| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཱཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི ་རིགས་ཅན་གསུང་རབ་འཆད་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་རྡོ་རྗེ་ཐེག་པར་ཞུགས་ནས་རྟོག་པའི་རྣལ་འབྱོར་གྱིས་ཏཱི་འཛིན་ལ་སྙོམས་པར་འཇུག་ཅིང་མཐའ་དྲུག་གི་བཤད་པ་ལས་ཁ་ཕྱིར་བལྟས་པའི་རྡོ་རྗེ ་སློབ་དཔོན་བསྙེན་བཀུར་བྱས་ན་སྒྲ་ཇི་བཞིན་པའི་དོན་གྱི་སྒོ་ནས་དཔལ་གསུང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཐོས་ནས་བྱིས་པས་རྟོགས་པར་བྱ་བའི་དོན་དུ་རྒྱུད་ནས་བཏུས་ནས་ཇི་ལྟར་ཐོབ་པའི་མན་ངག་གི་རྗེ་སུ ་འབྲངས་ནས་རྟོགས་པ་ལྷའི་རྣལ་འབྱོར་གྱི་སྒྲུབ་ཐབས་ལ་སོགས་པྲ་སྒྲ་སྣ་ཚོགས་བཀོད་པའི་ཁྱད་ཀྱིས་ལུང་རྗེས་སུ་བྱེད་དོ།། དེ་ལ་སློབ་དཔོན་ཁ་ཅིག་ཟླ་བ་དང་རྡོ་རྗེའི་རིམ་པས་རྡོ་རྗེ་སེམས་དཔའ་རྫོགས་པར་རྟོག་གོ།། ཁ་ཅིག ་སྲིད་པ་སྐྱེ་བའི་རིམ་པས་སོ།། ཁ་ཙོག་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་སོ།། ཁ་ཅིག་སྐད་ཅིག་བཞིའི་རིམ་པས་རྡོ་རྗེ་སེམས་དཔའ་རྟོག་གོ། དཀྱིལ་འཁོར་བཱི་ལྔ་ཡང་ཁ་ཅིག་ནི་བཅུ་གསུམ་པར་འདོད།། ཁ་ཅིག་ནི་བཅུ ་དགུར་འདོད་དོ།། ཁ་ཅིག་ནི་ལྷ་ཉི་ཤུ་རྩ་ལྔར་དགོད་པར་འདོད།། དེ་ལྟར་རྒྱུད་འདིར་རྒྱུ་སྣ་ཚོགས་པ་ལ་རྟེན་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷའི་སྐུ་རྫོགས་པར་བྱེད་དོ།། དེའི་རྗེསུ་འབྲངས་ནས་ཡང་འགྲེལ་བཤད་དང་། དཀའ་འགྲེལ ་ལ་སོགས་པ་བྱས་ནས་འདུལ་བར་བྱ་བའི་སྐྱེ་བོའི་དོན་དུ་སྟོན་པར་བྱེད་དོ།། དེ་ལ་རྡོ་རྗེ་ཐེག་པ་ལ་མངོན་པར་མོས་པ་དང་དད་པའི་རྗེས་སུ་འབྲང་བས་དེ་ཁོ་ན་ཉིད་ཀྱི་བརྒྱུད་པ་ཐོབ་ནས། ཐོས་པ་དང་། བསམ ་པ་དང་། བསྒོམ་པའི་རིམ་པས་རྟོག་པའི་ལྷའི་རྣལ་འབྱོར་ལ་གོམས་པར་བྱེད་དོ།། དྲིན་གྱི་དབང་འདི་དག་རྟོགས་ནས་བདག་གིས་འཕགས་པ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བརྒྱུད་པ་ལས་འདུས་པ་བཤད་པའི་རྒྱུད་ཀྱི ་རྗེས་འབྱུངས་པའི་མཐའ་དྲུག་གིས་བཤད་པའི་སྒོ་ནས་རྒྱུད་ཐོས་ཤིང་རིམོ་པ་གཉིས་རྟོགས་ནས།། སྣ་ཚོགས་པའི་བསྐྱེད་པའི་རིམ་པཱ་ལ་མངོན་པ་རཱྀ་ཞེན་པ་རྣམས་ཀྱི་རིམ་པའི་སྒྲུབ་པའི་ཐབས་ལ་ཐེ་ཚོམ་མེད་པར ་བྱེ་བའི་དོན་དུ། རྡོ་རྗེ་སེམས་དཔའ་བསྐྱེད་པ་ནས་ལེའུ་བཅུ་བདུན་པ་ལ་ཐུག་པ་མདོ་རམ་པཱརརྱ་བཏུས་ཤིང་བསྡུ་བར་བྱའོ།། དེ་ལ་རེ་ཞིག་སྒྲུབ་པའི་རིམ་པ་བསྟེན་ཏེ།། སྔགས་ཀྱི་དྲིས་པ་དང་པོ་སྟེ།། གཉིས་པ་དགོད་པ ་བསྟན་པའོ།། རྣམ་པར་བཞག་པ་ཡང་གསུམ་སྟེ།། བཞི་པ་དེ་ཉིད་བསྟུན་པའོ་ཞེས་བྱ་བའི་རིམ་པས་སྒྲུབ་པའི་ཐབས་ཐོས་ནས།། རྡོ་རྗེ་བླ་མའི་གནང་བ་ཐོབ་ནས་རང་གི་འདོད་པའི་ལྷའི་མདུན་དུ་ཨཱརྒྷ་ཕུལ་ཏེ།། དེ་ནཱ ་སྒྲུབ་པ་པོས་དགོན་པ་ཆེན་པོ་ལ་སོགས་པའི་ཡིད་དང་རྗེསུ་མཐུན་པའི་གནས་སུ་ཤར་དུ་མངོན་པར་ཕྱོགས་པས་སེམས་དཔའི་སྐྱིལ་ཀྲུང་གིས་མཉམ་པར་གནས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས ་བསྐྱེད་ལ་འཆད་པར་འགྱུར་བའི་རིམ་པས་བདག་དང་གཞན་ལ་ཕན་པའི་རྡོ་རྗེ་སེམས་དཔའ་གོ་འཕང་བསྒྲུབ་པར་བྱའོ།། དེའི་དོན་ནི་ལེའུ་བཅུ་གཉིས་པ་ལས།། དགོན་པ་ཆེན་པོའི་ས་ཕྱོགས་ནི།། མེ་ཏོག་འབྲས ་བུ་སོགས་ཀྱིས་བརྒྱན།། རི་བོ་དབེན་པ་དག་ཏུ་ནི།། དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ་ཅེས་བྱའོ།། དེའི་རྗེས་ལ་སྒྲུབ་པ་པོས་སྟོང་པ་ཉིད་དུ་མོས་པས་ཐ་མལ་པའི་ང་རྒྱལ་བསལ་ལོ་སྐད་ཅིག་གིས་བདག ་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་ཁ་དོག་དཀར་པོར་ལྷག་པར་མོས་པར་བྱའོ།། འདིའི་མདོ་ནི་ལེའུ་གསུམ་པ་ལས་ན་མཁའི་ཁམས་ཀྱི་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། འོད ་ཟེར་སྡེན་གྱི་ཚོགས་ཆེན་པོ།། སངས་རྒྱས་འབར་བས་འདྲ་བའི་འདྲ་ཅེས་བྱའོ།། དེ་ནས་ལེའུ་དང་པོ་ལས་གསུངས་པཱ།། ཡེ་ཤེས་སྒྲོན་མེ་རྡོ་རྗེའི་ཏིང་འཛིན་གྱི་ཚུལ་གྱིས་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་ལ་དེས་མི ་བསྐྱོད་པའི་སྐུ་ནག་པོ་ཞལ་གསུམ་པོ། ཕྱག་དྲུག་པ། བདག་ཉིད་ཀྱི་མདུན་དུ་གནས་པ་བལྟས་ནས།། བདག་ཉིད་ཀྱི་ལུས་ལ་ཆུ་དང་འོ་མྲའོ་ཚུལ་གྱིས་རྗེསུ་ཞུགས་པས་བདག་ཉིད་ཨིནྡྲ་ནཱི་ལེའི་མདོག་ཅན་ཞེ་སྡང ་རྡོ་རྗེའི་སྐུར་བསྒོམས་ཏེ།། འདིའི་མདོ་ནི་ལེའུ་དང་པོ་ལས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རེག་པའི་སྐྱེས་བུ་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་གོ་འཕང་མཆོག་གིསེ་ནག ་པོ་དཀར་པོ་དམར་པོའི་རྣམ་པ་ཡིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུངས་དང་། ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལྟ་ཞུགས་ཏེ་ཞྭ ་བྱའོ།། དེ་བཞིན་དུ་ཞེ་སྡང་རྡོ་རྗེ་ཏིང་འཛིན་ལ་གནས་ནས་སྔགས་པས་ཧཱུཾ་རིང་པོ་བརྗོད་ལ་དེས་བསྐྱེད་པའི་གཤི་ན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་ཞལ་གསུམ་པ།། ཕྱག་དྲུག་པོ། མཚན་ཚེ་སྣ་ཚོགས་པས་བྲེལ་བའི་ཕྱག་ཅན ་ཕྱོགས་བཅུ་ན་རྣམ་པར་གནས་པའི་གདུག་པ་ལ་བསྡིགས་པར་བརྩོན་པའི་རྣམ་པར་བསམ་པར་བྱའོ།། འདིའི་མདོ་ནི་ལེའུ་བཅུ་གསུམ་པ་ལས་ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས།། རྟག་ཏུ་གསོད་ལ་དོན་དུ་གཉེར།། སྒྲུབ་པ་མཆོག་གི་ཆོས ་ཅན་གྱི།། གསོད་དོན་གཉེར་བས་འགྲུབ་པར་འགྱུར་ཞེས་བྱའོ།། དེ་ནས་འོག་ན་གནས་པའི་གནོད་མཛེས་ལས་གནོད་མཛེས་རྒྱལ་པོ་སྤྲུལ་པ་གཉིས་པ་འོངས་ནས་གནོད་མཛེས་ཀྱི་གཟུགས་ཀྱི་མདུན་དུ་གནས་ཏེ་བཀའ་ནོད་པར་བསམས ་ནས། ལེའུ་བཞི་པ་ལས་གསུངས་པའི་བྲུཾ་བཞི་བཞི་པའི་སྔགས་ཀྱི་དཀའ་བསྒོ་སྟེ།། ཨོཾ་སུཾ་བྷ་ནི་སུཾབྷཱ་དྷཾ། གྲྀཧྞ་ཀྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡཾ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བྷན་བཱདྷི་རཱ་ཛ་ཡ་ཧཱུཾ་ཕཊ། དེ་ནས་གནོད་མཛེས་ཀྱི་རྒྱལ ་པོ་ཕྱོགས་བཅུར་སོང་སྟེ། ལྷ་ལ་སོགས་པའི་བགེགས་ཀྱི་བདག་པོ་རྣམས་ལྕགས་ཀྱུས་བཀུག་སྟེ་སྐེ་ལ་ཞགས་པས་བཅིངས་ནས་འོངས་ནས་ཁྲོ་བོ་བཅུ་ལ་སོ་སོར་གཏད་པར་བསམ་པར་བྱའོ།། དེ་ནས་བདུད་རྩི་འཁྱིལ་པ ་གཉིས་པ་བྱུང་ཕྱོགས་ཀྱི་སྒོར་སྤྲུལ་ཏེ་བཞག་ནས་རང་ཉིད་ཕུར་པཱའི་རྣམ་པ་བཅུ་མངོན་པར་སྤྲུལ་ཏེ། བགེགས་ཀྱི་བདག་པོ་བཅུའི་མགོ་བོར་གནས་པར་བསམ་པར་བྱའོ།། དེ་ནས་གནོད་མཛེས་རྒྱལ་པོ་ལངས་ནས་སྔགས ་བརྗོད་ཅིང་རྡོ་རྗེ་ཐོ་བས་བརྡུང་བར་བསམ་པར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཙྪ་ཧཱུཾ་ཧཱུཾ་པ་ཊ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦོ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲེ་དྷ་རཱ་ཨ ་ཛྙཱ་པེ་ཡ་ཏི། སརྦ་དུཥྚཱཾ་བིགྷྣཱ་ནཱཾ། ཀཱ་ཡ་བཱཀྵི་དྡྷོ་བཛྲ་ཀཱི་ལཱ་ཡེ་ཧཱུཾ་ཕཊ། འདིའི་མདོ་ནི་ལེའུ་བཅུ་གསུམ་པ་ཝ། རྡོ་རྗེ་བདུད་རྩི་ཁྲོ་བོ་ཆེ།། རྡོ་རྗེ་པུར་བུ་རབ་བསྒོམ་བྱ།། ཤིན་ཏུ་འབར་ཞིང་ལེགས་པའི་འོད།། ཕྱོགས་བཅུའི་རྩེ ་མོར་སྒོ་བར་བྱ་ཞེས་བྱའོ།། དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱི་ལྕགས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱི་ར་པཾ་བཞི་རིམ་པ་བཞིན་དུ་ཕྱི་རིམཾ་ཏུ་བསམ་པར་བྱའོ།། དེ་ལ་སྔགས་འདི་ཡིན་ཏེ། ཊཀྐོ་ཧཱུཾ་ཛ། དེ་ནས་ཧཱུཾ ་གི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་ལྕགས་ཀྱི་རུ་བའི་སྟེང་དུ་གནས་པའོ།། ཡི་གེ་གསུམ་གྱིས་གྲོ་ཚེ་ལའོ།། ཧཱུཾ་གིས་སཱའི་ཆ་ལ་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་པར་བྱའོ།། དེ་ལྟར་ཕྱོགས་མཚམས་བཅིང་བ་ནི་རྡོ ་རྗེའི་ར་བ་དང་། གུར་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བའི་བསྲུང་བའི་འཁོར་ལོ་བསམ་པར་བྱའོ།། འདིའི་ཕན་ཡོན་གྱི་མདོནི་ལེའུ་བཅུ་གསུམ་པ་ལས། བསམ་གཏན་གང་གིས་ཡི་དམ་ནི།། གནས་གང་དུ་ནི་མཉམ་སྤྱོད་པ། ་བསམ་གཏན་སྦྱོར་བ་འདི་ཡིས་ནི།། གནས་ནས་སངས་རྒྱས་བྱིན་གྱིས་རློབ་ཅེས་བྱའོ།། དེ་ནས་ལེའུ་གཉིས་པ་ལས་གསུངས་པའི་བྱང་ཆུབ་སེམས་ཀྱི་ཚིགས་བཅད་ཀྱི་གསུངས་པའི་འཁོར་ལོ་དང་། ཁམས ་གསུམ་ཡང་དེ་བཞིན་ཉིད་དུ་གཞུག་པར་བྱའོ།། དེ་ལ་ཚིགས་བཅད་འདི་ཡིན་ཏོ།། དངོས་པོ་མེད་པ་སྒོམ་དུ་མེད།། བསྒོམ་པར་བྱ་བ་སྒོམ་པ་མེད།། དེ་ལྟར་དངོས་དང་དངོས་མེད་པའི།། བསྒོམ་པ་དམིགས་སུ་མེད་པའི ་ཞེས་བྱའོ།། འདི་ཡང་དོན་དམ་པའི་སྲུང་བའོ།། དེ་ནས་ན་མཁའི་ཁམས་ཀྱི་དབུས་སུ་ཡཾ་ལས་གཞིའི་རྣམ་པའི་རླུང་གི་དཀྱིལ་འཁོར་ཏེ། ཧཱུཾ་གཉིས་ཀྱི་ལོགས་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པ་བསམས་ནས་དེའི ་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྡོ་རྗེ་གཉིས་ཀྱིས་མཚན་པའོ།། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེ་གཉིས་ཀྱིས་མཚན་པའོ།། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་གཉིས ་ཀྱིས་མཚན་པ་བསམས་ནས།། དཀྱིལ་འཁོར་བཞི་ཆར་བསྡུས་པ་ལཱ་སའི་དཀྱིལ་འཁོར་འབའ་ཞིག་བསམ་མོ།། འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས།། ནམ་མཁའི་ཁྲིམས་ཀྱི་དབུས་གནས ་བསམ།། དེར་ནི་བྷྲཱུཾ་ཡིག་བསྒོམ་པར་བྱ།། རྡོ་རྗེའི་སྤྲིན་ནི་མཉམ་འཕྲོའོ།། དེ་ལྟར་རྟེན་གྱི་དཀྱིལ་འཁོར་བཞི་བསྐྱེད་ནས།། བྷྲཱུཾ་ལས་གཞལ་ཡས་ཁང་པ་སྟེ།། གྲུ་བཞི་པ་ལས་སྒོ་བཞི་པ།། རྟ་བབས་བཞི་ཡིས་རབ་བརྒྱན་ནས།། ་ཐིག་ལེ་བཞི་དང་ཡང་དག་ལྡན།། ཀ་བ་བརྒྱད་ཀྱི་སྐུ་ཉེར་བརྒྱན་པ།། དྲ་བྱཱ་དྲུ་བ་ཕྱེད་པས་སྤྲས།། རྡོ་རྗེ་ནོར་བུ་ཟླ་ཕྱེད་དང་།། སྒོ་དང་སྒོ་ཁྱུད་ཙམཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་རྣམས་ཀྱི་སྣ་བརྒྱན།། བུམ་པ་ཀ་བ་རྡོ་རྗེ་ཆེ།། མདའ ་ཡབ་དང་ནི་བྱ་ཅན་དང་།། བ་དེན་དྲིལ་བུར་ལྡན་པ་ཡི།། རྔ་ཡབ་སོགས་ཀྱིས་ཉེར་བརྒྱན་པའོ།། འདིའི་མདོ་ནི་ལེའུ་བརྒྱད་པ་ལས།། དཔག་ཚད་བརྒྱ་ཡི་ཁྱིན་ཙམ་ལ།། ལེགས་པར་མཛེས་ཤིང་གྲུ་བཞི་པོ།། རིན་ཆེན་བནི་དངོས ་མཆོད་རྟེན་འདྲ།། གསལ་ཞིང་རང་བཞིན་དྲི་མེད་པའོ།། དེ་ལྟ་བུའི་ལྷ་དང་མི་ལས་ཡོན་ཏན་ཁྱད་པར་དུ་འཕགས་པའི་ཁབ་བཟུངས་དམྱ་པ་སའི་དཀྱིལ་འཁོར་གྱི་སྟེང་དུ་བསམས་ཤིང་ཟླ་བ་དང་ཉི་མའི་གདན་རྣམ་པར་བཀོད་ནས། ་བདག་གི་རང་བཞིན་གྱིས་ཐ་མལ་པའི་ང་རྒྱལ་གསལ་ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེའི་ཆང་ཆེན་པོའི་གཟུགས་ཨིནྡྲ་ནཱི་ལ་མདོག་ཅན་ཞལ་གསུམ་ཕྱག་དྲུག་པ། གཡས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་པདྨ། གཡོན་གྱིས་དྲིལ ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ། ཁ་སྦྱོར་གྱི་སྦྱོར་བས་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གི་ཉོ་བར་གནས་པར་བསམ་མོ།། དེ་ནས་ཤར་དུ་རྣམ་པར་སྣང་མཛད། ལྷོར ་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པའོ།། མེའི་མཚམསུ་སྤྱན་མ། བདེན་བྲལ་དུ་མཱ་མ་ཀཱི། རླུང་དུ་གོས་དཀར་མོ།། དབང་ལྡན་དུ་སྒྲོལ་མ་རྣམས་སྙིང་པོའི་དཀྱིལ་འཁོར་བསམས་ནས། རིམ་པ ་གཉིས་ལ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ།། བདེན་བྲལ་དུ་སྒྲ་རྡོ་རྗེ་མ།། རླུང་དུ་དྲི་རྡོ་རྗེ་མ། དབང་ལྡན་དུ་རོ་རྡོ་རྗེ་མ། དབུས་སུ་རཱག་རྡོ་རྗེ་མ།། རྡོ་རྗེ་སེམས་དཔའ་དང་ཡང་དག་པར་འཁྱུད་ནས་གནས་པར ་བསམ་མོ།། དེ་བཞིན་དུ་རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོ།། ལྷོའི་སྣམ་བུ་ལི་ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ། ནུབ་ཀྱི་སྣམ་བུ་ལྔ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས། བྱང་གི་སྣུམ ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ། ཤར་གྱི་སྒོར་གཤིན་རྗེ་གཤེད་པོ། ལྷོའི་སྒོར་གཞན་གྱིས་མི་ཐུབ་པ། ནུབ་ཀྱི་སྒོར་རྟ་མགྲིན། བྱང་གི་སྒོར་བདུད་རྩི་འཁྱིལ་པ། མེ་མཚམས་སུ་མི ་གཡོ་བ། བདེན་བྲལ་དུ་འདོད་པའི་རྒྱལ་པོ།། རླུང་དུ་དབྱུག་པ་སྔོན་པོ།། དབང་ལྡན་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། འོག་ཏུ་གནོད་མཛེས་རྒྱལྔ་པོ་བསམས་མོ།། འདྲིའི་དོན་ནི་ལེའུ་དང་པོ་ལྟོས། ་གསལ་བ་དེ་ཡི་ངོ་བོ་ཉིད།། ཀུན་ནས་སྣ་ཚོགས་གཟུགས་ལྡན་པར།། སངས་རྒྱུ་སེ་སྦྱིན་དེང་ཡང་དག་ལྡན།། འོད་ཟེར་འབར་ཞིང་འཁྲུག་པ་པོ།། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱི ་གནས་ཤེས་བྱའོ།། དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ལྷ་སུམ་ཅུ་རྩ་གཉིས་སྤྲུལ་པར་མོས་པར་བྱས་ནས། ཡང་འདི་རྣམས་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཕུང་པོའི་རང་བཞིན་གྱི་སངས་རྒྱས་ལྔ་དང་། ཁམས་ཀྱི་རང ་བཞིན་རིག་པའི་ལྷ་མོ་རྣམས་དང་། སྐྱེ་མཆེད་ཀྱི་རང་བཞིན་གྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། ཡན་ལག་གི་རང་བཞིན་གྱིས་ཁྲོ་བོའི་རྒྱལ་པོ་རྣམས་རྣམ་པར་དགོད་པར་བྱའོ།། འདིའི་མཱདོ་ནི་ལེའུ་བཅུ་བདུན་པ་ལྔ། ་ཕུང་པོ་ལྔ་ནི་མདོར་བསྡུས་ན།། སངས་རྒྱས་ལྔར་ནི་རབ་ཏུ་གྲགས།། རྡོ་རྗེ་སྐྱེ་མཆེད་ཉིད་ཀྱང་ནི།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག། ས་ནི་སྤྱན་མ་ཞེས་སུ་གྲགས།། ཆུ་ཁོམས་མཱ་མ་ཀཱི་རུ་དྲན།། མེ་ནི་གོས ་དཀར་མོ་ཞེས་བྱ།། རླུང་ནི་སྒྲོལ་མར་རབ་ཏུ་གྲགས།། གཟུགས་དང་སྒྲ་ལ་སོགས་པ་ཡིས།། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ་ཞེས་གསུངསོ།། དོན་གྱི་དྲི་བང་འདི་མཁྱེན་ནས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར ་བ་མཁའ་འགྲོ་མ་དྲ་བ་སྡོམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་མི་སེམས་རྣལ་འབྱོར་བདག། ལྷ་ཉིད་དུ་ནི་དམིགས་པ་ཡི།། གཟུགས་བརྙན་རང་བཞིན་རྣལ་འབྱོར་ནི།། ། ་ལུགས་མ་སོགས་ལས་སྐྱེ་འགྱུར་རམོ།། དེ་ཉིད་ལེགས་སེམས་རྣལ་འབྱོར་ལ།། ལྷ་རུ་དམིགས་པས་ཅི་ཞིག་བྱ།། བདག་ཉིད་སྦྱར་བའི་དམ་ཚིག་ལས།། མི་འགྱུར་མཆོག་ནི་འགྲུབ་པར་འགྱུར།། བདག་ཉིད་སངས་རྒྱས ་ཐམས་ཅད་ཉིད།། ཀུན་གྱི་མཆོག་ཉིད་ཀྱང་ཡིན་ནོ།། དེ་བས་འབད་པ་ཐམས་ཅད་ཀྱིས།། བདག་ཉིད་རྟག་ཏུ་མཆོད་པར་བྱ་ཞེས་གསུང་སོ།། དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་ལ་རྗེསུ་བཅུག་ནས། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལྷས་གྲུབ་པར་བདག་ཉིད་ལུས་ཀྱི་དཀྱིལ་འཁོར་ལྷག་པར་མོས་པར་བྱས་ནས།། ཡང་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཕུང་པོ་དང་། ཁམས་དང་སྐྱེ ་མཆེད་ཀྱི་རང་བཞིན་རྣམས་རིམ་པ་བཞིན་ཐིམ་པས་དོནི་དམ་པའི་དཀྱིལ་འཁོར་དུ་གཞུག་སྟེ། ལྕེའུ་གསུམ་པ་ལྔས་གསུངས་པའི། ཨོཾ་ཤཱུ་ནྱ་དྷྭ་ཛྙཱ་ནཱ་བཛྲི་སྭ་བྷཱ་བ་ཨཏྨ་ཀོ&ཧཾཞེས་བྱ་བའི་སྔགས་ཀྱིས་ཆོས་སྲུར ་བསྟན་པར་བྱའོ།། འདིའི་མདོ་ནི་ལེའུ་བདུན་པ་ལས། དམ་ཚིག་ལས་བྱུང་ཁུ་བ་ནི།། འབྲས་བུ་འདོད་པས་ཆོས་བཞིན་བཏུང་།། དེ་བཞིན་གཤེགས་པའི་ཚོགས་བསད་ནས།། དངོས་གྲུབ་རབ་མཆོག་འགྲུབ་འགྱུརརོ།། དེ་ལྟར ་སྟོང་པ་ཉིད་དུ་དམིགས་པས་ཉོན་མོངས་པའི་དྲི་མ་ཐམས་ཅད་བསལ་ནས། དེ་ནཱས་བདག་ཉིད་རྡོ་རྗེ་སེམས་དྲུ་པཎྜི་ཕྱུག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་པར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལསུཾ་ཉི་མོའི་དཀྱིལ ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གོང་ནས་གླེང་དུ་བཀོད་དེ་ཐམས་ཅད་བསྡུས་པ་ལས་ཟླ་དྭའི་དཀྱིལ་འཁོར་ཡོངསུ་རྫོགས་པར ་འགྱུར་ཏེ། སེམས་ཙམ་དུ་བསམས་ནས་དེ་ཉིད་བརྟེན་པ་དང་གཡོ་བའི་འགྲོ་བ་ནང་དུ་འདུས་ཏེ། ལེའུ་གསུམ་པ་ལས་གསུངས་པའི་ཨ་དྷརྨྨ་དྷཱི་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བའི་རང་གི་སྔགས་ཀྱིས་རང་གི་སེམས་རིན་པོ ་བསྟན་པར་བྱ་བ་འདི་ནི་དང་པོའི་རྣལ་འབྱོར་རོ།། ། དོན་འདི་གསལ་བར་འཁོར་ལོ་སྡོམ་པ་ལས་གསུངས་ཏེ། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་ནི་མངོན་པར་བརྗོད་ཅེས་བྱའོ།། ་དེ་ནས་ཟླ་བིའི་དཀྱིལ་འཁོར་གྱི་སྟེང་དུ་ཡཱཾ་གེ་གསུམ།། དེ་ལས་རྡོ་རྗེའོ།། རྡོ་རྗེ་ལས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་ཁ་དོག་དཀར་པོ་ཁོས་མོ།། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། རྣམ་པར་སྣང་མཛད་མཚུངས་པའི་འོད།། ཅེས ་ལེའུ་བཅོ་ལྔ་པ་ལས་གསུངས་པའི་ཕྱིར་ཏེ། གཉིས་པ་རྗེ་སུ་རྣལ་འབྱོར་རོ།། འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས་རྡོ་རྗེ་གསུམ་ཡིག་སྔགས་མཆོག་གིས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི།། ཡེ་ཤེས་རྡོ་རྗེ་བྱ་བ་སྟེ།། ། ་བྱང་ཆུབ་ཐམས་ཅད་མཉམ་བསྐྱེད་པའི་ཞེས་གསུངསོ།། དེ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པ་བྱདགྲ་ཉིད་ལོངསུ་སྤྱོད་རྫོགས་པའི་སྐུར་བསྐྱེད་ནས།། སྲིད་པ་ཐ་མྱལ་པའི་སེམས་ཅན་གྱི་དོན་གྱི་ཕྱིར་ཕུང་པོ ་དོང་། ཁམས་དང་། སྐྱེ་མཆོད་རྗེ་སུ་ཞུགས་པོའི་རིམ་པ་འདིས་བདག་ཉིད་སྦྲུལྔ་པོའི་སྒྲར་བསྐྱེད་པར་བྱའོ།། རིམ་པ་འདི་ཡིན་ཏེ། རྣམ་པར་སྙིང་མཛོད་ཀྱི་རླུང་བཞིན་ཨོཾ་དཀར་པོ་སྤྱི་བོར་བཀོད་ནས་གཟུགས་ཀྱི་ཕུང ་པོ་ལ་གཞུག་པར་བྱའོ།། འོད་དཔག་ཏུ་མེད་པའི་རང་བཞིན་ཨཱ་དམར་པོ་མགྲིན་པར་བཀོད་ནས་འདུ་ཤེས་ཀྱི་ཕུང་པོ་ལ་གཞུག་པར་བྱའོ།། མི་བསྐྱོད་པའི་རང་བཞིན་ཧཱུཾ་ནག་པོ་སྙིང་གར་བཀོད་ནས་རྣམ་པར་ཤེས ་པའི་ཕུང་པོ་ལ་གཞུག་པར་བྱའོ།། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སྠ་སྡེར་པོ་ལྟེ་བཱ་ལ་བཀོད་ནས་ཚོ་རུ་བའི་ཕུང་པོ་ལ་གཞུག་པར་བྱའོ།། དོན་ཡོད་གྲུབ་པའི་རླུང་བཞིན་ཧཱ་ལྗང་ཁུ་རྐང་པ ་གཉིས་ལ་བཀོད་ནས་འདུ་བྱེད་ཀྱི་ཕུང་པོ་ལ་གཞུག་པར་བྱའོ།། མཱཾ་ཧ་རཱི་ཏི་ཞེས་བྱ་བྱས་སྤྱན་མ་སཾའི་ཁམས་ཀྱི་རང་བཞིན་གྱིས་སོ།། དྭེ་ཥ་རྀ་ཏི་ཞེས་བྱ་བས་མཱ་མོ་ཀཱི་ཆུའི་ཁྱམས་ཀྱི་རང་བཞིན་གྱིས་སོ།། རཱ་ག་ར་ཏི་ཞེས་བྱ ་བསྟུ་གོས་དྲཀར་མོ་མེའི་ཁྲིམས་ཀྱི་རང་བཞིན་གྱིས་སོ།། བཛྲ་རཱ་ཏི་ཞེས་བྱ་བསོ་སྒྲོལ་མ་རླུང་གི་ཁམས་ཀྱི་རང་བཞིན་གྱིས་སོ།། བཀོད་ནས་བཱ་ཉིད་དང་།། གཤེར་བ་ཉིད་དང་དྲོ་བ་ཉིད་དང་གཡོ་བ་ཉིད་དུ་རབ་ཏུ་བསམ་པར་བྱའོ།། ་ཨོཾ་སའི་སྙིང་པོ་ས་བོན་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་དང་། ཨོཾ་ཕྱག་ན་རྡོ་རྗེའི་ས་བོནྡ་རྣ་བའི་སྐྱེ་མཆེད་ཀྱི་རང་བཞིན་དང་། ཨོཾ་ན་མཁའི་སྙིང་པོའི་ས་བོན་སྣའི་སྐྱེ་མུཆེད་ཀྱི་རདྭ་བཞིན་དང་། ཨོཾ་འཇིག་རྟེན་དབང་ཕྱུག་གི ་ས་བོན་ལྷོའི་སྐྱེ་མཆེད་རང་བཞིན་དང་། ཛྙཱ་འཇམ་དཔལ་གྱི་ས་བོན་ཡིད་ཀྱི་སྤྱི་མཆེད་ཀྱི་རང་བཞིན་དང་། ཨོཾ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ས་བོན་ལུས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་ལ་བཀོད་ནས། ལྷའི་མིག་ལ ་སོགས་པ་རབ་ཏུ་བརྟག་པར་བྱའོ།། བྱམས་པའི་ས་བོན་མོ་རྒྱུས་པའི་ར་ངོ་བཞིན་ལ་དགོད་པར་བྱའོ།། ཀུན་ཏུ་བཟང་པོའི་ས་བོན་སམ་ལུས་ཀྱི་ཚོགས་ཐམས་ཅད་ལ་དགོད་པར་བྱའོ།། དེ་ལྟར་སྔགས་ཀྱི་བྱིན་གྱིས་བརླབ་པ ་ལལུས་ཕུང་པོ་དང་། ཁྱམས་དང་། སྐྱེ་མཆེད་བཀ་ནས་ཧཱུཾ་རིང་པོ་ལས་ཁྲོ་བོ་བཅུ་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ་རིམ་པ་འདིས་དགོད་པར་བྱས་ཏེ། དེ་ལ་ལག་པ་གཡས་པར་བཤིན་རྗེ་གཤེད། ལག་པ ་གཡོན་པཱཾ་ལྱ་གཞན་གྱིས་མི་ཐུབ་པ།། ཁར་རྟ་མགྲིན་གསང་བར་ནི་བདུད་རྩི་འཁྱིལ་པ། རྩིབ་མ་གཡས་པར་མི་གཡོ་བ། གཡོན་པར་འདོད་པའི་རྒྱལ་པོ། པུས་མོ་གཡས་པ་ལ་དབྱུག་སྔོན། པུས་མོ་གཡོན་པ་ལ་སྟོབས ་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལྷོ་བསྒྱུར་བ། རྐང་པ་གཉིས་ལ་གླནིངྒ་མཛེས་རྒྱལ་པོ་བཀོད་ནས་ཕྱོགས་བཅུར་རྗེས་སུ་གཞུག་པར་བྱའོ།། འདིའི་མདོ་ནི་ལེའུ་དང་པོ་ལྔས། རིག་པའི་སྐྱེས་བུ་ཆེན་པོའི་སྐུ་དེ་བཞིན་ག ་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ནས་དེ་མ་ཐག་ཏུ་བྱིན་གྱིས་བརླབས་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་གསུམ་གྱི་རྣམ་པར་མཐོང་བར་གྱུར་ཏོ་ཞེས ་བྱཱབྱ་བྲ་ན་གསུམ་པ་ཤིན་ཏུ་རྣལ་འབྱོར་རོ།། དེ་ལྟར་སྒྲུབ་པཱ་པོས་རྣལ་འབྱོར་གསུམ་གྱི་བདག་ཉིད་ཀྱིས་ཐུ་མེལ་པའི་ང་རྒྱལ་བསལ་ཏཱི། དཔྲལ་རྡོ་རྗེ་སེམས་དཔའི་སྐུར་ཡང་བསྐྱེད་ནས་ཡང་བྱ་བ་ནི་ཡོངསུ་རྫོགས ་པོའི་ལྷའི་རྣམ་རྟོག་བསལ་བའི་ཕྱིར་བཞི་པ་རྣལ་འབྱོར་ཆེན་པོ་བྱེ་སྟེ། དེ་ལ་ཨོཾ་ཁ་དོག་དཀར་པོ་སྤྱི་བོར་བསམས་ནས་དེ་ལས་སྐྱེས་པའི་སྤྱན་གྱི་ཚོགས་བདག་པོའི་སྦྱོར་བསོ་ན་མཁའི་དབྱིངསུ་རྣམ་པར་བསམས ་དེ་ནས་སྐད་ཅིག་གིས་རྣམ་པར་སྣང་མཛད་ཀྱི་ཚོགས་བདག་པོ་དང་སྦྱོར་བ་བར་སྣང་ལ་བསམས་ནས། ལྡེའུ་གཉིས་པ་ལས་གསུངས་པའི་ཚིགས་བཅད་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ།། དེ་ལ ་ཚིགས་བཅད་ནི་འདི་ཡིན་ཏཱཾ། སངས་རྒྱས་སྐུ་འཆང་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། དྲེང་བདྲག་བྱིན་བརླབས་གོམས་པ་ནི།། རྡོ་རྗེ་སྒྲས་ནི་མཛད་དུ་གསོལ། གསོལ་བ་བཏབ་མ་ཐག་ཏུ་ལྷའི་ཚོགས་ཕན་ཚུན་རྗེསུ་ཆགས་པ་སྔོན་དུ་འགྲོ་བས་མཆོག་ཏུ་དགའ ་བ་བདེ་བ་ཉམ་སུ་མྱོང་བས་འོད་ཟེར་དཀར་པོའི་རང་བཞིན་གྱིས་ཡེ་ཤེས་སེམས་དཔའི་རང་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཡེ་ཤེས་སུ་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་པར་བསམས་ནས་ལེའུ་བདུན་པ ་ལས་གསུངས་པོའི་ཚིགས་སུ་བཅད་པས་བརྟན་པར་བྱའོ།། ཚིགསུ་བཅད་པ་འདྲི་ཡིན་ཏེ།། སངས་རྒྱས་ཀུན་གྱི་སྐུ་གང་གིས།། ཕུང་པོ་ལྔ་ནི་རབ་བཀང་བ།། སངས་རྒྱས་སྐུ་ཡི་རང་བཞིན་གྱིས།། བདག་ཀྱང་དེ་དང་འདྲ ་བར་ཤོག། དེ་ནས་ལེའུ་བདུན་པ་ལས་གསུངས་པའི་སྔོགས་ཀྱིས་གཉིསུ་མེད་པའི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ་ཞེས་བྱ་བས་སོ།། སྐུ་དང་གསུང་དང་ཐུགས་ཀྱི་རིམ་པ་འདིས་བྱིན་གྱིས ་བརླབ་པར་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ཨ་ཁ་དོག་དམར་པོ་མགྲིན་པའི་པདྨའི་སྟེང་དུ་བཀོད་ནས། དེ་ལས་བྱུང་བའི་གོས་དཀར་མོའི་ཚོགས་ཀྱི་ན་མཁའ་བཀང་ནས། སྔར་བཞིན་དུ་འོད་དཔག་མེད་ཀྱི་ཚོགས ་བལྟས་ནས་ཚོགས་བཅད་འདིས་གསོལ་བ་གདབ་པར་བྱའོ།། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མོཾ་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབ་ནས་སུ།། རྡོ་རྗེ་གསུང་གིས་མཛད་དུ་གསོལ།། དེ་ལྟར་གསེལ་བ་བཏབ་ནས། སྔར་བཞིན་དབང་པོ་གཉིས ་སྔར་མཉམ་པར་སྦྱོར་བས་འདོད་ཆགས་ཆེན་པོའི་མེས་ཚོགས་གཉིས་ཞུ་བ་ལས་འོད་ཟེར་དམར་པོའི་གཟུགས་ཀྱིས་ཞལ་དུ་ཞུགས་པ་ལས་ངག་གིས་དབང་ཕྱུག་ཐོབ་པར་བསམས་ནས། ཚིགས་སུ་བཅད་པ་འདིས ་བརྟན་པར་བྱའོ།། གང་ཞིག་རྡོ་རྗེ་ཆོས་ཀྱིས་ནི།། ངེས་ཚིག་ཕུན་སུམ་ཚོགས་པའི་ངག། བདག་གི་ཚིགས་ཀྱང་དེ་འདྲ་ཞིང་།། ཆོས་འཛིན་པ་དང་འདྲ་བར་ཤོག་ཅེས་གསུངསོ།། སྔགས་འདིས་གཉིསུ་མེད་པའི་རྣམ་པའི་དུ ་རྒྱལ་བྱ་སྟེ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ། ཞེས་བྱའོ།། དེ་ན་ས་ཡང་རང་གི་སྙིང་གའི་རྡོ་རྗེའི་ལྟེ་བར་ཧཱུཾ་ཁ་དོག་ནས་པོ་བསམས་ནས། དེ་ལས་སྐྱེས་པའི་མཱ་མ་ཀཱིའི ་ཚོགས་ན་མཁའ་ལ་བསམས་ཏེ། སྔ་མ་བཞིན་དུ་སྐད་ཅིག་གིས་མི་བསྐྱོད་པའི་ཚོགས་པར་སྣང་ལ་བལྟས་ནས་ཚིགས་སུ་བཅད་པ་འདིས་གསོལ་བ་གདབ་པར་བྱའོ།། དཔལ་ལྡན་རྡོ་རྗེ་ཐུགས་འཆབ ་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་བརླབས་གོམས་པ་ནི།། རྡོ་རྗེ་ཐུགས་ཀྱིས་མཛོད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན ་བརླབས་གོམས་པ་ནི།། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ་ཞེས་གསོལ་བ་བཏབ་མ་ཐག་ཏུ་སྔར་བསྟན་པ་བཞིན་དུ་གཉིས་སུ་མེད་པའི་འདོད་ཆགས་ཆེན་པོའི་མེས་ཞུ་བས་འོད་ཟེར་ནག་པོའི་གཟུགས་ཀྱིས་ཐུགས་ཀར ་ཞུགས་པས་ཐུགས་ཀྱི་དབང་ཕྱུག་ཐོབ་པར་བསམས་ནས་ཚིགསུ་བཅད་པ་འདིས་བརྟན་པར་བྱའོ།། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན།། གསང་བའི་དབང་པོ་བློ་ལྡན་པ།། བདག་ཀྱང་དེ་དང་འདྲ་འགྱུར་ཏེ།། ཐུགས་འཛིན་པ་དང ་འདྲ་བར་ཤོག། ཅེས་བྱའོ།། དེ་ནས་སྔགས་འདི་གཉི་སུ་མེད་པའི་རྣམ་པའི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙི་ཏྟ་བཛྲ་སྭ་བྷཱ་བཱ་ཨཏྨ་ཀོ&ཧཾ་ཞེས་བྱའོ།། དེ་ལྟ་བུའི་རིགས་གསུམ་བཅུག་པས་སྐུ་གསུངས་ཐུགས་སོ་སོའི ་བྱིན་གྱིས་བརླབས་ནསོ།། ཡང་རྡོ་རྗེ་གསུ་མི་ཕྱེད་པའི་རང་བཞིན་གྱིས་རྡོ་རྗེ་འཆང་ཆེན་པོའི་བྱིན་གྱིས་བརླབས་པ་འདིས་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་པཱ་ག་ཙིཏྟཾ་བཛྲ་སྭ་བྷཱ་བ་ཨེཏྨ་ཀོ་\ུ྅ཧཾ་ཞེས་བྱའོ།། འདིའི་མདོ་ནི་ལེའུ ་གཉིས་པ་ལས། བཅོམ་ལྡན་འདས་སེམས་ལུས་ཀྱི་རྣམ་པ་དང་། ལུས་སེམས་ཀྱི་རྣམ་པ་དང་། སེམས་ངག་གི་བརྗོད་པའི་རྣམ་པ་ལྟ་བུ་བསྐྱེད་པར་བྱའོ་ཞེས་གསུངསོ།། ལེའུ་དང་པོ་ལས་གསུངས་པའི་དམ་ཚིག ་ལས་བྱུང་བ་རྡོ་རྗེའི་ཏིང་འཛིན་གྱི་ཚུལ་བསྐྱེད་པའི་ཕྱིར་དམ་ཚིག་སེམས་དཔའ་ཞེས་བརྗོད།། དེ་ལྟར་ཞལ་གསུམ་ཕྱག་དྲུག་པར་དམ་ཚིག་སེམས་དཔའ་བསྐྱེད་ནས། དེའི་སྙིང་གར་ཡེ་ཤེས་སེམས་དཔའ་ཕྱག་གཉིས ་པ། མདོག་དམར་པོ་ཁྭ་སྦྱོར་བས་ལུས་ཐམས་ཅད་ཚིམ་པར་བསམས་ནས་རང་གི་ཅོད་པན་ལ་བདག་པོ་པས་མོ།། འདིའི་མདོ་ནི་ལེའུ་བཅུ་གཉིས་པ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། བདག་ཉིད་སྐུ་གསུང ་ཐུགས་རྡོ་རྗེའི།། དམ་ཚིག་ཐུགས་ཀཪྵ་ཡེ་ཤེས་དང་།། རྡོ་རྗེ་མཆོག་འཛིན་ཅོད་པན་ལའོ།། སངས་རྒྱ་རྣམས་ནི་ཚིམ་བྱེད་པའི།། དམ་ཚིག་འདི་ནི་དམ་པའོ།། དམ་ཚིག་ཀུན་གྱི་བྱ་བ་སྟེ།། དངོས་གྲུབ་ཐམས་ཅད་སྒྲུབ ་བྱེད་པ་ཞེས་གསུངསོ།། དེ་ལྟར་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསམས་ནས། ཡེ་ཤེས་སེམས་དྲཔའི་ཐུགས་ཀར་ཡི་གེ་ཧཱུཾ་ཏིངེ་འཛིན་སེམས་དཔའ་ཞེས་བྱ་བ་རྟག་ཏུ་འཆར་བ ་མོར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་བའི་ཕུང་པོ་ལྟ་བུ་བསམ་པར་བྱའོ།། འདིའི་མདོ་ནི་ལེའུ་བཅུ་གཅིག་པ་ལས།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པ།། མི་བསྐྱོད་རྡོ་རྗེ་རབ ་བསྒོམ་བྱ།། ཧཱུཾ་ཡིག་སྙིང་གར་བསྒོམས་ནས་ནི། སེམས་ནི་ཐིག་ལེརརྱ་གནས་པར་བཞག་ཅེས་བྱ་བ་ནི་རྣལ་འབྱོར་ཆེན་པོའོ།། དེ་ལྷུར་རྣལ་འབྱོར་བཞིས་བདག་ཉིད་སེམས་དཔའ་གསུམ་གྱི་བདག ་ཉིད་ཅན་གྱིས་བདག་གིས་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཏི་ངེ་འཛིན་རྒྱལ་པོ་མཆོག་བསྐྱེད་ནས།། ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་བ ་པའི་སྐབས་ལ་འཇུག་པར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་མཛད་དེ་དགུའ་ལྡན་གྱི་གནས་མཆོག་ནས་བྲ་བསཱ་ཏཱཾ། ཐམས་ཅད་མཁྱེན་པར་མཛད་ནས་འདོད་ཆགས་དང་བྲལ་བར་མངོན་པར ་སྤྲུལ་ཏེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཉེན་ཐོས་ཀྱི་སཽ་ལ་བཀོད།། ཡང་ཐེག་པ་ཆེན་པོའི་སེམ་སྡེ་ཙནྡ་རྣམས་ལྔ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཐམས་ཅད་གསོལ་བར་མཛད་ནས་ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ ་འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་འདི་བསྟན་པའི་དོན་དུ་འདིས་འདོད་པ་ཀུན་ལས་ལོངས་སྤྱོད་པའི་ཏིང་འཛིན་འདི་ཡིས་གནས་པར་བྱ། དེ་ལ་རིམ་པ་འདི་ཡིན་ཏྲེ། མཚན་མ་ཐམས་ཅད་དང་ལྡན་པའི་ཕྱིའི་ཕྱག ་རྒྱ་སྔགས་དང་རྒྱུད་ལོ་ལེགས་པོར་བརླབས་པ་རྙེད་ནས་མདུན་དུ་བཞག་སྟེ་རིགས་ལྔ་རྟག་པར་བྱའོ།། དེ་ནས་རྡོ་རྗེ་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བས་དབང་པོ་གཉིས་མཉམ་དུ་སྦྱར་བར་བྱས་ནས། བྱང་ཆུབ་ཀྱི ་སེམས་ལས་མི་བསྟོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ།། མངོན་པར་སྤྲུལ་ཏེ། དེ་དང་དེའི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྦྱངས་ནས་ཡང་སླར་བསྡུས་ཏེ། ་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་གཞུག་པར་བྱའོ།། ཡང་ནཱ་སྙིང་གར་ཡེ་ཤེས་ཀྱི་ཕྱི་ག་རྒྱ་མངོན་པར་སྤྲུལ་ཏེ། དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱས་ནས་སྔགས་ཅིག་སྒྲོལ་པས་སེམས་ཅན་གྱི་དོན ་བྱའོ།། སྙིང་གར་གནས་པའི་ལྷ་མོ་ཆེ།། རྣལ་འབྱོར་རྣལ་འབྱོར་འབེབས་བྱེད་མ།། སངས་རྒྱས་རྣམས་ཀྱི་སྒོར་སྐྱེད་མ།། རྡོ་རྗེ་དབྱིངས་ཀྱི་དབང་མོར་གྲགས་ཟློས་བྱ་བ་ཐམས་ཅད་གསུང་བའི་རྒྱུད་ལས་གསུངས་པའི ་ཕྱིར་རོ།། འདིའི་མདོ་ནི་ལེའུ་བདུན་པ་ལས་གསུངས་པ། བཙུན་མོ་ཤིན་ཏུ་ཡོད་འོང་མཱ།། བཅུ་དྲུག་ལོ་ལན་རྙེད་ནས་ནི། བྱིན་བརླབས་གོ་འཕངས་གསུམ་གྱིས་ནི།། དབེན་པར་མཆོད་པ་བརྩམ་པར་བྱ།། དེ་བཞིན ་གཤེགས་པའི་བཙུན་མོ་མཆོག། སྤྱན་མ་རྣམ་པར་བསྒོམ་བྱ་སྟེ།། དབང་པོ་གཉིས་ནི་མཉམ་སྦྱོར་བས།། སངས་རྒྱས་དངོས་གྲུབ་ཐོབ་པར་བྱེད་ཅེས་བྱ་བས་དེ་ལྟར་ཕྱི་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་ལ ་ངེས་པར་བྱས་ནས་རིགས་ལྔའི་བརྟོག་པའི་རིམ་པ་བརྟན་པོར་བྱ་སྟེ། ཨོཾ་ནི་སྤྱི་བོར་རོ།། ཨཱཿནི་ཁ་ལའོ།། ཧཱུཾ་ནི་སྙིང་གར་རོ།། སྭཱ་ལྟེ་བར་རོ།། ཧཱ་རྐང་པ་གཉིས་ལ་དགོད་དོ།། ཁམས་བཞིའི་རང་བཞིན་གྱིས ་སྤྱན་མ་ལ་སོགས་པ་རྣམས་དགོད།། མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད།། ཡང་དེའི་ལུག་པ་ལ་སོགས་པ་ཡན་ལག་རྣམས་ལ་ཁྲོ་མོའི་རྒྱལ་མཽ་རྣམས ་དགོདདོ།། དེའི་ལག་པ་གཽཡས་པ་ལ་རོ་ལངས་མའོ།། ལག་པ་གཡོན་པ་ལ་གཞོན་གྱིས་མོ་ཐུབ་མའོ།། ཁར་ནརྀ་ཁྲོ་གཉིར་རཱའོ།། གསང་བར་རལ་གཅིག་མའོ།། ཡང་གཡས་ཀྱི་ཆུ་ལ་སྣ་ཚོགས་རྡོ་རྗེ་མའོ།། གཡོན་གྱི་ཆ་ལ་སྣ ་ཚོགས་རིན་ཆེན་མའོ།། པུས་མོ་གཡས་པར་སྣ་ཚོགས་པདྨའོ།། པུས་མོ་གཡོན་པར་སྣ་ཚོགས་ལས་མའོ།། སྤྱི་བོར་ན་མཁའི་རྡོ་རྗེ་མའོ།། རྐང་པ་གཉིས་ལས་འཛིན་གྱི་ལྷ་མོ་དགོད་པར་བྱའོ་ཞེས་གསུངས་པ་འདིའི་མདོ་ནི ་ལྡེའུ་བརྒྱད་པ་ལས། ནུ་མ་གཉིས་ཀྱི་བར་དང་ཇོ་སྲིད་སྤྱི་བོར་ཕྱིན་གྱིས་བར།། རྐང་པར་ཐུག་གི་བར་དུ་ཡང་ནི་ཆོ་ག་ཤེས་པས་དགོད།། རྐེད་པ་ལྟེ་བར་གསང་བའི་རྒྱལྔ་བའི་སྲས།། རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། ་ཞེས་གསུངསོ།། དེ་ལྟར་མངོན་པར་འདུས་བྱས་ནས་ཐ་མལ་པའི་བུད་མེད་ཀྱི་རང་བཞིན་བསྔལ་ཏེ་རིམ་པ་འདིས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱའོ།། ཧཱུཾ་གིས་རང་གི་རྟགས་རྡོ་རྗེ་རྩེ་ལྔ་པར་བསམས་ནས།། དབུས་ཀྱི་རྩོམ ་ལ་ཨོཾ་དགེདེ་པ་ནི་རྡོ་རྗེ་འདུས་བྱ་བའོ།། དེའི་ཆོས་འབྱུང་ཨཱཿབསམས་ནས་དེ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ་དམར་པོ་བསམ་པ་ནི་པདྨ་འདུས་བྱས་པའོ།། འདིའི་མདོ་ནི་ལེའུ་བདུན་པ་ལས།། ཡི་གེ་ཧཱུཾ་དང་ཡི་གེ་ཨོཾ།། ཡི ་གེ་ཕཊ་ཀྱང་རྣམ་རྟགས་ཏེ།། འོད་ཟེར་ལྔ་ནི་རྣམ་འཕྲོ་བའི།། རྡོ་རྗེ་པདྨ་བསྒོམ་པར་བྱ་ཞེས་གསུང་སོ།། དེ་ལ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཕན་ཚུན་རྗེསུ་ཆགས་པ་སྔོན་དུ་འགྲོ་བས་ཁྱུད་པ་དང་འོ་བྱ་བ་ལ་སོགས ་པྲ་བྱས་ནས་ལེའུ་དྲུག་པ་ལས་གསུངས་པའི་སྔགས་ཀྱིས་གཉིསུ་མེད་པའི་ང་རྒྱལ་བྱའོ།། ། དེ་ལྔ་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦ་ཏ་ཐཱ་གྲ་ཏཱཾ་ཨ་ནུ་ར་ག་སྱཱ་བྷཱ་བེ་ཨཏྨ་ཀཽ&ཧཾ་ཞེས་བྱ་བ་རིན་ཚོན་འབྱུང་ལན ་གྱི་ང་རྒྱལ་གྱི་བྱའོ།། དེ་ནས་ཧཱུཾ་གི་གླུ་བླངས་པས་ལས་ལ་གནས་པར་འགྱུརརོ།། འཇིག་པའི་གནས་སྐབསུ་ཕཊ་གྱི་ཡི་གེ་བརྗོད་པར་བྱའོ།། དེ་ནས་ལུས་ཀྱི་དཀྱིལ་འཁོར་པའི་ལྷ་རྣམས་མཆོག་ཏུ་དགའ་བའོ།། བདེ་བ་ཉམ་སུ ་མྱོང་བས་རྩ་བའི་བུ་ག་ནས་ཐིག་ལེའུ་གཟུགས་པདྨའི་དབུསུ་འབབ་པའོ།། འདིའི་མདོ་ནི་ལེའུ་དང་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་ཞུགསོ་ཞེས་གསུང ་སོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབསུ་དོན་ཡོད་གྲུབ་པའི་བྱིན་གྱིས་བརླབ་པ་ལ་ལྷག་པར་མོས་པ་བྱས་ནས་ལེའུ་དྲུག་པ་ལས་གསུངས་པའི་མཆོད་པའི་རིམ་པ་སྣ་གཉིསུ་མེད་པའི་ང་རྒྱལ་བྱའོ།། དེ་ལ་སྔགས། ་ནི་འདི་ཡིན་ཏོ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཾ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ་ཞེས་གསུང་སོ།། དེ་བཞིན་གཤེགས་པ་ལྔའི་རྗེ་སུ་ཞུགས་པས་བདག་ཉིད་བྱིན་གྱིས་བརླབས་ནས་ཏིང་འཛིན་དང་དབང་བསྐུར་བ་དང་། མཆོད་པ་མཐར ་ཐུག་པའི་རིགས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ང་རྒྱལ་བྱས་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་དོན་དུ་སྲིད་པ་སྐྱེ་བའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བར་བྱའོ།། དེ་ལཱ་མི་བསྐྱོད་པའི་ཏིང་ངེ ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ཞེ་སྡང་གྲི་ཉོན་མོངས་པ་སྦྱོང་བར་བྱེད་དོ།། དེ་བཞིན་དུ་རྣམ་པར་སྣང་མཛོད་ཀྱིས་ཏིང་འཛིན་གྱིས་གཎྜཱི་སུག་རྣམ་པར་སྦྱོང་བར་བྱེད་དོ།། རིན་ཚུན་འབྱུང་ལྡནྡ་གྱི་ཏོང་འཛིན་གྱིས་ང་རྒྱལ་རྣམ་པར ་སྦྱོང་ངོ་།། འོད་དཔག་ཏུ་མེད་པའི་ཏིང་འཛིན་གྱི་འདོད་ཆགས་རྣམ་པར་སྦྱོང་ངོ་།། དོན་ཡོད་གྲུབ་པའི་ཏཱི་འཛིན་གྱིས་ཕྲག་དོག་རྣམ་པར་སྦྱོང་ངོ་།། བཅོམ་ལྡན་འདས་དེ་ཉིད་སྤྱན་མའི་ཏིང་ངེ་འཛིན་གྱིས་སེམས་ཅན་རྣམས་ཀྱི་ནད་ལ ་སོགས་པ་ཞི་བར་བྱེད་པའོ།། མཱ་མ་ཀཱིའི་ཏི་ངེ་འཛིན་གྱིས་རྒྱས་པར་བྱེད་པའོ།། གོས་དཀར་མོའི་ཏིང་འཛིན་གྱིས་བསྲུང་བར་བྱེད་དོ།། སྒྲོལ་མའི་ཏིངེ་འཛིན་གྱི་དབང་དུ་བྱེད་དོ།། བཅོམ་ལྡན་འདས་དེ་ཉིད་གཟུགས་རྡོ་རྗེ་ལ་སོགས ་པར་གྱུར་ནས། སེམས་ཅན་རྣམས་ཀྱི་བདེ་བ་དང་ཡིད་བདེ་བསྐྱེད་པར་བྱེད་དོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་ཉིད་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་འཛིན་གྱིས་སེམས་ཅན་རྣམས་ཀྱི་སྐྱེ་མཆེད ་རྣམས་དག་པར་བྱེད་དོ།། བཅོམ་ལྡན་འདས་དེ་ཉིད་གཤིན་རྗེ་གཤེད་པོ་ལྀ་སོགས་པའི་ཁྲོ་བོ་རྣམས་ཀྱི་ཏིང་འཛིན་གྱིས་ཕྱོགས་བཅུའི་བགེགས་ཀྱིས་ཚོགས་རྣམས་བསྡིགས་པར་བྱེད་དེ།། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་ཀུནོ།། རྡོ་རྗེ ་སེམས་དཔའ་དེ་བཞིན་གཤེགས།། དེ་ཡི་ཉེ་བར་ལོངས་སྤྱོད་ཀུན།། ཁམས་གསུམ་དག་ནི་མ་ལུས་པའོ་ཞེས་གསུངས་པའི་ཕྱིར་རོ།། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་གཉིས་པའོ།། ། ་དེ་ལྟར་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་མངོན་པར་སྤྲུལ་ནས་ཕྱེ་མོའི་རྣལ་འབྱོར་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་བཟླས་པོ་བྱ་སྟེ། ཡང་སླར་བདུག་ཉིད་དེ་བཞིན་ཉིད་དུ་གཞུག་པར་བྱའོ།། དེ་ནས་སྤྱན་མ་ལ་སོགས་པའི ་ལྷ་མོ་བིཞེས་དཀྱིལ་འཁོར་གྱིས་དབུས་ན་བདེ་བ་ཆེན་པོ་མ་མཐོང་བས་བྲལ་བས་སྐྱོ་བའི་དབང་གིས་རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་གླུ་རྣམས་ཀྱིས་བདེ་བ་ཆེན་པོ་སད་པོར་བྱེད་དོ།། དེ་ལྀ་གླུ་ནི་འདི་ཡིན་ཏེ། ་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་རྡོ་རྗེའི་ཐུགས།། དགའ་བ་ཡིད་འོང་དོན་ཚོན་འདོད་པས་བདག་ལ་བསྒྲུབ་དུ་གསོལ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། སེམས་ཅན་ཡབ་ཆེན་གཉེན ་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན།། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར ་མཆིས་བཞེད་ན།། འདོད་ཆགས་དམོ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེ་གསུང་སྟེ་སེམས་ཅན་ཀུན་ལ་ཕན་ཞིང་ཐུགས་རྗེ་བ།། འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདུག་ནི་གསོན་པར་མཆིས་བཞེད་ན།། སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛོད།། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ།། ཡང ་དག་རྫོགས་སངས་རྒྱས་ཀྱི་མདུང་མཆོག་མཉམ་པ་རྗེས་བརྩེ་བ།། མགྲོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད།། དེ་ལྟར་ཡང ་དག་པའི་ཡོན་ཏན་གྱིས་བསྟོད་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་བཞེངས་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་རྒྱལ་པོ་རྣམས་ཀྱི་བསྟོད་དེ། དེ་ལ་བསྟོད་པ་ནི་འདི་ཡིན་ཏེ། ་མཱི་བསྐྱོད་པ་ནི་རྡོ་རྗེ་ཆེ།། རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ།། རྡོ་རྗེ་མཆོག་གསུམ་དཀྱིལ་འཁོར་གསུམ།། གསང་བའི་དབྱངས་ལ་ཕྱག་འཚལ་བསྟོད།། རྣམ་པར་སྣང་མཛད་དྲུག་པ་ཆེ།། རྡོ་རྗེ་ཞི་བ་དགའ་བ་ཆེ།། རང་བཞིན ་གྱིས་ནི་འོད་གསལ་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མོ་མེད།། རང་བཞིན་དག་པ་གོས་པ་མེད།། གསང་བའི་དབྱངས་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་དཔག ་མེད་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པ།། དག་པ ་ངོ་བོ་ཉིད་ལས་བྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད།། དེའི་རྗེས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་གསལ་བར་བྱས་ནས་དཀྱིལ་འཁོར་ལ་རྗེས་སུ་ཆགས་པར་བྱས་ལ་སྦུར་བཞིན་དུ་རླུང་གི་ལུས་ཀྱི ་དཀྱིལ་འཁོར་ལ་བཅུག་ནས་རིམ་པ་འདིས་ཉེ་བར་བསྡུ་བར་བྱའོ།། རང་གི་སྙིང་གར་གནས་པའི་ཧཱུཾ་བརྗོད་ནས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་འཆིང་ཆེན་པོའི་གཟུགས་ཀྱིས་ཡོངསུ་གྱུར་པའི་གཟུགས ་ནས་དེ་ཡིད་ལ་བྱེད་པར་གནས་པར་བྱའོ།། འདིའི་མདོ་ནི་ལྕེའུ་བཅུ་གཉིས་པ་ལས།། ནམ་མཁའི་ཁམས་ཀྱི་དབུས་གནས་པར།། བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ།། ཧཱུཾ་ནི་དེའི་དབུས་གནས་པར།། རང་གི་གཟུ ་བརྙན་རྟག་ཏུ་བརྟག་ཅེས་གསུང་སོ།། དེ་ལྟར་ལས་དང་པོ་པོའི་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་དབང་ཐོབ་པས་ཐ་མལ་པའི་ང་རྒྱལ་གསལ་ལ་ཐུན་བཞིར་ལྷའི་རྣལ་འབྱོར་གོམས་པར་བྱེད་པས་བདག་དང ་གཞན་གྱིས་དོན་ཕུན་སུམ་ཚོགས་པ་ལ་མོས་པས་ཞི་བའི་ལས་ལ་སོགས་པ་ཤིན་ཏུ་ཁྱད་པར་ཅན་ཡང་བྱའོ།། སྒྲུབ་ཐབས་ལས་གསུངས་པའི་རིམ་པས་ཁ་ཟས་སྦྱོང་བ་དང་། སྙིང་གི་སྦྱང་བ་དང་། ལྐོག་མ ་སྦྱང་བ་དང་། ཁ་ཟས་ཀྱི་བྱ་བ་བྱས་ནས་བདེ་བར་འཇུག་པར་འགྱུརརོ།། ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་སྦྱིན་སྲེག་ཡི་གེ་གསུམ་མམ།། ཕྲེང་བའི་སྔགས་སམ། སྔགས་དང་སྨན་གྱི་སྦྱོར་བས་ཀྱང་རྡོ་རྗེ་དང་པདྨ ་མཉམ་པར་སྦྱར་བ་བྱས་ནས་ལས་ཐམས་ཅད་བསྒྲུབ་པར་བྱའོ།། ཞེས་བྱ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་འཛིན་གསུམ་པའོ།། དཔལ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོའི་རྒྱུད ་ཀྱི་སྲིད་པ་སྐྱེ་བའི་རིམ་པས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་ཀླགསྣ་པས་མཛོད་པ་རྫོགས་སྷོ།། ། གཞུང་འདིའི་ཚད་ནི་རྐང་པ་དང ་བཅས་པའི་བརྒྱ་ཕྲག་གཉིས་པའོ།། ། ད་ལླི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་གཱ་ཏཱ་རཱཀྵཾ་ཏཱའི་ཞལ་སྥུ་ན་ས་དང་།། ལོ་ཙཱ་བ་གློག་ཀྵ ་གཞོན་ནུ་འབྲུར་གྱིས་བསྒྱུར།། ། སྐད་ཀྱིས་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏེ་དང་། ཁམས་པ་དགེ་སློང ་ལྀ་ཙཱ་བི་བ་རཱིས་བཅོས་ཤིང་བཤད་དེ་ཞུས་ནས་གཏན་ལ་ཕབ་པ།། ། བཀྲ་ཤིས ་