CLOSE WINDOW

GT680: rim pa khongs su bsdu ba'i man ngag ces bya ba'i rab tu byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀྲཱ་མ་ཨནྟ་ར་བྷཱ་བ་ཨུ་པ་དེ་ཤེ་ནཱ་མ་པྲ་ཀཱ་ར་ཎ། བོད་སྐད་དུ། རིམ་པ་ཁོངསུ་བསྡུ་བའི་མན་དྭག་ཅེས་བྱ་བའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། མཐའ་རྣམས ་ཐམས་ཅད་འཇོག་མཛད་པ།། རྡོ་རྗེ་ཆེ་ལ་ཕྱག་བྱིས་ནས།། རིམ་པ་དྲུག་པའི་ཕན་ཚུན་ན།། དེ་ཚིག་རྣམས་དང་སྦྱོར་བ་བརྗོད།། མི་ཕམ་འཕགས་པས་སྦྱིན་སོགས་ལ།། དབྱེ་བ་སུམ་ཅུ་དྲུག་བདག་ཉིད།། ཇི་སྐད་གསུངས་པ ་དེ་བཞིན་འདིར།། རིམ་རྣམས་དབྱེ་གསལ་འདིར་བརྗོད་བྱ།། དེ་ལ་དང་པོར་སྐྱེད་པའི་རིམ་པར་ཕྲ་མོའི་རྣལ་འབྱོར་གྱི་དུས་སུ་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྡོ་རྗེའི་བཟླས་པའོ།། རང་བཞིན་སྣང་བ ་ཞེས་བྱ་བ་འདིས་ནི་བསྐྱེད་པའི་རིམ་པའི་སེམས་ལ་ངེས་པར་རྟོག་པའོ།། དེ་ཁོ་ན་ཉིད་དྲུག་གི་ནང་དུ་ནི་བསྐྱེད་པའི་རིམ་པའི་བདག་བྱིན་གྱིས་བརླབ་པའོ།། དོན་དམྦྷ་བདེན་པ་ཞེས་ཀྱང་བྱ་བ་ལ་སོགས ་པས་ནི་བསྐྱེད་པའི་རིམ་པའི་མངོན་པར་བྱང་ཆུབོ་པའོ།། ཡོངསུ་དག་པའི་ལྷའི་དེ་ཁོ་ན་ཉིད་འཆད་པ་ལས་ནི་བསྐྱེད་པའི་རིམ་པའི་ཟུང་འཇུག་གོ།། གཞན་ཡོད་རྡོ་རྗེ་འཛིན་པའི་མི།། འགའ་ཞིག་སྦྱོར་བ་གསུམ་ལྗོན་པས།། སྤྱན་འདྲེན ་གཤེགསུ་གསོལ་བ་དང་།། དེ་བཞིན་བོ་ཞུགས་སུ་གསོལ་བར་འགྱུར་ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པ་ལས་བསྐྱེད་པའི་རིམ་པོ་གསུངས་པའོ།། རང་ཉིད་ནི་རྡོ་རྗེའི་བཟླས་པའོ།། རྣམ་ཤེས་ལོས་ནི་འབྱུང་བའི་སྔགས།། འབུམ ་ཕྲག་དྲུག་ལྡན་བཟླས་ནས་ནི།། རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ།། ཟླ་བ་ཉ་བ་དེ་འགྲུབ་འགྱུར་ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པའི་སེམས་ལ་ངེས་པར་རྟོག་པའོ།། རྡོ་རྗེ་བཟླས་པ་འདི་ཡིས་ནི།། ཆོ་ག་ཇི་བཞིན་བསྙེན་བྱས་ནས།། ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། ལས་རྣམས་ཐམས་ཅོད་བསྒྲུབ་པར་བྱ་ཞེས་བྱ་བ་འདིས་ནི་རྡོ་རྗེ་བཟླས་པའི་བདག་ལ་བྱིན་གྱིས་བརླབ་པའོ།། ཡི་གེ་ཨས་བསྟན་ཡེ་ཤེས་ནི།། སངས་རྒྱས་ཀྱི་ནི་ཐུགས་སུ་གྱུར་ཅིས་བྱ་བ་འདིས ་ནི་རྡོ་རྗེ་བཟླས་པའི་མངོན་པར་བྱང་ཆུབ་པའོ།། མ་ནིང་གི་བཟླས་པ་འབྲས་བུར་གྱུར་པ་ལས་ནི་རྡོ་རྗེ་བཟླས་པའི་ཟུང་འཇུག་གོ། ཤེས་རབ་རང་བཞིན་འདི་ཉིད་ནི།། ཟླ་བའི་དཀྱིལ་འཁོར་དུ་བརྟག་སྟེ།། རང་གི་སེམས་ནི་མཐོང ་འགྱུར་ཏེ།། རང་གི་ཟླ་བའི་གཟུགས་བཞིན།། དེ་ནུས་ཟླ་བ་ལ་དམིགས་ནས།། རྡོ་རྗེའི་མཚན་མ་རབ་བརྟག་བྱ།། འདུན་རྡོ་རྗེ་ལ་སོགས་པ།། བྱུང་བའི་རྣལ་འབྱོར་པ་རྣམས་ཀྱིས།། ཐབས་ནི་སྟོན་པར་བྱེད་པའོ།། ཟླ་བ་རྡོ་རྗེ་སོགས། ་སྦྱོར་བས།། སེམས་དང་སེམས་བྱུང་འདུས་པ་སྟེ། ཐིབས་དང་ཤེས་རབ་མཉམ་སྟོར་ལས།། ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ལ།། སྔགས་པ་བསྐྱེད་རིམས་རྣལ་འབྱོར་དང་།། ལྡན་པའི་ལྷ་མི་ང་རྒྱལ་ནི།། འཆང་ཞིང་རྟག ་ཏུ་རྒྱུ་བར་བྱ་ཞེས་བྱ་བ་འདིས་ནི་སེམས་ལ་དམིགས་པའི་བསྐྱེད་པའི་རིམ་པའོ།། རླུང་ནི་ཕྲ་བའི་ངོ་བོ་དང་།། རྣམ་ཤེས་ཡང་དག་འདྲེས་གྱུར་པ།། དབང་པོའི་ལམ་ནོས་བྱུང་ནས་ནོ།། ཡུལ་རྣམས་ལ་ནི་དམིགས་པར ་འགྱུར།། གང་དང་གང་དུ་རླུང་གནས་པས།། རང་བཞིན་དེ་དོང་དེ་འབྱུང་བྱེད།། རླུང་ནི་རྒྱུ་བ་དེ་སྲིད་དུ།། སྣང་བ་གཡེ་མིན་མི་འགྱུར།། ཞེས་བྱ་བ་འདིས་ནི་སེམས་ལ་ངེས་པར་རྟོག་པའི་རྡོ་རྗེའི་བཟླས་པའོ།། རང་གི་ངོ་བ ་ལྔས་ནི་སེམས་ལ་ངེས་པར་རྟོག་པའོ།། ཆུ་ཟླ་དང་ནི་སྨིག་རྒྱུ་སོགས།། སྒྱུ་མའི་ཡོན་ཏན་གྱིས་བརྒྱན་ཏེ་ཞེས་བྱ་བས་ནི་རྗེསུ་སྙེགས་པར་ལྷག་པར་མོས་པའི་སྒྱུ་མའི་ལུས་འདིས་ནི་སེམས་ལ་ངེས་པར་རྟོག་པའི་བདག་ལ ་བྱིན་གྱིས་བརླབ་པའོ།། དཔལ་གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུ་ལས། དངོས་པོ་མེད་སོགས་ཚོགས་ཅད་ཀྱིས།། མངོན་པར་བྱང་ཆུབ་མཚན་ཉིད་གསུངས་ཞེས་པ་ལ་སོགས་པས་ནི་སེམས་ལ་ངེས་པར ་རྟོག་པའི་མངོན་པར་བྱང་ཆུབ་པའོ།། ཆགས་མིན་ཆགས་དང་བྲལ་བ་མིན།། དབུ་མར་ཡང་ནི་མི་དམིགསསོ།། ཞེས་བྱ་བ་འདིས་ནི་སེམས་ལྔ་ངེས་པར་རྟོག་པའི་ཟུང་འཇུག། སྔགས་དང་ཕྱགས་རྒྱའི ་སྦྱོར་བ་དང་།། དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང་།། སྦྱིན་སྲེག་གཏོར་མཱའི་བྱ་བ་ཀུན།། རྟག་ཏུ་སྒྱུ་མ་བཞིན་དུ་བྱ་ཞེས་བྱ་བ་འདྲིས་ནི་བདག་ལ་བྱིན་གྱིས་བརླབ་པའི་བསྐྱེད་པའི་རིམ་པའོ།། རླུང་གི་སྦྱོར་བ་མེད་པར་ནི།། སམ ་ཀྱཻ་རང་བཞིན་དམིགསུ་མེད་ཅེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་རྡོ་རྗེ་བཟླས་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་སེམས་ལ་ངེས་པར་རྟོག་པ་དང་། དངོས་སུ་བདག་ལ་བྱིན་གྱིས་བརླབ་པ་རྣམས་གསུང ་བར་འགྱུརརོ།། འགྲོ་ཀུན་རང་བཞིན་དབང་མེད་དེ།། རང་དབོང་དུ་ནི་འབྱུང་ཉིད་མིན།། དེ་ཡཾ་རྒྱུ་ནི་འོད་གསལ་ཏེ།། འོད་གསལ་ཐམས་ཅད་སྟོང་པ་ནི་ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་མངོན་པར་བྱང་ཆུབ་པའོ།། ་དེ་ཉིདྲོ་དྲི་ཟའི་སེམས་ཅན་འགྱུར།། རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན་ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་ཟུང་འཇུག་གོ། ཕྱག་རྒྱ་ཆེན་པོ་རྣམ་དག་ནི།། སངས་རྒྱས་ལྷོ་རིགས་རག་ལས་པའོ།། འོད་ཟེར་ལྡན་འབྱུང ་བ་འདི།། ནམ་མཁའ་ལ་ནི་འཇའའི་ཚེན་བཞིན།། ཕྱག་རྒྱ་འཆང་བར་བྱེད་པ་དང་།། གལ་ཏེ་གསང་སྔགས་ཟློག་པ་འམ།། གཞན་རྣམས་ཐམས་ཅད་བྱེད་ཀྱང་རུང་།། ཀུན་སྟོང་བཞི་ལ་གནས་པས་སོ།། ཞེས་བྱ་བ་འདིས་ནི་མངོན ་པར་བྱང་ཆུབ་པའི་རིམ་པའོ།། དེ་ནི་ཚིག་དང་ལྡན་ཡང་དག་བསྡམས་ཡིན་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་བཟླས་པའོ།། འདི་ནི་རང་གི་རང་བཞིན་རྣམས་དང་ལྡན་ཅིག་མ་ཡིན་ལྡན་ཞེས་བྱ་བ་འདིས་ན ་མངོན་པར་བྱང་ཆུབ་པའི་སེམས་ལ་ངེས་པར་རྟོག་པའོ།། ཇི་ལྟར་ཆུ་ཀླུང་དང་བ་ལས།། ཉ་དག་མྱུར་དུ་འཕར་བ་ལྟར།། དེ་བཞིན་ཐམས་ཅད་སྟོང་གསལ་ལས།། སྒྱུ་འཕྲུལ་དྲ་བ་འབྱུང་བ.རེ་བཤད་ཅེས་བྱ་བ་འདིས་ནི་མངོན་པར ་བྱང་ཆུབ་པའི་བདེག་ལ་བྱིན་གྱིས་བརླབ་པའོ།། དངོསུ་ནི་མངོན་པར་བྱང་ཆུབ་པའོ།། སློབ་དཔོན་དག་ལས་བཀའ་དྲིན་ཐོབ་ཙང་བློ་གྲོས་དྲི་མེད་བརྟན་ལྡན་དངོས་པོ་ཀུ་ནི།། རང་བཞིན་དེ་ཉིད་རྣལ་འབྱོར་པ་ཡིས་དག་གཞི་ཤིན་ཏུ་ཕྲ། ་བ་ཆོ་ག་སྦྱིན་རང་བཞིན་སངས་རྒྱས་ཀྱི།། མྱ་ངན་འདས་ཁམས་གཉིས་མེད་རྟོགས་པ་རྟག་ཏུ་བདེ་བའི་རང་བཞིན་བསྒོམ་པར་བྱ།། འདི་ནི་བསོད་ནམས་བསོད་ནམས་མིན་ལས་རྣམ་གྲོལ་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར་ཞེས ་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་ཟུང་འཇུག་གོ།། གཅིག་པོ་བསྐྱེད་པའི་རིམ་པ་འདི་དང་ཞེས་བྱ་བ་དང་།། དེ་བཞིན་དུ་འདི་ནི་མ་དག་པར་འགྱུར་རོ།། ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་བསྐྱེད་པའི་རིམ་པའོ།། རྫོགས་པའི ་རིམ་པ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་རྡོ་རྗེ་བཟླས་པའོ།། ཚོགས་དང་ཆགས་མེད་ལས་གྲོལ་ཞིང་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི། སེམས་ལ་ངེས་པར་རྟོག་པའོ།། བདག་བྱིན་བརླབ་དང་འོད་གསལ་གཉིས།། ་དེ་ཉིད་ཤེས་པའི་རིམ་ཤེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་བདག་ལ་བྱིན་གྱིས་བརླབས་པ་དང་འོད་གསལ་བའོ།། དངོས་ནི་ཟུང་དུ་འཇུག་པའོ།། ཡན་ལ་པཱུ་སྦྱོར་བ་འདི་བྱས་ནས།། བསོད་ནམས་གང ་བསགས་དེ་ཡིས་ནི།། རྡོ་རྗེ་འཛིན་དང་ལྷན་ཅིག་ཏུ།། འགྲོ་བ་མྱུར་དུ་སྦྱོར་བར་ཤོག། རིམོ་པ་ཁོང་དུ་བསྡུ་བའི་མན་ངག་གི་རིམ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པོའི་དངོས་གྲུབ་བརྙེས་ནས ་རུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྡུ་ནས་མཛད་པ་རྫོགས་སྷོ།། ་ཆོས་ཀྱི་གཞི་དཀོན་མཆོག་གསུམ་གྱི་རྟེན་དཔལ་ཚངས་པ་འབྱུང་བའི་གཙུག་ལག་ཁང་དུ། རྒྱ་གར་གྷཾ་མཁན་པོ་ཨ་ལད་ཀ་ལ་ཤའི་ཞལ་སྔ་ནས་དང་། བོད་ཀྱི་སྒྲ་སྦྱར་རྒྱལ་ཙཱ་བ་བནྡེ་ཉི་མ་གྲགས་ཀྱིས་བསྐུརོ། ་