CLOSE WINDOW

GT686: dpal gsang ba 'dus pa'i dkyil 'khor gyi cho ga
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜ་ལ་ནོ་པྲི་ཀ། བོད་སྐད་དུ། དཔྲལ་གསུང་བུ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཨོཾ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རྡོ་རྗེ ་འཛིན་འདི་ཡོན་ཏན་གྱི།། རིན་ཆེནི་འབྱུང་གནས་ལཾ་བཏུད་ནས།། མནཱི་ངག་ཇི་ལྟར་བརྙེད་པ་བཞིན།། དཀྱིལ་འཁོར་ཆོ་ག་བྲི་བར་བྱ།། དང་པོ་རེ་ཞིག་སྟོབ་དཔོན་སྔགས་ཀྱི་ཚུལ་རིག་ཅིང་སེམས་ཅན་གྱི་དོན་ལ ་གཅིག་ཏུ་གཞོལ་བ། སྔགས་ཟློས་པ་དང་ལྡན་པ་ལ་སླེབ་མས་དཀྱིལ་འཁོར་བྲི་བའི་ཕྱིར་ལན་གསུམ་དུ་གསོལ་བ་གདབ་པོར་བྱའོ།། དེ་ནས་རང་གྲི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སློབ་མའི་སེམས་ལས ་བྱུང་བའི་བགེགས་བསལ་ལ་བདུད་རྩི་འཁྱིལ་པའི་ཕྲེང་བའི་སྔགས་སམ་མཚན་གྱི་སྔགས་ལན་བདུན་བཟླས་པས་བསྲུང་བར་བྱའོ།། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་དཀྱིལ་འཁོར་གྱི་གཙོ་བོའི ་སྔགས་འབུམ་ཕྲག་བཟླས་པར་བྱས་ལ། དཀྱིལ་འཁོར་པ་རྣམས་ཀྱི་ནི་ཁྱི་ཕྲག་རེ་རེ་བཟླས་པསྒྲ་སྔོན་དུ་བསྙེན་པ་བྱའོ།། དེ་ལྟཪྼ;ྀ་མི་ནུས་ན་ཚེ་སྲ་དྲང་སྐར་མ་བཟང་པོ་ལྔ་ཁྲུས་བྱས་ལ་གོས་སར་པ་བགོས་ཏེ། ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྤྱན་སྔར་མཎྜལ་བྱས་ནས་མཆོད་པ་ཕུལ་ཏེ། ཨོཾ་མུ་ཙི་ལཾ་སྭཱཧཱ། ཨོཾ་མོ་ཧཱ་ནི་སྭཱ་ཧཱ། ཨོཾ་དནྟི་ལི་སྭཱ་ཧཱ། ཞེས་བྱ་བའི་སྔགསོ་ཁྲི་ཕྲག་གཅིག་བཟླས་ལ་བཅོམ ་ལྡན་འདས་ཀྱི་སྤྱན་སྔར་ཉལ་ལོ།། དེ་ནས་རྨི་ལམ་དགེ་བ་དང་སྡིག་པ་བལྟས་ཏེ། གལ་ཏེ་དགེ་བ་མཐོང་ན་དཀྱིལ་འཁོར་བྲིའོ།། དེ་ཡང་རི་ལ་སོགས་པ་ཉམས་དགའ་ཞིང་སློབ་མུ་དང་རྗེསུ་མཐུན ་པའི་གནསུ་སོང་སྟེ་བྱང་དང་ཤར་དུ་གཞོལ་བྲེའི་སའི་ཆ་བརྟགས་ལ་ལྕི་བའི་མཎྜལ་བྱས་ཏེ། དྲི་ཞིམ་པོའི་ཆུས་བསང་གཏོར་བྱས་ལ་བདུད་རྩི་འཁྱིལ་པའི་སྔགས་ཟློས་ཤིང་མཐོ་གང་ཙམ་དུ་སའི་དོང་བརྐོས་ལ ་ལྕི་བས་བྱུགས་ཏེ་སྡིགས་དེ་ཉིད་བཟླས་པའི་ཆུས་དགང་ངོ་།། དེ་ནས་ཡི་གེ་གསུམ་གྱི་སྔགས་ཟློས་ཤིང་ཤར་ཕྱོགསུ་གོམ་པོ་བརྒྱད་ཕྱིན་ནས་སླར་ལོག་ནས་ལྟའོ།། གལ་ཏེ་ཆུ་སྐམས་པར་གྱུར་ན་དེར་མི་བྱ་སྟེ་གཞན ་དུ་སྤོའོ།། ཙ་སྟེ་གང་པོར་གནས་ན་ནི་དགེ་བའི་མཚན་མ་ཡིན་ནོ།། དེ་ལྔས་བྲི་བར་གྱུར་ན་ནི་དྭེར་གནས་ཏེ་ཁྲོ་བོའི་དཀྱིལ་འཁོར་བསྒོམས་ལྀ་གནོད་མཛེས་ལ་བཀའ་བསྒོ་བས་ཕྱོགས་སྐྱོང་རྣམས་བཀུག་སྟེ་གཏོར་མཱ ་བྱིན་ནས་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་བདུད་རྩི་འཁྱིལ་པའི་ཕུར་པས་གདབ་པོ།། དེ་ནས་ཕུར་པ་ལས་བྱུང་བའི་འོད་ཀྱི་རྡོ་རྗེའི་ས་གཞི་དང་། སྟེང་དུ་རྡོ་རྗེའི་དྲ་བ་དང་། ཕྱོགས་མཚམས་སུ་རྡོ་རྗེའི་ར་བ་དང་། ཕྱི ་རོལ་ཏུ་མེ་ལྕེའི་ཕྲེང་བས་བསྐོར་བ་བྱས་ལ་སོའི་ལྷ་མོ་སྐུ་མདོག་སེར་མོ་ཕྱག་གཉིས་ན་གསེར་གྱི་བུམ་པ་བསྣམས་པ་བློས་བཀུག་ལ་མེ་ཏོག་ལ་སོགས་པས་མཆོད་དེ། སློབ་དཔོན་གྱིས་གསོལ་བ་གདབ་པར་བྱ ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། རཱིན་ཆེན་སྣ་ཚོགས་འཛིན་པ་ཡིས།། ས་འདིར་དཀྱིལ་འཁོར་བྲི་བར་བྱ།། ཞེས་བརྗོད་དེ། ན་མཁའ་ལ་ཡིད་ཀྱི་བཏེག་སྟེ་བཞག་གོ།། དེ ་ནས་ལྔས་བྱེད་པ་བདུད་རྩི་འཁྱིལ་བར་བསྒོམས་ལོ་དེའི་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། དཀྱིལ་འཁོར་གྱིས་པུས་ནུབ་ཙམོ་བརྐོས་ནས་གྱོ་མོ་དང་སོལ་བ་ལ་སོགས་པའི་སའི་ནད་རྣམས་བས ་ཏེ། དྲི་ཞིམ་པོ་དང་བཅས་པའི་ས་དེ་ཉིད་ཀྱིས་དགང་ངོ་།། དེ་སྐད་དུ་ཡང་གསུངས་པ། པུས་མེ་ནུབ་ཙམ་བརྐོས་ནས་སུ།། སྔ་དེ་ཉིད་ཀྱིས་དགང་བར་བྱས།། གལ་ཏེ་ལྷག་པར་གྱུར་ན་ནི། དེ་ན་དངོས་གྲུབ་ཡོད་པར ་བཤད། ཅེས་པའོ།། དེ་ནས་མཚན་ཉིད་དང་ལྡན་པར་བཙུགས་ཏེ། དེར་དཀྱིལ་འཁོར་གྱི་ཁང་པའོ།། སླེབ་དཔོན་གྱིས་ནི་རིག་སྔགས་བཟླ་བར་བྱའོ།། ཁཱ་པྲཱ་ཟིན་ནས་དེར་སློབ་དབེན་རང་གི་ལྷའི་རྣལ་འབྱོར་དང ་ལྡན་པ།། ཨོཾ་བྷཱུ་ཁཾ་ཞེས་བྱ་བ་སྱ་ས་གཞི་ན་མཁེའི་རང་བཞིན་དུ་བྱས་ལ།། ཨཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བསྒོམས་ལཾ། ཨཱི་མེ་དེ་ནི་བཛྲ་བྷཱ་པ་བཛྲ་བནི་དྷ་ཙྪ་ཞེས་བྱ་བྱས་བྱིན་གྱིས་བརླབས ་ཏེ། འདི་ནི་ས་སྦྱང་པའི་ཚེ་གའོ།། དེ་ནས་རྡོ་རྗེ་དྲིལ་བུ་ཐོགས་པའི་སློབ་མ་བཞི་དཀྱིལ་འཁོར་གྱི་སའི་ཕྱོགས་བཞིར་བཞག་ལ་སློབ་དཔོན་རྡོ་རྗེ་དང་དྲིལ་བུ་ཐེགས་པ་དབུས་སུ་འདུག་སྡེ། དཀྱིལ་འཁོར་ཀྱི་འཁོར ་ལོའི་ཏིང་ངེ་འཛིན་རྫོགས་པར་བྱས་ལ་གོས་སཱུ་རཱུ་པ་བླགོས་ཤིང་མེ་ཏོག་གི་ཕྲེང་བ་དང་ཅོད་པན་ལ་སོགས་པ་དང་ལྡན་པའི་སློབ་མ་བཞིས་ཤར་ཕྱོགས་ནས་བརྩམས་ཏེ། རིམ་བཞིན ་དུ་གསོལ་བ་གདབ་བོ།། དེ་ལ་ཤར་ཕྱོགས་ནས་གསོལ་བ་གདབ་པའི་ཚིག་ནི། དེ་བཞིན་གཤེན་པ་ཀུན་ཞི་བ།། དེ་བཞིན་གཤེཊ་བ་ཀུན་གྱི་ཀནྡ།། ཆོས་ཀུན་བདག་མེད་པ་ཡཾ་མཆོག། དཀྱིལ་འཁོར་དམ་པ་བཤུད་དུ་གསོལ།། གཉིས ་པའི་ནི་མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་རྣམ་པར་སྤངས།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། གསུམ་པའི་ནི་ཞི་བའི་ཆོས་ནི་མཆོག ་ལས་འབྱུང་།། ཡེ་ཤེས་སྤྱོད་པས་རྣམ་སྦྱོང་བ།། ཀུན་ཏུ་བཟང་པོ་གསུང་གིས་མཆོག། དཀྱིལ་འཁོར་སྙིང་པོ་བ་ཤྭད་དུ་གསོལ།། བཞི་པའི་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི ་མ་མེད།། ཀུན་ཏུ་བཟང་བློ་ཐུགས་ཀྱི་མཆོག། དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ།། དེ་ལྟར་གསོལ་བ་བཏབ་པའི་མཐར་ལངས་ཏེ་བསྒོམས་པའི་དཀྱིལ་འཁོར་གྱིས་འཁོར་ལོ་ན་མཁའ་ལ་བཏེག་ལ ་བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམས་ནས། མིག་གཡས་པ་དང་གཡོན་པར་མ་དང་ཊཾ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསམས་ཏེ། རྐང་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་གདེངས་པ་བལྟས ་ལ་དབང་ལྡན་ནས་བརྩམས་ཏེ་ཛྫ་ཞེས་བརྗོད་ཅིང་རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་གཞི་ཀུན་ཏུ་བསྐོར་ལ་སྭ་དེ་ན་གནས་པའི་བགེགས་རྣམས་ལ་འདི་སྐད་ཅེས་བསྒོའོ།། ལུས་ངག་སེམས་ལ་གླནས ་པ་ཡིས།། བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན།། ད་ནི་དཔལ་ལྡན་རྡོ་རྗེ་འཛིན།། བཀའ་ཡི་འཁོར་ལོ་སྦྱོར་བ་ཡི།། རྡོ་རྗེ་རབ་ཏུ་འབར་བ་འདིས།། སྐུ་གསུམ་ལས་བྱུང་དགས་པར་བྱ།། གལ་ཏེ་དམ་ཚིག ་ལས་འདས་ན།། ཚལ་བར་འགས་པར་གདོན་མི་ཟ། ཞེས་བྱ་བ་འདིས་བགེགས་རྣམས་བསྐྲད་ལ་སླར་ཡུང་སྒྲུབ་ཐབས་ལས་འབྱུང་བ་བཞིན་དུ་གནོད་མཛེས་ལ་བཀའ་བསྒོ་བས་བགེགས་རྣམས་ལ་ཕུར ་བུས་གདབ་པ་དང་། ས་བཞི་དང་ར་བཱ་ལ་སོགས་པ་བསྒོམས་ལ། སླར་ཡང་སའི་ལྷ་མོ་བཀུག་སྟེ་མཆོད་པ་བྱས་ནས་དཀྱིལ་འཁོར་བྲི་བར་བྱེ་བའི་ཕྱིར་གསོལ་པ་གདབ་པར་བྱའོ།། སྐྱོབ་པ་སངས་རྒྱས ་ཐམས་ཅད་ཀྱིས།། སྤྱོད་པའི་ཚུལ་གྱིས་ཁྱད་པར་ནི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དཔང་དུ་གྱུར།། ཤཱཀྱ་སེང་གཱི་སྐྱོབ་པ་ཡཽ།། ཛཾ་ལྟར་བདུད་ཀྱི་སྟོབས་བཅོམ་པ།། དེ་བཞིན་བདག་གིས་བདུད ་ལས་ནི།། རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི།། ཞེས་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སའི་ཚོར་དྲི་ཞིམ་པོ་བླུགས་ཏེ།། མེ་ཏོག་དྲི་ཞིམ་པོས་གཏོར་བ་འདི་ནི་ས་གཟུང་བའི་ཆོ་གའོ།། དེ་ནས་དཀྱིལ་འཁོར་གྱི་སེའི ་ཆ་སོ་སོར་གནས་གནས་སུ་བདུད་རྩི་ལྔས་མཎྜལ་ཚོམ་བུ་སུམ་ཅུ་རྩ་གཉིས་བྱས་ལ་ན་མཁའ་ལ་གནས་པའི་ལྷའི་འཁོར་ལོ་སྤྱན་དྲངས་ཏེ།། སོ་སོའི་གནས་སུ་བཞུགས་སུ་གསོལ་བ་ལ་མེ་ཏོག ་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་མཆོད་དེ་བདུག་སྤོས་ཀྱིས་བདུག་ཅིང་དྲིལ་བུ་དཀྲོལ་ནས་བསྟོད་པ་འདིས་བསྟོད་པར་བྱའོ།། མི་བསྐྱོད་པ་ནི་ཡེ་ཤེས་ཆེ།། ཆོས་ཀྱི་དབྱིངས་ནི་མཁའ་ཆེན་པོ།། རྡོ་རྗེ་གསུམ ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱངས་ལི་ཕྱག་འཚལ་བསྟོད་རྣམ་པར་སྣང་མཛད་རབ་ཏུ་དགེ། རྡོ་རྗེ་ཞི་བ་དགའ་བོ་ཆེ།། རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད།། རིན ་རྐྱེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ནམ་མཁོའི་དྲི་མ་མེད།། རང་བཞིན་དྲུག་པས་གོས་པ་མེད།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ལྕེ་ཕྱག་འཚལ་བསྟོད།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་སྤྱོད་རྫོགས་མཛད་པ།། རང་བཞིན་དག་པ་ཉིད་ལུས་བྱུང་།། རྡོ་རྗེ་སེདུའ་ཕྱག་འཚལ་བསྟོད།། ཅེས་བྱ་བས ་བསྟོད་ལ་ཕྱག་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འོག་ནས་འབྱུང་བ་འདི་ལྷ་རྣམས་ལ་སྙན་གསན་དབབ་པར་བྱའོ།། བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ།། རིག་པའི་རྒྱལ་པོ་ཕྱག ་འཚལ་བསྟོད།། ཁྱེད་རྣམས་ལ་ནི་མཆོད་པ་དང་།། སློབ་མ་རྣམས་ལ་བརྩེ་བའི་ཕྱིར།། མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས།། དཀྱིལ་འཁོར་འདིར་ནི་བྲི་བར་འཚལ།། བཅོམ་ལྡན་བདག་ནི་གུས་པ་ལ།། དེ་བས ་བཀའ་དྲིན་མཛད་པར་འོས།། འགྲོ་བའི་འཁོར་ལོ་དོན་མཛད་པའི།། སངས་རྒྱས་བདག་ལ་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་།། གང་གཞན་གསང་སྔགས་ལྷ་རྣམས་དང་།། འཇིག ་རྟེན་སྐྱོང་བའི་ལྷ་གང་ཡིན།། འབྱུང་པོ་གང་དག་མཐུ་ཆེན་དང་།། བསྟན་ལ་དགའ་བའི་སེམས་ཅན་ནི།། གང་སུ་རྡོ་རྗེའི་མིག་ལྡན་རྣམས།། རྡོ་རྗེ་ཅན་བདག་ཆེ་གེ་མོས།། ཆེ་གེ་འབྱུང་བའི་དཀྱིལ་འཁོར་ནི།། ཡོ ་བྱུང་ཇི་ལྟར་འབྱོར་པ་ཡིས།། འགྲོ་བ་དག་ཕྱིར་བདག་འདྲི་ན།། ཐུགས་རྗེས་ཉེ་བར་དགོངས་ནས་ནི།། བདག་དང་སོབ་མེར་བཅས་པ་ཡི།། ཚོགས་པ་ཀུན་ལ་དཀྱིལ་འཁོར་དུ།། ཁྱོད་ཀྱིས་བྱིན་བརླབས་མཛད་པར ་འོས། ཞེས་བྱ་བ་འདི་ལན་གསུམ་བརྗོད་དེ་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་དཀྱིལ་འཁོར་བའི་སྔགས་ཀྱང་ཅི་ནུས་པར་བཟླས་ལོ་གཱ་ཤེགས་སུ་གསོལ་བའི་ཕྱིར ་སླར་ཡང་མཆོད་པ་དང་གཏོར་མ་ཕུལ་ལ།། དྲིའི་མཎྜ་ལཾ་ལ་ཞུག་པ་རྣམས་ཡིད་ཀྱི་ནམ་མཁའ་ལ་བཏེག་སྟེ།། བཀོད་ནས་རིམ་པ་འདིས་དཀྱིལ་འཁོར་ཐིག་གདབ་བོ།། ཚངས་པའི་ཐིག་གཉིས་བཏབ་ནས་སོ།། ་མཚམས་ཀྱི་ཐིག་གཉིས་བྲི་བར་བྱ།། གྲུ་བཞི་དང་ནི་བསྐུད་པ་བཞི།། དཀྱིལ་འཁོར་ཚད་བཞིན་བཞལ་ཏེ་གདབ།། སྒོ་ནི་འཁོར་ལྷོའི་བརྒྱད་ཆར་རུ།། ཚངས་སྐུད་གཉིས་ཀྱི་ངོས ་སུ་བྱ།། སྒོ་ཡི་ངོས་སུ་ཚོན་རྩིའི་ས།། དེ་ཕྱེད་སྐུད་པ་གཉིས་ཀྱིསཽ་བྲི།། སྒོ་ཡི་བཞི་ཚྭར་ཡང་བཏབ་ནས།། སྒོ་ཕྱེད་གསུམ་ཡང་དེ་ནས་གདབ།། མཚམས་སུ་སྒོ་ཡི་ཐད་དུ་ནི།། ལྷ་ཡི་སྣམ་བུའི་ཐིག་གྲང་བ་བྱ།། རི་མ ་ལྔ་ཨཽསཾ་ས་ཡི་ཆ།། སྒོ་ཡི་བཞི་ཆར་གདབ་པར་བྱ།། ཁཱ་ཁྱེར་སླེ་ཡི་ཕྱེད་དུ་སྟེ།། དེ་ཡི་ཕྱེད་ཀྱི་རིན་ཆེན་ས།། དྲ་བ་དང་ནི་དྲ་ཕྱེད་གནས།། ཁ་ཁྱེར་དང་ནི་མཉམ་པར་བྱ།། དེ་ཕྱེད་པ་གམ་ས་ཡིན་ཏེ།། འདི་ནི་ཐོག་སྐུད ་བྲི་བ་ཡིན།། སོ་སོའི་གནས་སུ་ཐིག་བྲི་བ།། སྐྱེ་བོ་རང་གིསྔོ་ཤེས་སླ་ཞིང་།། གཞན་དུ་ལྟོ་བར་བླ་བྱ་ན།། འདིར་ནི་སྤྲོས་ཏེ་མ་བཽ་ཤད་དེ།། དབང་ལྡན་མཚམས་ནས་བརྩིམས་ནཱས་ནི།། མཚམས་སུ་སོ་སེར་བེར་བ ་པདྨ་རྡོ་རྗེ་ཕྲེང་བ་དང་།། ཟླུམ་པོར་ཀུན་ཏུ་བསྐོར་བར་བྱ།། སྙིང་པོའི་དཀྱིལ་འཁོར་བསྐོར་བའོ།། རྡོ་རྗེ་ཕྲེང་བ་དེ་བ་ན་བྱ།། སྒོ་ཡི་སུམ་འགྱུར་ཏཱ་རེ་ཎ།། ཤེས་རབ་ཅན་གྱིས་བྲི་བྱཱ་སྟེ།། སྣམ་བུ་བནྡེ་གཅིག་ཕྱེ་བ་ལ། ་ཅི་ལྟར་མཛེས་པར་བརྟག་པར་བྱ།། དེ་ནས་ཡེ་ཤེས་ཀྱི་སྐུད་པ་ཆེན་རྩི་ལྔས་ཁ་བསྒྱུར་ཞིང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་ལྡན་པ་སྣོད་དྲི་ཞིམ་པར་བཞག་སྟེ་འབར་བའི་ལྟོ་བས་དེ་བཞིན་གཤེགས་པོ་ཐམས་ཅ ་ཀྱི་ཐུགས་ཀ་ནཱ་ཡེ་ཤེས་ཀྱི་ཐིག་སྐུད་དྲངས་ཏེ་དེར་བསྟིམས་ནས་བདུད་རྩི་རྣམ་པ་ལྔས་བྱུགས་ཏེ།། ཡི་གེ་གསུམ་མངོན་པར་བཟླས་པས་བྱིན་གྱིས་བརླབས་པོ།། དེ་ནཱས་ཨོཾ་ཨེ་ཧྱ་ཧི་བྷ་ག་བཱན་པྲ་ཡཙྪ་ཤ་ཤྭ་ཏ་སུ ་ཏྲཾ་ས་ཙཀྲ་སུ་ཏྲྀ་ན་ཡ་སྭཱཧཱ་ཧཱུཾ་ཞེས་བྱ་བས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལ་ཐིག་སྐུད་བསླང་པར་བྱའོ།། དེ་ནས་ཨཻ་ཨ་ནྱོ་ནྱ་ཨོཾ་ནུ་ག་ཏ་སརྦ་དྷརྨ་ཧཱུཾ། ཨོཾ་ཨ་པ་ར་པ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཨ ་ནྱོ་ནྱ་ཨ་ནུ་པྲ་བེ་ཤཾ་སརྦ་དྷརྨ་ཧཱུ~ཾ། ཞེས་བྱ་བས་སློབ་མེ་བདུད་རྩི་འཁྱིལ་པར་བསྒོམས་པ་དང་། ལྷན་ཅིག་ཏུ་སྐུད་པ་སྒྲིལ་ན་སྱཻ་བདག་དང་སློབ་མ་གཉིས་ཀ་ཡི་གེ་དྷྱཾ་གསུམ་གསུམྦུ་བཟླས་པཱས་བསྐུལ་ལ ་གཡོན་པ་རྡོ་རྗེ་ཁུ་ཚུར་ལྟེ་བ.རཱ་བཞག་ལ་སྐུད་པ་བཟུང་སྟེ། སློབ་དཔོན་ནུབ་སྒོར་གནས་ལ། སློབ་མ་ཤར་སྒོར་གནས་པ་དང་། ཨཱཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་དེ་གནམ་ཐིག་དང་སྭ་ཐིག་གདབ་པོ། ་དེ་ཡང་སེམས་ཅན་དུས་སུ་ནི།། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས།། ཐིག་སྐུད་སྒྲ་ཡིས་བསྐུལ་ནས་སུ།། དེ་དག་འདིར་ནི་གཤེགས་པར་མཛོད།། དེ་ནུས་སྐོར་ཕྱོགས་ཀྱིས་གཤིན་རྗེའི་ཕྱོགས་སུ་སོང ་སྟེ་བྱང་ཕྱོགས་ན་གནས་པའི་སློབ་མ་དེ་བཞིན་དུ་ཐིག་གདབ་པོ།། དེ་ནས་མེའི་མཚམས་སུ་སོང་སྟེ་དབང་ལྡན་གྱི་མཚམས་ན་གནས་པ་དང་། ཤར་ཕྱོགས་ཀྱི་ཐིག་གདབ་པོ།། ཡང་རླུང་མཚམས་སུ་སོང་སྟེ ་བདེན་བྲལ་གྱི་མཚམས་ན་གནས་པ་དང་། ནུབ་ལོགས་ཀྱི་ཐིག་གདབ་པོ།། དེ་ནས་དེ་ཉིད་དུ་བསྒྱུར་ཏེ་དབང་ལྡན་གྱི་མཚམས་ན་གནས་པ་དང་། བྱང་ལོགས་ཀྱི་ཐིག་གདབོ།། ཡང་མེའི་མཚམ་སུ་སོང་སྟེ། ་བདེན་བྲལ་གྱི་མཚམས་ན་གནས་པ་དང་ལྷོ་ངོས་ཀྱི་ཐིག་གདབ་བོ།། དེ་ཉིད་དུ་གནས་ནས་རླུང་མཚམ་སུ་གནས་པཾ་དང་མཚམས་ཀྱི་ཐག་གདབ་པོ།། བདེན་བྲལ་གྱི་མཚོམསུ་སོང་སྟེ་དབང་ལྡན་གྱི་མཚམས་ན་གནས་པ་དང ་མཚམས་ཀྱི་ཐིག་གཉིས་པ་གྲདབ་པོ།། དེ་ནས་ཐིགས་སྐུད་ཉིས་འགྱུར་དུ་བྱས་ཏེ་སློབ་དཔོན་དབུསུ་འདུག་ནས་སློབ་མས་དབང་ལྡན་གྱི་མཚམས་ནས་ཕྱེ་ནང་གི་འཁོར་ལི་བསྐོར་བར་བྱའོ།། དེ་ལྟར་ཡེ་ཤེས་ཀྱི་ཐིག ་བཏབ་ནས་བདག་ཉིད་ཁྲོ་ཞིང་བསྒྱིངས་པ་དང་བཅས་པས་སྨོན་མ་བཅུམ་པིའི་ཁྲོ་བོའི་ལྦུ་བས་བལྟོས་ཏི་སྒོ་ཕྱེ་ལ་ཕྱི་རོལ་ཏུ་བྱུང་སྟེ། ཨོཾ་ཨཱཿམུཿཞེས་བྱ་བས་ཡེ་ཤེས་ཀྱི་སྐུད་པ་གཤེགསུ་གསོལོ།། འདི་ནི་ཡེ ་ཤེས་ཀྱི་ཐིག་གདབ་པའི་ཆོ་གའོ།། དེ་ནས་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཏུ་བཅོས་པའི་ཚེན་རྩི་སྔ་མ་ལྟར་སྙིད་བཟང་པོར་བཞག་ལ་འབར་བའི་ལྟ་བས་དེ་བཞིན་གཤེགས་པ་རྣམས་ལས་ཚོན་རྩི་བཀུག་སྟེ། སོ ་སོའི་ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམས་ལ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བས་མངོན་པར་བསྔགས་པས་བྱིན་གྱིས་བརླབ་པོ།། དེ་ནས་ཨོཾ་བཛྲ་བེ་ག་ཞེས་བྱ་ས་ཡེ་ཤེས་ཀྱི་སྐུད་པ་ཡིད་ཀྱིས་བཏེག་སྟེ། ཚོན་རྩི ་རྣམས་བཟུང་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཆོས་དབྱིངས་འདི་ནི་རྣམ་པར་དག། སེམས་ཅན་ཁམས་ནི་རབ་སྒྲོལ་བ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། དཀྱིལ་འཁོར་རང་གི་བྲི་བར་བྱ།། དེ་ནས་ཚོན་རྩི་ཁུ་ཚུར ་གཡོན་པས་བཟུང་སྟེ། དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་རི་མེ་རྣམས་མུ་འབྱར་ཞིང་དྲང་ལ་མཐོ་བ་གཡས་བསྐོར་དུ་བྲིའོ།། རིམ་པ་ནི་སྔོན་པོ་དང་། དཀར་པོ་དང་། སེ་རུ་པོ་དང་། དམར་པོ་དང་། ལྗང་གུ་རྣམས ་ཏེཏེ་སློབ་དཔོན་རང་གི་དེ་ལྟར་བྲིས་ལ་ཁམ་ཕོར་ལ་སོགས་པས་བཀཔཱ་སྟེ། རྡོ་རྗེ་ཤུགས་གྱིས་འཇུག་པ་དང་འབྱུང་བ་བྱའོ།། དེའི་འོག་ཏུ་གཞལ་གྱི་ཅི་དགའ་བར་བྲིའོ།། འདི་ནི་ཚོན་བྲི་བའི་དམ་ཚིག་གོ། དེ་ལ་མི་བསྐྱོད ་པ་གཙོ་བོར་གྱུར་པའི་དཀྱིལ་འཁོ་ལ་ནི་རྡོ་རྗེ་ཕྲེང་བའི་ནང་གི་ས་གཞི་སྔོན་པོར་བྱས་ལ།། ཤར་གྱི་ཆུར་ནི་དཀར་པོའོ།། ལྷོར་ནི་སེར་པོའོ།། ནུབ་ནི་དམར་པོའོ།། བྱང་ནི་ལྗང་གུའོ།། སྙིང་པོའི་དཀྱིལ་འཁོར་གྱི་དབུས ་ནི་སྣ་ཚོགས་པདྨ་དང་རྡོ་རྗེའི་གདན་ལ་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་ཕྱག་རྒྱ་དང་བཅས་པསྭ་བྱིའོ།། ཤར་དུ་ནི་འཁོར་ལོ་དང་བཅས་པའི་པདྨ་ལྔ་འཁོར་ལོ་དཀར་པོའོ།། དེ་བཞིན་དུ་ལྷོརྱ་ནི་རིན་པོ་ཆེ་ལ་གནས་པའི་རིན་པོ་ཆེའི། ་ནུབ་ཏུ་ནི་པདྨ་ལ་གནས་པའི་པདྨ་དམར་པོའོ།། བྱང་དུ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་རྡོ་རྗེ་ལྗང་གུའོ།། མཚམས་རྣམསུ་ནི་གདན་དེ་དག་ཉིད་ལ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམསོ།། རིམ་པ་གཉིས་པར ་པར་གླ་དན་དུ་དག་ཉྀ་ལ་མེ་སྱཱམས་ལྔ་སྩོགས་པར་མེ་མྱོང་དང་བྷཱི་བ་དང་དྲི་ང་ཆོས་དང་སྠོ་རྣམསྷོ།། ཁ་དག་རྣམས་སྣང་སྦྱར་བ་ཤཱ་ཕྱུ་བཞིན།། དེའི་སྣམ་བུཊི་ཤྭཱ་ཪྵ་བྱུགས་རྒྱུངས་ཀཱཊྚསྭཱ་ནཱི་གདན། ་དེ་ཉིད་ལ་ནཱ་ག་དུཥྚ་དཀར་བོ་དྲང་འཁོར་ལོ་དཀར་པོའོ།། ལྷོར་ནི་རིན་པོ་ཆེ་སྙིར་པོ་གཉིསོ།། ནུབ་ཏུ་ནི་པིདྨ་དམར་པོ་གཉིས་སོ།། བྱང་དུ་ན་རིལ་ཀྱཻ་ལྗང་གུ་གཉི་སོ།། ཤཱར་ལ་སོགས་པའི་སྒོ་བཞིར་ནཱི་པདྨ་དཤྩི་མོའི་གདུན ་རྡོ་རྗེ་ཐོ་བ་སྔོན་པོ་དང་།། རྡོ་རྗེ་དབྱིག་པ་དཀར་པཾ་དང་།། སྣོང་དུ་དང་བཅས་པའི་པདྨ་དམར་པོ་དང་།། སྣ་ཚོགས་རྡོ་རྗེ་ལྗང་ཁུའོ།། དབ་ལྡན་ལ་སོགས་པའི་མཚམ་སུ་ནི་པདྨ་དང་ཉི་མ་ལ་རལ་གྲི་སྔོན་པོ་དང་།། རྡོ་རྗེ་དང་རྡོ་རྗེ་སྤྱན ་པོས་མཚན་པའི་དབྱིག་པ་དང་། ཡང་དབྱིག་པའོ།། སྟེང་འོག་ཏུ་པདྨ་དང་ཉི་མ་ལི་རྡོ་རྗེ་ནག་པོ་དང་སྔོན་པོའོ།། དེ་ནས་བུམ་པ་མགྲིན་པ་རིདི་ཞིང་མཆུ་འཕྱང་བ་ལྟོ་བ་ཡངས་པ་རྣམས་ནས་དང་མོན?་སྲན་གྲེའུ་དང་། འབྲས་ཀྱི ་སོ་བ་དང་། ཏཱི་ལ་ཏྭེ་འབྲུ་ལྔ་དང་། འབྲི་ཧ་ཏི་དང་། ཀན་ད་ཀ་རི་དང་། ཨཾ་པ་ར་ཛ་ཏ་དཀར་པོ་དང་། ཧ་ས་དང་། ཧཱ་ས་དེ་བ་སྟི་སྨན་ལྔ་དྲང་། གསེར་དང་། དངུལ་དང་བྱི་རུ་དང་། མུ་ཏིགླཻ་དང་མུ་མྱེན་ཏྭེ་རིན་པོ་ཆེ་ལྷ་རྣམས་དེའི་ནང ་དུ་ཐུག་ལ་དྲི་ཞིམ་པོའི་ཆུ་སེ་བཀང་སྟེ། སྣམ་བུ་སར་པས་མགྲིན་པ་བཅིངས་ལ་ཤིང་ལོས་ཁ་བརྒྱན་པའི་བུམ་པ་རོམ་པ་འདིས་སྟ་གོན་ལ་གནས་པ་བྱའོ།། བདག་ཉིད་དཀྱིལ་འཁོར་གྱི་རྣལ་འབྱོར་ལ་གནས་ནས ་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་བདག་པོ་ས་བོན་ལས་བསྐྱེད་ལ་བུམ་པ་གཞན་རྣམས་ཡང་དཀྱིལ་འཁོར་བའི་ལྷ་རྣམས་སོ་སོའི་ས་བོན་ལས་བསྐྱེད་དེ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས ་གཉིསུ་མེད་པར་བྱས་ལྱཾ། མཆོད་ཨིནྡྲ་དང་ཞབས་བཱཀྵ་དང་ཞལ་བསིལ་ལ་སོགས་པ་ཕུལ་སོ་སོའི་སྔགས་ཡི་གེ་གསུམ་དང་སྤེལ་བཱ་ཙི་ནུས་སུ་བཟླ་སོ།། གཞན་ཡང་སྐྱེ་བོ་ཐམས་ཅད་ལུ་བསང་ཏོར་བྱ་བའི་ཕྱིར ་བགགིས་མཐར་བྱེད་ཀྱི་སྔགས་ཡི་གེ་གསུམ་དང་སྤེལ་བ་ལ་ལན་མང་དུ་བཟླས་པའི་བུམ་པ་རྩ་བའི་སྒོ་དྲུང་དུ་གཞག། རྣམ་པར་རྒྱལ་བའི་བུམ་པ་ནི་མདུན་ལོགསསུ་གཞག་ལྀ། ལྷག་མ་ནི་ཅི་རིགས་པར་བཞག་སྐྱོ་བུམ ་པ་སྟ་གོན་ལ་གནས་པའི་ཆོ་གའོ།། དེའི་འོག་ཏུ་སློབ་མ་མེ་ཏོག་འཛིན་ཅིང་ཕན་པ་དོན་དུ་གཉེར་བ་བདེ་བར་གླཤེགས་པའི་བསྟན་དགའ་བས་དཀྱིལ་འཁོར་གྱི་ཁང་པའི་སྒོར་མཎྜལ་བྱས་ལ།། སློབ་དཔོན་གྱི་འདི་སྐད ་བརྗོད་པར་བྱའོ།། ། སྡིགས་ཀྱི་དངོས་གྲུབ་དྲོན་གཉེརྱ་གང་།། དཀྱིལ་འཁོར་འདིར་ནི་གཞུག་པདྨ་བྱཱ།། བསོད་ནམས་འདོད་པ་དེ་ལས་བཞག། གཞན་དག་འཇོག་རྟེན་ཕ་རོལ་གཉེ།། དད་པ ་ཆེན་པོ་ལྗོན་པ་དག། འཇིག་རྟེན་ཕ་རོལ་ལ་དམིགས་ནས།། བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ།། འདི་ཡི་འབྲས་བུ་ག་ཉེར་མི་བྱ།། གལ་ཏེ་འདི་འབྲས་དོན་གཉེར་ན།། འཇིག་རྟེན་ཕ་རོལ་མི་འགྲུབ་འགྱུར།། འཇིག་རྟེན་པ ་རོལ་ལྔ་དམིགས་ན།། འབད་པ་མེད་པར་འདི་འབྲས་འགྲུབ།། དེ་ནས་སློབ་མུ་རྣམས་ཀྱི་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་པོ།། སློབ་དཔོན་ཁྱོད་ནི ་དགེངསུ་གསོལ།། བྱང་ཆུབ་སེམས་དཔའ་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། དམ་ཚིག་དེ་ཉིད་སྩལ་དུ་གསོལ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུཾ ་མཆི་བ་བདག་ལ་སྩོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགྲིན་པོ་བདག་ནི་འཇུག་པར་འཚལ།། དེ་ནས་སློབ་དཔོན་གྱིས་སློབ་མའི་གཙོ་བོ་ལ་དམིགས་ཏེ།། འདི་སྐད་ཅེས་བརྗོད་པར་བྱའོ།། ཁྱོད་ནི་ཚུལ་ཚུན་སྣོད་ཡིན ་པས། ཁྱོད་ལ་ཡང་དག་བསྟན་པར་བྱ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། དུས་གསུམ་སངས་རྒྱས་འབྱུང་བ་རྣམས།། གསང་སྔགས་རྡོ་རྗེ་མཐུ་ཡིས་ནི།། ཡེ་ཤེས་མཉམ་མེད་ཡང་དག་བརྙེས།། གོསང་སྔགས་སྦྱོར་བ་མཉམ ་མེད་པ། ཤཱཀྱ་སེང་སྩོགས་མཆོག་གོས་ནོ།། དྲུག་པོ་ཆེན་པོ་བདུད་ཀྱི་སྡེ།། སྟོབས་ཆེན་དག་ཀྱང་དེས་བཅོམ།། འཇིག་རྟེན་མཐུན་པར་གཤེགས་ནས་སུ།། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་བས་ཀུན་མཁྱེན་ཐོབ་བྱའི ་ཕྱིར།། བུ་ཡེ་བློ་གྲོས་འདི་གྱིས་ཤིག། དེ་ནས་སློབ་མ་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་རང་གི་ཤེས་རབ་ཀྱི་པདྨར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་བསྒོམ་ལ་ཕྱུང་ནས ་སློབ་དཔོན་རང་ཉིད་ཀྱིས།། དཀོན་མཆོག་གསུམ་ལ་སྐྱབསུ་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་ཡི་རང་སྟེ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་།། ཞེས་ལན་གསུམ་བརྗོད་ལ།། དེ ་ནས་སློབ་མ་རྣམས་ཀྱི་མགོ་བོར་ལག་པ་བཞག་སྟེ། བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་བཟླས་པས་བསྲུངས་ཏེ། དེ་རྣམས་ཀྱི་སྙིང་ག་དང་མི་གྲིན་པོ་དང་མགོ་བོ་རྣམསུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་བསམས་ཏེ། དེ ་དག་གི་ལྟེ་བཱ་ལ་ཧཱུཾ་ཨཱཿོཾ་ཞེས་བྱ་བ་བསྒོམས་ཏཱཾ། སྤྱི་བོར་མེ་ཏོག་མདུན་དུ་སྤོས་དང་མར་མོ་དང་སྙིང་གར་དྲི་བྱིན་ལ་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཏེགསེ་ལ་དྲི་ཞིམ་པོས་བྱུགས་ཏེ་བགེགས ་མཐར་བྱེད་ཀྱི་སྔགས་བརྗོད་ལ་སྦྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཁ་ཤར་རམ་བྱང་དུ་བལྟས་ཏེ་ཟོས་ལ་ལྕི་བས་མཱཎྜལ་བའི་ཀྲོ་བ་ཙམ་བྱུགས་ཏེ་དྲེར་བོར་རོ།། དེ་ལ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བལྟས་པའི་བྱེ་བྲག་གིས ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་སྣོད་ཡིན་པར་རིམ་པ་བཞིན་དུ་བསྟན་པར་བྱའོ།། དེ་ནས་སྔགས་འདི་བཟླས་པའི་ཆུས་ཁ་བཀྲུ་བ་སྦྱིན་པར་བྱ་སྟེ། ཨོཾ་ཧྲི་བི་ཤུདྡྷ་དྷརྨྨ་སརྦྦ་པཱ་པཾ་ནི་བི་ཤོ་དྷ་ཡ། སརྦྦ་བཽ་ཀལྤན ་པ་ན་ཡ་ཛྫ་ཞེས་བྱ་བ་ནི་སྔགསོ།། དེ་ནས་སྐུད་པ་མདུད་པ་གསུམ་དང་ལྡན་པ་ལ་བོ་གེགས་མཐར་བྱེད་ཀྱི་སྔགས་བཟླས་པས་དཔུང་པ་གཡས་པོར་བཅིངས་ནས་དེ་ཉིད་བཟླས་པའི་སྐུ་ཤ་སྟན་དང་སྔས་ཀྱི་ཕྱིར་ལག ་གཡོན་པར་བྱིན་ལ་ཆོས་ཉན་དུ་གཞུག་པར་བྱ་སྟེ།། འཇིག་རྟེན་དུ་ནི་ཀུན་མཁྱེན་པ།། ཨུ་དུཾ་འབ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ན་མི་འབྱུང་།། གསུང་སྔགས་སྤྱོད ་པའི་ཚུལ་འབྱུང་བ།། དེས་པས་ཀྱང་ནི་དཀོན་པ་སྟེ།། གང་གིས་སེམས་ཅན་མཉམ་མེད་དོན།། བློ་མེད་བྱེད་པར་ནུས་པ་ཡིན།། བསྐལ་པ་བྱེ་བ་དུ་མ་རྱ།། སྔོན་དུ་སྡིག་པ་བྱས་པ་གང་།། དཀྱིལ་འཁོར་འདི་འདྲ་མཐོང་མ་ཐུག། ་དག་ཟད་པར་འགྱུར་ཡིན་ན།། གྲགས་པ་མཐའ་ཡས་སྔགས་སྤྱོད་པའི།། ཚུལ་ལྔ་གནས་ན་སྨོས་ཅི་དགོས།། སྐྱོབ་པའི་གསང་སྔགས་བཟླས་ནས་ནི།། གོ་འཕོངས་བླ་ན་མེད་པར་འགྱུར།། གང་གིས་སྤྱོད་པ་མཆོག་འདྲི་ལ།། བློ ་གྲོས་ཤིན་ཏུ་དྲི་མེད་ན།། སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི།། ངན་འགྲོ་དེ་ཡིས་གཅོད་པར་འགྱུར།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས།། རྙེད་པ་མཉམ་མེད་དེ་རིང་བརྙེད།། གང་ཕྱིར་རྒྱལ་བའི་སྲས་བཅས་པའི།། བདག ་ཉིད་ཆེན་པོ་ཐམས་ཅད་ཀྱིས།། བསྟན་པ་འདི་ལ་ཁྱེད་རྣམས་ཀུན།། ཡོངསུ་བཟུང་སྟེ་སྐྱེ་བཞིན་པ།། དེ་ཕྱིར་ཁྱེད་རྣམས་ཐེག་ཚོན་དུ།། ལེགས་པ་ཉིད་དུ་འགྲོ་བར་འགྱུར།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག་འདྲི་ནི ་དཔལ་དང་ལྡན།། ཁྱོད་རྣམས་འདིར་ནི་དོང་བས་ནས།། དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེས་བརྗོད་དེ།། བཞིན་བཟང་དག་སོང་ལ་རྨི་ལམ་ཅི་འབྱུང་བ་ནང་པར་ང་ལ་སྨོས་ཤིག་ཅེས་བསྒོ་ནས་ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་སྟེ། ཕྱིར ་མི་ལྡོག་པའི་དཀྱིལ་འཁོར་དུ།། བྱིན་ནས་མགོན་པོ་བདག་ལ་གསུངས།། དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་ཡང་སུ་ཕྲིན་ལྔས་རྣམས།། སངས་རྒྱས་ཀུན་གྱིས་དམ་ཚིག་དང་། གསང་བའི་སྡོམ་པ་བླ་ན་མེད།། སེམས ་ཅན་ཀུན་གྱི་དོན་གྱི་ཕྱིར།། རྟག་ཏུ་བདག་ཉིད་སློབ་དཔོན་གྱུར་ཞེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་སློབ་མ་ལ་སོགས་པ་བསྲུངས་པའི་ཕྱིར་བདུད་རྩི ་འཁྱིལ་པའི་སྔགས་བཟླའོ།། ནང་པར་སློབ་མ་རྣམས་བོས་ལ།། དགེ་བ་དང་སྡིག་པའི་མཚན་མ་རྣམས་བལྟས་ཏྭ།། གལ་ཏེ་སྡིག་པ་མཐོང་ན་སྔགས་བཟླས་པ་ལ་སོགས་པ་བྱས་ལ་རྡུལ་ཚོན་བྲི་བ་ཟིན་ནས་དཀྱིལ་འཁོར ་གྱི་ཕྱི་རོལ་དྲི་ཞིམ་པོའི་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པས་བཀྲམ་སྟེ།། རྡུལ་ཚོན་ལྟག་མ་རྣམས་ཡི་གེ་གསུམ་གྱི་མཐར་མུཿབཟླས་པས་གཤེགསུ་གསོལ་ལ་གནས་གཙང་མར་བཞགོ།། དེ་ནས་མཆོད་པའི་ཡོ་བྱད་རྣམས ་བཤམས་ཏེ་མངོན་པར་འདུ་བྱས་ཏེ་བུམ་པ་རྣམས་བཤམ་པའི་གནས་རྣམསུ་བཞག་སྟེ་སློབ་དཔོན་བདག་ཉིད་སྒོ་སྐྱོང་གི་སྔགས་ཀྱིས་ལུས་ཁྲུས་བྱས་ལ་གོས་སར་པ་བགོས་ཏེ། ཙན་དན་ལ་སོགས་པས་ལུས་བྱུགས་ནས་མི ་ཏོག་གི་ཕྲེང་བ་དང་དབུ་བརྒྱན་བཅིངས་ཏེ་སྟན་བདེ་བ་ལ་འདུག་སྟེ། དཀྱིལ་འཁོར་འཁོར་ལོའི་རྣལ་འབྱོར་དང་ལྗོན་པས་དགའ་བའི་སྒྲ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཁའི་ལམ་ནས་ཞུགས་ཏེ་ཞུ་ནས་ཤེས་རབ ་གྱི་པདྨར་ཕབ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་སྤྲོས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམས་ཏེ། ཨརྒྷ་དང་། ཞབས་བཀྲུ་དང་། ཞལ་བསིལ་དང་།། བདུག་སྤོས་ཕུལ་ཏེ། དྲིལ་བུ་བསིལ་ཞིང་། མི ་བསྐྱོད་པ་ཞེས་པ་ལ་སོགས་པས་བསྟོད་པར་བྱའོ།། དེ་ནས་བདུད་རྩི་ལྔ་དཀྱིལ་འཁོར་དུ་གཏོར་ཏེ་བདག་ཉིད་ཀྱང་མྱང་།། སྒྲུབ་པའི་གྲོགས་དཀྱིལ་འཁོར་དུ་བཞག་སྟེ་བདག་ཉིད་ཕྱིར་བྱུང་ནས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ ་སྦྱིན་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་སྒྲུབ་པའི་ཐབ་སོ།། དེ་ནས་སླར་ཡང་དཀྱིལ་འཁོར་དུ་ཞུགས་ཏེ། དྲིལ་བུ་བཱསལ་ཞིང་དཀོཪྵ་ལ་སྐོར་བ་བྱས་ལ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་འོག ་ནས་འབྱུང་བའི་ཚོགས་བཅད་ཀྱིས་དཀྱིལ་འཁོར་གྱི་བདག་པོ་ལ་གསོལ་བ་བཏབ་སྟེ་ཡོལ་བའི་ཕྱི་རོལ་ཏུ་བྱུང་ལ་དཀྱིར་གྱི་བདག་བློ་དེ་དུ་ཨུ་པ་ནས་རྗེསུ་གནང་བའི་དབང་བསྐུར་བར་དུ་བྱིན་པར་བསྒོམས་ཏེ། ཆགས་ཆེན་ལས་བྱུང་དེ་ཉིད་ནི།། འཁོ ་ལོ་གཟུགས་རྙན་ལྟ་བུ་སྟེ། ཞེས་བྱ་བས་དཀྱིལ་འཁོར་གཟུགས་བརྙན་དང་འདྲ་བར་བལྟས་ལོ། སློབ་མ་རྣམས་གཞུག་པར་བྱ་བའི་ཕྱིར་ཚིགསུ་བཅད་པ་འདིས་གསོལ་བ་གདབ་པར་བྱ་སྟེ། ནམ་མཁའ་ལས་བྱུང་མཚན་མའི་ཕྱིར།། ཐོག ་མ་ཐ་མ་མེད་པའི་མཆོག། སེམས་དཔའི་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་བདག་སྒྲུབས་ཤིག། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག་བསྒྲུབས ་ཤིག། ཉེས་པ་མི་མངའ་རྟག་པ་སྟེ།། འདོད་ཆགས་ཀུན་གྱི་རྗེ་སུ་ཆགས།། འདོད་པ་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་བསྒྲུབས་ཤིག། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན ་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་བསྒྲུབས་ཤིག། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ།། རྡོ་རྗེ་སྙེམས་པ་བདག་པོའི་བདག། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ།། སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས ་ཅན་ཀུན་གྱི་ཡོབ་ཉིད་དེ།། འདོད་ཆགས་མཉམ་པའི་དམ་ཚིག་མཆོག་ཅེས་བྱ་བའི་དམ་ཚིག་གི་གླུ་བླངས་ནས་བདེན་པའི་ཚིག་འདི་བསྒྲག་པར་བྱ་སྟེ།། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི།། བདེན་པའི་བྱིན་བརླབས་གྲང་ཡིན་པ། ་བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས།། བདག་གི་འདོད་པ་སྐོང་བྱེད་ཤོག། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དགེ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བཛྲོ་དུ་མེད།། རྒྱུ་དང་ལས་ལས་བྱུང་བ་དང་།། དེ་བཞིན་ཁོ་ན་ལས ་བྱུང་བྱ།། བདེན་པ་དེ་ཡོསྟྲ་དཀྱིལ་འཁོར་ནི།། གཟུགས་བོརྙན་གསལ་བར་སེམས་ཅན་རྣམས།། དྲི་མེད་ཐམས་ཅད་མཐོང་བར་ཤོག། ཅེས་བརྗོད་ལ་ཕྱག་བྱས་ཏེ། དྲིལ་བུ་བསིལ་ལོ།། འདི་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། དེ ་ནིས་སློབ་མ་ཁྲུས་བྱས་ཤིང་གོས་སར་པ་བགོས་ལོ་བཀུག་ལ།། ཚིགས་འདིས་གསོལ་བ་འདབ་སུ་གཞུག་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མཆོད་ཆེན་ཇི་ལྟར་བགྱིས་པ་བཞིན།། བདག་ཀྱང་བསྒྲལ་བའི་དོན་དུ་ནི།། ན་མཁྲིའི་རྡོ་བདག་ལ་སྩོལ ་ཞེས་བརྗོད་ནས། མཎྜལ་བྱེད་དུ་བཅུག་སྟེ།། ཡོན་དབུལ་བར་བྱའོ།། དེ་ནས་བགེགས་མཐར་བྱེད་ཀྱིས་སྔགས་བཟླས་པའི་ཆུས་བསང་གཏོར་བྱས་ལ། ཡི་གེ་གསུམ་བཟླས་པའི་སྣམ་བུས་གདོང་ཡོགས་དཀྱིལ་འཁོར་དུ་གཞུགས་པའི་ཕྱིར་འདོད ་པར་དགའ་བ་གང་ཡིན་སྤྲོས་ཞེས་དྲིའོ།། དེས་ཀྱང་བསྐལ་པ་བཟང་པོ་དགའོ་ཞེས་སྨྲའོ།། དེའི་རྗེས་ལ་ཨཱཿཁཾ་བཱི་ར་ཧཱུ~ཾ་ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་བྱིན་ལོ་རྡོ་རྗེ་སྙིང་ཀར་བཞག་སྟེ། ཨོཾ་བཛྲ་ཡཽ་ག་ཙིཏྟ་ཨུཏྤ་ཏ་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཨོཾ ་སུར་ཏེ་ས་མ་སྟྭཾ། ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ལ། དེ་རིང་ཁྱོད་དེ་བཞིན་གཤེན་པ་ཐ~ཾད་ཀྱིས་བྱིན་གྱིས་བརླབས་པ་གྱིས་གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ ་ཡང་མ་ཡིན་ཞེས་བསྒོ་ནས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་བྱ་བས་ཡོལ་བའི་ནང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཞུགས་ཏེ། གཞན་ཡང་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས ་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་འགྲུབ་པ་ལྔ་མོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས ་སྤྱི་བོར་རྡོ་རྗེ་བཞག་ལ་འདི་ནི་ཁྱོད་ཀྱི་དམ་ཚིགི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འོག་འགོམས་པར་བྱེའོ།། ཞེས་བརྗོད་ལ་སླར་ཡང་སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། སྙིང་ལ་དེ་རིང་ཡང་དག ་ཞུགས།། གྲལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མྱ་ཐག་ཏུ་དྲལ་ཏེ་གཤེགས་ཞེས་བརྗོད་ནས་མནའ་བསྒྲགས་པར་བྱ་སྟེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་པདྨའི་ནང་དུ་སོང་བའི་བདུད་རྩི་ལྔ་ལ།། ཨོཾ་བཛྲ་ཨ་མྲྀ་ཏོ་ཀ་ཋ་ཞེས་བྱ་བ་མངོན་པར་བཟླས ་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེགས་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག་ཅེས་བརྗོད་དེ་བླད་ལ་དེ་རིང་ཕྱིན་ཆད་ཁྱོད་ཀྱི་རྡོ་རྗེ་སེམས་དཔའ་ང་ཡིན་གྱིས།། ངས་དི་རིང་ཕན་ཆད་དིང་འདི་གྱིས་ཤིག། ་ཅེས་བསྒོ་བ་རྣམས་བུ་ཁྱོད་ཀྱི་བྱ་དགེ་སོ།། ང་ལ་བརྙས་པ་མ་བྱེད་ཅིག། བྱས་ན་ཡང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏ་རེ། ཞེས་བརྗོད་དོ།། དེ་ནས་བདེན་པའི་བྱིན་གྱིས་བརླབས་བརྗོད་པར་བྱ་སྟེ། སྙིང ་པོའི་དཀྱིལ་འཁོར་འད་རུ་ནི། བདག་གི་སློབ་མ་གཞུག་པར་གྲོ་ལྷ་ཡི་རིགས་ཀྱི་རིག་པ་དག། བསོད་ནམས་ཇི་བཞིན་དེ་བཞིན་ཤོག། འདིས་ནི་དངོས་གྲུབ་གང་འགྲུབ་དང་།། རིགས་ནི་གང་གཱི་སྣོད་དུ་གྱུར།། འདི་ནི་བསོད་ནམོས་ཅི་ཡོད་ལྔས།། དཀྱིལ་འཁོར་འདིར་ནི ་དེ་བཞིན་ཤློག། ཅེས་པས་བདེན་པའི་བྱིན་གྱིས་བརླབས་བྱ་ལ།། དེ་ནས་ཕྱག་བྱས་ལ་མིག་ཏུ་ཅི་ཞིག་སྣང་ཞེས་དྲིས་ལ།། དེ་དཀར་པོ་དང་། སེར་པོ་དང་། སྔོན་པོའི་ཁ་དོག་རྣམས་བསྟན་པཱ་ལ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ལས་རྣམས་སོར་བསྟན་པ ་བྱ་དེ་ནས་ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་བྱ་བའི་སྔགས་ཀྱིས་སློབ་མས་དཀྱིལ་འཁོར་དུ་མེ་ཏོག་ཕུལ་ཏེ། གང་ལ་བབ་པ་དེའི་རིག་སོ།། ཅི་ལྟེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིག་སོ།། གང་ལ་ཏེ་རི་མོ་ལ་མ་བབ་ན་སླར་བསྒྱུར་ཏེ་དོར་རོ།། ལན་གསུམ་དུ་བསྒྱུར ་ཏེ་དོར་ཡང་རི་མོ་ལ་མ་ཕེག་ན་ནི་དེ་ལ་དངོས་གྲུབ་མེདོ།། རྡོ་རྗེ་ར་བའི་ཕྱི་རོ། དུ་ལྷུང་ན་ཡང་དེ་བཞི་ནོ།། གལ་ཏེ་གཙོ་བོ་ལ་ཕོག་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མེ་ཏོག་དོར་བའི་ཆོ་གའོ།། དེ་ནས་དབང་ནོད་པའི་ཕྱིར་སློབ་དཔོན་པ་ཡོན་ཕུལ ་ལ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཚིགས་བཅད་ཀྱིས་གསོལ་བ་བཏབ་སྟེ་ཕྱག་བྱའོ།། སློབ་དཔོན་གྱིས་ཀྱང་སློབ་མ་དེ་དབང་བསྐུ་བྷི་ཕྱི། བྷཱི་ཀྱིད་ཀྱི་ཕྱི་རོལ་ལྕི་མཽ་ཀྱོར་གྱི་ཚད་ཙམ་པའི་གྲུབ་ཞི་སྒོ་བཞི་པའི་དཀྱིལ་འཁོར་བྲིས་ལ། དེའི་དབུསུ་པདྨ་འོད་བ་བརྒྱད་བྲིས་ཏེ། སྒོ་ངཿ། ་མཆོམས་རྣམསུ་དེ་བཞིན་གཤེགས་པ་རྣམས་དང་། ལྷ་མེའི་མཚན་མོས་མཚན་པར་ཕྱེའོ།། སློང་མ་ལི་ཁྲུས་བྱས་ཤིང། གོས་སར་པ་གོས་པ་བཞག་ལ་ཤིས་པའི་ཆོ་ག་བྱས་ཏེ། ཡུངས་ཀར་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པ། ལག་པ་གཡས་གནོན ་གྱིས་ལན་གཉིས་གཉིས་བསྐོར་ཏེ། ཁམ་ཕོར་གྱི་མེའི་ནང་དུ་བླུག་སོ།། དེ་ལྟར་ལན་གསུམ་དུ་བྱས་ལ། དེ་ནས་ཆུའི་ཤིས་པ་ཡང་དེ་ལྟར་བྱའོ།། དེ་ནས་སྔགས་དེ་ཉིད་བཟླས་པས་བསྲུང་སྟེ། ཉེ་རེག་བྱས་ལོ།། ཡང་དྲི་ཞིམ་པོ་སྔགས་བཟླས་པས་བྱུགས་ལ། སླར ་བཟླས་པའི་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ཏེ། མར་མེ་བདུན་དུ་བསྐོར་ཞིང་བདུག་པས་ཀྱིས་ཀྱང་བདུགས་ཏེ། ཤིས་པའི་ཆོ་གའོ།། དེ་ནས་མེ་ཏོག་གི་ཕྲེང་བ་དབ་བསྐུར་ལ་རྡོ་འཛིན་གྱི་སྐུར་བསྒོམས་ན་མིག་ལོ་སོགས་པ་བྱིན་གྱིས་བརླབས་ཏེ། སྟེང་དུ་བླ་རེ་བྲེས་ལ་ཧཱུཾ ་ལས་བྱུང་བའི་གསེར་གྱི་ཡུ་བ་ཅན་གྱི་གདུགས་དཀར་པོ་སྟེང་དུ་བཟུང་ནས་གཡོན་ཕྱོགསུ་བ་དན་དང་རྒྱལ་མཚན་བྲེས་ཏེ་དུང་དང་། ཟངས་དུང་རྔ་བོ་ཆེ་ལ་སོགས་པའི་སྒྲས་ན་མཁའ་གང་བསམ་ལ་དྲིལ་བུ་བསིལ་ཞིང་ཁྲུས་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས ་ཀྱང་། དེ་བཞིན་གཤེགས་ཀུན་ཁྲུས་གསོལྔ་པ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་བྱའོ།། ཨོཾ་སརྦྦ་ཏ་ཐཱ་གཱ་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཨོཾ་ཧཱུཾ། དང་པོ་རྣམ་པར་རྒྱལ་བའི་བུམ་པས། བཀྲུས་ལ་དེའི་འོག་ཏུ་གཞན་གྱིས་བཀྲུའོ།། དེ ་ལྟར་ཕྱི་རོལ་ཏུ་དབང་བསྐུར་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་མཐའ་ཡས་པའི་ཕྱོགས་ནས་འཁོར་ལོ་སྒྱུར་བའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་རྣམས་ཀྱི་འོད་ཟེར་ལས་བྱུང་བའི་དཔྱ་བསྐུར་བཱི་ཡོ་བྱད་མེད་ཀྱི་དབུ་བསྐུར་བ་བསྒོམ་ཡ་བདག་ཉིད་ཀྱི ་ཀྱང་། ཨོཾ་སངས་རྒྱས་རྣམས་ནི་ཐ~ཾད་ཀྱི།། རྡོ་གསང་བ་གསུམ་ལས་བྱུང་།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན་ཞེས་བརྗོདདོ།། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་ངོ་།། དེ་ནས་གསེར་ལ་སོགས་པ་ལས་བརྡུངས་པའམ ་དེ་མེད་ན་རས་ལ་སོགས་པ་ལས་བྱས་པའང་རུང་སྟེ། སྔར་བསྟན་པའི་ཚིགས་བཅད་ཀྱིས་སློབ་མའི་སྤྱི་བོར་བཅིངས་ལ་ན་མཁའི་དབུས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐ~ཾད་རིན་ཆེན་འབྱུང་ལྡན་ཀྱིས་གཟུགས་ཀྱིས་དེར་ཐིམ་སྟེ་བྱིན་གྱིས་བརླབོ་རིན་ཆེན ་ལྟུཆུ་ལྡན་སྟི་བཞིན་གྱི་དབང་མ་རྫོགས་པའི་སངས་རྒྱས་ཀྱི་དབང་ངོ་།། དེའི་འོག་ཏུ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ།། སློབ་མའི་སྙིང་ག་ལ་སོགས་པར་གཏུགས་ལ།། སངས་རྒྱས་ཀྱི་ནི་རྡོ་རྗེའི་དབང་།། དེ་རིང་ཁྱོད་ལ་བསྐུར་བར་བྱ།། འདི་དེ་སངས་རྒྱས་ཐ~ཾད་ཉིད།། ་རབ་ཏུ་གྲུབ་ཕྱིར་རྡོ་རྗེས་ཟུང་ཞེས་པས་སློབ་མའི་ལག་པ་གཡས་པར་རྡོ་རྗེ་སྦྱིན་ཏེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ་།། དེ་ནས་ཨ་ལས་སྐྱེད་པའི་དྲིལ་བུ་ལག་པ་གཡོན་པར་བྱིན་ལ། ལག་པ་གཡས་གཡོན་གཉིས་ཀ་བསྣོལ་ཏེ། ཨོཾ་བཛྲ ་དྷི་པ་དྷི་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། དམ་ཚིག་རྡོའི་རང་བཞིན་བདག་པོའི་དབང་ངོ་།། དེ་ནས་མེ་ལོང་ལ། ཨོཾ་ཨ་བཛྲཱི་ས་ཏྭ་ཞེས་བཟླས་ལ་ཚིགསུ་བཅད་པ་འདིས་བསྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར།། གསལ། ་ཞིང་དག་ལ་རྙོག་པ་མེད།། བུ་ཁྱོད་ཀྱི་ནི་སྙིང་ལ་གནས།། སངས་རྒྱས་ཀུན་བདག་རང་ཉིད་ཡིན།། དེ་བཞིན་གཤེགས་པ་ཀུན་བདག་གང་།། བྱང་ཆུབ་སེམས་འདི་ཤེས་པར་གྱིས།། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་མེ་ལོང་གི་དབང་ངོ་།། དེའི་རྗེས་ལ་རྡོ་རྗེ་དྲིལ་བུ་སློབ་མའི ་སྤྱི་བོར་བཞག་ལ། བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏཱ་ཀྱེ་དཔལ་ཆེ་གེ་མོ་ཞེས་རིགས་མཐུན་པའི་མིང་བཏོགས་ལ།། གང་གོང་སྣང་བ་དེ་དང་དེ།། རྡོ་འཛིན་པ་རང་ཉིད་གཙོ།། གང་ཕྱིར་ཆོས་རྣམས་རྣམ་དག་པས།། སངས་རྒྱས་ཡེ་ཤེས་རང་བཞིན་ཡིན།། ་ཞེས་བསྒྲགས་ཏེ། རྣམ་པར་མཛད་ཀྱི་རང་བཞིན་གྱི་མིང་གི་དབང་ངོ་།། དེ་ནས་སླར་ཡང་སྐྱོབ་མས། བདག་དང་གཞན་གྱི་དོན་གྱི་ཕྱི། རྡོ་སྤྲོབ་དཔེ་ནི་དབང་སྒྱུར་བ། ཟུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས།། བདག་ལ་དེ་རིང་སུལ་དུ་གསོལ། ཞེས་གསོལ་བ་བཏབ་པ་དང ་ན་མཁའི་ཁྱབ་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་བར་བསྒོམས་ལ་རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། ཟུང་ཞིག་རྡོ་རྗེར་བྱིན་གྱིས་བརླབས།། དེ་རིང་རྡོ་རྗེ་སློབ་དཔོན་གྱུར།། སློབ་མ་རྣམས་ནི་བསྡུ་བར་གྱིས་ཞེས་པས་སློབ་མ་བསྐུལ་ལ། དམ ་ཚིག་གསུམ་པོ་འཛིན་དུ་གཞུག་སྟེ་ཧཱུཾ་གིས་རྡོ་རྗེ་བསྒོམས་ལ། འདི་ནི་སངས་རྒྱས་ཐཾད་ཉིད།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། རྟག་ཏུ་ཁྱོད་ཀྱི་ཀྱང་གཟུང་སྟེ།། ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཤ་སྟ~ཾ་དྷ་ར་ཡ་མི་ཧི ་ཧི་ཧི་ཧི་ཧེ་ཞེས་པ་སྟེ་འདི་སློབ་མ་རྡོ་གཟུང་ལ་དེ་ཁོ་ན་ཉིད་འདི་བརྗོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའི་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཐམས་ཅད་བདག། རྡོ་སྙིང་པོ་བདག་པོའི་གཙོ།། བཅོམ་ལྡན་དཔལ་དང་པོའི་སྐྱེས་བུའོ།། ཨོཾ ་མ་ཧཱ་བཛྲ་ཧཱུཾ། དེ་ནས་ཨཾ་ལས་བསྐྱེད་པའི་དྲིལ་བུ། འདི་དེ་སངས་རྒྱས་ཐ~ཾད་ཀྱི།། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད།། ཁྱོད་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། ཅེས་པ་འདིར་དྲིལ་བུ་བྱིན་ལ།། སྲིད་པ་རང་བཞིན་དག་པོའི་སེམས ་ལྡན་པས།། སྲིད་པ་དམ་པ་མཆོག་ཏུ་བྱེད།། ཅེས་བྱ་བའི་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། ཨོཾ་བཛྲ་གྷཎྚ་ཨ་ཞེས་བརྗོད་དོ།། དེ་ཡང་ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར།། དམ་ཚིག་ཕྱག་རྒྱ་ཤེས་རབ་བརྗོད་གང་གི་ལུས་ཀུན་བརྟན་བྱེད་པ།། དེ་ནས་ཕྱག་རྒྱ་རབ་ཏུ་ག ་ཞེས་བྱ་བའི་མངོན་པར་རྟོགས་པས་བསྐྱེད་ལ།། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པར་བལྟས་ཏེ། མེ་ཏོག་ལ་སོགས་པས་མཆོད་ཅིང་ཀུན་ཏུ་བསྟོད་པར་བྱས་ཏེ། སྙེམས་པ་དང་བཅས་པས་མེ་ཏོག་ཅིག་སློབ་མ་ལ་བསྣུན་ལ།། དེང་ནས་བརྩམས་ཏེ ་རྫོགསོ་སངས་རྒྱས།། སྲས་དང་བཅས་པོས་རྣམ་རོལ་ཅིང་།། རྡོ་རྗེ་སྙེམས་པས་རབ་སྦྱོར་གྱིས།། དགའ་སྟོན་བདེ་བ་མཆོད་པར་གྱིས།། ཨ། སྐེགས་དང་བཅོས་པས་ཕྲེང་བ་འཕངས།། སངས་རྒྱས་ཐ~ཾད་མཆོད་པར་བྱ།། དེ་ནི་བཅོམ་ལྡན་འབྲལ་མི་འགྱུར། ་ཕྲེང་བ་དེ་ནི་རྒྱན་ཡིན་ནོ།། ཨོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱིས།། ཁྱོད་ཀྱིས་གླུ་ནི་བླང་བར་བྱ།། དེ་ཡིས་བདེར་གཤེགས་དངོས་གྲུབ་ནི།། མྱུར་དུ་བདེ་བ་མྱོང་བར་འགྱུར།། གི། དེ་ཉིད་ཐལ་མོའི་གར་གྱིས་ནི།། སངས་རྒྱས་ཐཾད་ཆགས་པར་བྱོས།། སངས་རྒྱས ་ཏྨ།། འདུལ་བའི་ཕྱིན་ལས་ཀྱིས།། གར་མཁན་ཚུལ་དུ་བསྒྱུར་བར་གྱིས།། བྷྱོ་རྫོགས་སངས་རྒྱས་ལ་སྤོས་ཕུལ་བས།། བརྟུལ་ཞུགས་བཟང་པོ་ལེགས་རློམ་གྱིས།། ལུས་ཅན་བདེར་གཤེགས་མ་ལུགས།། ཡེ་ཤེས་ཀྱིཀྱི་ནི་ཚིམ་པར་གྱིས།། མཿསངས་རྒྱས་རྣམ ་ལ་མེ་ཏོག་གཏོར།། བྱང་ཆུབ་ཡན་ལག་ཚོགས་འགྱུར་བས།། མཚན་དང་དཔེ་བྱད་ལྡན་པ་ཡི།། བདེར་གཤེགས་སྐུ་ནི་ཐོབ་པར་གྱིས།། བྷྲཱུཾ། ཆོས་ཀྱི་མེ་ནི་ལེགས་སྦར་བས།། རྡོ་ཆོས་དང་འདྲ་བར་འགྱུར།། སེམས་ཅན་མ་རིག་དངོས་པོ་ལ།། ཡེ་ཤེས་སྒྲོན་མ་སྦར་བར་གྱིས།། ་པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་ལ།། ཚུལ་ཁྲིམས་དེ་བཞིན་ཤེས་རབ་དང་།། རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི།། བྱང་ཆུབ་ལུས་ཅན་རྣམས་ལ་བསྒོམས། གྷཿདེའི་འོག་ཏུ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ཇི་ལྟར་མིག ་མཁན་རྒྱལ་པོ་ཡིས།། འཇོག་རྟེན་ལིང་ཏིག་བསལ་བ་ལྟར།། བུ་ཁྱོད་ཀྱིས་ནི་མི་ཤེས་པའི།། ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་བཛྲཱ་ནི་ཏྲ་ཨ་པ་ཧ་ར་པཾ་ཊ་ལཾ་ཧྲཱི་ཞེས་པས་མིག་ལ་བྱུགས་ཏེ་དག་པར་བྱའོ།། དེ་ནས་མེ་ལོང་བསྟན་ཏེ།། ཆོས་རྣམས ་གཟུགས་བརྙན་ལྟ་བུ་སྟེ།། གསལ་ཞིང་དག་ལ་རྙོག་པ་མི་གཟུང་དུ་མེད་ཅིང་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཀུན་ཏུ་བྱུང་།། རང་བཞིན་དག་ཅིང་བདག་མེད་པ།། དེ་ལྟར་ཆོས་འདི་ཤེས་བྱས་ནས།། སོན་དོན་ནི་མཉམ་མེད་བྱོས།། འོན་ཀྱང་སྐྱོབ་པའི་སྲས་ཊཱི།། དེ་ན ་ལས་བསྐྱེད་པའི་དྲིལ་བུ་བྱིན་ཏེ།། ཐཾད་ནམ་མཁའི་མཚན་ཉིད་དེ།། ནམ་ལ་མཁའ་ཡང་མཚན་ཉིད་མེད།། ན་མཁའ་དང་ནི་མཉམ་སྦྱོར་བས།། ཀུན་མཆོག་མཉམ་པ་ཉིད་དུ་གསལ་ཞེས་པས་དཀྲོལ་བར་བྱའོ།། ཡང་ཧོཿཞེས་བྱ་བས་མདའ་གཞུ་བྱིན་ལ།། ་དེ་བཞིན་གཤེགས་པ་ཐ~ཾད་རྗེས་ཆགས་པར་བྱོས་ཤིག་ཅེས་བསྒོམ་ལ། ཕྱོགས་བཞིར་མདའ་བཞི་འཕང་བ་དང་། སེང་དང་འོག་ཏུ་ཡང་རེ་རེ་འཕེན་དུ་གཞུགོ། ཨ་ཨ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བསྟན་ལ། རྡོ་སེམས་དཔའ་མེ་ལོང་ལྟར་གསལ ་ཞིང་དག་ལ་རྙོག་པ་མེད།། བུ་ཁྱོད་ཀྱྀ་ནི་སྙིང་ལ་ཞུགས།། རྡོ་རྗེ་སེམས་དཔའ་རང་ཉིད་གཙོ་ཞེས་བྱ་བ་དང་། གང་ཡང་སངས་རྒྱས་ཐ~ཾད་ཀྱི་བདག་པོ་བྱང་ཆུབ་ཀྱི་སྲིན་ས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིང་།། ཅེས་བརྗོད་དོ།། ཨོཾ་བཛྲ་ཧེ་དུ་ཞེས་བྱ་བས་འཁོར ་ལོ་རྐང་པའི་བར་དུ་བཅུག་ལ། ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་སུ་དུང་བྱིན་ལ།། གཡོན་པར་ཡི་གཱི་ཨ་ལས་གསང་པོ་འདུས་པའི་པོ་ཏི་བྱིན་ལ།། དྲིལ་བུ་ཡང་དཀྲོལ་ཞིང་། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ།། ཙམ་གྱིས ་ཆོས་ཀྱི་འཁོར་ལོ་བསྐོར།། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར།། ཡིད་གཉིས་མེད་པའི་སེམས་ཀྱིས་སུ།། ཆོས་ཀྱི་དུང་ནི་བླ་མེད་པ།། དྲི་མེད་ཀུན་ཏུ་གང་བར་གྱིས།། སྔགས་ཀྱི་ཚུལ་གྱི་ཆོ་ག་རྣམས།། སྐྱེ་བོ་རྣམས་ལ་རྟག་ཏུ་ཤོང་།། དེ་ལྟར་བྱས་ནས་སངྱས་ལ ་ཕན་འདོགས་དྲིན་དུ་གཟོ་ཞེས་བྱ།། རྡོ་རྗེ་འཛིན་པ་དེ་ཀུན་ཡང་།། ཁྱོད་ལ་རྟག་ཏུ་སྲུང་བར་མཛད།། དེ་ནས་སོའི་འཁོར་ལོ་སྒྱུར་བའི་རྣལ་འབྱོར་བྱས་ལ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སེན་མ་ལུས་ཐ~ཾད་ལོ།། ཇི་ལྟར་འདུལ་བ་སྣ་ཚོགས་པའི།། ཆོས་ཀྱི་འཁོར་ལོ ་རབ་ཏུ་བསྐུར་ཞེས་བྱ་བ་དང་། ཆོས་ཀྱི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་ཚིག་བཅུག་ལ་ཚིག་སུ་བཅད་པ་ལྔས་རྗེ་སུཾ་གནང་བ་བྱིན་ལ་བདག་ཉིད་ལངས་ཏེ་སངས་རྒྱས་ཀྱི་གཟུགསུ་དམིགས་ལ་གཡོན་པ་སྙིང་གར་ཆོས་གོས་འཛིན་པའི ་ཚུལ་དུ་བྱས་ཏེ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱར་བྱས་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་ལུང་བསྟན་ཏོ།། འདི་ནི་ཁྱོད་ལ་ངས་ལུང་བསྟན།། རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས།། སྲིད་པ་ཤིན་ཏུ་དག་པ་ན།། སྲིད་པའི་ངན་འགྲོ་རྣམས ་ལས་བཏོན།། ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུཙྪ་བི་སྭཱཿགོང་ལ་འདྲི་ལྟར་ལུང་བསྟན་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར ་དེ། ཕྱག་རྒྱ་ཆེན་པོ་དང་སྔགས་འདིའི་མཐུ་ཡིན་ནོ་ཞེས་དད་པ་བསྐྱེད་པར་བྱའོ།། དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི།། ཁམས་གསུམ་ན་ནི་སྡིག་མེད།། དེ་བས་འདོད་ལ་ཆགས་བྲལ་བ།། ཁྱོད་ཀྱི་ནམ་ཡང་མི་བྱའོ།། མ་ཧཱ་ས ་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་སློབ་མའི་སྤྱི་བོར་གདུགས་གཟུང་ལ་བསྐོར་པོ་བྱས་ནས་ཐལ་མོ་སྦྱར་ཏེ། གདུགས་དང་བཅས་པས་དཀྱིལ་འཁོར་གྱི་སྒོ་དྲུང་དུ་སཱ་ལ་འདུག་ལ།། སྔགས་རྣམས་འཛིན་པར་གྱུར་པ་ཡཽས།། སློབ་མ་འདི་ནི་ཕུལ་བ་ལཻ་ཌ།། ་དེ་ནས་གདུགས་གཞན་དུ་གཞག་ལ།། སློབ་མའི་སྙིང་ལ་གདབ་པའི་ཚིག་འདི་དག་བརྗོད་དོ།། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར།། གསང་སྔགས་རྒྱུད་རྣམས་འཛིན་གྱུར་པར།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་ཀུན་གྱིས་མཐུན་པ ་གསུངས།། སེཾན་ཀུན་ལ་སེམས་བརྩེ་བས།། དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ།། སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར།། དེ་ནས་སླར་ཡང་བསྟོད་པར་བྱ་སྟེ།། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར།། བཅུག་པ་དང་ནི་མཐོང ་བ་ཡིས།། དེ་རིང་སྡིག་ལས་རྣམ་གྲོལ་ནས།། དེ་རིང་ཁྱེད་རྣམས་དགེ་བར་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱིན་ཆད་འཆི་བ་ཡོད་མིན་ཞིང་།། ཐུག་པ་ཚུགས་པ་ཡོད་མྱིན་པས།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། སྡིག་པ་ཤིན་ཏུ་དག་པས་ན།། སྲིད་པའི་སྡིག་པ ་ལས་འདས་པའོ།། བྱང་ཆུབ་སེམས་ནི་ཡོང་མི་སྤངས།། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དེ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད་།། དམ་པའི་ཆོས་ནི་སྨད་མི་བྱ།། ནམ་ཡང་བོར་བར་ཡང་མི་རུང་།། མི་ཤེས་པའི་རྨོངས་པ་ལ།། དེ་ནི་བསྟན་པར ་མི་བྱའོ།། རྡོ་རྗེ་དྲིལ་བུ་མོ་སྤངས་ཏེ། སློབ་དཔོན་ནམ་ཡང་སྨད་མི་བྱ།། སངས་རྒྱས་ཀུན་དང་མཚུངས་པ་ཡིན།། རང་དག་ཡོངསུ་སྤངས་ནས།། དཀའ་ཐུབ་ཀྱིས་ནི་གདུང་མི་བྱ།། ཇི་ལྟར་བདེ་བ་བདེ་བཟུང་ནས།། འདི་ནི་མ་འོངས་རྫོགས་སངས་རྒྱས།། ཞེས་བྱ་བས་དབུགས ་དབྱུང་ངོ་།། སློབ་མས་ཀྱང་ཕྱག་བྱས་ཏེ།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་དག་ཐ~ཾང་བདག་གིས་བགྱི།། ཞེས་ཁས་བླའོ།། སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ།། །། དེའི་རྗེས་ལ་སློབ་མ་ཡིད་དུ་འོང་བའི་གནས་དབེན་པར་ཡོལ་བ་ལ་སོགས་པས་བྲིས་ལ ་གཟུགས་ལ་སོགས་པོ་སྟོན་དང་ལྡན་པ་དམ་ཚིགས་ཅན་གྱི་བུ་མོ་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ།། གཟའ་དང་བཅའ་བ་དང་བཏུང་བ་ཞིམ་པོ་རྣམས་ཀྱིས་བླ་མྱ་མཉེས་པར་བྱས་ལ་མཎྜལ་བྱས་ཏེ།། ཚིག་སུ་བཅད་པ་འདིས་གསྡང་བའི་དབྱུང་ནོད་པའི་དོན་དུ ་གསོལ་བ་གདབ་བོ།། ཁྱོད་ཀྱི་བཀའ་གང་གིས་བདག་དང་གཞན་དོན་བྱེད་ནུས་པ།། ཡང་དག་གསང་བའི་དབང་བསྐུར་ནི།། སྙིང་རྗེ་གཏེར་གྱི་བདག་ལ་སྩོལ་ཞེས་བྱའོ།། དེ་ལྟར་གསོལ་བོཏབ་པའི་མཐར་བླ་མས་སློབ་མ་ལ་སྙིང་ཆེན་པོ་བསྐྱེད་དེ་སྒྲུབ་ཐ ་ལས་འབྱུང་བའི་རིམ་པ་བཞིན་བདག་ཉིད་དང་ཤེས་རབ་གསུང་རྡོའི་གཟུགསུ་མངོན་པར་འདུས་བྱས་ལ་སྙོམས་པར་འཇུག་པར་བྱའོ།། དེ་ལས་བྱུང་བའི་བདུད་རྩི་དང་བདུད་རྩི་ལྔ་བསྲེས་ལ་ཞེས་ཚིགསུ་བཅད་པ་འདིས་སློབ་མའི་ཁར་སྦྱི་ནོ།། ཇི ་ལྟར་འཕགས་པ་སངས་རྒྱས་ཀྱིས།། བྱང་ཆུབ་སྲས་ལ་དབང་བསྐུར་བ།། དེ་བཞིན་གཤེགས་པའི་དབང་བསྐུར་ནི།། སེམས་ཀྱི་རྒྱུན་གྱིས་དབང་བསྐུརོ།། དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་དེ་ལོང་སྤྱོད་རྫོགས་པའི་རྒྱུན་དུ་གཞུའོ།། དེ་ནས་དེ་སྣང་བ་མཐའ་ཡ་སུ་རྀདི་མི་ཌ་ལ ་དེ་བཞིན་གཤེགས་པ་ཐ~ཾད་ཀྱིས་གསང་བའི་དབང་བསྐུར་བར་བསྒོ་མོ།། གསྡང་བའི་དབང་བསྐུར་བའི་ཆོ་གའོ།། །། དེའི་འོག་ཏུ་ཁྱོད་ཀྱི་བཀའ་དྲིན་གང་གི་བདག་བདག་དང་གཞན་གྱི་དོན་བྱེད་པས།། ཤེས་རབ་ཡེ་ཤེས་དབང་བསྐུར་ནི།། སྙིང་རྗེས་གཏེར་གྱིས་བདག་ལ་སྩོལ། ་ཞེས་སློབ་མས་གསོལ་བ་བཏབ་པ་དང་།། སློབ་མའི་ལག་པར་ཤེས་རབ་ཀྱི་ལག་པ་བྱིན་ལ།། རྡོ་རྗེ་སེམས་དཔའི་གཟུགས་བསྒོམས་ཏེ། གཟུང་མ་འདི་ནི་ཡིད་འོང་མ།། སངས་རྒྱས་ཀྱི་རྣམས་བསྟེན་པར་གནང་།། འཁོར་ལོ་རིམ་གྱི་སྦྱོར་བ་ཡིས།། བདེ་བ་དམ་པ་མྱང་བར་གྱི། ་ཐབས་གཞན་གྱིས་ནི་ཚད་མི་རྒྱ།། འགྲོ་བ་གསུམ་པོ་འདི་ཡིས་བདག། དེ་བས་འདི་དང་བྲལ་བར་ནི།། ཁྱོད་ཀྱི་ནམ་ཡང་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།། རིག་པའི་བརྟུལ་ཞུགས་བླ་ན་མེད།། བླུན་པོ་གང་ཞིག་འདི་སྤོང་བ།། དེ་ལ་མཆོག་དངོས་གྲུབ་མེད།། ་བརྗོད་ལ་སྦྱི་ནོ།། དེ་ནས་ཤེས་རབ་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ།། བཤང་དང་གཅི་བ་བཟའ་བ་དང་། ཤ་དང་ཁུ་ཁྲག་དེ་བཞི་ནོ།། བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ།། བུད་མེད་རྟག་ཏུ་གུས་པ་དང་།། བདགི་པདྨར་འོ་བྱེད་པ།། བུ་ཁྱོད་ཅི་བཞེད་བདེན་པར་སྨོས།། སློབ་མས ་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། ཁུ་ཁྲག་ལ་སོགས་བཟའ་བ་དང་།། བུད་མེད་རྣམས་ལ་རྟག་གུས་པའི། བྷ་གའི་པདྨར་འོ་བྱེད་པ།། ལྷ་མོ་ཙི་ཕྱིར་བདག་མི་སྤྲོ་ཞེས་བརྗོད་པ་དང་།། སླར་ཡང་ཤེས་རབ་ཀྱིས་འདི་སྐད་བརྗོད་པར་བྱ་སྟེ།། ཨེ་མ་ང་ཡི་པདྨ་འདི། བདེ་བ་ཀུན ་དང་ཡང་དག་ལྡན།། བླུན་པོ་གང་ཞིག་འདའ་བྱེད་པ།། དེ་ལ་མཆོག་དངོས་གྲུབ་མེད།། བདེ་ཆེན་རྒྱལ་པོ་རང་ཉིད་ནི།། འདི་ཉིད་དུ་ནི་རྟག་ཏུ་གནས།། བཛྲ་མོཀྵ་ཧོ་ཞེས་བྱའོ།། དེའི་འོག་ཏུ་ཇི་ལྟར་བསྟན་པའི་ཀར་ནས་སྙོམས་པར་འཇུག་པར་བྱས་ལ་བླ་མའི་མན་ངག་གིས་དེའི ་སྐད་ཅིག་མ་མཆིན་པར་བྱའོ།། བྱང་ཆུབ་སེམས་ཕྱུང་ནས་རོ་འཛིན་གྱིས་བླང་བར་བྱ་སྟེ།། འདི་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དཔུང་བསྐུར་བའི་ཆོ་གའོ།། ། དཀྱིལ་འཁོར་ཆོ་ག་ཇི་ལྟ་བ།། ཇི་བཞིན་དུ་ནི་བྱས་པ་ལས།། བསོད་ནམས་གང་ཞིག་ཐོབ་པ་དེས།། འགྲོ་ཀུན་རྡོ་འཛིན ་གྱུར་ཅིག།། སློབ་དཔོན་ནག་པོའི་ཞལ་སྔ་ནས་བླ་མའི་མན་ངག་ལ་བརྟོན་ཏེ་མཛད་པའི་དཔལ་གསང་བ་འདུས་པའི་དཀྱོར་གྱི་ཆོ་ག། རྒྱ་གར་གྱི་མཁན་པོན་པོ་ཞལ་སྔ་ནས་དང་།། བོད་ཀྱི་ལོ་ཙཱ་བཾ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ་རྫོག་སྷོ།། ་