་དང་ལྕེ་ཡི་དབང་པོ་དང་།། རོ་ཡང་རིགས་ནི་ལྔ་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་སྨོས་ཏེ། འདུ་བྱེད་ལ་དོན་ཡོད་པར་གྲུབ་པ་བསྡུ་བ་དང་། དེ་ཉིད་བྱ་བ་ནན་ཏན་གྲུབ་པའི་ཡིན ་རླུང་གི་ཁམས་ལ་སྒྲོལ་མའོ།། ལྕེའི་དབང་པོ་ལ་སེལ་བའོ།། ཚིགས་ཐམས་ཅད་ལ་ཀུན་ཏུ་བཟང་པོའོ།། རོ་ལ་རོ་རྡོ་རྗེ་མའོ།། ཁྲོ་བོ་གཉིས་ནི་བགེགས་མཐར་བྱེད་དང་། སྟོབས་པོ་ཆེ་ཏེ། གསང་བ་དང་ལག་ངར་གཡོན་པ་ལ་འཇུག།། དེས་ནི་བྱང་ཕྱོགས་དང་དབང ་ལྡན་གྱི་མཚམས་ཀྱི་དཀྱིལ་འཁོར་བ་རྣམས་བསྡུ་བ་བསྟན་ཏོ།། སྟེང་འོག་ཁྲོ་བོར་ཡང་དག་ལྡན།། རྭ་བཞིན་གྱིས་ནི་སྣང་བ་ཉིད།། རྣམས་ཤེས་ཕུང་པོར་ཞུགས་པ་སྟེ། རྣམ་ཤེས་ཀྱང་ནི་འོད་གསལ་པོའོ་ཞེས་སྨོས་ཏེ། སྟེང་དུ་ནི་ཚངས་པའི་སྒོར་རོ།། ཁྲོ་བོ ་ནི་གཙུག་ཏོར་འཁོར་ལོ་སྒྱུར་བ་བསྡུའོ།། འོག་ནི་རྐང་པའི་མཐིལ་ལ་ཁྲོ་བོ་ནི་གནོད་མཛེས་ཀྱི་རྒྱལ་པོ་འཇུག་གོ།། རང་བཞིན་སྣང་བ་ནི་རང་བཞིན་བརྒྱ་དྲུག་ཅུ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ལའོ།། རྣམ་པར་ཤེས་པའི་ཕུང་པོ་ནི་མི་བསྐྱོད་པ་མཱ་མ་ཀཱིའོ།། ་འོད་གསལ་བ་ལ་འཇུག་གོ།། འདིར་ནི་འདི་སྐད་བཤད་པ་ཡིན་ཏེ། དཔྲལ་བ་ལས་སྤྲོས་པའི་འོད་ཟེར་གྱིས་རྣམ་པར་སྣང་མཛད་དགུག་ཅིང་དེ་ཉིད་དུ་གཞུག་པ་དང་། ཤ་དང་རུས་པའི་འོད་ཟེར་གྱིས་སྤྱན་མའོ།། མིག་གཡས་པའི་འོད་ཟེར་གྱིས་སའི་སྙིང་པོའོ།། ་མིག་གཡོན་པའི་འོད་ཟེར་གྱིས་གཟུགས་རྡོ་རྗེ་མའོ།། རྩ་རྒྱུས་ཐམས་ཅད་ཀྱི་འོད་ཟེར་གྱིས་བྱམས་པའོ།། དཔུང་པ་གཡས་པའི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེ་དོ།། དཔུང་པ་གཡོན་པའི་འོད་ཟེར་གྱི་མི་གཡོ་བའོ།། དེ་ནཱི་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པ་ནི ་རྒྱུ་མཐུན་པའི་འབྲས་བུའོ།། ལྟ་བའི་འོད་ཟེར་གྱིས་རིན་ཆེན་འབྱུང་ལྡན་ནོ།། ཤུ་ཀྲ་དང་ཆུ་ལོ་སོགས་པའི་འོད་ཟེར་གྱིས་མཱ་མ་ཀཱིའོ།། རྣ་བ་གཡས་པའི་འོད་ཟེར་གྱིས་ཕྱག་ན་རྡོ་རྗེ་དང་ན་མཁའི་སྙིང་པོའོ།། རྣ་བ་གཡོན་པའི་འོད་ཟེར་གྱིས་སྒྲ་རྡོ་རྗེ་མའོ།། ་དཔུང་པ་གཡོན་པའི་འོད་ཟེར་གྱིས་ཤེས་རབ་མཐར་བྱེའོ།། ལག་ངར་གཡེན་པའི་འོད་ཟེར་གྱིས་འདོད་པའི་རྒྱལ་པོའོ།། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་རྒྱུ་མཐུན་པའི་འབྲས་བུའོ།། ལྐོག་མའི་རྩའི་འོད་ཟེར་གྱིས་འོད་དཔག་ཏུ་མེད་པ་དང་དྲོ ་པའི་རེག་པའི་འོད་ཟེར་གྱིས་གོས་དཀར་མོ།། སྙིང་ཀིའི་པདྨའི་འོད་ཟེར་གྱིས་འཇམ་པའི་རྡོ་རྗེའོ།། སྣའི་འོད་ཟེར་གྱིས་འཇིག་རྟེན་དབང་ཕྱུག་གོ།། ལུས་ཀྱི་དྲིའི་འོད་ཟེར་གྱིས་དྲི་རྡོ་རྗེ་མའོ།། ཁའི་འོད་ཟེར་གྱིས་པདྨ་མཐར་བྱེད།། པུས་མོ་གཡས་པའི ་འོད་ཟེར་གྱིས་དབྱིག་སྔོན་ནོ།། དེས་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ།། གསང་བའི་འོད་ཟེར་གྱིས་དོན་ཡོད་པར་གྲུབ་པའོ།། འགྲོ་བ་ལ་སོགས་པའི་འོད་ཟེར་གྱིས་སྒྲོལ་མའོ།། རྡོ་རྗེ་མོའི་འོད་ཟེར་གྱིས་སེལ་བའོ།། ལྕེའི་འོད ་ཟེར་གྱིས་རོ་རྡོ་ཌྷོ་མའོ།། ཚིགས་ཐམས་ཅད་ཀྱི་འོད་ཟེར་གྱིས་ཀུན་ཏུ་བཟང་པོའོ།། གསང་བའི་འོད་ཟེར་གྱིས་བདུད་རྩི་འཁྱིལ་བའོ།། དབུས་མོ་གླཡོན་པའི་འོད་ཟེར་གྱིས་སྟོབས་པོ་ཆེའོ།། ཚངས་པའི་སྒོའི་འོད ་ཟེར་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བའོ།། རྐང་པའི་འོག་གི་འོད་ཟེར་གྱིས་གནོད་མཛེས་འཇུག་པར་བྱའོ།། དེས་ནི་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཐོབ་པ་ནི་རྒྱུ་མཐུན་པའི་འབྲས་བུའོ།། དེ་ནས་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པའི ་རིམ་གྱིས་ཚངས་པའི་བུ་གནས་བྱངཆུབ་ཀྱི་སེམས་འཛག་པ་དང་། ཡན་ལག་གི་ཚིག་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཕྱིན་པ་དང་། རྡོ་རྗེའི་དཀྱིལ་ཏུ་བྱང་ཆུབ་ཀྱི་སེམས་འབབ་པའི་ཚེ་ཤེས་རབ་དང་། ཐབས་དང་མ་རིགས་པའི་རང་བཞིན ་སྤངས་ལ། རྣམ་པར་ཤེས་པ་གསུམ་ནུབ་ཅིང་། འོད་གསལ་བའི་སྔོན་དུ་འགྲོ་བ་ས་དང་། ཆུ་དང་། མྱེ་དང་།། རླུང་ན་མཁའི་རྣམ་པར་དྲག་པས་རྟགས་ལྔ་མ་མཐོང་སྟེ། ཐམས་ཅད་སྟོང་པ་འོད་གསལ་བ་ཉམསུ་མྱོང་ཞིང་ཡབ་ཡུམ་ཞུས་ནས་ཐིག ་ལེར་འགྱུར་ཞིང་ཐིག་ལེར་ཡང་སྒྲ་དང་སྒྲ་ཙམ་གྱིས་ཐིམ་ལ་རང་དང་། གཞན་གྱི་དབྱེ་བ་མཆོག་ཏུ་འཛིན་པ་མེད་པས་འབབ་ཞིག་དྲི་མ་མེད་པ། མཐའ་ཡས་པ། ནམ་མཁའ་དང་མཚུངས་པའི་ཡེ་ཤེས་མངོན་དུ་བྱའོ།། འདིས་ཆོས་ཀྱི་དབྱིངས་ཡིས ་མངོན་དུ་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་ཤེས་པའི་ཕུང་པོ་ཡང་གནས་སུ་འགྱུརརོ།། ཞེས་དོན་དམ་པའི་དཀྱིལ་འཁོར།། དེ་ཉིད་བརྟན་པར་བྱ་བའི་ཕྱིར།། མྱ་ངན་འདས་བཅས་ཀུན་སྟོང་དང་། ཆོས་ཀྱི་སྐུར་ཡང་བཤད་པ་ཡིན། བསྟན་པ ་བྱ་བའི་དོན་དུ་ནི། གསང་སྔགས་འདི་ནི་བརྗོད་པར་བྱ།། ཞེས་སྨོས་ཏེ། དེ་ཉིད་མྱ་ངན་ལས་འདས་པཱ་སྟེ། མི་གནུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཚན་ཉིད་དོ།། དེ་ཉིད་ཀུན་སྟོང་ནི་དེ་ཁོ་ན་ཉིད་བཞི་བུའོ།། སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་དེ་ཉིད་ཆོས་ཀྱི་སྐུ་བཤད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་པ་ཡིན་པའི་ཕྱིརརོ།། གདྨ་གཽ་ཚེ་བསྐལ་པ་གྲངས་མེད་པ་གསུམ་གྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཉིད་ཐོབ་པ་དེའི་ཚེ། སྔགས་ཀྱི་ཐེག་པ་ལ ་དེ་ལས་ཁྱབ་པར་གང་ཡིན་ཞེས་རྟོག་སྟེ། སྔགས་ཀྱི་ཐེག་པ་ལ་སྔགས་ཀྱི་མཐུ་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དེ་བསྟན་པའི་དོན་ནི་མི་གཡོ་བར་བྱ་བའི་ཕྱིར་འོག་ནས་བཤད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ནང་གི་བཟླས་པ་དང་། རྡོ་རྗེའི་ཚིག ་གིས་ཤེས་ཚིག་གི་ལྷག་མའོ།། སྔགས་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀཽཊ་ཧཾ་ཞེས་བྱ་བ་ལ། ཨོཾ་ནི་རྣམ་པར་སྣང་མཛད་དོ།། ཤུ་ནྱ་ཏཱཾ་ནི་རིན་ཆེན་འབྱུང་ལྡན་ནོ།། ཛྙཱ་ནི་འོད་དཔག་ཏུ་མེད་པའོ།། བཛྲ་ནི་མི་བསྐྱོད་པའོ།། སྭ་བྷཱ་བ་ཨཱ ་ཏཱཀ་ནི་དོན་ཡོད་གྲུབ་པའོ།། ཨ་ཧཱུཾ་ཞེས་བྱ་བ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོའོ།། དེས་ནི་དེ་བཞིན་གཤེགས་པ་དྲུག་གི་དྲ་རྒྱལ་བྱ་སྟེ། རྡོ་རྗེ་འཆང་ནི་ཀུན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ།། ཡང་ན་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི ་སྒོའོ།། ཛྙཱ་ན་བཛྲ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའོ།། སྭ་བྷཱ་བ་ཨཱཏྨ་ཀོ་ནི་སྨྱོན་པ་མེད་པའི་རྣམ་པར་ཐར་པའི་སྒོའོ།། དེའི་རང་བཞིན་དུ་ཨ་ཧཾ་ཞེས་ང་རྒྱལ་བྱའོ།། ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། མེད་ཅིང་ཚན་ཉིད ་མེད།། དོན་དམ་པ་བདེན་པ་ཞེས་བྱ་བ།། དེ་བཞིན་གཤེགས་པ་ཀུན་གྱིས་གནས་ཞེས་སྨོས་ཏེ། དེ་ནི་སྔར་བཤད་པའོ།། དོན་དམ་པའི་དཀྱིལ་འཁོར་ཕུང་པོ་ལྔ་དང་། དབང་པོ་དང་། ཡུལ་དང་ཁམས་ཉེ་བར་སྡུད་པར་བྱེད་པའོ།། ་མཐའ་དྲུག་ལས་ཀྱང་། ལྔ་བཅུ་ནས་རྩམས་ཏེ། ཕུང་པོ་ལ་སོགས་པ་བཏུང་བར་བྱའོ།། དེའི་དོན་འདི་ཡིན་ཏེ། གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་གི་རྣམ་པ་བཅུ་གཉིས་དང་། དབྱིབས་ཀྱི་བདག་ཉིད་རྒྱང་།། དབང་པོའི་དཔེ་བས་ཚོར་བ་ནི་བཅོ ་བརྒྱད་དོ།། འདུ་ཤེས་ནི་གཅིག་གྲོ་དགེ་བ་དང་མི་དགེ་བ་དང་། ལུས་ལུང་དུ་མ་སྟན་པའི་འདུ་བྱེད་རྣམ་པ་གསུམ་མོ།། ཀུན་གཞི་ལ་སོགས་པའི་དབྱེ་བས་རྣམ་པར་ཤེས་པ་ནི་བརྒྱད་དེ། ལྔ་བཅུ་དེ་དག་དོན་དམ་པའི་བསྒོམ་པས་བཏུང་བའི་ནི་བསླུ ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། སྙིང་པོར་གྱུར་པས་ན་དཀྱིལ་འཁོར།། རང་བཞིན་དང་སྣང་བ་བློལ་བས་ནཱ་སྣང་བ་མེད་པའོ།། མཚན་ཉིད་ནི་བཞི་སྟེ། སྐྱོ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པའོ།། དེ་དང་བྲལ་བས་ན་མཚན་ཉིད་མེད་པས་ཏེ ་འདུས་མ་བྱས་པའི་ཕྱི་རོ།། དེ་ཉིད་དོན་དམ་པའི་བདེན་བྱ་སྟེ། ཀུན་རྫོབ་ཉེ་བར་བསྡུས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ།། སྐྱེས་པའི་གནས་ཡིན་ལ། སྔར་བཤད་པའི་རིམ་པས་ཐམས་ཅད་དེ་ཉིད་དུ་བསྡུ་ཞིང་། ་འོག་ནས་བཤད་པའི་རིམ་པས་དེ་ཉིད་ནས་འབྱུང་བའི་ཕྱིར།། ད་ནི་ཆད་པའི་ཕྱོ་གས་སྤངས་པར་བྱ་བའི་ཕྱིར།། དོན་དམ་པའི་བདེན་པ་ལས་ལྡང་བ་བསྟན་པར་བྱ་སྟེ། འོད་གསལ་བར་ནི་རབ་ཞུགས་ནས། ལྡང་བའི་ཡང་ནི་བསྟན་པར་བྱ་ཞེས། ་སྨོས་ཏེ། སྔར་བཤད་པའི་རིམ་གྱིས་འོད་གསལ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ཞུགས་པའི་རྣལ་འབྱོར་པ་གང་ཡིན་པ་དེའི་དེ་ལས་ལྡང་བ་ནི་འོག་ནས་བཤད་པའི་རིམ་གྱིས་ལྷའི་སྐུ་འཛིན་པ་བསྟན་པར་བྱ་བ་ནི་བཤད་པར ་བཱ་སྟེ། སྔ་མའི་སྨོན་ལམ་འབྲས་བུར་བཅས་པ་དང་། ཆད་པའི་ལྟ་བོ་སྟོང་པ་དང་།། སེམས་ཅན་གྱི་དོན་བྱ་བའི་ཕྱིར།། དེ་ཉིད་བཤད་པ་སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས།། ལྷ་ཡི་གཟུགས་ལ་དམིགས་པའི་ཕྱིར་ཞེས་སྨོས་ཏེ། སྔགས་ཡོངསུ་གྱུར་པ་ལ ་སྐྱེས་པའི་སྐུ་ནི་སྡིགས་ཀྱི་སྟེ། རྡོ་རྗེ་འཆང་ལ་སོགས་པའི་མཚན་ཉིད།། དེའི་སྦྱོར་བ་ནི་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་མངོན་དུ་བྱེད་པའོ།། དྲིས་ལྷའི་གཟུགས་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རོ།། དེ་ལ་དམིགས་པ་ནི། སྤྲོ་བ་སྔོན་དུ་འགྲོ ་བར་བསྒོམ་པ་སྟེ།། དེའི་ཕྱིར་དེ་ནི་དྲིའི་དོན་དུའོ།། དེས་ནི་ཏིངངེ་འཛིན་གསུམ་བསྟན་པ་ཡིན་ནོ།། དེ་ལ་སྔགས་ཀྱི་སྐུའི་སྦྱོར་བ་ནི་དྲང་པོའི་སྦྱོར་བའོ།། ལྷའི་གཟུགས་ལ་དམིགས་པའི་ཕྱིར་ནི་དཀྱིལ་འཁོར་རྒྱལ་བ་མཆོག་དང་། ལས་རྒྱལ་བ་མཆོག ་བསྟན་ཏོ།། དེ་ཉིད་བཤད་པོ་ན་མཁའི་ཁམས་ཀྱི་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། སྔགས་པོས་ཀྱང་ནི་དེ་ལྟེང་དུ།། ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ།། དེར་ཡང་པདྨ་འདབ་མ་བརྒྱད།། ཁ་དོག་དམར་པོ་བསྒོམ་པར་བྱ ་ཞེས་སྨོས་ཏེ། འདིས་ནི་གདན་གྱི་དབྱེ་བ་བཤད་པར་བྱ་སྟེ། རེ་ཞིག་དང་པོ་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་ལ་དེའི་འོད་ཟེར་གྱིས་ན་མཁའ་ལས་མི་བསྐྱོད་པའི་རིགས་བཀུག་ཅིང་བཅུག་ལ།། དེ་ཡོངསུ་གྱུར་པ་ལས་ཆ་བཅུ་གཉིས ་པ་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བ་དཔེ་བྱད་ཀྱི་རང་བཞིན་བསྒོམ་མོ།། དེ་ནས་དེའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་བཀོད་ལ།། དེའི་འོད་ཟེར་གྱིས་ན་མཁའ་ལས་རྣམ་པར་སྣང ་མཛད་ཀྱི་རིགས་བཀུག་ཅིང་བཅུག་ལ་དེ་ཡོངསུ་གྱུར་པ་ལས་ཆ་བཅུ་དྲག་གི་རང་བཞིན་དཀར་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ངོ་བོ་ཟླ་བའི་དཀྱིལ་འཁོར་བསམ་མོ།། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁ་དོག ་དམར་པོའི་ཡི་གེ་ཨ་བཀོད་ལ་དེའི་འོད་ཟེར་གྱིས་ན་མཁའ་ལས་འོད་དཔག་ཏུ་མེད་པའི་རིགས་བཀུག་ཅིང་བཅུག་ལ་དེ་ཡོངསུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསམ་སྟེ། དྲང་བའི་དོན་ཏོ།། མི་བསྐྱོད་པའི་རང་བཞིན་ཉི་མའི ་དཀྱིལ་འཁོར་དང་། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་དང་། འོད་དཔག་ཏུ་མེད་པའི་རང་བཞིན་པདྨའོ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉི་མ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཟླ་བ་དང་། ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་པདྨའོ།། མངོན་སྤྱོད་ནི་ཉི་མ་དང་། ཞི་བ་ནི་ཟླ་བ་དང་། དབང་ནི་པདྨའོ།། སེམས་ཀྱི་རང་བཞིན་ཉི་མ་དང་། ལུས་ཀྱི་རང་བཞིན་ཟླ་བ་དང་། ངག་གི་རང་བཞིན་པདྨའོ།། ཁྲག་གི་ཁམས་ནི་ཉི་མ་དང་། ་ཤུ་ཀྲའི་ཁམས་ནི་ཟླ་བ་དང་། དེ་དག་གི་རྟེན་ནི་པདྨའོ།། དབུས་མའི་རྩ་ཉི་མ་དང་། གཡོན་པའི་ཟླ་བ་དང་། གཡས་པདྨའོ།། འདོད་པའི་ཁམས་ནི་ཉི་མ་དང་། གཟུགས་ཀྱི་ཁམས་ནི་ཟླ་བ་དང་། གཟུགས་མེད་པའི་ཁམས་ནི་པདྨའོ།། ལོང་སྤྱོད ་རྫོགས་པའི་སྐུ་ནི་ཉི་མ་དང་། སྤྲུལ་པའི་སྐུ་ནི་ཟླ་བ་དང་། ཆོས་ཀྱི་སྐུ་ནི་པདྨའོ།། སྣང་བ་ནི་ཟླ་བ་དང་། སྣང་བ་མཆེད་པ་ནི་ཉི་མ་དང་སྣང་བ་ཉེ་བར་ཐོབ་པ་ནི་པདྨའོ།། ཆགས་པ་བྲལ་བ་ནི་ཟླ་བ་དང་། ཆགས་པ་ནི་ཉི་མ་དང་། ཆགས་པ་བར་མཱ་ནི ་པདྨའོ།། ཚུལ་ཁྲིམས་ནི་ཟླ་བ་དང་། ཏིང་འཛིན་ནི་ཉི་མ་དང་། ཤེས་རབ་ནི་པདྨའོ།། སྟོང་པ་ཉིད་ནི་ཉི་མ་དང་། སྙིང་རྗེ་ནི་ཟླ་བ་དང་། གཉི་ག་ནཱི་པདྨའོ།། འཇམ་པ་ནི་ཟླ་བ་དང་། རྣོ་བ་ནི་ཉི་མ་དང་། གཉི་ག་ནི་པདྨའོ།། ཀུནྡ་བརྟགས་ནི་ཉི་མ ་དང་། གཞན་དབང་ནི་ཟླ་བ་དང་། ཡོངསུ་གྲུབ་པ་ནི་པདྨའོ།། མོ་རྟགས་ནི་ཟླ་བ་དང་།། ཕོ་རྟགས་ནི་ཉི་མ་དང་། མ་ནིང་རྟགས་ནི་པདྨའོ།། མཚན་མོ་ནི་ཟླ་བ་དང་། ཉིན་མོ་ནི་ཉི་མ་དང་། མཚམས་ནི་པདྨའོ།། ཨཾ་ཟླ་བ་དང་། ཨ་ཉི་མ་དང་། གཉི་ག ་མེད་པ་ནི་པདྨའོ།། ཤེས་རབ་ཟླ་བ་དང་། ཐབས་ཉི་མི་དང་། གཉི་གའི་བདག་ཉིད་པདྨའོ།། ཧཱུཾ་ཉི་མ་དང་། ཨོཾ་ཟླ་བ་དང་། ཨ་པདྨའོ།། སྟོང་པ་ཟླ་བ་དང་། ཤིན་ཏུ་སྟོང་པ་ཉི་མ་དང་། ཆེན་པོ་སྟོང་པ་པདྨའོ།། ཁྱབ་བྱེད་ཟླ་བ་དང་། ཁྱབ་བྱ་ཉི་མ ་དང་། གཉི་ག་ནི་པདྨའོ།། སྟོང་པ་ཉིད་ཟླ་བ་དང་། མཚན་མ་མེད་པ་ཉི་མ་དང་། སྨོན་པ་མེད་པ་ནི་པདྨའོ།། ཚངས་པ་ནི་ཟླ་བ་དང་། དབང་ཕྱུག་ཆེན་པོ་ནི་ཉི་མ་དང་། ཁྱབ་འཇུག་ནི་པདྨའོ།། འདས་པ་ནི་ཟླ་བ་དང་། དེ་ལྟར་བྱུང་བ་ནི་ཉི་མ་དང་། མ ་འོངས་པ་ནི་པདྨའོ།། ཞེ་སྡང་ཟླ་བ་དང་། འདོད་ཆགས་ཉི་མ་དང་། གཏི་མུག་ནི་པདྨའོ།། ཆུའི་ཁམས་ནི་ཟླ་བ་དང་། མེའི་ཁམས་ནི་ཉི་མ་དང་། སའི་ཁམས་ནི་པདྨའོ།། གཟུགས་ཀྱི་ཕུང་པོ་ཟླ་བ་དང་། རྣམ་པར་ཤེས་པའི་ཕུང་པོ་ཉི་མ་དང་། འདུ་ཤེས ་ཀྱི་ཕུང་པོ་ནི་པདྨའོ།། ས་བླ་ནི་ཟླ་བ་དང་། སྭ་སྟེང་ནི་ཉི་མ་དང་། ས་འོག་ནི་པདྨའོ།། དམ་ཚིག་སེམས་དཔའ་ནི་ཟླ་བ་དང་། ཡེ་ཤེས་སེམས་དཔའ་ནི་ཉི་མ་དང་། ཏིང་འཛིན་སེམས་དཔའ་ནི་པདྨའོ།། སེམས་ཅན་ལ་དམིར ་པ་ནི་ཟླ་བ་དང་། ཆོས་ལ་དམིགས་པ་ནཱི་ཉི་མ་དང་། དམིགས་པ་མེད་པ་ནི་པདྨའོ།། དཔྱིད་ནི་ཟླ་བ་དང་། སོ་ཀ་ནི་ཉི་མ་དང་། སྟོན་ཀི་ནི་པདྨའོ།། བདེ་བའི་དུས་ནི་ཟླ་བ་དང་། སྡུག་བསྔལ་གྱི་དུས་ནི་ཉི་མ་དང་བསམ་གྱི་ཁྱབ་པའི་དུས་ནི་པདྨའོ།། ་ཆ་དང་བཅས་པ་ཟླ་བ་དང་། ཆ་མེད་པ་ནི་ཉི་མ་དང་། གཉི་ག་དང་བྲལ་བ་ནི་པདྨའོ།། དེ་ལྟར་རིགས་བརྒྱའི་དཔེ་བས་བཅོམ་ལྡན་འདས་ཀྱི་གདན་གྱི་དབྱེ་བ་བསྟན་ཏེ། ངེས་པའི་དོན་ཏོ།། ཆོས་ཀྱི་དབྱིངས་ཀྱི་བསྒོམ་པ་བཤད་པར་བྱ་སྟེ། པདྨའི་སྟེང ་དུ་སྔགས་ཆེན་པོ།། ཡི་གེ་གསུམ་ཡང་རྣམ་པར་བསམ་ཞེས་སྨོས་པ་ལ་དེ་ནས་པདྨ་འདབ་མ་བརྒྱད་པ་དམར་པོའི་ལྟེ་བཱར་དཀར་པོ་དང་། དམར་པོ་དང་། ནག་པའི་ཡི་གེ་གསུམ་བཀོད་ལ། དེ་ཡོངསུ་གྱུར་པ་ལས་སེམས་སོ་སོ་རོ་རྟོག་པའི་བདག ་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཉིད་བསམ་པར་བྱ་ཞེས་མན་ངག་གོ།། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིརརོ།། དེ་ནས་ཀུན་རྫོབ་ཀྱི་བདེན་པ་དོན་དམ་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། སྔགས་དང་པདྨ་ཉི་མ་དག། ཟླ་བའི་དཀྱིལ་འཁོར ་ལ་ཞུགས་པས་ཞེས་སྨོས་པ་ལ། སྔགས་ནི་ཨོཾ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེ་བཞིན་དུ་པདྨ་དང་ཉི་མོའི་དཀྱིལ་འཁོར་གསུམ་པོ་དེ་དག་ཀྱང་ཟླ་བའི་དཀྱིལ་འཁོར་ནི་ཡི་གེ་གསུམ་པོ་ཡོངསུ་གྱུར་པ་ལས་སྐྱེས་པ་ཞུགས་པར ་བསམ་པར་བྱའོ།། དེས་ནི་སྐུ་གསུང་ཐུགས་ཅིག་ཏུ་གྱུར་པའི་མཚན་ཉིད་ཀྱི་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་མངོན་དུ་བྱས་པར་བསྟན་ཏེ། དགོངས་པ་མ་ཡིན་པའོ།། ཉེ་བར་བསྡུ་བའི་སྒོ་དེ་ཉིད་ཁྱད་པར་བཤད་ཟླ་བའི་དཀྱིལ་འཁོར་ཀུན་རྫོགས་པ། ་བྱང་ཆུབ་སེམསུ་རྣམ་པར་བརྟག་ཅེས་སྨོས་ལ།། གདན་གསུམ་པོ་ཡོངསུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོག་པ་ཀུན་ཏུ་རྫོགས་པ་གང་ཡིན་པ་དེ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཡིན ་བོས་ན་བྱང་ཆུབ་ཀྱི་སེམས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་བརྡ་རྣམ་པར་བརྟག་པ་སྟེ། རྗེསུ་དྲན་པར་བྱའོ།། ཕྱོགས་གཉིས་པོ་ལས་རྣམ་གྲོལ་བའི་རྣམ་རྟོགས་མུན་པ་སེལ་བྱེད་པ། ཉོན་མོངས་དྲི་མ་ཀུན་ལ་དག། ཟླ་བ་བཞིན་དུ་སེམས ་ཟླ་བའོ་ཞེས་བཤད་པའི་ཕྱིར་རོ།། དེ་ཁོ་ན་ཉིད་པ་སྡུས་པ་ལྔས་ཀྱང་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ལྟ་བུར་སེམས་མཐོང་ངོ་ཞེས་འབྱུང་ངོ་།། དེའི་ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར།། རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང་། དེ་ཉིད་དུ་ནི་རྣམ་པསཾ ་ཞིང་ཞེས་སྨོས་ཏེ། ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་རྒྱུ་བ་དང་མི་རྒྱུ་བའི་རང་བཞིན་ཐམས་ཅད་ནི་ཁམས་གསུམ་པར་གནས་པར་བསམས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཏེ། དྲང་བའི་དོན་ཏོ།། ས་ལ ་སོགས་པའི་མི་རྒྱུ་བའི་ཁམས་དང་བཤང་ག་ཅི་ལ་སོགས་པ་རྒྱུ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བས་ཁམས་ཐམས་ཅད་ཁྱབ་པའི་ཕྱིར་ཏེ།། ངེས་པའི་དོན་ཏོ།། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་བརྟན་པ། བརྟན་པར་བྱ་བའི་དོན་དུ་ནི།། ་གསུང་སྔགས་འདི་ནི་བརྗོད་པར་བྱ་ཞེས་སྨོས་ཏེ། ལས་དང་པོ་པ་ཡིནྡྲ་པས་ཆོས་ཀྱི་དབྱིངས་མངོན་དུ་མ་གྱུར་ན་དེའི་ཚེ་ཉིད་བརྟན་པར་བྱ་བའི་དོན་དུ་འོག་ནས་བཤད་པའི་སྔགས་བརྗོད་དེ། རྡོ་རྗེའི་ཚིགས་ཤེས་ཚིགས ་ལྕུག་མ་སྟེ། སྒྲ་ཇི་བཞིན་པའོ།། སྔགས་བརྗོད་པ་ནི། ཨོཾ་དྷརྨྨ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཨོཾ་ནཱི་རྡོ་རྗེ་འཆང་ཚོན་པོའོ།། དེ་ཉི་ནི་དྷརྨྨ་དྷཱ་ཏུ་སྟེ་འོད་གསལ་བའོ།། དེའི་སྭ་བྷཱ་བེ་ནི་རྣམ་པར་མི་རྟོག་པ་ཉིད་དོ།། ཨཱཏྨ་ཀོ&ཧ་ནི་དེའི་བདག་ཉིད་ང་སྟེ། ་ས་པ་མ་སྦྱིན་པའོ།། སྐྱེད་བའི་བྱུང་ནས་རྣལ་མས་བྱུང་། ཟླ་བའི་དངསུ་པ་གསུསུ་བསམ་ནས་སྨོདེ་ནས་ཆོས་ཀྱི་མྱི་མ་བཞིར་གྱི་སྐུ་གསུང་རྫོགས་བརྗིག་བྱུ་བ་ས་བྱུང་བའི་རྗེ ་ཁ་དོག་དཀར་པོ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱིས་ཡི་གེ་གསུམ་བསམ་པ་ནི་དགོད་པ་སྟེ། སྒྲ་ཇི་བཞིན་པའོ།། དེ་ནས་ཡི་གེ་གསུམ་ལས་བྱུང་།། ཀུན་ད་ཟླ་བ་དཀར་དང་མཚུངས།། དང་པོའི་མགོན་པོ་བསམས་ནས་ཀྱང་ཞེས་སྨོས་པ ་ལ།། དེ་ནས་ཡི་གེ་གསུམ་ལས་འོད་ཟེར་གྱི་ཚོགས་སྤྲོས་ལ།། དེ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་ཁོར་དང་བཅས་པ་བཀུག་ཅིག་དེ་ཉིད་དུ་བཅུག་སྟེ། རྡོ་རྗེ་རྩེ་ལྔར་པདྨ་དམར་པོ་བསམ་མོ།། དེའི་རྣམ་པར་དག་པ་ནི་སྟེང་གི་རྩེ་ལྔ་ནི་མི་བསྐྱོད ་པ་ལ་སོགས་པ་དང་། འོག་གི་རྩེ་ལྔ་པ་ནི་རེག་བྱ་རྡོ་རྗེ་མ་ལ་སོགས་པའོ།། སྟེང་གི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་བྱམས་པ་ལ་སོགས་པ་དང་། འོག་མའི་རྩེ་མོའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ནི་གཟུགས་དང་། སྒྲ་དང་། དྲི་དང་། ་རོ་རྡོ་རྗེ་མ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ལྷ་མོའི།། སྟེང་དང་འོག་གི་ཆུ་སྲིན་གྱི་ཁ་ནི་གཤིན་རྗེ་བཤད་ལ་སོགས་པ་བརྒྱད་དོ།། སྟེང་དང་འོག་གི་དབུ་མའི་རྩའི་རྩེ་མོ་ནི། གཙུག་ཏོར་དང་གནོད་མཛེས་རྒྱལ་བའོ།། ་ཆང་ཟུངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཆང་ངོ་།། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་བསམ་ལ། བཛྲ་ཨཱཏྨ་ཀོ&ཧཾ་ཞེས་ང་རྒྱལ་བྱ་སྟེ། དེའི་རྩེ་མོར་ཧཱུཾ་བཀོད་ཅིང་སྤྲོ་བ་དང་བསྡུ་བའི ་རིམ་གྱིས་འགྲོ་བའི་དོན་བྱས་ཏེ། སངས་རྒྱས་ཀྱི་ཞིང་ལ་འཇུག་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་སྔོན་དུ་འགྲོ་བར་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞལ་གསུམ་ཕྱག་དྲུག་པ་བཞི་དཀར་པོ་རྡོ་རྗེ་སྐྱིལ་མོ་ཀྲུང ་བཅས་པ་ཞལ་དཀར་པོ་དོང་། དམར་པོ་དང་སྔོན་པོ་མངའ་བ་འོད་གསལ་བའི་ཡེ་ཤེས་ཀྱིས་རྣམ་པ་རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་འཁོར་ལོས་ན་མཁའི་ཁམས་ཀྱི་དཀྱིལ་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་ཁྲོ་བོའི་ཚོགས་ཀྱིས་གོང་པར་མཛད ་པ་བསམ་པར་བྱ་སྟེ། སྤྱིའི་དོན་ཏོ།། དེ་ནི་ཡན་ལག་བཅུ་པའི་རྣལ་འབྱོར་རོ།། ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དེ་ལྟར་རྣལ་འབྱོར་དམིགས་ནས་ནི་ཞེས་སྨོས་པ་ལ། དེ་བཞིན་གཤེགས་པའི་རིགས་དྲུག་པ་སྐྱེ་བའི་བར་དུ་རྣལ་འབྱོར་གྱི་ཏི་འཛིན་ཏེ ་བོབོའོ།། རྗེསུ་རྣལ་འབྱིར་བ་ཤད་པར་བྱ་སྟེ། སུ་རྣལ་འབྱོར་བརྩེ་བར་བྱ་ཞེས་སྨོས་ཏོ། རྣལ་འབྱོར་གྱི་ཕྱིན་ནས་འབྱུང་བས་རྗེ་སུ་རྣལ་འབྱོར་ཏེ། ཡི་གེའི་དོན་ཏོ།། དེ་ཉིད་བཤད་པ། མི་བསྐྱོད་པ་ནི་རྗེ་སུ་ཞུགས་པ།། ཞལ་གསུམ་ཕྱག་དྲུག་འབར་བ་དང་། ཨིནྡྲ་ནཱི་ལཱི་འོད་འགྲོ ་བའི་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ཞེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་དབུས་ཀྱི་གཙོ་བོ་རྡོ་རྗེ་འཆང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་ཏེ། དེ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ལ་དེ་དང་རྗེསུ་ཞུགས ་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཐུགས་རྡོ་རྗེའི་རྣམ་པ་ཨིནྡྲ་ནཱི་ལ་ནོར་བུ་དང་འདྲ་བ་ཞེ་སྡང་གི་རིགས་ཡིན་པས་ན་ཁྲོ་བོ་འབར་བ་སྤྲོ་བ་རྣམ་པར་ཐར་པ་གསུམ་རྣམ་པར་དག་པོས་ཞལ་གསུམ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཕྱག་དྲུག་པ ་བསམ་མོ།། དེ་ནས་དེའི་སྙིང་གརཪྵ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བའི་ཐུགས་རྡོ་རྗེ་འཆང་དེ་དང་འདྲ་བར་བསམས་སྟེ། དེའི་ཐུགས་ཀར་ཡང་དེ་བཞིན་དུ ་སྣ་ཚོགས་པདྨ་དང་། ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་ཡི་གེ་ཧཱུཾ་ཉིད་བསམ་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་དང་། ཏིང་འཛིན་སེམས་དཔའ་བསྒོམ་པ་ནི་རྗེ་སུ་རྣལ་འབྱོར་ཏེ་ཏིངེ་འཛིན་གཉིས་པའོ།། དེ་ཉིད་ཀྱི་ཕྱག་མཚན་བསྟན་པའི་ཕྱིར། རྡོ ་འཁོར་ལོ་པདྨ་རྣམས།། གཡས་པའི་ཕྱག་ཏུ་བསྡམ་པར་བྱ།། དྲིལ་བུ་རིན་ཆེན་རལ་གྷྲི་ནི།། གཡིན་པའི་ཕྱག་ཏུ་བསམ་པར་བྱ།། ཞེས་སྨོས་ཏེ། དེ་ལ་རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ཏེ། ཡེ་ཤེས་ལྔའི་རང་བཞིན་ནོ།། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་ཕྱག ་མཚན་ཏེ། ཆོས་ཀྱི་འཁོར་ལོ།། བསྐོར་བའི་རང་བཞིན་ནོ།། པདྨ་ནི་འོད་དཔག་ཏུ་མེད་པའི་ཕྱག་མཚན་ཏེ། འདོད་ཆགས་ལ་སོགས་པའི་འདམ་ཀྱིས་མི་གོས་པའོ་ཤེས་རབ་ཀྱི་རང་བཞིན་ནོ།། དྲིལ་བུ་ནི་སྲིད་པ་རྣམ་པར་དག་པ་ཤེས་རབ་ཀྱི་ངོ་བོ་ཉིད་དོ།། ་ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་གྱི་ཕྱག་མཚན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ཡེ་ཤེས་སོ།། རལ་གྲི་ནི་དོན་ཡོད་པར་གྲུབ་པའི་ཕྱག་མཚན་ཏེ། ཉོན་མོངས་པ་སྤྱོད་པའི་ཤེས་རབ་བོ།། དེ་ལྟར་རིགས་དྲུག་གི་མཚན་མ་འཛིན ་པ་བཅོམ་ལྡན་འདས་པདྨ་དང་ཉི་མའི་དབུསུ་བཞུགས་པ་བསྒོམ་མོ།། ཞེས་རྗེསུ་རྣལ་འབྱོར་རོ།། ཤིན་ཏུ་རྣལ་འབྱོར་གྱི་བསྒོམ་པ་བཤད་པར་བྱ་སྟེ། དེ་ནས་ཕུང་པོ་ལ་སོགས་པའི།། དབྱེ་བ་ཤེས་པས་སྣང་མཛད་སོགས།། གནོད་མཛེས་པར ་དུ་ས་བོན་གྱི།། དགོད་པས་ཡང་དག་ཉིད་དུ་དགོད་ཅེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེསུ་རྣལ་འབྱོར་གྱི་འོག་ཏུ་ཕུང་པོ་ལ་སོགས་པ་ནི་ཕུང་པོ་དང་། སྐྱེད་མཆེད་དང་། ཁམས་དང་། ཡན་ལག་དང་། ཉིང་ལག་ལའོ།། དགོས་པ་ནི་ས་བོན་གྱི་ཡི་ཤེ ་དགོད་པ་སྟེ། མཚོན་པར་བྱའོ།། ས་བོན་ཡོངསུ་གྱུར་པ་ལས་སྣང་མཛད་སོགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་སྟེ། གནོད་མཛེས་ཀྱི་བར་དུ་བསྒོམ་མོ།། དེ་ཉིད་རྣམ་པར་སྣང་མཛད་སོགས། ་གནོད་མཛེས་པར་ཞེས་བཤད་པ་ཡིན་ནོ།། ས་བོན་དགོད་པ་ནི་ཨོཾ་ལ་སོགས་པའི་ས་བོན་དགོད་པསོ།། ཡང་དག་ཅེས་བྱ་བ་ནི་རང་བཞིན་རྗེ་སུ་དྲན་པས་སོ།། ཡང་ན་གང་དང་གང་གི་ཁ་དོག་དང་། གཟུགས་ལ་སོགས་པ་དེ་དང་དེའི་རིམ་པ་དེ་ཉིད་ཀྱིས་བས་མོ ་རྒྱས་པར་བཤད་པར་བྱ་སྟེ། རྣམ་སྣང་མཛད་འདིའི་ས་བོན་ནི།། ཁ་དོག་དཀར་པོ་ཡི་གེ་ཨོཾ།། གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། སྔགས་ཤེས་པས་ནི་སྤྱི་བོར་དགོད་ཅེས་སྨོས་ཏེ།། དང་པོར་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་བཀོད་ལ། དེའི་འོད ་ཟེར་གྱིས་ན་མཁའ་ནས་རྣམ་པར་སྣང་མཛད་ཀྱི་རིགས་བཀུག་ལ་དེ་ཉིད་དུ་བཅུག་སྟེ། དེ་ཡོངསུ་གྱུར་པ་ལས་རྣམ་པར་སྣང་མཛད་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོའོ།། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་རང་བཞིན ་འོག་ནས། བཤད་པའི་ཕྱག་མཚན་བཛིན་པ། སེམས་དཔའི་གསུམ་གྱི་བདག་ཉིད་ཅན།། ཏིངེ་འཛིན་སེམས་དཔའི་ཡི་གེ་ཨོཾ་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དང་བཅས་པ། མཐའ་ཡས་པའི་སངས་རྒྱས་ཀྱི་འོད་ཟེར་གྱིས་ཕྱོགས ་བཅུ་ཁྱབ་པར་བྱེད་པ་བསྒོམས་ན་དེའི་མེ་ལོང་ལྟ་བུའི་ཡེ་ཤེས་འབྱུང་བར་འགྱུར་རོ།། འདུ་ཤེས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། ཨཿནི་མགོན་པོ་འོད་དཔག་མེད།། འདུ་ཤེས་ཕུང་པོ་བདག་ཉིད་ཅན།། མདོག་དམར་ཁ་ལ་བསམ་ནས་ནི།། ་ངག་གི་དབང་ཕྱུག་ཉིད་ཐོབ་འགྱུར་ཞེས་སྨོས་ཏེ།། དེ་ནས་ལྐོག་མའི་དབུསུ་པདྨ་འདབ་མ་བརྒྱད་པ་དམར་པོ་དང་ཉི་མའི་སྟེང་དུ་ཨཱཿདམར་པོ་བཀོད་ནས། དེའི་འོད་ཟེར་གྱིས་ན་མཁའ་ལ་འོད་དཔག་ཏུ་མེད་པའི་རིགས་བཀུག་ཅིང་བཅུག་ལ། དེ་ཡོངསུ ་གྱུར་པ་ལས་འོད་དཔག་ཏུ་མེད་ཞལ་གསུམ་ཕྱག་དྲུག་པ་དམར་པོ་ཞི་བ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན། ཏིང་འཛིན་སེམས་དཔའི་ཐིག་ལེར་ལྷ་སུམ་ཅུ ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡོས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱད་པར་བསྒོམས་ན་དེའི་ཚེ་སོ་སོར་རྟོག་པའི་ཡེ་ཤེས་དང་ཐོབ་པ་དང་། ངག་གི་དབང་ཕྱུག་ཉིད་ཐོབ་པར་འགྱུརརོ།། རྣམ་པར་ཤེས་པའི་ཕུང་པོའི་བྱིན་གྱིས ་བརླབ་པ་བཤད་པར་བྱ་སྟེ། མི་བསྐྱོད་པའི་ཡི་གེ་ཧཱུཾ། རབ་ཏུ་བཟང་པོའི་མཐིང་ཤིང་མདོག། རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། སྔགས་པ་སྙིང་གར་རྣམ་པར་དགོད་ཅེས་སྨོས་ཏེ་སྙིང་གའི་སྟེང་དུ་པདྨ་དང་། ཉི་མའི་དཀྱིལ་འཁོར་གྱིས་སྟེང་དུ་ཧཱུཾ་ཝ ་བྱུང་བའི་མི་བསྐྱོད་པ་ཞོལ་གསུམ་ཕྱག་དྲུག་པ་སྔོན་པོ་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་འོག་ནས་གཤད་བའི་ཕྱག་མཚན་འཛིན་པ། ཏི་འཛིན་སེམས་དཔའི་ཐིག་ལེརརཱ་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི ་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པ་བསྒོམས་ནས་དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ།། ཚོར་བ་བྱིན་གྱིས་བརླབ་པ་བཤད་པ་ནི། རིན་ཆེན་མགོན་པོའི་ཡི་གེའི་སྟེ། ཚོར་བའི་ཕུང་པོའི་ངོ་བོ་ཉིད།། ཚོར་བ་དག་པའི་རྒྱུན་ཅན་ནི།། ་ཁ་དོག་སེར་པོ་ལྟེ་བར་དགོད་ཅེས་སྨོས་ཏེ། དེ་ནས་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་ཁ་དོག་སེར་པོའི་ཡི་གེ་སྒྲ་དགོད་ཅིང་། དེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ཞི་བ་སེར་པོ་ཞལ་གསུམ་ཕྱག་དྲུག་པ་ཚོར་བའི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི ་ཕྱག་མཚན་འཛིན་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཏི་ངེ་འཛིན་སེམས་དཔའ་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་གྱིས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན་དེའི་ཚེ་མཉམ་པ་ཉིད་ཀྱི་ཡེ་ཤེས་འབྱུ། ་འདུ་བྱེད་རྣམ་པར་དག་པ་བཤད་པར་བྱ་སྟེ། རྐང་པ་གཉིས་ལ་ཡི་གེ་ཧཱ། འདུ་བྱེད་ཕུང་པོའི་ངོ་བོ་ཉིད།། ལས་ཀྱི་མགོན་པོ་དེ་ཉིད་མི་སྔགས་པས་ཁ་དོག་ལྗང་གུར་དགོད་ཅེས་སྨོས་ཏེ། དེ་ནས་རྐང་པ་གཉིས་ཀྱིས་སྟེང་དུ་ཁ་དོག་ལྗང་གུའི་ཧཱ་གཉིས ་བཀོད་ལ། དེ་ཡོངསུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་ལྗང་ཁུ་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་འོག་ནས་བཤད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཏིང་འཛིན་སེམས་པའི་ཐིག ་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོ་བས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན། དེའི་ཚེ་བྱ་བ་ནན་ཏན་བསྒྲུབ་པའི་ཡེ་ཤེས་བྱུང་ངོ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའོ།། ཁམས་བྱིན་གྱིས་བརླབ་པའི་ཕྱིར་བཤད་པར ་བྱ་སྟེ། སྔགས་པས་གཏི་མུག་དགའ་སོགས་ནི། ས་ལ་སོགས་པ་རབ་ཏུ་བཞག། སྲ་དང་གཤེར་དང་དྲོ་བ་དང་། གཡོ་བ་ཉིད་ཤེས་རིམ་པ་བཞིན་ཞེས་སྨོས་ཏེ། ལུས་པོ་འདི་ལ་ཤ་དང་། རུས་པ་ལ་སོགས་པ་སྲ་བའི་རང་བཞིན་ནི་ས་སྟེ། དེ་ལ་མོ་ཧཱ་རཱ་ཏི་ཞེས ་པོའི་སྔགས་ལས་བྱུང་བ་སངས་རྒྱས་སྤྱན་དཀར་མོ་ཞལ་གསུམ་ཕྱག་དྲུག་པ་རྣམ་པར་སྣང་མཛད་དང་། སྙོམས་པར་ཞུགས་པ་བདེ་བ་འཆང་ཆེན་པོའི་དབང་གི་ཞུ་སྟེ། ཡང་ཤ་དང་རུས་པ་ལ་སོགས་པར་ཡོངསུ་གྱུར་ཏེ། དེ་ལ་མོ་ཧཱ་རཱ་ཏི་ཞེས་སྔགས་དགོད ་པར་བྱ་སྟེ། དེའི་ཚེ་སའི་ཁམས་རྣམ་པར་དག་པར་འགྱུ་རོ།། དེ་ནས་དྭེ་ཥ་རཱ་ཏི་ཞེས་བྱ་བའི་སྔགས་བྱུང་བ་ཆུ་དང་ཁྲག་ལ་སོགས་ཞུ་བའི་རྫས་ལ་མཱ་མ་ཀཱི་དཀོད་དེ། མི་བསྐྱོད་པ་དང་ལྷན་ཅིག་ཏུ་ཞུ་ཞིང་། ཡང་ཁྲག་ལ་སོགས་པའི་རང་བཞིན་དུ་ཡོངསུ ་གྱུར་ཏོ། ཡང་དྭེ་བ་རཱ་ཏི་ཞེས་སྔགས་བཀོད་ན། དེའི་ཚེ་ཆུའི་ཁམས་རྣམ་པར་དག་པོར་འགྱུརརོ།། དེ་ནས་སྲོག་གི་དབང་པོ་དང་། ཉེ་བའི་དྲོ་བའི་རེག་པ་རང་བཞིན་གྱིས་མེའི་ཁམོས་ལ་རཱ་ག་ར་ཏི་ཞེས་བྱ་བའི་སྔགས་དགོང་བ་སྔོན་དུ་འགྲོ་བས་གོས་དཀར ་མོ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ཏེ། འོད་དཔག་ཏུ་མེད་པ་དང་ལྷན་ཅིག་ཞུ་སྟེ། སླར་ཡང་མེའི་ཁམསུ་གྱུར་ཅིང་དེ་ཉིད་ལ་རཱ་ག་རཱ་ཏི་ཞེས་བྱ་བའི་སྔགས་བཀོད་ན། དེའི་ཚེ་མེའི་ཁམས་རྣམ་པར་དག་པར་འགྱུར་རོ།། དེ་ནས་རྩའི་ཁོང་སྟོང་གི་ནང་དུ་རྒྱུ་བའི ་རླུང་གི་ཁམས་ལྔ་བཛྲ་རཱ་ཏི་ཞེས་བྱ་བའི་སྔགས་དགོད་པ་སྔོན་དུ་འགྲོ་བ་ལས་བྱུང་བ་སྒྲོལ་མ་ཞལ་གསུམ་པ་ཕྱག་དྲུག་པ་ལྗང་གུ་དོན་ཡོད་གྲུབ་པ་དང་བཅས་པར་བསྒོམས་ཏེ། སྙོམས་པར་ཞུགས་པས་ཞུ་ཞིང་ཡང་རླུང་གི་ཁམསུ་འགྱུར་ཞིང་དེ་ཉིད་དེ་ལི་བཛྲ ་རཱ་ཏི་ཞེས་བྱ་བའི་སྔགས་བཀོད་ནོ།། དེའི་ཚེ་རླུང་གི་ཁམས་རྣམ་པར་དག་པར་འགྱུརརོ།། སྐྱེ་མཆེད་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། བྷྲཱུཾ་ནི་མིག་དུ་བཀོད་ནས་ནི།། སའི་སྙིང་པོ་རྣམ་པར་བསྒོམ།། ཨོཾ་ནི་རྣ་བ་དག་ལ་དགོད།། ཕྱག་ན་རྡོ་རྗེ་བསྒོམ་པར་བྱ།། ཨོཾ་ནི ་སྣ་ལ་རྣམ་བཀོད་དེ།། ན་མཁའི་སྙིང་པོ་རབ་ཏུ་བསྒོམ།། ཨོཾ་ནི་ལྕེ་ལ་བཀོད་ནས་ནི།། འཇིག་རྟེན་དབང་པོར་བརྟག་པར་བྱ།། ཡིད་ལ་ཨོཾ་དང་ཧཱུཾ་བཀོད་དེ།། འཇམ་པའི་དབྱངས་ནི་རབ་ཏུ་བསྒོམ་ཡི་གེ་ཨོཾ་ནི་ལུས་ཀུན་ལའང་། བསྒོམས་པས་སྒྲིབ་སེལ་དྲན་པོར་བྱ།། ་མཾ་ཡིག་རྩཝ་རྒྱུས་ལ་བཀོད་དེ།། བྱམས་པ་ཉིད་དུ་ཡོངསུ་བརྟག། ཚིགས་ཀུན་ལ་ནི་སྣུམ་བཀོད་དེ།། ཀུན་ཏུ་བཟང་པོ་བསམ་པར་བྱ་ཞེས་སྨོས་ཏེ། ཚིག་སུ་བཅད་པ་བཞིས་སྐྱེ་མཆེད་དྲུག་དང་རྩའི་འཁོར་ལོ་དང་ཚིགས་ཐམས་ཅད་ལ་དགོད་པ་བཤད་པར་བྱ་སྟེ།། ་དེ་ལ་དང་པོ་མི་གི་དབང་པོ་སྟོང་པ་ཉིད་དུ་བསྒོམས་ལ། སྟོང་པའི་གནས་སུ་ཡི་གེ་བྲུཾ་དཀར་པོ་དགོང་ཅིང་དེ་ཡོངསུ་གྱུར་པ་ལས་སོའི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དཀར་པོ་འཆང་བར་གྱུར་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད ་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་རྒྱུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྨོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་མིག་དབང་པོ་ལོག་ནས་ལྷའི་མིག་ཏུ ་འགྱུར་རོ།། དེ་བཞིན་དུ་རྣ་བའི་དབང་པོ་སྟོང་པར་བསྒོམས་ནས།། སྟོང་པའི་གནས་སུ་ཨོཾ་སྔོན་པོ་བཀོད་ལ་དེ་ཡོངསུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སྔོན་པོ་འོགྲོ་ནས་འཆང་བའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད ་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན་དེའི་ཚེ་ཐ་མལ་པའི་རྣ་བའི་དབང་པོ་ལོག་ནས་ལྷའི་རྣ་བ་ཐོབ་པར་འགྱུར་རོ།། དེའི་རྗེས་ལ ་སྣའི་དབང་པོ་སྟོང་པར་བསྒོམས་ལ། སྟོང་པའི་གནས་སུ་ཡི་གེ་ཨོཾ་སེར་པོ་བཀོད་ལ་དེ་ལས་ན་མཁའི་སྙིང་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བ་སེར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི ་ས་བོན་གྱིས་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསྒོམས་ན།། དེའི་ཚེ་ཐ་མལ་པའི་སྣའི་དབང་པོ་ལོག་ནས། ལྷའི་སྣ་ཐོབ་པར་འགྱུརརོ།། དེ་བཞིན་དུ་ལྕེའི་དབང་པོ་སྟོང་པ་ཉིད ་དུ་བསྒོམས་ལ་སྟོང་པའི་གནས་སུ།། ཨོཾ་དམར་པོ་ལས་འཇིག་རྟེན་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་ཉིད་འཛིན་པ།། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱིས་ཐིག་ལེར ་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན།། དེའི་ཚེ་ཐ་མལ་པའི་ལྕེའི་དབང་པོ་ལོག་ནས་ལྷའི་ལྕེ་ཐོབ་པར་འགྱུར་རོ།། དེ་ནས་ཡིད་ཀྱི་གནས་སྙིང་གར་ཨོཾ་དང་བཅས་པའི་ཧཱུཾ་ཡོངསུ ་གྱུར་པ་ལས་ཁྭ་དོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་འཇམ་པའི་དབྱངས་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས ་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགསོ་བཅུ་ཁྱབ་པར་བསམས་ན། དེའི་ཚེ་ཐ་མལ་པའི་ཡིད་ལོག་ནས་གཞན་གྱི་སེམས་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་ཤེས་པ་ཐོབ་པར་འགྱུར་རོ།། དེའི་རྗེས་ལྔ་ལུས་ཀུནྡ་ནི ་གསང་བའི་རྡོ་རྗེའི་མཐར་ཡི་གེ་ཨོཾ་ཡོངསུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་ཞི་བ་ལྗང་གུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འོག་ནུས་འཆད་པའི་ཕྱག་འཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག ་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ།། སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱད་པར་བསྲེས་ན། དེའི་ཚེ་ཐལ་བའི་ལུས་ལོག་ནས་ལྷའི་སྐུ་ཐོབ་པར་འགྱུར་རོ།། དེ་ནས་རྩ་རྒྱུས་ཐམས་ཅད་ལ་ཡེ་ཤེས་མེ་ལས་བྱམས་པ་ཞལ་གསུཾ ་ཕུཕཕྲག་དྲུག་པ་ཞི་བ་དམར་པོ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར ་བསམས་ནཱ། དེའི་ཚེ་རྣའི་ཁོང་སྟོང་ལོག་ནས་མི་ཕྱེད་པའི་སྐུ་ཐོབ་པར་འགྱུརརོ།། དེ་ནས་ཡནྡ་ལག་ཐམས་ཅད་ཀྱིས་ཚིགས་ལ་སམ་དམར་པོ་ལས་ཀུན་ཏུ་བཟང་པོ་ཞལ་གསུམ་བྱན་དྲུག་བཞི་པ་དམར་པོ ་འོག་ནས་འཆད་པའི་ཕྱག་མཚན་འཛིན་པ། སེམས་དཔའ་གསུམ་གྱི་བདོག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ ་པར་བསམས་ན། དེའི་ཚེ་རྡོ་རྗེའི་སྐུ་ཐོབ་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་ཡོངསུ་གྱུར་ནས་ཡང་མིག་ལ་སོགས་པ་སྔར་བཤད་པའི་ཡི་གེ་འབྲུ་རྣམས་དགོད་པར་བྱའོ།། ཁ་ཅིག་ན་རེ་མི་འགྱུར་བ་ཉིད་ཡིནོ་ཞེས་ཟེར་རོ།། ་ཡན་ལག་དང་ཉིང་ལག་ལ་དགོད་པ་བཤད་པར་བྱ་སྟྭ~ཾ། ལག་པ་གཡས་པར་གཤིན་རྗེ་གཤེད། གཡོན་པར་གཞན་གྱིས་མི་ཐུབ་པ། རྟ་མགྲིན་ཁ་ལ་བསམས་པར་བྱ།། རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ།། དཔུང་པ་གཡས་པར་མི་གཡོ་བ།། གཡོན ་པར་འདོད་པའི་རྒྱལ་པོའོ།། པུས་མོ་གཡས་པར་བསམ་པ་ནི།། དབྱུག་པ་སྔོན་པོ་ཆེར་འབར་བ།། པུས་མོ་གཡོན་པར་སྟོབས་པོ་ཆེ།། སྤྱི་བོར་གཙུག་ཏོར་འཁོར་ལོ་སྒྱུར།། གནོད་མཛེས་རྒྱལ་པོ་བསམས་པ་ནི།། རྐང་པ་གཉིས་ལ་དགོད་པར ་བྱ་ཞེས་སྨོས་པ་ལ། དཔུང་པ་གཡས་པ་དང་། གཡོན་པ་དང་། ཁེ་དང་གསང་བ་དང་།། ལག་ངར་གཉིས་དང་། པུས་མོ་གཉིས་དང་། ཚངས་པའི་སྒོ་དང་། རྐང་པའི་མིཐོ་ལ་ལ་ཡི་གེ་ཧཱུཾ་སྔོན་པོ་བཅུ་དགོད་པ་འམ། ཡང་ན་ཡ་མཱནྟ་ཀྲིཏ། པ་ཛྙཱནྟ་ཀྲི་ཏ ་པདྨནྟ་ཀྲིཏ། བིགྷྣཱཾ་ཏ་ཀྲྀཏ་དང་། ཧཱ་སྭཱ། ཨཱཏྨ.ོཾ་བྷྲཱུཾ་ཧཱུཾ་ཡོངསུ་གྱུར་པ་ལས་བྱུང་བའི་གཤིན་རྗེ་གཤད་ལ་སོགས་པ་འཆད་པར་འགྱུར་བའི་ཕྱག་མཚན་དང་ཁ་དོག་འཛིན་པ་ཁྲོ་བོ་བཅུ་ཞལ་གསུམ་ཕྲག་དྲུག་པ། སེམས་དཔའ་གསུམ་གྱི ་བད་ག་ཉིད་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ། སངས་རྒྱས་མཐའ་ཡས་པའི་འོད་ཟེར་སྤྲོས་པས་ཕྱོགས་བཅུ་ཁྱབ་པར་བསམས་ན། དེའི་ཚེ་འབར་བ་དང་སྣང་བ་དང་། གློག་སྟོན་པདྨ ་གསལ་བ་དང་། ཆར་འབེབས་པ་དང་། མི་སྣང་བ་དང་། གཟུགས་སྒྱུར་བ་དང་། སྐད་ཅིག་གཅིག་གིས་གླིང་བཞི་སྐོར་བ་དང་། མཁའ་སྤྱོད། ས་འོག་སྤྱད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ཉེ་བར་བསྡུ་བ་བཤད་པར་བྱ་སྟེ། དགོད་བྱས་དེ་ནས ་སྔགས་པ་ཡིས།། ཕུང་པོ་ལ་སོགས་ཆོ་ག་བཞིན།། སྐུའི་དཀྱིལ་འཁོར་རྫོགས་གྱུར་ནས།། རྣལ་འབྱོར་ཆེན་པོ་ཡང་དག་བསམ་ཞེས་སྨོས་པ་ལ། དགོད་བྱས་ནི་ཤིན་ཏུ་རྣལ་འབྱོར་རྩེ་འི་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་བཀོད་ནས་སོ།། ་ཕུང་པོ་ལ་སོགས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཡན་ལག་དང་། ཉིང་ལག་ལའོ།། ཆོ་ག་བཞིན་ནི་སྔར་བཤད་པའི་རིམ་པས་སོ།། དེས་ནི་ལུས་ཀྱི་དཀྱིལ་འཁོར་ཡོངསུ་རྒྷོ་པཱ་འགྱུརརོ།། ལུས་ཀྱི་ཀྱིལ་འདྨོ་ཡོསུ་རྗོ་པ་གྱུར་ན། རྣལ་འབྱོར་ནེ་བོ་ནི་སྐ་ལ་སོཊ། ་པ་བྱིན་གྱིས་བརླབ་པའི་བདག་ཉིད་ཀྱི་ཏིང་འཛིན་ནོ།། ཡང་དག་བསམ་ནི་བསྒོམ་པར་བྱའོ།། དེ་ཉིད་བཤད་པ།། ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས།། སྤྱི་བོའི་དབུསུ་གནས་པར་བསམ།། དེར་ནི་ཡི་གེ་ཨོཾ་དཀར་པོ།། འོད་ཟེར་ལྡན་ནི་རབ་འཕྲོ་བའོ་ཞེ། ་སྨོས་པ་ལ། རེ་ཞིག་དང་པོ་སྤྱི་བོའི་དབུས་གླང་བའི་ནང་རྩ་ལ་དགོད་དབྱངས་དང་པོ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས་ནི་ཉའི་ཟླ་བ་དང་འདྲ་བ་བསྒོ་མོ།། དེའི་སྟེང་དུ་ཁ་དོག་དཀར་པོའི་ཡི་གེ་ཨོཾ་ནི་རྣམ་པར་སྣང་མཛད ་ཀྱི་ས་བོན་འོད་ཟེར་ལྔ་སྤྲོས་པར་བྱེད་པ་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་བསྒོམས་ཏེ། དེ་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་ན་མཁར་དེ་ཡོངསུ་གྱུར་པ་ལས་སྤྱན་མཐའ་ཡས་པའི་སྤྱན་གྱི་ཚོགས་ཀྱིས་བསྐོར་བ་བསྒོམས་ཏེ། འོག་མིན་གྱི ་གནས་སུ་སོང་ནས་དེ་ལས་ཡེ་ཤོས་ཀྱི་རྣམ་པར་སྣང་བ་ལ་མཆོད་པ་ལྔ་དང་སྙོམས་པར་འཇུག་པས་མཆོད་ཅིང་མགྲིན་པར་ལག་ངར་གྱི་ཞག་པ་བཅུག་སྟེ་འོག་ཏུ་བཀུག་ཅིང་དེའི་འཁོར་དུ་མ་ཡོང་སྤྲུལ་པའི་སྤྱན་གྱི་ཚོགས་ཀྱིས་བཀུག་པར་བསམས ་ལ། ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨ་དང་། ཨ་ལུས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཞུགསུ་གསོལ་ལྔ།། སྙིང་གི་ནས་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ན། དང་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས ་པའི་ཚིགསུ་བཅད་པ་གཉིས་ཀྱིས་གསོལ་བ་བཏབ་ནས། དཔའ་རླབས་བཞིན་དུ་ཨོཾ་གྱི་ཐིག་ལེར་ཞུགས་ལ།། སངས་རྒྱས་ཀུན་གྱི་སྒྲ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པས་ང་རྒྱལ་བྱས་ལ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱ ་སྟེར་སྐུ་བྱིན་གྱིས་བརླབ་པའོ།། དེ་ལྟར་གྱུར་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་སྤྲས་པའི་བདག་ཉིད་ཐོབ་པར་འགྱུརརོ་ཞེས་ཕན་ཡོན་ནོ།། དེ་ཉིད་བཤད་པ། དེ་ནས་ལྷ་མོ་ཕྱུང་ནས་ནི། བདག་པོའི་རབ་ཏུ་སྦྱོར་བ་ཡིས ་སྤྱན་ནི་དུ་མ་བསམས་ནས་ནི། ནམ་མཁའ་ཐམས་ཅད་རབ་ཏུ་གང་ཞེས་སྨོས་པ་ལ། ལྷ་མོ་ནི་སྤྱན་གཙོ་མོའོ།། བདག་པོའི་སྦྱོར་བ་ཡིས་ན་དབུས་ཀྱི་གཙོ་བོ་ལ་འཁྱུད་ནས་གནས་པའོ།། སྤྱན་དུ་མ་ནི་དེས་སྤྲོས་པའི་སྤྱན་མང་པོ་སྟེ། འཁོར་གྱི་རང་བཞིནོ།། ། ་ན་མཁའ་ཐམས་ཅད་རབ་ཏུ་དགང་ཞེས་བྱ་བ་ནི་ནམ་མཁའི་ཁམས་མ་ལུས་པ་ཁྱབ་ཅིང་ལག་ན་མཆོད་པ་ཐོགས་པའོ།། དེ་ནས་སྐུའི་རྡོ་རྗེ་ནི།། ན་མཁའ་གང་བར་བཞུགས་བསམས་ཏེ། ཞེས་སྨོས་པ་ལ། དེ་ནས་འོག་མིན་གྱིས་གནས་ཐོབ་ནས་སྐུ ་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་མཆོད་ཅིང་སྙོམས་པ་འཇུག་པ་ཆེན་པོས་མཆོད་ལ། ནམ་མཁའ་གང་བར་བཞུགས་པ་ནི་སངས་རྒྱས་ཀྱི་ཞིང་ལས་བྱུང་ཞིང་གང་དུ་བསྒྲུབས་པའི་གནས་དེའི་ནམ་མཁའ་ལ་ཁྱབ་ནས་བཞུགས་པར་བསམ་པར་བྱའོ།། ་དེ་དབུས་བདག་པོ་བསྒོམ་པ་ནི། བདག་ཉིད་ཀྱི་ནི་མདུན་དུ་གནས་ཞེས་སྨོས་ཏེ། དེ་ནས་བར་སྣང་ན་མཁའ་ལ་བཀུག་ཅིང་བདག་ཉིད་ཀྱི་མདུན་དུ་ཞེས་བྱ་བ་ནི་ཤ་ར་ཕྱོགས་ཀྱི་སྒོའི་མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་བཞུགསུ་གསོལ་བར་བྱ་བ་ནི ་བལྟ་བར་བྱ་བའོ།། མཆོད་པ་བྱས་ནས་གསོལ་བ་གདབ་པའི་ཕྱིར་བཤད་པ།། དེ་ནས་སྔགས་པས་ཚིགས་བཅད་འདིས། གཉིས་བརྗོད་ནས་ནི་གསོལ་བ་གདབ་ཅེས་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱེས་བུ་ཆེན་པོའི་མཚན། ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པོ། དཔེ་བྱད་བརྒྱད་བཅུས་སྐུ་སྤྲོས་པ། སྔགས་པ་ནི་བསྒོམ་པ་མི་བརྗེད་པའི་ངང་ཚུལ་གྱིས་འོག་ནས་འཆད་པའི་ཚིགསུ་བཅད་པ་གཉིས་བརྗོད་གསོལ་བ་གདབ་པ་ནི་དོན་དུ་གཉེར་བའོ།། དེ་ཉིད་བཤད་པ། དང་ལྡན ་སངས་རྒྱས་སྐུ་འཆང་བ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས་སྨོས་ཏེ་སངས་རྒྱས་ཀྱི་སྤྱན་རྡོ་རྗེའི་སྐུ་སྟེ།། དེ་འཆང་བས་ན་སངས་རྒྱས་སྐུ་འཆང་བའོ།། ་དཔལ་ནི་སྤྱན་ཏེ་དེ་དང་ལྡན་ནོ།། རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་དང་མི་ཕྱེད་པར་བསྒོམས་པ་ནི་ཐ་དད་པའི་རང་བཞིན་ནོ།། བཅོམ་ལྡན་འདས་སྐུ་རྡོ་རྗེ་ནི་ཁྱེད་བདག་ལ་བྱིན་གྱིས་བརླབ་པའི་གནས་ནི་ཡང་དག་པར་བྱིན་གྱིས་བརླབ་པ ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ།། འཁོར་རྣམས་ལ་ཡང་བཤད་པ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུས་ནི་མཛད་དུ་གསོལ་ཞེས ་པ་ནི་གོ་བློའོ།། གསོལ་བ་བཏབ་ཅིང་ཞུས་པ་བཤད་པ་སྟེ་སྤྱན་དང་ལྷན་ཅིག་ལྡན་པོ་ཡིན།། རྣམ་པར་སྣང་མཛད་བསམས་ནས་སུ།། དེ་བཅུག་ནས་ནི་བྱིན་བརླབས་ཏེ།། ཕུང་པོ་ལྔའི་ར་བོ་བཀང་བའོ།། ཞེས་སྨོས་ཏེ། མཆོད་པའི་མཐར་ཡང་ཨོཾ་གྱི་འོད ་ཟེར་གྱིས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་གཞུགས་ཅིང་བྱིན་གྱིས་བརླབས་ཏེ་ང་རྒྱལ་བྱའོ།། སངས་རྒྱས་ཀུན་གྱི་སྐུ་གང་ཡིན།། ཕུང་པོ་ལྔ་ཡིས་རབ་བཀང་བ།། སངས་རྒྱས་སྐུ་ཡི་ངོ་བོ་ཡིས།། བདག་ཀྱང་དེ་དང་འདྲ་བར་ཤོག་ཅེས་སྨོས་པ་ལ ་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་གྱི་སྐུ་ནི་རྡོ་རྗེའི་སྐུའོ།། ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ལྔ་ཡིས་རབ་བཀང་བ་ནི་ཡེ་ཤེས་ལྔའི་རང་བཞིན་དང་། དེའི་རྒྱུ་ཐུན་པར་འགྱུར་བ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སོགས་པའི ་ཕུང་པོ་ལྔས་རབ་བཀང་བ་ནི་གང་བའོ།། དེ་བཞིན་དུ། བདག་ཀྱང་དེ་དང་འདྲ་བར་ཤོག་ཅེས་བྱ་བ་ནི་གྲུབ་པར་གྱུར་ཅིག་པའོ།། སངས་རྒྱས་སྐུའི་ངོ་བོ་ཡིས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་སྐུའི་རྣམ་པས་སོ།། སྔགས་བཤད་པ། ་ཨོཾ་སརྦ་ཏེ་ཐཱ་ག་ཏ་ཀཱ་ཨ་བཛྲ་སྟྭཾ་བྷཱ་བ་ཨཱཏྨ་ཀོ་\ུ྅ཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྣམ་པར་སྣང་མཛདདོ།། སརྦ་ཏ་ཐཱ་ཀ་ཏ་ཀཱ་ཡ་བཛྲ་ནི་སྭཱ་མི་ཕྱེད་པའི་སྐུའི་རེང་བཞིན་ནོ།། དེའི་སྲྀ་བྷ་ནི་མཚན་ལ་སོགས་པས་བརྒྱན་པ་ཉིད་དང་། མི་འཇིགས་པ་ཉིད་དོ།། ཨཱཏྨ་ཀོ&ཧཾ ་ནི་དེའི་རང་བཞིན་དེ་ཡི་ནོ་ཞེས་བཏོན་པར་བྱ་བའོ། ངག་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ།། ཨཱཿནི་ཁ་དོག་དམར་ལྡན་པ། ལྕེའོ་དབུས་གནས་བསམས་ཏེ། གོས་དཀར་ཞེས་བྱ་ན་མཁའ་རུ།། སྤྲོས་ནས་ན་མཁའི་ཁམས་རྣམས་དགང་ཞེས་སྨོས་ཏེ། ་རེ་ཞིག་དང་པོ་ལྐོག་མའི་དབུསུ་པཾ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་ཨཱཿདམར་པོ་ལས་འོད་ཟེར་སྤྲོས་ལ་དེ་ཡོངསུ་གྱུར་པ་ལས་གོས་དཀར་མོ་མཐའ་ཡས་པའི་གོས་དཀར་མོས་བསྐོར་བ་བསྒོམས་ཏེ། བདེ་བ་ཅན་གྱི་བར་དུ ་འགྲོ་ཞིང་དེ་ལ་མཆོད་པ་རྣམ་པོ་ལྔས་ཡེ་ཤེས་ཀྱི་འོད་དཔག་ཏུ་མེད་པ་ལ་མཆོད་ཅིང་འཁྱུང་ལྔ། སྙོམས་པར་འཇུག་པའི་མཆོད་པས་ཀྱང་མཆོད་ལ།། མགྲིན་པར་ལྷག་དར་གྱིས་ཞུགས་པས་དགུག་ཅིང་དེའི་འཁོར་རྣམས་དུ་མ་ཡང་སྦྲུལ་ཧཱུ~ཾ ་གོས་དཀར་མོའི་ཚོགས་ཀྱིས་བཀུག་པར་བསམས་ལ། ཤར་གྱི་སྒོའི་མདུན་དུ་པཾ་ལས་སྐྱེས་པའི་པདྨ་དང་ཟླ་བ་ལ་བཞུག་སུ་གསོལ་ཞིང་རང་གི་སྙིང་ཀ་ནས་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་ལ། ཆོས་ཀྱི་གསུངས་ལམ་དཔལ་དེ ་ལྡན་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་གཉིས་ཀྱི་གསོལ་བ་བཏབ་ལ་འོད་ཟེར་གྱི་དབའ་རླབས་བཞིན་དུ་ཨཱཿའི་ཐིག་ལེར་ངག་གི་ལམ་ནས་ཞུགས་ལ། ངག་ཞིག་རྡོ་རྗེ་ཆོས་ཀྱི་ནི་ཞེས་བྱ་བ་ལ་སོགས་པས་ང་རྒྱལ་བྱ ་ལ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ།། ཞེས་གསུང་བྱིན་གྱིས་བརླབ་པའོ།། དེ་ལྟར་གྱུར་ན་ཀ་ཡ་སུ་འཁྱིལ་བའི་དུང་དུང་འདྲ་བ་མགྲིན་པ་དང་གདོང་གི་དཀྱིལ་འཁོར་འབྱོག་པར་བྱེད་པའི་ལྕེ་དང་བསྟན་བཅོས་སྣ་ཚོགས་རྩོམ་པ་གཞུང་དང་།། ་དོན་དང་ངེས་ཚིག་དང་སོ་སོར་སྣང་བ་རྣམས་ཀྱི་གཞིར་གྱུར་པར་དག་འགྱུརརོ།། ཞེས་ཕན་ཡིན་ནོ།། དེ་ཉིད་བཤད་པ། གསུང་གི་རྡོ་རྗེ་སྔགས་པས་ནི།། ན་མཁའི་དབུས་བཞུགས་པ་ལ།། དེ་ནས་སྔགས་པས་ཚིགས་བཅད་ནི། གཉིས་གཅོད་པས་ནི ་གསོལ་བ་གདབ་ཅེས་སྨོས་པ་ལ། ལྷ་མོའི་མཆོད་པའི་མཐར་གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། འོད་དཔག་ཏུ་མེད་པའི་འཁོར་དང་བཅས་པ་འགུགས་ཤིང་ན་མཁའི་དབུསུ་སྔ་མ་བཞིན་དུ་པདྨ་དང་། ཟླ་བའི་དབུསུ་བཞུགས་པ་ལྟས་ལ། མཆོད ་ཅིང་འོག་ནས་བཤད་པའི་ཚིག་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ།། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དྲང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་གསུང་གྲྀས་མཛད་དུ་གསོལ་ཞེས ་སྨོས་པ་ལ། གསུང་རབ་ཡན་ལག་དགུའི་རང་བཞིན་ཡིན་པས་ན། ཆོས་ནི་འོད་དཔག་ཏུ་མེད་པའོ།། དེ་ཉིད་གསུང་གི་ལམ་སྟེ་ངག་གི་དབང་ཕྱུག་ཡིན་པའི་ཕྱིརརོ།། དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་དང་དབྱར་མེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ།། ། ་རྡོ་རྗེ་གསུམ་གྱིས་བདག་ལ་བྱིན་གྱིས་བརླབ་པ་ནི་གསུང་བྱིན་གྱིས་བརླབ་པ་མཛད་དུ་གསོལ།། ཞེས་གསོལ་བ་བཏབ་པའོ།། འཁོར་རྣམས་ལ་བཤད་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམ ་བས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་གསུང་གྲིས་མཛད་དུ་གསོལ་ཞེས་པ་ནི་སླའོ།། ཞུགས་པ་བརྟན་པར་བྱ་སྟེ། གོས་དཀུར་མོ་དང་ལྷན་ཅིག་ཉིད། རང་གི་གཙོ་བོར་ཡང་དག་ལྡན།། ལྕེ་ལ་ཞུགས་པར་རབ་བསམས་ཏེ།། གསུང ་གིས་བྱིན་གྱིས་བརླབས་པ་བརྩམ་ཞེས་སྨོས་ཏེ། མཆོད་པའི་མཐར་ཨཿའི་འོད་ཟེར་གྱིས་རང་གཙོ་བོ་དང་བཅས་པའི་གོས་ཀུར་མོའི་ཚོགས་དཔའ་རླབས་བཞིན་དུ་ངག་གི་ལམ་ནས་ཞུགས་ཤིང་ང་རྒྱལ་བྱའོ།། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན ་ངེས་པའི་ཚིག་ནི་ཕུན་སུམ་ཚོགས།། བདག་གིས་ཚིགས་ཀྱང་དེ་འདྲ་ཞིང་།། ཆོས་འཛིན་པ་དང་འདྲ་བྱར་ཤོག་ཅེས་སྨོས་པ་ལ།། རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པའོ།། དེ་ཛྙཱཾ་ལྟར་ཕུན་སུམ་ཚོགས་པ་ནཱི་གཞུང་དང་། དོན་དམ་ཚིག་དང་། སོ་སོའི་སྣང ་བ་ཡང་དག་པར་རིག་པོ་དེ་བཞིན་དུ་བདག་ཀྱང་འགྱུ་རོ་ཞེས་ང་རྒྱལ་བྱའོ།། སྔགས་བཤད་པ། ཨོཾ་སརྦ་ཏ་ཐཱ་ག་ཏི་བཱཀ་བཛྲཱ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེ་ཉྞིད་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་ནི ་འོད་དཔག་ཏུ་མེད་པ་སྟེ་དེ་ཉིད་མི་ཕྱེད་པ་ཡིན་པས་བཛྲའོ།། དེའི་སྭ་བྷཱ་དེ་ནི་ཡན་ལག་དྲུག་ཅུ་ལ་སོགས་པ་དང་ལྡན་པ་ཉིད་དོ།། དེའི་སྭ་བྷཱ་བ་ནི་ཡན་ལག་དྲུག་ཅུ་ལ་སོགས་པ་དང་ལྡན་པ་ཉིད་དོ།། དེའི་ཨཱཏྨ་ཀོ&ཧི་ནི་བརྟན་པར་བྱའོ།། ་ཐུགས་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ།། སྔགས་པས་སྙིང་གར་ཟླ་བ་ཡི།། གཟུགས་བརྙན་འབར་བ་བསམ་བྱ་སྟེ།། དེར་ནི་མཐིང་ཤིང་ལྟ་བུ་ཡི། འོད་ཟེར་ལྔ་ལྡན་ཧཱུཾ་དགོད་དོ་ཞེས་སྨོས་པ་ལ། རེ་ཞིག་དང་པོ་སྙིང་གའི ་པཾ་ལ་སྐྱེས་པའི་སྣ་ཚོགས་པདྨའི་ལྟེ་བར་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུསུ་མཐིང་ཤིང་གི་འོད་དང་འདྲ་བའི་ཡི་གེ་ཧཱུཾ་འོད་ཟེར་མཐའ་ཡས་པ་སྤྲོ་ཞིང་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་བསྒོམས་སྟེ། དེ་ལས་འོད་ཟེར ་སྤྲོ་ཞི་པོ་དེ་ཡོངསུ་གྱུར་པ་ལས་མཐའ་ཡས་པའི་མཱ་མ་ཀཱིའི་ཚོགས་ཀྱིས་སྐོར་བའི་མཱ་མ་ཀཱི་བསྒོམས་ལ། མངོན་པར་དགའ་བའི་བར་དུ་གཤེགས་ནས་དེ་ལ་ཡེ་ཤེས་ཀྱི་མི་བསྐྱོད་པ་ལ་མནོས་རྣམ་པ་ལྔ་དང་། སྙོམས་པར་འཇུག་པའི་མཆོད་པས ་མཆོད་། མགྲིན་པར་ལུག་ངར་གྱི་ཞགས་པས་བགུག་ཅིང་དེའི་འཁོར་དུ་མ་ཡང་སྤྲུལ་པའི་མཱ་མ་ཀཱིའི་ཚོགས་ཀྱིས་བཀུག་པར་བསེམས་ལ། ཤར་ཕྱོགས་ཀྱི་སྒོའི་མདུན་དུ་པཽ་ཝཱ་སྟེ་ལཱི་པདྨ་དང་བྷཱ་བའི་སྟེང་དུ་བཞུགསུ་གསོལ་ཏེ། རང་གི་སྙིང་ག་ནས ་སྔ་མ་བཞིན་དུ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་པ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཉིས་ཀྱི་གསོལ་བ་བཏབ་ལ། འོད་ཟེར་གྱིསདབའ་རླབས་བཞིན་དུ་ཧཱུཾ་གཱི་ཐིག་ལེར་ནུ་མ་གཉིས་ཀྱི་ལམ་ནས་ཞུགས་ལ་ཀུན ་ཏུ་བཟང་པོའི་ཐུགས་གང་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་ང་རྒྱལ་བྱས་ལ། བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱ་སྟེ། ཐུགས་བྱིན་གྱིས་བརླབ་པའོ།། དེ་ལྟར་གྱུར་ན་གསལ་བ་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉོན་མོངས་པ་ཤེས ་བྱ་བའི་སྒྲིབ་པ་དང་བྲལ་བ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ལ་གནས་པའི་དངོས་པོ་མཁྱེན་པའི་ཐུགས་འགྱུརརོ།། ཞེས་ཕན་ཡོན་ནོ།། དེ་ཉིད་བརྟན་པ། དེ་ནས་ལྷ་མོ་མཱ་མ་ཀཱི། ཚོགས་དང་བཅས་པའང་བྱུང་བར་ཞེས་སྨོས ་ཏི།། དེ་ནས་ཞེས་བྱ་བ་ནི་ཧཱུཾ་ལ་སོ།། མཱ་མ་ཀཱི་ནི་དབུས་ཀྱིས་གཙོ་བོ་བོ་ཉིད་དོ།། ཚོགས་དང་བཅས་པ་ནི་འཁོར་དང་བཅས་པ་མཐའ་ཡས་པའི་མཱ་མ་ཀཱི་དབྱུང་བ་ཞེས་བྱ་བའི་དོན་ཏོ།། དེ་ནས་དེ་མངོན་པར་དགའ་བར་སོང་ནས་སྒྱུ་མ་བཞིན་དུ་མི་བསྐྱོད་པ ་དགུག་ཅིང་ཤར་གྱི་སྒོར་པདྨ་དང་ཟླ་བ་ལ་གནས་པ་ལ་གསོལ་བ་གདབ་པར་བྱ་བའི་ཕྱིར་བཤད་པ།། དེ་བཞིན་ཐུགས་ཀྱི་རྡོ་རྗེ་བསྒོམ།། དེ་ལ་སྔོན་བཞིན་གསོལ་བ་གདབ་ཅེས་སྨོས་ཏེ། ཐུགས་རྡོ་རྗེ་ནི་མི་བསྐྱོད་པ་དེ་བཞིན་དུ་བསམས་ལ། སྡོ་མ ་བཞིན་དུ་མི་བསྐྱོད་པས་བསྐོར་བ་བལྟས་ལ།། གསོལ་བ་གདབ་པ་ནི་དོན་དུ་གཉེར་བའོ།། སྔོན་བཞིན་དུ་སྐུ་དང་གསུང་རྡོ་རྗེ་ལ་གསོལ་བ་བཏབ་པ་བཞིན་ནོ།། དེ་ཉིད་བཤད་པ་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། ་དེ་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་སྨོས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱིས་ཐུགས་རྡོ་རྗེ་སྟེ་མི་བྱེད་པའི་ཕྱིར།། དེ་འཆང་བ་ནི་ཐུགས་རྡོ་རྗེ་མི་བསྐྱོད་དཔའོ་དཔལ་ནི་མཱ་མ་ཀཱི་སྟེ་དེ་དང་ལྡན་པས་ན་དང་ལྡནོ།། ་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་སྟེ། དེང་དང་མི་ཕྱེད་པར་བསྒོམས་པས་ནི་ཐ་མི་དད་པའི་རང་བཞིན་ཁྱོད་ཀྱིས་བདག་ལ་བྱིན་གྱིས་བརློབ་པའི་གནས་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའོ།། འཁོར་རྣམས་ལ་ཡང་བཤད་པར ་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་བྱ་བ་ནི་གོ་སླའོ།། གསོལ་བ་བཏབ་ནས་ཞུགས་པ་བཤད ་པར་བྱ་སྟེ། མཱ་མ་ཀཱི་ཚོགས་མ་ལུས་པ། རྡོ་རྗེ་ཐུགས་དང་ཡང་དག་ལྡན།། སྙིང་གར་ཡང་ནི་བཅུག་ནས་སུ།། ཐུགས་ཀྱིས་བྱིན་གྱིས་བརླབས་པ་བརྩམ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་འོད་ཟེར་གྱི་འཁོར་ལོས་མཆོད་པ་སྔོན་དུ་འགྲོ་བར་མཱ་མ་ཀཱིའི་ཚོགས ་དང་བཅས་པའི་མཱ་མེ་ཀཱི་ཞུགས་པར་ང་རྒྱལ་བྱའོ།། ཀུན་ཏུ་བཟང་པོའི་ཐུགས་ནི་གང་། གསང་བའི་དབང་པོ་བློ་ལྡན་པ།། བདག་ཀྱང་དེ་དང་འདྲར་གྱུར་ཅིག། རྡོ་རྗེ་འཛིན་དང་འདྲ་བར་ཤོག་ཅེས་སྨོས་ཏེ། ཀུན་ནི་ཐོག་མ་བར་མ་དང་། མཐའ་མར་མངོན་པར ་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་གང་ལས་བྱུང་བ་དེ་ནི་ཀུན་ཏུ་བཟང་པོ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པ་ཡིན་གྱིས། བྱང་ཆུབ་སེམས་དཔའི་ནི་མ་ཡིན་ཏེ། འདིར་མི་དགོས་པའི་ཕྱིར།། དེའི་ཐུགས་གང་ཡིན་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ།། ་ཇི་ལྟ་བུ་ཞེ་ན། གསང་བའི་དབང་པོ་སྟེ།། གསང་བ་ནི་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའོ།། དེ་རྣམས་ཀྱི་དབང་པོ་ནི་བདག་པོ་སྡེ་ཐུགས་རྡོ་རྗེའོ།། དེ་བཞིན་དུ་བློ་ནི་མཱ་མཱ་ཀཱི་སྟེ། དེ་གང་ལ་ཡོད་པ་དེ་ནི་བློ་ལྡན་པའོ།། བློ་དང་ལྡན་པ་དེ་ཇི་ལྟ་བུའི་ཐུགས་མངའ ་བ་དེ་བཞིན་དུ་བདག་ཀྱང་རྡོ་རྗེ་འཆང་འདྲ་བ་སྟེ་སྔར་བཤད་པོའི་མོ་སྐྱེད་པ་དང་མཚུངས་པར་ཤོག་ཅེས་ང་རྒྱལའོ།། སྔགསཤད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཙིཏྟ་བཛྲ་བྷཱ་བ་ཨཱཏྨ་ཀེ&ཧཾ་ཞེས་སྨོས་ཏེ། ཨོཾ་ནི་རྡོ་རྗེ་འཆང་ངོ་།། སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ ་ནི་མི་བསྐྱོད་པ་སྟེ། སྭ་བྷཱ་བ་ནི་དེའི་རང་བཞིན་བདག་ཡིནོ་ཞེས་བསྟན་པར་བྱའོ།། ཐ་མི་དད་པར་བཤད་པར་བྱ་སྟེ། དེ་ལྟར་རིགས་གསུམ་དབྱེ་བ་ཡིན་ནོ།། སོ་སོར་བྱིན་གྱིས་བརླབས་ནས།། བློ་དང་ལྡན་པས་གསང་སྔགས་འདིས། སྔར་ཡང་ཐམས་ཅད ་བདག་ཉིད་བྱ།། ཞེས་སྨོས་ཏེ། དེ་ལྟར་སྔར་བཤད་པའི་རིམ་གྱིས་སོ་སོར་བྱིན་གྱིས་བརླབས་པ་ནི་སྐུ་ལ་སོགས་པ་སོ་སོར་བྱིན་གྱིས་བརླབས་ནས། རིགས་གསུམ་གྱི་དབྱེ་བ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་རིགས་གསུམ་གྱི་དབྱེ་བས་བྱིན་གྱིས་རླབས ་ལ། སླར་ཡང་ནི་ཐམས་ཅད་བདག་ཉིད་དེ་སྐུ་ལ་སོགས་པ་ཐ་མི་དད་པར་བྱིན་གྱིས་བརླབས་ལ་སྔགས་འདིས་ནི་འོག་ནས་བཤད་པས་བྱའོ།། བློ་དང་ལྡན་པ་ནི་རྣལ་འབྱོར་གྱིས་སྒོམ་པ་ལི་མཁས་པསོ།། སྔགས་བཤད་པར་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ། ་ཀཱ་ཡཱ་བཱཀྵིཏྟ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་སྨོས་ཏེ། ཨོཾ་ནི་བཤད་ཟིན་ཏོ།། སརྦ་ཏ་ཐཱ་ག་ཏ་ཀ་ཡ་ལ་སོགས་པ་རྡོ་རྗེའི་སྐུ་གསུང་ཐུགས་ནི་ཡེ་ཤེས་ལྔའི་རང་བཞིན་གང་ཡིན་པ་དེ་རྣམས་རྡོ་རྗེ་སྟེ་མི་ཕྱེད་པའོ།། དེ་རྣམས་ཀྱིས་སྭ་བྷཱ་བ་ནི་སྔར་བཤད ་པའི་མཚན་ལ་སོགསྲ་བས་བརྒྱན་པ་སྟེ། དེའི་བདག་ཉིད་ང་ཡིནོ་ཞེས་ང་རྒྱལ་བྱའོ།། སྔར་བཤད་པའི་སེམས་དཔའ་གསུམ་ཅར་ཉེ་བར་བསྡུ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། དེ་ལྟར་བདག་ཉིད་བྱིན་བརླབས་ནས།། ཟླ་བའི་དཀྱིལ ་འཁོར་དབུས་གནས་པའི། མཚན་མ་དྲུག་དང་ཡང་དག་ལྡན།། དམ་ཚིག་སེམས་དཔའ་བསམ་པར་བྱ་ཞེས་སྨོས་ཏེ། དང་པོ་སྦྱོར་བའི་ཡན་ལག་དང་པོས་རྫོགས་པ་དམ་ཚིག་སེམས་དཔའ་གང་ཡིན་པ་དེ་ནི་སྔར་བཤད་པའི་རྡོ་རྗེ་ལ་སོག ་པ་མཚན་མ་དྲུག་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ།། ཞེས་སྤྲུལ་པའི་སྐུ་བསྟན་པའོ།། །། སྙིང་གའི་དབུས་ན་པྲཱ་བ་ཡི།། ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ།། ཏིང་འཛིན་སེམས་དཔའ་ཞེས་བྱ ་བའི།། ཡི་གེ་ཧཱུཾ་ནི་དེ་རུ་དགོད་ཅེས་སྨོས་ཏེ།། སྡེར་བཤད་པའི་དམ་ཚིག་སེམས་དཔའི་ཐུགས་ཀར་པཾ་ལོས་སྐྱེས་པའི་པདྨ་ལ་གནས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཡོངསུ་གྱུར་པ་ལས་དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམས་ལ། དེའི ་ཐུགས་གར་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེའི་རྩེ་མོར་ཧཱུཾ་གི་ཐིག་ལེར་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པོར་དགོད་པར་བྱའོ།། ཞེས་ལོང་སྟོང་རྫོགས་པ་དང་ཆོས་ཀྱི་སྐུ་བསྟན་ཏོ།། འདིར་ནི་གྲངས་ཀྱི་རིམ་པ་འདི་ཡིན་ཏེ། རྣལ་འབྱོར་གྱི་ཕྱོགསུ་རྡོ་རྗེ་འཆང ་གཅིག་གོ།། རྗེ་སུ་རྣལ་འབྱོར་གྱི་ཕྱོགསུ་ཡེ་ཤེས་སེམས་དཔའ་དང་ཏིང་འཛིན་སེམས་དཔའི་དབྱེ་བས་རྣམ་པ་གསུམ།། ཤིན་ཏུ་རྣལ་འབྱོར་གྱི་ཕྱོགསསུ་ལྷ་སུམ་ཅུ་རྩ་གཉིས་བཀོད་པས་སུམ་ཅུ་རྩ་ལྔར་འགྱུར་རོ།། རྣལ་འབྱོར་ཆེན་པོའི་ཏིང་འཛིན་གྱིས་སུམ་ཅུ ་རྩ་བརྒྱད་དུ་འགྱུརརོ།། འོག་ནས་བཤད་པའི་དཀྱིལ་འཁོར་རྒྱལ་བ་མཆོག་གིས་ཕྱོགསུ་ཡེ་ཤེས་ཀྱི་འཁོར་ལ་འཇུག་པ་དང་། རྒྱས་གདབ་པའི་ལྷོ་གཉིས་ཏེ། ལྷ་བཞི་བཅུའི་མཚན་ཉིད་དོ།། རེ་རེ་ཡང་ལྷ་བཞི་བཅུའི་དབྱེ་བས་བརྒྱ་ཕྲག་བཅུ་གཉིས་དང ་བརྒྱད་ཅུར་འགྱུར་རོ།། ཡང་རེ་རེ་ཐབས་དང་ཤེས་རབ་ཀྱིས་དབྱེ་བས་སྟོང་ཕྲག་གཉིས་དང་ལྔ་བརྒྱ་དྲུག་ཅུར་འགྱུརརོ།། དེ་ནི་དབུས་ཀྱི་གཙོ་བོ་གཅིག་པུ་ལ་གྲངས་ཀྱི་རིམ་པས་ཤེས་པར་བྱའོ།། དཀྱིལ་འཁོར་རྣམས་ལ་གྲངས་དེ་ལྟ་བུས་བདུན་ཁྲི་བཞི་སྟོང་བརྒྱད ་བརྒྱར་འགྱུར་ཏེ་མི་བསྐྱོད་པའི་དཀྱིལ་འཁོར་རོ།། རྣམ་པར་སྣང་མཛད་ལ་སོགས་པའི་དབང་དུ་བྱས་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ནི་སྔར་བཤད་པའི་རྩིས་ཀྱི་བགྲངས་ན་འབུམ་ཕྲག་ཉི་ཤུ་རྩ་གཉིས་དྲང་སྟོང་ཕྲག་ཉི་ཤུ་བརྒྱད་དང་། བརྒྱ་ཕྲག་ཉི་ཤུ ་རྩ་ལྔ་དང་། བཞི་བཅུར་འགྱུར་རོ།། རྩི་སོ་ཉེ་བར་བསྒྲུབ་བཤད་པར་བྱ་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན།། དེ་ལྟར་རྣལ་འབྱོར་ཆེ་སྐྱེད་ནས་ཞེས་སྨོས་ཏེ། ད་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་རིམ་གྱི་རྣལ་འབྱོར་ཆེན་པོ་སེམས་དཔའ་གསུམ ་གྱི་བདག་ཉིད་བསྐྱེད་ལ་ཕྱི་ནས་དཀྱིལ་འཁོར་རྒྱལ་བ་མཆོག་བསྒོམ་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཕྱག་བརྒྱ་བསྒྲུབ་པ་བརྣམ་པར་བྱ་ཞེས་སྨོས་ཏེ། འོག་ནས་བཤད་པའི་ཆོ་གའི་སྦྱོར་བ་ནི་བསྒོམ་པའི་རིམ ་པས་ཕྱག་རྒྱ་བསྒྲུབ་པ་ནི་དེའི་དབྱེ་བ་ཡོངསུ་ཤེས་པའི་ཚན་ཉིད་ལ་བརྩོན་པ་ནི་བསྒོམ་པར་བྱའོ།། དང་པོ་ཕྱག་རྒྱའི་དབྱེ་བ་བསྟན་པར་བྱ་སྟེ། བུ་མོ་གཟུགས་བཟང་ཕུན་སུམ་ཚོགས།། སྨེ་ཤ་ཅནྡ་ནི་བདག་ཉིད་ཚེ། བུ་མོ་ཨུཏྤ་ལ་མཐིང་ཀའི་མདོག། ་མིག་ཡངས་དམ་པ་བརྙེད་ནས་ནཱི་ཞེས་སྨོས་པ་ལ། བུ་མོ་ཞེས་བྱ་བ་ནི་ལོ་བཅུ་གཉིས་ལོན་བཅུ།། མིག་ཡངས་ཤེས་བྱ་བ་ནི་སྐྲག་པའི་ཤཾ་བའི་མིག་དང་མཚུངས་པའོ།། ཡང་ན་མིག་ཡངས་པ་ནི་གསང་བའི་པདྨ་གང་ལ་ཡོད་པ་དེ་ནི་མིག་ཡང་ས་སྟེ། ་པདྨ་ཅན་ཡིན་གྱི་དུང་ཅན་མ་དང་རིགས་ཅན་མ་ཡིན་ནོ།། ས་པའི་ཐ་ཚིག་གོ།། དེ་བཞིན་དུ་གཟུགས་ནི་ན་ཆོད་ཡན་ལག་དང་ཉིང་ལག་གི་མཚན་ཉིད་དོ།། བཟང་བ་ནི་ལོ་བཅུ་གཉིས་ལོན་པའོ།། དེ་དག་གི་ཕུན་སུམ་ཚོགས་པ་ནི་བརྒྱན་པ་སྟེ། བཅོས་མའི ་ཕྱིའི་རྒྱུན་གྱིས་བརྒྱན་པ་ནི་མ་སྦྱིན་ནོ།། དེ་བཞིན་དུ་ཨུཏྤ་ལ་མཐིང་གའི་མདོག་ཅེས་བྱ་བ་མི་བསྟོད་པའི་རིགས་ཀྱི་ཁ་དོག་དང་མཐུན་པའོ།། སྒྲ་ཤཱ་ཅན་ཞེས་བྱ་བ་ནི་སྒོ་ཤ་ཅན་གྱི་བུ་མོའོ།། བདག་ཉིད་ཞེས་བྱ་བ་ན་བ ་ལྡན་འདས་ཀྱིས་ལུང་བསྟན་པའོ།། ཡང་ན་རྣལ་འབྱོར་པ་ཡིའོ།། རྙེད་ན་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བ་འམ། རྨི་ལམ་དུ་མཐོང་བའོ།། གཞན་ཡང་ཇི་ལྟ་བུ་ཡིན་ཞེས་ན། མཉམ་པར་བཞག་ཅིང་ལེགས་པར་སླབས།། སྒྲུབ ་པ་པོ་ལ་ཤིན་ཏུ་མོས་ཤེས་སྨོས་ཏེ། དམ་ཚིག་དང་སྡོམ་པ་ལ་ཕ་རོལ་ཏུ་ཕྱིན་པས་ན་ལེགས་པར་བསླབས་པའོ།། དེ་བཞིན་དུ་སྒྲུབ་པ་པོ་ནི་དེ་ཉིད་ལེན་པའི་རྣལ་འབྱོར་པ་ལ་ཤིན་ཏུ་མོས་པ་ནི་ཆག་པ་དང་བཅས་པ་འམ་དད་པ་དང་ལྡན་པའོ།། ་དེ་ནི་མི་བསྐྱོད་པའི་རིགས་ཀྱིས་ཕྱག་རྒྱའི་དབྱེ་བའོ།། ཁྲུས་མཁན་དང་གར་མཁན་གྱི་བུ་མོ་དག་ནི་སྐུའི་རིགས་དང་། གསུང་གི་རིགས་ཀྱི་ཕྱག་རྒྱ་སྟེ། ཉི་ཤུ་ལོན་པ་དང་། བཅུ་དྲུག་ལོན་པ་ནི་འདིར་མི་དགོས་པའི་ཕྱིར་མ་བསྟན་ཏོ།། དེ་ནི་ཕྱག་རྒྱའི ་དབྱེ་བའོ།། འདུས་བྱས་པ་བཤོད་པར་བྱ་སྟེ།། ཨོཾ་ནི་སྤྱི་བོར་བསམ་པརྱ་བཱ། ཞེས་བྱ་བ་ལ་སོགས་པསྨོས་ཏེ། དེའི་མཱན་ངག་ནི་འདི་ཡིན་ཏེ་དང་པོའི་སྦྱོར་བའི་ཏིང་འཛིན་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་པོས་དུ་རོ་ཁྲོད་དུ་སོང་སྟེ། ཟླ་བ་གསུམ་གྱི་བ ་ཏུ་བསྒོམ་པར་བྱའོ།། དེ་ནས་དེ་ནི་ན་མཁའ་ལས་བཅོམ་ལྡན་འདས་ཀྱིས་རྗེསུ་གནང་བ་ཡིན་ཏེ། ཆེ་གེ་མོ་ཞེས་བྱ་བའི་སྒྲུབ་པ་པོ་ཆེ་གེ་མོ་ཞེས་བྱ་བའི་ཡུལ་ནས། ཆེ་གེ་མོ་ཞེས་བྱ་བའི་ཕྱག་རྒྱ་བླངས་ཏེ། དེ་དང་ལྷན་གཅིག་ཏུ་སྙོམས་པར་འཇུག ་པའི་རིམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་ན་རང་བཞིན་གྱི་དོན་སྒྲུབ་པ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་ཐོས་ནས་མཚན་མ་དེ་དག་གིས་རིགས་དང་། ན་ཚོད་དང་མཚན་ཉིད་དང་། ཡིད་མ་དུ་བསྒོམ་པ་དང་། ཁ་དོག་ལ་སོགས ་པས་ཉེ་བར་མཚོན་ལ། རང་གི་སྙིང་ནས་རེག་བྱ་རྡོ་རྗེ་མ་སྤྲོས་ནས་དེའི་ཆོས་འབྱུང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་དག་བཀོད་ལ། དམ་ཚིག་གི་ཕྱག་རྒྱ་ཡང་དེའི་གཡོན་ཕྱོགསུ་བཞག་ལ། ཏིང་འཛིན་སེམས་དཔའི་ས་བོན་ལས་མེའི ་རང་བཞིན་གྱི་འོད་ཟེར་སྣ་ཁུང་གཡས་པ་ལས་ཕྱུང་སྟེ། དེའི་རྐང་པའི་འོག་ཏུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་འབར་བ་དང་། འོད་སྡེ་དེ་དེའི་ལུས་པོ་སྲེག་ཅིང་རླུང་གིས་ཀྱང་ཐལ་བ ་ཁྱེར་བར་བསམས་ཏེ། དེའི་རྣམ་པར་ཤེས་པ་ཡེ་ང་གསལ་ཞིང་མར་མེའི་རྩེ་མོ་ལྟ་བུར་བསྟས་ལ། ཡང་སྣ་ཁུང་གཡོན་པ་ནས་སྤྲོས་པའི་འོད་ཟེར་ཁ་དོག་སྔོན་པོ་ལྕགས་ཀྱུའི་རྣམ་པས་བཅིངས་ཤིང་བཀུག་ལ་བཅུག་སྟེ། རྩ་དབུས་མར ་ཞུ་བའི་གཟུགསུ་བསྒོམ་ཏེ། སྔར་བཤད་པའི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་དབུསུ་ཁམ་ཡོངསུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྤྲོས་ལ་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ཏེ། མགོན་པོ་དང་། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐང ་པ་གཉིས་ལ་ཨོཾ་ལ་སོཊ་པ་ཡོངསུ་གྱུར་པ་སངས་རྒྱས་ལྔ་སྤྱན་ལ་སོགས་པ་དང་སྙོམས་ཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ལྷའི་འཁོར་ལོ་མ་ལུས་པར་བཀོད་པར་བསམ་པར་བྱའོ།། ནུ་མ་གཉིས་རྩེ་མ་མཆུ་གཉིས་དང་ནི།། བྷ་ག་བྷ་གའི་ཁོང ་སྦྱོང་ནང་དུ་ནི།། རིམ་པ་ཇི་བཞིན་རིགས་ཀྱི་ལྷ་མོ་ཡིས།། བྱུང་བའི་སྔགས་ནི་ངེས་པར་དགོད་པར་བྱ།། དེ་ཡོངསུ་གྱུར་པ་ལས་སྤྱན་ལ་སོགས་པ་རིགས་ཀྱི་ལྷ་མོ་བཞི་སེམས་དཔའ་གསུམ་གྱི་བདག་ཉིད་རང་རང་གི་བདག ་པོ་ལ་འཁྱུད་པ། ཆགས་པ་ཆེན་པོའི་མིས་བཞུས་པ། ནུ་མ་ལ་སོགས་པའི་དངོས་པོ་ཡོངསུ་གྱུར་པ་ལས་ཡང་ཕྱུང་བའི་སྡིགས་དགོད་པ་བསྒོམ་པར་བྱའོ།། མིག་དང་རྣ་བ་དང་སྣ་དང་ལྕེ་རྩ་དང་།། སྙིང་ཀ་དང་ནི་རྩ་རྒྱུས་ཚིགས་རྣམས་ལ།། གཟུགས ་རྡོ་རྗེ་སོགས་ལྷ་མོ་རྣམས་ཀྱང་ནི། ས་སྙིང་ལ་སོགས་པས་ནི་འཁྱུད་པར་དགོད།། དེ་ལ་མིག་གཉིས་ལ་ཛཿཡོངསུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་སའི་སྙིང་པོས་འཁྱུད་པའོ།། རྣ་བ་གཉིས་ལ་ཧཱུཾ་ཡོངསུ་གྱུར་པ་ལས་སྒྲ་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་དང ་བཅས་པའོ་སྣ་གཉིས་ལ་བཾ་ཡོངསུ་གྱུར་པ་ལས་དྲི་རྡོ་རྗེ་མ་ན་མཁའི་སྙིང་པོ་དང་བཅས་པའོ།། ལྕེ་ལ་ཧོཿཡོངསུ་གྱུར་པ་ལས་རོ་རྡོ་རྗེ་མ་འཇིག་རྟེན་དབང་ཕྱུག་དང་བཅས་པའོ།། བྷ་གའི་རྩེ་མོར་ཁམ་ཡོང་དུ་གྱུ་པ་ལས་རེག་བྱ་རྡོ་རྗེ་མ་སྒྲིབ་སེལ ་དང་ལྡན་པའོ།། སྙིང་གར་རཾ་ཡོངསུ་གྱུར་པ་ལས་སྙིང་རྗེ་ལྷ་མོ་འཇམ་དཔལ་དང་བཅས་པའོ།། རྩ་རྒྱུས་མེ་ཡོངསུ་གྱུར་པ་ལས་བྱམས་པའི་དང་མོ་བྱམས་པ་དང་བཅས་པའོ།། ཚོགས་རྣམས་ལ་གཾ་ཡོངསུ་གྱུར་པ་ལས་ཆོས་ཀྱིས་དབྱིངས་ཀྱི ་རྡོ་རྗེ་མེ་ཀུན་ཏུ་བཟང་པོ་དང་ལྡན་པ་བཀོད་ལ། དེ་རྣམས་ཡོངསསུ་གྱུར་པ་ལས་ཡང་མིག་ལ་སོགས་པ་ས་བོན་དེ་རྣམས་ཀྱི་མཚན་པོར་བསམ་པར་བྱའོ།། དེ་བཞིན་དུ་དཔུང་པོ་གཡས་པ་དང་། གཡོན་པའི་རྩ་བ་དང་། ཁ་དང་། གསང་བ་དང་། དེ་བཞིན ་དུ་རྗེ་ངར་གཡས་པ་དང་། གཡོན་པ་དང་། པུས་མོ་གཡས་པ་དང་། གཡོན་པ་དང་། སྤྱི་བོ་དང་རྐང་པའི་མཐིལ་ལ་རྡོ་རྗེ་རོ་ལངས་མ་དང་། ཁྲོ་གཉེར་མ་དང་། གཞན་གྱིས་མི་ཐུབ་མ་དང་། རལ་པ་གཅིག་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། སྣ་ཚོགས་རིན་ཆེན་མ ་དང་། སྣ་ཚོགས་པདྨ་དང་། སྣ་ཚོགས་ལས་མ་དང་ནམ་མཁའ་རྡོ་རྗེ་མ་དང་། ས་འཛིན་མ་སྟེ། ཁྲོ་བོའི་རྒྱལ་པོ་བཅུའི་བཙུན་མོ་ཡི་གེ་ཧཱུཾ་བཅུ་ལས་བྱུང་བ་གཤིན་རྗེ་གཤེད་ལ་སོ་ཌ་ག་རང་གི་བདག་པོས་འཁྱུད་པ་སྔ་མ་བཞིན་དུ་ལྷའི་འཁོར་ལོ་བསྒོམ་པ ་བྱའོ།། དེས་ནི་ཕྱག་རྒྱའི་སྐུ་པདྨའི་ནང་དུ་བསྐྱེད་ལ། དབང་པོ་གཉིས་ཀྱི་ལམ་ནས་ཕྱུང་ལ། རེག་བྱ་རྡོ་རྗེའི་སྐུ་ལ་མར་ལ་མར་པོ་དྲུག་པ་བཞིན་དུ་གཅིག་ཏུ་གྱུར་པ་ལས་ཕྱག་རྒྱ་བསྒོམ་པར་བྱའོ།། དེ་ཉིད་བཤད་པ། ཨོཾ་ནི་སྤྱི་བོར་དགོད་པར་བྱ། ་ཨཱཿནི་ངག་གཱི་ལིམ་ལ་དགད། ཧཱུཾ་ནི་སྙིང་གཪྵ་བསམ་བྱ་ཞིང་།། ལྟེ་བར་སྭཱ་དང་རྐང་གཉིས་ཧཱ་ཞེས་སྨོས་པ་ལ། མགོ་བོ་ལ་སོགས་པ་ལ་ས་བོན་དེ་དག་ཡོངསུ་གྱུར་པ་ལས་ཕྱག་རྒྱ་དང་བཅས་པའི་དེ་བཞིན་གཤེགས་བསྒོམ་པར་བྱའོ།། ་ཞེས་ཕུང་པོ་བྱིན་གྱིས་བརླབ་པའི།། ཁམས་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱན་དང་མཱ་མ་ཀཱི་དང་ནི།། དེ་བཞིན་དུ་ནི་དགོས་དཀར་མོའོ།། སྒྲོལ་མ་ཡང་ནི་སྔགས་པ་ཡིས།། ས་ལ་སོགས་པར་རྣམ་པར་དགོད་ཅེས་སྨོས་པ་ལ། དེ་ནས་མོ་ཧཱ་རཱྀ་ཏི་ལ ་སོགས་པ་ལྷ་མོ་བཞི་ཕྱུང་བའི་སྔགས་ཡོངསུ་གྱུར་པ་ལས་རིགས་ཀྱི་ཡུམ་བཞིནུ་མ་ལ་སོགས་པར་བསྒོམས་པར་བྱའོ།། དེ་ཡོངསུ་གྱུར་པ་ལས་ཀྱང་ས་བོན་དེ་རྣམས་ཀྱིས་མཚན་པའི་ནུ་མ་ལ་སོགས་པ་བཞིན་ནོ།། སྐྱེད་མཆེད་བྱིན་གྱིས་བརླབ་པ ་བཤད་པར་བྱ་སྟེ། ལྷ་མོ་རྡོ་རྗེ་གཟུགས་ལ་སོགས།། དེ་ཉིད་ལ་ནི་རྣམས་བསམས་ལ།། ས་སྙིང་ལ་སོགས་དེ་རྣམས་དང་།། སྙོམས་པར་འཇུག་པ་བསྒོམ་པར་བྱ་ཞེས་སྨོས་ཏེ། མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང་། ་རྩ་རྒྱུས་དང་ཚིག་རྣམས་ལ་ཛཿལ་སོགས་ཡོངསུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་སའི་སྙིང་པོ་ལ་སོགས་པས་འཁྱུད་པ་བདེ་བ་ཆེན་པོའི་དབང་གིས་ཞུང་ཞིང་ཡང་ས་བོནི་དེ་རྣམས་ཀྱིས་མཚན་པ་མིག་ལ་སོགས་པར་བསྒོམ་པར ་བྱའོ།། ཡན་ལག་དང་ཉིང་ལག་ལ་དགོད་པ་བཤད་པ་ནི། ལག་གཡས་རྡོ་རྗེ་རོ་ལངས་མ། གཡོན་ལ་གཞན་གྱིས་མི་ཐུབ་མ།། དེ་ཡི་ཁར་ནི་ཁྲོ་གཉེར་མ།། གསང་བར་རལ་པ་གཅིག་མའོ།། གཞན་ཡང་དཔུང་པ་གཡས་པར་ནི།། དེ་བཞིན་གཤེགས ་ཡུམ་རྡོ་རྗེ་མ།། གཡོན་དུ་སྣ་ཚོགས་རིན་ཆེན་གྱི།། ཕྱག་རྒྱ་དག་ནི་བསྒོམ་པར་བྱ།། པུས་མོ་གཡས་ལ་གནས་པ་ཡང་།། སྣ་ཚོགས་པདྨ་དེ་བཞིན་གཤེགས།། གཡོན་པ་ལ་ནི་སྣ་ཚོགས་ལས།། སྤྱི་བོར་ན་མཁའ་རྡོ་རྗེ་མ།། རྐང་པ་གཉིས་ལས་ཡི་ནི།། ་ས་འཛིན་ལྷ་མོ་གཞག་པར་བྱ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བཅུ་པོ་ཡོངསུ་གྱུར་པ་ལས་གཤིན་རྗེ་གཤེད་ལྔ་སོགས་པས་འཁྱུད་པའི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་ཞལྔ་གསུམ་ཕྱག་དྲུག་པ་རང་རང་གི་བདག་པོ་དང་འདྲ་བའི་ཁ་དོག་དང་། ཕྱག ་མཚན་དང་སྟངས་སྟབས་དང་བཅས་པ། དཔུང་བ་གི་ཡས་པ་ལ་སོགས་པ་ལ་དགོད་དོ།། འོ་ན་ཐབས་བྱིན་གྱིས་བརླབསེ་པའི་དུསུ་དེ་བཞིན་གཤེགས་པ་འབའ་ཞིག་བསྒོམ་པར་བྱ་སྟེ། ཕྱག་རྒྱ་བྱིན་གྱིས་བརླབས་པའི་དུས་སུ་ཇི་ལྟར་སྙོམས ་པར་འཇུག་པ་དང་བཅས་པ་ལྷ་མོ་རྣམས་བསྒོམ་པར་བྱ་ཞེ་ན། སྨྲས་པ། ཕྱག་རྒྱ་རྣམས་ནི་སྒེག་པའི་རོ་གཙོ་བོ་ཡིན་ནོ།། ཞེས་དེ་བྱིན་གྱིས་རློབ་པར་བྱེད་པའི་ལྷའི་འཁོར་ལོ་ཡང་དེ་བཞིན་དུ་བསྒོམ་པར་བྱའོ།། ཐབས་རྣམས་ནི་ཞི་བའི་ཉམས་གཙོ་བོར ་གྱུར་པས་ལྷ་མོ་རྣམས་ཀྱི་ནང་དུ་ཆུད་པའི་སྙོམས་པར་འཇུག་པ་དང་བཙོས་པ་ཡིནོ་ཞེས་སྐྱོན་མེ་།། ཕྱག་རྒྱ་འདུ་བྱས་ནས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་བཤད་པར་བྱ་སྟེ། དེ་ལྟར་འདུ་བྱས་རྣལ་འབྱོར་པས།། རྡོ་རྗེ་པདྨ་ཡང་དྲག་བཙམ་ཞེས་སྨོས ་ཏེ། དེ་ལྟར་ནི་སྔར་བཤད་པའི་རིམ་གྱིས་ལྷ་མོ་དེ་ནི་ཕྱག་རྒྱར་འདུས་བྱས་ལ།། ཕྱི་ནས་རྡོ་རྗེ་དང་པདྨ་འདུས་པ་བརྩམ་པར་བྱའོ།། ཐབས་ད་ཤེས་རབ་འདུས་མ་བྱས་པ་ནི་ཐི་མལ་པའི་སྐྱེས་བུ་བཞིན་མ་དོག་པར་ཐལ་བར་འགྱུར་ཞེས་དེའི་འདུས་བྱས ་པ་བརྩམ་པར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། རོ་ཤིག་དང་པོ་རང་གིས་གསོང་བའི་གནས་སྟོང་པར་བསྒོམས་ལ་དེ་ནས་ཁ་དོག་སྔོན་པོའི་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་ཡི་གོ་ཨོཾ་གྱིས་རྩེ་མོར་མཚན་པ། འོད་ཟེར་ལྔ་འཕྲོ་བར་བྱེད་པར ་བསམས་ལ། ཕྱག་རྒྱའི་པདྨ་ཡང་སྟོང་པ་ཉིད་དུ་བསྒོམས་ལ། དེ་ཉིད་ཨཱ་ཡོངསུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་དེའི་རྩ་རྩེ་མོའི་ཆར་ངེས་པར་བྱེད་པཊ། སེར་པོ་བཀོད་ལ་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསམས་ལོ། རྗེ་སུ་ཎ་ཌ ་པ་བརྩམ་པར་བྱ་སྟེ་དྲང་བའི་དོན་ཏོ།། རྩ་ལྔ་རང་བཞིན་གྱིས་གསང་བ་རྡོ་རྗེ་དང་། རྩ་བརྒྱད་ཀྱིས་ཡོངསུ་བསྐོར་བའི་ཆོས་འབྱུང་གི་ཕྱག་རྒྱ་སྟེ། ངེས་པའི་དོན་ཏོ།། དེ་ནས་རྗེ་སུ་ཆགས་པའི་ཆོ་ག་བསྒོམ་པར་བྱའོ།། དེ་ཉིད་བཤད་པ། ཧཱུ~ཾ་སྔགས་ཀྱི་རྡོ་རྗེ་ནི ་རྩེ་མོ་ལྔ་པ་བསམ་པར་བྱ།། དེ་ཚེ་དེ་ཡི་རྩེ་དབུསྭཱ་སུ།། ཡཱི་གེ་ཨོཾ་ནི་རྣམ་པར་བསྒོམ།། དེ་བཞིན་པདྨ་འདབ་མ་བརྒྱད།། ཡི་གེ་ཨ་ལས་བྱུང་བ་བསམ།། འོད་ཟེར་ལྔ་ཡིས་ཁྱབ་བསམ་ལ།། དེ་འོག་བསྒྲུབ་པ་བརྩམ་པར་བྱ་ཞེས ་སྨོས་པ་ལ།། ཧཱུཾ་སྔོན་པོ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ལྷའི་རང་བཞིན་ཡིན་པས་ན་རྩེ་ལྔ་པའོ།། ནཱ་དབུས་མ་ལ་ནི་རྩ་དབུས་མའི་རྩེ་མྱོ་རོ།། ཨོཾ་ནི་རྣམ་པར་སྣང་མཛད་ཀྱི་སྭ་བོནྣ་ཏེ། སའི་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང ་སྲ་བ་དང་ལྕི་བ་ཡིན་པའི་ཕྱིར།། འདབ་མ་བརྒྱད་པ་ནི་སྡེ་ཚན་བརྒྱད་པའི་རང་བཞིན་དང་། རྩ་བརྒྱད་པའི་རང་བཞིན་ནོ།། ཨཱཿནི་ངག་གི་དབང་ཕྱུག་གི་ས་བོན་ཏེ། འདོད་ཆགས་ཀྱི་རང་བཞིན་ཡིན་པའི་ཕྱིརརོ།། འོད་ཟེར་ལྔ་དང་ལྡན་པོ་ནི་གཉི་ག ་ཡང་ཞེས་ཚིག་གི་ལྕུག་མའོ།། དེ་འོག་བསྒྲུབ་པ་ཞེས་བྱེ་བ་ནི་སྙོམས་བྱར་འཇུག་པ་བརྣམ་པར་བྱའོ།། རྗེ་སུ་ཆགས་པའི་ཆོ་ག་བ་ཤུད་པྲཱ་ནྟི། ཨོཾ་སརྦ་ཏ་ཐཱ་གྲ་ཏ་སཱ་ནུརྱཱ་གྷཱ་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྲོ&ཧྲཾ་ཞེས་སྨོས་ལ། རེ་ཞིག་དང་པོ་རྡོ་རྗེ་དང་པདྨ་འདུས ་བྱས་ལ་ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ལས་ཁ་དོག་ལྔ་པ་འོད་ཟེར་སྤྲོས་ལ།། དམ་ཚིག་རྡོ་རྗེ་ལས་བྱུང་ཞིང་། དམ་ཚིག་གི་ལྷ་མོའི་པདྨ་ལས་ཡེ་ཤེས་ཀྱི་ལྷ་མོའི་པདྨར་ཞུག་ས་ཏེ། ཡེ་ཤེས་དང་དམ་ཚིག་གི་ལྷ་མོའི་ངག་གི་ལམ་ནས་བྱུང ་ཞིང་དམ་ཚིག་དང་། ཡེ་ཤེས་སེམས་དཔའི་ངག་གིས་ལམ་ནས་ཞུགས་ཏེ། ཡང་རང་གིས་གསང་པོའི་གནས་སུ་ཕྱིན་པར་བསམ་པར་བྱའོ།། དེ་ནས་ཡེ་ཤེས་ཀྱི་ལྷ་མོའི་པདྨའི་ལྟ་བའི་འོད་ཟེར་དང་། དམ་ཚིག་གི་ལྷ་མོའི་ལྟེ་བའི་པདྨའི་འོ ་ཟེར་ཕྱུང་ཞིང་ཐབས་ཀྱི་དམ་ཚིག་སེམས་དཔའི་རྡོ་རྗེ་ལས། ཡེ་ཤེས་ཀྱི་གསང་བའི་རྡོ་རྗེའི་ནང་དུ་ཞུགས་ཏེ། ཡང་ཡེ་ཤེས་དང་དམ་ཚིག་གིས་ཞལ་ནས་བྱུང་ཞིང་ལྷ་མོའི་གཉིས་པོའི་ངག་གི་ལམ་ནས་རང་གི་གསང་བའི་གནས་སུ་ཕྱིན ་པར་བསམ་པར་བྱའོ།། དེ་ལ་ཕྱག་རྒྱའི་གསང་བར་འོད་ཟེར་ཐོབ་ན་སྣང་བའི་ཡེ་ཤེས་སོ།། ལྟེ་བར་སྣང་བ་མཆེད་པའི་ཡེ་ཤེས་སོ།། སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ།། ལྐོག་མར་འོད་གསལ་བའོ།། ཐབས་ཀྱིས་ལྐོག་མར་སྣང ་བའི་ཡེ་ཤེས་སོ།། སྙིང་གར་སྣང་བ་མཆེད་པའི་ཡེ་ཤེས་སོ།། ལྟེ་བར་སྙིང་པ་ཉེ་བར་ཐོབ་པའི་ཡེ་ཤེས་སོ།། གསང་བར་འོད་གསལ་བའོ།། ཡང་ལྷ་མོས་སྤྲོས་པའི་དུས་སུ་ཐབས་ཀྱི་གསུང་བར་སྣང་བའི་ཡེ་ཤེས།། ལྟེ་བར་སྣང་བ་ཉེ་བ་མཆེད་པའི་ཡེ་ཤེས ་སོ།། སྙིང་གར་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ།། ལྐོག་མར་འོད་གསོལ་བ་སྟེ། ངེས་པའི་དོན་ཏོ།། རྗེསུ་ཆགས་པའི་ཆོ་ག་འདིས་ཕན་ཚུན་སྐུ་གཉིས་གསལ་བ་དང་དགའ་བའི་རང་བཛིན་དུ་བསྒྲིམ་པར་བྱའོ།། སེམས་རྩེ་གཅིག་པ་ཐོབ་ནས་སྔགས ་བརྗོད་པར་བྱ་སྟེ། ཨོཾ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེ་ཉིད་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ནི་བདེ་བ་ཆེན་པོས་དགའ་བ་སྟེ། དེ་ཉིད་མི་ཕྱེད་པས་ནཱ་བཛྲེའོ།། དེའི་སྭཱ་ཧཱ་བྷཱ་བ་ནི། འོད་གསལ་བ་ཁོང་དུ་ཆུད་པ་སྟེ། དེའི་བདག་ཉིད་ང་ཡིན་ནོ་ཞེས་ང་རྒྱལ་བྱའོ།། ་དེས་ནི་བསྙེན་པ་དང་། ཉེ་བར་སྒྲུབ་པར་བསྟན་ཏོ།། བསྒྲུབ་བྱ་སྒྲུབ་པ་སྦྱོར་བ་ནི་གང་ཕྱིར་བསྙེན་པ་ཞེས་བཤད་དོ།། རྡོ་རྗེ་པདྨོ་སྦྱོར་བ་ཡིས།། ཉེ་བར་སྒྲུབ་པ་ཞེས་བཤད་དོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ནས་སྒྲུབ་པའི་ཡན་ལག་བཤད་པར་བྱ་སྟེ། ་རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་སྟེ། དྷཱུ་ནི་ཡིས་ཀྱང་ནི་བསྐྱོད་བྱ་ཞིང་།། རང་གི་བྱང་ཆུབ་སེམས་ཉིད་བྱུང་བའི་ཚེ།། དེས་ནི་ཕཊ་གྱིས་གསང་སྔགས་བརྗོད་པར་བྱ་ཞེས་སྨོས་པ་ལ། དང་པོ་མིག་ལ་སོགས་པའི་ཕྱག་རྒྱས་པདྨ ་བསྐུལ་ཞིང་རྩ་རྣམས་གཤེར་བར་བྱ་སྟེ།། དྲོ་བའི་རེག་བྷིརྞ་ཀྱི་བྱང་ཆུབ་ཀྱི་སེམས་བྱུང་བ་ཉེ་བར་མཚོན་ཏེ། ལྕེ་རྡོ་རྗེས་ཅུང་ཟད་མྱང་ཞིང་རྡོ་རྗེ་འགྲེང་བར་འགྱུར་བས་པདྨ་རྡོ་རྗེ་ངག་སྦྱོར་ཏེ། གཡོན་པོ་བརྩམས་ནས་ཁ་གཉིས་དང་། དབང་པོ་གཉིས་ལས་བྱུང ་བའི་སྒྲ་ནི་ཧཱུཾ་གི་རང་བཞིན་དུ་དམིགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་བས་འཆང་བས་བདེ་བ་ཆེན་པོའི་སྒྲ་དང་། སྦྱོར་བྲི་སྒྲ་དང་ཏི་ངེ་འཛིན་སེཾས་དཔའི་ས་བོན་གྱི་འོད་ཟེར་གྱིས་བར་སྣང་ན་མཁོའ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཏེ། རྩ་དབུས་མར་བྱང ་ཆུབ་ཀྱིས་སེམས་ཞུ་བར་བྱས་ལ་ཚངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འཛགས་ནས་སྣང་བ་དང་ཡན་ལག་ཀུན་ཁྱབ་པའི་དུས་སྣང་བ་མཆེད་པ་དང་། རྡོ་རྗེའི་དཀྱིལ་དུ་སྣང་བ་ཉེ་བར་ཐོབ་པ་དང་། རྡོ་རྗེའི་རྩེ་མོར་འོད་གསལ་བ་མྱོང་ཞིང་ཕཊ་གྱི་སྒོའོ་རང ་བཞིན་པདྨའི་ནང་དུ་བྱུང་ཆུབ་སེམས་ཀྱི་ཐིག་ལེའི་རྣམ་པོར་ཕབ་པར་བྱའོ།། མཆོད་པའི་ཆོ་ག་བཤད་པར་བྱ་སྟེ། བྱུང་ནས་སྔགས་པས་སླར་ཡང་ནི།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། བྱང་ཆུབ་སེམས་ཀྱི་མཆོད་ནས་ནི།། གསང་སྔག་སོ།། ་འདི་ནི་བརྗིད་པར་བྱ་ཞེས་སྨོས་ཏེ་བྱུང་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྤྲོ་བའི་མཐར་རོ།། དེས་ཕྱོགས་བཙུན་པོ་ཞུགས་པའི་སངས་རྒྱས་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱ་ཞིང་མཆོང་པའི་མཐར་འོག་ནས་འབྱུང་བའི་སྔགས ་བརྗོད་དོ།། མན་ངག་ནི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཡོངསུ་གྱུར་པ་བཛྲ་དྷྲྀཀ་ཅེས་བྱ་ལ་སོགས་པའི་སྔགས་རྣམས་ལས་དེ་བཞིན་གཤེགས་པ་ལྔ་ཞལ་གསུམ་ཕྱག་དྲུག་པ་རང་གི་རིག་མ་དང་འཁྱུད་པ་བསྒོམས་ཏེ། རེག་པའི་བདེ་བ་ལ་ཞུགས་ཞིང ་བྱུང་བ་མཆོད་པའི་ལྷ་མོ་ཕྱི་དང་ནང་གི་མཆོད་པའི་རྫས་དང་བཅས་པ་བསམེ་ལྷ་མོ་བ་སྤུའི་བུ་གནས་ཕྱུང་ཞིང་ནམཁའི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱི་དང་ནང་དང་གསུང་བའི་མཆོད་པས་མཆོད་ལ། མཆོད་པའི་མཐར ་སྔགས་རྗོད་ཅིང་། དེ་བཞིན་གཤེགས་པ་དང་། ལྷ་མོ་དེ་རྣམས་འོད་ཟེར་གྱིས་རང་གི་ཁར་བཅུག་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་དྷཱ་ཨཱཏྨ་ཀོ&ཧཾ་ཞེས་པ་ལས། ཨོཾ་ནཽ་རྡོ་རྗེ་འཆང་ཆེན་པོའོ།། དེ་ནི་སརྦ་ཏ་ཐཱ་ག་ཏའི་རང་བཞིན་ནོ།། དེ་ལ་པུ་ཛ་ནི ་མཆོད་པ་སྟེ། སྔར་བཤང་བའི་རྣམ་པ་གསུམ་དང་། བླ་ན་མེད་པའོ།། དེ་ཉིད་མ་ཕྱེད་པས་ན་བཛྲའོ།། དེའི་སྔོ་བྷཱ་བ་ནི་བདེ་བ་ཆེན་པོ་བསྐྱོད་པ་སྟེ། དེའི་བདག་ང་ཡིནོ།། ཞེས་ང་རྒྱལ་བྱའོ།། དེ་ནི་སྤྲོས་པའི་ཆོ་ག་བཤད་པར་བྱ་སྟེ། རང་སྔགས་ས་ཡིག་ལས ་བྱུ་བ།། རྡོ་རྗེ་གསུམ་གྱིས་བྱིན་བརླབས་བདག། འདྨའི་དབུསུ་བསྐྱེད་ནས་ནི།། སླར་ཡང་ཞེས་སྤྱང་རྡོ་རྟེར་གྱུར་ཅེས་སྨོས་ཏེ། དེ་ནས་རྡོ་རྗེ་འཆིང་གླི་ང་རྒྱལ་གྱིས་སྣར་བསྡུས་པོའི་དེ་བཞིན་གཤེགས་པ་རྣམས་ཐིག་ལེའི་གཙུག་ས་ཁྱཱ་མཱཾའི་པདྨ་དང་ཟླ་བར ་སྤྲོས་ལ་དེ་ཡོངསུ་གྱུར་པ་ལས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་ལས་བྱུང་བའི་རང་གི་མཚན་མ་ལས་སྤྲོས་པའི་མི་བསྐྱོད་པ་ལ་སོགས་པ་སེམས་དཔའི་གསུམ་གྱི་བདག་ཉིད་ཅན། ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེར་ལྷ་སུམ ་ཅུ་རྩ་གཉིས་བཀོད་ལ། རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རི་ཀྱིས་རྔོན་པ་དེ་རྣཾས་ཀྱི་སྤྱི་བོ་རྡོ་བདུད་རྩིས་དབང་བསྐུར་ལ། སྤྱི་བོར་དབང་གི་བདག་པོ་དམ་ཚིག་སེམས་དཔའ་ས་རྒྱས་བཏབ་སྟེ། ་ཕྱིར་རོལ་ཏུ་ཕྱུང་ཞིང་ཞེ་སྡང་ལ་སོགས་པའི་སྤྱོད་པ་ཅན་གྱི་སེཾན་གྱི་ཁམྦ་སྦྱོང་ཞིང་སངྱས་ཀྱི་ཞིང་ལ་རབ་ཏུ་འཇུག་པ་སྔོན་དུ་འགྲོ་བ་གཤེགས་ཏེ། དབུས་ཀྱིས་གཙོ་བོ་ལ་འཇུག་པ་དང་། ཤུརོ་ཕྱོགས་ལ་སོགས་པར་བཞུགས་པར་བྱའོ།། དེ་ཉིད་བཤད་པ། ་རོང་སྔགས་ཡི་གེ་ནི། འོག་ནས་མ་ཆད་པའི་ཕྱུར་བའི་སྔག་སོ།། དེ་ནས་བྱུང་བ་ནི་མཚན་མཱ་ལསྣ་བྱུང་བའོ།། རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་ནི་སེམས་དཔའ་གསུམ་གྱི་བདག་ཉིད།། པདྨའི་དབུསུ་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུའོ།། ཞེ་སྡང ་རྡོ་རྗེ་ནི་ཐུགས་རྡོ་རྗེ་འཆང་དུ་འགྱུར་བའོ།། དེ་ཉིད་བཤད་པ། བཛྲ་དྷིཀ་སྔགས་ལས་བྱུང་བ་ཡི།། མི་བསྐྱོད་རྡོ་རྗེ་ཅན་བསམས་པ།། མགོན་པོ་རལ་པའི་ཐོར་ཚུགས་འཆང་།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས་ཞེས་སྨོས་པ་ལ། ཐིག་ལེ་ཡོངསུ་གྱུར་པ་ལས ་བྱུང་བའི་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་དང་། དེ་ལས་བྱུང་བའི་རྡོ་རྗེ་འབར་བ་དེ་ཉིད་ཀྱིས་མཚན་པའོ།། དེ་ནས་སྤྲོ་བ་དང་བསྡུ་བ་དང་། གནས་པ་དང་། བརྟན་པ་དང་། རྗེསུ་ཆགས་པ་སྔོན་དུ་འགྲོ་བཱ་རོ་ཡོངསུ་གྱུར་པ་ལས་བྱུང་བ་སེམས་དཔའ་གསུམ་གྱིས ་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་ཀྱིས་བྱིན་གྱིས་བརླབས་པ་མི་བསྐྱོད་པའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དམིགས་པ་ནི་བསམ་པར་བྱའོ།། རལ་པོའི་ཐོར་ཚུགས་འཆིང་བ་ནི་ཐུབ་པའི་ཚེ་ལུག་སོ།། མི་བསྐྱོད་པ་ནི་ཅོད་པན་བྱས་ཞེས ་བྱ་བ་ནི་ངག་གི་རིགས་ཀྱིས་མཚན་མའོ།། ཁ་དོག་ལ་སོགས་པ་བཤད་པ། མཐིང་བཞིན་བཟང་མོའི་མདོག་ལྟར་སྣང་། སྔོ་ནག་དམར་དང་དཀར་བའི་ཞལ།། རྒྱན་རྣམས་ཐམས་ཅད་ཡོངསུ་རྫོགས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ་ཞེས་སྨོས་ཏེ། མཐིང ་ཤིང་བཟང་པོ་ནི་རྒྱལ་པོའི་མབྷིའི་སྟེ། དེང་མཚུས་པའི་སྔོན་པོ་སྟེ། བྱམས་པ་རྣམ་པར་དག་པ་དང་མངོན་སྤྱོད་ཀྱི་ཕྱིར་རོ།། དབུས་མ་ནི་ནག་པོ་སྟེ། ཐུགས་རྡོ་རྗེའི་རང་བཞིན་ནོ།། གཡོན་པ་ནི་དམར་པོ་སྟེ་གསུང་རྡོ་རྗེའི་རང་བཞིན་ནོ།། གཡས་པ་ནི་དཀར་པོ་སྟེ ་སྐུ་རྡོ་རྗེའི་རང་བཞིན་ནོ།། རྒྱུན་རྣམས་ཐམས་ཅད་ནཱི་དྲ་བ་དང་། བུ་དོང་། རྐང་གདུབ་དང་། རྣ་ཆུ་དང་དཔུང་རྒྱན་ལ་སོགས་པས་བརྒྱན་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་ཕྱིར་རོ།། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ་སྟེ། དྲང་བའི་དོན་ཏོ།། རྩ་དབུས་མ ་ནག་པོ་སྟེ་ཆུ་རྒྱུད་པའི་ཕྱི་རོ།། གཡས་པ་ནི་དཀར་པོ་སྟེ། སྟེང་དུ་བྱང་ཆུབ་ཀྱི་སེམས་འཛག་པའི་ཕྱིརརོ།། གཡོན་པ་ནི་དམར་པོ་སྟེ་སྟེང་དུ་ཁྲག་འཛག་པའི་ཕྱིར་རོ།། རྩ་གཉིས་པོ་དེ་དག་གི་འོག་ཏུ་རཀྟ་དོང་ཤུཀྲ་རྒྱུ་བ་སྟེ་མན་ངག་གོ་ཕྱག་མཚན་བཤད་པར་བྱ། ་རྡོ་རྗེ་འཁོར་ལོ་པདྨ་ནི།། གཡས་པའི་ཕྱག་ཏུ་བསམ་བྱ་ཞིང་།། དྲི་ལཾ་བུ་ནི་དྷུ་ར་ལཱ་གྷྲི་ནི། དེའི་གཡོན་ལ་བསམ་པར་བྱ་ཞེས་སྨོས་པ་ལ།། རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ནོ།། འཁོར་ལོ་ནི་རྣམ་པར་སྣང་མེ་ཛད་ཀྱི་ཕྱག་མཚ་ན་ནོ།། པདྨ་ནི་འོད་དཔག་ཏུ་མེད ་བའི་ཕྱག་མཚན་ནི།། དྲིལ་བུ་ནི་རྡོ་རྗེ་འཚོང་ཆེན་པོའི་ཕྱོག་མཚན་མོ།། རིན་པོ་ཆེན་དྲི་ཆེན་འགྱུར་ལྡན་གི་ཕྱག་མཚན་ནོ།། རང་གྲི་ཛིན་ཡོང་ཆུབ་པའི་ཕྱིན་མཚན་ཏོ།། དྲང་བའི་དོན་ཏོ།། ཆ་གསུམ་ནི་སྟེང་དེང་འོག་གི་དབྱེ་བས་རྡོ་རྗེ་ལ་སོགས་པའི་རྣམ་པ་སྟོ ་བའི་དོན་ཏོ།། དེ་ཞིན་དུ་འོག་མ་ལ་ཡང་ངོ་།། ཕྱི་རོལ་ཏུ་སྤྲོ་བ་བཤད་པར་བྱ་སྟེ། འདི་ནི་སྙིང་པོས་ཕྱུང་ནས་ནི།། ཕྱོགས་བཅུ་རྣམསུ་གཟིགས་ནས་ཀྱང་།། ཆོས་ཀྱི་སྐུ་འཁོར་ལོ་སྐོར་བ་དང་། སངས་རྒྱས་མཛད་པ་ཀུན་མཛད་དེ། ་སེམས་ཅན་མ་ལུས་ལེགས་སྦྱངས་ནས།། ཞེ་སྡང་རྡོ་རྗེ་ལ་གནས་འཇོག།། སླར་བྱོན་རྡོ་རྗེ་མགོན་པོ་ཡིས། སྤྱན་སྔར་རུ་ནི་འདུག་པར་འགྱུར་ཞེས་སྨོས་པ་ལ། ཚིགསུ་བཅད་པ་གཉིས་ཀྱིས་ཕྱི་རོལ་ཏུ་སྤྲོ་བ་དང་། སེམས་ཅན་གྱི་དོན་མཛད་པ་དང་། ཡང ་གཤེགས་པ་རྣམས་བསྟན་ཏེ། སྙིང་པོས་ཞེས་བྱ་བ་ནི་ལྷ་མོའི་པདྨ་ནས་སོ།། ཕྱོགས་བཅུར་གཟིགས་པོ་ནི་མ་གྲོལ་བ་ལ་སོགས་པ་བགྲོལ་བའི་དོན་དུའོ།། སངས་རྒྱས་མཛད་པ་ཞེས་བྱ་བ་ནི་ཞེ་སྡང་གི་སྤྱོད་པ་ཅན་གྱི་སེམས་ཅན་སྦྱོང་བའོ།། དེ་ནས་ཆོས ་ཀྱི་འཁོར་ལོ་ཞེས་བྱ་བ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་སྟོན་པ་བསྐོར་ནུས་སོ།། སྦྱངས་པ་ནི་ཞེ་སྡང་ལྔ་ཁྲོག་གོ། ཝ་ན་མི་སྤྱོད་པའོ།། གནས་ནི་མངོན་པ་དགའ་བའི་སངས་རྒྱས་ཀྱི་ཞིང་སྟེ། དེ་ལ་གནས་པ་ནི་འཇོག་པར་མཛད་ནས་སོ།། རྡོ་རྗེ་མགོན་པོ་ནི ་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་ཏེ། སྔར་བཤད་པའི་ཤར་ཕྱོགས་ཀྱི་རེའུ་མིག་ལས་གནས་པ་བསམ་པའོ།། དབུས་ཀྱི་གཙོ་བོ་དང་མི་བསྐྱོད་པ་དག་ཐ་མི་དད་པར་བཤད་པར་བྱ་སྟེ།། སྔགས་པས་དེ་ནི་སྙིང་ཀ་རུ།། རྗེས་ཞུགས་བདག་ཉིད་རྣམ་བསྒོ ་པས།། སྔ་མའི་གཟུགས་ནི་ཡོངསུ་གྱུར་ནས། ཞེ་སྡང་རྡོ་རྗེའི་གནས་ན་བཞུགས་ཞེས་སྨོས་པ་ལ།། དེ་ནས་དཀྱིལ་འཁོར་ལོའི་མཛད་པའི་ནུས་པ་དང་ལྡན་པ་ཡིན་པས་མི་བསྐྱོད་པ་དེའི་མང་ཆུ་བཞིན་དུ་གཅིག་ཏུ་བྱས་ནས་བདག་ཉིད་སྔ་མའི་གཟུག ་ཡོངསུ་ལོག་སྟེ། རྡོ་རྗེ་འཆང་གི་གཟུགས་ཡོངསུ་སྤངས་ཏེ། ཞེ་སྡང་རྡོ་རྗེའི་གནས་ལ་གནས་པར་བསམ་པར་བྱའོ་ཞེས་འབྲས་བུའི་རྡོ་རྗེ་འཆང་གི་བསྒོམ་པ་བསྟན་ཏོ།། དེ་ཉིད་ཀྱི་ཁྱད་པར་བཤད་པ་ཨིནྡྲ་ནཱི་ལའི་འོད་འབར་བ།། ཉི་མུའི་དཀྱིལ་འཁོར་དབུས ་ན་བཞུགས།། དཔའ་བོ་རང་གི་ཕྱག་རྒྱས་འཁྱུད།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་ཞེས་སྨོས་ཏེ། ཨིནྡྲ་ནཱི་ལ་ཞེས་བྱ་བ་ནི་རིན་པོ་ཆེ་རྒྱ་མཚོ་ལས་བྱུང་བའོ།། ཨིནྡྲ་ནཱི་ལའི་མདོག་ནི་དེ་དང་འདྲ་བས་ཏེ། དྲག་པོའི་ལས་དང་མཐུན་པའི་ཕྱི་རོ།། ཉི་མའི་དཀྱིལ ་འཁོར་དབུས་གནས་པ་ཞེས་བྱ་བ་ནི་ཐབས་ཀྱི་རང་བཞིན་དང་རྣ་བའི་ཕྱིར་རོ།། རང་གི་ཕྱག་རྒྱས་འཁྱུད་པ་ནི་སྔར་བཤད་པའི་རེག་བྱ་རྡོ་རྗེ་མས་སོ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་ཞེས་བྱ་བ་ནི་འཁོར་ལོ་སྒྱུར་བའི་གཉེན་པོ་ཡིན་པའི་ཕྱིར་རོ།། ་གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། དྲག་པོ་ཞི་དང་འདོད་ཆགས་ཆེ།། ཞལ་གསུམ་གྱིས་ནི་རྣམས་མཛེས་པའི།། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས།། དཀྱིལ་འཁོར་ཐམས་ཅད་སྤྲོ་བོར་བྱ།། ཞེས་སྨོས་སྟེ། དང་པོའི་ཞལ་ནི་དྲག་པཽ་སྟེ། གདུལ ་དཀའ་བ་དུལ་བའི་ཕྱིར་རོ།། གཡས་པ་ནི་ཞི་བ་སྟེ། རྣམ་པར་སྣང་མཛད་བདག་པོ་ཡིན་པས་ཞི་བ་མཛད་པའི་ཕྱིར་རོ།། ཆགས་པ་རྗེ་ནི་གཡོན་པ་སྟེ། འོད་དཔག་ཏུ་མེད་པ་བདག་པོ་ཡིན་པས་ན་ད་པདྨ་མཛད་པའི་ཕྱིར་རོ།། དེ་ལྟ་བུའི་ཞེ་སྡང་རྡོ་རྗེའི ་ཏིངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་དཀྱིལ་འཁོར་ཐམས་ཅད་ནི་སུམ་ཅུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲོ་བ་ནི་པདྨའི་ནང་དུ་སྤྲོ་བར་བྱ་བའོ།། དེ་ཉིད་སྤྲོ་བ་བཤད་པར་བྱ་སྟེ། ཛི་ན་ཛི་ཀ་སྔགས་ལས་བྱུང་བའོ།། གཙོ་བོ་རྣམ་པར་སྣང ་མཛད་དབྱུང་།། མི་བསྐྱོད་པས་ནི་དབུ་རྒྱུན་བྱས།། སྟོན་ཀ་ཟླ་ཟེར་ལྟར་སྣང་ཞིང་།། གཙུག་ཏོར་ཅོད་པན་དག་གིས་བརྒྱུམ།། དཀར་དང་ནག་དང་དམར་བའི་ཞལ།། ཕྱག་དྲུག་ཞི་བའི་ཚུལ་ཅན་ཏེ།། འཁོར་ལོ་རིན་ཆེན་པདྨ་དག ་གཡས་པ་ཡི་ནི་ཕྱག་ལ་བསམ།། དྲིལ་བུ་རིན་ཆེན་རོལ་གྲི་ནི།། དེ་ཡི་གཡོན་དུ་རྣམ་པར་བསམ།། ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་ཐིག་ལེ་ཡོངསུ་གྱུར་པ་ལས།། ཛི་ན་ཛཱཾ་ཀ་སྔགས་ལས་བྱུང་བའི་རྣམ་པར་སྣང་མཛད་སེམས ་དཔའི་གསུམ་གྱི་བདག་ཉིད། གཙོ་བོ་ནི་རང་གི་རིགས་ཀྱི་བདག་པོའོ།། སྤྲོ་བ་ནི་ཕྱུང་བར་བྱའོ།། སྟོན་ཀའི་ཟླ་ཟེར་ནི་འོད་དེ། དེ་དང་འདྲ་བ་ནི་ཞི་བ་མཛད་པའོ།། རལ་པའི་ཐོར་ཚུགས་ནི་སྔ་མ་བཞིན་ནོ།། གཞན་ཡང་ཞལ་དང་པོ་ནི་དཀྲིར་པོ་སྟེ། ཞི་བ ་ཡིན་པའི་ཕྱིར་རོ།། ཞལ་གཡས་པ་དང་གཡོན་པ་ནི་ནག་པོ་དང་དམར་པོ་སྟེ།། ཐུགས་རྡོ་རྗེ་དང་གསུང་རྡོ་རྗེ་སྟེ། མངོན་སྤྱོད་དང་དབང་མཛད་པའི་ཕྱིར་རོ།། ཕྱག་དྲུག་ནི་བཤད་ཟིན་ཏོ།། ཞི་བའི་ཚུལ་ཅན་ནི་ནང་ཐམས་ཅད་འཇོམས་པའི་ཕྱིར།། ཕྱག ་གཡས་པའི་དང་པོ་ལ་འཁོར་ལོ།། རྩི་བས་བརྒྱད་པ་དཀར་བློ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང་། སྒྲིབས་པ་དྷི་མ་འཇོམས་པའི་ཕྱིར་རོ།། གཡས་པའི་གཉིས་པའི་རྡོ་རྗེ་སྔོན་པོ་སྟེ། མངོན་པར་བྱང་ཆུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ་གཡས་པའི་གསུམ་པ་ལ་པདྨ་དཀར་པོ་ནི་ཞི་བ་དང་མཐུན་པའི་ཕྱིར་རོ།། རྩ་བའི་ཕྱག་གཡོན་པ་ལ་དྲིལ་བུ་སྟེ། རང་བཞིན་མེད་པར་སྟོན་པའོ།། གཡོན་པ་གཉིས་ལ་རིན་ཆེན་ཏེ། བསམ་པ་ཐམས་ཅད་རྫོགས་པའོ།། གཡོན་པའི་གསུམ་པ་ལ་རོལ་གྲི་ནི ་ཉོན་མོངས་པའི་ཞགས་པ་གཅོད་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ཕྱི་རོལ་ཏུ་སྤྲོ་བ་བཤད་པར་བྱ་སྟེ། དེ་བཞིན་ཐུགས་ཀ་ལས་བྱུང་སྟེ། གཏི་མུག་སྤྱོད་གནས་སེམས་ཅན་རྣམས།། ཡང་དག་སྦྱངས་ཏེ་སླར་བྱོན་ནས། ཤར ་ཕྱོགས་ཀྱི་ནི་ཟླ་བར་བཞུགས་ཤེས་སྨོས་ཏེ།། ཐུགས་ཀ་ལས་ནི་ལྷ་མོའི་པདྨ་ལོས་སོ།། གཏི་མུག་སྤྱོད་པ་ལ་གནས་པ་ནི་གཏི་མུག་གི་རིགས་ཅན་ནོ།། སེམས་ཅན་ནི་ཁམས་སྡོམ་པའོ།། སྦྱང་བ་ནི་སྤྲུལ་པ་དང་། སྟོན་པ་ལོ་སོགས་པ་དྲི་མ་མེད་པར ་བྱས་པའོ།། བྱོན་པ་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་སོ།། ཤར་ཕྱོགས་ནི་ཤར་ཕྱོགས་ནི་ཤར་ཕྱོགས་ཀྱི་རེ་མིག་ལའོ།། ཟླ་བར་ནི་སྣ་ཚོགས་པདྨ་དང་། ཟླ་བ་དང་འཁོར་ལོའི་སྟེང་དུ་བཞུགས་པར་བསམ་པར་བྱའོ།། རིན་ཆེན་འབྱུང་ལྡན་གྱི ་སྤྲོ་བ་བཤད་པར་བྱ་སྟེ། རཏྣ་དྷྲྀཀ་སྔགས་ལས་བྱུང་བའི།། རིན་ཆེན་ཏོག་ནི་མཁས་པོས་དབྱུང་།། ཞི་བ་ཐོར་ཚུགས་ཅོད་པན་འཆང་།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས།། སེར་དང་གནག་དད་དཀར་བའི་ཞལ་ཕྱག་དྲུག་པ་ནི་རྣམ་པར་བསྒོམ།། ་ཡིད་བཞིན་ནོར་བུ་རྡོ་རྗེ་དང་།། འཁོར་ལོ་དེ་ཡི་གཡ་སུ་བསྒོམ།། དྲིལ་བུ་པདྨ་སེར་པོ་དང་།། རལ་གྲི་གཡོན་དུ་བསྒོམ་པར་བྱ་ཞེས་སྨོས་པ་ལ་སྔ་མཱ་བཞིན་དུ་ལྷོ་མོའི་པདྨའི་དབུསུ་ཐིག་ལེ་ཡོངསུ་གྱུར་པ་ལྷོ་པ་ཥྚྲྀ་བྷྱ་དྷ་རིན་པོས་ཟུང་དྲུག་པ་ལ ་ཆེན་ཏོག་དབྱུང་བ་སྤྲོ་བར་བྱའོ།། རལ་བའི་ཐོར་ཚུགས་འཆང་བ་ནི་སྔ་མ་བཞིན་ནོ།། ཞི་བ་ནི་དབུལ་བའི་སེམས་ཅན་རྣམས་རྒྱས་པོའི་ཕྱིར་བྱིས་པ་དང་ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པས་འཇིགས་པ་ཞི་བའོ།། མི་མ་སྤྱོད་པ་ནི་རྡོ་རྗེ་འཆང་ཆེན ་བོའི།། དེས་དབུ་བརྒྱན་བྱས་པ་སྟེ་བརྒྱན་པའོ།། མཁས་པ་ནི་མི་བརྗེས་པའི་ངང་ཚུལ་གྱི་སོ།། གཞན་ཡང་ཞལ་དང་པོ་ནི་སེར་པོ་སྟེ། རྒྱས་པར་མཛད་པའི་ཕྱིར་རོ།། གཡས་པ་དང་གཡོན་པ་ནི་ནག་པོ་དང་དཀར་པོ་སྟེ། ཐུགས་དང་སྐུའི་བདག ་ཉིད་དེ། དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ།། ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ།། དེ་ནི་རིན་ཆེན་དཔལ་གྱིའོ།། རིན་ཆེན་ནི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པའོ།། པདྨ་སེར་པོ་ནི་རྒྱས་པར་བྱེད་པའོ།། ལྷག་པའི་དོན་ནི་སྔ་མ་བཞི་ནོ།། ཕྱི་རོལ་ཏུ་སྤྲོ་བ་ལ་སོ ་བ་བཤད་པར་བྱ་སྟེ། ཐུགས་ཀ་ལས་བྱུང་སྟེ།། ང་རྒྱལ་གནས་ལ་གནས་པ་རྣམས།། ཡང་དག་སྦྱངས་ནས་ལྷོའི་ཆར།། རིན་ཆེན་དབུས་བཞུགས་པར་འགྱུར་ཞེས་སྨོས་ཏེ།། ཐུགས་ཀ་ནོས་ནི་པདྨ་ནས་སོ།། ང་རྒྱལ་གནས་ལ་གནས་པ་ནི།། ང་རྒྱལ ་དང་བཅས་པའི་སེམས་ཅན་རྣམས་བསྟན་པ་ལ་སོགས་པས་སྦྱངས་ཏེ།། བྱོན་ཞིང་ལྷོ་ཕྱོགས་ཀྱི་རོ་མིག་ལ་གནས་པ་པདྨ་དང་ཉི་མ་དང་ཟུར་དྲུག་པའི་རིམ་པོ་ཆེའི་སྟེང་དུ།། གནས་པར་བསམ་པར་བྱའོ།། འོད་དཔག་ཏུ་མེད་པ་སྤྲོ་བ་བཤད་པར་བྱ་སྟེ། ་ཨཱ་རོ་ལིཀ་སྔགས་ལས་བྱུང་བའི།། མཐའ་ཡས་རྡོ་རྗེ་ཅན་དབྱུང་སྟེ།། ཞི་བ་པདྨ་རཱ་གའི་མདོག། མི་བསྐྱོད་པས་ནི་དབུ་བརྒྱན་བྱས་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུསུ་ཐིག་ལེ་ཡོང་སུ་གྱུར་པ་ལྔས། ཨཱ་རོ་ལི་ཀ་སྔགས་ལས་བྱུང་བ་པདྨ ་འདབ་མ་བརྒྱད་པ་ལས་འོད་དཔག་ཏུ་མེད་པ་སེམས་དཔའ་གསུམ་གྱི་བདག་དབྱུང་བ་ནི་སྤྲོ་བར་བྱ་བའོ།། པདྨ་རཱ་ག་ནི་ནོར་བུ་སྟེ་དེའི་མདོག་ནི་དེ་དང་མཚུངས་པ་སྟེ། དབང་མཛད་པའི་ཕྱིར་རོ།། ཞི་བ་ནི་སྒེག་པའི་རོ་གཙོ་བོར་གྱུར་པའོ།། མི་བསྐྱོད་པ ་ནི་སྔ་མ་བཞིན་ནོ།། དེ་ནས་གཞན་ཡང་མགོན་པོ་རལ་བའི་ཐོར་ཚུགས་འཆུང་།། དམར་དང་གནས་དང་དཀར་བའི་ཞལ། སྒེག་པའི་ཉམས་དང་ཡང་དག་ལྡན།། ཕྱག་དྲུག་པ་ནི་རྣམ་པར་བསྒོམ་ཞེས་སྨོས་པ་ལ།། རལ་བའི་ཐོར་ཚུགས་ཀྱི་དོན་ནི་བཤད ་ཟིན་ཏོ་པདྨའི་རིགས་ཀྱི་བདག་པོ་ཡིན་པས་ན་མགོན་པོའོ།། རྩུ་བའི་ཞལ་ནི་དམར་པོ་སྟེ།། དབང་མཛད་པའི་ཕྱིར་རོ།། ཞལ་གཡས་པ་དང་གྲཡོན་པ་ནི་ནག་པོ་དུང་དཀར་པོ་སྟེ།། རྣམ་པར་དག་པ་སྔར་བཤད་ཟིན་ཏོ།། སྒེག་པའི་ཉམས་དང་ལྡན ་བ་ནི་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། ཕྱག་དྲུག་གི་དོན་ནི་བཤད་ཟིན་ཏོ།། ཕྱག་མཚན་བཤད་པོར་བྱ་སྟེ།། གཡོན་པའི་ཕྱག་གིས་དྲིལ་བུ་དང་པདྨའི་སྡོང་བུའང་འཛིན་པར་མཛད།། པདྨ་ཐུགས་ཀཱི་ཕྱོགས་གནས་པ།། གཡས་པ ་ནི་འཛིན་པར་མཛད་ཅེས་པ་ལ།། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཕྱག་གཡོན་པ་འཛིན་པས་དེའི་བྱོ་ཊ་གཅིག་ལས་བྱུང་བའི་པདྨའི་འདབ་མ་བརྒྱད་པ་ནི་མཚོ་སྐྱེས་ཏེ། ཐུགས་ཀྱི་ཕྱོགས་གཉིས་ཀར་ཕྱག་གཡས་པའི་མཐེ་བོ་དང་།། ་གུང་མོ་དང་། མཛུབ་མོ་དག་གི་ལྟེ་བ་ནས་བརྩམས་ཏེ། འདབ་མའི་བར་དུ་དབྱེ་བར་མཛད་པར་བསྒོམ་པར་བྱའོ།། ཇི་ལྟར་པདྨ་དམར་པོ་འདི།། གནས་ཀྱི་སྐྱོན་གྱིས་མི་གོས་པོ།། དངོས་པོའི་སྐྱོན་ནི་ཚོགས་པས་ན།། དེ་བཞིན་ཁམས་གསུམ་དག ་པའོ།། ཞེས་བྱ་བ་དངོས་པོའི་རང་བཞིན་སྟོན་པར་མཛད་པ་པདྨ་དབྱེ་བའི་ཕྱོག་རྒྱ་སྟེ་དྲང་བའི་དོན་ཏོ།། གཡོན་ཕྱོག་སུ་གནས་པའི་ཤེས་རབ་ཀྱིས་ཆོས་འབྱུང་གི་པདྨའི་གཡས་ཕྱོགས་ཀྱི་ཐབས་ཀྱི་རང་བཞིན་གྱིས་རྩེ་ལྔ་པའི་གསང་བའི་རྡོ་རྗེའི་ཕྱག ་གིས་དབྱེ་བར་མཛད་པ་ཞེས་པ་ནི་ངེས་པའི་དོན་ཏོ།། ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་གཡས་གཉིས་ལ།། རིན་ཆེན་རལ་གྲི་གཡོན་གཉིས་ལ་ཞེས་སྨོས་ཏེ། ཕྱག་མཚན་གྱི་དོན་ནི་སྔར་བཤད་ཟིན་ཏོ།། ཕྱི ་རོལ་སྤྲོ་བ་བཤུད་པར་བྱ་སྟེ།། སྔོན་བཞིན་འདོད་ཆགས་ཅན་སྦྱངས་ནས།། རྒྱབ་ཀྱི་པདྨ་ལ་ཞུགས་གྱུར་ཅེས་སྨོས་ཏེ། སྔོན་བཞིན་ནི་པདྨ་ལས་བྱུང་ནས་སོ།། འདོད་ཆགས་ཅན་ནི་ཐ་མ་ལ་པའི་འདོད་ཚོགས་ཅན་ནོ།། སྦྱངས་པ་ནི་བསྟན་པ་ལ་སོགས ་པསོ།། རྒྱབ་ཀྱི་ནི་སངས་རྒྱས་ཀྱི་ཞིང་ལ་བྱུང་ཞིང་། ནུབ་ཕྱོགསུ་པདྨ་དང་ཉི་མ་དང་། པདྨའི་སྟེང་དུ་བཞུགས་པར་བསམ་པར་བྱའོ།། དོན་ཡོད་གྲུབ་པ་སྤྲོ་བ་བཤད་པར་བྱ་སྟེ། པྲཛྙཱ་དྷྲྀཀ་སྔགས་པས་དོན་ཡིད་རྡོ་རྗེ་ཅན།། མགོན་པོ་སྐུ་མདོག ་ལྗང་གུ་དབྱུང་།། ཟོར་ཚུགས་ཅོད་པན་དག་གིས་བརྒྱན་ཅེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངསུ་གྱུར་པ་ལས་པྲཛྙཱ་དྷྲྀཀ་སྔོགས་ལས་བྱུང་བའི་རལ་གྲི་ལས་བྱུང་བ། སེམས་དཔའི་གསུམ ་གྱི་དག་ཉིད་མགོན་པོ་ནི་ལས་ཀྱི་རིགས་ཀྱི་བདག་པོ་བསམ་པར་བྱའོ།། ཐོར་ཚུགས་ཅོད་པན་ནི་སྔ་མ་བཞིན་ནོ།། གཞན་ཡང་ལྗང་དང་གནག་དང་དཀར་བཱིའི་ཞལ།། ཕྱག་དྲུག་འོད་ཟེར་རྣམ་པར་འཕྲོ་ཞེས་པ་ལས་དང་པོའི་ཞལ་ནི་དམར་པོ་སྟེ། ་དགུག་པར་མཛད་པའི་ཕྱིར་རོ།། ཞལ་གཡས་པ་དང་གཡོན་པ་ནི།། གནག་པ་དང་དཀར་བ་སྟེ།། ཐུགས་དང་སྐུའི་རིགས་ཀྱི་དྲག་པོ་དང་ཞི་བ་མཛད་པའི་ཕྱིར་རོ།། ཕྱག་དྲུག་ནི་སྔ་མ་བཞིན་ནོ།། འོད་ཟེར་འཕྲོ་བ་ནི་འོད་ཟེར་ལྔས་ཁྱབ་པ་སྟེ། ལས་ཐམས ་ཅད་པ་ཡིན་པའི་ཕྱིར་རོ།། ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་སྣ་ཚོགས་རྡོ་རྗེ་དང་། འཁོར་ལོ་གཡསུ་བསྒོམ་པར་བྱ།། ཕྱག་གཡོན་ན་ནི་དྲིལ་བུ་དང་། དེ་བཞིན་པར་ལྗང་ནོར་བུའོ་ཞེས་སྨོས་པ་ལ།། ཉོན་མོངས་པ་གཅོད་པའི་ཤེས་རབ་ནི་རལ་གྲིའོ།། ་མངོན་པར་བྱང་ཆུབ་པ་རྣམ་པོ་ཉི་ཤུ་ནི་སྣ་ཚོགས་རྡོ་རྗེའོ།། པདྨ་ལྗང་གུ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ།། དྲིལ་བུ་ལ་ཀཽ་ར་ནི་སྔ་མ་བཞི་ནོ།། མཛད་པ་བཤད་པ་བྱ་སྟེ།། ལོག་པའི་ངག་ཅན་སེམས་ཅན་རྣམས།། རྣམ་པར་སྦྱངས་ནས་སླར་བྱོན་ཏེ།། དེ་བཞིན་བྱང་གི་ཕྱོགསུ་ནི།། སྣ ་གས་རྡོ་རྗེ་དོག་ལ་བཞུགས། ཤེས་པ་ལ་ལྔ་མ་བཞིན་དུ་ཆོས་འབྱུང་ཞིང་ལོག་པའི་ཚིགས་ཅན་གྱི་སེམས་རྣམས་བསྟན་པ་ལ་སོགས་པས་སྤངས་ཤིང་སངས་རྒྱས་ཀྱི་ཞིང་ལ་འཇུག་ཅིང་སླར་ལོག་ནས་བྱང་ཕྱོགསུ་པདྨ་དང་ཉི་མ་དང་སྣ་ཚོགས་རྡོ་རྗེ ་བཞུགས་པར་བསམ་པར་བྱའོ།། ཉེ་བར་བསྡུ་བ་བཤད་པར་བྱ་སྟེ།། ཞེ་སྡང་གཏི་མུག་དེ་བཞིན་ཆགས།། ཡིད་བཞིན་ནོར་བུ་དམ་ཚིག་སྟེ།། རིགྲོས་ནི་ལྔ་པོ་འདི་དག་ཉིད།། འདོད་དང་ཐར་པ་རབ་བསྒྲུབ་པའོ།། ཞེས་པ་ལ་ཞེ་སྡང་རྣམ་པར་རིག་པ་མི་བསྐྱོད། ་པ་དང་།། གཏི་མུག་རྣམ་པར་དག་པ་ནི་རྣམ་པར་སྣང་མཛད་དང་། འདོད་ཆགས་རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པ་དང་ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་ནོ།། དམ་ཚིག་ཉམས་པ་རྣམས་སླར་ཡང་དམ་ཚིག་གསོ་བར་བྱེད་པས་ན་དམ་ཚིགས་ནི ་དོན་ཡོད་གྲུབ་པའོ།། རིགས་ལྔ་པོ་དེ་དག་ནི་ཉོན་མོངས་པ་རྣམ་པར་དག་པའོ།། འདོད་པ་ནི་བདེ་བའི་ཐབས་ཀྱིས་ཐར་པ་སྒྲུབ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བྱེད་པའོ།། ཡང་འདོད་པ་དང་ཐར་པ་ནི་འདོད་པ་དང་ཐར་པ་དག་སྟེ། ་ལོངས་སྤྱོད་དང་གྲོལ་བའོ།། དེ་དག་འགྲུབ་པ་ནི་རྩོལ་བའོ།། དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་མེ་ལོང་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དང་། ་ཀུན་གཞི་དང་། ཉོན་མོངས་ཅན་གྱི་ཡོད་དང་། འཇུག་པ་དང་། གཟུགས་ལ་སོགས་པའི་རྣམ་པར་དག་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པོ་དག་ཞི་བ་དང་།། རྒྱས་པ་དང་། དབང་དང་མངོན་སྤྱོད་དང་། ་དགུག་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་རང་བཞིན་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ན་མཁའ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་སེམས་ཅན་དང་། དོན་དང་། བདག་དང་། རྣམ་པར་རྟོག་པ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམ་པར་དག་པའི་རང་བཞིན་ཤེས་པར་བྱའོ།། ལྷ་མོ་རྣམས་ཀྱིས་སྤྲོ་བཤད་པར་བྱ་སྟེ། ཨོ་ཧ་རཱ་ཏི་སྔགས ་ལས་བྱུང་།། ལྷ་མོའི་སྤྱན་ནི་དབྱུང་བར་བྱ།། དཀར་ཞིང་ཞི་བའི་ཉམས་དང་ལྡན།། རྣམ་པར་སྣང་མཛད་ཀྱིས་སྤྱི་བོར་མཚན་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡོངསུ་གྱུར་པ་ལས་མོ་ཧཱ་རཱ་ཏིའི་སྔགས ་ལས་འཁོར་ལོ་རྩིབས་བརྒྱད་པ་ལས་བྱུང་བའི་ལྷ་མོ་སྤྱན་སེམས་དཔའ་གསུམ་གྱི་བདག་ཉིད་དབྱུང་བ་ནི་སྤྲོ་བར་བྱའོ།། ཇི་ལྟ་བུ་ཡིན་ཞེས་ན། དཀར་པོ་ཞེས་བྱ་བ་ནི་ཞི་བ་མཛད་པའི་ཕྱིར་རོ།། ཞི་བའི་ཉམས་དང་ལྡན་པ་ནི་རྒྱུ་དེ་ཉིད་ལས་སོ།། ་རྣམ་པར་སྣང་མཛད་ཀྱིས་མཚན་པ་ནི་རང་གི་བདག་པོའི་ཅོད་པན་ཅན་ཏེ། རིགས་རྗེསུ་དྲན་པའི་ཕྱིར་རོ།། གཞན་ཡང་། དཀར་དྲང་གནག་དང་དམར་བའི་ཞལ།། ཕྱག་དྲུག་པ་ནི་རྣམ་པར་བསྒོམ།། འཁོར་ལོ་རྡོ་རྗེ་དེ་བཞིན་དུ།། ཨུཏྤ་ལ་དཀར་པོ་གཡ་སུ་བསམ།། ། ་དྲིལ་བུ་དེ་བཞིན་རིན་ཆེན་དང་། རལ་གྲི་གཡོན་དུ་བསྒོམ་པར་བྱ་ཞེས་སྨོས་པ་ལ། ཨུཏྤ་ལ་དཀོར་པོ་ནི་ཞི་བ་དང་། མཐུན་པའི་ཕྱིར་རོ།། ཞལ་དཀར་པོ་ལ་སོགས་པ་དང་། འཁོར་ལོ་གསོགས་པའི་དོན་ནི་བཤད་ཟིན་ཏོ།། འདི་ནས་ཕྱི་རོལ་ཏུ་སྤྲོ་བ་བཤད ་པར་བྱ་སྟེ། དེ་བཞིན་ཐུགས་ཀ་ནས་བྱུང་སྟེ།། ཕྱོགས་བཅུ་དོག་ཏུ་གཟིགས་ནས་ནི།། གདོན་དང་ནད་གདུངས་འཇིག་རྟེན་རྣམས།། ཐུགས་རྗེ་ཆེན་པོས་ཞི་མཛད་དེ།། སླར་བྱོན་ནས་ནི་ཟླ་དཀྱིལ་དུ།། ཤར་གྱི་མཚམ་སུ་བཞུགས་པར་གྱུར་ཅེས་སྦས་པ་ལ། ་ཐུགས་ཀ་ནས་ཞེས་པ་ནི་པདྨའི་དབུས་ནུས་སོ།། ཕྱོགས་བཅུར་གཟིགས་པ་ནི་ནད་དང་། ལྡན་པའི་ནད་ཞི་བར་བྱ་བའི་དོན་དུའོ།། གདོན་ནཱི་རེ་བ་ཏིའི་གདོན་དང་ལ་སོགས་པོས་བྱས་པའོ།། ནད་རིམ་ལ་སོགས་པ་སྟེ། དེ་རྣམས་ཀྱི་གདུངས་པ་ནི་མནན་པའི ་འཇིག་རྟེན་པ་གང་ཡིན་པ་དེ་ལ་བདུད་རྩིའི་འོད་ཟེར་སྤྲོ་བས་ཞི་མཛད་པ་ནི། རབ་ཏུ་ཞི་བར་བྱས་ནས་རང་གི་སངས་རྒྱས་ཀྱི་ཞིང་ལ་འཇོག་ཅིང་། སླར་ལོག་སྟེ་ཤར་ལྷོའི་མཚམ་སུ་སྣ་ཚོགས་པདྨའི་དང་། ཟླ་བ་དང་། འཁོར་ལོ་ལ་བཞུགས་པར་བསམ ་པར་བྱའོ།། མཱ་མ་ཀཱིའི་སྤྲོ་བ་བཤད་པར་བྱ་སྟེ།། དྭེ་ཥ་རཱ་ཏི་སྔགས་ལས་བྱུང་།། ལྷ་མོ་མཱ་མཽ་ཀཱི་དབྱུང་སྟེ། ཨུཏྤ་ལ་སྔོན་པོའི་འདབ་ལྟར་སྔོ།། བཞིན་བཟངས་ཤིན་ཏུ་ཡིད་དུ་འོང་ཞེས་སྨོས་པ་ལ།། སྔ་མ་བཞིན་དུ་ལྷ་མོའི་པདྨའི་ཟེ་འབྲུའི་དབུས ་ཐིག་ལེ་ཡོངསུ་གྱུར་པས་དྭེ་ཥ་རཱ་ཏིའི་སྔགས་ལས་བྱུང་བ་རྡོ་རྗེ་རྩེ་ལྔ་པ་ལས་ལྷ་མོ་མཱ་མ་ཀཱི་སྤྲོ་བར་བྱ་སྟེ། ཇི་ལྟ་བུ་ཡིན་ཞེ་ན་ཨུཏྤ་ལ་སྔོན་པོའི་འདབ་ལྟར་སྔོ་བའོ་ཁ་དོག་སྔོན་པོའི་དེ་བཞིན་དུ་བཞིན་བཟངས་ནི་ཞལ་མཛེས་པའོ།། ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་འམ་རིན་ཆེན་འབྱུང་ལྡན་གྱི་ཐུགས་འཕྲོས་པ་སྟེ།། མཱ་མ་ཀཱི་ནི་རིགས་གཉིས་ཡིན་པའི་ཕྱིར་རོ།། གཞན་ཡང་ཇི་ལྟ་བུ་ཞེ་ན། གནག་དང་དཀར་དང་དམར་བ་སྟེ། མི་བསྐྱོད་པས་ནི་དབུ་བརྒྱན་བྱས།། ་རྡོ་རྗེ་འཁོར་ལོ་དེ་བཞིན་དུ།། ཨུཏྤ་ལ་སྔོན་དམར་གཡོས་པ་ལ།། དྲིལ་བུ་རིན་ཆེན་རལ་གྲི་ནི།། གཡོན་པའི་ཕྱག་ན་བསྣམས་པར་མཛད་ཅེས་སྨོས་པ་ལ། ཞལ་ནུག་པོ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས་པ་ནི་རང་གི ་བདག་ཉིད་ཅན་ནོ།། གང་གི་ཚེ་རིན་ཆེན་འབྱུང་ལྡན་གྱི་རིགས་ཡིན་ན།། དེའི་ཚེ་རིན་ཆེན་འབྱུང་ལྡན་གྱི་ཅོད་པནོ་བྱའོ།། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྔོན་པོ་དང་དམར་པོ་འདྲེས་པར་གྱུར་པ་ན་སེར་པོ་དང་ནག་པོ་སྦྱང་བར་འགྱུར་ཏེ། གཉིག་གའི ་རིགས་ཀྱི་རྟགས་བཤད་པར་བྱ་སྟེ། བགེགས་ཆེན་འཇིགས་པས་གཟིར་བ་རྣམས།། ཐུགས་རྗེ་ཆེན་པོ། བསུང་མཛད་པར།། བྱུང་ནས་སླར་ནི་བྱོན་ནས་སུ།། ལྷོ་ནུབ་ཏུ་ནི་བཞུགས་པར་གྱུར་ཅེས་སྨོས་ཏེ། བགེགས་ཆེན་པོ་ནི་སྲིན་པོ་ལ་སོགས་པ་སྟེ། ་དེ་རྣམས་ཀྱིས་འཇིགས་པ་ནི་རྨི་ལོམ་ངན་པ་དེ་རྣམས་ཀྱི་བཟིར་བ་ནི་གནོད་པ་གང་ཡིན་པ་དེ་རྣམས་ལ་བསྲུང་བ་མཛད་ནས་སོ།། སྲིན་པོ་ལ་སོགས་པ་བསྐྲད་ཅིང་རང་གི་སངས་རྒྱས་ཀྱི་ཞིང་ནས་ལོག་ཅིང་ལྷོ་ནུབ་ནི་བདེན་བྲེལ་གྱི་མཚམ་སུ་སྣ་ཚོགས ་པདྨ་དང་། ཉི་མ་དང་། རྡོ་རྗེའི་སྟེང་དུ་བཞུགས་པར་བསྡམ་པར་བྱའོ།། གོས་དམར་མོའི་སྤྲོ་བ་བཤད་པར་བྱ་སྟེ། རཱ་ག་རཱ་ཏཱིའི་སྔགས་ལས་བྱུང་།། གོས་དཀར་མོ་ནི་དབྱང་བྱ་སྟེ།། ཞལ་ནི་དམར་དང་གནག་དང་དཀར། པདྨ་རཱ་གའི་འོད་དང་ལྡན ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུསུ་ཐིག་ལེ་ལོས་རཱ་ག་རཱ་ཏི་ཡོངསུ་གྱུར་པ་ལས་པདྨ་དམར་པོ་ལས་བྱུང་བའི་གོས་དཀར་མོ་པདྨ་རཱ་གའི་ནོར་བུའི་ཁ་དོག་དང་འདྲི་བ་སྤྲོ་བར་བྱའོ།། དམར་པོ་ལ་སོགས་ཞལ་གྱི་དོན་ནི་བཤད་ཟིན་ཏོ།། ་གཞན་ཡང་འོད་དཔག་མེད་བཅས་རལ་པའི་ཚོགས།། ཕྱག་དྲུག་པ་ནི་རྣམ་བསྒོམས་ཏེ། གཡོན་པའི་དྲིལ་བུར་བཅས་པ་ཡིས།། ཨུཏྤལ་སྡོང་བུ་འཛིན་མཛད་ལ།། ཐུགས་དཀར་གནས་པའི་ཨུཏྤལ་ལོ།། དམར་པོ་གཡས་ཀྱིས་འཛིན་པར་མཛད་ཅེས་སྨོས་པ་ལ། ་རལ་པ་རྣམས་ཀྱིས་ཚོགས་ནི་རལ་པའི་ཆོ་ག་སོ།། འོད་དཔག་ཏུ་མེད་པ་དང་བཅས་པའི་རལ་པའི་ཚོགས་གང་ལ་ཡོད་པ་དེ་ནི་འོད་དཔག་མེད་དང་བཅས་པ་རལ་པའི་ཚོགས་ཏེ། རང་གི་བདག་པོའི་ཅོད་པན་ཞེས་བྱ་བའི་དོན་ཏོ།། ཕྱག་དྲུག་གི་དོན་ནི་བཤད་ཟིན ་ཏོ།། ཕྱག་གཡོན་པ་དྲིལ་བུ་དང་བཅས་པས་ཕྱོགས་གཅིག་ཏུ་པདྨའི་སྡོང་བུ་བཟུང་སྟེ།། གཡས་པས་ཐུགས་ཀར་ཁ་དོག་དམར་པོ་ཉིད་དབྱེ་བར་མཛད་པར་བསམ་པར་བྱའོ།། རྣམ་པར་དག་པ་ནི་འོད་དཔག་ཏུ་མེད་པ་བཞིན།། ཕྱག་མཚན་ལྷག་མ་རྣམས ་བཤོད་པར་བྱ་སྟེ།། རྡོ་རྗེ་འཁོར་ལོ་གཡས་ངག་ལ།། ནོར་བུ་རིལ་གྲི་གཡོན་པ་ལཾ།། བསྣམས་པར་མཛད་པ་བྱུང་ནས་ནི།། གདོན་གྱིས་ཉོན་པ་ཞི་མཛད་དེ།། སླར་བྱོན་པདྨའི་དབུས་ཉིད་དུ།། ནུབ་བྱང་མཚམ་སུ་བཞུགས་པར་འགྱུར་ཅེས་སྨོས་ཏེ། རྡོ་རྗེ ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། གདོན་གྱིས་ཉེན་པ་ནི་དབུལ་བའི་གདོན་གྱིས་ཉེན་པཱ་ལ་ཞི་མཛད་པ་ནི་རྒྱས་པར་མཛད་ནས་སོ།། ཡང་ན་དབང་དུ་མ་གྱུར་པའི་གདོན་གྱིས་ཉེན་པ་ལ་ཞི་མཛད་པ་སྟེ་སུ་དུ་མཛ་ནསརྒྱས་ཀྱི་ཞིང་ལས ་བྱུང་སྟེ། རླུང་གི་མཚམ་སུ་སྣ་ཚོགས་པདྨ་དང་། ཟླ་བ་དང་། མཚོ་སྐྱེས་ལ་བཞུགས་པར་བསམ་པར་བྱའོ།། སྒྲོལ་བའི་སྤྲོ་བ་བཤད་པར་བྱ་སྟེ། བཛྲ་རཱ་ཏིའི་སྔགས་ལས་བྱུང་།། ཡིད་འོང་སྒྲོལ་མ་དབྱུང་བྱ་སྟེ། ལྗང་དང་གནག་དང་དཀར་བའི་ཞལ། ་དུར་བའི་ལོ་མའི་འོད་དང་མཉམ་ཞེས་སྨོས་ཏེ། ས་སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུསུ་ཐིག་ལེ་ཡོངསུ་གྱུར་པ་ལས་བཛྲ་རཱ་ཏིའི་སྔགས་ལས་འབྱུང་བའི་ཨུཏྤ་ལ་ལས་སྐྱེས་པ་དུར་བའི་ལོ་མ་བཞིན་ནི་ལྗང་སྐུའི་ལྷ་མོ་སྒྲོལ་མ་སྤྲོ་བར་བྱ་སྟེ། ལྗང་གུ ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། གཞན་ཡང་དོན་ཡོད་པས་ནི་གཙུག་གཏོར་བྱིས།། ཕྱོག་དྲུག་པར་ནི་རྣམ་པར་བསྒོམ།། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། ཨུཏྤ་ལ་དབང་པོ་གཡོས་པ་ན།། དྲིལ་བུ་རིན་ཆེན་རལ་གྲི་ནི། བརྟུལ་བཞུགས་ཅན་གྱིས་གཡོན་དུ་བསམ ་ཞེས་སྨོས་ཏེ། དོན་ཡོད་ཅེས་བྱ་བ་ནི་རང་གི་བདག་པོས་སོ།། ཕྱག་དྲུག་ལ་སོགས་པའི་དོན་བཤད་ཟིན་ཏོ།། བྱ་བ་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་དབང་མཛད་དེ། སྣ་ཚོགས་རྡོ་རྗེའི་སྟན་ལ་ཡང་།། བྱུང་ནས་སླར་ནི་བྱོན་ནས་སུ།། བྱང་ཤར ་མཚམ་སུ་བཞུགས་པར་གྱུར་ཅེས་སྨོས་པ་ལ། སེམས་ཅན་ཐམས་ཅད་ནི་འཇིགས་པ་ཆེན་པོ་བརྒྱད་འདི་ལྟ་སྟེ། སེངྒེ་དང་གླང་པོ་དང་། མེ་དང་། སྦྲུལ་དང་། ཆོམ་རྐུན་དང་། བཙོན་ར་དང་། རྒྱ་མཚོ་དང་། ཤ་ཟའི་འཇིགས་པའོ།། ཁ་ཅིག་ན་རོ་མཛེ་དང་། ་དབུལ་བའི་འཇིགས་པ་དང་བཅས་པའི་འཇིགས་པ་ཆེན་པོ་བཅུ་ཡིན་ནོ།། ཞེས་ཟེར་རོ།། དེ་རྣམས་དབང་དུ་བྱས་པ་ནི་སེལ་ནས་སོ།། བྱུང་ནས་ནི་པདྨ་ལསོ།། བྱོན་ནས་ནི་སངས་རྒྱས་ཀྱི་ཞིང་ལས་སོ།། བྱང་ཤར་མཚམསུ་ནི་དབང་ལྡན་གྱི་མཚམ་སུ་སྣ་ཚོགས ་པདྨ་དང་ཟླ་བ་དང་། སྣ་ཚོགས་རྡོ་རྗེ་ལ་བཞུགས་པར་བསམ་པར་བྱའོ།། ཡུམ་བཞི་པོ་དེ་རྣམས་ཀྱིས་རྣམ་པར་དག་པ་བཤད་པར་བྱ་སྟེ། དེ་ལས་སའི་ཁམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྣམ་པར་དག་པའི་རང་བཞིན་ནི་གཏི་མུག་དགའ་མ་སྟེ། རྣམ་པར་སྣང་མཛད་ཀྱི་རང་སྣང་བའི་རིག་པ་དེ་དང་ཚུངས་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེ་ཆེན་པོ་དང་བྲལ་བའི་སེམས་ཅན་རྣམས་སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པ་ལས་སྦྱར་ཞིང ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཁུར་ཐེག་པ་དང་།། མཉམ་པ་ཉིད་ཀྱིས་རང་གི་སྐྱོན་དགུག་པ་དང་། སེམས་ཅན་གྱི་དོན་ལ་འཇུག་པ་དང་། མྱུར་དུ་དང་། བདེ་བར་བྱང་ཆུབ་ཐོབ་པ་རྣམ་པ་གསུམ་གྱིས་ཐབས་ཀྱི ་རོལ་ཏུ་སྦྱིན་པ་ལྷུངས་ཕྱུར་སྒྲ་དི་རིང་དུ་སོང་བའི་ས་ལ་སྟོན་རྣམས་འཇོན་ཅིང་མིའི་མཚམས་ལ་ཞི་བ་མཛད་པའོ།། ནི་སྡང་དིག་མྦུ་ནི་བྱམས་པ་ཆེན་པོ་དང་།། རྣམ་པར་བར་བུ་མཚན་མ་མེད་པ་དང་། ཆུའོ་ཁནས་དང་། སྨོན་པམྦུ་གྱི་ཕ་རོལ་ཏུ ་རྣམ་པ་དག་པའི་ལྷ་མོ་མཱ་ཀཱི་སྟེ། མི་བསྐྱོད་པའི་རང་གི་རིན་མ་དེ་དང་འདྲ་བ་བྱངས་པ་ཆེན་པོ་དང་། སྨོན་ལམ་དང་བྲེལ་པའི་སོན་ཐམས་ཅད་ལ་ཕན་པ་དང་། བདེ་བ་ལ་ངེས་པར་སྦྱར་ཞིང་ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་དུ་སྐྱེས་ལ་སེམས ་ཅན་ཐམས་ཅད་ཀྱི་སྲིད་པ་ཉེ་བར་ཞི་བ་ལ་སོགས་པའི་དོན་གྱི་བྱ་བ་དང་ཐུགས་མཉམ་པར་ཉིད་ཀྱི་ཚོགས་ཀྱི་རྒྱུད་དང་། སེམས་ཅན་གྱི་དོན་གྱི་རྒྱུ་དང་། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་མི་གཡོ་བའི་ས་ལ་འཇོག་ཅིང་བདེན་བྲལ་གྱི་མཚམ་སུ་གདུལ་དཀའ་བ་འདུལ་བར་མཛད་པའོ།། འདོད་ཆགས་དགའ་མཱ་ཞེས་བྱ་བ་དགའ་བ་ཆེན་པོ་དང་། རྣམ་པར་ཐར་པ་སྨོན་པ་མེད་པ་དང་། ་མེའི་ཁམས་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་གོས་དཀར་མོ་སྟེ། འོད་དཔག་ཏུ་མེད་པའི་རང་སྣང་བའི་རིག་མ་དེ་དང་འདྲ་བ། དགའ་བ་ཆེན་པོ་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་སངས་རྒྱས་ཀྱིས་ཆོས ་ཀྱི་དགའ་བས་ཡང་དག་པར་རབ་ཏུ་སྦྱོར་ལོ། རང་རིག་ལས་ལྡོག་པའི་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ཐམས་ཅད་སྨོན་པ་མེད་པ་ཉིད་གསལ་བར་བྱས་ལ། འདར་བ་སེལ་བ་དང་། སྨིན་པ་ལ་སོགས་པའི་བྱ་བས་མེ་དང་མཚུངས་པ་དང་། ་དེ་བཞིན་དུ་ལཱ་ཝ་ལྡོག་པ་དང་། ཉོན་མོངས་པ་བཅོམ་པ་དང་། བདུད་དང་ཕ་རོལ་རྒོལ་བ་རྣམས་འཇོམས་པར་བྱེད་པ། རྣམ་པ་གསུམ་གྱིས་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་ལེགས་པའི་བློ་གྲོས་ཀྱིས་ལྔ་འཇོག་ཅིང་རླུང་གི ་མཚམསུ་རྒྱས་པར་མཛད་པའོ།། རྡོ་རྗེ་དགའ་མ་ཞེས་བྱ་བ་བཏང་སྙོམས་ཆེན་པོ་དང་། རང་བཞིན་གྱི་འོད་གསལ་བའི་རྣམ་པར་ཐར་པ་དང་། རླུང་གི་ཁམས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྒྲོལ་མ་སྟེ། བཏང་སྙོམས ་ཆེན་པོ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་སེམས་ཅན་རྣམས་རྙེད་པ་དང་། མ་རྙེད་པ་དང་། བདེ་བ་དང་། སྡུག་བསྔལ་དང་། གྲགས་པ་དང་། མ་གྲགས་པ་དང་བསྟོད་པ་དང་། སྨོད་པ་ལ་བཏང་སྙོམས་དང་། སེམས་ཅན་ཐམས་ཅད་ཀྱི ་གདུང་པ་རབ་ཏུ་ཞི་བ་ལ་སོགས་པའི་བྱ་བས་རླུང་འདྲ་བའི་སེམས་ཉིད་རབ་ཏུ་སྦྱར་ཏེ། ཉོན་མོངས་པ་རྣམས་བློ་བུར་བ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་འོད་གསལ་བ་བྱས་ལ་རྣམ་པར་མི་རྟོག་པ་དང་། རྟོག་པ་མཉམ་པ་ཉིད་དུ་རྟོགས་པ ་དང་། སེམས་ཅན་གྱི་དོན་གྱི་ཐབས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་པ་རྣམ་པ་གསུམ་གྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་ཞིང་ཆོས་ཀྱི་སྤྲིན་གྱིས་ལ་འཇོག་ཅིང་དབང་ལྡན་གྱི་མཚམ་སུ་དབང་མཛད་པ་སྟེ། དྲངས་པའི་དོན་ཏོ།། སྣང་བ་དང་། ་ཟླ་བའི་སྣང་བ་དང་། མོ་རྟགས་དང་། གཞན་དབང་དང་། རྗེསུ་འཇུག་པའི་དབྱངས་དང་། འཇམ་པ་དང་། ཆགས་པ་དང་བྲལ་བ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་སྤྱན་ནོ།། སྣང་བ་མཆེད་པ་དང་། ཉི་མའི་སྣང་བ་དང་། ་པོ་རྟགས་དང་། ཀུན་རྟགས་དང་། ཚེ་དྲུག་དང་བར་བ་དང་། འདོད་ཆགས་ལ་སོགས་པའི་རང་བཞིན་གྱིས་གཉེན་པོ་ཤིན་ཏུ་སྟོང་པའི་ངོ་བོ་ནི་ལྷ་མོ་མཱ་མ་ཀཱིའོ།། སྣང་བ་ཉེ་བར་ཐོབ་པ་དང་།། མཚམས་ཀྱི་སྣང་བ་དང་མ་ནིང་གི་རྟགས་དང་། ཐིག་ལེ ་དང་ཚིག་དྲག་དང་། བྲལ་བ་དང་། ཡོངསུ་རྫོགས་པ་དང་། མ་རིག་པ་ལ་སོགས་པ་རང་བཞིན་གྱིས་གཉེན་པོ་སྟོང་པ་ཆེན་པོའི་རང་བཞིན་ནི་གོས་དཀར་མོའོ།། སྣང་བ་ལ་སོགས་པ་དང་བྲལ་བ་དང་ཟླ་བ་དང་ཉི་མ་དང་། མཚམས་ཀྱི་སྣང་བ ་མེད་པ་དང་། ཕོ་དང་མོ་དང་། མ་ནིང་གི་རྟགས་མེད་པ་དང་། རྗེསུ་འཇུག་པའི་དབྱངས་དང་། ཚིག་དྲུག་དང་དེ་མེད་ག་མ་ཡིན་པ་དང་། རང་བཞིན་གསུམ་དང་བྲལ་བ་དང་། འཇམ་པ་དང་། བར་མ་དང་། རབ་སྤོང་བ་དང་། ས ་པ་བྲལ་བ་དང་། ཆགས་པ་དང་ཆགས་པ་བར་པ་དང་བྲལ་བ་དང་། སྟོང་པ་དང་ཤིན་ཏུ་སྟོངས་པ་དང་། སྟོང་པ་ཆེན་པོའི་གཉེན་པོ་ཐམས་ཅད་སྟོང་པའི་རང་བཞིན་ནི་སྒྲོལ་མ་སྟེ། ངེས་པའི་དོན་ཏོ།། མཆོད་པའི་ལྷ་མོའི་སྤྲོ་བ་བཤད་པར་བྱ་སྟེ། ་རྣལ་འབྱོར་པས་ནི་རིམ་གཉིས་པར།། རྡོ་རྗེ་གཟུགས་ལ་སོགས་པ་དབྱང་ཞེས་སྨོས་ཏེ། རིམ་པ་གཉིས་པ་ནི་ཆ་ཆེན་བཞི་ལས་ཕྱི་རོལ་གྱི་ཆ་ཆེན་གཅིག་ལ་མེའི་མཚམ་འསོ་བ་བཞི་པོར་ཆ་ཆུང་ཅིག་ལ་རྡོ་རྗེ་ར་བཾ་བྲིས་ལ་ལྷག་མ་རྣམས་གཽཟུ ་རྡོ་རྗེ་མ་ལྀ་སོགས་པ་དགོད་དོ།། དེ་ཉིད་བཤད་པ།། མེའི་ཕྱོགསུ་དགོད་བྱེ་བ། རྡོ་རྗེ་གཟུགས་ནི་ཡིད་འོང་བ།། ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ།། དབུ་བརྒྱན་རྣམ་པ་སྣང་མཛད་དཔལ།། གཉིས་ཀྱིས་མེ་ལོང་འཛིན་མཛད་དེ། ལྷག་མ་གཏི་མུག ་དགའ་དང་མཚུངས་ཤེས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨོར་ཐིག་ལེ་ཡོངསུ་གྱུར་པའི་ཛ་ལ་བྱུང་བའི་མེ་ལོང་ལས་སྐྱེས་པ་རྡོ་རྗེ་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཡིན་དུ་འོང་པ་ལ་ནི་ཆུ་ཤེལ་གྱི་ནོར་བུའི་འོད་དང་ལྡན་པས་སེམས ་འཕྲོག་པ་རྣམ་པར་སྣང་མཛད་ཀྱི་བཅོད་པན།། རྩ་བའི་ཕྱག་གཉིས་ཀྱིས་ཤེལ་གྱི་ནོར་བུའི་མེ་ལོང་གི་ནང་གི་དཀྱིལ་འཁོར་ལ་བཞུགས་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམ་ཀྱི་སྐུ་གསལ་བར་མཛད་པ།། ཕྱག་ལྷག་མ་རྣམ་གྱིས ་བདག་པོ་སྤྱན་མ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྤྲོས་ཏེ།། དེས་ནི་གཟུགས་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་པ་ལ་བྱུང་སྟེ། མེའི་མཚམ་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་བསམ་པར་བྱའོ།། སྒྲ་རྡོ་རྗེ་མའི་སྒོ ་བ་བཤད་པོར་བྱ་སྟེ།། བདེན་བྲལ་ཕྱོགས་དགོད་ལྷ་མོ་ནི།། རྡོ་རྗེ་སྒྲ་སྟེ་ཕྱག་དྲུག་པ།། ཞལ་གསུམ་སྐུ་མདོག་སེར་མོ་སྟེ། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡིན།། ཕྱག་གཉིས་ཀྱིས་ནི་པི་པདདྨ་བསྣམས།། ལྷག་མ་མཱ་མ་ཀཱི་དང་མཚུངས་ཤེས་སྨོས་པ ་སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུསུ་ཐིག་ལེ་ཡོངསུ་གྱུར་པའི་ཧཱུཾ་ལས་བྱུང་བའི་པི་བང་ལས་སྒྲ་རྡོ་རྗེ་མ་སེམས་དཔའ་གསུམ་གྱི་བདག་ཉིད་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན། རྩ་བའི་ཕྱག་གིས་རྒྱུད་མངས་བསྒྲེངས་པའི་སྒྲས་ནང་གི་དེ་བཞིན ་གཤེགས་པའི་སྙན་ཚིམ་ཞེང་ཐུགས་བདེ་བས་རྩེ་གཅིག་པ་ཉིད་སྐྱིད་པར་བྱེད་པ། ཕྱག་ལྷག་མ་རྣམས་ཀྱིས་མཱ་མ་ཀཱི་དང་འདྲ་བའི་ཕྱག་མཚན་སྤྲོས་ཏེ། དེས་ནི་སྒྲ་ལ་མངོན་པར་ཞེན་གྱི་སེམས་ཅན་གྱི་ཁམས་སྦྱངས་ནས་སླར་ལོག་སྟེ་བདེན ་བྲལ་གྱི་མཚམསུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བསམ་མོ།། དྲི་རྡོ་རྗེ་མ་སྤྲོས་པ་བཤད་པར་བྱ་སྟེ།། རླུང་གི་ཕྱོགས་དགོད་ལྷ་མོ་ནི།། རྡོ་རྗེ་དྲི་སྟེ་ཕྱག་དྲུག་པ།། ཞལ་གསུམ་སྐུ་མདོག་དམར་མོ་སྟེ།། འདོད་དཔག་མེད་ཀྱི་ཐོར ་ཚུགས་འཆང་།། ཕྱག་གཉིས་ཀྱིས་ནི་དུང་སྣམས་སྟེ།། ལྷག་མ་གོས་དཀར་མ་དང་མཚུངས་ཞེས་སྤྲོས་པོ་ལ།། སྔ་མ་བཞིན་དུ་ལྷ་མོའི་པདྨའི་དབུསུ་ཐིག་ལ་ཡོངསུ་གྱུར་པའི་བམ་ལས་བྱུང་བའི་དུང་ཕོར་ལས་སྐྱེས་པའི་དྲི་རྡོ་རྗེ་མ་སེམས ་དཔའ་གསུམ་གྱིས་སྐུ་བདག་ཉིད་ཅན་པདྨ་རཱ་གཱི་ནོར་བུ་དང་འདྲ་བ་དག་གིས་དབང་ཕྱུག་གི་ཅོད་པན་རྩ་བའི་ཕྱག་ངག་གིས་ག་བུར་དང་། གུར་ཀུཾ་དང་། ཙཱན་དང་། གླ་རྩི་དང་། ཡང་དག་པ་སྦྱར་བའི་དྲིས་གང་པའི་ཚེས་བརྒྱད་པའི་རྣམ ་པ་དང་མཚུངས་པའི་དུང་ཕོར་འཛིན་པ་སྤྲོས་ཏེ།། ལྷག་མ་རྣམས་སོ་གས་དཀར་མོ་དང་འདྲ་བའི་ཕྱག་མཚན་འཆང་བ།། དེས་ནི་དྲིལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ་རླུང་གི་མཚམསུ་སྣ་ཚོགས་པདྨ་དང་། ཟླ་བའི་དཀྱིལ་འཁོར ་ལ་བཞུགས་པར་བསམ་མོ།། རོ་རྡོ་རྗེ་མའི་སྤྲོ་བབཤད་པར་བྱ་སྟེ། དབང་ལྡན་ཕྱོགས་དགོད་ལྷོ་མོ་ནི།། རྡོ་རྗེ་རོ་ཏེ་ཕྱག་དྲུག་པ། ཞལ་གསུམ་ཁ་དོག་ལྗང་གུ་སྟེ།། དབུ་རྒྱན་ལ་ནི་རྡོ་སྒྲ་བཞུགས།། ཕྱག་གཉིས་ན་ནི་རོ་ཡི་སྣོད།། ལྷག་མ་སྒྲོལ་མ་ལྟ་བུ་ཡིན། ་ཞེས་སྨོས་ཏེ་སྒྱུ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་ཧོཿལས་བྱུང་བའི་རིནྡ་ཆེན་སྣ་བདུན་གྱི་རིའི་སྣོད་ལས་སྐྱེས་པ། རོ་རྡོ་རྗེ་མ་སེམས་དཔའ་གསུམ་གྱིས་བདག་ཉིད་ཨུཏྤལ་སྔོན་པོ་དང་ནམ་མཁའི་ལྡིང་གི་ནོར་བུ་དང་འདྲ་བ་དོན ་ཡོད་གྲུབ་པའི་ཅོད་པན་རྩ་བའི་ཕྱག་གིས་རོ་དྲུག་གིས་གང་བའི་རིན་པོ་ཆེའི་སྣོད་ཕུལ་བས་དེ་བཞིན་གཤེགས་པ་རྣམས་ཚིམ་པར་བྱེད་པ།། ཕྱག་ལྷག་མ་རྣམས་ཀྱིས་སྒྲོལ་མ་དང་འདྲ་བའི་ཕྱག་མཚན་འཛིན་པ་སྨོས་ཏེ། རོ་ལ་མངོན་པར་ཞེན་བཱི ་སེམས་ཅན་གྱི་ཁམས་སྦྱངས་ལོག་ནས་དབང་ལྡན་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པར་བས་མོ།། རེག་བྱ་རྡོ་རྗེ་མའི་གནས་བཤད་པར་བྱ་སྟེ།། རྡོ་རྗེ་སེམས་དཔའ་ལེགས་འཁྱུད་དེ།། འཁོར་ལའི་དབུས་ན་རྣམ་བཞུགས་པར། ་རེག་བྱ་རྡོ་རྗེ་བསམ་བྱ་སྟེ།། ཞལ་སོགས་བདག་པོ་ལྟ་བུའོ།། ཞེས་པ་ལ། དཀྱིལ་འཁོར་རྒྱལ་མཆོག་གི་དྲང་པོ་ཕྱག་རྒྱ་འདུས་པའི་དུས་དམ་ཚིག་ཕྱག་རྒྱ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རེག་བྱ་རྡོ་རྗེ་མའོ།། དེ་ནི་རྡོ་རྗེ་སེམས་དཔའ་སྟེ། ་མི་བསྐྱོད་པ་ལ་ལེགས་པར་འཁྱུད་པ་ནི་བརྟན་པར་འཁྱུད་ཅིང་འཁོར་ལོའི་དབུསུ་གནས་པའོ།། དེ་ཉིད་ཀྱི་ཕྱིར་ཞལ་ལ་སོགས་བདག་པོ་ལྟ་བུའོ།། ཞེས་བྱ་བ་ནི་ཞལ་ལོགས་པ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བས་ན་དེའི་སྤྲོ་བའི་ཆོ་ག ་མ་བཤད་དོ།། དེ་ནས་སེར་སྣའི་གཉེན་པོའི་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ།། གཟུགས་རྡོ་རྗེ་མའོ།། སེར་སྣ་གཙོ་བོ་གྱུར་པ་ཆོས་དང་ཁ་ཟས་དང་བྱམས་པ་ཞེས་བྱ་བ་རྣམ་པ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར ་ཞིང་རབ་ཏུ་དགའ་བའི་ས་ལ་འཇོག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་ལོང་གིས་སྟོན་པ་ཕྱིའི་མཚམས་ལ་གནས་པའོ།། ཚུལ་ཁྲིམས་འཆལ་པའི་གཉེན་པོར་གྱུར་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མ་སྟེ་ཚུལ་ཁྲིམས ་འཆལ་པ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྣང་བའི་ཚུལ་ཁྲིམས་ཏེ་རྣམ་པ་གསུམ་གྱིས་ཚུལ་ཁྲིམས་ལ་ངེས་པར་སྦྱར་ཞིང་དྲི་མ་མེད་པའི་ས་ལ་འཇོག་སྟེ།། ཆོས་ཀྱི་དབྱིངས ་ཀྱི་མཚན་ཉིད་ཀྱི་ཆོས་སྒྲ་ལ་དགའ་བར་བྱེད་པའི་ཕྱིའི་བདེན་བྲལ་གྱིས་མཚམ་སུ་གནས་པའོ།། དེ་བཞིན་དུ་ཁང་ཁྲོའི་གཉེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་རྡོ་རྗེ་མ་སྟེ།། མི་བཟོད་པ་གཙོ་བོར་གྱུར་པ་གཞན་གྱི་གནོད་པ་དང་། སྡུག ་བསྔལ་མྱོང་བ་དང་། ཆོས་ལ་དམིགས་པའི་མཚན་ཉིད་ཀྱི་རྣམ་པ་གསུམ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་འོད་བྱེད་པའི་ས་ལ་འཇོག་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དྲི་སེམས་ཅན་རྣམས་ལ ་དགའ་བར་བྱེད་པ་ཕྱིའི་རླུང་གི་མཚམས་ལ་གནས་པའོ།། དེ་བཞིན་དུ་ལེ་ལོའི་གཉེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པརདོག་པ་ནཱི་རོ་རྡོ་རྗེ་མ་སྟེ།། ལེ་ལོ་གཙོ་བོར་གྱུར་རྣམས་གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན ་འགྲུས་དང་། ཡོངསུ་རྫོགས་པའི་བརྩོན་འགྲུས་ཏེ། རྣམ་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱར་ཞིང་འོད་འཕྲོ་བའི་ས་ལ་འཇོག་ཏེ། ཆོས་ཀྱི་བདུད་རྩིའི་ཟས་ཀྱིས་སེམས་ཅན་ཚིམ་པར་བྱེད་པ་ཕྱིའི་དབང་ལྡན་གྱི་མཚམས་ལ་གནས་པའོ།། ་གཡེང་བའི་གཉེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མ་སྟེ། གཡོང་པ་གཙོ་བོར་གྱུར་པ་སྐྱོན་རྣམས་འཇོམ་པ་དང་། རྣམ་པར་བཞུགས་པ་དང་། སྦྱོར་བ་ཅན་ཏེ།། རྣམ་པོ་གསུམ་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ ་ལ་ངེས་པར་སྦྱར་ཞིང་སྦྱང་དཀའི་ས་ལ་འཇོག་ཅིང་འོད་གསལ་བའི་རེག་པའི་བོད་པས་ཚིམ་པར་བྱེད་པ་དབུས་ཀྱིས་གཙོ་བོ་ལ་འཁྱུད་ནས་འཁོར་ལོའི་དབུསུ་གནས་པའོ།། ཤེས་རབ་འཆལ་བའི་གཉེར་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་རང་བཞིན་ནི་མི་བསྐྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་རྣམས་ཐོས་པ་དང་། བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་མངོན་དུ་གྱུར་པའི ་ས་ལ་འཇོག་ཅིག་དབུསུ་གནས་པའོ།། དེ་རྣམས་ཀྱིས་ཕྱུང་བའི་སྔགས་ནི་ཛབྷྱཧཱུཾ་བཾ་ཧོཿཁཾ་སྟེ་དྲང་པའི་དོན་ཏོ།། གསང་བའི་དཀྱིལ་འཁོར་གྱི་རྒྱན་ནི་མེ་ལོང་ལྟ་བུའི་གཟུགས་ཡིན་པས་གཟུགས་རྡོ་རྗེ་མའོ།། སྙིང་གའི་དཀྱིལ་འཁོར་གྱི་རྩན་ནི་པི་ཝང ་ལྟ་བུ་སྟེ། སྒྲ་རྡོ་རྗེ་མའོ།། ལྐོག་མའི་དཀྱིལ་འཁོར་གྱི་རྩ་ནི་དུང་ལྟ་བུ་སྟེ། དྲི་རྡོ་རྗེ་མའོ།། ལྟེ་བའི་དཀྱིལ་འཁོར་གྱི་ཌྷ་ནི་རོའི་སྣོད་ལྟ་བུའི་སྟེ།། རོ་རྡོ་རྗེ་མའོ།། འདོད་པ་གདུགས་ཀྱི་རྩཝ་ནཱི་རེག་བྱ་རྡོ་རྗེ་མ་སྟེ།། དེ་ཉི་མི་བསྐྱོད་པ་སྟེ། ངེས་པའི་དོན་ཏོ། བྱང་ཆུབ ་སེམས་དཔའི་སྤྲོ་བ་བཤད་པར་བྱ་སྟེ། རིམ་གསུམ་ཤར་གྱི་སྣམ་བུ་ལ།། བརྟུལ་ཞུགས་ཅན་གྱི་དབྱུང་བ་ནི།། མི་ཐིལ་ས་བོན་ལས་བྱུང་བའི།། བྱམས་པ་སའི་སྙིང་པོ་གཉི་ཤུ་སྨོས་ཏེ། ཐིག་ལེ་གཉིས་ཡོངསུ་གྱུར་པ་ལས་མཾ་དང་བྷྲི་གི། ས་བོན་ལས ་སྐྱེས་པ་ནཱ་ཀ་གེ་སར་གྱི་ཡལ་ག་དང་། འཁོར་ལོ་ཡོངསུ་གྱུར་པ་ལི་དམར་པོ་དང་དཀར་པོ་འམ། ཡང་ནི་དཀར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ་བྱམས་པ་དང་སའི་སྙིང་པོ་གཉིས་སྤོས་ལ་མིགི་སྐྱེ་མཆེད་དང་། རྩ་རྒྱུས ་ཐམས་ཅད་སྦྱངས་ཏེ། ལོག་ནས་རིམ་པ་གསུམ་པའི་ཤར་གྱི་སྣུམ་བུའི་ལོགས་གཉིས་ལྔ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པར་བསམ་པར་བྱའོ།། དེ་ནས་ཨོཾ་གྱཾ་སྱ་བོན་ལས་བྱུང་བ།། ཕྱག་ན་རྡོ་རྗེ་མཁའི་སྙིང་པོ།། ལྷོ་ཡི་ཕྱོགས་ཀྱི་སྣམ ་བུ་ལ། གོ་རིམ་བཞིན་དུ་དབྱུང་བར་བྱ་ཞེས་སྨོས་ཏེ། དེ་ནས་སྔ་མི་བཞིན་དུ་ལྷ་མོའི་པདྨའི་ཐིག་ལེ་ཡོངསུ་གྱུར་པའི་ཨོཾ་ལས་སྐྱེས་པའི་རྡོ་རྗེ་དང་རིན་པོ་ཆེ་ལས་བྱུང་བ། སྔོན་པོ་དང་། སེར་པོ་འམ།། ཡང་ན་སེར་པོ་སེམས་དཔའ་གསུམ་གྱི་བདག ་ཉིད་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་སྤྲོས་ཏེ། རྣ་བ་དང་། སྣ་ལ་མངོན་པར་ཞེན་པ་སྦྱངས་ཏེ། འོག་ནས་ལྷོ་ཕྱོགས་ཀྱི་སྣམ་བུའི་ལོགས་གཉིས་ལ་སྣ་ཚོགས་པདྨ་དང་ཉི་མ་དང་། ཟླ་བ་ལ་གནས་པར་བསམ ་པར་བྱའོ།། དེ་ནས་ཨོཾ་དང་ཧཱུཾ་ལས་ཡང་དག་བྱུང་།། འཇིག་རྟེན་དབང་པོ་འཇམ་པའི་དབྱངས།། འདི་དག་ནུབ་ཏུ་དབྱུང་བ་བྱ་ཞེས་བྱཱ་བོ་དྲྀ་ནཱ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེར་ཡོངསུ་གྱུར་པ་ལིས་ཨོཾ་དང་ཧཱུ~ཾ་ལས་བྱུང་བ་དམར་པོ་དང་། དཀར་པོ་འམ ་ཡང་ནི་དམར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ། འཇིག་རྟེན་དབང་ཕྱུག་དང་། འཇམ་པའི་དབྱངས་སྤྲོས་ཏེ། ལྕེ་དང་ཡིད་ཀྱི་དབང་པོ་ལ་མངོན་པར་ཞེན་པའི་སེམས་ཅན་རྣམས་སྦྱངས་ནས་ལོག་སྟེ་ནུབ་ཀྱི་སྣམ་བུའི་ལོགས ་གཉིས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པ་བསམས་པར་བྱའོ།། དེ་ནས་བྱང་ཕྱོགསུ་ཡང་དབྱུང་བ་ནི།། ཨོཾ་དང་སཾ་གི་ས་བོན་སྐྱེས།། སྒྲིབ་སེལ་ཀུན་ཏུ་བཟང་པོར་བཅས་ཤེས་པ་ལས།། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས ་ཨོཾ་དང་སཾ་ལས་བྱུང་བའི་ལྗང་གུ་དང་། དམར་པོ་འམ་ཡ་ན་ལྗང་གུ་སེམས་དཔའ་གསུམ་གྱི་བདག་ཉིད་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་དང་རལ་གྲི་ལས་བྱུང་བ་སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་སྟེ། ལུས་དང་ཡན་ལག་ཐམས་ཅད་ཀྱི་ཚེ ་ལ་མངོན་པར་ཞེན་སྦྱངས་ཏེ། ལོག་ནས་བྱང་གི་སྣམ་བུའི་ལོགས་གཉིསུ་སྣ་ཚོགས་པདྨ་དང་། ཟླ་བ་ལ་བཞུགས་པ་བསམ་པར་བྱའོ།། དེ་རྣམས་བདག་པོ་དང་འདྲེ་བར་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ།། འདི་དག་དབུ་རྒྱན་རང་གི་མགོན།། ་སྐུ་མདོག་སོགས་པ་འང་དེ་དང་མཚུངས།། ཕྱག་དང་མཚོན་ཆ་དག་ཀྱང་ནི།། རང་རང་གིས་ནི་བདག་པོར་མཚུངས་ཤེས་པ་ལ། དེ་དག་ནི་བྱང་ཆུབ་སེམས་དཔའ་བརྒྱད་དོ།། ཅོད་པན་རངདྭ་གི་མགོན་པོ་རང་གི་རིགས་ཀྱི་བདག་པོས་ཅོད་པན་བྱས་པའོ།། དེ་ལ ་བྱམས་པ་དང་། སའི་སྙིང་པོ་དག་ལ་རྣམ་པར་སྣང་མཛད་དོ།། ཕྱག་ན་རྡོ་རྗེ་ལ་མི་བསྐྱོད་པའོ།། ན་མཁའ་སྙིང་པ་ལ་རིན་ཆེན་འབྱུང་ལྡན་ནི།། འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་འོད་དཔག་ཏུ་མེད་པའོ།། སྒྲིབ་པ་རྣམ་པར་སེལ་བ་དང ་ཀུན་ཏུ་བཟང་པོ་ལ་དོན་ཡོད་གྲུབ་པར་དབུ་རྒྱན་དུ་བསྒོམ་པར་བྱའོ།། ཁ་དོག་ལ་སོགས་པ་ནི་ཁ་དོག་དང་ཞལ་དང་ཉམས་ཀྱིསོ།། དེ་དང་མཚུངས་པ་ནི་རང་རང་གི་བདག་པོ་དང་འདྲ་བའོ།། ཕྱག་ནི་ཕྱག་དྲུག་དང་ཕྱག་མཚན་ནི་འཁོར་ལོ་ལ་སོགས ་པས་རང་རང་གི་བདག་པོ་ནི་རྣམ་པར་སྣང་མཛད་ལ་སོགས་པོ་དང་མཚུངས་པར་ཤེས་པར་བྱའོ།། ཞེས་དཔེ་བསྟན་པ་དང་སྤྱིར་བཏན་པ་ཡིན།། དམིགས་ཀྱིས་དགར་བཤད་པར་བྱ་སྟེ། བྱམས་པ་འོ་བའ་ཞིག་གཡོས་ན་ནི།། ཀླུ་ཤིང་མེ་ཏོག་བསྣམས ་པཔར་མཛད་ཅེས་པ་ལ།། བྱམས་པ་འབའ་ཞིག་ནི་རྩ་བའི་ཕྱག་གཡས་པས་ཀླུ་ཤིང་གི་མེ་ཏོག་སྟེ།། ནཱ་གཱ་གི་ས་རའི་ཡལ་ག་བསྣམས་པ་སྟེ། མ་འོངས་པའི་དུས་དེའི་དྲུང་དུ་སངས་རྒྱས་པར་འགྱུར་བའི་ཕྱིར་ཏེ་དྲང་བའི་དོན་ཏོ།། རྩ་རྒྱུས ་ཐམས་ཅད་ཀྱིས་ཡལ་ག་ནི་ཀླུའི་མེ་ཏོག་སྟེ། ངེས་པའི་དོན་ཏོ།། དེ་རྣམས་ཀྱིས་མཛོད་པ་བཤད་པར་བྱ་སྟེ། འདི་དག་སྐྱེ་མཆེད་རྣམས་སྦྱོང་ཞིང་།། ལྷ་ཡི་མིག་སོགས་རྩོལ་བ་པོ།། སེམས་ཅན་སྐྱེ་མཆེད་སྦྱངས་ནས་སུ།། སླར་བྱོན་ནས་ནི་སྦྱིན་ལ། ་བཞུགས་སྨོས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་སེམས་ཅན་རྣམས་ཀྱི་ཐ་མལ་པའི་མིག་ལ་སོགས་པ་སྦྱང་ཤིང་ལྷའི་མིག་ལ་སོགས་པ་བསྐྱེད་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་ལས་བྱོམ་ཞིང་།། སྔར་བཤད་པའི་གདན་རྣམས ་ལ་བཞུགས་པར་བསམ་མོ།། ཡིད་དུ་འོང་བ་དང་མི་འོང་བ་དང་། གཉིས་གའི་གཟུགས་རྣམ་པར་དག་པས་སོ་སོར་སྡུད་པའི་རང་བཞིན་མིག་དབང་པོ་སྦྱངས་པ་མིག་ལྔ་རྩོལ་བ་སའི་སྙིང་པོའོ།། དེ་བཞིན་དུ་རྣམ་པ་གསུམ་གྱི་སྒྲ་རྣམ་པར་དག་པས ་བསམ་གཏན་གྱི་རང་བཞིན་རྣ་བའི་དབང་པོ་སྦྱོངས་པར་བྱེད་པ། ལྷའི་རྣ་བ་རྩོལ་བ་ཕྱག་ན་རྡོ་རྗེའོ།། དེ་བཞིན་དུ་རྣམ་པ་གསུམ་གྱི་དྲི་མ་རྣམ་པར་དག་པས་སྲོག་དང་རྩོལ་བའི་རང་བཞིན་སྣ་སྦྱོང་བར་བྱེད་པ་ལྷའི་སྣ་རྩོལ་བ་ནི་ན་མཁའི་སྙིང་པོ།། ་དེ་བཞིན་དུ་རྣམ་པ་གསུམ་གྱི་རོ་རྣམ་པར་དག་པོས་འཛིན་པོའི་རང་བཞིན་ལྕེ་སྐྱོང་བར་བྱེད་པ། ལྷའི་ལྕེ་རྩོལ་བ་ནི་འཛིན་དབང་ཕྱུགོ།། དེ་བཞིན་དུ་རྣམ་པ་གསུམ་གྱིས་རེག་བྱ་རྣམ་པར་དག་པས་རྗེསུ་དྲན་པོའི་རང་བཞིནི་ལུས་སྦྱོང་བར་བྱེད་པ། ལྷའི་སྐུ ་རྩོལ་བ་ནི་སྒྲིབ་པ་སེལ་བའོ།། དེ་བཞིན་དུ་རྣམ་པ་གསུམ་གྱི་ཆོས་རྣམ་པར་དག་པོས་ཏིང་འཛིན་གྱི་རང་བཞིན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་པོ་ཡོངསུ་ཤེས་པའི་མཚན་ཉིད་ཡི་རྣམ་པར་དག་པ་ནི་འཛོམ་དཔལ་ལོ།། ་དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྩ་རྣམ་པར་སྦྱོང་བར་བྱེད་པ་ནི། རིལ་པོར་འཛིན་པའི་ཏིང་འཛིན་གྱི་རང་བཞིན་གྱི་རང་བཞིན་ནི་བྱམས་པའོ།། དེ་བཞིན་དུ་ཁམས་དྲུག་གི་རང་བཞིན་གྱི་ཚིགས་ཐམས་ཅད་སྦྱོང་བར་བྱེད་པ ་རྗེསུ་གཞིན་པའི་ཏིངེ་འཛིན་གྱི་རང་བཞིན་ནི་ཀུན་ཏུ་བཟང་པོ་སྟེ། དྲང་བའི་དོན་ཏོ།། མིག་དང་། རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་། ཡིད་དང་རྩ་རྒྱུས་ཐམས་ཅད་དང་། ཚིགས་ཐམས་ཅད་ཀྱི་རྩའི་ཁོང་སྟོང་རྣམ་པར་དག་པས་སའི་སྙིང་པོ ་ལ་སོགས་པ་སྟེ། ངེས་པའི་དོན་ཏོ། ཁྲོ་བོ་རྣམས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ།། ཡ་མཱནྟ་ཀྲྀཏ་སྔགས་ལས་བྱུང་།། སྔགས་པས་གཤིན་རྗེ་གཤེད་དབྱུང་བ།། ཞལ་ནི་གནག་ཏུ་དཀར་དང་དམར།། འབར་བའི་ཚོགས་ཀྱིས་རྣམ་པར་དཀྲིགས ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་ཡ་མཱནྟ་ཀྲིཏ་སྔགས་ལས་བྱུང་བའི་དབྱུག་ཏོ་ལས་སྐྱེས་པ་སྔོན་པོ་དང་། དཀར་པོ་དང་། དམར་པོའི་ཞལ་མངའ་བ། ཞལ་གསུམ་ཕྱག་དྲུག་སེམས་དཔའ ་གསུམ་གྱི་བདག་ཉིད་གཤིན་རྗེ་མཐར་བྱེད་ཁྲོ་བོའི་མེ་འབར་བའི་ཕྲེང་བས་ཕྱོགས་བཅུར་ཁྱབ་པ་སྤྲོ་བར་བྱའོ།། ཕྱག་མཚན་རྣམས་བཤད་པར་བྱ་སྟེ། ཐོབ་འཁོར་ལོ་རྡོ་རྗེ་རྣམས།། ཕྱག་གཡས་ན་ནི་བསྣམས་པར་མཛད།། ཐུགས ་ཀར། སྡིག་མཇུག་ཞག་པ་དང་། དྲིལ་བུ་དགྲ་སྟ་གཡོན་པ་ན་ཞེས་སྨོས་ཏོ། སྡིགས་མཇུག་དང་བཅས་པོའི་ཞགས་པ་ནི་སྡིག་མཛུབ་ཞགས་པ་སྟེ། དགེགས་རྣམས་འགུགས་པའི་ཕྱིར་རོ།། འཁོར་ལོ་ལ་སོགས་པའི་དོན་ནི་སྔ་མ ་བཞིན་ནོ།། མཛད་པ་བཤད་པར་བྱ་སྟེ། དབང་པོ་ལ་སོགས་ཚོགས་དང་བཅས།། མི་ཟད་བགགས་ཀྱང་སྐྲག་པར་མཛད། པདྨ་ཉི་མ་མནན་ནས་ནི།། ཤར་གྱི་ཕྱོགསུ་བཞུགས་པར་བསམ་ཞེས་སྨོས་ཏེ། དབང་པོ་ལ་སོགས་པའི ་བགེགས་རྣམས་ནི་ཕྱོགས་ལ་དབང་བྱེད་པའོ།། ཚོགས་དང་བཅས་པ་ནི་འཁོར་དང་བཅས་པའོ།། སྐྲག་པར་མཛད་པ་ནི་ལམ་ངན་པ་ལས་བཟློག་སྟེ།། ཤར་ཕྱོགས་ཀྱི་སྒོར་སྣ་ཚོགས་པདྨ་དང་། མ་ཧེ་དང་། གཤིན་རྗེའི་སྟེང་དུ་ཉི་མའི ་དཀྱིལ་འཁོར་ལྔ་བཞུགས་པར་བས་པར་བྱའོ།། ཤེས་རབ་མཐོར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། པྲཛྙཱ་ཀཱིཏ་སྔགས་ལས་བྱུང་།། རིན་ཆེན་འབྱུང་ལྡན་དབུས་རྒྱན་ཅན།། སྐུ་མདོག་དཀརོ་ཞིང་ནོར་བུས་བརྒྱན།། གཞན་གྱིས་མི་ཐུབ་སྔགས་ལས་བྱུང་ཞེས་སྨོས ་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིགཽ་ལེ་ཡོངསུ་གྱུར་པ་ལ་སཽ་པཱཛྙཱནྟ་ཀྲྀཏ་སྔགས་ལས་བྱུང་བའི་དེ་བྱིགས་ལས་ཤེས་རབ་མཐར་བྱེད་གཞན་གྱིས་མི་ཐུབ་པའི་རྣམ་གྲངས་ཅན་ཁ་དོག་དཀར་པོ་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་སྤྲོ་བར་བྱའོ།། གཏི་མུག ་གི་རིགས་ཀྱི་ནང་དུ་བསྡུས་པས་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱང་ཤེ་ས་རབ་མཐར་བྱེད་དཀར་པོ་ཞེས་བྱའོ།། ཞལ་དང་དབྱིབས་ལ་སོགས་པ་བཤད་པར་བྱ་སྟེ། གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ།། དཀར་དང་གནག་དང་དམར་བའི་ཞ་ལོ།། མཆོ ་གཙིགས་ཤིང་རྣམ་པར་འགྱུར།། འབར་བའི་ཚིགས་ཀྱིས་རྣམ་པར་འཁྲིགས་ཞེས་སྨོས་ཏེ། དོན་གསལ་བའོ།། ཕྱག་མཚོན་བཤད་པར་བྱ་སྟེ།། རྡོ་རྗེ་དབྱིག་པར་ར་གྲཱི་ན། གཡས་ཀྱི་ཕྱག་ནཱ་སྣམས་པར་མཛད།། སྙིང་གར་སྡིགས་མཛུབ་ཞགས་པ་དང་། ་དྲིལ་བུ་དགྲ་སྟ་གཡོན་པ་ན་ཞེས་སྨོས་ཏེ། རྩ་བའི་ཕྱག་གཡས་པ་ལ་དབྱུག་པ་དང་ལྷག་མ་རྣམས་ནི་སྔ་མ་བཞིནོ།། མཛད་པ་བཤད་པར་བྱ་སྟེ། གཡོན་བརྐྱང་བ་ཡིས་གནས་པ་ཡིསོ།། མི་བཟང་བགེགས་རྣམས་སྐྲག་པར་མཛད།། པདྨ་ཉི་མ་མནན་ནི། ་ལྷོ་ཡིས་ཕྱོགསུ་བཞུགས་པར་གྱུར་ཅེས་སྨོས་ཏེ། བགེགས་ནི་ཁྱབ་འཇུག་གི་སྤྲུལ་པ་ཡི་དགས་ལ་སོགས་པའོ།། སྐྲག་པ་ནི་སྡིགས་མཛུབ་ཅན་བྱུང་ནས་ལྷོའི་སྐོར་སྣ་ཚོགས་པདྨ་དང་། ཁྱབ་འཇུག་དང་། ཉི་མའི་སྟེང་དུ་བཞུགས་པར་བསམ་པར་བྱའོ།། ་མཐར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། པདྨནྟ་ཀྲྀཏ་སྔགས་ལས་བྱུང་།། རྟ་མགྲིན་སྔགས་པས་དབྱུང་བར་བྱ།། སྤྱན་གསུམ་པདྨ་རཱ་གའི་མདོག་ཞལ་ནི་དམར་དང་གནག་དང་དཀར།། ཞལ་བཙུ་མོས་གསུམ་ཁྱིམ་ཆེ་བ་དང་།། འོད་དཔག་མེད་ཀྱི་ཅོད་པན་ཅན།། ་དཔའ་བོ་གཡོན་བརྐྱང་པ་ཡིས་གནས།། འབར་བའི་ཚོགས་ཀྱིས་རྣམ་པར་འཁྲུགས་ཅེས་སྨོས་པ་ལ།། སྔ་མ་བཞོན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་པདྨཱནྟ་ཀྲིཏ་སྔགས་ལྔས་བྱུང་བ་ཁ་དོག་དམར་པོ་པདྨ་དམར་པོ་ལས་སྐྱེས་པའི་པདྨ་ས་བྱེད་པཤྭ ་འོད་དང་འདྲ་བ་སྤྱན་གསུམ་པ་སྟེ། ཏིངེ་འཛིན་གསུམ་གྱི་རང་བཞིན་ཡིན་པའི་ཕྱིརརོ།། ཞལ་གསུམ་པ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་དེ། སྟེང་གི་ཞལ་ནི་རྩཝའི་རྣ་བ་འཛིན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་སྤྲོ་བར་བྱའོ།། ཞལ ་བཙུམས་ནི་ཡས་སོའི་རྩེ་མོས་མ་མཆུ་འཛིན་པ་སྟེ། བགེགས་འཇོམས་པའི་ཕྱིར་རོ།། གཡོན་བརྐྱང་བ་ནི་འདི་རྐང་པ་མཉམ་པའི་དབྱིབས་མཚོན་པའི་ཕྱིར་རོ།། དཔའ་བོ་ནི་ལྷ་ཆེན་པོ་གནོནས་བཞུགས་པའོ།། འབར་བའི་ཚོགས་ནི་རྣམ་པར་འཁྲུག་ཅེས་བྱ་བ་ནི ་ཁྲོ་བོའི་འབར་བ་འཕྲོ་བའོ།། ཕྱག་མཚན་བཤད་པར་བྱ་སྟེ། པདྨ་རལ་གྲི་གཏུན་ཤིང་ནི། གཡས་པའི་ཕྱག་མཚན་བསྣམས་པར་མཛད།། བསྙེམས་དང་བཅས་པའི་དྲིལ་བུ་དང་། དགྲ་སྟ་ཞགས་པ་གཡོན་ན་བསྣམས་ཞེས་སྨོས་ཏེ། རྩ་བའི་ཕྱག་ལ་པདྨ་དམར ་མོ་བསྣམས་པ། ལྷག་མ་རྣམས་ལ་རལ་གྲི་ལ་སོགས་པ་སྟེ་གོ་སླའོ།། མཛད་པ་བཤད་པར་བྱ་སྟེ།། པདྨ་ཉི་མ་ལ་གནས་ཏེ།། ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི།། ཀླུ་རྣམས་སྐྲག་པར་མཛད་ནས་སུ།། ནུབ་ཀྱི་ཕྱོགསུ་བཞུགས ་པར་གྱུར་ཅེས་སྨོས་པ་ལ།། དེ་ལ་བགེགས་ནི་ཀླུ་དང་ལྷ་མ་ཡིན་ལ་སོགས་པས་འོག་ལས་བྱུང་བའོ།། དེ་རྣམས་སྒྲོག་ཅིང་ནུབ་ཕྱོགསུ་སྟེ།། ནུབ་ཀྱི་སྒོར་སྣ་ཚོགས་པདྨ་དང་།། ལྷ་ཆེན་པོ་དང་ཉི་མའི་གདན་ལ་བཞུགས་པར་བསམ་པར་བྱའོ།། ་བགེགས་མཐར་བྱེད་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། བགྷྣཱཾ་ཏི་ཀྲིཏ་སྔགས་ལས་བྱུང་།། རྔ་སྒྲའི་ཅོད་པན་དག་དང་ལྡན། ཨུཏྤ་ལ་སྔོན་པོ་འདབ་ལར་ལག། བདུད་རྩི་ཐུབ་སྦྱོར་དབྱུང་བ།། ཞལ་ནི་སྔོ་དང་དམར་དང་དཀར།། ཞལ་གདངས་པས་ནི་རྣམ་པར་འགྱུར། ་གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ།། འབར་བའི་འོད་ཀྱིས་རྣམ་པར་བརྒྱན་ཅེས་པ་ལ།། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་བྱུང་བའི་བིགྷྣཱཾ་ཏ་ཀྲྀཏ་སྔགས་ལས་བསྐྱེད་པ་དྲག་པོ་རྡོ་རྗེ་ལས་བྱུང་བ། ཁ་དོག་ལྗང་གུ་དོན་ཡོད ་གྲུབ་པའི་ཅོད་པན། ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྤྱན་གསུམ་པ་བདུད་རྩི་འཁྱིལ་བ་བསམས་པར་བྱའོ།། འབར་བའི་འོད་ནི་ལྗང་ཟབ་དང་དམར་ཁྲོ་བོ་འབོར་བ་སྟེ། དེ་རྣམས་ཀྱིས་ནི་རྣམ་པར་བརྒྱན་པ་སྟེ། ཁྲོ་བོ ་དང་མཐུན་པའི་ཐུགས་བསྟན་ཏེ། བགེགས་སྤྲོད་པའི་ཕྱིར་རོ།། ཞལ་གདངས་པས་ནི་རྣམ་པར་འགྱུར་ཞེས་བྱ་བ་ཞལ་རྣམ་པར་ཕྱོ་ཞོང་ཧ་ཧར་དགོངད་པ་དྲག་པོ་འབྱིན་པའོ།། དེའི་ཕྱག་མཚན་བཤད་པར་བྱ་སྟེ། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་།། བཙུན་ཤིང ་རྣམས་ནི་གཡས་པ་ན།། སྡིགས་མཛུབ་ཞགས་པ་བསྣམས་པ་དང་། དྲིལ་བུ་དགྲ་སྟ་གཡོན་ན་བསྣམས་ཤེས་སྨོས་ཏེ། རྩ་བའི་ཕྱག་གིས་སྣ་ཚོགས་རྡོ་རྗེ་བསྣམས་པ་དང་། ལྷག་མ་སྔ་མ་བཞིན་ནོ་མཛད་པ་བཤད་པར་བྱ་སྟེ།། བགེགས་ནི་བསྐྲད་ནས་བྱས་ནས་སུ།། ་གཡོན་བརྐྱང་བའི་གནས་པ་ཡིས། པདྨ་ཉི་མ་མནན་ནས་ནི། བྱང་གི་ཕྱོགསུ་བཞུགས་པར་གྱུར་ཅེས་པ་ལ། བགེགས་ནི་དབང་ཕྱུག་ཆེན་པོའི་འཁོར་རྣམས་ཏེ། དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང་བྷྲིང་གི་རི་ཏི་དང་། གཞོན་ནུ་ཀར་ཏི་ཀ་ལ་སོགས ་པའོ།། དེ་རྣམས་བསྐྲད་པ་ནི་སྡིགས་མཛུབ་མཇེད་ནས་བྱོན་ཏེ་དང་ཕོགསུ་སྣ་ཚོགས་པདྨ་དང་། ལོག་འདྲེན་དང་ཉི་མ་ལ་བཞུགས་པར་བསམ་པར་བྱའོ།། མི་གཡོ་སྤྲོ་བ་བཽཤད་པར་བྱ་སྟེ། རང་གི་གསང་སྔགས་ལས་བྱུང་བའི། མི་གཡོ་བ་ཡང་དབྱུང ་བར་བྱ།། སྤྱན་གསུམ་ཨིནྡྲ་ནཱི་ལའི་མདོག། དབུ་རྒྱན་རྣམ་པོར་སྣོང་མཛོད་དཔལ་ཞེས་སྨོས་ཏེ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས། ཨོཾ་ལས་བྱུང་བ་རླ་གྲི་ལོས་སྐྱེས་པའི་ཨིནྡྲ་ནཱི་ལཱི་མདོག་ཅན།། ཁྲོ་བོ་མི་གཡོ་བ་ཞལ་གསུམ ་ཕྱག་དྲུག་པོ་སྤྱན་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་སྤྲོ་བར་བྱའོ།། གཞན་ཡང་མཆེ་བ་རྣམ་པར་གཙིགས་པའི་ཞལ།། ཞལ་ནི་གནོག་དང་དམར་དང་དཀར།། མི་ཟད་ཧ་ཧ་ཞེས་བཞང་སྒྲ།། གསུས ་ཁྱིམ་ཆེ་ཞིང་སྟོབས་པོ་ཆེ། ཞེས་པ་ལ་མཆི་བ་བཞི་པོ་གཙིགས་པའི་ཞལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། དེའི་ཕྱག་མཚན་བཤད་པར་བྱ་སྟེ། རལ་གྲི་རྡོ་རྗེ་འཁོར་ལོ་རྣམས།། གཡས་པའི་ཕྱག་ན་བསྣམས ་པར་མཛད།། སྡིགས་མཛུབ་དང་ནཱི་དགྲ་སྟ་དང་།། ཞགས་པ་གཡོན་གྱི་ཕྱག་ན་བསྣམས་ཞེས་སྨོས་ཏེ།། དེ་ལ་རྩ་བའི་ཕག་གིས་རལ་གྲི་འཛིན་པ་དང་། ལྷག་མ་ནི་སྔ་མ་བཞིན་ནོ།། མཛད་པ་བཤད་པར་བྱ་སྟེ། ཡཾ་སོགས་འཇིགས ་པའི་གནོད་བཅོམ་སྟེ།། གཡོན་བརྐྱང་བ་ཡིས་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ནས།། ཤར་ལྷོའི་མཚམ་སུ་བཞུགས་པར་འགྱུར་ཅེས་སྨོས་ཏེ། ཡཾས་ལ་སོགས་པ་ནི་མེ་ལྷས་སྤྲུལ་པའི་བགེགས་རྣམས་ཏེ། རླུང་དང་མཁྲིས་པ་དང་། བད་ཀན ་དང་། འདུས་པ་ལས་བྱུང་བའི་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་ལ་སོགས་པའི་འཇོམས་པ་ནི་བཀའ་སྟེ། བྱོན་ནས་ཤར་ལྷོའི་མཚམ་སུ་སྣ་ཚོགས་པདྨ་དང་། ཉི་མ་ལ་བཞུགས་པར་བསམ་པར་བྱའོ།། ་འདོད་པའི་རྒྱལ་པོ་སྤྲོ་བ་བཤད་པར་བྱ་སྟེ། རང་གིས་གསང་སྔགས་ལས་བྱུང་བ།། བརྟུལ་ཞུགས་ཅནྡ་གྱིས་འདོད་རྒྱལ་དབྱུང་།། དྲག་པོ་ཨིནྡྲ་ནཱི་ལའི་མདོག།། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན་ཞེས་སྨོས་ཏེ།། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ ་ཡོངས་གྱུར་པ་ལས་ལྕགས་ཀྱུ་ལས་བྱུང་བ་སྔོན་པོ་རིན་ཆེན་འབྱུང་སྣུན་གྱི་སྟེ་ཙྪད་པཱ་ནི་ཅན་འདོད་བྱའི་རྡུལ་པོ་སྤྱི་བར་བྱའོ།། ཇི་ལྟ་བུ་ཡིན་ཞེས་ནཱ། ཞལ་ནི་གནག་དང་དེ། དེང་དང་།། སྤྱན་གསུམ་མཆི་བ་འཇིག་ས་རུང་།། ཕྱག་གཉིས་རྡོ་ཙྪནྟུ། ་མཛད་ཀྱི། ཕྱག་རྒྱ་དག་ནི་མཆིང་བར་མཛོད་ཅེས་སྤྲོས་ཏེ། ནས་པོ་ཡི་སོགས་པའི་དོན་ནི་བ་ཤིང་ཟིན་ཏོ།། རྡོ་རྗེ་ཁུ་ཚུར་གཉིས་བཟློག་ལ་མཛུབ་མོ་འཁྱུད་ཅིང་ལུ་གུ་རྒྱུད་དུ་འཅིངས་ཏེ་མཟི་མོ་གཉིས་སུ་ཕུང་མོའི་རྩ་བའི་ཚིགས་ལོ་བཙུགས་ཏེ ་མོ་ལྷག་མ་རྣཾས་བརྐྱང་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ།། ཕྱག་མཚན་ལྷག་མ་བཤད་པར་བྱ་སྟེ། རྡོ་རྗེ་རལ་གྲི་གཡས་དག་ལ། གཡོན་ན་ཞགས་པ་ལྕགས་ཀྱུའོ།། བདེན་བྲལ་བགེགས་ནི་འཇིག་པའོ།། གཡོན་བརྐྱང་གནས་པས་ཉི་མཱར་བཞུགས ་ཞེས་པ་ལ། རྡོ་རྗེ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྲིན་པོ་ལ་སོགས་པ་བགེགས་འཇོམས་ཤིང་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་བས་གནས་པར་བསམ་མོ།། དབྱུག་སྔོན་གྱི་སྤྲོ་བ་བཤད་པར་བྱ་སྟེ།། རང་སྔགས་ཡི་གེ་ལེས ་བྱུང་བ།། བརྟུལ་བཞུགས་ཅན་གྱིས་དབྱུག་སྔོན་བསྐྱེད།། སྦྱར་གསུམ་སྤྲིན་སྔོན་ལྟ་བུ་སྟེ། འོད་དཔག་མེད་ཀྱི་དབུ་བརྒྱན་ཅན།། ཞལ་ནི་སྔོ་དང་དམར་དང་དཀར།། མི་བཟང་ཧ་ཧ་ཞེས་བཞད་སྒྲ་ཞེས་བྱ་བ་ལ།། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ ་ཡོངསུ་གྱུར་པ་ལས་ཨ་ལས་བྱུང་བ།། དབྱུག་པ་ལོས་སྐྱེས་པ་ཞལ་གསུམ་ཕྱག་དྲུག་སྦྱིན་གསུམ་པ་སྤྲིན་གྱི་མདོག་འཇིགས་བྱེད་ཀྱི་རྣམ་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་སྤྲོ་བར་བྱའོ།། དེའི་ཕྱག་མཚན་བཤད་པར ་སྟེ།། དབྱུག་པ་རལ་གྲི་འཁོར་ལོ་ནི།། གཡས་པའི་ཕྱག་ན་བསྣམས་པར་མཛད།། སྡིག་སྙིང་གར་སྡིགས་འཛུབ་རལ་གྲི་དང་།། དགྲ་སྟ་རྣམས་ནི་གཡོན་ན་བསྣམས་ཞེས་པ་ལ་རྩ་བའི་ཕྱག་གིས་དབྱིག་པ་སྔོན་པོ་བསྣམས་པ་དང་། རལ་གྲི་ལ་སོགས་པ ་སྔ་མ་བཞིན་ནོ།། མཛད་པ་བཤད་པར་བྱ་སྟེ། ཡོམས་ཀྱི་འཇིགས་པ་བསལ་ནས་ནི་གཏུམ་མོ་གཡོན་བརྐྱང་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ཏེ།། ནུབ་བྱང་མཚམ་སུ་བཞུགས་པར་གྱུར་ཅེས་སྨོས་ཏེ། ཡམས་ནི་རྣམ་པར་མཆེ་བ་སྟེ། འབྲས་དང་། ་འབྲུམ་བུ་དང་། ལུང་བ་ལ་སོགས་པ་སྟེ། དེ་རྣམས་ལས་འཇིགས་པ་ནི་འཆི་བའི་འཇིགས་པ་སྟེ། སེམས་ཅན་རྣམས་ཀྱི་འཇིགས་ཅིང་བསལ་ནས་བྱོན་ཏེ། རླུང་གི་མཚམས་སྣ་ཚོགས་པདྨ་དང་། ཉི་མའི་བཞུགས་པར་བས་སོ།། ་སྟོབས་པོ་ཆེའི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུང་བ། རྔ་སྒྲ་ཡིད་ནི་དབུ་བརྒྱན་ཅན།། སྟོབས་པོ་ཆེ་ནི་སྔགས་པ་དབྱུང་།། ཨུཏྤལ་སྔོན་པོའི་མདོག་འདྲ་བ་ཞེས་སྨོས་པ་ལ་སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་ཧ་ལས ་བྱུང་བ་རལ་གྲི་ཡོངསུ་གྱུར་པ་ལས་ཁ་དོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། སྤྱན་གསུམ་པ་སེམས་དཔའ་གསུམ་གྱི་བདག་ཉིད་སྟོབས་པོ་ཆེ་སྤྲོ་བར་བྱའོ།། ཇི་ལྟ་བུ་ཡིན་ཞེ་ན། རྔ་སྒྲ་ནི་རྟ་མཆོག་སྟེ། དོན་ཡོད་གྲུབ་པ་དེའི་ཅོད་པན་ནི་དབུ་རྒྱན་གང་ལ་ཡོད ་པ་དེ་སྤྲོ་བར་བསྡུ་བྱའོ།། གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཞལ་ནི་གནག་དཔོ་དམར་དང་དཀར།། སྤྱན་གསུམ་འཇིགས་པའི་སྒྲ་དང་ལྡན།། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན།། གསུས་ཁྱིམ་ཆེ་ཞིང་འཇིགས་པར་མཛད་ཅེས་སྨོས་ཏེ། ནག་པོ་ལ ་སོགས་པའི་ཞལ་གྱི་ཁ་དོག་ནི་སྔ་མ་བཞིན་ནོ།། འཇིགས་པའི་སྒྲ་དང་ལྡན་པ་ནི་བསྐལ་པའི་མཐར་སྦྱིན་གྱི་འབྲུག་སྒྲ་ལྟ་བུར་བྱེད་པའོ།། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་ནི་འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོས་སྐུ་བརྒྱན་པར་སྟེ།། དྲན ་པོཔོ་ཡིན་པའི་ཕྱིར་རོ།། ལྷག་མ་ནི་གོ་སླའོ།། ཕྱག་མཚན་རྣམས་བཙུཤད་པར་བྱ་སྟེ། དབྱུག་པ་རལ་གྲི་འཁོར་ལོ་ནི།། གཡས་པའི་ཕྱག་ན་བསྣམས་པར་མཛད།། སྙིང་གར་སྡིགས་འཛུབ་རལ་གྲི་དང་། ཞགས་པ་དགྲ་སྟ་གཡོན་ན་བསྣམས། ཞེས་སྨོས ་པལྔལླ་རྩ་བའི་ན་རལ་གྲི་དང་། ལྷ་མོ་ནི་སྔ་མ་བཞིན་ནོ།། མཛད་པ་བཤད་པར་བྱ་སྟེ། གཡོན་རྐྱང་བ་ཡི་གནས་པ་སྟེ།། མཁའ་འགྲོ་ལ་སོགས་འཇིགས་འཇོམས།། པདྨ་ཉི་མ་ལ་གནས་ཏེ། བྱུང་ཤར་མཚམ་སུ་བཞུགས་པར་གྱུར་ཅེས་སྨོས་ཏེ། ་པདྨའི་ནང་ནས་བྱུང་ཞིང་ཁྱབ་འཇུག་དང་། དྲག་པོ་དང་ཚུངས་པ་དང་། བརྒྱ་བྱིན་གྱི་སྤྲུལ་པའི་ཚངས་མོ་དང་། ཕག་མོ་དང་། གཞོན་ནུ་མ་དང་། དབང་མོ་དང་། ཆུ་ལྷ་མོ་དང་། རླུང་ལྷ་མོ་དང་། རྩ་མུནྟྲྀ་ལ་སོགས་པས་བྱས་པའི་འཇིགས་པ་སེལ་ཞིང་བྱོན་ཏེ། ་སྣ་ཚོགས་པདྨ་དང་། ཉི་མོ་ལ་བཞུགས་པར་བསམ་མོ།། གཙུག་ཏོར་འཁོར་ལོ་སྒྱུར་བ་སྤྲོ་བར་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལུས་བྱུང་བའི།། གཙུག་ཏོར་འཁོར་ལི་སྒྱུར་བ་དབྱུང་།། མཁའ་ལྟར་སྔོ་བསོངས་འཇིགས་པའོ།། མི་བསྐྱོད་པ་ཡིས ་དབུ་རྒྱན་བྱས།། ཞལ་ནི་སྔོ་དང་དཀར་དང་དམར། གཙོ་བོ་སྤྱན་གསུམ་གསུས་པོ་འཆང་། ཞེས་སྨོས་པ་ལྀ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ལེ་ཡོངསུ་གྱུར་པ་ལས་བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་ལས་བྱུང་བ་གཙུག་ཏོར་འཁོར་ལོ་སྒྱུར་བ ་འལ་གསུ་མོ་ཕྱག་དྲུག་པ་ནིམཁའི་མདོག་ཅན་ཐུབ་དབང་གི་ཙོང་བནི་སྤྲོ་བར་བྱའོ།། དེའི་ཕྱག་མཚན་བཤད་པར་བྱེ་སྟེ།། གཡས་དང་གཡོན་གྱི་ཕྱག་གི་ས་ཀྱིས།། སྤྱི་བོར་གཙུག་གཏོར་འཛིན་པར་མཛད།། རྡོ་རྗེ་པདྨ་གཡས་ངག་ལ། སྡིགས་མཛུར ་རལ་གྲི་གཡོན་ན་སྣམས་ཞེས་སྨོས་པ་ལ་རྩ་བའི་ཕྱག་གཉིས་ཀྱིས་བསོད་རྣམས་དང་མོ་ཤེས་ཀྱི་ཚོགས་བསྡུ་པོའི་རང་བཞིན་རིན་ཆེན་ཐམས་ཅད་ཀྱི་ངོ་བོ།། གཙུག་ཏོར་སྤྱི་བོར་འཆང་བ་སྟེ། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་རྣམ་ཐོང ་དག་པའི་ཕྱིར་རོ།། ལྷག་མཱ་ནི་གོ་སླའོ།། མཛད་པ་བཤད་པར་བྱ་སྟེ། འཚེ་བ་ཐམས་ཅད་རྣམ་འཇིག་ཅིང་།། གཏུམ་པོ་གཡོན་རྐྱང་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ཏེ། ཚངས་པའི་གནས་སུ་དེ་བཞུག་སོ།། ཞེས་སྨོས་པ་ལ། ་སེམས་ཅན་ཐམས་ཅད་ཀྱི་འཚེ་བོ་ཐམས་ཅད་ནི། ལྷ་དང་། དྲི་ཟ་དང་། རིག་པ་འཛིན་པོས་བྱིས་པའི་སྟེང་ནས་བྱུང་ཏེ། དེ་ནས་སྦྱང་ཞིང་བྱོན་ཏེ་ཚངས་པའི་གནས་ནི་བར་སྣང་གི་ནི་མཁའི་སྟེང་དུ་འམ། ཡང་ན་པདྨ་མཐར་བྱེད་ཀྱིས་ཅུང་ཟད་རྒྱབ་དུ་སྣ་ཚོགས ་པདྨ་དང་ཉི་མའི་སྟེང་དུ་བཞུགས་པར་བསམ་པར་བྱའོ།། གནོད་མཛེས་ཀྱི་སྤྲོ་བ་བཤད་པར་བྱ་སྟེ། རང་སྔགས་ཡི་གེ་ལས་བྱུ་ང་བ། བཽརྟུལ་ཞུགས་ཅན་གྱིས་གནོད་མཛེས་དབྱུང་།། སྤྱན་གསུམ་ན་མཁའ་བཟང་པོའི་མདོག། ཞལ་ནི་གནག་དང་དཀར་དང ་དམར།། གསུམ་ཁྱིམ་ཆེ་ཞིང་འཇིགས་པའི་ཞོལ།། མི་བསྐྱོད་པས་ནི་དབུ་རྒྱན་བྱས་ཞེས་སྨོས་པ་ལ། སྔ་མ་བཞིན་དུ་ལྷ་མོའི་པདྨར་ཐིག་ཁཾ་ཡོངསུ་གྱུར་པ་ལས་སྤྲིན་སྒྲ་ལེས་བྱུང་བ་འབར་བའི་རྡོ་རྗེ་ལས་སྐྱེས་པ། གནོད་མཛེས་རྒྱལ་པོ་སྔོན་པོ་མི ་བསྐྱོད་པའི་ཅོད་པན་ཙོན། ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པོ་སྤྲོ་བར་བྱའོ།། དེའི་ཕྱག་མཚན་བཤད་པར་བྱ་སྟེ། རྡོ་རྗེ་འཁོར་ལོ་རིན་ཆེན་ནི། གཡས་པའི་ཕྱག་ན་འཛིན་པར་མཛད་སྙིང་གར་སྡིག་མཛུབ་ཞག་པ་དང་།། པདྨ་རལ་གྲི་གཡོན་ན་བསྣམས་ཞེས ་པ་རྩ་བའི་ཕྱག་གིས་འབར་བའི་རྡོ་རྗེ་དང་ལྷག་མ་ནི་གོ་སླའོ།། མཛད་པོ་བཤད་པར་བྱ་སྟེ། རྒྱུ་བ་དང་ནི་གནས་པའི་དུག། ཀ་ལ་ཀུ་ཊ་སོགས་ཀུན་དང་། བགེགས་ཀྱི་བདག་པོ་ཀུན་བཅོམ་སྟེ། ཐམས་ཅད་ཞི་བར་མཛད་ནས་ནི།། མ་ལུས་བཀའ་ནི་རྫོགས་བྱས ་ནས།། གཡོན་བརྐྱང་བ་ཡི་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ཏེ།། སའི་འོག་ཏུ་དེ་བཞིན་བཞུགསོ་ཞེས་སྨོས་ཏེ། པདྨའི་ནང་ནས་བྱུང་ཞིང་སེམས་ཅན་ཐམས་ཅད་ཀྱི་སྲོག་ཟད་པར་བྱེད་པ་ཀཱ་ལ་ཀུ་ཊ་ལ་ལ་སོགས་པ་བརྟན་པ་དང་གཡོ་བའི་བདག་ཉིད་དང་། ་མཆེ་བའི་དུག་དང་། ལྟ་བའི་དུག་དང་། རེག་པའི་དུག་དང་། དྲན་པའི་དུག་ཀྱང་བཅོམ་ཞིང་བསལ་ཏེ། དེ་བཞི་དུ་བགེགས་ནི་འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་སྟེ། དེ་རྣམས་བཅོམ་ཞིང་ཞི་བ་བསྐྱེས་ནས་ནི། དེ་བཞིན་དུ་བཅོམ་ལྡན་འདས་དཀྱིལ་འཁོར ་གྱི་བདག་པོ་བགེགས་ཐམས་ཅད་འགུགས་པའི་ཕྱིར་དཀའ་བ་རྫོགས་ཏེ། ས་འོག་གི་གཤིན་རྗེ་མཐར་བྱེད་ཅུང་ཟད་ཀྱི་རྒྱབ་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པར་བསམ་མོ།། ཁྲོ་བོའི་རྒྱལ་པོ་དྲུག་པོ་དེ་དག་ཁ་དོག་ནག་པོ་གཡོན་བརྐྱང་བར་བསྒོམ་པར་བྱ ་སྟེ། ཞེས་སྡང་གི་རིགས་ཡིན་པའི་ཕྱིར།། གལ་ཏེ་ངོ་ལྟར་ཡིན་ན་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་རྒྱུན་དེ་རྣམས་ཇི་ལྟར་རིགས་ཤིན་སྨྲས་པ། རྟེན་དང་རྗེ་སུ་མཐུན་པའི་ཕྱིརརོ།། དེ་ལ་མི་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་དྲུག་རྣམ་པར་དག་པའི་ཁྲོ་བོ་དེ ་རྣམས་ཡིན་ནོ།། ཞེས་ལུང་ངོ་།། དེ་ལྟར་རྟེན་གྱི་ཕྱོགས་རྣམ་པར་དག་པས་ནི་རྣམ་པར་སྣང་མཛད་ལ་སོགས་ཅོད་པན་ཅན་ཡིད་ལ་བརྟེན་པའི་ཆོས་རྣམ་པར་དག་པས་ནི་ཁ་དོག་ནོག་པོ་དང་གཡོན་བརྐྱང་པ་ཉིད་ཡིན་ནོ་ཞེས་སྐྱོན་མེདདོ།། དེ་རྣམས་ཀྱི་རྣམ་པར་དག་པ ་ནི་མ་དད་པ་དང་། ཕུང་པོའི་བདུད་དང་། འཇིགས་ཚོགསུ་བལྟ་བ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་དད་པའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དེ། རྟོགས་པའི་གཤིན་རྗེ་བཀག་པར་བྱེད་པས་སོ།། ལེ་ལོ་དང་ཉོན་མོངས་པའི་བདུད་དང་། མཐར་འཛིན་པའི ་ལྟ་བ་དང་། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་བརྩོན་འགྲུས་ཀྱིས་རང་བཞིན་ཤེས་རབ་མཐར་བྱེད་དེ་བློ་ངན་པ་བཀག་པར་བྱེད་པའི་ཕྱི་རོ།། བརྗེད་ངས་པ་དང་། འཆི་བདག་གི་བདུད་ལོགས་པའི་ལྟ་བ་དང་། སྐྱེ་བའི་སྒྲིབ་པའི་གཉེན ་པོ་དྲན་པའི་རང་བཞིན་པདྨ་མཐར་བྱེད་དེ། པདྨ་བཞིན་དུ་མ་གོས་པས་སྔར་བ་ཤད་པའི་ཉོན་མོངས་ལ་གནོད་པའི་ཕྱིར་རོ།། རྣམ་པར་གཡེང་བ་དང་། ལྷའི་བུའི་བདུད་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ལས་ཀྱི་སྒྲིབ་པའི་གཉེན་པོ་ཏིང་འཛིན་གྱི་རང་བཞིན ་བགེགས་མཐར་བྱེད་དེ། སྔར་བཤད་པའི་རྣམ་པར་རྟོགས་པ་རྣམས་བཅོམ་པའི་ཕྱིར་རོ།། མིག་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་གཉེན་པོ་ཤེས་རབ་ཀྱིས་དབང་པོའི་རང་བཞིན་མི་གཡོ་བའོ་རྣམ་པར་ཤེས་པའི་གཉེན་པོ་དད་པའི་སྟོབས་ཀྱིས་རང ་བཞིན་ནི་འདོད་པའི་རྒྱལ་པོའོ།། སྣའི་རྣམ་པར་ཤེས་པའི་གཉེན་པོ་བརྩོན་འགྲུས་ཀྱི་སྟོབས་ཀྱི་རང་བཞིན་ནི་དབྱུག་སྟོན་ནོ།། ལྕེའི་རྣམ་པར་ཤེས་པའི་གཉེན་པོ་དྲན་པའི་སྟོབས་ཀྱི་རང་བཞིན་ནི་སྟོབས་པོ་ཆེའོ།། ལུས་ཀྱིས་རྣམ་པར་ཤེས་པའི་གཉེན་པོ ་ཏིངེ་འཛིན་གྱི་སྟོབས་ཀྱི་རང་བཞིནི་ནི་གཙུག་གཏོར་འཁོར་ལོ་སྒྱུར་བའོ།། ཡིད་ཀྱི་རྣམ་པར་ཤེས་པའི་གཉེན་པོ་ཤེས་རབ་ཀྱི་རྒྱུད་བཞིན་ནི་གནོད་མཛེས་རྒྱལ་པོ་སྟེ། དྲང་བའི་དོན་ཏོ།། སྲོག་ལ་སོགས་པ་རླུང་བཅུ་བཀག་པ་ནི་ཁྲོ་བོ་བཅུག་སྟེ་ངེས་པའི་དོན་ཏོ།། ་དེ་ནས་རང་གི་སྙིང་ག་ནས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་དཀུག་སྟེ་གསོལ་བ་བཏབ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་བླངས་ལ་སླར་ཡང་དབའ་རླབས་བཞིན་དུ་རང་རང་གི་ཏིང་འཛིན་སེམས་དཔའ་ལ་ཚངས ་སྒྲོ་ནས་ཞུགས་ཏེ། སྤྱི་བོ་ནས་ཅིག་ཅར་དུ་བྱུང་བའི་འོད་ཟེར་གྱིས་ཚོགས་ཀྱིས་དམ་ཚིགས་སེམས་དཔའ་རྒྱས་བཏབ་པའི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ཡེ་ཤེས་སེམས་དཔས་རྒྱས་བཏབ་པར་བྱའོ།། ཞེས་ཡན་ལག་གཉིས་པོ་ནི་རྡོ་རྗེ་ཧཱུཾ་མཛད ་ཀྱི་སྒྲུབ་ཐབས་ལས་ཤེས་པར་བྱའོ།། སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། ལས་ཀྱི་ཕྱག་རྒྱ་གསུམ་ཡིན་དང་།། ཐུགས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཤེས་རབ་མཆོག་ནི་དམ་ཚིག་མཆོག་ཅེས་བཤད་པས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་བསྒོམ་པར་བྱའོ།། དེ་ལ་སེམས ་ནི་དྲག་པོ་དང་། ཞི་བ་དང་། འོད་གསལ་བའི་དབྱེ་བས་རྣམ་པ་གསུམ་མོ།། གསུང་ཡང་ཁྲོ་བོ་དང་། རྡོ་རྗེ་དང་དགའ་བའི་དབྱེ་བས་རྣམ་པ་གསུམ།། སྐུ་ཡང་ཆོས་དང་ལོང་སྤྱོད་རྫོགས་པ་དང་སྤྲུལ་པའི་དབྱེ་བས་རྣམ་པ་གསུམ་མོ།། ཤེས་རབ་མཆོག་ནི་རྣམ་པ ་གསུམ་གྱི་ཕྱག་རྒྱའོ།། ཡང་ན་དགུག་པ་ལ་སོགས་པ་བཞིའམ་སྤྱན་ལ་སོགས་པ་བཞི་པའོ།། གཞལ་ཡས་ཁང་དེའི་ཤར་ཕྱོགས་ཀྱི་སྒོར་ལྷའི་དབང་པོ་ནི་གདུགས་འཛིན་པའོ།། ལྷོ་ཕྱོགསུ་ཁྱབ་འཇུག་རྔ་ཡབ་ཐོགས་པའོ།། ནུབ་ཕྱོགསུ་ལྷ ་ཆེན་པོ་བ་དོན་ཐོགས་པའོ།། བྱུང་གཽ་སྒོར་ཚངས་པ་དབྱིག་པ་ཐོགས་པ་སྟེ།། ཕྱིའི་འཁོར་རོ།། དེའི་ཕྱི་རོལ་ནི་རིན་པོ་ཆེའི་རྫིང་བུ་ལས་བྱུང་བའི་བཻ་དཱུརྱའི་སྡོད་བུ་ཅན་གསེར་གྱི་པདྨའི་ལྟེ་བར་བཞུགས་པ།། བསམ་གཏན་ལ་ཆགས་པ་ལྔ་ཡང་དག་པར ་རྫོགས་པའི་སངས་རྒྱས་དང་། དེའི་ཕྱི་རོལ་ཏུ་ཆོས་གོས་ཀྱི་སྤྱི་བོར་བཀབ་པ་སྤྱོད་ལོམ་ཞི་བའི་རང་སངས་རྒྱས་དང་། དེའི་ཕྱི་རོལ་ཏུ་འདོད་ཆགས་དང་བྲལ་བའི་ཆ་ལུགས་འཕགས་པ་ཉན་ཐོས་དང་། དེའི་ཕྱི་རོལ་ཏུ་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལོ ་བཱཅུ་དྲུག་ལོན་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་། དེའི་ཚུརོལ་ཏུ་རིན་པ་ཚྭ་སྣ་བདུན་ཏེ།། དེ་ལ་འཁོར་མཚན་ཟ་ན་ཛཱ་ཤ་རཱ་གའི་ལྦུ་བ་བན། རྩབས་བཻ་ཌཱུནྡའི་རྩིབས་ཀྱི་མཐའ་པདྨ་དྷ་ཀའི་རང་བཞིན་པདྨའི་གདན་ལ ་གནས་པའོ།། གླང་པོ་རིན་པོ་ཆེ་ནི་དཀར་པོ་མཆེ་བ་དྲུག་པ་རྣམ་པ་སྣ་ཚོགས་ཀྱི་རྣན་གྱིས་བརྒྱན་པོ། ཐུས་མོ་གཉིས་ས་ལོ་གཟུགས་ཏེ་རྐྱེན་དུ་བསྒྲེང་བའི་རྭའི་ཀ་བིས་ཧྲྀད་ཀྱི་སྒྲ་སྒྲོགས་པའོ།། ན་རིན་པོ་རྨ་བྷཱ་བའི་མདོག་རྟེན་ལྷ་དང་རིན་པོ་རྒྷའི་སབ་ཀྱི ་འོད་ཟེར་གྱིས་འཇའ་ཚོན་དང་འདྲ་བའོ།། བཙུན་མོ་རིན་པོ་ཆེ་ནི་ཁ་དོག་ལྗང་གུ་ལོ་བཅུ་གཉིས་ལོན་པ་ནུ་མ་རྒྱས་པའི་ཁུར་གྱིས་སྟོད་ཀྱི་ཆ་མདུད་པ། རྒྱན་ཐམས་ཅད་ཀྱིས་བརྒྱད་པ། རིན་པོ་ཆེའི་ཕྲེང་བ་འབུལ་བར་བྱའོ།། ཁྱིམ་བདག་རིན་པོ་ཆེ་ནི་ཁ་དོག ་སེར་པོ་རྣམ་པ་སྣ་ཚོགས་ཀྱི་གདན་ལ་གནས་པ། རིན་པོ་ཆེས་བཀང་བའི་སྣོད་དེ་འབུལ་བའོ།། དམག་མཱི་རིན་པོ་ཆེ་ནི་ནག་པོ་ཁྲ་དང་རྨོག་གྱོན་པ་རོལ་གྲཱྀ་དང་མདུང་ཐོགས་པའོ།། ཡིད་བཞིན་ནོར་བུ་རིན་པོ་ཆེ་ནི་སེར་པོ་ཟུར་དྲུག་པོ་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར ་གྱིས་རིན་པོ་ཆེའི་སྤྲིན་སྐྱོ་བར་བྱེད་པ་བསམ་མོ།། དེའི་ཕྱི་རོལ་ཏུ་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དྲང་། ལྷ་མ་ཡིན་དང་། ན་མཁའི་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་ཐལ་མོ་སྦྱར་བ་སྟེ། ལཱ་ལ་ནི་རྣམ་པ་སྣ་ཚོགས་པའི་མཆོད་པ ་ཐོགས་པ་དང་། ལ་ལ་ནི་རྣམ་པོ་སྣ་ཚོགས་པའི་རིན་པོ་ཆེ་ཐོགས་པ་དང་། ལ་ལ་ནི་རྣམ་པ་སྣ་ཚོགས་པའི་རོལ་མོ་བརྡུང་བས་ཕྱོགས་བཅུ་ཁྱབ་དང་། ལ་ལ་ནི་དགའ་བའི་དབོང་གིས་མཆོད་པའི་དོན་དུ་གར་བྱེད་པ་དང་། ལྷ་དང་ཀླུའི་བུ་མོ་རྣམས་ཀྱང་། ་མགོ་བོ་བདུད་དེ་རིན་པོ་ཆེའི་སྣོད་རྣམསུ་ལྷའི་ཁ་ཟས་རོ་དྲུག་པ་འབུལ་བར་བྱེད་པའོ།། ཤར་གྱི་སྒོའི་ལོགས་གཉིསུ་སེངྒེ་གཉིས་དང་། ལྷོར་གླང་པོ་ཆེ་གཉིས་དང་ནུབ་ཏུ་རྨྱ་བྱ་གཉིས་དང་། བྱང་དུ་ན་མཁའ་ལྡིང་གཉིས་བསྒོམ་པར་བྱའོ།། གཞལ ་ཡས་ཁང་གི་བ་དྲན་ཡང་། སྲིད་པའི་རྩེ་མའི་བར་དུ་ཁྱབ།། གླིང་བཞི་འཁྱུད་ཀོར་ཀུན་ཁྱབ་པའི། སྒོ་བཞི་དག་ཀྱང་བསྒོམ་པར་བྱ།། ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་སྟེ། ཏིང་འཛིན་གཉིས་པའོ།། ། ད་ནི་ཡན་ལག་བཅུ ་གཉིས་པ་ལས་ཀྱི་རྒྱལ་བ་མཆོག་བསྟན་པར་བྱ་སྟེ་ལྷོ་ནི་གསུམ་ཅུ་གཉིས་རང་བཞིན།། དཀྱིལ་འཁོར་ཐམས་ཅད་བཀྱེད་ནས་ནི།། འཁོར་ལོའི་དབུས་གནས་གྱུར་ནས། དེ་ནས་ཕོ་མོའི་རྣལ་འབྱོར་བརྩམ་ཞེས་སྨོས་པ་ལ།། སྔར་བཤད་པའི་རིམ ་གྱིས་ལྷ་སུམ་ཅུ་རྩ་གཉིས་བདག་ཉིད་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྲོས་པ་ལ། སེམས་ཅན་གྱི་དྲོན་དང་སེམས་བརྟན་པར་བྱ་བའི་ཕྱིར་འཁོར་ལོ་དབུས་གནས་པ་ནི་འཁོར་ལོ་སྒྱུར་བའི་གཟུགསུ་གྱུར་ཏེ། ཕྲ་མོའི་རྣལ་འབྱོར་ནི་འོག་ནས་བཤད ་པའི་ཏིང་འཛིན་གྱི་ཁྱད་པར་བརྩམ་པར་བྱའོ།། དགོངས་པ་མོ་ཡིན་པའོ་དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། སྣ་ཡི་རྩེ་མོར་ཡུངས་ཀཱར་བསམ།། འགྲོ་དང་མི་འགྲོ་ཡུངས་ཀར་ལ།། གསང་བའི་མཆོག་གིས་བརྟོགས་པ་ཡིས།། ཡེ་ཤེས ་མཆོག་གི་གནས་བསྒོམ་མོ་ཞེས་སྨོས་པོ་ལ།། སྣའི་རྩེ་མོར་ནི་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་གི་རྩ་དབུས་མ་ལྀའོ།། ཡུངས་ཀར་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཕྲ་མོའི་ཐིག་ལེ་ལའོ།། ཡུངས་ཀར་དེ་ལས་འགྲོ་དང་མི་འགྲོ་ནི་གཞལ་ཡས་ཁང ་དང་བཅས་པའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱིས་ལྷའི་འཁོར་འཁོར་ལོ་བསྒོམ་པར་བྱའོ།། དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡེ་ཤེས་མཆོག་གི་གནས་ནི་ཡེ་ཤེས་ལྔའི་གཞི་སྟེ་དེའི་རང་བཞིན་ནོ།། དེ་ལ་དེའི་གསལྔ་པ་ཉིད ་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཁམས་ཐམས་ཅད་རོ་གཅིག་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡོ་ཤེས་དང་། དེའི་བདེ་བ་ཆེན་མྱོང་བ་གང་ཡིན་པ་དེ་ནི་སོ་སོར་རྟོགས་པའི་ཡེ་ཤེས་དང་། དེའི་སྤྲོ་བ་དང་བསྡུ་བ་གང་ཡིན་པ ་དེ་ནི་བྱ་བ་ནཱན་སྒྲུབ་པའི་ཡེ་ཤེས་དང་།། དེའི་འོད་གསལ་བའི་ཆ་གང་ཡིན་པ་དེ་ནི་ཆོས་དབྱིངས་ཀྱི་ཡེ་ཤེས་སོ་མཆོག་གི་ཡིད་དགའ་བ་སྟེ་བདེ་བའི་རྒྱུ་མཐུན་པའོ།། གསང་བའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཐོབ་པའོ།། ཡེ་ཤེས་ཀྱིས ་བརྟགས་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རང་རིག་པའི་ཡེ་ཤེས་པ་རྟགས་པའོ།། གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། རིན་ཆེན་ཁ་དོག་སྣ་ལྔ་པ།། ཡུངས་ཀར་གྷི་ནི་འབྲུ་ཚོད་ཙམ།། སྣའི་རྩེ་མོར་ནཱན་དུ།། རྣལ་འབྱོར་རིགས་པས་བརྟག་ཏུ་སྒོམ་ཞེས་སྨོས་ཏེ། ་རིགས་ལྔའི་ངོ་བོ་ཡིན་བསྭ་ན་ཁ་དོག་སྣ་ལྔ་པའོ།། རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་དང་། འགྲོ་བ་སྐྱེ་བོའི་རྒྱུར་གྱུར་པས་ན་རིན་ཆེན་ནོ།། ཡུངས་ཀར་གྱི་ནི་འབྲུ་ཚོང་ཙམ་ཞེས་བྱ་བ་ནཱི་སྒྲའི་རྩེ་མོའི་བརྒྱ་སྟོང་གི་ཆའི་ཚད་ཙམ་མོ།། སྣའི་རྩེ་མོ་ནི་སྔར ་བཤད་པ་ལའོ།། མནྟན་ནི་སྐུ་གསུང་ཐུགས་བསྡམས་པས་སོ།། རྣལ་འབྱོར་རིགས་པ་ནི་རྩེ་གཅིག་པ་ལ་གཞོལ་བས་སོ།། རྟག་ཏུ་ནི་མཚན་མ་ཐོབ་པའི་བར་དུ་སྙིངས་དགོངས་པོ་མ་ཡིན་པའོ།། སྤྲོ་བ་བཤད་པར་བྱ་སྟེ། རིན་ཆེན་བརྟན་པར་གྱུར་ན ་སྤྲོ།། བརྟན་པར་མ་གྱུར་དེ་མི་སྤྲོ།། སངས་རྒྱས་འབར་བའི་འོད་མཉམ་པའི།། རབ་མཆོག་སྤྲིན་ནི་སྤྲོ་བར་བྱ་ཞེས་སྨོས་ཏེ། ཁྱོ་རོ་ཀྱི་སྒྲུབ་མི་དནི་ཁྭ་མི་མྱོང་བར་དེ་ལ་རྩེ་གཅིག་པ་ཉིད་ནི་བསྟན་པ་སྟེ། གང་གི་ཚེ་རིན་ཆེན་ཐིག་ལེ་སྤྲོ་བར་བྱའོ།། བརྟན་པར་མ ་གྱུར་པར་ནི་བསྒོམ་པར་བྱ་བ་སྤྲོ་བར་མི་བྱ་སྟེ། བརྟན་པར་མ་གྱུར་པའི་ཕྱིར་རོ།། རབ་མཆོག་ནི་ཧཱུཾ་ལ་སོགས་པའི་ཡི་གེ་རྣམ་སོ།། སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་དང་ཁྲོ་བོའི་ཚོག་སོ།། སངས་རྒྱས་འབོར་བ་ནི་ཁ་དོག་ལྔ ་པའི་འོད་ཟེར་གྱི་ཚོགསོ།། འོད་མཉམ་པ་ནི་དེའི་ཕྱག་མཚན་ཏེ་རྡོ་རྗེ་ལྀ་སོགས་པ་སྤྲོ་བར་བྱ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བཤད་དོ།། འོདོར་མེན་ངག་ནི་འདི་ཡིན་ཏེ། རེ་ཞིག་དང་པོ་རང་སྣང་བའི་ཆོས་འབྱུང་བའི་པདྨ་དང་ཟླ་བའི ་སྟེང་དུ་སྙོམས་པར་འཇུག་པའི་སྦྱོར་བས་ན་མཁའི་ཁམས་མ་ལུས་པ་ན་གནས་པའི་སངས་རྒྱས་ཀྱི་ཚོགས་དགུག་ཅིང་བཙུག་སྟེ། རྩཝ་དབུས་མཱར་ཐིམ་ཞིང་བྱང་ཆུབ་ཀྱི་སེཾས་དུ་འགྱུར་པ་སྤོས་ལ། སྐྲའི་རྩེ་མོའི་ཚད་ཙམ་གྱི་ཐིག་ལེ་ཐོ་རངས་ཀྱི་སྦྱར་མཱ་ང ་འདྲ་བའི་སེམས་དཔའ་ག་སུམ་གྱི་བདག་ཉིད་ལྷ་སུམ་ཅུ་རྩ་གཉིས་དང་བཅས་པ་བསམས་ཏེ། ཆགས་པ་ཆེན་པོའི་དབང་གིས་རང་གིས་ལུས་ངག་ཡིད་ཀྱང་དེ་ཉིད་དུ་ཞུགས་ལ་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེའི་དབུས་ཡིད་མི ་གཡོ་བར་བྱས་ལ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་མངོན་མངོན་དུ་བྱས་ཏེ།། ཕྲ་བ་དང་རེག་པའི་རྣམ་པར་རྟོག་པ་མེད་ཅིང་ཕྱིའི་ཡུལ་གྱིས་མ་བསྒྲིབས་པར་གནས་པར་བྱའོ།། དེ་ལ་རྣམ་པ་སྣ་ཚོགས་ཀྱིས་གོས་གྱོན་པའི་འདོད་མའི་གཟུགས ་མཐོང་ན་ཡང་མིག་རྣམ་པར་ཤེས་པ་མི་འབྱུང་བ་དང་པི་བདྨ་ལ་སོགས་པའི་སྒྲས་ཀྱང་རྣ་བའི་རྣམ་པར་ཤེས་པ་མི་འབྱུང་བ་དང་། གུར་ཀུམ་ལ་སོགས་པའི་དྲིས་སྣའི་རྣམ་ཞེས་པ་མི་བསྐྱོད་པ་དང་། རྣམ་པ་སྣ ་ཚོགས་པ་དང་ལྡན་པའི་རོའི་ཁ་ཟས་མི་མྱང་བ་དང་མྱ་ངན་ཡང་ལྕེའི་རྣམ་པར་ཤེས་པ་མི་འབྱུང་བ་དང་། ཀ་ཙ་ལིན་དི་དང་། དར་ལ་སོགས་པ་དང་། ནས་སོ་བཞོན་པའི་འདོད་མའི་རྒྱས་པ་དང་། སྲ་བ་དང་། མཐོ་བ་གསེར་གྱི་བུམ་པ་དང་འདྲ་བའི་ནུ་མིའི ་རེག་པས་ཀྱང་རེག་བྱའི་བློ་མི་སྐྱེ་བ་དང་ལུས་ཀྱིས་རྣམ་པར་ཤེས་པའི་བློ་མི་འབྱུང་ངོ་།། དེ་བཞིན་དུ་ལྕགས་དང་ལག་པས་བརྡུང་བ་ལ་སོགས་པས་སྡུག་བསྔལ་མི་ཚོར་བ་དང་། ཙན་གྱིས་བྱུག་པ་ལ་སོགས་པས་བདེ་བ་མི་ཚོར་བ་དང་། སྐེས་སྐོམ་དུ་མ ་དྲོ་བ་དང་། རྣམ་པར་འཚེ་བའི་སེམས་ཅན་རྣམས་ཀྱིས་གནོད་པ་དང་། རླུང་དང་། ཚང་པ་དང་། ཆར་པ་ལ་སོགས་པས་མི་གནོད་པར་འགྱུརརོ།། དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཐོང་བ་དང་། དེ་ལུང་སྟོན་པ་ཡང་མྱོང་སྟེ། ཆེ་གེ་མོ་ཞེས་བྱ་བའི ་སྒྲུབ་པ་པོ་ལོངས་ཤིག། རབ་ཏུ་གནས་པ་དང་། དཀྱིལ་འཁོར་བྲི་བ་དང་བཤད་པ་དང་། སློབ་མ་བསྡུ་བ་ལ་སོགས་པ་གྱིས་ཤིག། གང་གི་ཕྱིར་ཁྱོད་ལས་གཞན་རྩེ་གཅིག་པའི་སྒྲུབ་པ་པོ་མེད་དོ།། ཞེས་རྨི་ལམ་བཞིན་དུ་ལུང་བསྟན་པ་ཐོས་ཤིང ་ལྡང་བར་འགྱུརརོ།། དེའི་ཐིག་ལེའི་རྣལ་འབྱོར་བསྟན་པར་འགྱུར་བས་དང་པོ་ཁ་དོག་ལྔ་པའི་འོད་ཟེར་གྱིས་ན་མཁའ་བཀང་བར་བྱས་ལ་ཡང་བསྡུས་ཏེ། དེ་ནས་ཧཱུཾ་ལ་སོགས་པའི་ཡེ་ཤེས་རྡོ་རྗེ་ལ་སོགས་པ་ཕྱག་མཚན་དང་དཀྱིལ་འཁོར་བའི་ལྷ་སྤྲོ་ཞིང ་འགྲོ་བའི་དོན་བྱས་ལ་བསྡུས་ཏེ་ལྡང་བར་བྱའོ།། ཞེས་རྡོ་རྗེས་འཆང་ཆེན་པོའི་ཕྲ་མོའི་རྣལ་འབྱོར་རོ།། དེ་བཞིན་དུ་མཱ་མ་ཀཱིའི་པདྨའི་ལྟེ་བར་ཡོངས་ཀར་གྱི་ཚད་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དབུས་རྡོ་རྗེ་རྩེ་ལྔ་པ་ཕྲ་མོའི་ཆང་ཟུངས་ལ་ཐུགས་རྡོའི ་དཀྱིལ་འཁོར་བསམས་ཏེ། སྔ་མ་བཞིན་དུ་རྟགས་དམིགས་པ་སྔོན་དུ་འགྲོ་བར་ཡི་གེ་འབྲུ་དང་། འོད་དང་མ་ནམ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱས་ནས་བསྡུ་བ་ནི་མི་བསྐྱོད་པའི་ཕྲ་མོའི་རྣལ་འབྱོར་རོ།། དེ་བཞིན་དུ་སྤྱན་གྱི་པདྨའི་ལྟེ་བླ ་ཕྲ་མོའི་ཐིག་ལེའི་དབུསུ་ཙ་ན་ཀའི་ཚད་གྱི་རྩིབས་བཅུ་རྩ་གཉིས་པའི་འཁོར་ལོའི་ལྟེ་བར་རྟག་པའི་དཀྱིལ་འཁོར་བསྒོམ་ཏེ། སྔ་མ་བཞིན་དུ་རྟགས་མཐོང་བ་སྔོན་དུ་འགྲོ་བར་འོད་དང་ཡིག་འབྲུ་དང་། མཚན་མ་དང་ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ། ་ཞེས་རྣམ་པར་སྣང་མཛད་ཀྱི་ཕྲ་མོའི་རྣལ་འབྱོར་རོ།། དེ་བཞིན་དུ་མཱ་མ་ཀཱིའི་ཆོས་འབྱུང་ལ་ཡུངས་ཀར་གྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུསུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཟུར་དྲུག་པའི་རིན་པོ་ཆེའི་དཀྱིལ་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དམིགས་ལ། ་བཞིན་ཏུ་རྟགས་མཐོང་བ་སྔོན་དུ་འགྲོ་བ་འོད་དང་། ཡིག་འབྲུ་དང་། ཕྱག་མཚན་དང་། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ་ཞེས་རིན་ཆེན་འབྱུང་ལྡན་གྱི་ཕྲ་མོའི་རྣལ་འབྱོར་རོ།། དེ་ནས་གོས་དཀར་མོའི་ཆོས་འབྱུང་གི་ནང་དུ་ཙ་ན་ཀའི་ཚད་ཙམ་གྱི ་ཕྲ་མོའི་ཐིག་ལེའི་དབུསུ་དེའི་ཚད་ཙམ་གྱི་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་ངག་གི་དབང་ཕྱུག་གི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་མཚན་མ་མཐོང་བ་སྔོན་དུ་འགྲོ་བར་འོད་དང་། ཡིག་འབྲུ་དང་། མཚན་མ་དང་། ཕྱག་རྒྱ ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ།། ཞེས་འོད་དཔག་ཏུ་མེད་བཱི་ཕྲ་མོའི་རྣལ་འབྱོར།། དེ་བཞིན་དུ་དམ་ཚིག་སྒྲོལ་མའི་ཆོས་འབྱུང་ལ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་གྱི་ཕྲ་མོའི་ཐིག་ལེའི་དབུསུ་རལ་གྲི་སྔོན་པོའི་དཀྱིལ་ལ་དོན་ཡོད ་གྲུབ་པའི་དཀྱིལ་འཁོར་དམིགས་ལ། སྔ་མ་བཞིན་དུ་མ་མཐོང་བ་སྔོན་དུ་འགྲོ་བའི་འོད་དང་ཡིག་འབྲུ་དང་། མཚན་མ་དང་། ཕྱག་རྒྱ་ཆེན་པོ་སྤྲོ་ཞིང་འགྲོ་བའི་དོན་བྱའོ།། ཞེས་དོན་ཡོད་གྲུབ་པའི་ཕྲ་མོའི་རྣལ་འབྱོར་རོ།། དེ་ནི་ཡན་ལག་གཅིག་གོ། ་བཟླས་པའི་ཆོ་ག་བཤད་པར་བྱ་སྟེ། སློང་མོ་ཟ་ཞིང་མི་ཟླ་སྟེ། མ་བསླངས་ལ་ཆགས་མི་བྱ།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཞེས་སྨོས་པ་ལ་སློང་མོ་ཟ་བ་ནི།། སློང་མོ་ཟ་བའི་ངང་ཚུལ་གྱི་བཟླས་པར་མི་བྱ་སྟེ། ་བརྗོད་པར་མི་བྱའོ།། སློང་མོ་ཟོ་བ་ནི་ཉེ་བར་མཚོན་པའི་དོན་དེ།། དེ་བས་ན་སློང་མོ་ཟ་བ་བཞིན་དུ་ཚོལ་ཁྲི་ལ་སོགས་པ་དམན་པའི་འཚོ་བས་བཟླ་བར་མི་བྱའོ།། མ་བསླངས་པ་ལ་ཆགས་པར་མི་བྱ་བ་ནི་སློང་བའི་ཁ་ཟས་ལ་ཆགས་པར་མི་བྱའོ།། ་ཇི་སྲིད་ཀྱི་ལུས་འཚོ་བ་དེ་སྲིད་ཀྱིས་ཆོ་ག་ཤེས་པས་བཟླ་བར་བྱའོ།། བཟླ་བར་བྱ་བ་ནི་ནང་གི་བཟླས་པ་དང་། ཕྱིའི་བཟླས་པ་བྱའོ།། ཅི་བཟླ་ཞེ་ན་སྔགས་ཞེས་བྱ་བ་ནི་དཀྱིལ་འཁོར་བ་དང་། གཙོ་བོ་སུམ་ཅུ་རྩ་གཉིས་ཀྱི་སྔགས་བཟླ་བར་བྱའོ།། ཇི་ལྟར ་བཟླ་བར་ཞེ་ན། ཡན་ལག་མ་ཉམས་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གིས་ཡིད་ཀྱིས་བཟླས་པར་བྱ་བ་དང་། ཕྱིའི་བཟླས་པ་ནི་ཁྲོ་བོའི་བཟླས་པས་བྱའོ་དེ་ལྟར་གྱུར་ན་འདོད་པ་ཀུན་ལ་ལོང་སྤྱོད་ཅིང་ཞེས་སྔགས་པར་འགྱུར།། ཀུན་གྱིས་འདོད་བས་ན ་འདོད་པ་ཀུན་གྱི་རྡོ་རྗེ་འཆང་ངོ་།། དེའི་ལོང་སྤྱོད་པ་ནི་འདོད་པའི་དབང་ཕྱུག་ལ་སོགས་པ་ཆོ་འཕྲུལ་གྱི་ཁྱད་པར་ཏེ། དེ་རྣམས་བྱེད་པ་ནི་མངོན་དུ་བྱེད་པ་སྟེ།། མངོན་དུ་བྱེད་པ་ཞེས་བྱ་བའོ།། བསྡུས་པའི་དོན་ནི་འདི་ཡིན་ཏེ།། ཡེ་ཤེས་སེམས་དཔའི ་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དབུསུ་ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་མི་བསྐྱོད་པའི་སྔགས་གྱེན་དུ་འགྲེང་བ་ཤེལ་ལྟར་དག་པ་སྔགས་གྱེན་དུ་འགྲེང་བ་ཤེལ་ལྟར་དག་པ་སྔགས་ཀྱི་ཡི་གེའི་ཁོང་སྟོང་།། སྲོག་དང ་རྩེལ་བའི་རླུང་ཁ་དོག་དམ་པོ་སྲད་བུ་དང་འདྲ་བ་དང་ལྡན་པ་བཀོད་དེ་ཡེ་ཤེས་སེམས་དཔའ་ནས་དམ་ཚིག་སེམས་དཔའི་ཞལ་དུ་སྤྲོས་ཏེ།། དམ་ཚིགི་ལྷ་མོའི་ཞལ་ནས་ཡེ་ཤེས་ཀྱི་ལྷ་མོའི་ཞལ་དུ་ཞུགས་ཏེ། རྩ་དབུས་མཱི་ནང་ནས་ཡེ་ཤེས་ཀྱིས ་ལྷ་མོའི་པདྨ་དང་། དམ་ཚིག་གི་ལྷ་མོའི་པདྨའི་ལམ་ནས་ཕྱུང་སྟེ། དམ་ཚིག་སེམས་དཔའི་གསང་བ་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའི་གསང་བའི་རྡོ་རྗེའི་སྟེང་གི་ལམ་ནས་ཡང་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ཕྱིན་པར་བསམ་མོ།། ཞི་བ་དང ་རྒྱས་པ་བསྒྲུབ་པ་ལ་སྟེང་གི་རིམ་པས་སྤྲོ་བ་དང་། འོག་ཏུ་བསྡུ་བར་བྱའོ།། དབང་དང་དགུག་པ་དང་། དྲག་པོའི་ལས་ལ་འོག་ནས་སྤྲོ་བ་དང་། སྟེང་དུ་བསྡུ་བ་སྟེ་རིམ་པའོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་སུམ་ཅུའི་བཟླས ་པ་ཤེས་པར་བྱའོ།། སྔགས་ཀྱི་ཕྲེང་བ་ནི་མུ་ཏིག་གི་འཕྲེང་བ་བཞིན་དུ་ཡོངསུ་འཁོར་བ་ཇི་སྲིད་མི་སྐྱོ་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་ངག་གི་བཟླས་པ་བྱ་སྟེ། ལག་པ་གཡས་པ་དང་། གཡོན་པའི་དཀྱིལ་བ་རིམ་པ་ཇི་ལྟ་བ་བཞིན་དུ་དབྱང ་དང་པོ་དང་། རེ་བ་ཡོངསུ་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དེ་དག་གི་མཚན་པ་བསྒོམས་ཏེ། གཡོན་པའི་སོར་མོ་རྣམས་ལ་རང་རང་གི་ས་བོན་ཡོངསུ་གྱུར་པ་ལས་སྤྱན་ལ་ལ་སོགས་པ་བཀོད་དེ། གཡས་པའི ་སོར་མོ་རྣམས་ལ། དེ་བཞིན་དུ་རང་གིས་ཆོས་ཀྱི་ཡི་གེ་ཡོངསུ་གྱུར་པ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དགོད་ཅིང་པདྨའི་ལག་སྐོར་ལྔ་བྱས་ལ་དགྲ་བཅོམ་པའི་རང་བཞིན་གྱི་རིལ་བུ་ཅན་ཤེལ་གྱི་འཕྲེང་བ་བླངས་ཏེ། ཡི་གེ་བརྒྱ་པ་མངོན་པར ་བཟླས་ལ་དཀྱིལ་འཁོར་པ་སུམ་ཅུ་རྩ་གཉིས་ཀྱིས་བཟླས་པ་མྱུར་བ་ཡང་མ་ཡིན་དྲལ་བ་ཡང་མི་ཡིན་ཐཱ་ནི་བཱི་དྲོ་བོ་རང་གི་རྣ་བས་ཐོས་པ་བཟླས་པར་བྱའོ།། དེའི་སྙིང་པོ་འདི་ཡིན་ཏེ། ཨོཾ་བཛྲ་དྷྲིཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཛི་ནཱ་ཏྲི་ཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལ་ཀི་ཨཱཿཧཱུཾ ་སྭཱཧཱུ~ཾ། ཨོཾ་རཏྣ་དྷྱེ་ཀ་ཨཱ། ཧཱུཾ་སྭཱཧཱ། ཨོཾ་པྲཛྙཱ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིའོ།། ཨོཾ་མི་ཧ་རཱ་ཏཱི་ཨཱཿཧཱུཾ་སྭཱ་ཧཱུཾ། ཨོཾ་དྭཻ་ཥཱ་རཱ་ཏཱི་ཨཱ~ཾཿཧཱུཾ་སྭཱ་ཧཱ། ཨོཾ་རཱ་ག་ར་ཏི་ཨཱཿཧཱུཾ་སྱེཧཱ.ོཾ་བཛྲཱ་རཱ་ཏི་ཨཱཿཧཱུཾ་སྭཱ་ཧཱུ~ཾ། རིགས་ཀྱི་ལྷ་མོ་རྣམས་ཀྱི ་xxx། xxx ་མ་མ་མཻ་ཏཱཾ་ཡ་ཊོནྡྲ་མོཾཿཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་བཛྲཱི་པཱ་ཎཱ~ཾ་ཡཱུ་ཨཽཾནྟི། མེ་མོཾ་ཁ་སཙྪེ་ཧཱུ~ཾ་སྭཱ་ཏྨ། མཻ་ཨོཾ་མྲྀ་ཀི་ཤྭདྷི་ཙྪིཿཧཱུ~ཾ་སྭཱཏྨ། ཨོཾ་ཨོཾ་མཉྫུ་བྷྱོ་ཥ་སྨཻཥི་ཨཱཿཧཱུ~ཾ་སྱཱཏྨ། མ་ཨོཾ་སརྦྦ་ནི་བ་ར་ཎཱི་བི་སྐཾ་བྷི་ནཱི་ཨཱཿཧཱུ~ཾ་སྭཱཏྨ་ཥི ་བྷ་དྲ་ཨཿཧཱུཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། ཨོཾ་ཡ་མཱནྟ་ཀྲྀཏ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པྲདྡྷཱནྟ་ཀྲྀཏ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པད་མཱནྟ་ཀྲྀཏ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བགྷྣཱཾ་ཏ་ཀྲྀཏྟ་ཨཱ་ཧཱུཾ་སྭཱ་ཧཱ། ཨོཾ་ཨོཾ་ཨ་ཙཱ་ལ་ཨ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛ་ཨཱཿཧཱུཾ་ཕཊ ་སྭཱཧཱ། ཨོཾ་ཨཱརྡྷ་ནཱི་ལ་དྱཏྟ་ཨཱདྡྷ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་མ་ཧཱ་བ་ལ་ཨཱ། ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བྷྲཱུཾ་ཨུཥྞཱི་ཥ་ཙཽ་ཀྲྀ་བཎྜི་ནི་ཨཱ~ཾཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུ~ཾ་སུ~ཾ་བྷ་རཱ་ཛ་ཨཱ~ཾཿཧཱུཾ་ཕཊ་སྭཱ་ཧཱ། ཁྲོ་བོ་རྣམས་ཀྵེའོ།། འདི་དག་ནི་སྙིང་པོའོ།། ཨོཾ་ཨཱཿབཾ་ཧཱུཾ། ཨོཾ་ཨཱཿབུཾ་ཧཱུཾ། ཨེ ་ཨཱཿརཱྀ་ཧཱུཾ། ཨོཾ་ཨཱཿཛཾ་ཧཱུ~ཾ། ཨོཾ་ཨཱཿབཾ་ཧཱུཾ། དེ་བཞིན་གཤེགས་པཾ་རྣམས་ཀྱི་ཉེ་བའི་སྙིང་པོའོ།། ཨོཾ་ཨཱཿལཾ་ཏྲཻ་ཨོཾ་ཨཱ་མོཿཧཱུཾ། ཨོཾ་ཨཱཿཔཾ་ཧཱུཾ། ཨོཾ་ཨཱཿཏཾ་ཧཱུཾ། ལྷ་མོ་རྣམས་ཀྱི་ཉེ་བའི་སྙིང་པོའོ།། ཨོཾ་ཨཱཿཤྲཱི་ཧཱུཾ། ཨོཾ་ཨཱཾཿམཾ་ཧཱུཾ། ཨོཾ་ཨཱཿ ་ཛྲེ་ཧཱུཾ། ཨོཾ་ཨཱཿཁཾ་ཧཱུཾ། ཨོཾ་ཨཱཿགྷྲཾ་ཧཱུཾ། ཨོཾ་ཨཱཿམོ་ཧཱུཾ། ཨོཾ་སཱུཿཀྵཾ་ཧཱུཾ། ཨོཾ་ཨཱཿསཾ་ཧཱུཾ། བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཉེ་བའི་སྙིང་པོའོ།། ཨོཾ་ཨཱཿཛཿཧཱུཾ། ཨོཾ་ཨཱཿཧཱུ~ཾ་ཧཱུཾ། ཨོཾ་ཨཱཿཧཱུཾ་བཾ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཧོཿཧཱུཾ། ཨོཾ་ཨཱཿཁཾ་ཧཱུཾ། མཆོད་པའི་ལྷ་མོ་རྣམ། ་ཀྱི་ཉེ་པའི་སྙིང་པོའོ།། ཨོཾ་ཨཱཾཿོཾཧཱུཾ། ཨོཾ་ཨཱ་ཤྭབྷྲཱུ~ཾ་ཨོཾ་སྭཱ་ཨོཾ་ཧཱུ~ཾ་སི~ཾ་ཧཱུ~ཾ། བི་ཧཱུཾ། ཨོཾ་ཨཱཿོཾ་ཧཱུ~ཾ། ཨོཾ་ཨཿསྭཱ་ཧཱ། ཨོཾ་ཨཱཿཡཱ་ཧཱུཾ།། ཨོཾ་ཨཿཧཱ་ཧཱུཾ། ཨོཾ་ཨཱཿབྷྲཱུཾ་ཧཱུཾ། ཨོཾ་ཨཱཧཱུཾ་ཧཱུཾ། བི་རྣམས་ཀྱི་ཉེ་བའི་སྙིང་པོའོ།། སྙིང་པོ་དང་ཉེ་བའི་སྙིང་པོ ་ངག་འབུམ་བཟླས་པས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བྱེད་པར་འགྱུརརོ།། ཇི་སྐད་དུ། འབུམ་དྲག་བཟླས་པས་འགྲུབ་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ་ཕྲེང་བའི་དབྱེ་བ་ནི་ལས་ཀྱིས་དབྱེ་བ་སྟེ། དེ་སྐད་དུ་ཤེལ་དང་དུང་མུ་ཏིག་དང ་དེ་བཞིན་ཁམས་ནི་དཀར་པོ་སྟེ། ཞི་བའི་ལས་ལ་བློ་ལྡན་པས།། འབྲས་བུ་གྲུབ་ཕྱིར་བླང་བར་བྱས། གསེར་དང་དངུལ་དང་ཟངས་མ་ནི།། རྒྱས་པའི་ལས་ལ་རྒྱལ་བས་གསུངས།། དབང་ལ་གུར་ཀུམ་གླ་རྩི་དང་། བཞི་མཉམ ་རང་བཞིན་ཤེས་པར་བྱ།། དགུག་པ་ལ་ནི་རུ་དྲཀྵ། སྡང་བ་ལ་སོགས་གླང་པོའི་རུས།། རྩ་བ་ཡཱི་ནི་སྔགས་བཟློས་ཕྱིརྭ། མུ་ཏིག་རིན་ཆེན་རང་བཞིན་ཤེལ།། ལས་ཀུན་རབ་ཏུ་འགྲུབ་པའི་ཕྱིར།། བོ་དེ་རྦྷེ་ནི་འདོད་པ་ཡིན།། གཞན་ལས་ཀྱང་། རྟ་ཡིས ་རུས་པས་གསོད་པ་དང་།། ཁྭ་ཡི་རུས་པས་དགུག་པ་སྟེ།། པྲཾ་ཟེའི་རུས་པསྣ་རེངས་པ་དང་།། ཁྱི་ཡི་རུས་པས་དག་ཨོཾ་ཡིན། ཞེས་གསུངས་པ་དང་། དེ་བཞིན་དུ་མཐེབ་བོ་འཛུབ་མོ་སྦྱར་བ་ཡིས།། རྒྱལ་བ་ཡིས་ནི་ཞི་བ་གསུངས།། མཐེ་བོ་གུང་མོ་སྦྱོར་བ ་ཡིས།། རྒྱས་པའི་ལས་ནི་འགྲུབ་པར་འགྱུར།། མཐེ་བོ་སྲིན་ལག་སྦྱོར་བ་ཡིས།། དབང་གི་ལས་ནི་འགྲུབ་པ་སྟེ།། མཐེའོ་མཐེའུ་ཆུང་སྦྱོར་བ་ཡིས།། མཁས་པས་དགུག་པའི་དོན་དུ་བཟློ།། གཡས་དང་གཡོན་པའི་མཐེ་བོང་ནི།། གཉིས་པོས་གསོད་བི་ལཱྀ་ལས ་འགྲུབ་འགྱུར།། ལག་པ་གཡས་པ་ཉིད་ཀྱིས་ནི།། བགྲང་ཕྲེང་ཡང་དག་བླང་བྱ་སྟེ།། ཐབས་དང་རྗེ་སུ་མཐུན་པས་ན། རྣལ་འབྱོར་དབང་པོས་བཟླ་བར་བྱ་ཞེས་བཤད་པའི་ཕྱིར་རོ།། བཟླས་པའི་ཆོ་ག་རྫོགས་ནས། ཟླ་མ་ཏོག་གི་ནང་དུ་སྦ་བར་བྱ་སྟེ། ཇི་སྐད་དུ ་བྲིས་སྐུ་འམ་ནི་ཡང་ན་གླེགས་བམ་སྤྲོ།། ཡང་ན་བགྲང་ཕྲེང་རྡོ་རྗེ་ལ་སོགས་པོ།། སོ་སོའི་སྐྱེ་བོས་གལ་ཏེ་དག་མེད་པས།། མཐོང་ན་དེ་ནི་དམྱལ་བར་འགྲོ་བ་ཡིས།། རྣལ་འབྱོར་པ་ནི་ལེ་ལོ་བྱེད་པ་ན།། དམ་ཚིག་དང་ནི་སྡོམ་པ་ཉམས་པར་འགྱུར།། རིམས ་དུག་དང་འབྱུང་སོགས་ཀྱིས་གསོད་པའི།། འོག་ཏུ་འདོད་དང་ངུ་འབོད་དམྱལ་བར་ལྷུང་ཞེས་གསུང་སོ།། སྔར་བཤང་བའི་དོན་བསྡུ་བར་བྱ་བའི་ཕྱིར།། བརྗོད་ནས་རྡོ་རྗེ་སྤྲོ་བ་སྟེ།། རྫོགས་ནས་བསྡུ་བ་ཀུན་ཏུ་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དོན་དམ་པའི ་བཟླས་པར་བཤད་ཅེས་པ་ལ། བརྗོད་པ་ནི་ཞལ་གཉིས་པོ་ནས་བྱུང་ནས་སོ།། སྤྲོ་བ་ནི་ལྷ་མོའི་ཞལ་གཉིས་པོ་ལ་ཞུགས་ནུས་སོ།། རྫོགས་པ་ནི་སྤྲོ་བར་མཐར་རོ།། བསྡུ་བ་ཀུན་ཏུ་བྱི་བ་ནི་པདྨོ་གཉིས་ལས་གསང་བའི་རྡོ་རྗེ་གཉིས་ཀྱི་བསྡུ་བའོ།། ་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ།། དོན་དམ་པ་ནི་ནང་གི་བདག་ཉིད་ཀྱི་བཟླས་པ་སྟེ་དགོངས་པ་མ་ཡིན་པའོ།། དེ་ནི་ཡན་ལག་གཉིས་པའོ།། བྱ་བ་བྱས་ནས་འོད་དུ་ཞུ་བའི་ཆོ་ག་བཤད་པར་བྱ་སྟེ། ཕྲ ་མོའི་རྣལ་འབྱོར་བཟླས་པ་ཡང་།། ཅི་འདོད་པར་ནི་རྣམ་གཉིས་བྱ།། སླར་ཡང་སྔགས་པ་བདག་ཉིད་ནི།། དེ་བཞིན་ཉིད་ལ་ཞུགས་པར་བྱ་ཞེས་སྨོས་པ་ལ།། སྔར་བ་ཤད་པའི་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་བྱས་ལ།། ཕྱི་ནས་སྔགས་པ་བདག ་ཉིད་ཤེས་རབ་དང་བཅས་པ་དེ་བཞིན་ཉིད་ནི་འོད་གསལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་ལྔ་ཞུགས་པ་ནི་ཐིམ་པར་བྱའོ།། འདིར་མུན་ངག་ནི་འདི་ཡིན་ཏེ་དང་པོ་སྦྱོར་བའི་ཏཱིངེ་འཛིན་གྱིས་རང་གི་དོན་བསྒྲུབས་ལ།། དཀྱིལ་འཁོར ་རྒྱལ་བ་མཆོག་གི་ཏིངེ་འཛིན་གྱིས་གཞན་གྱི་དོན་རྫོགས་ལ་ཕྲ་མོའི་རྣལ་འབྱོར་གྱིས་སེམས་བརྟན་པས་ཏིང་འཛིན་གཉིས་པོ་ལ་དམིགས་པ་ཉེ་བར་མཚོན་ནས་བཟླས་པས་ཀྱང་སྔགས་སྦྱངས་ཏེ། དེ་བས་ནང་ནི་བྱ་བ་བྱས་པ་ངག་ཡིནོ་ཞེས་རྟོགས་ཏེ། ་བདག་གི་རྒྱུ་མཐུན་པར་གྱུར་པའི་དཀྱིལ་འཁོར་པ་རྣམས་སེམས་ཅན་གྱི་དོན་བྱེད་པར་འགྱུརརོ་ཞེས་བསམས་ན་བུ་དང་ཚ་བོ་ཡོད་པས་སྐྱེས་བུ་དགའ་བ་བཞིན་དུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་རེག་བྱ་རྡོ་རྗེ་མ ་དང་སྙོམས་པར་ཞུགས་པས་ཡབ་ཡུམ་གཉིས་ཀ་ཡང་ཞུ་སྟེ་ཐིག་ལེ་དང་། སྒྲ་དང་། སྒྲ་ཙམ་གྱི་དབྱེ་བས་ཁམས་ཕྲ་བ་ལ་ཞུགས་ཏེ། སྤྲིན་མེད་པའི་ན་མཁའ་དང་འདྲ་བ་ཐམས་ཅད་སྟོང་པའི་རང་བཞིན་གྱིས་བདག་ཉིད་དུ་བསྒོམ་པར་བྱའོ།། ་ཞེས་ཡན་ལག་གསུམ་པའོ།། ལྷ་མོ་རྣམས་ཀྱི་བསྐུལ་བར་བཤད་པར་བྱ་སྟེ། དེ་ནས་དཀྱིལ་འཁོར་གནས་པ་ཡིས། ལྷ་མོས་བདག་པོ་མ་མཐོང་བས།། ཚིགསུ་བཅད་པ་བཞི་ཡིས་ནི། བདེ་བ་ཆེན་པོ་སྐུལ་བར་བྱེད་ཅེས་སྨོས་པ་ལ།། དེ་ནས ་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་སྤྱན་ལ་སོགས་པས་བདག་པོ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་གྱིས་མི་བསྐྱོད་པ་མྱ་ངན་ལས་འདས་པའི་དབྱིངསུ་ཞུགས་པས་མཐོང་བ་ནི་དབུས་ཀྱི་རེ་མིག་སྟོང་པར་བལྟས་ཏྲེ་བཅོམ་ལྡན་འདས་བདེ་བ ་ཆེན་པོ་ནི་འོད་གསལ་བའི་ཏིངེ་འཛིན་ལ་ཞུགས་པ།། འོག་ནས་བཤད་པའི་ཚིག་སུ་བཅད་པ་བཞི་པོས་སྐུལ་བར་བྱེད་པ་ནི་ལྡང་བར་བྱེད་པ་སྟེ། ཚི་གོ་འཇམ་པ་དང་དབྱངས་སྙན་པ་ཞེས་བྱ་བ་ནི་ཚིག་ལྷ་མོའོ།། འདིའི་དགོངས་པ་ནི་འདི་ཡིན་ཏེ། ་སྔར་གྱི་སྨོན་ལམ་གྱིས་བག་ཆགས་ཀྱི་ཤུགས་ཀྱིས་དེའི་སོ་སོར་སྣང་བ་ཉིད་ལྷ་མོ་རྣམས་བཅོམ་ལྡན་འདས་ལ་སྐུལ་བར་བྱེད་པར་བསམ་མོ།། ལྷ་མོ་རྣམས་སྐུལ་བར་བྱེད་པ་ཅིའི་ཕྱིར་ཞེ་ན་སྨྲས་པ་འདིར་འདོད་པའི་ཁམས་ལ་ཕལ་ཆེར་བུད་མེད ་ཀྱི་ཚིག་གིས་བསྐུལ་བས་ཞུགས་པ་མཐོང་གི། སྐྱེས་པའི་ཚིག་གིས་བསྐུལ་བ་ནི་མ་ཡིན་ཏེ། འདོད་པའི་ཁམས་ནི་དེའི་རང་བཞིན་ཡིན་པའི་ཕྱིར་དང་། ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར་སྐྱོན་མེའོ།། ་ཚིགསུ་བཅད་པ་བཞི་པོ་དེ་ཉིད་རིམ་གྱིས་བཤད་པར་བྱ་སྟེ།། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས།། དགའ་བ་ཡིད་འོད་དོན་ཆེར་འདོད་པས་བདག་ལ་བསྐྱབ་ཏུ་གསོལ།། མགོན་པོ་གལ་ཏེ་ཇི་རིང་བདག་ནི་གོསོན་པར ་མཆིས་བཞེད་ན།། སེམས་ཅན་ཡབ་ཆེན་གཉེན་མཆོག་བོདག་ལ་དགྱེས་པར་མཛད་དུ་གསོལ་ཞེས་སྨོས་པ་ལ། འདི་ནི་སྤྱན་གྱི་ཚིགསུ་བཅད་པ་སྟེ།། ཁྱོད་ནི་མདུན་དུ་གནས་པ་བཞིན་དུ་བལྟས་ནས་བསྐུལ་བ་སྟེ།། རྡོ་རྗེ་ཐུགས་ནི་ཐུགས་ཀྱི་དབང་ཉིད ་ཐོབ་པའོ།། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་གནས་ཀྱི་དབང་ཕྱུག་གོ།། སེམས་ཅན་གྱི་ཁམས་ནི་འབྱུང་བ་ཐམས་ཅད་ཀྱི་རང་བཞིན་གྱིས་བདག་པོ་ཡིན་པའི་ཕྱིརརོ།། དགའ་བ་ནི་རོལ་པ་སྟེ། དེ་ལ་ཡིད་འོད་ནི་དགའ་བ་སྐྱེད་པས ་དགའ་བ་ཡིད་འོང་ངོ་།། དོན་ཆེན་ནི་མཆོག་ཏུ་དགའ་བ་སྟེ། འདོད་པས་མངོན་ཆེན་འདོད་པའོ།། དེ་ལྟ་བུའི་དགའ་བ་ཡིད་འོང་དོན་ཆེན་འདོད་པ་ནི་འཁྱུད་པ་ལ་སོགས་པསོ།། བདག་ལ་བསྐྱབ་ཏུ་གསོལ་བ་ནི་རོལ་བར་མཛད་དུ་གསོལ་ཅེས་པའོ།། ་སེམས་ཅན་ཐམས་ཅད་ཀྱི་རྒྱུར་གྱུར་པས་ཡབ་ཆེན་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་དང་། བདེ་བ་མཛད་པའི་ཕྱིརརོ།། བདག་ནི་གསོན་པར་མཆིས་བཞེད་པ་ནི་གསོན་པར་འདོད་པའོ།། མགོན་པོ་ནི་གཙོ་བོའོ།། བདག་ལ་དགྱེས་པར་མཛད ་བ་ནི་རོལ་པར་མཛད་དུ་གསོལ་བའོ།། མཱ་མ་ཀཱིའི་བསྐུལ་བ་བཤད་པར་བྱ་སྟེ།། རྡོ་རྗེ་སྐུ་ཁྱོད་བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། སངས་རྒྱས་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས།། མགོན་པོ ་གལ་ཏེ་དི་རིང་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག་ཆགས་བྱས་བདག་ལ་དགྱེས་པར་མཛོད་དུ་གསོལ།། ཞེས་སྨོས་པ་ལ།། མི་འཇིགས་པའི་སྐུ་ཡིན་པས་ན་རྡོ་རྗེའི་སྐུའོ།། བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་པ ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་སྟེ།། བཀའི་འཁོར་ལོ་སྐོར་བར་བྱེད་པའི་ཕྱིར་རོ།། སངས་རྒྱས་དོན་དུ་བྱང་ཆུབ་མཆོག་གྲུབ་རབ་ཏུ་ཕན་པར་གཟིགས་པ་ནི་སངས་རྒྱས་ནི་ཕུང་པོ་ལྔའོ།། དོན་ནི་ཀུན་རྫོབ་ཀྱི་བདེན་པའོ།། བྱང་ཆུབ་ནི་དོན ་ངམ་པའི་བདེན་པའོ།། དེ་དག་གིས་མཆོག་ཏུ་གྲུབ་པ་ནི་བདེ་བ་ཆེན་པོའི་སྐུའོ།། རབ་ཏུ་ཕོན་པར་གཟིགས་པ་ནི་སེམས་ཅན་རྣམས་ལ་ཕན་པར་མཛད་པའི་དགོངས་པས་གསལ་བར་མཛད་པའོ།། འདོད་ཆགས་ནི་འདོད་ཆགས་སྤྱོད་པའི་རྣམ་པསོ།། ་དམ་ཚིག་ཆགས་པ་ནི་འདོད་ནགས་ཀྱི་སྤྱོད་པའི་རིང་བཞིན་གྱི་བྱང་གཱ་ལཱ་དཱིཀྲིས་པར་མཛད་པ་ནི་རོལ་པར་མཛོད་རྩིག་པའོ།། སྦྲུལ་ཏྟེ་ཞེས་བྱ་བྱ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། གོས་དཀར་མོའི་བསྐུལ་པ་བཤད་པར་བྱ་སྟེ། ཁྱོད་ནི་རྡོ་རྗེ་གསུང ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ།། འཇིག་རྟེ་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བཅོན།། མགོན་པོ་གལ་ཏེ་དེ་འོང་བདག་ནི་གསོན་པར་མཆིས་བཞེད་ནི།། སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛོད་ཅེས་སྨོས་པ་ལ། ་ཁྱོད་ནི་རྡོ་རྗེ་གསུང་སྟེ་ནི་གསུང་གི་དབང་ཕྱུག་ཉིད་ཐོབ་པའི་ཕྱིརརོ།། ཀུན་ནི་སེམས་ཅན་གྱི་ཁམས་ལ་ཕན་པ་ཐུགས་བརྩེ་བ་ནི་ཐུགས་རྗེ་ཆེན་པོའི་བདག་ཉིད་དོ།། དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞིས་འཇིག་རྟེན་པ་ཡི་དོན་མཛད་པ་ཡི་ཕྱིར།། རྟག་ཏུ་བརྩོན་པ ་མོ་དུས་ཐམས་ཅད་དུ་ཡང་དག་པར་གཞིལ་བའོ།། བདག་ལྔ་དགྱེས་པར་མཛོད་ཅེས་པ་ནི་བསྟེན་པར་མཛོད་ཅིག་པའོ།། བདེ་བའི་སྤྱོད་པས་ཀུན་ཏཱ་ནི་སེམས་ཅན་གྱི་ཁམས་ལའོ།། བཟང་པོ་ནི་དགེ་བ་མཛད་པས་ན་ཀུན་ཏུ་བཟང་བའོ།། གཞན་ནི་བཤད་ཟིན ་ཏོ།། སྒྲོལ་མའི་སྐུལ་བ་བཤད་པར་བྱ་སྟེ།། ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཆི། གི་ཕན་ངོན་ཆེ།། ཡང་དག་རྟོགས་སངས་རྒྱས་ཀྱི་གསུངས་མཆོག་མཉམ་པ་ཉིད་གཟིགས་པ།། མགོན་པོ་གལ་ཏེ་དེ་རིང་བདག་ཉིད་གསོན་པར་མཆི་བཞེད་ན། ལྗོན་རིན་ཆེན ་གང་པོའི་གཏེ་བར་བཱི་བདག་ལ་དགྱེས་པོར་མཛོད་ཅེས་བྱ་བ་ནི་ཧྲཱི་དེའི་ཐུགས་ཏེ་ནི་དོན་ཡོད་གྲུབ་པའི་སྒོ་ནས་བོས་པའོ།། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས།། དཀྱིལ་འཁོར་གྱི་ལྷ་ཕྱུང་ཞིང་། ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས ་སྦྱངས་པའི་ཕྱིར་རྡོ་རྗེའི་ཐུག་སོ།། ལས་ཀྱི་རིགས་ཀྱི་བདོག་བློ་ཡིན་པའི་ཕྱིར་དམ་ཚིག་མཚིག་གོ།། འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ལ་འདོད་ཆགས་རྣམ་པར་དག་པོའི་ཐབས་ཀྱིས་ཐར་པ་རྩོལ་བས་མ་ཕན་ངོན་ཆེའོ།། ཤཱཿའི་རིགས་ཀྱི། ་གཙོ་བོར་གྱུར་པས་ན་ཡང་དག་པར་རྫོགས་སངས་རྒྱས་ཀྱི་མཆོག་གོ།། ཡང་ན་བྱ་བ་ཅཅུ་གྲུབ་པའི་ཡེ་ཤེས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན་ཡང་དག་རྫོགས་ཀྱི་མཆོག་གོ།། རང་དང་གཞན་གྱི་དབྱེ་བ་ལ་དམིགས་པ་དང་བྲལ་བས ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་ན་མཉམ་ཉིད་གཟིགས་པའོ།། སྟོན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད་ཅེས་པ་ནི། རྟེན་པར་མཛོད་ཅིག་པའོ།། གང་ཕྱིར་འདོད་ཆགས་དང་། འདོད་ཆགས ་བྲལ་བ་དང་། འདོད་ཆགས་བཱ་ར་བ་དང་། འོད་གསལ་བ་སྐྱེད་པར་བྱེད་དོ་ཞེས་བདག་ཉིད་ལ་བསྔགས་པར་བྱེད་དེ། མགོན་པོ་གལ་ཏེ་བདག་ནི་དི་རིང་གསོན་པར་མཆིས་བཞེད་ན་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ཐབས ་ཀྱིས་རྡོ་རྗེ་སེམས་དཔའ་ལྟ་བུའི་ཚེ་དང་། སྲོག་སྦྱིན་པས་གསོན་པར་མཛོད་ཅེས་དགོངས་པ་སྟེ། ཡན་ལག་བཞི་པའོ།། དེ་ལྟར་ཚད་མེད་པ་རྣམ་པ་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་བསྐུལ་བར་གྱུར་པ་ལྔ་པ་སྨོན་ལཾ་གྱི་རྒྱུན་གྱི་ཤུགས་ཀྱིས་སྟོང་པ ་ཉིད་ཀྱི་རྣལ་འབྱོར་ལས་ལྡང་སྟེ། སླར་ཡང་དྲག་པོ་དང་ཞི་བ་དང་ཆགས་པ་ཆེན་པོ་ཉིད་ཉམས་དང་ལྡན་པས་སེམས་དཔའ་གསུམ་གྱི་བདག་ཉིད་དང་ལྡན་པའི་རྡོ་རྗེ་སེམས་དཔའི་འཁོར་ལོའི་དབུས་གནས་པར་བདག་ཉིད་བསྒོམ་པར་བྱ་སྟེ། ཡན ་ལག་ལྔ་པའོ།། །། དེ་ཉིད་བཤད་པར་བྱ་སྟེ། དེ་ལྟར་ཡང་དག་སྟོན་ནི། བརྗོད་པས་མགོན་པོ་དེ་བསྐུལ་ནས།། མི་བསྐྱོད་ལ་སོགས་ངོ་བོ་ཡིས།། དེ་བཞིན་གཤེགས་པ་སྟོང་པར་མཛད་ཅེས་སྨོས་པ་ལ།། འདིར་ཚིག་སུ ་བཅད་པ་ཕྱེད་ཀྱིས་ཡན་ལག་ལྔ་པ་བསྟན་ཏོ།། ཡང་དག་སྐྱོན་བརྗོད་པས་ནི་ཡང་དག་པར་གྱུར་པའི་ཡོན་གྱི་ཚོགས་ལ་བསྟོད་པས་བསྐུལ་བ་ནི་ལྡང་བ་སྟེ། མགོན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་མེ་བསྐྱོད་པ་ཡིན་ལ། དེ་བཞིན ་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ། བསྟོད་པར་མཛད་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཚིག་གི་རྒྱུན་གྱིས་བསྟོད་པ་མཛད་པ་བསྒོམ་པར་བྱའོ།། དེ་ཉིད་རྒྱས་པར་བཤད་པར་བྱ་སྟེ། མི་བསྐྱོད ་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། གསང་བའི་རྡོ་རྗེ་ལ་ཕྱག་འཚལ་ཞེས་སྨོས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་ཚོགས་ཀྱིས་མི་བསྐྱོད་པ་ནི་མིག་ཡོ་བའོ།། རྡོ་རྗེ་ནི་ཐུགས་གང་ལོ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ།། སྟོང་པ་བཞིའི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ།། རྡོ་རྗེ་ནི་མི་བསྐྱེད་པ་ལ་སོགས་པའོ།། དེ་རྣམས་འཛིན་པས་ན་རྡོ་རྗེ་དབྱིངསོ།། བདེན་པ་གཉིས་ཀྱིས་དབྱེ་བ་ལ་ཡོངསུ་མཁས་པས་མཁས་ཆེན་པོའོ།། དོན་དམ་པའི་དཀྱིལ ་འཁོར་དང་སྐུའི་དཀྱིལ་འཁོར་དང་། ཕྱུང་བའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ནི་དཀྱིལ་འཁོར་གསུམ་མོ།། སྐུ་རྡོ་རྗེ་ལ་སྔོགས་པོའི་ནང་ན་གཙོ་བོར་གྱུར་པས་རྡོ་རྗེ་གསུམ་མཆོག་གོ།། གསང་བའི་རྡོ་རྗེ་ནི་དམ་ཚིག་གི་དེ་ཁོ་ན་ཉིད་ཁོ་བོ ་ཅག་ལ་བསྟན་དུ་གསོལ་ཞེས་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ།། རྣམ་པར་སྣང་མཛད་དག་ཆེན་པོ། རྡོ་རྗེ་ཞི་པ་དགའ་བ་ཆེ།། རང་བཞིན་གྱིས་ནི་འོད་གསལ་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལོ་ཞེས་སྨོས་ཏེ། འོད་གསལ་བའི་མེས་སྣང་བར་མཛད ་པས་ན་རྣམ་པར་སྣང་མཛད་དོ།། དེ་ཉིད་ཀྱི་ཕྱིར་དག་པ་ཆེན་པོའོ།། དེ་རྣམས་ཀྱིས་རྣམ་པར་དག་པའི་རང་བཞིན་དྲུག་པ་ཡིན་པས་ན་ཞི་བའོ།། མཆོག་ཏུ་དགའ་བའི་བདག་ཉིད་ཡིན་པས་ན་དགའ་བ་ཆེན་པོའོ།། རང་བཞིན་གྱིས་འོད་གསལ་བས་ན ་རང་བཞིན་དག་པའོ།། མཆོག་ནི་ཆོས་ཏེ་སྟོན་པ་ནི་གསལ་བར་མཛོད་ཅིག་པའོ།། རྡོ་རྗེ་ནི་བོང་བའོ།། དེ་ནི་རྣམ་པར་སྣང་མཛད་ཀྱི་བསྒོ་ནས་བསྟོད་པའོ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མ་མེད།། རང་བཞིན ་དག་བགོས་པ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཚལོ་ཞེས་སྨོས་ཏེ། རིན་ཆེན་ནི་རིན་པོ་ཆེའི་རིགས་ཅན་ནོ།། དེ་རྣམས་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོའོ།། མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རབ་ཏུ་ཟབ་པའོ།། དེ་ཉིད་ཀྱིས་ཕྱིར་ན་མཁའ་རྡོ་རྗེ། ་དྲི་མ་མེད་པའོ།། ཐོག་མ་ནི་དག་པས་ན་རང་བཞིན་དག་པའོ།། ཆོས་ཐམས་ཅད་ཀྱིས་མ་རེག་པས་ན་གོས་པ་མེད་པའོ།། སྐུ་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ།། རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས ་ཕ་རོལ་ཏུ་ཕྱིན་བརྙེས་པ།། རྡོ་རྗེ་གསུང་ལ་ཕྱག་འཚ་ལོ་ཞེས་སྨོས་ཏེ། རྡོ་རྗེ་མི་འཆི་བ་ནི་པདྨའི་རིགས་ཅནྡ་ནོ།། དེ་རྣམས་ཀྱི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེའོ།། སོ་སོར་རྟོག་པའི་བདག་ཉིད་ཡིན་པས་ན་རྟོག་པའོ།། དེ་བས་ན་མཁའ་རྡོ་རྗེ་འཛིན་པའོ།། ་འདོད་ཆགས་ནི་འཁོར་བ་ལ་ཆགས་པའི་མཚན་ཉིད་དེ། དེའི་ཕ་རོལ་ནི་མཐའོ།། དེ་ཕྱིན་པ་ནི་སོན་པའི་ཤེས་རབ་པོ།། དེ་བརྙེས་པ་ནི་འདོད་ཆགས་ཕ་རོལ་ཕྱིན་བརྙེས་ཐོབ་པའོ།། དེ་ནི་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པའོ།། དོན་ཡོད་རྡོ་རྗེ་རྫོགས ་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་བྱེད་པ།། དག་པའི་རང་བཞིན་ལས་བྱུང་བ།། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཞེས་སྨོས་ཏེ།། དོན་དང་ལྡན་པའི་ཡེ་ཤེས་སྩོལ་བས་ན་དོན་ཡོད་རྡོ་རྗེ་སྟེ།། དོན་ཡོད་གྲུབ་པའི་རིགས་རྣམས་རྫོགས་སངས ་རྒྱས་ནི་དེ་རྣམས་མཆོད་པར་བྱ་བ་སྟེ། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ།། སྒྲུབ་པོའི་སྐྱེས་བུ་ལ་སོགས་པའི་ལས་ཀྱིས་བསམ་པ་རྫོགས་པས་ན། བསམ་པ་ཐམས་ཅད་རྫོགས་བྱེད་པའོ།། དག་པའི་རང་བཞིན་འོད་གསལ་བ་སྟེ། དེ་ལས་བྱུང་བའི་ན ་དག་པའི་རང་བཞིན་ལས་བྱུང་བའོ།། དེ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཕྱག་འཚལོ་ཞེས་དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པ་སྟེ། དགོངས་པ་མ་ཡིན་པའོ།། ཡན་ལག་དྲུག་པའོ།། དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་བཤད་པ་ནི་དེ་ནས ་སངས་རྒྱས་ཀྱིས་བསྟོད་འཁོར་ལོ་རྗེས་ཆགས་ནས།། མཆོག་ཏུ་གསང་བ་ནི་ཇི་བཞིན་དོན་བཤད་ནས།། རང་སྐུའི་འཁོར་ལོ་ལ་ནི་འཁོར་ལོ་གཞུག། མགོན་པོ་བདེ་བ་ཆེན་པོ་གཅིག་པུ་བཞུགས་ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བའི་ཚིག་གིས་ཕྲད་ནི་ཆ ་ག་གཞན་གྱི་དོན་དུའོ།། སངས་རྒྱས་ཀྱིས་བསྟོད་པ་ནི་དེ་བཞིན་གཤེགས་པ་ལྔའི་སྒོ་ནས་བསྟོད་པ་མཛད་ནས་སོ།། འཁོར་ལོ་རྗེས་ཆགས་ནི་དཀྱིལ་འཁོར་གྱི་འཁོར་ལོའོ།། འདོད་པ་ཐམས་ཅད་ཀྱི་ལོང་སྤྱོད་དཔལ་ཞེས་བྱ་བའི་ཏིང་འཛིན་ཏེ། ་འཁྱུད་པ་དང་ཙུམ་པ་ན་དང་ཙུ་ཤ་ཎ་དང་སོ་དང་སེན་མོ་གདབ་པ་དང་། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཚིམ་ནས་སོ།། དེ་བཞིན་དུ་ཇི་བཞིན་དོན་ནི་ཕྱིན་ཅི་མ་ལོག་པ། གསང་བ་མཆོག་ནི་དེ་ཁོ་ན་ཉིད་དེ་བཤད་ནས་ནི་བསྟན་པར ་མཛད་ནས་ཏེ། ངེས་པའི་ཚིག་གི་སྒོ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ནི་འདི་ལྟ་སྟེ། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ།། ཞེས་བྱ་བ་ནས་བརྩམས་ཏེ། ཀྵ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཉེས་པ་ཐ~ཾད ་ཟད་པའི་ཕྱིར་རོ།། ཞེས་བྱ་བའི་རབ་དུ་གསང་བ་མཆོག་བསྟན་ནས།། ཕྱི་ནས་སྤྲོས་འདིས་ཅི་ཞིག་བྱ་ཞེ་དགོངས་ཏེ། རང་སྐུའི་འཁོར་ལོ་ནི་སྔར་བཤད་པའི་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ལ།། འཁོར་ལོ་ནི་ཕྱི ་རོལ་གྱི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་འོད་ཟེར་གྱི་སྒོ་ནས་ཞུགས་ཏེ། དེ་རྣམས་ཀྱང་ཡེ་ཤེས་གསུམ་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་དགུག་ཅིང་དེ་ཉིད་ལ་ཞུགས་ཏེ། ཨོཾ་དང་ཨཱཿཡཽང་ཧཱུཾ་ལ་ཐིམ་ཞིང་མགོན་པོ་བདེ་བ་ཆེན་པོ ་གཅིག་པུ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པར་བལྟ་སྟེ། ཡི་གེ་ཧཱུཾ་གི་དབུས་སུ་ཡང་འོད་ཟེར་གྱིས་ཁམས་གསུམ་པ་དང་རང་གི་བདག་ཉིད་བཀུག་ཅིང་བཅུག་ལ་ཧཱུཾ་ཙམ་ལ་དམིགས་པས་གནས་པར་བྱའོ།། དེ་ཉིད་བཤད་པ། དེ་ལྟར ་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་གི་སྙིང་པོས་འཇིག་རྟེན་རབ་ཏུ་བསྒོ་མ། དཾ་དྷྱངྒ་འགྲོ་ཀུན་རྡོ་རྗེ་སེམས་དཔའ་བསམ། ལངས་ནས་འགྲོ་ལ་བལྟས་ཏེ་ཇི་བཞིན་སྤྱོད་ཅེས་སྨོས་ཏེ། རྣལ་འབྱོར་བཞི་བྱེད་ནི་སྔར་བཤད་པའི་རྣལ་འབྱོར ་བཞི་པོ་དང་པོ་སྦྱོར་བའི་ཏིང་འཛིན་བསྒོམ་པར་བྱེད་པའོ།། དེ་ཡང་ཉེ་བར་མཚོན་པ་ཡིན་ཏེ། དཀྱིལ་འཁོར་རྒྱལ་བ་མཆོག་དང་། ལས་ཀྱིས་རྒྱལ་བ་མཆོག་ཀྱང་བསྒོམ་པའོ།། རྣལ་འབྱོར་པོ་ནི་སྒྲུབ་པོ་པོའོ།། འཇིག་རྟེན་ནི་སྣོད་དྲང་སོམས ་ཅན་གྱི་འཇིག་རྟེན་ཏེ། སྔར་བཤད་པའི་རིམ་གྱིས་ཧཱུཾ་གི་སྙིང་པོ་ནི་ཡི་གེ་ཧཱུཾ་བཞུགས་པ་ནི་བསམ་པར་བྱའོ།། གཞན་ཡང་ཡན་ལག་ལྷག་མ་རྫོགས་པར་བྱ་བའི་ཕྱིར་དེ་ལས་བྱུང་བ་ནི་དེ་ཡོངསུ་གྱུར་པ་ལ་ས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ ་རེག་བྱ་རྡོ་རྗེ་མ་དང་བཅས་པ་བརྟན་པ་དང་གཡོ་བའི་བདག་ཉིད་བསམས་ནས། ལངས་ནས་ནི་ཏིང་འཛིན་ལས་ལངས་ཏེ། འགྲོ་བ་ལ་བལྟས་པ་ནི་དེའི་གཅིག་པུར་སོ་སོར་སྣང་བའི་བརྟན་པ་དང་། གཡོ་བའི་འགྲོ་བ་ལ་བལྟ་བའི་བློ་དང་ལྡན་པའོ།། ་ཇི་བཞིན་སྤྱོད་ནི་མཉམ་པར་གཞག་པའི་བློ་དང་ལྡན་པས་སྤྱོད་ལམ་གཞི་དམིགས་པར་བྱ་བ་འམ།། ཡང་ན་གང་ཟག་དང་ཆོས་བདག་མེད་པར་རྟོགས་པར་བྱའོ་ཞེས་ཡན་ལག་བདུན་པའོ།། །། ཚིམ་པར་བྱ་བའི་ཆོ་ག་བཤད་པར ་བྱ་སྟེ།། སྔགས་པས་ཏིངངེ་འཛིན་དམིགས་པའི་ཚེ། གདྲ་ཚེ་ལས་ནི་སྐམས་གྱུར་ན། ལུས་ངག་ཡིད་ནི་ཚི་ལྔ་པའི་རྣལ་འབྱོར་འདི་ནི་བསྒོམ་པར་བྱ་ཞེས་སྨོས་པ་ལ། ཏི་འཛིན་ནི་སྔར་བཤད་པའི་ཏིངེ་འཛིན་གསུམ་སྟེ་ཡུན་རིང་བ་དང་། རྒྱུན་འཆང ་བས་དམིགས་པ་ནི་བསྒོམ་པར་བྱ་བའི་ཕྱིར་རོ།། གང་གིས་ལུས་སྐམས་པ་ནི་ཁམས་ཟད་པར་གྱུར་ན་དེའི་ཚེ་ལུས་ལ་སོགས་པ་ཚིམ་པ་ནི་ཚོམོ་པར་བྱེད་པའི་རྣལ་འབྱོར་འདི་ནི་འོག་ནས་བཤད་པའི་ཏིང་འཛིན་བསྒོམ་པར་བྱ་བའི་ནཱན་གྱིས ་བསམ་པར་བྱ་སྟེ། གཞན་དུ་ན་ཁམས་ལོག་པས་བར་ཆོད་དུ་འགྱུར་རོ།། དེ་ཉིད་བཤད་པ། མཐོ་གང་ཙམ་གྱིས་སྤགས་པ་རུ།། སྤྱི་བོར་དཀྱིལ་འཁོར་བརྟག་པར་བྱ།། བདུད་རྩི་ལྔ་ནི་ངེས་འབེབས་པའི།། ཨོཾ་ནི་དེ་རུ་བརྟག་པོར་བྱ་ཞེས་སྨོས་ཏེ། ་མཐོ་གང་ཙམ་ནི་སོར་བཅུ་གཉིས་ཀྱི་ཚད་རྩམ་མོ།། སྦགས་པ་ནི་སྤགས་པ་ནས་སོ།། སྤྱི་བོར་ནི་མགོ་བའི་སྟེང་དུ་བར་སྣང་ལའོ།། དཀྱིལ་འཁོར་བརྟག་པ་ནི་ཆ་བཅུ་དྲུག་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པའོ།། དེ་རུ་ནི་ཟླ་བའི ་དཀྱིལ་འཁོར་གྱིས་དབུ་སའོ།། ཨོཾ་ནི་རྣམ་པར་སྣང་མཇེད་ཀྱི་ས་བོན་འོད་ཟེར་འབར་བ་དགོད་གཅིག། བདུད་རྩི་ལྔ་ནཱི་ཡེ་ཤེས་ལྔའི་རང་བཞིན་གྱིས་བདུད་རྩི་ཚངས་པའི་སྒོ་ནས་ཕབཱ་པ་ནི་ཀུན་ཏུ་སྤྱོད་པའི་རིམ་གྱིས ་ཕབ་པར་བྱའོ།། ཕན་ཡོན་བཤད་པར་བྱ་བ་སྟེ། རྡོ་རྗེའི་སྦྱོར་བ་འདི་ཡིས་ནི།། སྐད་ཅིག་གིས་ནི་གཟིན་ཅན་འགྱུར།། ལུས་ངག་ཡིད་ཀྱིས་བདེ་བ་ཉིད། ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། ཅེས་པ་ལ། འདི་ཡིས་ནི་སྔར་བཤད་པའི་རྡོ་རྗེ་རྣལ་འབྱོར། ་ཏེ། མི་ཕྱེད་པ་ནི་ཚིམ་པའི་ཚོགསོ།། གཟི་ཅན་ནི་ཉི་མ་ཤར་བའི་འོད་དང་འདྲ་བའོ།། སྐད་ཅིག་གིས་ནི་བདུད་རྩི་མྱང་བ་ཙམ་གྱིས་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་ལུས་ངག་ཡིད་གྱི་བདེ་བ་ཉིད་ནི་སྤྱོད་པ་བཟང་བ་དང་། ལས་སུ་རུང་བ་དང་། དྲན་པ་དང་། ་བརྟན་པ་ཉིད་དུ་འགྱུར་སྒྲ་ཇི་བཞིན་པའོ།། དེ་ནི་ཡན་ལག་བརྒྱད་པའོ།། །། ནང་གྲི་སྦྱིན་སྲོག་བཤད་པ་ནི།། དེ་ལྟར་གོམས་པའི་སྔགས་པ་ཡིས།། སྦྱང་བཱ་དང་ནི་དེ་བཞིན་གསད།། སྙིང་ག་ལྐོག་མ་དག་སྦྱངས་ནས།། ་དེ་བཞིན་གཤེགས་རྣམས་ཚིམ་པར་བྱ་ཞེས་སྨོས་ཏེ། འདིར་འཇིག་རྟེན་པའི་གཙང་བ་དང་མི་གཙང་བའི་རྟོག་པ་སྤོང་བའི་ཕྱིར་དང་།། ཚེ་རིང་བ་བླན་མེད་པ་དང་། བདེ་བ་ཐོབ་པའི་ཕྱིར་དང་། དེ་བཞིན་དུ་བསམ་གཏན་གྱི་ཟས་ཀྱི་ཕྱིར་དང་།། ་ཁམས་ཀྱི་ཟས་སྤང་བར་བྱ་བའི་ཕྱིར་བདུད་རྩི་ལྔས་ནང་གིས་སྦྱིན་སྲེག་བརྩམ་པར་བྱའོ།། དེ་ལྟར་གོམས་པ་ནི་སྔར་བཤང་པོའི་ཏིང་འཛིན་ལ་གོམ་པས་སོ།། སྦྱངས་པ་དང་ནི་སང་བ་ནི། ཉེ་བར་མཚན་པ་སྟེ། སྦར་བར་ཡང་བྱའོ།། སྙིང ་ལྐོག་མ་དག་ནི་ལག་པ་ཡང་སྦྱར་བཱར་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ཚིམ་པར་བྱའོ།། ཞེས་མདོར་བསྟན་པའོ།། རྒྱས་པར་བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་གིས་སྦྱང་བ་སྟེ། ཡི་གེ་ཨཱ་ཡིས་བསད་པར་པ།། ཨོཾ་གྱིས་མནན་ཞིང་སྦར ་བར་སྟེ། འདི་ནི་བཟའ་བ་སྒྲུབ་པ་ཡིན་ཞེས་སྨོས་ཏེ།། རེ་ཞིག་དང་པོ་ཡི་གེ་ཡི་མ་ལས་རླུང་གི་དཀྱིལ་འཁོར་དང་ཨ་ལས་པདྨའི་མེའི་དཀྱིལ་འཁོར་ལ་པཾ་ལས་པདྨའི་སྣོད་དུ་མར་བི་ཤུ་མུའི་ས་བོན་དང་། ཀོ་ཀུད་ཧ་ན་དང་བཅས་པའི་ས་བྱོན ་བཀོད་དེ། ཡི་གེ་བཅུ་ཡོང་སུ་གྱུར་པ་ལས། ག་བུར་དང་གླ་རྩི་དང་། བཞི་མཉམ་པ་དང་། རང་བྱུང་། རྩ་མཆོག་གི་རྫས་དང་། གདོང་འགུལ་བ་དང་། སྙིང་མོའི་བུ་དང་། སྣ་ཅན་དང་། མགྱོགས་པ་དང་དྲང་སོང་གི་བུ་ལས་སྐྱེས་པའི་བེ་ཤ་ཏ་བསྒོམས ་ཏེ། བཅུ་འདྲེས་ཤིང་སྒྲོན་མ་ལྔ་བསམ་ལ།། དེའི་སྟེང་དུ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་ས་བོན་ལྔ་བཀོད་དེ། དེ་ཉིད་ཀྱི་འོད་ཟེར་གྱིས་ན་མཁའ་ན་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་བཀུག་ལ་དེ་ཉིད་དུ་བཅུག་སྟེ། དེ་ལས ་བྱུང་བའི་རྣམ་པར་སྣང་མཛད་ལྔ་སོགས་པ་ཞལ་གསུམ་ཕྱག་དྲུག་པ་སེམས་དཔའ་གསུམ་གྱི་བདྲག་ཉིད་དཀྱིལ་འཁོར་པ་མ་ལུས་པར་བཀོད་པར་བསམས་ཏེ། སྙོམས་པར་ཞུགས་པའི་དབང་གིས་ཞུ་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་དབའ་རླབས ་གྱུར་པར་བསྡུས་ཏེ། དེ་ལ་ཡི་གེ་ཧཱུཾ་སྔོན་པོ་དགོད་ཅིང་དེ་སྦྱངས་པར་བྱས་ལ་ངག་གི་དབང་ཕྱུག་གི་ས་བོན་གྱི་སད་བ་ནི། གཡས་དང་གཡོན་དུ་བཀོར་བས་ཡི་གེ་ཨོཾ་དགོད་ཅིང་འོད་ཟེར་ལྔ་འཕྲོ་བར་བསམས་ལ།། དེ་ཉིད་ཀྱིས་དེ་བཞིན་གཤེག ་པ་ཐམས་ཅད་ཞུགས་ཤིང་བདུད་རྩི་སྒྲུབ་པ་བསྒོམ་མོ།། དེ་ཉིད་ཀྱི་ཕྱིར་འདི་ནི་བཟའ་བ་སྒྲུབ་པ་སྟེ། བདུད་རྩི་ལྔའི་ཁ་ཟས་བསྒྲུབ་པའོ།། དེ་ནས་ལྐོག་མའི་ཕྱོག་སུ་ཧྲཱི་དམར་མོ་ཡོངསུ་གྱུར་པ་ལས་པདྨ་འདབ་མ་བརྒྱུད་པ་དམར་པོ ་བསམས་ཏེ། དེའི་ལྟེ་བར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་བསམས་ལ། དེའི་རྩེ་མོ་དབུས་མ་ལ་ཡི་གེ་ཨོཾ་བཀོད་ཅིང་ཡེ་ཤེས་སེམས་དཔའི་ཐུག་ས་ཀར་རཾ་ལས་སྐྱེས་པའི་གྲུ་གསུམ་གྱི་དབུ་སུ་ཁ་དོག་དམར་པོའི་ལྕེ་གསུམ་སྤྲོ་བའི་སྦྱིན་སྒྲ ་བསམས་ཏེ། ཁ་ནི་མི་ཐབ་དང་། ལག་པ་གཡོན་པ་དང་གཡས་པ་ནི་དགང་གཟར་དང་། བླུགས་གཟར་ཏུ་བསམས་པའི་ཆོ་ག་བཞིན་དུ་ཡི་གེ་དགོད་པ་བསམས་ཏེ། བདུད་རྩིའི་སྣོད་བླངས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷ། སིདྷརྨྨ་སྭ་བྷཱ་བ་ཤུདྡྷོ་ཊཧཾ་ཞེས ་བྱ་བ་འདིས་རང་བཞིན་དག་པར་ལྷག་པར་སྨོས་ཏེ། དཀྱིལ་འཁོར་བ་རྣམས་ལ་སུམ་ཅུ་གཉིས་ཀྱི་ཐིགས་པ་སྲིན་ལག་དང་མཐེ་བོ་དག་གིས་ཕུལ་ལ།། ངག་གི་པདྨའི་ལམ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མེ་ལ།། བསྲེག་པར་བྱའོ།། དེ་ན་ནང་གི་སྦྱིན ་སྲེག་གོ།། དེ་དུས་བརྩམས་ཏེ་དེ་ནི་རྟོག་པ་མེད།། དེ་ཡི་ཁ་དོག་དབྱིངས་དང་མཚན་ཇི་བཞིན།། བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ།། བྱ་བ་བྱས་པས་སྡོམ་པ་དེ་ལ་ཐོབ་ཅེས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦུང་\ུ0f7fབཱས་ལས་གསུངས་པའོ།། དེ་ཉིད ་བཤད་པ། དང་པོ་ལྐོག་མར་པདྨ་བསམ།། དེ་ལ་ཡི་གེ་ཧྲཱི་ལས་བྱུང་།། འདབ་མ་བརྒྱད་པའི་པདྨ་ནི།། ལྟེ་བའི་སྟེང་དུ་ཧཱུཾ་ཡིག་བསམས་ཤེས་མོས་ཏེ།། ལྐོག་མའི་པདྨ་ནི་ལྕེ་རྩའོ།། ཧྲཱིཿལས་བྱུང་ཞེས་བྱ་བ་ནི་ཁ་དོག་དམར་པོའི་ཧྲཱིཿལས་བྱུང་བའོ།། ་པདྨ་འདབ་མ་བརྒྱད་པ་ནི་ངག་གི་རྣམ་པར་དག་པ་སྟེ། ངག་གི་དབང་ཕྱུག་གི་མཚན་མ་ཡིན་པའི་ཕྱིར་རོ།། ལྟེ་བའི་སྟེང་དུ་ནི་པདྨའོ།། ཧཱུཾ་ནི་རྣམ་པར་ཤེས་པ་དང་བཅས་པ་ལྕེའི་དབང་པོ་བསྐྱེད་པའི་ཕྱིརརོ།། དེ་ནས་ཅི་བྱ་ཞེས་ན། བཤད་པ་ཧཱུཾ་ཡིག་ལས་བྱུང་རྡོ་རྗེ ་ཚེ།། རྩེ་ལྔ་པ་ནི་རྣམ་པར་བསྒོམ།། ལྐོག་མ་སྦྱོང་བའི་ཡི་གེ་ཨོཾ།། དབུས་མའི་རྩེ་ཡི་རྩེ་མོར་དགོད་ཅེས་སྨོས་ཏེ། ཧཱུཾ་ཡིག་ལས་བྱུང་བ་ནི་ཁ་དོག་སྔོན་པོ་སྤྲིན་སྒྲ་ལས་བྱུང་བའོ།། རྡོ་རྗེ་ཚོན་ལྕེའི་དབང་པོ་རྣམ་པར་དོག་པའི་རང་བཞིན་ནོ།། རྩེ་ལྔ་ནི་བདུད་རྩི ་ལྔ་མྱང་བའི་ཕྱིར་རོ།། དབུས་མའི་རྩེ་ནི་རྡོ་རྗེ་ལྕེའི་རྩེ་མོའོ།། ཡི་གྲེ་ཨོཾ་ནི་འཇུག་པའི་རང་བཞིན་དགོད་པར་བྱའོ་ལྐོག་མ་སྦྱོང་བ་ཞེས་ཉེ་བར་བསྡུ་བའོ།། སྙིང་ཀ་སྦྱང་བ་བཤད་པར་བྱ་སྟེ། སྙིང་ཀ་སྤྲིན་སྒྲ་བསམས་ནས་ནཱི། དེ་ལས་མེ་ལྕེ་སྤྲོ་བར་བྱ། ཞེས ་བྱ་བ་སྨོས་ཏེ་སྤྲིན་ནི་ཡི་གེ་ཧཱུཾ་སྟེ་ཁ་དོག་དང་སྒྲས་སྤྲིན་དང་འདྲ་བའི་ཕྱིར།། སྙིང་གར་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཐུགས་ཀར་གྲུ་གསུམ་གྱི་དབུས་སུའོ།། མེ་ལྕེ་ཞེས་བྱ་བ་ནི་མེ་ལྕེ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་རང་བཞིན་ནོ།། དེ་ལས་སྤྲོ་བ་ནི ་གྱེན་དུ་སྤྲོ་བ་བསྒོམ་པར་བྱའི།། ཚིམ་པའི་ཆོ་ག་བཤད་པར་བྱ་སྟེ།། དེ་ལས་བཟའ་བ་བསྲེག་པ་ནི།། ནང་གི་སྦྱིན་སྲེག་འདི་ཡིནོ་ཞེས་སྨོས་ཏེ། དེ་ལ་ནི་དམ་ཚིག་དང་ཡེ་ཤེས་སེམས་དཔའི་ཞལ་ནས་སྤྲིནྨ་སྒྲ་འབར་བའི་མེ་ལའོ།། བསྲེག་པ་ནི་དགང་བླུགྶས ་དབུལ་བའོ།། དེ་བས་ན་ནོང་གི་སྦྱིན་སྲེག་ནི་ཕྱིའི་ཏིལ་མར་ལོ་སོགས་པ་ལ་མི་བལྟོས་པའི་ཕྱིར་རོ།། དེ་ནི་བཟོའ་བ་དང་དབྱང་བའི་ཆོ་གའི་སྒོ་ནས་ནང་གི་སྦྱིན་སྲེག་ཉིད་སྤྲོས་ནས་བཤད་པར་བྱ་སྟེ། རླུང་གིས་མེ་ནི་སྦར་བ་དང་། ཆུ་ཡིས་ཡོངསུ་སྨིན་པར ་དབང་ཆེན་གྱིས་ནི་དཀྱིལ་འཁོར་གནས།། གང་དུ་སྲེག་བླུགས་ཡང་དག་གནས།། བཟའ་བ་བཏུང་བ་གང་ཡང་རུང་།། དེ་ཀུན་དེ་ནི་འཛིན་པར་བྱེད་ཅེས་སྨོས་ཏེ། འདིར་ལུས་པོ་འདི་ལ་དཀྱིལ་འཁོར་ནི་བཞི་སྟེ། སའི་དཀྱིལ་འཁོར ་འཛིན་པའི་རང་བཞིན་གྲུ་བཞི་པ་གསང་བའི་གནས་སུའོ།། ཆུའི་དཀྱིལ་འཁོར་ཚིམ་པའི་རང་བཞིན་སྙིང་ཀ་ནའོ།། མེའི་དཀྱིལ་འཁོར་འཚེད་པའི་རང་བཞིན་གྲུ་གསུམ་པ་ལྐོག་མ་ནའོ།། རླུང་གི་དཀྱིལ་འཁོར་འབུད་པའི་རང་བཞིན་གཞུའི་དབྱིབས་ཅན ་དེ་ལྟེ་བ་ནའོ།། དེ་ལ་བཟའ་བ་དང་། བཏུང་བའི་དུ་སུ་བཟའ་བ་དང་། གཏུང་བ་ལ་སོགས་པ་སྔར་བཀོད་པའི་རིམ་གྱིས་བདུད་རྩི་ལྔར་བྱས་ལ། ཁྭའི་པདྨར་ཞུགས་ཏེ། གསང་བའི་པདྨ་ལ་གནས་པའི་སའི་ཁམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་གྱིས ་འཛིན་ལ། ལྟེ་བའི་པདྨ་ལ་གནས་པའི་རླུང་གི་དཀྱིལ་འཁོར་གྱིས་ལྐོག་མར་གནས་པའི་མོའི་དཀྱིལ་འཁོར་འབུད་ལ། སྙིང་ག་ན་གནས་པའི་ཆུའི་དཀྱིལ་འཁོར་ལྷན་ཅིག་བྱེད་པའི་རྒྱུའི་རང་བཞིན་གྱིས་འཚེད་པར་བྱས་ལ། རྩ་རྒྱུད་ཐམས་ཅད་ལ་ཀུན ་ཏུ་སྦྱང་བའི་རིམ་གྱིས་ཁྱབ་ཅིང་ཚིམ་པར་བྱའོ།། དེ་ཉིད་བཤད་པར་བྱ་སྟེ། ཁ་ཡིས་པདྨས་བཟའ་བ་ནི།། སྙིང་གའི་པདྨར་ཡང་དག་འཇུག། ལྟེ་བའི་པདྨར་གནས་པ་ནི།། ཁ་སྱཱང་སྦྱོར་བའི་བྱེད་པ་ཡིས།། གསང་བའི་པདྨ་ལས་བྱུང་བའི།། མཐའ་མར་ཐལ ་བར་ངེས་པར་བསྟན་ཞེས་སྨོས་ཏེ། དེ་ལ་ཁའི་པདྨ་ནི་ལྐོག་མའི་མེའི་དཀྱིལ་འཁོར་གྱི་རང་བཞིན་ངེས་བཟའ་བ་ལ་སོགས་པ་བཟའ་བར་བྱ་སྟེ། དེའི་ཚེ་འོད་དཔག་ཏུ་མེད་པའི་ང་རྒྱལ་བྱའོ།། སྙིང་གའི་པདྨ་ནི་ཆུའི་དཀྱིལ་འཁོར་ལ་འཇུག་པ་ནི་དེའི་ཚེ་མི ་བསྐྱོད་པའི་ང་རྒྱལ་བྱའོ།། ལྟེ་བའི་པདྨ་ནི་རླུང་གི་དཀྱིལ་འཁོར་ཏེ། དེ་ལ་གནས་པ་ན་དེའི་ཚེ་དོན་ཡོད་གྲུབ་པའི་ང་རྒྱལ་བྱའོ།། ཐ་དད་པའི་གནས་ལ་གནས་པའི་བཟའ་བ་ལ་སོགས་པ་ཇི་ལྟར་འཚེད་པར་འགྱུར་ཞེ་ན། སྨྲས་པ་ཁ་སྦྱོར་བྱེད་པའི་སྦྱོར་བ ་ཡིས་ཞེས་བྱ་བ་ནི་རླུང་དང་མེ་ནི་ཐ་དད་པའི་ཕྱོགས་ལ་གནས་པ་ཡིན་ན། ངོ་བོ་ཉིད་ཀྱི་གམ་ན་གནས་ལ་བཞིན་ནོ།། དེ་ལྟར་དབང་ཆེན་དང་ཆུ་དག་ལ་ཡང་ཤེས་པར་བྱའོ།། ཁ་སྦྱོར་བྱེད་པ་ནི་མེ་དྲང་རླུང་དག་གིས་སྦར་པ་དང་། སྨིན་པོའི་དོན་དུའོ།། ་ས་དང་ཆུ་དགཽ་ལས་འཛིན་པ་དང་། སྨིན་པ་ལ་ལྷན་ཅིག་བྱེད་པ་ཉིད་ཤེས་པར་བྱའོ།། གསང་བ་ནི་པདྨ་འམ་བཤང་སྒོའི་ལམ་ནས་འབྱུང་ཞིང་ཕྱི་རོལ་ཏུ་ཕྱུང་ལ་ཐལ་བར་ངེས་པར་བསྟོན་པ་ནི་མེའི་ལས་བྱས་ནས་ཐལ་བའི་རང་བཞིན་གྱིས་བཤད་པ ་དང་། གཅི་བ་གཏང་བར་བྱའོ།། དེའི་ཚེ་རྣམ་པར་སྣང་མཛོད་ཀྱི་ང་རྒྱལ་བྱའོ།། སྣང་གི་སྦྱིན་སྲེག་གི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། རྒ་བ་མ་ཡིན་ན་བ་མན་ནི། འཆི་བ་མ་ཡིན་དུ་སོགས་མིན། དེ་ནི་དུས་མིན་འཆི་བ་མིན།། འཚེ་བ་ཐམས་ཅད་རྣམས ་འཇོམས་པའོ་ཞེས་སྨོས་ཏེ། རྒས་པ་ནི་རྒས་པ་ཉིད་དེ་སྐྲ་དང་ཁ་སྤུ་དཀར་པོ་དང་། ལྤགས་པ་ཀུམ་པ་ཉིད་དོ།། ནད་ནི་རིམས་ལྀ་སོགས་པའོ།། འཆི་བ་ནི་སྲོག་གི་དབང་པོ་འགགས་པས་སྲོག་ལ་སོགས་པ་མི་རྒྱུ་བའོ།། དུག་ནི་བརྟན་པ་དང་གཡོ་བ་ལ་སོགས་པ ་བྱས་པའི་ཉེས་པའོ།། དུས་མིན་འཆི་བ་ནི་གཞོན་པའི་དུསུ་འཆི་བའོ།། འཚེ་བ་ཐམས་ཅད་ནི་གདོན་ལ་སོགས་པ་རྣལ་འབྱོར་པ་དེ་ལ་མེད་བདུད་རྩི་མྱང་བའི་ཕྱིར་རོ་ཞེས་ཕན་ཡོན་ཏེ། ཡན་ལག་དགུ་པའོ།། ད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་བསྡུས་དེ། ་ལྷག་མ་ཡན་ལག་གསུམ་བྲི་བར་བྱའོ།། འདིར་གཞལ་བྱའོ།། འདིར་གཞལ་བྱ་ཙམ་གཙོ་བོ་ཡིན་པས་གཞུང་མཁན་གྱིས་མ་བསྟན་ནོ།། འདིར་ཚིགསུ་བཅད་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་ཅིང་། དེ་ནས་གཏོར ་མ་གཏང་བར་བྱ།། དེ་རྣམས་གཤེགསུ་གསོལ་བྱས་ནས།། ཕྱི་ནས་ཅི་བདེར་ཉོལ་བར་བྱ།། འདི་ནི་མདོར་བསྟན་པ་སྟེ། དང་པོ་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པ་བྱ་ན་བྱི་ནཱ་གཏོར་མ་གཏང་བ་སྟེ། གཤེགསུ་གསོལ་ཞིང་ཉལ་བར་བྱའོ།། ་རྒྱས་པར་བཤད་པ་ནི།། ཕྱི་དང་ནང་གི་དབྱེ་བ་དང་། གསང་བ་ཡིན་ནི་དབྱེ་བ་དང་། དེ་བཞིན་བླ་མེད་དབྱེ་བ་ཡིས། མཆོད་པ་རྣམ་པ་བཞི་རུ་འདོང་སྟེ་དོན་གསལ་ལོ།། ཡང་བཤད་པ་ནི། ཕྱི་ནི་མཆོད་པ་ལྔ། ནང་ནི་ལྕགས་ཀྱུ་སྒྲོནརྀ་མ་སྟེ། ་ཕྱག་རྒྱའི་སྦྱོར་བ་གསང་བ་ནི། བླ་མེད་རྣམ་པ་བདུན་དུ་འདོད་ཅེས་སྨོས་ཏཱཾ། དེ་ལ་ཕྱིའི་ནི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་ལྷག་བཤོས་ཏེ་རྣམ་པ་ལྔའོ།། ནང་གི་ནི་ལྕགས་ཀྱུ་ལྔ་སྟེ། གོ་ཀུ་ད་ཧ་ནའོ།། སྒྲོན་མ་ལྔ་སྟེ། མར་བཽ་ཤུ་མུའོ།། ་ཕྱག་རྒྱ་ནི་གསུམ་ཏེ། ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱའོ།། དེའི་སྦྱོར་བ་ལས་སྐྱེས་པའི་གསང་བ་ནི་སྙོམས་པར་འཇུག་པའི་མཚན་ཉིད་དོ།། བླ་ན་མེད་པའི་མཆོད་པ་ནི་བདུན་ཏེ། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་དང་། སྡིགས ་པོ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་གནས་པ་དང་། བདག་ཉིད་གཡལ་བ་དང་། བསོད་ནམས་བསྔོ་བའི་མཚན་ཉིད་དོ།། དེ་རྣམས་ཀྱི་ཆོ་ག་རིམ་གྱིས་བཤད་པར་བྱ་སྟེ། ་རེ་ཞིག་དང་པོ་རྣོལ་འབྱོར་པ་སྣོད་མཛེས་ཀྱི་རྒྱལ་པོའི་ཏིང་འཛིན་དང་ལྡན་པས་གཙུག་ལག་ཁང་ངམ། ཀུན་དགའ་རཱ་བ་འམ། གྲོང་ངམ་གྲོང་རྡལ་ལམ།། རྒྱ་མཚོའི་འགྲམ་དུ་འཇམ་པ་དང་། སྣུམ་པ་དང་ཁ་དོག་དཀར་པོའི་ས་ཕྱོགསུ་དངོས་གྲུབ་ཀྱི ་དབྱེ་བས་པུས་མོ་དང་། ལྟེ་བ་དང་རྐེད་པ་ཙམ་བརྐོས་ལ། ཐལ་བ་དང་། རུས་པ་དང་། ཟུག་རྔུ་དང་རྡོ་དང་། མི་གཙང་བའི་རྫས་རྣམས་རྟོན་ཏེ། ཁུང་བུ་ཡང་ཆུས་བཀང་བར་བྱས་ལ། རྡོ་རྗེ་ཤུགས་ཀྱིས་གོམ་པ་བརྒྱར་སོང་སྟེ། ལོག་ནས་གལ་ཏེ་ཆུ་དེ ་དེ་བཞིན་དུ་གནས་ན་དེའི་ཚེ་འདི་ནི་ཞིང་བདག་མེད་པ་ཞེས་རྟོགས་པར་བྱའོ།། གང་གིས་ཚེ་ཆུ་ནང་དུ་ཐིམ་ན་དེའི་ཚེ་ཞིང་བདག་དང་ལྡན་པའི་ས་འདི་ཡིན་ནོ།། ཞེས་སྔགས་དང་ཕྱག་རྒྱས་དེ་ལ་གཏོར་མ་བཏང་ངོ་།། དེ་ནི་དེ་བསྐྲད་པར་འགྱུརརོ།། སྔགས་ནི ་ཨོཾ་ཛྲཱྀཾ་སྭཱ་ཧཱ་རྡོརྗེ་ཁུ་ཚུར་གཉིས་བརྡུང་བའི་ཚུལ་བརྡེག་པ་ནི་ཞིང་སྐྱོང་བསྐྲོད་པའི་ཕྱག་རྒྱ་སྟེ། ས་བཛྲ་བའི་ཆོ་གའོ།། །། དེ་ནས་དྲིལ་ལམ་གྱིས་གཞན་བདུད་རྩི་ལྔའི་ཆུ་དང་ལྡན་པས་ཁུང་བུ་བཀང་བར་བྱ།། བདུད་རྩི་འཁྱིལ་བཟླས་པའི་ཐི་བས ་བརྟན་པར་བརྡུངས་ལ། དེའི་ནང་དུ་ཨིནྡྲ་ནཱི་ལ་དང་། མརྒད་དང་། པདྨ་རཱ་གཱ་དང་། བཻ་ཌཱུརྱ་དང་། ཤེལ་ཏེ། མེ་ཏོག་དང་། གླ་རྩི་ལ་སོགས་པ་དང་ལྡན་པ། ཟ་མ་ཏོག་ལ་གནས་པ་བཞག་པར་བྱའོ།། ཞེས་གཏོར་གཞུག་པའི་ཆོ་ག་གའོ།། ་དེ་ནས་གནོད་མཛེས་ཀྱིས་བཟླས་པའམ། བདུད་རྩི་འཁྱིལ་བས་བཟླས་པའི་བདུད་རྩི་ལྡེ་དང་ལྡན་པའི་དྲི་ཞིམ་པའི་ཆུས་དཀྱིལ་འཁོར་གྱི་ས་གཞི་ཀུན་ཏུ་ཁྲུ་བཅུ་གཉིས་པའམ། ལོགས་རེ་རེ་ལོ་ཁྲུ་གཉིས་ཡོད་པ་བྱུགས་ཏེ། མེ་ཏོག་དགྲམ་ཞིང་དབུས་ཀྱི ་ཆ་ལས་བྱུང་བ་ལུས་ཕྱེད་མི་མངོན་པ་ཁ་དོག་སེར་མོ་ཞལ་ཅིག་ཕྱག་གཉིས་པ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཀྱིས་རིན་པོ་ཆེས་བཀང་བའི་གསེར་གྱིས་བུམ་པ་བསྣམས་པ་སའི་ལྷ་མོ་བསྒོམས་ཏེ། ཐལ་མོ ་སྦྱར་ཞིང་དེ་ལ་གསོལ་བ་གདབ་པར་བྱའོ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། སྤྱོད་པའི་ཚུལ་གྱི་ཆོ་ག་དང་། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དཔང་དུ་གྱུར།། ཁྱོད་ནི་སེམས་ཅན་ཀུན་གྱི་མ། ཁྱོད་ནི་ཁམས་གསུམ་པ་ཡི་གཞི།། ་ཁྱོད་ནི་མངོན་སུམ་ལྷ་མོ་སྟེ། པདྨ་གཽ་ལ་དགྱེས་པར་མཛད་དུ་གསོལ།། ཆེ་གེ་མོ་ཞེས་བདོག་སྔགས་པ།། ཐུགས་ཀྱི་རྡོ་རྗེ་དཀྱིལ་འཁོར་མཆོག། ཁྱོད་ནི་ཀུན་ཏུ་དབང་བྱས་ནོས།། ནང་པར་དཀྱིལ་འཁོར་བྲི་བར་བྱ།། ཞེས་ཞུས་ཏེ་མཆོད་པ་རྣམ ་པོ་ལྔས་མཆོད་ལ་སྤོས་དང་དྲིལ་བུའི་སྒྲས། ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད་ཅེས་བྱ་བ་ལ་སོགས་པས་གཤེགསུ་གསོལ་ཏོ།། དེ་ཉིད་དུ་ཐིམ་པར་བས་མོ་ཞེས་ས་གཞི་གཟུང་བའི་ཆོ་གའོ།། ། དེ་ནས་དེའི་དབུསུ་ཧཱུཾ་ལས་བྱུང་། ་ཆོས་འབྱུང་བའི་ཕྱག་རྒྱ་བསྒོམས་ཏེ། དེའི་སྟེང་དུ་ཡ་ར་ལ་ཝའི་ས་བོན་ཡོངསུ་གྱུར་པོ་ལས་སྔར་བཤད་པའི་རིམ་གྱིས་རླུང་ལ་སོགས་པའི་དཀྱིལ་འཁོར་བསྒོམས་ལ་དེའི་སྟེང་དུ་ཧྲཱིཿལས་བྱུང་བཱི་བདྷན་པ་བརྒྱད་པ་དམར་པོའི་མཆོད་རྟེན་གྱི་ལྟེ་བར ་སུམ་ལས་སྐྱེས་པའི་མཆོད་རྟེན་གྱིས་བུམ་པའི་ནང་དུ་བྷྲཱུཾ་ལས་སྐྱེས་པ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་ཡོངསུ་གྱུར་པ་ལས་སྔ་མ་བཞིན་དུ་གཞལ་ཡས་ཁང་བསྒོམས་ཏེ། དེའི་དབུསུ་སྣ་ཚོགས་པདྨ་དང་། ཉི་མའི་གདན་བཀོད་ལ་དེའི་ནང་ནས ་ཅིག་ཅར་དུ་བྱུང་བ་མི་བསྐྱོད་པའི་དཀྱིལ་འཁོར་བ་ལྟས་ཏེ། མཆོད་པ་རྣམས་པ་ལྔས་མཆོད་ཅིང་གཤེགསུ་གསོལ་བ།། དྲིའི་ཐིག་ལེ་བྱས་ནས་མཆོད་ཅིང་བཞག་པར་བྱའོ་ཞེས་ཡེ་ཤེས་ཀྱི་ས་གཞི་བསྒྲུབ་པའི་ཆོ་གའོ།། དེ་ནས་ཧ་ལས ་བྱུང་བ་སྣ་ཚོགས་རྡོ་རྗེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང་སྟེང་དུ་རྡོ་རྗེའི་བླ་རེ་དང་། ཕྱོགས་ཀུན་ཏུ་རྡོ་རྗེའི་ར་བ་དང་། དྲ་བ་དང་མདའི་དཱ་བ་དང་། མེ་འོད་དེ་རིགས་དྲུག་གི་རང་བཞིན་བཅིང་བར་བྱ་བ་ནི་བསྲུང་བའི་འཁོར་ལོའི་ཆོ་གའོ།། ་ཞག་གཉིས་པ་ལ་ཀུ་ཤའི་སྟན་ལ་འདུག་སྟེ། དགེ་བ་དང་མི་དགེ་བ་མཐུན་པའི་མཚན་མ་མཐོང་བས་བགེགས་བསྐྲད་པའི་དོན་དུ་བཞི་ཆོས་སྦྱིན་སྲེག་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་ཆུས་ས་གཞི་ལ་བསང་གཏོར་བྱས་སྟེ། ་བགེགས་ཞི་བའི་ཆོ་གའོ།། ཞགས་གསུམ་པ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཕྱོགས་བཅུའི་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་གནོད་མཛེས་ཀྱིས་བཀུག་ནས་སྟེ། རང་རང་གི་གནས་སུ་བཞག་ལ་རྐང་པའི་འོག་ཏུ་དགོད ་བཱ་ཡི་གེ་ཧཱུཾ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་ཅན་གྱི་རྣལ་འ་བྱོར་པ་རྡོ་རྗེ་དང་དྲིལ་བུ་ཐོ་ཁ~ཾ་ཁྲོ་ཧཱུ~ཾ་ཚིགས་ཁྲོ་བོའི་སྤྲོ་བཟླས་པ་དཀྱིལ་འཁོར་གྱི་སྒོ་ཕྱོགས་དང་། མཚན་སུ་གཡས་བརྐྱང་བ་དང་། གཡོནྡ་བརྐྱང་བ་དང་། རྐང་པ་མཉམ་པ་དང་། རྐང་པ ་མི་མཉམ་པ་ལ་སོགས་པ་རྐང་པའི་ཚུལ་དང་། ཐལ་མོ་སྦྱོར་བ་དང་། པདྨ་བཅིངས་པ་དང་། རྡོ་རྗེ་ཁུ་ཚུར་དང་། མཆོག་སྦྱིན་པ་དང་། ཏིང་འཛིན་དང་། མི་འཇིགས་པ་དང་། ས་གནོན་ལ་སོགས་པའི་ལག་པའི་ཕྱག་རྒྱ་དང་། སྟེང་དུ་ལྟ་བ་དང་། ་འོག་ཏུ་བལྟ་བ་དང་། གཡོན་དང་། གཡས་དང་། དལ་བུས་བལྟ་བ་དང་། ནང་དུ་ལྟ་བ་དང་། མི་དམིགས་པ་ལ་སོགས་བལྟ་བའི་ཕྱག་རྒྱ་དང་། དྲུག་ལྡན་དང་། ཁྱུ་མཆོག་ཧཱུཾ་དང་། ས་འཛིན་དང་། བར་མ་དང་། ལྷ་དང་ལྔ་པ་དང་། ་གདུག་པ་ལ་སོགས་པ་དབྱངས་ཀྱི་ཁྱད་པར་གྱིས་གླུ་ལེན་པས་དཀྱིལ་འཁོར་གྱིས་ས་གཞི་ཀུན་ཏུ་བསྐོར་ནས་ཤར་ཕྱོགསུ་ཁ་བལྟས་པས་འདུག་སྟེ། བར་སྣང་ན་མཁའི་དེ་བཞིན་གཤེགས་པ་ལ་མཆོད་ཅིང་གུར་ཀུམ་ལ་སོགས་པས་བྱུགས་པའི ་ས་དཀར་པོས་དཀྱིལ་འཁོར་བཀབ་པར་བྱ་བ་ནི་དཀྱིལ་འཁོར་གྱི་ས་གཞི་ལ་བྱིན་གྱི་བརླབས་པའི་ཆོ་གའོ།། ། ཞག་བཞི་པ་ལ་རིན་པོ་ཆེ་འམ། འབྲུ་གསུམ་ཁམས་ལ་བྱུང་བ་ཅི་ནུས་པས་རྣམ་པ་ལྔའི་རྡུལ་ཚོན་བླངས་ལ་སངས་རྒྱས ་སྔགས་ཀྱིས་བསང་གཏོར་བྱ་ཞིང་དེ་ལོས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་བཀུག་ཅིང་དེ་ཉིད་དུ་བཅུག་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོའི་ལྷོ་ཕྱོགསུ་བཞག་ལ། བུ་མོས་སྒྲིལ་བའི་ཚོན་སྐུད་ལྔ་ཨ་ནྱོ་རྒྱ ་ནུ་ག་ཏ་སརྦ་དྷརྨྨ་ཞེས་བྱ་བའི་སྔགས་གསུམ་གྱིས་བསྒྲིལ་ཏེ། སྣལ་མ་ལས་བྱུང་བའི་འོད་ཟེར་གྱིས་པར་སྣང་གི་ན་མཁའ་ལས་དེ་བཞིན་གཤེགས་པ་བཀྲོག་ཅིང་བཅུག་ལ་རྡོ་རྗེའི་ཐིག་སྐུད་རྫོགས་ཤིང་། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི ་སྔགས་ཀྱིས་ཁ་སྦྱོར་གྱི་ནང་དུ་བྱིན་གྱིས་བརླབས་བདག་ཉིད་མི་བསྐྱོད་པ་དང་། ཕྱག་རྒྱ་མཱ་མ་ཀཱིར་དམིགས་ལ། དེ་མེད་ན་སློབ་མ་བདུད་རྩི་འཁྱིལ་བ་འམ། རྡོ་རྗེ་སེམས་དཔའ་བསམ་ལ། སློབ་དཔོན་དང་སློབ་མ་དག་གི་ན་མཁའི་ལ་ཐིག་བཏབ ་ཅིང་ཚངས་པའི་ཐིག་གཉིས་གདབ་པར་བྱའོ།། དེ་ནས་མེའི་མཚམས་ནས་བརྩམས་ཏེ། གཡས་སུ་བསྐོར་བས་ཐིག་གདབ་པོ།། ཆ་ཆེན་པོ་བཅུ་དྲུག་ཐིག་གདབ་ཅིང་ཕྱི་དང་ནང་གི་དཀྱིལ་འཁོར་ཕྱེད་ཕྱེད་དུ་བྱས་ལ། ནང་གི་ཕྱེད་ལ་ཆ་ཆེད་པོ་བཞི་ལ་ཆ ་གསུམ་དུ་བྱས་ཏེ། རྡོ་རྗེ་གུར་ནི་ཆ་ཆུང་བཞི་དང་ལྷག་མ་ཆ་ཆེན་གསུམ་གྱི་ཆ་ཆུང་བཅུ་གཉིས་ཀྱིས་རེ་མིག་དགུ་འབྱུང་ངོ་།། ཆེན་པོ་གཅིག་གིས་མཆོད་པའི་ལྷ་མོའི་རེ་མིག་གི་ཐིག་གདབ་པར་བྱའོ།། ཆ་ཆུང་གསུམ་དང་ཆ་ཆུང་གཅིག་གིས་བྱང་ཆུབ་སེམས ་དཔའི་གནས་དང་། རྡོ་རྗེ་ར་བའི་ཐིག་གདབ་པར་བྱའོ།། ཕྱོགས་གཉིས་པ་ལ་ཡང་དེ་བཞིན་ནོ།། ཕྱིའི་ཆ་ཆེན་པོ་ལ་བརྒྱད་དེ། དེ་ལ་ཕྱོགས་གཅིག་གི་ཆ་ཆེན་པོ་བཞི་ལ་ཆ་ཆུང་བཅུ་དྲུག་ཡིན་ཏེ་དེ་པན་ཙཽ་རེ་ཁཱ་ལ་ཆ་ཆུང་གཅིག་དང་། འོདོད་ཡོན་ལ ་གཉིས་དང་། རིན་ཆེན་ཕ་གུ་ལ་གཅིག་དང་། དྲ་བཽ་དང་། དྲ་བ་ཕྱེད་པ་ལ་གཉིས་སྔོ།། གཡེར་ཁའི་དྲ་བ་ལ་གཅིག་དང་བཅུ་གཅིག་རྡོ་རྗེ་ལ་གཅིག་དང་། རྟ་བབས་ལ་བཞི་དང་། པདྨ་ལ་གཅིག་དང་། འཁོར་ལོ་ལ་གཉིས་དང་། གདུགས་ལ་གཅིག། ་རྗེ་བ་དང་མེ་འོད་ནི་ཆ་ཆུང་གསུམ་དུ་ཐིག་གདབ་པར་བྱ་སྟེ། མཛེས་པའི་ཕྱིརརོ།། འདིར་ཐིག་སྐུད་ཆད་པ་ལ་སོགས་པའི་ཉེས་པ་བྱུང་ན་བགེགས་གཏོར་དང་། ཞི་བའི་སྤྲིན་སྲེག་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་ཐིག་གདབ་པའི་ཆོ་གའོ།། དེ་ནས ་སྔར་ལྷག་མར་གནས་པར་བྱས་པོའི་རྡུལ་ཚོན་བདུད་རྩི་འཁྱིལ་པ་བཟླས་པོའི་སྒྲུབ་པོས་ལག་པ་གཡོན་པས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རྡུལ་ཚོན་དགྱེ་བར་བྱའོ།། སྣ་ཚོགས་པདྨ་དང་། ཟླ་བ་དང་། ཉི་མའི་གདན་བྲིས་ལ་དབུསུ་རྡོ་རྗེ་ནག ་བཻའི་ཕྱུགྶརྦྷ་བྲིའོ།། ཤར་ལ་སོགས་པའི་རི་མིག་ལ་འཁོར་ལྷོ་དང་། རིན་པོ་ཆེ་དང་། བྱཱདྠ་དང་། སྣ་ཚོགས་རྡོ་རྗེ་བྲི་བཱ་དང་། མེའི་ཚམས་ལ་སོགས་པའི་རེ་མུག་ལ། མྱིག་དང་རྡོ་རྗེ་དང་། པདྨ་དང་། སུཏྤ་ལ་རྨཱ། ་བྱུ་བའོ།། ཕྱིའི་མེའི་མཚམ་སུ་མཽ་ལོང་དང་། བདེན་བྲལ་དུ་པི་ཝང་དང་། རླུང་དུ་དུང་པོར་དང་། དབང་ལྡན་ལ་རོའི་སྣོད་དོ།། བྱང་ཆུབ་སེམས་དཔའི་སྣམ་བུ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང་། ནཱ་ག་ཀེ་ས་རིའི་ཡལ་ག་དང་རྡོ་དང་། ་རིན་པོ་ཆེ་དང་། པདྨ་དང་རལ་གྲི་དང་། ཡང་རལ་གྲི་དང་སྒོ་རྡོ་རྗེ་བྲིའོ།། སྒོ་དང་མཚམས་རྣམསུ་དབྱུག་ཏོ་དང་། དབྱུག་པ་དང་། པདྨ་དང་རྡོ་རྗེ་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། རྩེ་གསུམ་དང་། རལ་གྲི་རྣམས་བྲིའོ།། འོག་ནས་སྟེང་དུ་ནི་རྡོ་རྗེ་དང་འཁོར། ་ལོ་བྲིའོ།། ཁ་ཅིག་ན་རཾ་སྟེང་དུ་ནི་རིན་པོ་ཆེ་ནི་གཙུག་ཏོར་བྲིའོ།། ལྷག་པ་དང་མ་ཚང་བའི་ཉེ་བ་དང་བྲལ་བའི་དཀྱིལ་འཁོར་གསལ་པོ་བྲི་བར་བྱ་སྟེ། རྡུལ་ཚོན་དགྱེ་བའི་ཆོ་གའོ།། ཞག་ལྔ་པ་ལ་བུམ་པ་སུམ་ཅུ་རྩ་གཉིས་དང་། ལས་ཐམས་ཅད ་པའི་བུམ་པ་བསྡུ་བར་བྱ་སྟེ། ཆུ་ཚོགས་ན་དེ་བཞིན་གཤེགས་པ་ལྔ་དང་། ལྷ་མོ་བཞིའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པ་ཡང་བསྡུ་སྟེ། བཅུ་ལས་ཉུང་བར་མི་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། དེ་རྣམས་ཀྱང་ལོ་མས་ཁ་བརྒྱན་པ ་དར་གྱིས་བཅིངས་པ་མགྲིན་པ་རིང་བ། ལྟོ་བ་ཚ་ཞིང་རྩ་བ་དང་ནག་ནོག་མེད་པ། རང་རང་གི་མཚན་མ་འམ་ཡིག་འབྲུས་མཚན་པ། དྲི་ཞིམ་པའི་ཆུས་གང་ལཾ། འབྲུ་དང་རིན་ཆེན་དང་། སྨན་གྱིས་སྙིང་པོ་ཅན་བདུད་རྩི་ལྔ་དང་ལྡན་པ། དཀྱིལ ་འཁོར་གྱིས་གཡས་ཕྱོགསུ་རྡོ་རྒྱུས་ཀྱིས་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་དཀྱིལ་འཁོར་གྱི་རིམ་པས་བཞག་ཅིང་མེ་ཏོག་དོར་བར་བྱའོ།། རྣམ་པར་རྒྱལ་བའི་ནང་དུ་ཨོཾ་ཧཱུཾ་ལས་སྐྱེས་པ། ཟླ་བ་དང་རྡོ་རྗེ་ཡོངསུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ ་ཕྱག་དྲུག་པ་སྤྲོས་པ་དང་བསྡུ་བའི་རིམ་གྱིས་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བ་སྐྱེད་ལ། ལྷག་མ་རྣམས་ལ་དེ་བཞིན་དུ་དཀྱིལ་འཁོར་བུ་རྣམས་བཀྱེད་ཅིང་ལས་ཐམས་ཅད་པའི་བུམ་པ་ལ་ཡང་བདུད་རྩི་འཁྱིལ་པོས་སྡིགས་མཛུབ ་དོང་། རྡོ་རྗེ་གསོར་བར་བྱེད་པར་བསམས་ཏེ། རང་གི་རིག་མ་དང་གཉིས་སུ་མེད་པས་ཞུ་བོར་བས་མོ།། དེ་ནས་རེ་རེ་ལ་བཛྲཱ་དྷྲྀཀཱ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་སྔགས་ལ་མཆོད་པ་རྣམ་པ་ལྔས་མཆོད་ཅིང ་གཏོར་མ་གཏང་སྟེ། རས་དམར་པོས་དགབ་པར་བྱའོ།། ཞེས་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེའི་འོག་ཏུ་དང་པོ་སྦྱོར་བའི་ཏིང་འཛིན་ལས་གསུངས་པའི་ཡེ་ཤེས་ཀྱི་ས་གཞི་དང་། གཞལ་ཡས་ཁང་བསྒོམ་པས་དཀྱིལ་འཁོར་ལོ ་བསྒོམས་ཏེ། སྣ་ཁུང་གཡས་པ་དང་གཡོན་པ་ལ་ཡི་ཤེས་སེམས་དཔའ་འཁོར་དང་བཅས་པ་རང་རང་གི་གནས་ལས་བྱུང་ཞིང་། སྣ་ཚོགས་པདྨ་གསུམ་ཅུ་དང་། ཟླ་བ་དང་། ཉི་མའི་གདན་ལ་བཞུགསུ་གསོལ་ཞིང་ཐུགས་ཀའི་འོད་ཟེར ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བཅུག་ལ་རོ་མཉམ་པར་གྱུར་པར་བལྟས་ཏེ། དཀྱིལ་འཁོར་གྱི་གཡས་ཕྱོགསུ་བཞག་པའི་ཨརྒྷ་དང་། ཞབས་བསིལ་གྱི་སྣོད་དག་བླངས་ལ་རྡོ་རྗེའི་ཕྱག་རྒྱས་ཨརྒྷཾ་དང་ཞབས་བསིལ་ཕུལ་ཞིང་། མཆོད ་པ་རྣམ་པ་ལྔས་མཆོད་དེ། གཏོར་མ་གཏང་ནས་ཡི་གེ་བརྒྱ་བ་དང་བཅས་པའི་ཡི་གེ་གསུམ་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ག་ཤེགསུ་གསོ།། དམ་ཚིག་གི་འཁོར་ལ་ནི་དེ་ཉིད་དུ་བཞུགས་པར་ལྟས་ལ། ས་དམར་པོས ་བཀབ་མེ་ཏོག་གཏོར་བར་བྱའོ།། ཞེས་དཀྱིལ་འཁོར་ལྷག་པར་གནས་པའོ།། གལ་ཏེ་ཡོན་བདག་གིས་རབ་ཏུ་གནས་པར་བྱེད་པར་འདོད་ན་དེའི་ཚེ་བྲིས་སྐུ་འམ། ལུགས་སྐུ་འམ།། དམ་ཆོས་ཀྱིས་གླེགས་བམ། རྡོ་རྗེ་འམ། དྲིལ་བུ་འམ། ་མཆོད་རྟེན་ནམ། ཕྲེང་པོ་རབ་ཏུ་གནས་པ་བྱ་སྟེ། དེ་ནས་བྲིས་སྐུ་དང་གཟུགས་སྐུ་མདུན་དུ་བཞག་ནས་སྟོང་པ་ཉིད་བསྒོམ་པོ་སྔོན་དུ་འགྲོ་བར་དང་པོ་སྦྱོར་བའི་རིམ་གྱིས་ཇི་ལྟར་འདོད་པའི་ལྷ་བསྐྱེད་དེ། དེའི་ཐུགས་ཀར་ས་བོན་གྱི་ཡི་གོས་དེ ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཀུ་ཀྲོ་ཅིག་བཅུག་ལ་དཅིངས་ཏེ་དབང་དུ་བྱས་ནས། སྤྲོས་གཏུལ་ཞིང་དྲིལ་བུ་དཀྲོལ་ལ་དེ་མངོན་དུ་བྱས་ཏེ་མཆོད་པ་རྣམཔ་ལྔས་མཆོད་ལ། གཏོར་མ་གཱ་ཏ་ནས་ཡི་གེ་བརྒྱ་པ་དང་བཅས་པའི་ཡི་གེ་གསུམ ་གྱིས་ཡེ་ཤེས་སེམས་དཔའ་གཤེགསུ་གསོལ་ཞིང་། དམ་ཚིག་སེམས་པ་དེ་ཉིད་དུ་གནས་པར་བལྟས་ཏེ། རས་དམར་པོས་བཀྲབ་ཅིང་མེ་ཏོག་གཏོར་བར་བྱའོ།། རིམ་པ་དེ་ཉིད་ཀྱིས་དམ་པའི་ཆོས་ཀྱིས་གླེགས་བམ་ནི་རྡོ་རྗེ་ཆོས་ཀྱི་རང་བཞིན་དུ ་བསྒོམས་ལ། དེ་ཡོངསུ་གྱུར་པ་ལས་ཡང་དེ་བསམས་པར་བྱའོ།། རྡོ་རྗེ་ནི་འཆང་གི་ངོ་བོ་དང་དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དང་། མཆོད་རྟེན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་། ཕྲེང་བ་ནི་རང་གི་འདོད་པའི ་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་དུ་བསམ་པར་བྱའོ།། ལྷག་པར་གནས་པ་ནི་བྲིས་སྐུ་དང་། གཟུགས་སྐུ་བཞིན་ནོ།། ཞེས་བྲིས་སྐུ་ལ་སོགས་པའི་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་དད་པ་དང་ལྡན་པ་གཏོང་བ་ཆེ་བ་འཇིག ་རྟེན་ཕ་རོལ་ཡོད་པའི་ཡིད་ལ་ཡོད་པའི་སློབ་མ་གཅིག་གམ་མང་པོ་དཀྱིལ་འཁོར་དུ་བཅུག་སྟེ། གསོལ་བ་གདབ་པ་བྱེད་དུ་གཞུག་གོ།། བཅོམ་ལྡན་འདས་སློབ་དཔོན་ཆེན་པོ་ཐོག་མ་མེད་པའི་འཁོར་བའི་བག་ཆགས་དང་ཉོན་མོངས་པ་རྣམས་ཀྱིས ་བདག་ཟིལ་གྱིས་ནོན་ན། དེ་ལས་གྲོལ་བར་བྱ་བའི་ཕྱིར་ཁྱོད་ལ་གསོལ་བཏབ་པ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་དྲང་།། སྐྱབས་གསུམ་པོ་ནི་བདག་ལ་སྩོལ།། སྡོམ་པ་ཡང་ནི་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་ཁྱེར་དུ།། མགོན་པོ ་བདག་ནི་བཞུགས་སྩོལ་ཞེས་རྡོ་རྗེ་སློབ་དཔོན་གྱིསྔ་གོ་སྔོན་ནོས་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལོ། ལས་ཐམས་ཅད་པའི་བུམ་པོ་ནས་ཆུ་བླང་སྟེ། དེ་ནཱ་མཎྜལ་བྱས་ལ། གནས་ལྔ་ལ་མེ་ཏོག་གིས་མཆོད་ལ་དེ་བཞིན་དུ་སྤོས་དང་མར་མེ་དང་། ་དྲི་དང་ལྷ་བཤོས་ཀྱིས་ཀྱང་ཤེས་པར་བྱའོ།། འདིར་རིམ་པ་ནི་དབུསུ་སངས་རྒྱས་ལ་ཕྱག་འཚལོ།། ཤར་དུ་ཆོས་ལ་ཕྱག་འཚལོ།། ལྷོར་དགེ་འདུན་ལ་ཕྱག་འཚོ་ལོ།། ནུབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྔགས་དང་། ཕྱག་རྒྱ་དང་། ་དཀྱིལ་འཁོར་དང་། ལྷའི་ཁྱད་པར་ཐམས་ཅད་ལ་ཕྱག་འཚལ་ལོ།། ཡང་དབུསུ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤ་པུ་ཛ་མེ་གྷ་ས~ཾ་མུ་དྲསྥ་ར་ཎ་ས་མ་ཡ་ཤཱི་ཡཻ་ཧཱུཾ་ཞེས་པ་དང་མེ་ཏོག་གིས་མཆོད་དོ།། དེ་བཞིན་དུ་སྤོས་ལ་སོགས་པས་ཀྱང་ཤེས་པར་བྱའོ།། ་དེ་ནས་བུ་མོ་གཉིས་ལ་བཙུགས་ཤིང་ཐལ་མོ་སྦྱར་ལ།། བླ་ན་མེད་པའི་མཆོད་པ་བྱེད་དུ་བཅུག་སྟེ། དཀོན་མཆོག་གསུམ་ལ་སྐྱབསུ་མཆི། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་། ་སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།། སངས་རྒྱས་ཆོས་དང་ཚོགས་མ་ཆོག་ལ། བྱང་ཆུབ་བར་དུ་སྐྱབསུ་མཆི།། རང་དང་གཞན་དོན་བསྒྲུབ་པའི་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཀྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེས་བགྱིས་ནས།། ་སེམས་ཅནྡ་ཐམས་ཅད་བདག་གི་མེགྲོན་དུ་གཉེར།། བྱང་ཆུབ་མཆོག་གི་སྤྱོད་པ་འདོད་སྤྱོད་ཅིང་།། འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག་ཅེས་བྱའོ།། དེ་ནས་སྐྱོབ་མ་རྣམ་པར་སྣང་མཛད་དུ་བསམས་ཏེ། ཨོཾ་པདྨ་ས་ར་སྭ་ཏྭེ་ས་ཏྱ་རྨཱ་བ ་ཡ་ཧྲི་ཞེས་པའི་སྔགས་ཀྱིས་སོར་བཅུ་གཉིས་པ་འབུས་མ་ཟོས་པ་ཨ་ཤྭོ་དཱ་དང་། ཨུ་དུཾ་བ་རའི་སོ་ཤིང་སྦྱིན་ཏོ། ཁ་སྦྱང་དུ་བཅུག་ལ་བའི་ཀོ་བ་ཙམ་གྱི་ས་བཞི་ལ་དོར་དུ་བཅུག་ལ། ཤར་ཕྱོགས་ལ་སོགས་པར་བལྟས་པས། !། བ་ལ ་སོགས་པའི་དངོས་གྲུབ་ཉན་དུ་བཅུག་སྟེ། བདུད་རྩི་འཁྱིལ་པ་བཟླས་པའི་ལས་ཐམས་ཅད་པའི་ཆུས་ཁོ་དག་ཅིང་། སྐྱིལ་མོ་ཀྲུང་གིས་གནས་པས་ཞུགས་ལ། ལེའུ་བཅོ་ལྔ་པ་ལས་གསུངས་པའི་དབབ་པའི་ཆོ་གས་རྡོ་རྗེ་དབབ་པ་དང་། ་ཡེ་ཤེས་དབབ་པ་སྐྱེད་ཅིག་སྤོས་གཏུལ་ཏེ། དྲིལ་བུའི་སྒྲ་མངོན་དུ་བྱས་ལ། འདས་པ་ལ་སོགས་པ་དྲི་ཞིང་། ལྷ་གཤེགསུ་གསོལ་ཏེ། སྣོད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ། བདུད་རྩི་འཁྱིལ་པ་བཟླས་པའི་བསྲུང་སྐུད་དཔུང ་པ་ལ་བཅིངས་ཏེ། སྒྱུ་མ་བཞིན་དུ་ཀུ་ཤ་མངོན་པར་བཟླས་ཏེ། གཅིག་ནི་སྟན་དུ་བྱིན་ལ་རིགས་ཀྱི་བུ་སེངྒེའི་ཚུལ་དུ་ཉལ་བ་དང་། ཇི་ལྟར་མཐོང་བའི་རྨི་ལམ་བདག་ལ་སྨྲོས་ཤིག་ཅེས་བསྟན་པར་བྱ་བ་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། ་དེ་ནས་ཞག་དྲུག་པ་ཐོ་རངས་ལངས་ཏེ། སྐུ་ཁྲུས་ཀྱི་ཆོ་གའི་རིམ་གྱིས་ཁྲུས་བྱས་ལ་མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་བསོགས་ཏེ། རང་གི་ཡི་དམ་གྱི་ལྷའི་ང་རྒྱལ་དང་ལྡན་པས། སྐུ་ཁྲུས་བརྩམས་པར་བྱ་སྟེ། དེའི་རིམ་པ་ནི་ཇི་ལྟར ་རྙེད་པའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོསཽ་དང་། ན་བཟའ་དང་། རྒྱན་དང་། མཆོད་ཡོན་དང་། བུམ་པ་དང་། འབྲུ་ལྔ་ནི་ནས་དང་། གྲོ་དང་། འབྲས་སོ་བ་དང་། ཏིལ་དང་། མ་ཤོ་དང་། འབྲས་ཡོད་དང་། ཡུངས ་དཀར་དང་། སྟར་ག་དང་། བིལླ་དང་། སླ་གོར་ཞོ་ཤཱ་དང་། འཛཱ་ཏི་ཕ་ལ་དང་སྨན་ལྔ་ནི་ཧ་ས་དེ་པ་དང་། ཀཎྜ་ཀ་རི་དང་། ས་ལ་པ་ནི་དང་། བྲཱི་ཧཱ་ཏི་དང་། བྷཱ་ལ་མུ་ཏྲ་དང་། རིན་པོ་ཆེ་ལྔ་ནི། ཨིནྟ་ནཱི་ལ་དཧྨ། མར་གང་དང་པདྨ་རཱ་ག་དང་། ་བཻ་ཌཱུཪྻ་དང་། ཤལ་ལོ།། སྨན་ཐམས་ཅད་དང་། དྲི་ཞིམ་པའི་ཏིལ་མར་དང་། མར་དང་། སྦྲང་རྩི་དང་། ཞོ་དང་། འོ་མ་དང་། སྲན་མའི་ཕྱེད་དང་གྲོའི་ཕྱེ་དང་། ལྟོ་མ་ལྔ་དང་། དར་ལ་སོགས་པ་བསོགས་ཤིང་། རིམ་པ་ཇི་ལྟེ་བ་བཞིན ་དུ་བུ་མོ་པ་བྱིན་གྱིས་བརླབས་པར་བྱ་སྟེ། དེའི་ཚིག་ནི་མདུན་དུ་ཇི་ལྟར་ནུས་པའི་དཀྱིལ་འཁོར་གྱི་གཡས་ཕྱོག་སུ་ཡོ་བྱད་ཐམས་ཅད་བཞག་ལ། སྔོར་ལྷག་པར་གནས་པའི་བུམ་པ་བཅུ་འམ། ལྔ་འམ་གཅིག་སྲོག་ཆགས་མེད་པ་དྲི་ཞིམ་པའི་ཆུ་ལོ ་གང་བ་འབྲུ་ལ་སོགས་པའི་སྙིང་པོ་ཅན་བཞག་ཅིང་། ཨརྒྷའི་སྣོད་ནི་དྲི་ཞིམ་པའི་ཏུ་དང་། ཞོ་དང་འབྲས་ཡོས་དང་། ཀུ་ཤ་དང་། སྨན་དང་། ཡུངས་ཀར་དང་། མེ་ཏོག་དང་། སྐྲ་གོར་ཞོ་ཤ་དང་ལྡན་པ་གཡོན་ཕྱོགསུ་བཞག་སྟེ། ་རང་གི་འདོད་པའི་ལྷའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་བཟླ་ཞིང་དེ་ནས་ལས་ཐམས་ཅད་པའི་སྣོད་དྲི་ཞིམ་པའི་ཆུས་བཀང་བ་གཡས་ཕྱོགསུ་བཞག་སྟེ། བདུད་རྩི་འཁྱིལ་པའི་སྔགས་དེ་བཞིན་དུ་བཟླའོ།། དེ་ནས་རྣམ་པོར་རྒྱལ་བའི་བུམ་པ ་མདོར་བསྡུས་པ་བཟླ་བ་དང་། རྡོ་རྗེ་ལ་སོགས་པའི་བསྒོམ་པ་རིམ་པས་བསྐྱེད་པར་བྱ་སྟེ། པཾ་ལས་སྐྱེད་པའི་པདྨའི་ལྟེ་བར་ཨ་ལས་སྨྱོས་པའི་ཟླ་བར་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ཧཱུཾ་གཽ་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ཞུགས་པ ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་ཟླ་བ་དང་། རྡོ་རྗེ་དྲང་ཧཱུཾ་དང་ལྡན་པ། ཡི་གེ་གསུམ་གྱིས་བྱིན་གྱིས ་བརླབས་པ། མི་བསྐྱོད་པའི་ཅོད་པན་བསམ་ཏེ། དེ་བཞིན་དུ་བུམ་པ་གཞན་ལ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་དང་། སྨན་མ་དང་། མཱ་མ་ཀཱི་དཱི་ང་། གོས་དཀར་མོ་དང་། སྒྲོལ་མཽ་དང་། ་བདུད་རྩི་འཁྱིལ་བའི་བོར་དུ་བསྐྱེད་ལ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ། རང་རང་གི་སྐུ་མདོག་དང་ཕྱག་མཚན་འཛིན་པ་སྒེག་པ་དང་། བཅས་ཤིང་ཆན་ཐམས་ཅད་ཀྱིས་བརྒྱན་པ། རང་གིས་ས་བོན་དང་མཚན་མ་དང་བཅས་པའི ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་པདྨ་དང་། ཉི་མའི་སྟེང་དུ་བཞུགས་པ་བདུད་རྩི་འཁྱིལ་པ་ནི་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བས་བཞུགས་པ། སྡིགས་མཛུབ་དང་རྡོ་རྗེ་གསོར་བར་བྱེད་པ་བསམས་ཏེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུཾ ་བརྗོད་ལ་རྡོ་རྗེ་ཡི་གེ་གསུམ་དང་། མེ་ཏོག་ལ་སོགས་པས་མཆོད་ཅིང་། དྲིལ་བུ་ཡང་དྲིལ་བུའི་སྔགས་ཀྱིས་མཆོད་པར་བྱའོ།། སྔགས་ནི་ཨོཾ་ཨཱཿཧཱུཾ། ཨོཾ་བཛྲ་གྷཎྜ་ར་ཎ་ར་ཎ། པཱ་ར་ཎ་པྲ་རོ་ཎ། སཾ་བཱ་ར་ཎ་སཾ་པཱུ་ར་ཎཱ། སརྦ་བུདྡྷ་ཀྵེ་ཏ་པྲ་ཙཱ་ལི་ཏེ། ་པྲཛྙཱ་བཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་ཏ་བཛྲ་དྷརྨྨ་ཧྲི་ད་ཡ་ནི་ས་ཏོ་ཥ་ཎྜེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རྡོ་རྗེ་ལག་པ་གཡས་པས་བླངས་ཏེ། གཡོན་པས་དྲིལ་བུ་བཟུང་ལྱ། གཡས་པས་ཀྱང་སྤོས་ཁྱང་བཟུང་སྟེ། དྲིལ་བུ་དཀྱིལ་ཞིང་། རྗེ་བ་ཙུན་གྱི་ཡཱི་གེ་བརྒྱ ་པ་ཁཻན་གཅིག་བཟླས་ཏེ། ཨོཾ་བཛྲ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཛྙཱི་ན་ཛིཀུ་ཨཱ~ཾཿཧཱུཾ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་ཨཱ་རོ་ལིག་ཨཱ་ཧཱུ~ཾ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀཀ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཛ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནཱི་སྭཱ་ཧཱ། ་ཨོཾ་ཨཱཿཤཾ་ཀ་རེ་ཤཱིནྟིཾ་ཀ་རེ་བྷུཊྚ་གྷུརྦྷུ་གྷཱརྡྷེ་ནཱི་གྷ་ཊ་ཡ་གྷ་ཊ་ཡ་ཎི་ཨཱཏྨ། ཨོ་ཨེ་ཀེ་ཌོ་བི་ཀ་ཊི་ནི་ཀུ་ཊེ་ཀ་ཊཾ་ཀི་ར་ཊེ་བིདྱེ་སཱཥྚི། ཨོཾ་ཏཱི་རེ་ཏུ་ཏྭཱ་ཏཱ་རེ་ཏཱ་རེ་སྭཱཧཱ། ཨོཾ་ན་མཿས་མུནྟ་ཀཱ་སྱཻ་བྷེ་ཀྲཱིཏྟཾབཛྙཱ་ཎཾ་ན་མོ་ཀྲྀ་དྷ་ཡ། མཙྪི་དྲྀ་བྷྱོ་ཊཱ་ཀ་ཊ་བྷེ་རཱ་བཱ་སཱ་ཨ་སཾ་མུ ་ལ་དྷ་ར་ཡ་བ་ར་ཤུ་པཱ་ཤ་ཧསྟཱ་ཙཽ་ཡྀ། ཨེ་ཨོཾ་མྲྀ་ཏ་ཀུཏྟཱ་ལི་ཁ་ཁ~ཾ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ་བྷནྡྷ་བནྡྷ། ཧ་ན་ཧེ་ནེ། དཾ་ཧ་ད་ཧི། པ་ཙ་པ་ཙཽ། གརྫ་གརྫ་ཎི་ཙླི་ཊ་ལྀ་ཝོ་ཊ་ཡ~ཾ། སརྦ་བི་ཀྵོ་བི་ནཱ་ཡ་ཀ་ན་མ་ཧཱ་ཡཱ་ན་པ་ཏི་ཛཱི་པཾ་ཏ་ཛཱི་བི་ཏ་ཨན་ཏ་ཀ་རཱ་ཡ་སྭཱ་ཧཱ། ་ཞེས་བྱ་བ་སྔགས་དེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྒྱལ་བ་ལ་སོགས་པ་ལ་ཨརྒྷ་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་སྔ་མ་བཞིན་དུ་སྤྲོས་གཏུལ་བ་དང་། དྲིལ་བུ་དཀྲོལ་ཞིང་མར་མེ་དང་། ལྷ་བཤོས་དང་། ་སྣོད་གང་བ་ལ་སོགས་པ་ཕུལ་ཞིང་ལག་པ་གཡོན་པ་སྒེག་པ་དང་བཅས་པའི་དྲིལ་བུ་བླངས་ལ། ལག་པ་ག་ཡཱ་པཾ་ཀུ་ཤ་དང་བཅས་པས་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་བུམ་པོའི་སྟེང་དུ་བཞག་ལ། རང་རང་སྔགས་ཀྱི་བུམ་པ་རྣམས་རྗེ་བཙུན་གྱི ་ཡི་གེ་བརྒྱ་པ་དང་བཅས་པས་ལན་རྒྱ་རྩ་བརྒྱད་རྣམ་པར་རྒྱལ་བ་ལ་ཡོངསུ་བཟླས་ལ།། དེ་བཞིན་དུ་བུམ་པ་གཞན་དག་ཀྱང་ལན་ཉི་ཤུ་རྩ་བདུན་བཟླས་ལ། ཡང་མེ་ཏོག་ལ་སོགས་པས་མཆོད་ཅིང་ཐབས་དང་ཤེས་རབ་སྙོམས་པར ་འཇུག་པས་ཞུ་བར་གྱུར་པར་བསམ་པ་ནི་བུམ་པ་བྱིན་པ་བྱིན་གྱིས་བརླབས་པའོ།། དེ་ནས་སྔར་བཤད་པའི་བྲིས་སྐུ་ལ་སོགས་པའི་བཅོམ་ལྡན་འདས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ། སྐུ་ཁྲུས་ཀྱི་ལས་བརྩམས་པར་བྱ་སྟེ། དང་པོར ་སྔ་མ་བཞིན་དུ་སྤོས་གཏུལ་ལ་འབྲས་ཆན་གྱིས་ཚོང་བུ་གཉིས་དང་། མེ་སྣོད་དང་། མར་མེ་རྣམས་སྣོད་དམ་བུམ་པ་ལ་བཞག་སྟེ། བདུན་དུ་གནས་པའི་ཡུངས་ཀར་ལོག་པས་བླངས་ཏེ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་སྔགས ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་མེ་དང་། ཆུ་ལ་གཏོར་ལ་ལེག་པ་གཉིས་ཀྱི་བླངས་ཏེ། སྐུ་གཟུགས་ལ་སོགས་པའི་མདུན་དུ་ལན་གསུམ་སྐོར་ལ་ཕྱི་རོལ་ཏུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་གཏོར་བ ་བྱའོ།། དེ་ནས་བསངས་གཏོར་གྱི་ཆུས་ཁྲུས་ཀྱི་རྫས་བདུན་རྩི་འཁྱིལ་པའི་སྔགས་ཀྱིས་ལན་གསུམ་བསངས་གཏོར་བྱས་ཏེ། མེ་ཏོག་ལྔ་སོགས་པ་ལ་ཡང་དེ་བཞིན་དུ་བསངས་གཏོར་བྱས་ལ། དེ་ནས་དྲིལ་བུའི་སྒྲ་དང་། སྤོས་གཏུལ་ཤིང་ཤིན་ཏུ་ཕྱིས ་པོའི་མེ་ལོང་གི་གཟུགས་བརྙན་ལ་རང་གི་སྔགས་ཀྱིས་ཞབས་བསོལ་ལན་གསུམ་ཕུལ་ཏེ། ཆུས་བཀྲུས་ལ་རིམ་དྲི་ཞིམ་པོའི་ཏིལ་མར་དང་། བག་ཕྱིས་མེ་ལོང་མཉོས་ཏེ། རྒྱུས་བཀྲུས་ལྷ། ཡང་ཨནྡྲ་དང་མེ་ཏོག་ཕུལ་ལ། མར་དའི་སྤྱོད ་རྩིས་བཀྲུ་ཞིང་བག་ཕྱེས་མཉེས་ཞིང་ཆུས་བཀྲུས་ཏེ། ཞོ་དང་འོ་མ་དང་། འབྲུ་དང་འབྲས་ཡོས་དང་། སྟར་ག་ལ་སོགས་པའི་འབྲས་བུ་དང་མེ་ཏོག་དང་། ཨརྒྷ་དང་ལྷོན་ཅིག་སོ་སོར་ཁྲུས་གསོལ་ལ། ཨོཾ་སརྦ་ཏ་ཐཱ་གྷཾ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ ་སྔགས་ཀྱིས་དེ་ལྟར་བྱས་ལ། བུམ་པ་རྣམས་མེ་ཏོག་དང་སྤོས་ཀྱིས་མཆོད་ལ། རིམ་གྱིས་དབང་བསྐུར་བརྩམ་པར་བྱའོ།། དང་པོ་ལས་ཐམས་ཅད་ཀྱི་བུམ་པ་སྔགས་ཀྱིས་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྔགས་དང་། ཇི་ལྟར་བསྟན་པ་ཙམ་གྱིས ་ནི།། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་བ།། ལྷ་ཡིས་ཆུ་ནི་དམ་པ་ཡིས། དེ་བཞིན་བདག་གིས་ཁྲུས་གསོལ་ལོ་ཞེ་སོ་དབང་སྐུར་རོ།། དེ་ནས་ཤར་གྱི་བུམ་པས་ཛི་ན་ཛིཀ་ཅེས་བྱ་བའི་སྔགས་དང་། སྔར་བཤད་པའི་ཚིགསུ་བཅད་པས་སྐུ་ཁྲུས ་ཕུལ་ལ། དེ་བཞིན་དུ་རཏྣ་དྷྲྀཀ་ཅེས་བྱ་བ་དཱ། པྲ་ཛྙཱ་དྷྲྀཀ་རྦེ་བྱ་བ་གྲཱ་ཧཱ་རོ་ལིཀ་ཅེས་བྱ་བ་དང་། པདྨ་དྷྲྀཀ་ཅེས་བྱ་བ་དང་། རུ་རུ་སྥུ་རུ་དང་། ཤཾ་ཀ་རི་དང་། ཨ་ཀ་ཊེ་དང་། ཊ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་དང་། རང་རང་གི་བུམ་པ་དང་། ཚིག་སུ་བཅིང ་པ་རྣམས་ཀྱིས་དབང་སྐུར་བར་བྱའོ།། ཡང་རྣམ་པར་རྒྱལ་བའི་བུམ་པ་ལྔ། མེ་ཏོག་གཏོར་ཞིང་སྤྲོས་གཏུལ་ཏེ། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་དང་། ཨོཾ་བཛྲ་དྷྲྀག་ཅེས་བྱ་བའི་སྔགས་ལན་བདུན་བཟླས་ལ། ཨོཾ ་སརྦ་ཏྭ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ས་མ་ཡ་ཤྩི་ཡེ་ཧཱུཾ་ཞེས་བྱ་བོ་དང་། ཡང་སྔགས་ཀྱིས་རྒྱལ་པོ་བརྗོད་ཅིང་དབང་སྐུར་བར་བྱའོ།། དེ་ནས་ལོགས་པར་བདུགས་པའི་རོས་བླངས་ཏེ། མེ་ལོང་ལས་ཆོས་ཕྱིས་པོའི་དྲིའི་ཐིབ་ལི་ལྔ་བྱས་ཏེ། མེ་ཏོག ་གཏོར་ཞི་པྲ་བཞག་ལ། དྲིལ་བུ་དང་སྤོས་བླངས་ཏྱེ། སྒྱུ་མ་བཞིན་དུ་མཆོད་ཅིང་ཅི་འབྱོར་པས་ལྷ་ཐ་ཤོས་ཕུལ་ཏེ། གཽ་ཏོར་མ་གཏང་ཞིང་ཕྱག་བཙ་ལ་ནཱས་ལྡང་བར་བྱའོ།། ཞེས་སྐུ་ཁྲུས་ཀྱི་ཆོ་གའོ།། །། དེ་ནས་སྔར་ལྷོག་པར་གནས་པའི ་བྲི་སྒྱུ་ལ་སོགས་པ་ལ་རབ་ཏུ་གནས་པ་བྱ་སྟེ། དེའི་རིམ་པ་ནི་བྲིས་སྐྱེ་དང་། གཟུགས་སྐུ་ལ་སྩོགས་པ་སྟོང་པ་ཉིད་དུ་བསྒོམ་ཏེ། ཡང་རོང་གི་ཆོས་ཀྱི་ཡི་གེ་ཡོངསུ་གྱུར་པ་ལས་སྐྱེས་པ་དེའི་སྐུ་བསྒོམ་པ། མངོན་དུ་བཞུག་ཅིང ་མགོ་བོ་དང་། ལྐོག་མ་དང་སྙིང་གར་སྣ་ཚོགས་པདྨ་ཉི་མ་དང་། ཟླ་བོའི་སྟེང་དུ་ཡ~ཾ་གཱི་གསུམ་བཀོད་ལ་དེའི་འོད་ཟེར་གྱིས་ན་མཁའ་ལས་རིགས་གསུམ་བཀུག་སྟེ། དེ་ཉིད་དུ་བཅུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས ་བར་བསམས་ལ་མངོན་དུ་གྱུར་པར་བལྟ་བར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའི་ས་བོན་གྱིས་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ཅིང་།། དེ་ཉིད་དུ་བཅུག་ལ་བཅིངས་ཤིང་དབང་དུ་བྱས་ཏེ། འོ་མ་དང་ཆུ་བཞིན་དུ་རོ་གཅིག་པར ་གྱུར་པར་བསམ་པར་བྱའོ།། དམ་ཚིག་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་གྱུར་པར་བལྟས་ལ། སྔ་མ་བཞིན་དུ་བགེགས་སྐད་ཅིང་དུ་བསྲུངས་པ་ལྔ་ཡི་གེ་བརྒྱ།། བས་བརྟན་པར་བྱས་ལྔ། ཡི་གེ་གསུམ་གྱིས་རྗེསུ་ཆགས་ལ། རྡོ་རྗེ་དང་དྲིལ་བུ་བླངས ་ཏཱཾ། སྤོས་གཏུལ་ནས་སྤྱན་དྲངས་པར་བྱ་སྟེ། མི་བསྐྱེད་རྡོ་རྗེ་ཡེ་ཤེས་སོགས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། འགྲོ་བ་ཡི་ནི་དོན་མཛད་ཕྱིར།། འདི་ནི་རྟག་ཏུ་བཞུགསུ་གསོལ། ཇི་སྲིད་ན་མཁའི་རི་རབ་ས། ཇི་སྲིད་ཀྱི་ཟླ་རྒྱུ་སྐར་དཔ་ཇི་སྲིད་ཐུབ་བཱི་བསྟན་པས ་དེ་སྲིད་འདིར་ནི་བཞུགསུ་གསོལ།། རྟག་ཏུ་འཁོར་དང་བཅས་པ་ཡི།། རྒྱལ་པོ་དང་ནི་ཡོན་བདག་དང་། བདག་དང་སློབ་མར་བཅས་སྐྱོབ་ཕྱིར། འདིར་ནི་རྟག་ཏུ་བཞུགསུ་གསོལ།། ཞེས་གསོལ་བ་བཏབ་ནས་བཞིན་དུ་བཀུག་ཅིང་མཆོད་པ་རྣམ ་བལྔ་སྔོན་དུ་འགྲོ་བར་གུར་ཀུམ་གྱིས་བྱུགས་པའི་རྭས་གཉིས་ཕུལ་ནུས། མཱ་ཤ་ལྔའི་ཚྭ་ཙེ་གྱི་གསེར་གྱིས་མིག་ཐུར་གྱིས་ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙིཀྵུ་བི་ཤོ་དྷཱ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སྤྱན་ཕྱེ་ཏེ། ཞོ་དང་འབྲས་ཆེན་མེ་ཏོག་བཅས་པའི་ལྷ ་བཤོད་ཨོཾ་བཛྲ་ཨ་མྲི་ཏཻ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཕུལ་ལ། རིམ་པ་ཇི་ལྟ་བ་བཞིན་དུ་དབྱིབས་དང་བཅས་པའི་མེ་ཏོ་གི་ཕྲེང་བ་པུ་ལིཾ་ཏེ། མཆོད་ཡོན་དང་འཐོར་འཐུང་དང་། ཞི་བླ་གསིལ་ཕུལ་བ་སྔོན་དུ་འགྲོ་བར་ལྷག་མའི་རྫས་ཀྱིས ་མཆོད་ཅིང་བསྟོད་ནས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། བཟོད་པར་གསོལ་ནས་མངོན་པོར་འདོད་པའི་དོན་གཉེར་བར་བྱ་སྟེ། རབ་ཏུ་གནས་པའི་ཆོ་གའོ།། དེ་ནས་མཆོད་པའི་ཆོ་ག་བརྩམ་པར་བྱ་སྟེ། སྡེ་མེ་བཞིན་དུ་དཀྱིལ་འཁྲོ་ཅི་ག ་རྣམས་སྤྲོས་ཏེ། ཡེ་ཤེས་སེམས་དཔའ་དང་གཉིསུ་མེད་པར་བྱས་ལ། སྐུ་ཁྲུས་དང་ཞབས་བསིལ་དང་། མཆོད་ཡོན་དང་། ཕྱག་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ།། དེའི་རིམ་པ་ནི་མེ་ཏོག་འདི་ནི་དགེ་བའི་མ ་གཙང་ཞིང་གཙང་མའི་རྒྱུ་དང་ལྡན།། བདག་གིས་དད་པས་འབུལ་ལགས་ནི།། བཞེས་ཏེ་བདག་ལ་དགྱེས་པར་མཛོད།། ཨོཾ་སརྦ་ཏ་ཐཱ་གཽ་ཏ་པུཥྤ་པཱུ་ཛ་མ་གྷ་ས་མུ་དྲ་སྥ་ར་ཎ་ས་མཿཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་པྲྀཥྤེ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་རང་རང་གྱི་སྔགས་དང ་དང་མེ་ཏོག་འབུལ་ལོ།། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང་སྦྱར་བྱའི་སྤོས་གཏུལ་ལ།། ནགས་ཚལ་བཅུད་ནི་ཡཱི་གར་འོང་། དྲི་ཞིམ་རྒྱས་པ་ལྷ་ཡི་སྤོས།། བདག་གི་དད་པས་འབུལ་ལགསྡེ་ན། བཞེས་ནསྡེ་བདག་ལ་དགྱེས་པར་མཛོད།། ཨོཾ་སརྦྦ་ཏཐཱ ་ག་ཏ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་རཻ་ཎཾ་ས་མ་ཡཽ་ཤྲཱི་ཡེ་ཧཱུཾ།། ཨོཾ་བཛྲ་དྷཱུ་པ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་ལོ།། མར་མེའི་སྣོད་ཐངས་ལ་གནོད་རྣམས་འཇོམས་ཤིང་བཀྵིས་ལ།། དྲེགེ་ཞིང་མུན་གསལ་མར་མེ་འདྲི།། བདག་གིས ་དད་པ་འབུལ་ལགས་ན། བཞེས་ནས་བདག་ལ་དགྱེས་པར་མཛོད། ཨོཾ་སརྦ་ཏི་ཐཱ་ག་ཏ་དཱི་པཽ་པཱུ་ཛ་མེ་གྷ་ས་མུ་དུ་སྥ་ར་ཎ་སུ་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུའོ།། དེ་བཞིན་དུ། ལྷན་ཅིག་སྐྱེས་དང་སྦྱར ་བ་དང་། དེ་བཞིན་ཡོངསུ་གྱུར་པ་སྟེ། བདག་གི་དད་པས་འབུལ་ལགས་ན། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏེ་གནྡྷེ་པུ་ཛ་མོ་གྷ་ས་མུདྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔོགས་ཀྱིས ་དབུལ་ལོ།། དེ་བཞིན་དུ་རོ་དྲུག་དང་ལྡན་པའི་ལྟ་བ་ཤོས་ཀྱི་སྣོད་བླངས་ཏེ། འདི་ནི་བདུད་རྩིའི་ངོ་བོ་སྟེ། ཁ་ཟས་རྣམས་ཀྱི་གཙང་སྦྲ་རྣམས།། བདག་གི་དད་པས་འབུལ་ལགས་ན།། བཞེས་ནས་བདུག་ལ་དགྱེས་པར་མཛོད།། ཨོཾ་སརྦྦ་ཏ་ཐཱ་གུ་ཏ་ནེ ་བིདྱཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥུ་ཎ་ས་མ་ཡི་ཤྲཱི་ཡེ་ཧཱུ~ཾ། ཨོཾ་བཛྲེ་ནཻ་བི་དྱ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་དབུལ་ལོ།། དེ་བཞིན་དུ་ནི་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོ་དང་། མཆོད་པའི་ཁྱད་པར་ནི་རང་གི་སྔགས ་ཀྱིས་དབུལ་བར་བྱའོ།། དེ་ནི་ཕྱིའི་མཆོད་པའི་རིམ་པའོ།། དེ་ནས་པདྨའི་སྣོད་ལ་བདུད་རྩི་ལྔ་སྦྱོང་བ་དང་། སྡུད་པ་དང་། སྦར་བའི་རིམ་པས་བདུད་རྩིར་བྱས་ལ་ལྕགས་ཀྱུ་རྣམས་ཀྱང་དེ་བཞིན་དུ་བསྐྱེད་ལ། དཀྱིལ་འཁོར་པ་རྣམས་ལ་དབུལ་ལོ།། ཨོཾ་མྱཾ ་ཏིན་པྲྀ་ཎ་ཡ་མེ་སྭཱ་ཧཱུ~ཾ་ཞེས་བྱ་པོ་ནི་སྔག་སོ།། དེ་ནས་ལོ་བཅུ་གཉིས་སམ།། བཅུ་དྲུག་གམ། ཉི་ཤུ་ལོན་པའི་བུ་མོ་རིགས་ཀྱིས་དབྱེ་བས་བླངས་ནས་རིགས་ལྔས་ཁྱབ་པར་བྱས་ཏེ། རྡོ་རྗེ་དང་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བར་སྙོམས་པར་འཇུག་པའི་སྦྱོར ་བས་དེ་བཞིན་གཤེགས་པོ་ཐམས་ཅད་ངག་གྲི་ལམ་ནས་ཞུགས་ཏེ། རྩ་དབུས་མ་ནས་སྣང་བ་ལ་སོགས་པ་མྱོང་བ་སྔོན་དུ་འགྲོ་བར་པདྨར་སྤྲོས་ལ། དུང་ཕོར་གྱིས་བླངས་ཏེ་དཀྱིལ་འཁོར་གྱི་དབུས་དབུལ་ལོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ཧོ་སུ་ར་ཏ་སྟོ་སུ ་ར་ཏོ་ཧེ་ཞེས་བྱ་བ་སྔག་སོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱེབསུ་འགྲོ་བ་ལ་སོགས་པའི་བླ་ན་མེད་པའི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་དོ།། ལངས་ཏེ་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ། བཟོད་པར་གསོལ་ནས་སྨོན་ལམ་བཏབ་ཏེ། ་ཆོས་ཐམས་ཅད་སོ་སོར་སྣང་བ་ཙམ་དུ་བལྟས་ཏེ་གནས་པར་བྱའོ།། ཞེས་མཆོད་པའི་ཆོ་གའོ།། དེ་ནས་སྔར་ལྷག་པར་བྱས་པའི་སློབ་མ་རྣམས་ཀྱིས་གདོང་གཡོགས་ཏེ་སྒོར་བཞག་ལ་གསོལྔ་པ་གདབ་པར་བྱེད་དུ་གཞུན ་བཅོམ་ལྡན་སློབ་དཔོན་དམ་པ་ནི།། འཁོར་བ་ལས་ནི་སྐྱོབ་པའི་ཕྱིར།། སྐྱེ་དང་སྡུག་བསྔལ་རྒ་ཤི་ཡི།། ཞགས་པས་བདག་ནི་རབ་ཏུ་གདུངས།། དེ་ཕྱིར་བདག་ནི་འཇིགས་པ་ཡིས།། ཁྱོད་ལ་རྟག་ཏུ་སྐྱབསུ་མཆི།། སྔགས་ཀྱི་ལམ་གྱི་ཐེག་པོ་ཡིས།། ་བདག་ལ་རྗེསུ་བཟུང་བར་མཛོད།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། ཁྱོད་ནི་སྟོན་པ་དགེའ་ཆེན་པོ།། བྱང་ཆུབ་ཆེན་པོའི་ཚུལ་མཆོག་ནི།། མགོན་པོ་ཆེན་པོ་བདག་འཚལོ། སངས་རྒྱས་ཆོས་དང་དགེ་འདུན་དང་།། སྐྱབས་གསུམ་པོ་ནི་བདག་ལ ་སྩོལ།། དམ་ཚིག་མཆོག་ནི་བདག་ལ་སྩོལ།། སྡོམ་པ་ཡང་ནི་བདག་ལོ་སྩོ་ལ།། ཐར་པ་ཆེན་པོའི་གྲོང་ཁྱེར་ལ།། མགོན་པ་བདག་ནི་འཇུག་པར་འཚལ་ཞེས་བྱ་བས་སློབ་མས་གསོལ་བ་བཏབ་པའི་འོག་ཏུ། རྡོ་རྗེ་སློབ་དཔོན་གྱིས་ཐལ་མོ་སྦྱར་བ་མེ ་ཏོག་དང་ལྡན་པའི་སློབ་མ་ཕྱག་བཞི་བྱེད་དུ་བཅུག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀོ་ལ་མ་ཎ་ཌ་ལེ་དི་བ་ཏཱ་བྷྱོ་ཀཱ་ཡ་བཱིཀཱཏྟ་པྲ་ཎ་མེ་པཱ་དཱ་བནྡྷ་ནཾ་ཀ་རོ་མི། ཤར་དུའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་རཏྣ་ཀོ་ལ་དེ་བ་ཏ་བྷུ་ཀཱ་ཡ་བཀྵཱིཏྟ་བཱ་ཎ་མཱ་ན་པ་དཱ་བནྡྷ་ནཾ་ཀ་རོ་མི། ་ལྷོ་རུའོ།། ཨོཾ་སརྦ་ཏ་ཐ་ག་ཏ་པདྨ་ཀོ་ལྀ་དི་བ་ཏ་བྷྱ་ཀཱ་ཡ་བཱཀྵཱིཏྟ་པྲ་ཎ་མེ་བནྡྷ་ནི་ཀ་རོ་མི་ནུབ་ཏུའོ།། ཨོཾ་སརྦེ་ཏ་ཐ་ག་ཏ་ཀརྨ་ཀོ་ལ་དི་བ་རྀད་བྷྱ་ཀཱ་ཡ་བཱ་ཀྭིཏྟ་པྲ་ཎ་མེ་ན་པཱ་ད་བནྡྷ་ནཾ་ཀ་རོ་མི་བྱིང་དུའོ།། དེ་ནས་མེ་དང་ཁྱོད་ཀྱིས་རྨི་ལམ་ཇི་ལྟའི་བུ་མཐོང ་ཞེས་བླ་མས་དྲིས་ལ་སློབ་མས་དགེ་བ་དང་མི་དགེ་བའི་རྨི་ལམ་བརྗོད་དོ།། བླ་མས་ཀྱང་དེ་དང་མཐུན་པའི་དངོས་གྲུབ་བསྟན་པར་བྱའོ།། དེ་ནས་ཁྱོད་ཀྱིས་མིག་ལ་ཇི་ལྟར་སྣང་ཞེས་དྲི་སྔོན་པོ་ལ་སོགས་པ་སྣང་ངོ་།། ཞེས་གལ་ཏེ་སྨྲན་དེའི་ཚེ་རིགས་དང་མཐུན ་དངོས་གྲུབ་པཤད་པར་བྱའོ།། དེ་ནས་བདུད་རྩི་འཁྱིལ་པ་བཟླས་པའི་ལས་ཐམས་ཅད་པའི་ཆུ་དེའི་ལག་པས་སྦྱིན་ཏེ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ།། དམ་ཚིག་ཉམས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། རྡོ་རྗེ་བདུད ་རྩི་ཆུ་མཐུང་ཞིག། ཨོཾ་བཛྲ་ཨོཾ་མྲྀ་ཏ་ཨུ་ད་ཀན~ཾཿཛཿཛཏྲཱ~ཾ་ཨཱཿཧཱུ~ཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མནའ་ཆུ་སྦྱིན་པར་བྱའོ།། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་ཕྲེང་བ་འཐོར་དུ་གཞུག་སྟེ། གང་དུ་མེ་ཏོག་བབས་གྱུར་པ།། དེ་ལ་དེའི་རིགས ་བསྟན་བྱ།། དབུས་ཀྱིས་རེ་མི་བབས་པ་ན། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་གྱུར།། སངས་རྒྱས་ལྷ་མོའི་རེ་མིག་ལ།། བབས་པར་གྱུར་ན་དངོས་གྲུབ་མཆོག། མཆོད་པའི་ལྷ་མོ་རེ་མིག་ལ།། བབས་པར་གྱུར་ན་ཞི་སོགས་གྱུར།། སེམས་དཔའ་ཁྲོ་བོའི ་གནས་སུ་ནི།། བབས་ནི་དེ་ཉིད་བསྟན་པར་བྱ།། སྒོ་ལྔ་བབས་ནཱ་བ་ར་པཱ་ནཱི། དེའི་ཕྱི་རོལ་དངོས་གྲུབ་དམན། གང་ཚེ་ཀུན་གྱི་ཕྱི་རོལ་ཏུ།། མེ་ཏོག་བབས་ན་དེ་ཡི་ཆེ།། སླར་ཡང་དབུསུ་ཕབ་ཏུ་བཞག། དྲེར་མ་བབ་ན་དངོས་གྲུབ་མེད།། དེ་ནས་དཀྱིལ་འཁོར ་གྱི་དབུས་ནས་མེ་ཏོག་བླངས་ཏེ། གཟུགས་རྡོ་རྗེ་མའི་སྔགས་ཀྱིས་དེའི་སྤྱི་བོར་གདབ་པར་བྱའོ།། དེ་ལ་ཟབ་པ་དང་། རྒྱ་ཚོ་བའི་མཚན་ཉིད་ཀྱི་ཆོས་བསྟན་པས་མགུ་བར་བྱ་སྟེ། ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ནི་ལྟོས་ཤིག་ཅེས་སྨྲས་ཏེ། ཨོཾ་ཙཀྵ ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས།། མིག་འབྱེད་པར་ནི་བརྩོན་པར་མཛད།། མིག་རྣམས་ཐམས་ཅད་འབྱེད་མཛད་དེ།། རྡོ་རྗེའི་མིག་ནི་བླ་ན་མེད།། ཅེས་བྱ་བའི་ཚིགསུ་བཅད་པ་བརྗོད ་ནས་གདོང་གཡོགས་དཀྲོལ་བར་བྱའོ།། དེ་ནས་སློབ་མེ་ངོ་མཚར་གྱིས་མིག་རྒྱས་པས་དཀྱིལ་འཁོར་ལ་བལྟས་ཏེ། ཕྱག་བཞི་བྱའོ།། དེ་ནས་སྔ་མ་བཞིར་དུ་མཎྜལ་དང་། མཆོད་པ་ལྔས་མཆོད་ནས་གསོལ་བ་བཏབ་པ་ལྔ་འཇུག་སྟེ། སྐྱབས་མེད ་སྐྱབས་ཕྱིར་སྐྱོབ་འགྱུར་བ།། འགྲོ་བ་སྐྱོབ་པའི་རྒྱུ་ཡིན་ཏེ། རྡོ་རྗེ་འཆང་ཆེན་མི་ཕྱེད་པ།། བདག་ལ་དི་རིང་བསྐྱོབ་ཏུ་གསོལ།། རྣམ་ཤེས་ལྔ་ནི་གཏི་མུག་གི། འདམ་པ་དག་པར་བྱ་བའི་ཕྱིར།། རིག་པའི་དབང་བསྐུར་ཆུ་ཡིས་ནི།། བདག་གི་ཡིད་ནི། ་དགའ་བར་མཛོད་ཅེས་བྱ་བས་གསོལ་བ་བཏབ་པ་གསན་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབསུ་སོང་།། དེ་ནས་སངས་རྒྱས་རིགས་མཆོག་ལ།། དམ་ཚིག་སྡོམ་པར་བཤད་པ་ཡིན།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ ་དག། བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ།། བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཤེས་རབ་དྲིལ་བུ་ཞེས་བཤད་དེ།། སློབ་དཔོན་ཡང་ནི་གཟུང་བྱ་སྟེ། བླ་མྲ་སངས་རྒྱས་ཀུན་དང་མཉམ། དེ་ནི་རྡོ་རྗེའི་རིགས་དག་ལ། དམ་ཚིག་སྡོམ་པ་ཡིན་པར་གསུངས། ་ཉིན་དང་མཚན་མོ་ལན་གསུམ་དུ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། རིན་ཆེན་རིགས་ལ་མཐོ་བའོ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་ཁྱོད་ཀྱིས་གཟུང་།། དེ་ནི་པདྨའི་རིགས ་དག་ལ།། དམ་ཚིག་སྡོམ་པ་ཡིན་པར་བཤད།། སྡོམ་པ་ཐམས་ཅད་དང་ལྡན་པའི།། དེ་ཉིད་དུ་ནི་གཟུང་བར་གྱིས།། མཆོད་པའི་ལས་ནི་ཅི་ནུས་གྱིས།། ལས་ཀྱིས་རིགས་མཆོག་དམ་པའོ།། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ།། མ་བྱིན་པར་ཡང ་བླངས་མི་བྱ།། འདོད་པས་ལོག་པར་མི་སྤྱད་ཅིང་།། བརྫུན་ཡང་སྨྲས་པར་མི་བྱ་སྟེ།། ཉེས་པ་ཀུན་གྱི་རྩ་བ་ཡི།། ཆང་འཐུང་བ་ཡང་སང་བར་བྱ།། བྱ་བ་མ་ཡིན་ཐམས་ཅད་སྤང་། སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། འཁོར་བ་སྤང་བར ་མི་བྱ་ཞིང་།། མྱ་ངན་འདས་ལ་ཆགས་བྱ་མིན།། དམ་པ་རྣམས་ཀྱི་གམ་དུ་གནས།། རྣལ་འབྱོར་པ་ལ་སྐུར་སྟི་བྱ།། ལུས་ཀྱི་ལས་ནི་རྣམ་པ་གསུམ།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ་ཡིན་ཏེ།། ཅི་ནུས་པར་ནི་གསུང་བ ་འགྱི།། ཐེག་པ་ཆུང་ལ་འདོད་མི་བྱ།། སེམས་ཅན་དོན་ནི་ཀུན་ཏུ་སྦྱོང་།། ལྷ་དང་ལྷ་མིན་གསང་བ་ལ།། ཁྱེད་ཀྱིས་བརྙས་པར་བྱ་བ་མིན།། ཕྱག་རྒྱ་བཞོན་པ་ཕྱག་མཚན་དང་།། མཚན་མ་རྣམས་ཀྱང་བསྒོམ་མི་བྱ།། དེ་ནི་སྡོམ་པ་ཞེས་གསུངས་ཏེ།། ་བློ་ཆེན་ཁྱོད་ཀྱིས་གསུང་བར་གྱིས།། དེ་ནས་བླ་མའི་གསུང་དེས་ནི།། སྡོམ་པ་ལེགས་པར་གཟུང་བར་བྱ།། ཇི་ལྟར་མགོན་པོས་བཀའ་སྩལ་པ།། དེ་བཞིན་དུ་ནི་བདག་གིས་སྦྱང་།། དཀོན་མཆོག་གསུམ་ལ་སྐྱོབས་འགྲོ་ལ་སོགས་དང་།། རྡོ་རྗེ ་ལ་སོགས་གཟུང་དང་སྦྱིན་པ་བཞི།། རྣམ་པ་གསུམ་གྱིས་ཆོས་དང་མཆོད་པ་དག། ཁྱོད་ཀྱི་གསུང་གི་སྒོ་གཟུང་བར་གྱིས།། སྲོག་གཅོད་པ་ལ་སོགས་པ་དག་ལས་ནི།། སོར་ལོག་དང་གཞན་ཡང་སྡོམ་པའི་ཚེགས། འཁོར་བའི་རྒྱ་མཚོ་ཕ ་རོལ་བསྒྲལ་བའི་ཕྱིར།། མགོན་པོ་ཡང་དག་བདག་གིས་གཟུང་བར་བགྱི།། དེ་ནས་དཀྱིལ་འཁོར་བའི་བུམ་པ་རྣམས་ཀྱིས་ཆུ་པདྨའི་སྣོད་དུ་གཅིག་ཏུ་བསྡུས་ཏེ། རྣལ་འབྱོར་བཞི་ཡི་རིམ་གྱིས་མི་བསྐྱོད་པར་བྱས་ལ།། ་མཆོད་ཅིང་སྙོམས་པར་ཞུགས་པས་ཞུ་ཞིང་། ཚུའི་རྣམ་པར་བལྟས་ལ་རྡོ་རྗེ་འཆང་གི་རང་བཞིན་གྱི་སློབ་མའི་སྤྱི་བོར་དབང་བསྐུར་རོ།། དབང་བསྐུར་པ་ནི་ཨོཾ་བཛྲ་དྲི་བ་དཏྟ་ཨཱ་བྷི་ཥིཉྩ་མི་ཞེས་བྱ་བ་ནི་ཆུའི་དབང་ངོ་།། དེ་ནས་ལུགས་མ་ལ་སོགས་བཱི ་ཅོད་པན་ལ་དེ་བཞིན་དུ་རིན་ཆེན་འབྱུང་ལྡན་བསམས་ལ། སྙོམས་པར་འཇུག་པས་ཞུ་ཞིང་། དབུ་རྒྱན་གྱི་རྣམ་པ་དེའི་སྤྱི་བོར་བཞག་ལ། ཨོཾ་རཏྣ་དྷྲིཀ་ཨཱ་ཧཱུཾ། ཞེས་བྱ་བ་སྟེ་དབུ་རྒྱན་གྱི་དབང་ངོ་།། དེ་བཞིན་དུ་རྡོ་རྗེ་འོད་དཔག་ཏུ་མེད་པར་བསྐྱེད ་ལ།། ཞུ་ཞིང་ཡང་རྡོ་རྗེའི་རྣམ་པ་དེའི་ལག་པར་བྱིན་ཏེ། དི་རིང་ཁྱོད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅས་པ་དང་། སྔགས་ཀྱིས་དབང་བསྐུར་བ་ནི་རྡོ་རྗེའི་དབང་ངོ་།། དེ་བཞིན་དུ་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་ལ།། ལག་པ ་གཡོན་པར་གཏད་ལ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བོ་ལ་སོགས་པས་སྦྱིན་པ་ནི་བདག་པོའི་དབང་ངོ་།། སྔར་ཕོག་པའི་མེ་ཏོག་གི་གནས་དང་ཐུན་བཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ནི་མིང་གི་དབང་ངོ་།། ད་ནི་ཀུན་བཞི་ལ་སོགས་པ་སྤོང་བས ་རིག་པའི་དབང་ཡིན་ནོ།། དེ་ནས་ཕྱིར་མི་ལྡོག་པ་ཐོབ་པའི་ཕྱིར།། གསོལ་བ་གཏབ་པ་ལ་འཇུག་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ།། མགོན་པོ་དབང་སྐུར་བཤད་དུ་གསོལ།། འཁོར་ལོ་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་གྱི་ནི་ལས་རྣམས་དང་། ་སངས་རྒྱས་ཀུན་གྱི་དམ་ཚིག་དང་། སྡོམ་པ་ཡང་ནི་དག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་ཁྱེར་དུ།། མགོན་པོ་བདག་ནི་གཞུག་ཏུ་གསོལ།། ཞེས་བྱ་བ་སློབ་དཔོན་གྱིས་གསན་ནས་རིགས་ཀྱི་བུ་སློབ་དཔོན་ལ་སྨོད་པ་དང་། བདེ་གཤེགས་དཀྲའ་ལས་འདའ་བ ་དང་། རྡོ་རྗེ་སྤུན་ལ་སྡང་བ་དང་། བྱམས་པ་སྤངས་པ་དང་། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དང་། ཐེག་པ་གསུམ་ལ་སྨོད་པ་དང་། སྣོད་མ་ཡིན་པ་ལ་གསང་བའི་ཆོས་བཤད་པ་དང་། ཕུང་པོ་སྨོད་པ་དང་། དག་པའི་ཆོས་ལ་སོམ་ཉིད་དང་། བདུག་པ ་ལ་བྱམས་པ་དང་། ཆགས་པ་དང་བྲལ་བ་དང་ཆོས་ལ་མཐའི་གཉིས་བཞག་པ་དང་། དད་པ་དང་ལྡན་པའི་སེམས་སྨོད་པ་དང་། དམ་ཚིག་དག་མི་རྟེན་པ་དང་། བུད་མེད་རྣམས་ལ་མི་སྣོད་པའོ།། དེ་བཞིན་དུ་རིག་མ་མི་བསྟེན་པ་དང་། དམ་ཚིག་མི ་སྦྱོར་བ་དང་། ཚོགས་ཀྱི་འཁོར་ལོ་ལ་རྩོད་པ་དྲང་། གསང་བའི་ཆོས་སྟོན་པ་དང་། དད་པ་དང་ལྡན་པའི་སེམས་ཅན་ལ་དམ་པའི་ཆོས་ལོག་པར་སྟོན་པ་དང་། ཉན་ཐོས་ཀྱི་ནང་དུ་ཞག་བདུན་གནས་པ་དང་། ང་རྒྱལ་དང་། མ་ངེས་པ་དང་། ་མོ་སྦྱར་བ་དང་། སྣོད་མ་ཡིན་པ་ལ་གསང་བའི་ཆོས་བསྟན་པར་མི་བྱའོ།། ཞེས་སློབ་མས་ཐོས་ནས་རྩ་བའི་བཏུང་བ་བཅུ་བཞི་དང་། སྦོམ་པོ་སྡིག་པ་བཅུ་དགའ་བར།། དི་རིང་ནས་བརྩམས་བདག་ཉིད་ཆེ།། བྱང་ཆུབ་ཐོབ་པར་མི་བགྱིད་དོ།། ་ཞེས་རྡོ་རྗེ་སློབ་དཔོན་གྱིས་ཐོས་ནས་ཕྲེང་བ་ལག་ཏུ་བྱིན་ཏེ། ཨོཾ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་དང་། རང་ཡི་དམ་ཡང་ཁྱོད་ཀྱིས་བསྒོམ་པ་དང་། བཟླ་བར་བྱའོ།། ཞེས་སྔགས་ཀྱི་དབང་ངོ་།། དེ་ནས་རྡོ་རྗེས་མཚན་པའི་རྒྱན་སྐེད ་པ་ལ་སོགས་པ་ལ་བཏགས་ཤིང་ལག་པར་རྡོ་རྗེ་བཟུང་ལ་འདི་ནི་སངས་རྒྱས་ཐམས་ཅད་ཉིད་ཅེས་པ་ལ་སོགས་པས་སྦྱིན་ཏེ། རྣམ་པར་དག་པ་བཤད་པ་ནི་རྡོ་རྗེ་བརྟུལ་བཞུགས་ཀྱི་དབང་ངོ་།། དེ་ནས་རྣམ་པ་གསུམ་གྱི་སྤྱོད་པ ་སྟན་ཞིང་རྣ་བ་གཡས་པ་དང་། གཡོན་པ་ལ་ཤིང་གི་གདོང་བ་གཉིས་དང་། དེ་དང་འདྲ་བ་ཕྱག་བཞི་དང་། རལ་པའི་ཐོར་ཚུགས་བཏགས་ལ། ཇི་སྲིད་འཚོ་བའི་བར་དུ་སྤྱོད་པ་འདི་ཉིད་ཀྱི་གནས་པར་བྱའོ།། ཞེས་སྤྱོད་པའི་བརྟུལ་ཞུགསོ།། དེ་ནས་སླར ་ཡང་ཁྱོད་ལ་འཆི་བ་མེད།། ཐེག་པ་ཆེན་པོ་འདི་ཉིད་ལས།། ཟིལ་གྱིས་མི་ནོན་མི་གནོན་པ།། གླང་ལས་འཇིགས་མེད་རོལ་བར་གྱིས་ཞེས་བྱ་བ་ནི་ལུང་བསྟན་པའོ།། ཤཱཀྱ་ཐུབ་པའི་གཟུགས་དང་འདྲ་བའི་རྡོ་རྗེ་སློབ་དཔོན་ལངས་ཏེ། གཡོན་པའི ་ཆོས་གོས་ཀྱི་དཀྱིལ་ནས་ཟུང་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་པས།། ཨོཾ་སརྦ་ཏ་ཐཱ་ག་ཏ་སྭཱ་བྷཱ་བ་སྟྭཾ་སརྦ་བཛྲ་དྷཱ་ར་སྟྭཾ་བྷཱ་བ་སྟྭཾ།། ཞེས་བྱ་བ་ནི་དབུགས་དབྱུང་བའོ།། དྲི་ནས་རྣམ་པར་སྣང་མཛད་དང་། སྐུ་རྡོ་རྗེའི་སྔགས་བཟླས་པའི ་འཁོར་ལོ་དང་། དུང་ལག་པ་གཡས་པ་དང་། གཡོན་པ་ལ་བྱིན་ཏེ། དྲིང་ནས་བརྩམས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་ཀྱི་དུང་བུས་ཤིག་ཅེས་བྱ་བ་ནི། འཁོར་ལོ་དང་དུང་གི་དབང་ངོ་།། དེ་ནས་མེ་ལོང་བླངས་ཏེ། བསྟན་པར་བྱ་བ་ནི་ཆོས ་རྣམས་གཟུགས་བརྙན་ལྟ་བུ་སྟེ། ཞེས་བྱ་བ་ལ་སོགས་པསོ་མེ་ལོང་གི་དབང་ངོ་།། དེ་ནས་མདའ་དང་གཞུ་བྱིན་ལ། ཕྱོགས་བཞི་དང་སྟེང་འོག་ཏུ་འཕང་པོའི་ཚུལ་གྱིས་བདུད་བཞི་ལས་རྒྱལ་བ་དང་། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག ་པ་བཤད་པ་ནི་མདའ་དང་གཞུའི་དབང་ངོ་།། དེ་ནས་གསེར་གྱི་མི་ཐུར་གྱིས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། རབ་རིབ་ལིང་ཏོག་བསལ་བ་ལྟར།། བུ་ཁྱུད་ཀྱིས་ནི་མྱི་ཤེས་པའི།། རབ་རིབ་རྒྱལ་བ་དག་གིས་བསལ་ཞེས་བྱ་བས་མིག་ཕྱེ་བ་ནི་མིག་དབྱེ། ་བའི་དབང་ངོ་།། དེ་ནས་སེངྒེའི་ཁྲི་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ཏུ་བཙུག་ལ།། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། རོལ་མོའི་སྒྲས་རྡོ་རྗེ་སློབ་དཔོན་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ཏཽ། ཉེ་བའི་སྒྲིབ་པ་པོ་བཞི ་དང་། དམ་ཚིག་གི་ཕྱག་རྒྱ་བཞི་པོས་ཀྱང་རྣམ་པར་མཛད་ལ་སོགས་པའི་བུམ་པ་དང་། སྤྱན་ལ་སོགས་པའི་བུམ་པ་དང་། སྤྱན་ལ་སོགས་པའི་བུམ་པ་བརྒྱད་བླངས་ཏེ། རྒྱལ་བའི་དབང་པོ་ཐུགས་རྡོ་རྗེ།། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད།། གཙོ་པོ་དམ་པའི ་བཀྲིས་གང་།། ཁྱོད་ལ་དེ་དང་འདྲ་བར་ཤོག་ཅེས་བྱ་བ་ལ་སོགས་པ་དབྱངས་གཅིག་དང་། དུས་གཅིག་དུ་བུམ་པ་དགུའི་ཆུའི་རྒྱུན་སློབ་མའི་སྤྱི་བོར་ཕབ་ཅིང་། ཇི་ལྟར་པལྟམས་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་པས་དབང་བསྐུར་བ།། ལྷ་ཡི་ཆུ་ནི ་དག་པ་ཡིས། དེ་བཞིན་བདག་གིས་དབང་བསྐུ་རོ་ཞེས་བྱ་བའི་ཚིགསུ་བཅད་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཡ་སེ་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྦྱིན་པར་བྱའོ།། དེ་ནས་ན་མཁའ་ནས་དེ་བཞིན་གཤེགས་པའི་ཚོགས་བཀུག་ཅིང ་ཚངས་པའི་སྒོ་ནས་ཞུགས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་ཐིག་ལེར་བསྡུ་བར་བྱའོ།། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་མཆོད་པར་བྱ་སྟེ། སྤྱི་བོར་མེ་ཏོག་སྙིང་གར་དྲི།། སྤོས་དང་མར་མེ་མདུན་དུ་སྟེ། ལྷ་བཤོད་ཀྱང་ནི་བདུན་དུ་སྐྱི ་སྤྱོས་དང་དྲི་བྱུགས་སད་པར་བྱ། དེ་ནས་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་ལྔས་བསྟོད་ལ། མེ་ཏོག་གི་ཕྲེང་བ་སྤྱི་བོར་གཏགས་ལ། ཨོཾ་སུ་པཱ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་རབ་ཏུ ་གནས་པ་བྱས་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པས་གྲུ་བཞི་པའོ།། དྲན་པ་ཉེ་བར་གཞག་པའི་སྒོའོ།། རྟ་བབས ་ནི་བསམ་གཽ་ཏནྡ་ནོ།། རྡོ་རྗེ་ར་བ་ནི་སྔགས་ཀྱི་ཐེག་པའི་ཆོས་ཀྱིས་འཁོར་ལོ་རབ་ཏུ་བསྐོར་བའོ།། མེ་འོད་ནི་དེའི་འཕྲོ་བའོ།། ཚོན་ལྔ་ནི་དེ་བཞིན་གཤེགས་པའི་རང་བཞིན་ནོ།། འདོད་སྔོན་ནི་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་དོ།། རིན་པོ་ཆེའི་ཕ ་གུ་ནི་ཡཾས་ལྔའི་བདག་ཉིད་དོ།། དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནོ།། ས་གཞི་ནི་དེ་བཞིན་གཤེགས་པ་བཞིའི་ངོའོ།། སྣ་ཚོགས་པདྨའི་ནི་ཤེས་རབ་ཀྱི་རང་བཞིན་དང་། ཟླ་བ་དང་ཉི་མའི་གདན་ནི་ཐབས་དང ་ཤེས་རབ་ཀྱི་རང་བཞིན་ནོ།། རྡོ་རྗེ་གུར་དང་། རྡོ་རྗེ་ལ་སོགས་པའི་མཚན་མ་ནི་དེ་བཞིན་གཤེགས་པའི་ངོ་བོའོ།། པ་དནྡ་ནི་གསུང་རབ་ཡན་ལག་དགུའི་རྣམ་པར་དག་དང་། གཡེར་ཁའི་དྲ་བ་ནི་ཆོས་ཀྱི་སྒྲའི་ངོ་བོའོ།། བཅུ་གཅིག་རྡོ་རྗེ་ནི་ས་བཅུ་གཅིག།། འཁོར ་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རི་དགས་ནི་གཏི་མུག་གི་རང་བཞིན་ཏེ། བཞིའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། ཡེ་ཤེས་ལྔའི་རང་བཞིན་ནི་མི་བསྐྱོད་པ་ལ་སོགས་པ་དང་། ས་ལ་སོགས་པ་རྣམ་པར་དག་པ་ནི་སྤྱན་ལ་སོགས་པའོ།། ཕྱིའི ་ཡུལ་རྣམ་པར་དག་པ་ནི།། གཟུགས་རྡོ་རྗེ་ལ་སོགས་པ་དང་། སྐྱེ་མཆེད་དྲུག་དང་། རྩཝ་རྒྱུས་དང་། ཚིགས་རྣམས་པར་དག་པ་ནི་བྱང་ཆུབ་སེམས་དཔའ་དང་། བདུད་བཞི་བཅོམ་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་དང་། རྣམ་པར་ཤེས་པའི་ཚོགས་དྲུག ་རྣམ་པར་དག་པ་ནི་མི་གཡོ་བ་ལ་སོགས་པ་སྟེ། ལྷའི་དེ་ཁོ་ན་ཉིད་དེ། ཕྱིར་མི་ལྡོག་པའི་དབང་ངོ་།། དེ་ནས་བྲིས་སྐུ་དང་། མདོའོ་ལ་སོགས་པ་དང་བྲལ་བའི་ས་ཕྱོགས་གསང་གཱའི་དབང་ཐོབ་པའི་ཕྱིར་སློབ་མས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། ་ཁམས་གསུམ་ལས་ནི་ངེས་གྲོལ་བའི་ན་མཁའ་དང་ནི་མཉམ་གྱུར་ཉིད།། འདོད་པ་རྣམས་ཀྱིས་མ་གོས་པ།། དམིགས་མེད་ཁྱོད་ལ་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་བཞིས་གསོལ་བ་བཏབ་པ་གསན་ནས། དམ་ཚིགསུ་ཉན ་བའི་དོན་དུ་བླ་མས་བསྟན་པར་བྱ་སྟེ། སྤོང་བ་ལྔ་དང་རིག་པ་ལྔ།། རྡོ་རྗེ་ཞེས་སུ་བཤད་པ་ཡིན་ཞེས་རྡོ་རྗེའི་དེ་ཁོ་ན་ཉིད་དོ།། སྲིད་པ་ངོ་བོ་ཉིད་ཀྱིས་དག། རང་བཞིན་གྱིས་ནི་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་ནི། སྲིད་པ་དམ་པ ་འགྲུབ་པ་ཡིན་ཞེས་བྱ་བ་ནི་དྲིལ་བུའི་དེ་ཁོ་ན་ཉིད་དོ།། ཕྱག་རྒྱ་དམ་ཚིག་བཤད་པ་སྟེ། ཡིད་ཀྱི་སྐུ་ནི་བརྟན་ཕྱིར་རོ།། གང་གིས་སྐུ་ཀུན་བརྟན་པས་ན།། ཕྱག་རྒྱའི་དེ་ཉིད་མངོན་པར་བརྗོད་ཅེས་བྱ་བ་ནི་ཕྱག་རྒྱའི་དེ་ཁོ་མ་ཉིད་དོ།། དེ་ནས་སྡོམ་པ ་བཤད་པར་བྱ་སྟེ། མར་བི་ཤུ་མའི་རྫས་ནི་སྦྱངས་པ་ལོ་སོགས་པའི་རིམ་གྱིས་བཟའ་བར་བྱའོ།། ཞེས་སྒྲོན་མ་མྱང་བའོ།། གུ་ཀུ་ད་ཧ་ན་ནི་ཁ་ན་མ་ཐོ་བོ་མེད་པ་བཟའ་བར་བྱ་སྟེ། ལྕགས་ཀྱུ་མྱང་བའོ།། ཕྱག་རྒྱའི་པདྨ་ལ་ཡང་ཙུམ་པ་ན་བྱ ་བྷ་ག་ལ་ཙུམྦྷ་ན་སྨྲ་བར་བྱའོ།། དེ་རྣམས་ཀྱང་སློབ་མས་ཇི་ལྟ་བཀའ་སྩལ་པ་དེ་བཞིན་བགྱིའོ་ཞེས་ཚིག་གསན་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མས་ཕུལ་བའི་ལོ་བཅུ་གཉིས་པའི་ཕྱག་རྒྱ་རིགས་ལྷས་ཁྱབ་པ། དང་པོ་སྙོམས་པ ་འཇུག་པ་བྱས་སྟེ། བདེ་བ་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ནས་ངག་གི་ལམ་ནས་ཞུགས་ཏེ། རྩ་དབུས་མ་ནས་བྱང་ཆུབ་ཀྱི་སེམས་ཞུ་ཞིང་པདྨའི་དབུས་སྤྲོས་ལ། ལག་པས་མ་རེག་པར་དུ་ཕོ་རོ་གྱིས་བླངས་ཏེ་སློབ་མའི་ཁར ་གཞུགོ། སློབ་མས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བློས་ལོངས་སྤྱད་པར་བྱའོ།། དེ་ནས་ལྷག་མའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཆུ་དང་སྦྱར་ཏེ། སློབ་མའི་སྤྱི་བོར་སྦྱིན་པར་བྱའོ།། སློབ་མས་ཀྱང་ཨེ་མའོ་བདེ་བ་ཆེན་པོ་ཞེས་ཚིག་བརྗོད ་པར་བྱ་ཏེ། ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས་ཀྱང་།། བྱང་ཆུབ་སེམས་ནི་རིན་ཆེན་འབོར་སྤྲོས་ནས། རྒྱལ་བ་མཱ་ལུས་ཡང་དག་པ་ཡི་སྐུ། དག་པའི་རྡོ་རྗེ་ཡེ་ཤེས་ལས་བྱུང་ཆུ།། རིན་ཚོན་ཆར་གྱིས་སྤྱི་བོར་དབང་བསྐུར་གསོལ་ཞེས་བྱ་བ་ནི་གས ་བའི་དབང་བསྐུར་གྱི་ཆོ་གའོ།། དེ་ནས་རང་སྤྱོད་པ་འམ། ཕྱག་རྒྱ་གཞན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པའི་ཕྱིར་གསོལ་བ་གདབ་པོ་བྱེད་དུ་གཞུག་སྟེ་ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད།། ཤ་དང་རུས་པོ་ཁྲག་ཀྱང་མེད།། ཁྱོད་ཀྱི་འཇིག་རྟེན་རྗེས ་འཇུག་ཕྱིར།། འཇིག་རྟེན་པ་ཡི་བྱ་བ་བསྟོན།། སྐུ་ལ་ནོད་མིན་མི་གཙང་མིན།། བཀྲེས་དང་སྐོམ་པ་ཡོད་མ་ཡིན།། ན་མཁའི་འཇའ་ཚོན་དང་མཚུངས་པ།། ཁྱོད་ཀྱི་སྐུ་ནི་བསྟན་པ་མཛད་ཅེས་བྱ་བ་ལ་སོགས་པས་གསོལ་པོ་བཏབ་པ་བསན་ནས།། ་དམ་ཚིག་དང་སྡོམ་པ་ཉན་དུ་གཞུག་སྟེ། གང་ཞིག་དམ་ཚིག་ལ་སྡང་དང་། གང་ཞིག་དམ་ཚིག་ལ་སྨོད་པ།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། དེ་དག་འབར་དེ་བསད་པར་བྱ། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས།། སེར་སྣ་ཅན་རྣམས ་བསྐྱབ་པའི་ཕྱིར། གཞན་གྱི་ནོར་རྣམས་ཕྲོགས་པཱ་ན།། ཁྱོད་ནི་སྡིག་པས་གོས་མི་འགྱུར།། འདོད་ཆགས་དང་མཚུངས་བདེ་བ་མེད།། དེ་ནི་རྒྱལ་བ་རྣམས་ཕུལ་ནཱ།། སེམས་ཅན་དོན་དུ་གཞན་གྱིས་སྨད།། བརྟེན་པོས་དངོས་གྲུབ་ཐོབ་པར་འགྱུར།། རྡོ་རྗེའི ་ཚིག་གི་བརྫུན་སྨྲ་བ།། དོན་ཡོད་གྲུབ་པའི་ཏིང་འཛིན་གྱིས།། ཚིག་ནི་བདེན་མིན་སྨྲ་བས་ན།། ཁྱོད་ནི་སྡིག་པས་གོས་མྱི་འགྱུར།། རིན་ཆེན་འབྱུང་ལྡན་མགྲོན་པོ་ཡིས།། ཏིང་འཛིན་ལ་ཡིད་ཞུགས་པས།། ཕན་ཕྱིར་རྩུབ་མོ་སྨྲ་བས་ན།། ཁྱོད་ནི་སྡིག་པ ་གོས་མི་འགྱུར།། དཱ་ནི་དམ་ཚིག་ལྔ་བརྗོད་པར་བྱའོ།། དེ་ནས་ཆགས་པས་ཆགས་སྤོང་ཕྱིར།། དཔག་མེད་རྡོ་རྗེ་བསྒོམ་པར་གྱིས།། ཏི་མུག་གཏི་མུགས་འཇོམས་ཕྱིར།། རྣམ་པར་སྣང་མཛད་སྐུལ་ལ་བརྟེན།། ཞེ་སྡང་ཞེ་སྡང་གིས་ཞི་ཕྱིར།། མི་བསྐྱོད ་ཡོངསུ་བསམ་པར་གྱིས།། ང་རྒྱལ་ང་རྒྱལ་གྱི་སོ་འཇོམས་ཀྱིས་འཇོམས་ཕྱིར།། རིན་ཆེན་གཙོ་བོ་བསྒོ་བཱཥྚྲཱིཿ། ཁྲག་དོག་ཕྲག་དོག་གིས་འཇོམས་ཕྱིར།། རྟ་མཆོག་རྣམ་པར་བསྒོམ་པར་གྱིས་ཞེས་སྡོམ་པ་ལྔ་སྦྱིན་པར་བྱའོ།། དེས་ཀྱང་བརྗོད་པར་བྱ་སྟེ།། ་ཇི་ལྟར་མགོན་པོས་བཀའ་སྩལ་པ།། དེ་ལྟ་བུ་ནི་བདག་གིས་སྤྱད། ཅེས་ཐོས་ནས།། སྔར་བཤད་པའི་ཕྱག་རྒྱ་དེ་ལ་སྦྱིན་ནོ།། དེ་ནས་ཁྲི་ལ་བཞུགས་པའི་ཕྱག་རྒྱ་ཕྱོགས་ཀྱི་གོ་ཅན་སྐྲ་གྲོལ་ཞིང་སློབ་མ་ལ་འདི་སྐད་བརྗོད་པར་བྱ་སྟེ།། ་བཤང་གཅི་དག་ནི་བཟའ་བ་སྟེ།། ཁྱོད་ཀྱིས་བུད་མེད་སྤྱོད་ནུས་སམ།། རགྷཱ་ཤུ་ཀྲ་ཤ་དང་ནི།། བུད་མེད་རྣམས་ནི་མགུ་བ་དང་།། བྷ་གའི་པདྨ་ཙུམ་པ་ན།། ཅི་བདེ་བས་ནི་སྨྲ་བར་གྱིས།། སློབ་མས་ཀྱང་སྨྲ་བར་བྱ་སྟེ། སུ་ཀྲ ་རགྣ་ལ་སོགས་དང་། ལྷ་མོ་བདག་གིས་ཅི་མི་ནུས།། བཤང་གཅི་ལ་སོགས་བསྟེན་པར་བགྱིས།། བུད་མེད་རྣམས་ནི་མགུ་བར་བགྱི།། བྷ་ག་ལ་ཡང་ཙུམ་པ་ན། ཇི་ལྟར་བཀའ་སྩལ་དེ་ལྟར་བགྱི།། ཞེས་གསན་ནས་ཡིད་མགུ་བར་གྱུར་པའི་ལྷ་མོས་ལག ་པ་གཉིས་ཀྱིས་པདྨ་ཁ་ཕྱེ་ལ།། སློབ་མ་ལ་བསྟན་པར་བྱའོ།། ཨེ་མ་འོ་བདག་གི་པདྨ་འདི།། བདེ་བ་ཐམས་ཅད་ཡང་དག་ལྡན།། གང་གིས་ཆོ་གས་བསྟེན་པ་ནི།། བདག་ནི་དེའི་མདུན་དུ་གནས།། འདི་ནི་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས ་ནི་རབ་གྲོལ་བ།། བདྲི་བ་ཆེན་པོ་རྒྱལ་པོ་འདིར། དངོས་པོ་ཀུན་གྱིས་ཡང་དག་གནས་ཞེས་སྨྲས་ཏེ། རྩའི་འཁོར་ལོ་བསྟན་པར་བྱའོ།། འདིར་པདྨའི་དབུས་སུ་རྩ་གསུམ་ཅུ་རྩ་གཉིས་གང་ཡིན་པ་དེ་དག་བཅོམ་ལྡན་འདས་མི་བསྐྱོད་པ་དཀྱིལ་འཁོར་བ ་ཐམས་ཅད་ཀྱི་རང་བཞིན་དུ་ཤེས་པར་བྱའོ།། །། དེ་རྣམས་ཀྱི་ནང་ན་རྩ་ལྔ་ནི་གཙོ་བོ་སྟེ། རྩ་དབུས་མ་གང་ཡིན་པ་དེ་ནི་འདོད་པའི་གདུགས་ཆུའི་ཁམས་རྒྱུ་བས་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོའོ།། ་མདུན་དུ་གནས་པའི་རྩ་གང་ཡིན་པ་དེ་ནི།། ལྷ་སྦྱིན་ཞེས་བྱ་བ་བཤད་པ་རྒྱུ་བ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདེ་ག་ཉིད་དོ།། གཡས་ཀྱི་རྩ་རུས་སྦལ་མ་གང་ཡིན་པ་དེ་ནི་ཁྲག་རྒྱུ་བ།། རིན་ཆེན ་འབྱུང་ལྡན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ།། རྒྱབ་ཏུ་ནོར་རྒྱལ་མ་གང་ཡིན་པ་དེ་ནི་ཤ་རྒྱུ་བ་དོན་ཡོད་ས་ནི་ནི་བྱ་ན་བྱ་འི་གཉིས་དེ་ཤིན་དུ་གཡོན་གྱི་རྣམ་པ་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་རྒྱུ་བ་འོད་དཔག་ཏུ་མེད་པའི་རང་བཞིན་སོ་སོར ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དོ།། རྡོ་རྗེ་བདུད་རྩི་ལསྭ་བྷ་གའི་དབུ་སུ་ན་མཁའ་གླང་།། ན་མཁའ་ལྔ་ཡིས་རྒྱན་པ་སྟེ།། ལྟེ་བ་ག་སར་དང་ལྡན་པ།། འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན།། བདུད་རྩི་རྒྱུ་བའི་རྩ་གང་ཡིན།། བྷ་གའི་དབུས་རབ་ཏུ་གནས། ་རྩ་གཞན་སུམ་ཅུ་རྩ་གཉིས་ནི།། དེ་ཡི་དབུསུ་གཙོ་བོ་ཡིན།། ཞེས་སྨོས་ཏེ་སློབ་མའི་ལསུ་རུང་བའི་རྡོ་རྗེའི་རྩེ་མོར་སྙོམས་པར་འཇུག་པས་སྣང་བ་ལ་སོགས་པའི་ཡེ་ཤེས་མཚོན་དུ་གཞུགོ། དེ་ནས་པདྨར་སྤྲོས་པའི་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་ལྕེས ་མྱང་བར་བྱ་སྟེ། ཤེས་རབ་ཀྱི་དབང་ངོ་།། ། དེ་ནས་སློབ་མས་བདེ་བ་ཆེན་པོ་མྱོང་ཞིང་།། མེ་ཏོག་གིས་གང་བའི་ཐལ་མོ་སྦྱར་ཏེ། རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ནས་ཁྱོད་ཀྱི་སྐུ་དྲིན་གྱིས་བདག་གིས་དེ་ཁོ་ན་ཉིད་ཐོབ་པོ་ཞེས་སྨོས ་བ་ལ། སློབ་དཔོན་གྱིས་སྨྲ་བར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ཞུ་བའི་དུསུ་བདེ་བ་གང་ཡིན་པ་དེ་ནི་སྣང་བ་དང་། བསྙེན་པ་དང་། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མཱི་ངོ་བོའོ།། ཡན་ལག་ཐམས་ཅད་དུ་ཕྱིན་པའི་དུས་སྣང་བ་མཆེད་པ་དང་། ་ཉེ་བར་བསྒྲུབ་པ་དང་། རྣམ་པར་སྨིན་པའི་སྐད་ཅིག་མིའི་བདག་ཉིད་དོ།། དེ་ལ་དང་པོ་ཞེསུམ་རྡོ་རྗེའི་དཀྱིལ་དུ་ཕྱིན་པའི་དུས་སྣང་བ་ཐོབ་པ་དང་། སྒྲུབ་པ་དང་། རྣམ་པར་འཇོམ་པའི་སྐད་ཅིག་མའི་བདག་ཉིད་དོ།། རྡོ་རྗེ་ཙོ་མིར་གནས་པའི་དུསུ་འོད ་གསལ་བ་དང་། སྒྲུབ་པ་ཆེན་པོ་དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བདག་ཉིད་དོ།། དེ་ལ་དང་པོ་གསུམ་ནི་སྤང་བར་བྱ་བ་དང་བཞི་པ་ནི་བླང་བར་བྱའོ་ཞེས་ཐོས་ནས་སློབ་མས་པུས་མོ་གཉིས་ས་ལ་བཙུགས་ཏེ། ་དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། གཟུང་དང་འཛིན་པ་རྣམས་སྤངས་པ། ཆོས་ཀུན་བདག་མེད་མཉམ་ཉིད་ཀྱིས།། རང་སེམས་མཐོང་བར་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོའི་ཞེས་བརྗོད་པས། བླ་མ་ལ་མོ ་ཏོག་དབུལ་ཞིང་ཡོན་དབུལ་བར་སྟེ། གསེར་དང་དངུལ་དང་རིན་ཆེན་དང་། བ་གླང་རྟ་དང་གླང་པོ་རྣམས།། ཁང་པ་ཞིང་དང་བཞོན་པ་དང་། སྣ་ཆ་མགུ་བརྒྱན་གདུ་བུ་དང་།། དར་དང་ཟ་འོག་ན་བཟའ་དང་།། ཉལ་ཁྲི་དང་ནི་གདན་རྣམས་དང་། བྲན་དང་བྲན ་མོ་བཙུན་མོ་དང་། ཤིན་ཏུ་ཡིད་འོང་བཙུམ་མོ་དང་།། བདག་ཉིད་ཀྱང་ནི་ཕུལ་བ་ན།། དེ་ལས་ལྷག་མ་གཞན་ཅི་ཆེས་བྱ་བའོ།། གསང་བ་ཐམས་ཅད་ལས་བདག་ཉིད་བླ་མ་ལ་ཕུལ་ནས།། སླར་ཡང་རིན་གྱིས་བསླུ་བར་བྱ་ཞེས་ཤེས་རབ་ཡེ་ཤྭེ ་ཀྱི་དབང་སྟེ། དབང་བསྐུར་བའི་ཆོ་གའོ།། དེ་ནས་གཏོར་མ་བྱ་སྟེ། དེའི་རིམ་པ་ནཱི་མདུན་གྱི་ནམ་མཁའ་ལ་འདབ་མ་སུམ་ཅུ་གཉིས་པའི་སྣ་ཚོགས་པདྨ་དམིགས་ཏེ།། དེའི་ལྟེ་བ་དང་། མདབ་མ་རྣམས་ལ་ཅིག་ཆར་དུ་སྐྱེས་པ། སུམཽ་ཅུ་རྩ་གཉིས་ཀྱི་བདག ་ཉིད་ཀྱི་དཀྱིལ་འཁོར་བསམས་ཏེ། རང་གི་ལྷའི་ང་རྒྱལ་གྱིས་སྤོས་དང་། དྲིལ་བུས་བཀུག་ལ་མདུན་དུ་རླུང་དང་མོའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་སྣོད་ལ་བདུད་རྩི་ལྔ་སྦྱང་བ་ལ་སོགས་པའི་རིམ་གྱིས་བསྒྲུབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ན་པྲི་ཎ་ཡ་མ ་སྭཱཧཱ།། ཞེས་བྱ་བའི་སྔགས་དང་། སྙོམས་པར་འཇུག་པའི་ཕྱག་རྒྱས་ཕུལ་ལ་ཤིང་དྲུང་གི་རྩ་བར་བཏང་ངོ་།། ཁྱོད་ཀྱིས་ཞེས་བྱ་ལ་སོགས་པས་གཤེགས་གསོལ་བ་ནི་དཀྱི་ཀྱི་འཁོར་ལོའི་གཏོར་མའི་ཆོ་གའོ།། ། དེ་ནས་དེ་བཞིན་དུ་མདུན ་ཀྱི་ནི་མཁའ་ལོ་རྩིབས་བཅུ་པའི་འཁོར་ལོ་སེར་པོ་དམིགས་ལ།། དེའི་དབུསུ་བཅོམ་ལྡན་འདས་མི་བསྐྱོད་པ་དམིགས་ལ་དེའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྲོས་ལ།། རང་རང་གི་རྫིབསུ་དགོད་ཅིང་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བྱས་ལ ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། སྤོས་དང་། དྲིལ་བུའི་སྒྲ་དང་། ཡི་གེ་བརྒྱ་པ་བརྗོད་པས་དགུག་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་བཅུ་ལ་ཆུའི་མཎྜལ་བཅུ་བྱས་སྟེ། དེའི་སྟེང་དུ་སྣོད་བཅུ་བཟའ་བ་ལ་སོགས་པ་དང་བཅས་པ ་བཞག་ཅིང་བདུད་རྩིར་བྱས་ཏེ། རང་རང་གི་སྔགས་གི་ཀྱིས་དབུལ་ལོ།། དེའི་སྔགས་ནི་ན་མ~ཾ་བཛྲ་མུད་ག་ར་ཏསྟཱ་ཡ་ཙཎྜ་མཎྜལ་ཨཱཀྵོ་པ་ཀ་རཱ་ཡ་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིའོ།། ན་མཿས་མནྟ་བུདྡྷེ་བྷྱོ་མ་ཧཱ་དནྡྷར་བི་དྷ་སུ་མ་སྭ་རཱ་མནྟ་ན་བྷུ་ཏཱཾ་ནིརྨ་ཐཱ་ཧཱུཾ་ཕཊ། ་ཤེས་རབ་མཐར་བྱེད་ཀྱིའོ།། ན་མཿས་མནྟ་བུདྡྷ་བྷྱོ།། ཧུ་ལུ་ཧུ་ལུ་མ་ཧཱ་པདྨ་ཨ་མྲྀ་ཏེ་ཀུ་རུ་མ་ཧ་བི་ཥཱ་ཎ་ཨཿཔདྨ་མཐར་བྱེད་ཀྱིའོ།། ན་མཱཿས་མིནྟ་བུདྡྷེ་བྷྱོན་མོ་བཛྲ་ཀྲོ་དྷ་ཡ་མཧཱ་དཾཥྚོ་ཌྷ་ཀ་ཊ་བྷེ་ར་བཱ་ཡཽ་བཛྲ་སཾ་དོ་ཧེ་དར་པཱ་ཡ་ཨ་མྲྀ་ཏ་ཀུརྟྲྀ་ལྀ་ཧཱུཾ་ཕཊ། ་བགེགས་མཐར་བྱེད་ཀྱིའོ།། ན་མཿས་མནྟ་བུདྡྷོ་བྷྱོ་ཡ་མཏྶ་ཎ་ཌཱ་ཡ་ནཱི་ལ་དཏཱ་ཡ་ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦ་དུཥྚཱཾ་མ་ར་ཡཾ་ཧཱུཾ་ཕཊ། དབྱིག་སྔོན་གྱིའོ།། ན་མཿས་མནྟ་བུདྡྷེ་བྷྱོ།། ནི་མོ་མ་ཧཱ་བ་ལཱ་ཡ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦ་ནཱ་ག་ན~ཾ། བྷཱི་ད་ཡཾ ་ཏྲཱཊཱ་ཡཱ་ཧཱུཾ་ཕཊ། སྟོབས་པོ་ཆེའོ།། ནཱ་མཿས་མནྟ་བུདྡྷེ་བྷྱོ། ནཱ་མྱོ་ཨ་ཙ་ལ་ཀྵཱ་ན་ཙེནྣ་ཎྱེནྟ། མོནྟ་མོཊྚཱ། ཙརྠ་ཏུརྡྷ། གྷགྷྣ། གྷཱ་ཊུ་ཡ་གྷ་ཊ་ཡ་ཧཱུཾ་ཕཊ། མི་གཡོ་བའིའོ།། ན་མཿས་མནྟ་བུདྡྷ་བྷྱོ། ཛཀྲཱི་ཛཿའདོད་པའི་རྒྱལ་པོའི་འོ།། མ་སུ ་བྷཱུ་ནི་སུ་བྷ་ཧཱུཾ་ཧཱུཾ་ཕཊ། གྲཱིཧྞ་གྲིཧྞ་ཧཱུཾ་ཧཱུ~ཾ་ཕཊ། གྲི་ཧྞཱ་བ་ཡཱ་གྲིཧྞཱ་པ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བྷེན་བཛྲ་རཱ་ཛཱཾ་ཧཱུཾ་ཧཱུ~ཾ་ཕཊ། གཱནོད་མཛེས་ཀྱིའོ།། ནམྦཿསྟ~ཾ་མནྟ་བུདྡྷཱ་ནཱཾ། ན་མཱཿསྱཱ་མནྟ་དྷཱརྨྨཱནཱཾ་ནམཱཿས་མནྟྲ་སཾ་གྷཱ་ནཱཾ། ཨོཾ་སི་ཏྭཱཏྟ་བཏྟེ། ཨོཾ་བི་མ ་xxx། xxx ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཙུག་ཏོར་འཁོར་ལོ་སྒྱུར་བའོ།། དེ་དག་བརྗོད་ཅིང་རང་རང་གི་གནས་སུ་གཏོར་མ་གཏང་།། གཏོར་མ་གཏང་བ་ནི་ཁྲོ་བོའི་རྒྱལ་པོའི་གྲཏྟར་མའི་ཆོ་གུའོ།། ། དེ་ནས་རྒྱལ་པོ་ཆེན་པོ་ཆེན་པོ་བཞིའི་ག ་མའི་རིམ་པ་ནི་འདི་ཡིན་ཏོ། རེ་ཞིག་དང་པོའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཟའ་བ་ལ་སོགས་པས་གང་བའི་སྣོད་བཞི་བཞག་ལ། མདུན་དུ་དང་པོ་རང་གི་མིང་གི་ཡི་གེ་ཡོངསུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་བཞི་དཀར་པོ་དང་། སེར་པོ ་དང་། དམར་པོ་དང་། ནག་པོ་ཁྲ་བོ།། ཆོ་ག་དང་བཅས་པ། དུང་དང་རོལ་གྲི་འཆང་། སེམས་དཔའ་གསུམ་གྱི་བདག་ཉིད། ཡེ་ཤེས་སེམས་དཔའ་དགུག་ཅིང་ཞུགས་པར་བསམས་ལ། སྔ་མ་བཞིན་དུ་སྔོན་དུ་བྱས་ལ་རང་རང་གི་སྔགས་ཀྱིས། ་གཏོར་མ་སྦྱིན་པར་བྱ་སྟེ། ཨོཾ་དྷི་ཊཱ་རཥྚ་ཡ་གཾ་དྷ་ར་བ་སེནུ་དེ་བ་ཏ་ཡེ་མན་པཱ་ལི་པྲ་ཏཱིཙྪ་ས་མ་ཡ། མ་ནུ་སྨར་ཨཿཧཱུཾ་ཕཊ་སྭཱ་ཧཱ།། ཡུལ་འཁོར་སྐྱོང་གྲིའོ།། ཨོཾ་བི་རུ་ཌྷ་ཀ་ཡ་མ་ཧཱ་ཀུམྦྷ་ཎཱ་དེ་བཱ་ཏ་ཡཱ་མཾ་བ་ལི་པྲ་ཏཱིཙྪ་ས་མ་ཡེ་མ་ནུ་སྨ་ར་ཨཿཧཱུཾ་ཕཊ་སྭཱ་ཧཱ། ་འཕགས་སྐྱེས་པོའི་འོ།། ཨོཾ་བི་རཱུ་བཱཾ་ཀཱ་ཡ་མ་ཧཱ་ནཱ་ག་དེ་བ་ཏ་ཡེ་མཾ་བ་ལི་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཨོཾཿཧཱུཾ་ཕཊ་སྭཱ་ཧཱ། མིག་མི་བཟང་གིའོ།། ཨོཾ་བེ་ཤྲ་བཱ་ན་ཡེ་མ་ཧཱ་ཡཀྵ་དེ་བ་ཏ་ཡེ་མཾ་བ་ལི་ཏཱིནྣི་ས་མ་ཡ་མ་ནུ་སྨར་ཨཿཧཱུཾ་ཕཊ་སྭཱ་ཧཱ། རྣམ་ཐོས ་སྲས་ཀྱིའོ།། སྔགས་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་རང་གི་ཕྱོགསུ་གཏོར་མ་གཏང་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གཏོར་མའི་ཆོ་གའོ།། ། དེ་ནས་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ནི་དྲང་པོ་ན་མཁའ་ལ་པཾ་ལས ་པདྨ་ཆེན་པོ་འདབ་མ་བརྒྱད་པ་དམར་པོ་བསྒོམས་ལ། དེའི་ལྟེ་བར་ཆོས་འབྱུང་གི་ནང་དུ་གནས་པའི་རྡོ་རྗེ་འཆང་ཆེན་པོ་བསམས་ལ་གྲཝ་གསུམ་ལ་ཁམས་གསུམ་དང་། འདབ་མ་བརྒྱད་ལ་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་བརྒྱད་དང་། ་འདབ་མའི་འོག་ཏུ་ཀླུའི་རྒྱལ་པོ་བརྒྱད་དང་། སྡོང་བུ་ཁ་རིམ་པ་ཇི་ལྟ་བ་བཞིན་དུ་ལྷ་མ་ཡིན་དང་། ཡི་དགས་དང་། དུད་འགྲོ་དང་། དམྱལ་བ་པ་རྣམས་བསམས་ལ། དེ་རྣམས་ཀྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ་ཆན་ཆེན་པོ་སྣོད་དམ་བུམ་པ ་བཟའ་བ་ལ་སོགས་པས་གང་བར་བྱས་ཏེ། བདུད་རྩིར་བྱས་ནས། སྤོས་གཏུལ་བ་དང་། དྲིལ་བུའི་སྒྲས་དེ་རྣམས་མངོན་དུ་བྱས་ཏེ། མཆོད་ཡོན་དང་། ཞབས་བསིལ་སྦྱིན་པ་སྔོན་དུ་འགྲོ་བར། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི ་སྔགས་དང་སྙོམས་པར་འཇུག་པའི་ཕྱག་རྒྱ་འམ། ཨུཏྤ་ལའི་ཕྱག་རྒྱས་གཏོག་ཅིག་ལ་སོགས་པས་གཏོར་མ་བཏང་བ་ནི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སྟེ། ཡན་ལག་བཅུ་པའོ།། ། དེ་ནས ་བཞག་བདུན་པ་ལ་དཀྱིལ་འཁོར་བ་རྣམས་གཤེགསུ་གསོལ་ཏེ། ནང་པར་ལངས་ནས་མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་པ་རྣམས་མཆོད་ལ་ཐལ་མོ་སྦྱོར་ཞིང་། ཁྱོད་ཀྱིས་སེམས་ཅན་ཀུན་དོན་མཛད།། རྗེ་སུ་མཐུན་པའི་དངོས་གྲུབ་སྩོལ ་སངས་རྒྱས་ཡུལ་དུ་གཤེགསུ་གསོལ།། སླར་ཡང་གཤེགས་པར་མཛད་དུ་གསོལ།། སྐལ་པ་འམ་བསྐལ་པ་བརྒྱ་ཡི་བར། གང་གིས་གཟུགས་སྐུ་གནས་གྱུར་པ། ས་དང་ཆུ་དང་མེ་དང་རླུང་།། ལྷ་རྣམས་ཐམས་ཅད་བསྲུང་བར་མཛོད།། ཐུགས ་ནི་ཤིན་ཏུ་དགྱེས་གྱུར་ནས།། རང་གི་གནས་སུ་གཤེགས་པར་མཛོད།། བུ་དང་ཚ་བོ་སློབ་མར་བཅས།། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། སློབ་དཔོན་བསྲུང་བར་མཛད་དུ་གསོལ།། ཤེས་རབ་ཡེ་ཤེས་དྲི་མ་མེད། དཔེ་མེད་བསམ ་མི་ཁྱབ་ལ་འདུད།། ཅེས་བརྗོད་པས་ཡི་གེ་མུཿའི་མཐའ་ཅན་ཡི་གེ་བརྒྱ་པས་གཤེགསུ་གསོལ་བར་བྱའོ།། དཀྱིལ་འཁོར་གྱི་ཕུར་བུ་དང་མདའ་རྣམས་ཕྱུང་ལ། འོམས་བཀྲུས་ཏེ། རྡུལ་ཚོན་ནུབ་བོ་ལ་བསྐྱལ་ཞིང་། བའི་ལྕི་བ་དང་ཆུས ་དཀྱིལ་འཁོར་གྱི་ས་གཞི་བྱུགས་ལ་མེ་ཏོག་བསྐམ་ནས་ཕྱག་འཚལ་ཞིང་སྨོན་ལམ་བཏབ་ནས་ལངས་ཏེ། ཇི་ལྟར་བདེ་བས་གནས་པར་བྱ་བ་ནི་གཤེགསུ་གསོལ་བའི་ཆོ་ག་སྟེ་ཡན་ལག་བཅུ་གཅིག་པའོ།། ་དེ་ནས་ཉི་མ་ནུབ་པར་གྱུར་ནས་དབེན་པའི་ཕྱོགསུ་ཐབས་དང་། ཤེས་རབ་གཉིསུ་མེད་པའི་སྦྱོར་བས་སེམས་ལྷག་པར་མོས་ཏེ། རང་གི་སྙིང་གར་ཁམས་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཆང་ཟུངས་ལ་ཡི་གེ་ཁམ་བཀོད་ཅིང་། དེ་ལ་སེམས་བཏང ་ནས་མིག་ཡོར་ལྟ་བུར་དམིགས་ནས་ཉལ་བར་བྱའོ།། དེའི་སྔོན་དུ་མཐེ་བོ་དང་གུང་མོས་སེ་གོལ་བཅུ་དང་གནོད་མཛེས་ཀྱིས་རྒྱལ་པོས་ཕྱོགས་བཅིང་བ་བྱས་ནས་རྨི་ལོམ་བཟང་བ་མཐོང་བར་འགྱུརརོ།། གལ་ཏེ་རྨི་ལམ་ངན་པ་མཐོང་ན་དེའི་ཚེ་ཁྲོ ་བོའི་གཏོར་མ་གཏང་ན་རྨི་ལམ་བཟང་པོ་མཐོང་བར་འགྱུརརོ།། རྨི་ལམ་བཟང་པོ་ཡང་བླ་མ་ལ་སྨྲ་བར་བྱ་སྟེ། དེ་མི་བཞུགས་ན་བྲིས་སྐུ་དང་གཟུགས་སྐུའོ་སྤྱན་སྔར་སྨྲའི།། གཞན་སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བྱ་བ་སྟེ། ཡན་ལག་བཅུ་གཉིས ་པའོ།། བསོད་ནམས་ཡོངསུ་བསྔོ་བ་བཤད་པར་བྱ་སྟེ། དཔལ་རྡོར་ཕྲེང་བ་མཆོག་གི་བསྲུབ་ཤི་ངོ་གཱིས།། ཟབ་མོ་འདུས་པའི་རྒྱ་མཚོ་བསྲུབས་བྱས་ནས།། སྒྲུབ་ཐབས་བདུད་རྩི་རྙེས་པ་གང་ཡིན་པ།། འཇིག་རྟེན་ཀུན་དེས་འཆི་ལས་འདས་པར ་ཤོག་ཅེས་སྨོས་ཏེ། དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ནི་བཤད་པའི་རྒྱུད་དེ་སྟོང་ཕྲག་བཅུ་གཉིས་པའོ།། དེ་ཉིད་མཆོག་སྲུབ་ཤི་སྟེ།། སྲུབ་པར་བྱེད་པའི་ཤིང་དམ་པ་དེསོ།། ཟབ་མོ་ནི་ཟབ་པ་སྟེ་མཐའ་དྲུག་ལ་སོགས་པའི་དོན་གཙོ་བོར་གྱུར་པའོ།། འདུས་པའི ་རྒྱ་མཚོ་ནི་གསང་བ་འདུས་པའི་རྒྱ་མཚོའོ།། བསྲུངས་བྱས་ནས་ནི་རབ་ཏུ་བསྐྱོད་པ་སྟེ།། རྣམ་པར་དཔྱད་ནས་བདག་གི་སྒྲུབ་ཐབས་ནི་མདོར་བསྡུས་པོ་ཞེས་བྱ་བ་སྒྲུབ་པའི་ཐབས་ཡན་ལག་སུམ་ཅུ་རྩ་བརྒྱད་པ། བདུད་རྩི་དང་འདྲ་བ་རྙེད་པ་གང་ཡིན་པ་ངེས་ནི ་འཇིག་རྟེན་ཀུན་ཏེ། མ་ལུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་འཆི་བ་ལས་འདས་པར་ཤོག་ཅེས་བྱ་བ་སྐྱེ་བ་དང་རྒ་བ་དང་འཆི་བ་ལས་འདས་པའི་རྡོ་རྗེ་འཆང་ཉིད་ཐོབ་པ་ཤོག་ཅེས་བསྔོ་བ་ཡིན་ནོ།། ། ས་ནི་དང་པོ་ཐོབ ་པ་ཡི།། དཔལ་ལྡན་ཀླུ་སྒྲུབ་ཉི་མ་ཡིས།། འདུས་པའི་མཚོ་སྐྱེས་རྒྱས་པའི་ཕྱིར།། སྒྲུབ་ཐབས་འོད་ཟེར་སྤྲོས་པར་མཛད།། འགྲོ་བ་ལ་ནི་སྣོད་མཛད་པ།། མདོར་བསྡུས་པ་ཞེས་བྱ་བ་འདིས།། ཡང་དག་མན་ངག་ལ་བརྟེན་ཏེ། དེ་ནི་བདག་གིས་གསལ་བར་བྱས།། ་རྟོགས་མེད་དབུལ་གྲི་འི་སྡུག་བསྔལ་འཇོམས་བྱེད་པ།། འདུས་པའི་རྒྱུད་ཀྱི་རྒྱ་མཚོའི་ནང་ནས་བྱུང་།། བློ་བཟང་ནོར་བུ་མཁན་གྱིས་ལེགས་བྱས་པ།། སྐྱེ་བོ་རྣམས་ཀྱི་མགུལ་བར་རྒྱན་དུ་འགྱུར།། རིན་ཕྲེང་བ་ཞེ་བྱ་བ།། སྐྱེ་བོ་དམ་པའི་སྤྱི ་ཕྲོགས་ཅིང་།། རྣལ་འབྱོར་ཚུལ་རྒྱན་གྱིས་བརྒྱུད་པོ།། མདོར་བསྡུས་པ་ཡི་སྒྲུབ་ཐབས་འགྲེལ།། གངས་དང་ཀུན་ད་ཟླ་བ་ལྟར་དཀར་བའི།། དགེ་བ་ཆེན་པོ་བདག་གིས་གང་རྙེད་པ།། འཁོར་བ་མ་རུངས་བཙོན་ར་རྣམས་སྦྱངས་ནས། དེས་ནི ་འགྲོ་བས་རྡོ་རྗེ་འཆང་ཐོ་བོ་ཤྩགྷྲ། མདོར་བསླུས་པའི་སྒྲུབ་ཐབས་ཀྱི་འགྲོལ་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རིན་རྔོན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཇེད་བརྫོག་སྷོ།། ་རྒྱ་གར་གྱི་མཁན་པོ་ཀརྨ་བཛྲ་ཉིད་ཀྱིས་བསྒྱུར་ཞིང་གཏན་ལ་བབ་པའོ།། ། ་