CLOSE WINDOW

GT677: 'dus pa'i sgrub pa'i thabs rnam par bzhag pa'i rim pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ས་མ་ཛ་ས་བྷ་ནཾ་བྱཱ་བསྔོ་ལེ་ནཱ་མཱ། བོད་སྐད་དུ། འདུས་པའི་སྒྲུབ་པའི་ཐབས་རྣམ་པར་བཞག་པའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ་རྡོ་རྗེ་གསུམ་པོ་མི་ཕྱེད་སྐུ།། རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ།། འདུས་པའི་སྒྲུབ་ཐབས་ཡན་ལག་གི། རྣམ་གཞག་རིམ་པ་བཤད་པར་བྱ།། དེ་ལ་དང་པོར་རེ་ཞིག་དངོས་པོ་མེད་ལ་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅུད་པ ་བརྗོད་ནས་སྣོད་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཞུག་པར་བྱའོ།། དེ་ནས་ན་མཁའི་དབྱིངས་ཀྱི་དབུས་གནས་པར། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགོས་པས་དཀྱིལ་འཁོར་བཞིའི་རིམ ་གྱིས་སའི་ཚེ་བསྒྲུབས་ཏེ།། དེའི་སྟེང་དུ་བྷྲཱུཾ་ལུས་གཞལ་ཡཱས་ཁང་བསྐྱེད་ལ། དེར་མི་བསྐྱོད་པ་ལ་སོགས་པའི་ལྷའི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ།། དེའི་འོག་ཏུ་རྣལ་འབྱོར་དང་། རྗེསུ་རྣལ་འབྱོར ་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རློམ་པས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་སྐྱེད་དེ། དབང་པོ་གཉིས་མྱུཉམ་པར་སྦྱར་བ་ལས་དཀྱིལ་འཁོར་གྱི་རྣམས་ཕྱུང་སྟེ། བསྒོམ་པ་དང་བཟླས་པ་བྱས་ནས ་གཤེགསུ་གསོལ་པོ་འདི་བསྒོམ་པ་བསྡུས་ཏེ་བསྟན་པའོ།། རྣམ་པར་བཞག་པ་དང་པོ་ཉེ་བར་བསྟན་པ་བརྗོད་པར་བྱ་སྟེ། གང་གི་ཚེ་འདིར་འཇིག་རྟེན་དུ་འཇིག་པ་ཐོབ་པར་གྱུར་ཅིང་། ཁམས་གསུམ་པའི་སེམས་ཅན་གཅིག ་ཀྱང་མ་ལུས་པར་གྱུར་ནས་སྣོད་ཀྱི་འཇིག་རྟེན་འབའ་ཞིག་ལུས་པ་དེའི་ཚེ་རིམ་གྱིས་རིམ་གྱིས་ཉི་མ་བདུན་གྱི་འོད་ཟེར་རྣམས་རབ་ཏུ་བཀླགས་པས་ཁམས་གསུམ་པ་བསྲེགས་ཏེ། ནམ་མཁའི་རང་བཞིན་དུ ་བྱེད་དོ།། དོན་འདི་ལྟར་བསྐྱེད་པའི་རིམ་པ་སྒོམ་པ་པོས། དངོས་པོ་མེད་ལ་ཞེས་བྱ་བ་ལ་སོགས་པའི་ཚོགས་དུ་བཅད་པ་བརྗོད་ཅིང་བསམ་པར་བྱའོ།། དེ་ནས་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་གྱི་སྟོབས་ལས་ཁད་ཀྱི་ཁང ་ས་རླུང་རྣམས་གཡོས་ཏེ། རླུང་དེ་རྣམས་འཕེལ་བར་གྱུར་པ་ནི།། རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་དྲུག་གོ། རྒྱར་གྲངས་མེད་པའི་རླུང་གི་དཀྱིལྀ་འཁོར་དེ་ན་མཁའི་སྟེང་དུ་ཆགས་པར་གྱུར་ནས་རླུང་གི་དཀྱིལ་འཁོར་དེ་ལས ་བྱུང་བ་ཤིང་རྟའི་ཕང་ལོ་ཙམ་གྱི་ཆར་གྱི་རྒྱུན་བབ་པར་གྱུར་ཏེ། དེ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་ཏོ།། དེའི་ཚད་ནི་རྔམ་སུ་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའོ།། དེ་ཡང་སླར་ཆུ་ལ་རླུང་གི་བསྲུབས་པས་གསེར་གྱི་རང་བཞིན ་གྱི་ས་གཞི་ཆུའི་སྟེང་དུ་ཆགས་ཏེ། དེའི་ཚད་ནི་འབུམ་ཕྱག་གསུམ་དང་སྟོང་ཕྲག་ཉི་ཤུའོ།། མེའི་དཀྱིལ་འཁོར་ཡང་དེ་དག་གི་ནིང་ཉིད་དུ་གནས་སོ།། དེ་ལྟར་ཡང་དག་པར་སྒྲུབ་ཅིང་སྐྱེད་པའི་རྣལ་འབྱོར་པ་ན་མཁའ་དབྱིངས་ཀྱི་དབུས་གན ་པོར་རླུང་གི་དཀྱིལ་འཁོར་སྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞིའི་རིམ་པས་སའི་ཆ་བསྐྱེད་པར་བྱའོ།། དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཡང་དག་པར་བྱུང་བའི་རླུང་རྣམས་ཀྱིས་ཡང་དག་པར ་སྲུབས་པས་གསེར་ལ་སྩོགས་པའི་ཚོགས་ཀྱིས་བྱས་པའི་རི་རབ་ལ་སོགས་པའི་རཱི་དང་། ལྷའི་གཞལ་མེད་ཁང་དང་། གླིང་ལྕགས་དྲིས་བསྐོར་བུ་ཚུན་ཆུད་དུ་ཤྲཱིང་དང་ལྗོན་པ་དང་ལྐུགས་མཱ་ལ་སོགས་པ་འབྱུང་བར་འགྱུ་།། ་སྲིད་པའི་རིམ་པ་དེ་ལྟར་སྒོམ་པར་བྱེད་པ་རྣམས་ཀྱིས་དེར་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོང་པ་ཉིད་དམིགས་པ་མངོན་དུ་སྣོད་བས་དཀྱིལ་འཁོར་བཞིའི་རིམ་པས་སོའི་ཚེ་སྐྱེད་དེའི་སྟེང་དུ་གཞལ་ཡས་ཁང་བ ་པཱར་བྱའོ་ཞེས་བྱ་སྟན་པར་འགྱུརརོ།། དེ་ནས་རྣམ་པར་ཤེས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་སྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་ཀྱི་འོག་ཏུ་སེམས་ཅན་གྱི་ཁམོས་ངེས་པར་སྤྲུལ་པར་མཛད་དེ། གནས ་ནི་བསྒོམ་པ་མངོན་འགྲོ་བས།། རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ།། ཞེས་གསུངས་པའི་ཕྱིར་རོ།། དེར་སྐྱེ་གནས་བཞི་པོ་འདི་ལྟ་སྟེ། སྒྲ་ང་ལས་སྐྱེས་པོ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལུས་སྐྱེས་པ་དང ་བརྫུས་ཏེ་སྐྱེས་པའོ།། སྐྱེ་གནས་ནི་སྐྱེ་བའོ།། སྒོ་ང་ལས་སྐྱེས་པོ་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བར་འགྱུར་བའོ།། དེ་དག་ཀྱང་གོང་ཞེ་ན། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། ཤ་རི་ཀ་ལ ་སོགས་པའོ།། མངལ་ནས་སྐྱེ་བ་གོང་ཞེ་ན། སེམས་ཅན་གང་དག་མངལ་ནས་སྐྱེ་བ་སྟེ། དེ་དག་ཀྱང་གང་ཞེ་ན། གླང་པོ་དང་། རྟ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕེག་དང་། མེ་ལ་སོགས་པའོ།། དྲོད་ཤར་ལས ་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་ལས་སྐྱེས་པ་སྟེ། དེ་དག་གང་གང་ཞེ་ན། སྲིན་བུ་དང་། ཕྱེ་མ་ལེ་བ་དང་། མཆུ་སྦྲང་ལ་སོགས་པའོ།། བརྫུས་ཏེ་སྐྱེས་པ་གང་ཞེ་ན། སེམས་ཅན ་གང་དག་དབང་པོ་མ་ཚང་བ་མེད་ཅིང་མ་རྫོགས་པ་མེད་པ་ཡན་ལག་དང་ཉིང་ལུག་ཐམས་ཅད་དང་ལྡན་པར་ཅིག་ཅར་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མོ་དང་། བསྐལ་པ་དང་པོ་པའི ་མི་ལ་སོགས་པའོ།། འདིར་གསོལ་པ། གླིང་གསུམ་པའི་མི་རྣམས་ཀྱང་སོ་སོར་གནས་པ་ལགས་སམ། ཅིའི་སླད་སྐྱེ་བ་ཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས ་དེར་འཇུག་པར་མི་མཛད་པར་འདིར་ངེས་པ་ཁོ་ནར་འཛམ་བུའི་གླིང་དུ་འཇུག་ཅིང་མི་རྣམས་ལ་ཆོས་སྟོན་པའི་རྒྱུ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ།། རྡོ་རྗེ་སློབ་དཔོན་གྱིས་སྤྲས་པ། ཤར་གྱི་ལུས ་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་མོད་ཀྱི་བླུན་ཞིང་རྨོངས་པས་མི་དཔྱོད་ཅིང་མི་འབྱེད་དོ།། འཛམ་བུའི་གླིང་བ་འདི་ནི་ལུས་ཀྱི་ས་པ་ཡིན་ཏེ། དེ་ན་ལེ ་པར་སྤྱད་པ་དང་། ཉེས་པར་སྤྱད་པས་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམསུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འདིར་སྣང་བར་འགྱུར་རོ།། འདི་ལྟ་སྟེ་འཛམ་བུའི་གླིང་བའི་མི་རྣམས་གཡོ་བ་དང་། སྒྱུ་དང་། དྲེགས་པ་དང་། ་ཕྱག་དོག་དང་། གདུག་པའི་བསམ་པས་རིམས་ནུད་ལ་སོགས་པས་ཡོངསུ་གཟིར་བར་འགྱུར་རོ།། འོན་ཀྱང་མགོ་སྨོས་པས་གོ་བྱ་དང་། དབང་པོ་རྣོ་ཞིང་སྦྱིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི ་སྐྱེ་བོའི་གནས་ཀྱི་དབུས་སུ་སྐུ་འཁྲུང་ཞིང་ཆོས་སྟོན་པར་འགྱུར་རོ།། དེའི་ཕྱིར་གསུངས་པ། མི་རུ་འཁྲུངས་པ་ངེས་ཚུལ་དང་པོ་སྟེ། རབ་ཏུ་བྱུང་བ་ཚུལ་ནི་གཉིས་པའོ།། འདུལ་བ་སྲུང་བ་ཚུལ་ཆེན་གསུམ་པ་སྟེ།། ཏིང་འཛིན ་བརྙེས་པ་ཚུལ་མཆོག་བཞི་པ་ཡིན།། ཞེས་བྱ་བ་ཐུན་མོང་མ་ཡིན་པའོ་གསང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པོས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མི ་བདག་ཉིད་ཀྱི་སྲིད་པར་ཞུགས་ཏེ་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་གོ་འཕང་བརྙེས་པ་དང་ལྡན་པར་འགྱུར།། རྒྱུ་དེས་ན་འདིར་མིའི་སྲིད་པའི་སྐྱེ་བུའི་རིམ་པ་བསྟན་ཏོ།། དེ་ལ་བསྐལ་པ་དང་པོའི་མི་རྣམས་སངས་རྒྱས་ཀྱི་སྟོན ་ཐམས་ཅད་ཀྱི་བརྒྱན་ཅིང་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཡན་ལག་དྲང་ཉིང་ལག་ཐམས་ཅད་ཀྱི་མཚན་པ།། དབུ་བོ་མ་ཚང་བ་མེད་ཅིང་མ་རྫོགས་པ་མེད་པ། ཁ་དོག་གསལ་བའི་ལུས་ཅན། རང་གི་མཐུས་ན་མཁར ་འགྲོ་བ། ཚེ་རིང་ཞིང་དགའ་བ་ལ་སྤྱོད་པ། ཡེ་ཤེས་ཀྱི་ལུས་ཅན་ཡིན་ཡང་དེ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་ཤིང་མ་ཤེས་པས་ན་ཐོག་མ་མེད་པའི་དུས་ནས་མི་ཤེས་པའི་བག་ཆགས་ཀྱི་རྒྱུན་གྱི་སྟོབས ་ལས་རིམ་གྱི་རང་གི་སེམས་ལས་བྱུང་བའི་ལས་དྲང་ཉོན་མོངས་པ་རྣམས་ཀྱི་མངོན་པར་ཟིལ་གྱིས་མནན་པར་འགྱུརརོ།། དེ་ནས་དེ་དག་གི་ཡིད་ཀྱི་རང་བཞིན་བྷྲཱུཾ་ལུས་སྤངས་ཏེ་ཉོན་མོངས་པའི་རྒྱུན་གྱི་རིམ་གྱི་བ ་མལ་པའི་མིའི་བདག་ཉིད་ཀྱི་དངོས་པོར་ཡོངསུ་འཛིན་ཏོ།། དེ་ལྟ་བུའི་ཐུགས་རྡོ་རྗེ་དགེ་བའི་བཤེས་གཉེན་དང་བྲལ་བས་རང་གི་རང་བཞིན་ཡོངསུ་མ་ཤེས་པས་སེམས་ཅན་གྱི་རིས་ནས་འཕོ་ཞིང་ཇི་སྲིད་དུ་སྐྱེ་བའི་ཚོགས་པ་མ ་རྙེད་པ་དེ་སྲིད་དུ་ཉིན་ཞག་བདུན་དུ་སྲིད་པ་བར་མ་ངོན་གནསོ་ཞེས་ངེས་པར་བཤད་དོ།། སྲིད་པ་བར་མའི་རང་བཞིན་ཇི་ལྟ་བུ་ལགས། སྨྲས་པ། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པའི་བར་ན་བདག་གི་ངོ་བོ་མངོན་པར་གྲུབ་ཅིང ་ཡུལ་གཞན་དུ་སྐྱེ་བ་གྲུབ་པ་དེ་ལ་སྲིད་པ་བར་མ་ཞེས་བྱའོ།། དེ་ཡང་དབང་པོ་རྣོ་བར་འགྱུར་ཏེ། ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་མཚན་ཐམས་ཅད་དང་དཔེ་བྱད་དང་ལང་ཚོ་ཡོངསུ་རྫོགས་པ་དེ ་བཞིན་དུ་སྲིད་པོ་བར་མ་ན་གནས་པ་ཡང་མའི་རུམ་དུ་རབ་ཏུ་འཇུག་པའོ།། བྱེ་བ་བརྒྱ་ཡང་འདིའི་འོད་ཀྱི་སྣང་པས་གསལ་བར་བྱེད་དོ།། ཇི་སྐད་དུ་བཟང་སྐྱོང་གིས་ཞུས་པའི་མདོ་ལས་གསུངས་ཏེ། དེ་ཡང་འབྱུང་བ་ཆེན་པོ་རྣམས ་རབ་ཏུ་སྤངས་ཏེ་ལྷའི་དྲན་པ་རབ་ཏུ་ཐོབ་ཅིང་འདོད་པ་དྲུག་ལ་སྤྱོད་པའི་ལྷ་མཐོང་བ་དང་དམྱལ་བ་བཅུ་དྲུག་མཐོང་།། དེ་ཡང་རྐང་པ་དང་ལག་པ་མ་ཚང་བ་མེད་ཅིང་རང་གི་ངོ་བོར་སྣང་བར་འགྱུརརོ།། འདི་ལྟར་ཡང་བདག་གི་ལུས་དེ་དང ་དེ་ནི་འདི་ཡིན་ནོ།། ཞེས་རབ་ཏུ་ཤེས་སོ།། དེ་ཡ་ད་ཇི་སྐད་དུ་མཛོད་ཀྱི་ལེའུར་བྱས་པ་ལས།། སྔོན་དུས་སྲིད་པའི་ཤ་ཚུགས་ཅན།། དབང་པོ་ཀུན་ཚྭང་ཐོགས་མེད་ལྡན།། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན།། རཱིས་མཐུན་ལྷ ་མིག་དག་པས་མཐོང་།། ཞེས་གསུངས་པའོ།། འདིས་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་གྱིས་རིམ་པས་ལྷའི་སྐུ་བསྐྱེད་པ་བསྟན་ཏེ། ཇི་ལྟར་སྐྱེ་བ་གཅིག་གིས་ཐོགས་པའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལོངས་སྤྱོད་རྫོགས་པའི་སྐུས་མི་རྣམས་ཀྱི་དོན་མཛད་པར་མི་སྐྱོད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྗེས་སུ་ཞུགས་པས་སྤྲུལ་པའི་སྐུ་འཛིན་པའི་དོན་དུ་མངལ་དུ་འཇུག་པ་ཉེ ་བར་བསྟན་པ་དེ་བཞིན་དུ་སྲིད་པ་བར་མ་ན་གནས་པ་ཡང་ཉིན་ཞག་བདུན་པ་དོར་ཏེ། ཐོག་མ་མེད་པའི་རང་གི་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་ལས་ཀྱིས་ཡང་དག་པར་བསྐུལ་ཏེ། རིམ་པ་འདིས་སྐྱེ་བ་ལེན་ཏོ།། ་དེ་ལ་རིམ་པ་ནི་འདི་ཡིན་ཏེ། དང་པོའི་བསྐལ་པའི་མི་རྣམས་བདུད་རྩི་ཟ་བ་ནས་ཇི་སྲིད་དུ་འབྲས་ཆན་ཟ་བ་ཡན་ཆད་ཀྱི་ལུས་སྲ་བ་དང་ལྕི་བ་ཉིད་ཀྱིས་ནོན་ཏེ། འོད་མི་སྣང་བར་འགྱུར་རོ།། དེའི་འོག་ཏུ་མུན་པ་སྐྱེས་པས་ཉི་མ་དང་ཟླ ་བ་དག་འཇིག་རྟེན་དུ་རབ་ཏུ་བྱུང་བའོ།། དེ་ནས་ཐབས་དང་ཤེས་རབ་ཀྱི་རྣམ་པར་དབྱེ་བ་བསྟན་པའི་ཆེད་དུ་དེ་དག་གི་ཕོ་དང་མོའི་དབང་པོ་རབ་ཏུ་དོད་ཅིང་དབྱིབས་ཐ་དད་ཅིང་།། དེ་དག་སྔོན་གོམས་པའི་དབང་གིས་གཅིག་ལ་གཅིག་ལྟ ་ཞིང་ཕན་ཚུན་དུ་ཆགས་པའི་སེམས་སྐྱེའོ།། གང་གི་ཕྱིར་ལོག་པར་ཞུགས་པ་དེ་ནས་བརྩམས་ཏེ། ཕོ་དང་མོ་ཞེས་བྱ་བའི་མིང་དུ་འཇིག་རྟེན་དུ་གྲགས་སོ།། དེ་ནས་དྲི་ཟ་ཉེ་བར་འཁོར་བའི་སེམས་ཅན ་གནས་སྐབས་གསུམ་ཉེ་བར་གྱུར་བྱས་མའི་རུམ་དུ་མངལ་དུ་འཇུག་པར་འགྱུར་ཏེ། མོ་ནད་མེད་པ་དང་། ཁྲག་དང་ལྡན་པ་དང་། མ་དང་ཕྲེཾ་དྷྭེ་སུ་ཆགས་པར་འགྱུར་བའོ།། དེ་ནས་དེ་དག་ཕན་ཚུན་རྗེས་སུ་ཆགས་པས་རྡོ་རྗེ་བྱིན ་གྱིས་བརླབས་ནས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་བྱ་བས་དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ། ་རྗེ་རླུང་གི་བཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་འོང་ཞིང་སྐད་ཅིག་ཐང་ཅིག་གམ་ཡུད་ཙམ་གྱི་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་ནས་ཐབས་ཀྱི་ཡ ་ཤེས་དང་ལྷན་ཅིག་གཉིསུ་མེད་པར་གྱུར་ནས་ཤིན་ཏུ་དགའ་བར་ཆུད་པའི་སྙིང་པོ་ཡིན་ཏེ། རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་མནན་པའི་ཏིང་འཛིན་གསུངས་པའི་རིགས་པ་དང་། ཤེས་རབ་ཀྱི་མདོས ་གཉིས་ཀ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ཏེ། ཨཱ་ལི་དང་ཀཱ་འི་རྣམས་ཅིག་ཏུ་གྱུར་ནས་ཁམས་ཕྲ་བ་ལ་ཞུགས་པས་ཤེས་རབ་ཡེ་ཤེས་ཀྱི་འོད་བྱེ། ་ཤར་བས་གཉིས་ཡང་ཞུ་བར་གྱུར་ཏེ། ཁུ་བ་དང་ཁྲག་ཡང་དག་པར་འདྲེས་ནས་སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་བབ་སོ་ཞེས་གསུང་སོ།། འདིའི་དོན་གསལ་བར་གསུངས་པ། རྩ་བའི་རྒྱུད་ལུས། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་། གསུང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཞུག་སོ།། ཞེས་གསུང་སོ།། དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོར་མིར་མེར་པོའི་རྣམ་པའོ།། མེ་རརུ་མེ་ར་པོ་ལས་ལྟར་ལྟར་པོར་འགྱུར།། ལྟར་ལྟར་པོ ་ལས་གོར་གོར་པོའི།། གོར་གོར་པོ་ལས་མཁྲང་གྱུར། མཁྲང་གྱུར་ལས་ཡང་རླུང་གིས་བསྐུལ་ཏེ། དེས་རླུང་ལག་འགྱུ་སྟེ་གནས་སྐབས་ལྔ་གསལ་བར་འགྱུརརོ།། དེའི་འོག་ཏུ་སྒྱུ་དང་། ཁ་སྤུ་དང་། སེན་མོ་ལ་སོགས་པ་དང་། ་དབང་པོ་རྣམས་དང་། གཟུགས་དང་མཚན་མ་རྣམས་རིམ་གྱིས་སྐྱེའོ།། དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལ་ས་བོན་གྱི་གནས་སྐབས་ནས་བརྩམས་ཏེ་གནས་སྐབསྡེ་ལྔ་ངེས་པར་སྐྱེའོ།། དེ་ལ་རླུ ་མེར་པོ་ནི་མི་བསྐྱོད་པའོ།། ལྟར་ལྡེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། གོར་གོར་པོ་ནི་འད་དཔགུ་མེད་ཀྱིའོ།། འཁྲུང་གྷུརྱ་ནཱི་དོན་ཡོད་གྲུབ་པའིའོ།། རྒྱུད་ལག་འགྱུ་ནི་རྣམ་པར་སྣང་མཛོད་ཀྱིས་བྱིན་གྱིས་བརླབས་པའོ།། ཁྲག་གི་ཡང ་གནས་སྐབས་ལྔར་བསྟན་པར་བྱ་སྟེ། དེ་ལ་ཞུ་བ་ནི་མི་བསྐྱོད་པའོ།། དམར་པོ་ནི་འོད་དཔག་མེད་ཀྱིའོ།། གོར་གོར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། འཁྲང་གྱུར་ནི་དོན་ཡོད་པར་གྲུབ་པའིའོ།། ཡང་དག་པར་འདྲེས་པ་ནི་རྣམ་པར ་སྱཱད་མཛད་ཀྱིས་བྱིན་གྱིས་བྱུརླབས་པའིའོ།། དེ་སྱཱང་སྐྱེས་གནས་དབུས་ཀྱི་རྩ་གླུཿས་ནི།། གཡས་དང་གཡོན་ན་དེ་བཞིན་ཀླུནས།། གཡོན་ན་ཁྲུ་བ་ཤེས་པར་བྱ།། གཡསྭཱ་བཱ་ན་མཱ~ཾ་བྲག་ཉི་དེ། དེ་དག་བདྷཱན། ་ཏུ་འདྲེས་པ་ཉིད།། ཆོས་ཀྱི་དབྱིངསུ་བསྡུས་པ་ཡིན།། ཞེས་གསུངསོ།། དེ་ལྟར་ན་མེར་མེར་པོ་ལ་སོགས་པས་ས་བོན་དང་མྱུ་བུ་བཞིན་ཡོངསུ་སྨིན་པ་ཐོབ་སྟེ། མངལ་གྱི་སྣོད་ཀྱི་ནང་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི ་རླུང་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་ཡོངསུ་བསྒྱུར་ནས་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་ཤིང་གནས་པར་འགྱུར་རོ།། དེ་ཡང་པོ་ཞིག་ཡིན་ན་མའི་རུམ་གྱི་གཡ་སུ་བརྟེན་ཅིང་རྒྱབ་ཏུ་མངོན་པར་ལྷས་ཏེ། ་ཅིག་ཅིག་པོར་གནསོ།། གལ་ཏེ་མོ་ཞིག་ན་དེའི་ཕྱིར་མངལ་གྱི་གཡོན་དུ་བརྟེན་ཏེ་ལྟེ་བར་མངོན་པར་བལྟས་ཏེ་གནསོ།། དེའི་འོག་ཏུ་ཟླ་བ་བཅུའི་ཐ་མར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིངངེ་འཛིན་ལོ ་ཡང་དག་པར་བསྟན་པའི་རིམ་པས་མའི་མངལ་ནས་འཐོན་པར་གྱུར་ཏེ། དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་ཤིའི་མིག་གི་ཡུལ་དུ་གྱུར་ཏོ།། དེ་ལྟར་རྩ་བའི་རྒྱུད་ལས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་གཟིགས་པར་གྱུར་ཏོ།། ཞེས་གསུང་སོ།། འདིར་གསུངས་པ། ཆུ་ཡི་ཁམས་ནི་ཕ་ཡིན་ཏེ། མིའི་ཁམས་ནི་མ་ཞེས་བྱ། ་པགས་པ་ཤ་དང་ཁྲག་རྣམས་ནི།། མུ་ཞེས་སུ་ནི་བསྟན་པ་ཡིན།། རྒྱུས་པ་རྐང་དང་ཁུ་བ་རྣམས།། ཕ་ཞེས་སུ་ཡང་བསྟན་པ་ཡིན།། དེ་ཙམ་ཞིག་ཏུ་བསྟན་པ་ནི།། ལུས་ཀྱི་བོང་བུ་བསྡུས་པའོ།། གཟུགས་དང་ཚོར་བ་འདུ་ཤེས་དང་།། ་འདུ་བྱེད་རྣམ་པར་ཤེས་པ་ཉིད། ཕུང་པོ་ལ་སོགས་སངས་རྒྱས་ལྔའི།། རང་བཞིན་དངོས་ཤེས་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་ཀྱིས་ལྷ་མོ་བཞིས་ཞུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངསོ།། གཞུང་འདིས་རྣལ ་འབྱོར་བཞི་ལས་བསྒྲུབ་པ་ནི་བདག་ཡིན་ཞེས་སྔགས་པས་ང་རྒྱལ་བསྐྱེད་པར་བྱའོ་ཞེས་བསྟན་ཏོ།། རྣམ་པར་དུ་གོད་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་དྲང་པོའོ།། ། ད་ནི་རྣམ་པར་བཞག་པའི་རིམ ་པོ་གཉིས་པ་ཉེ་བར་བསྟན་པའི་ཕྱིར་དང་པོ་ཁོ་ནར་སྐུའི་དཀྱིལ་འཁོར་རྣམ་པར་བཤད་པར་བྱ་སྟེ། ཚངས་པའི་ཐིག་ནས་ཡང་དག་བརྩམ།། གྲུ་བཞི་པ་རུ་རྣམ་པར་དབྱེ།། གཞལ་ཡས་ཁང་ལྟར་སྣང་བ་ཡིས།། རྣལ་འབྱོར་པ་ཡི ་སྐུ་དཀྱིལ་འཁོར།། དེ་སྐད་དུ་བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ།། དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས།། ཤེས་འདུས་པའི་རྒྱུད་ཕྱི་མ་ལུས ་གསུང་སོ།། དེ་ལྟར་གྱུར་པའི་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ལྷ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་གསུངས་པ།། དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད།། ཚོར་བའི ་ཕུང་པོ་ནི་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་ནི་འོད་དཔག་མེད།། འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ། རྣམ་པར་ཤེས་པ་ནི་མི་བསྐྱོད་པའོ།། དེའི་ཕྱིར་རྩ་བའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ ་རྣམས་ནི།། སངས་རྒྱས་ལྔ་རུ་རབ་ཏུ་བསྒྲགས།། ཞེས་གསུངས་སོ།། དྲིས་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱ་སྟེ། དེ་བཞིན་གཤེགས་པ་དགོད་པ་ལསོ། ཕུང་པོ་ལྔ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཇི་སྐད་དུ་རྩ་བའི་རྒྱུད ་ལས། གཏི་མུག་ཞེ་སྡང་ཆགས་པ་དང་།། ཡིད་བཞིན་ནོར་བུ་དམ་ཚིག་རྣམས།། དེ་ལྟར་རིགས་ནི་ལྔ་ཉིད་དེ།། འདོད་དང་ཐར་པ་རབ་བསྒྲུབ་བྱེད། ཅེས་གསུངས་སོ།། ལྷ་མོ་རྣམ་སྡེ་རྣམ་པར་བཞག་པ་གསུངས་པ། གཏི་མུག་དགའ ་མཱ་སྤྱན་མ་ནི་སའི་ཁམས་སོ།། ཞེ་སྡང་དགའ་མ་མཱ་མ་ཀཱི་ནཱི་ཆུའི་ཁམས་སོ།། འདོད་ཆགས་དགའ་མ་གོས་དཀར་མོ་ནི་མེའི་ཁམསོ།། རྡོ་རྗེ་དགའ་མ་སྒྲོལ་མ་ནི་ཀླུང་གི་ཁམས་སོ།། དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་རྩ་བའི་རྒྱུད་ལས། ས ་ཡི་ཁམས་ནི་སྤྱན་མར་བཤད། ཆུ་ཡི་ཁམས་ནི་མཱ་མ་ཀཱི། མེའི་གོས་དཀར་མོར་བཤད་དེ།། རླུང་ནི་སྒྲོལ་མ་རབ་ཏུ་གྲགས།། ཞེས་གསུངས་སོ།། དེ་ལྟར་ཁམས་རྣམས་ཀྱི་ཡང་རང་གི་མཚན་ཉིད་ཤེས་པོར་བྱ་སྟེ། ལྷ་མོ་རྣམས ་བཀོད་པས་ཁམས་རྣམས་ཀྱིས་སངས་རྒྱས་ཉིད་སྩོལ་བར་འགྱུར་རོ།། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་གསུངས་པ། བཅོམ་ལྡན་འདས་ཐུགས་རྡོ་རྗེ་དེ་ཉིད་ཀྱིས་སའི་སྙིང ་བོའི་ཏིང་ངེ་འཛིན་མིག་གི་དབང་པོ་ལ་བཀོད་པས་གཟུགས་གསུམ་ལ་འོད་གསལ་བའི་ཐོགས་པ་མེད་པའི་རྡོ་རྗེའི་མིག་གི་དབང་པོ་སྩོལ་བར་འགྱུར་རོ།། དེ་བཞིན་དུ་ཕྱག་ན་རྡོ་རྗེ་རྣ་བ་ལ་བཀོད་པས་སྒྲ་གསུམ་ལ་དེ་བཞིན་དུ་ཐོགས་པ་མེད་པའི ་རྡོ་རྗེའི་རྣ་བའི་དབང་པོ་རབ་ཏུ་སྩོལ་ལོ།། ནམ་མཁའི་སྙིང་པོ་སྣ་ལ་བཀོད་པས་དྲི་གསུམ་ལ་ཐོགས་པ་མེད་པའི་རྡོ་རྗེ་སྣའི་དབང་པོ་རབ་ཏུ་སྩོལ་ལོ།། འཇིག་རྟེན་དབང་ཕྱུག་ལྕེ་ལ་བཀོད་པས་རོ་གསུམ་ལ་ཐིགས་པ་མེད་པའི་རྡོ་རྗེ་ལྕེའི་དབང ་པོཔོ་རབ་ཏུ་སྟེ་རཱ་རོ།། བཅོམ་ལྡན་འདས་འཇམ་དཔལ་འཇུག་པའི་རྣམ་པར་ཤེས་པ་མཐའ་དྲུག་ལ་བཀོད་པས་ཡེ་ཤེས་གསུམ་ལ་ཐོགས་པ་མེད་པའི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རབ་ཏུ་སྩོལ་ལོ།། བཅོམ ་ལྡན་འདས་སྒྲིབ་པ་རྣམ་པར་སེལ་བ་ལུས་ཀྱི་དབང་པོ་ལ་བཀོད་པས་སྒྲིབ་པ་མེད་པར་ནང་གི་ཁམས་རྣམས་ཅིག་ལ་གཅིག་བསྡུས་ཏེ་སྐྱེ་བ་ལ་རབ་ཏུ་བཞུགས་ནས་རྡོ་རྗེའི་སྐུ་རབ་ཏུ་བསྒྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀུན་ཏུ ་བཟང་པོ་ཚིགས་ཐམས་ཅད་ལ་བཀོད་པས་འོད་གསལ་དུ་ཚོགས་ཐམས་ཅད་གཟིགས་པར་འགྱུརརོ།། བཅོམ་ལྡན་འདས་བྱམས་པོ་རྒྱུས་པའི་རང་བཞིན་ལ་བཀོད་པས་རྒྱུས་པའི་རང་བཞིན་འོདི་གསལ་བར་རབ་ཏུ་འཇུག།། བ ་ལྡན་འདས་དེ་ཉིད་གཟུགས་གསུམ་གྱི་རྣམ་པས་ཕྱི་རོལ་ལྟ་བུར་སྣང་བས་མིག་གིས་དབང་པོ་ལ་བདེ་སྩོལ་བའི་གཟུགས་རྡོ་རྗེའོ།། དེ་ལྟར་སྒྲ་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ།། ཇི་སྐད་དུ་རྣལ་འབྱོར་ཐམས ་ཅད་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའ་དེ་བཞིན་ག་ཤེགས།། ཁམས་གསུམ་པ་ནི་མ་ལུས་ཀུན།། དེ་ཡི་ཉེ་བར་ལོངས་སྤྱོད་ཉིད།། ཅེས་བདེ་མཆོག་ལས་གསུངས་ཏེ།། འདིས་ལྷ་མོ་རྣམས་དགོད་པའི་རང ་བཞིན་ཡོངསུ་ཤེས་པས་ཡུལ་རྣམ་པར་དག་པ་བསྒྲུབ་པར་འགྱུར་རོ།། དོན་འདི་ཉིད་གསལ་བར་རྩ་བའི་རྒྱུད་ལས།། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག་ཅེས་པ་དང་། གཟུགས་སྒྲ་དྲི་རོ། ་སྔགས་པ་ཡིས།། ལྷ་རྣམས་སུ་ནི་རྟག་པར་བསྒོམ།། ཞེས་གསུངས་པས་སོ།། ཡན་ལག་ཐམས་ཅད་ལ་ཁྲོ་བོ་རྣམས་བཀོད་པའི་རྒྱུ་དང་། འབྲོས་བུ་གསུངས་པ། ལག་པ་གཡས་པ་གཤིན་རྗེ་གཤེད།། གཡོན་ལ་གཞན ་གྱིས་མི་ཐུབ་པ།། ཁ་ཡི་པདྨར་ཎྜ་མགྲིན་བསམ།། རྡོ་རྗེར་བདུད་རྩི་འཁྱིལ་པ་སྟེ།། དཔུང་པ་གཡས་པར་མི་གཡོ་བ།། གཡོན་པར་འདོད་པའི་རྒྱལ་པོའོ།། པུས་མོ་གཡས་པར་བསམ་བྱ་བ།། དབྱུག་པ་སྔོན་པོ་འབར་ཆེན་པོ།། པུས ་མོ་གཡོན་ལ་སྟོབས་པོ་ཆེ།། སྤྱི་བོར་གཙུག་ཏོར་འཁོར་ལོས་བསྒྱུར།། རྐང་ཟིལ་གཉིས་བསམ་བྱ་བ།། གནོད་མཛེས་རྒྱལ་པོ་རྣམ་པར་བསམ།། ཁྲོ་བོའི་རྒྱལ་པོ་འདི་དག་ནི།། སྒྲུབ་པ་པོའི་ཡན་ལག་ལེ་བཀོད་པས་འབར་བ་མེད ་པར་ཞལ་གསུམ་ཕྱག་དྲུག་པའི་རྣམ་པ་ལྟ་བུ་ཉིད་ཀྱི་སྐུའི་དཀྱིལ་འཁོར་ལས་བྱུང་ནས་ཕྱོགས་བཅུའི་བགེགས་ཀྱི་ཚོགས་ལ་སྡིགས་པར་མཛད་དོ།། འདིར་རྩ་བའི་རྒྱུད་ལས་ཁྲི་བོ་ཞེ་སྡང་གནས་ལས་སྐྱེས།། རྟག་ཏུ་གསོད་ལ ་བརྩོན་པ་སྟེ།། གསོད་པའི་དོན་གྱིས་འགྲུབ་པར་འགྱུར།། སྒྲུབ་པའི་མཆོག་ལ་ཆོས་ཅན་ཡིན།། ཞེས་གསུངས་སོ།། སྐུའི་དཀྱིལ་འཁོར་རྣམ་པར་བཞག་པའི་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། ། ་སྐུའི་དཀྱིལ་འཁོར་ལ་ལྷ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་རྟོགས་པའི་སྔགས་པས་གཞན་གྱིས་དོན་བསྒྲུབ་པའི་ཕྱིར་སྐུའི་དཀྱིལ་འཁོར་ལས་ཕྱུང་བའི་དཀྱིལ་འཁོར་འདི་སྤྲུལ་པ་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ཏེ། སེམས ་ཅན་རང་གི་རིགས་ཀྱི་བུ་མོ་སྤྲོས་པ་འམ། ཡང་ན་ཕྱི་རོལ་གྱི་བུ་མོ་བླངས་ལ་སྒྲུབ་ཐབས་ལས་གསུངས་པའི་རིམ་པས་དབང་པོ་གཉིས་མཉམ་པར་སྦྱོར་བ་བྱས་ཏེ། སྔོན་དུ་གསུངས་པའི་རིམ་པས་གཞལ་ཡས་ཁང་བསྒྲུབས ་ལ་བྱང་ཆུབ་ཀྱི་སེམས་ལས་བསྒྲུབ་ཅིང་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དེ་ལྷ་ཐམས་ཅད་ཀྱི་འཁོར་ལོ་སྤྲོ་བར་བྱའོ།། ཕྱུང་བའི་དཀྱིལ་འཁོར་པའི་སྔགས་བསྟན་པར་བྱ་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ ་སྔོན་པའི་རྡོ་རྗེ་བསྣམས་པས་ནཱ་རྡོ་རྗེ་འཆང་ངོ་།། འདིས་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱངས་ནས་སྐུར་བྱོན་ཏེ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་པར་འགྱུར་ཏེ། ཁ་སྦྱོར་བས་མི་བསྐྱེད་པའི་གཟུགས་ཀྱིས་བཞུག་སོ།། དེ ་བཞིན་དུ་རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་བདུད་བཞི་ལས་རྒྱལ་བས་ན་རྒྱལ་བ་རྒྱལ་ལོ།། བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པའི་རིན་པོ་ཆེ་འཛིན་པས་ན་རིན་ཆེན་འཆང་ངོ་།། ཨཱ་ནི་མ་ལུས་པའོ།། ་རོ་ནི་འཁོར་བ་སྟེ་འཁོར་བ་ལས་འདས་ཤིང་འགྲོ་བས་ན་འཁོར་འདས་སོ།། རྣམ་པར་འབྱེད་པའི་མཚན་ཉིད་ནི་ཤེས་རབ་སྟེ། དེའི་འཛིན་པས་ཤེས་རབ་འཆང་ངོ་།། གཏི་མུག་ནི་རྣམྦྷ་བཱར་སྣང་མཛད ་དེ། དེ་ལ་དགའ་བས་ན་གཏི་མུག་དགའ་མའོ།། ཞེ་སྡང་ནི་མི་བསྐྱོད་པ་སྟེ། དེ་ལ་དགའ་བས་ན་ཞེ་སྡང་དགའ་མའོ།། འདོད་ཆགས་ནི་འོད་དཔག་མྱེད་དེ། དེ་ལ་དགའ་བསྟ་ན་འདོད་ཆགས་དགའ་མའོ།། རྡོ་རྗེ་ནི་དོན་ཡོད་པར་གྲུབ ་པ་སྟེ། དེ་ལ་དགའ་བས་ན་རྡོ་རྗེ་དགའ་མའོ།། སྭ་སཱར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་སྙིང་པོ་སྟེ་ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་སའི་སྙིང་པོའོ།། ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བར་མཛད་པས་ན་ཕྱག་ན་རྡོ་རྗེའོ།། ནམ ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ། དེ་ཉིད་སྙིང་པོ་སྟེ་ན་མཁའི་སྙིང་པོའོ།། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་རྣམས་དབང་དུ་བྱེད་པས་ན་འཇིག་རྟེན་དབང་ཕྱུག་གོ། འོད་གསལ་ཞིང་ཡིད་དུ་འོང་བའི་ཏིང་འཛིན་གྱིས་བསྐུལ ་བའི་དཔལ་ཡོད་པས་ནི་འཇམ་དཔལ་ལོ།། སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྟོབས་ཀྱིས་མནན་པས་ནི་སྒྲིབ་པ་ཐམས་ཅད་སེལ་བའོ།། ཀུན་ནས་མཛེས་པ་ན་ཀུན་ཏུ་བཟང་པོའོ།། བྱམས་པའི་ཡོན་ཏན ་གང་ལ་ཡོད་པ་ནི་བྱམས་པའོ།། བལྟ་བར་བྱ་བས་ན་གཟུགསོ།། མཉན་པར་བྱ་བས་ན་སྒྲའོ།། བསྣམས་པར་བྱ་བས་ན་དྲིའོ།། མྱང་བར་བྱ་བས་ན་རོའོ།། རེག་པར་བྱ་བས་ན་རེག་བྱའོ།། རྡོ་རྗེའི་སྒྲས་ནི་དེ་དག་གི་ཏིང་ངེ་འཛིན་གྱིས་གཟུགས་ལ་སོགས ་པ་རྣམ་པར་དག་པ་བསྟན་ཏོ།། གཤིན་རྗེའི་དམྱལ་བ་སྟེ། དེ་འཇོམས་པ་དང་ལྡན་པའི་ཕྱིར་ཏེ། ཁྲོ་བོ་ཆེན་པོའི་ཏིངངེ་འཛིན་གྱིས་མཐར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དོ།། ཤེས་རབ་ཀྱི་མཆིང་བ་རྣམས་མཐར་བྱེད་པས་ན་ཤེས ་རབ་མཐར་བྱེད་དོ།། པདྨ་ད་ལྟར་འདོད་ཆགས་ལོ་སོགས་པ་རྣམ་པར་དག་པས་མཐར་བྱེད་པས་ན་པདྨ་མཐར་བྱེད་དོ།། བགེགས་ནི་བདུད་བཞི་སྟེ་དེ་འཇོམས་པ་དང་ལྡན་པོས་ན་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་རྣམས་མཐར་བྱེད་པས ་ན་བགེགས་མཐར་བྱེད་དོ།། འཇིག་རྟེན་གྱིས་ཆོས་བརྒྱད་ཀྱི་རྟག་ཏུ་སེམས་རབ་ཏུ་བསྐྱོད་པ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མནན་ཅིང་བཅོམ་པས་ན་མི་གཡོ་བའོ།། ཊཀྐི་ནི་འདོད་པའི་འདོད་ཆགས་ཏེ། དེ་བསལ་བར་བྱེད་ཅིང ་རྣམ་པར་དག་པར་བྱེད་པས་ན་འདོད་པའི་རྒྱལ་པོའོ།། སྔོན་པོ་ནི་སེམས་ཅན་རྣམས་ཀྱི་སྡིག་པའི་ལས་སོ།། དབྱུག་པ་ནི་དེ་ཆད་པས་ཚུར་གཅོད་པ་སྟེ། དེ་བྱེད་པས་ན་དབྱུག་སྟོན་ན།། དོན་དམ་པའི་སྟོབས་ཀྱིས་སེམས་ཅན་རྣམས ་ཀྱི་ཉེ་བའི་ཉོན་མོངས་པ་འཇོམས་པར་བྱེད་པས་ན་སྟོབས་པོ་ཆེའོ།། སེམས་ཅན་རྣམས་ལ་ཁམས་གསུམ་ལས་རྣམ་པར་སྒྲོལ་བའི་ཡེ་ཤེས་སྤྲུལ་པས་ན་གཙུག་ཏོར་འཁོར་ལོས་སྒྱུར་བའོ།། ཕྱོགས་བཅུའི་བགེགས་ཀྱི་ཚོགས ་ངེས་པར་བཀུག་ནས་ཕུར་བུས་འདེབས་པོས་ན་གནོད་མཛེས་རྒྱལ་པོའོ།། ལྷ་སུམ་ཅུ་རྩ་གཉིས་པོ་འདི་དག་གི་སྤྲུལ་པའི་སྐུ་ཞལ་གསུམ་ཕྱག་དྲུག་པོ་མཚན་མའི་ཕྱག་ཚན་སྣ་ཚོགས་ཕྱག་ན་བསྣམས་པ་རྣམས་བྱང་ཆུབ་སེམས ་ལས་སྔགས་ཀྱི་གཟུགས་ཀྱི་སྤྲུལ་པ་ཡང་འབད་པ་མེད་པ་ཉིད་ཀྱིས་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་ལས་ཕྱུང་སྟེ། བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ་འདོད་ཆགས་དང་ཞེ་སྡང་དང ་གཏི་མུགྣ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་ཏིང་འཛིན་དེ་དང་དེས་སྦྱངས་ནས་སླར་བྱོན་ཏེ་རང་རང་གི་སྟན་ལ་བཞུགས་པར་གྱུར་ཏོ།། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང ་རལ་གྲོ་དང་། དྲིལ་བུ་རྣམས་གྲངས་བཞིན་དུ་དེ་བཞིན་གཤེགས་པ་དྲུག་གིས་མཚན་མར་གསུངས་ཏེ། དེ་ཉིད་མཚོན་ཚྭ་ལྟ་བུར་བསྣམ་སོ།། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཀྱི་དབྱེ་བ་ཡིས་ཁ་དོག་སོ་སོར ་བྱའོ།། རིན་པོ་ཆེ་ཐམས་ཅད་དང་ལྡན་པའི་ཕྱིར་མདོག་ཨིནྡྲ་ནཱི་ལཱ་ལྟ་བུ། ཕྱུང་བའི་དཀྱིལ་འཁོ་འདི་ཉིད་བཤད་པའི་ཕྱིར་རྩཝ་བའི་རྒྱུད་ལུས།། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ ་ཐམས་ཅད་བཙུན་མོའི་བྷ་ག་ལ་རྡུལ་དང་བྲལ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནི་གསལ་བ་དྲོའོ་ངོ་བོ་ཉིད།། སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་མཚན།། སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ།། ་འོད་ཟེར་འཕྲོ་བ་མང་པོ་འཁྲུག། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན།། དེ་བཞིན་གཤེགས་པ་ཀུན་གྱིས་གཞི།། ཞེས་གསུངས་སོ།། གསོལ་པ་གལ་ཏེ་རྒྱུད་འདི་ལ་ལག་པའི་ཕྱག་རྒྱ་མེད་ན་འདི་ལྟར་ཕྱག ་རྒྱ་བཞིས་རྒྱས་བཏབ་པའི་ལྷའི་སྐུ་བསྐྱེད་པར་འགྱུར། བཀའ་སྩལ་པ། སངས་རྒྱས་ཀྱི་ཡོན་ཏན་མཱ་ལུས་པས་བརྒྱན་པའི་གཞིར་གྱུར་པའི་ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ།། བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱའོ།། ་སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱའོ།། གཟུགས་སྣ་ཚོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་སྒྲུབ་པ་ནི་ལས་ཀྱི་ཕྱག་རྒྱུའོ།། གསོལ་པ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང་། གཉིས་ཀླུའི་རྒྱུད་ལས ་ནི་ཞལ་གཅིག་པར་རབ་ཏུ་གྲགས་ན་ཅིའི་ཕྱིར་འདིར་ཞལ་གསུམ་པ་ལྟ་བུར་སྣང་བར་འགྱུར། བཀའ་སྩལ་པ། བཅོམ་ལྡན་འདས་ཉིད་ཀྱིས་འདིའི་དོན་བཤད་པའི་རྒྱུད་དགོངས་པ་ལུང་བསྟོན་པའི་རྒྱུད་ལས། གང་ཞིག་ཕྱི་ནང ་བདག་གྱུར་དང་། དེ་ཉིད་གཉིས་ཀའི་རྟོག་པོ་རྣམས། གཉིསུ་མེད་པར་བཤད་པ་སྟེ།། འདི་ཡི་དེ་ཉིད་ཆེན་པོ་ཡིན།། ལག་པ་གཡོན་པར་རབ་གྲགས་པའི།། མཐེའུ་ཆུང་ཐ་རྟག་གུང་མོ་དང་།། དེ་བཞིན་མཛུབ་མོ་མཐེ་བོང་ནི།། ་རིམ་བཞིན་གཟུགས་ལ་སོགས་པར་གཟུང་།། དེ་རྣམས་དངོས་པོ་མེད་པ་ཡི།། ཤེས་རབ་རྣམ་པར་འབྱེང་མཚན་ཉིད།། ཆོས་ཀྱི་སྐུ་རུ་རྣམ་པར་བཤད།། དེ་བཞིན་ཉིད་དུ་གཉིས་མེད་མིང་།། མ་བསྐྱོད་རིན་ཆེན་དཔག་མེད་དང་། ་དོན་ཡོད་རྣམ་སྣང་དེ་བཞིན་གཤེགས།། འདི་དག་ལག་པ་གཡས་པ་ཡི།། མཐེའུ་ཆུང་ལ་སོགས་རིམ་བཞིན་གནས།། གཉིས་ཀ་གཅིག་ཏུ་སྦྱར་བ་ཡི།། འདི་ཡི་དེ་ཉིད་སྐྱབས་གསུམ་པ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། གཅིག ་ཀྱང་གསུམ་དུ་རྟགས་པ་ཡིན།། ཕན་ཚུན་སྦྱོར་བས་རྡོ་རྗེ་སེམས།། ཤེས་རབ་ཐབས་ཀྱི་གོ་འཕང་མཆོག། ཐལ་མོ་སྦྱར་བ་ཙམ་གྱིས་ནི།། སངས་རྒྱས་ཐམས་ཅད་ཡང་དག་འགུགས།། སྐྱབས་གསུམ་དེ་ཉིད ་གསུམ་ཡིན་ཏེ།། སྐུ་གསུམ་རྣམ་པར་ཐར་གསུམ་གྱིས།། ཞལ་གསུམ་ཡིན་ཏྲེ་མདོག་གསུམ་ཡང་།། སྦྱོར་གསུམ་དམ་ཚིག་གསུམ་སྦྱོར་བས།། ཁམས་གསུམ་དུ་ནི་ལྷ་གསུམ་གྱི།། དཀྱི་ལྔ་འཁོར་གསུམ་གྱིས་དུས་གསུམ་དུ།། ལམ ་གསུམ་གྱིས་ནི་མཆོག་གསུམ་གྱི།། ཇི་སྙེད་དུ་ནི་རྟོག་པས་བསྐུལ།། གསོལ་བ་འདེབས་པ་ཡིད་ལ་བྱེད།། འཇིག་རྟེན་རྣམས་ཀྱི་དོན་རྣམས་བྱེད།། ཡང་དག་སངས་རྒྱས་དེ་མཉེས་འགྱུར།། དེ་ཉིད་འདིར་ནི་ཐོལ་མོར་གནས།། སེམས་ཅན ་གང་དེ་སངས་རྒྱས་ཡིན།། དེ་བཞིན་ཉིད་དང་གཉིས་མེད་ཆོས།། གནས་མེད་གནས་པའི་སྦྱོར་བ་ཡིས།། སངས་རྒྱས་ཐམས་ཅད་རྣམ་པར་བཞུགས་ཞེས་གསུང་སོ།། གསོལ་པ། འདིར་གསང་བ་འདུས་པའི་དཀྱིལ་འཁོར་ལ་ལྷ་རྣམས ་དགོད་པ་སློབ་དཔོན་སྣ་ཚོགས་པའི་གཞུང་འཇིག་རྟེན་དུ་རབ་ཏུ་འཇུག་པར་འགྱུར་ཏེ།། དྷེ་ཇི་ལྟར་སྒྲུབ་པ་བློ་རྣམས་སོམྦ་ཉི་མ་མཆིས་པར་འགྱུར། སེམས་དཔའ་ཆེན་པོ་ལེགསོ་ལེག་སོ།། ལུང་དང་རིགས་པས་སོ་སོར་བཤད་པར་བྱའོ།། ་ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་ལྷ་རྣམས་མིང་གི་དགོད་པ་དེ་བཞིན་དུ་ཕྱུང་བའི་དཀྱིལ་འཁོར་ལ་ཡང་ལྷ་རྣམས་དགོད་པར་འགྱུརརོ།། དེ་ལྟ་མེད་ཀྱི་རྩ་བའི་རྒྱུད་ལས་ལྷ་དགོད་པ་རྫོགས་པར་མི ་བསྟན་པ་ནི་འདི་ལྟར་སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག་སྙམ་དུ་དགོངསོ།། དཀྱིལ་འཁོར་དགོད་པ་ཡང་གཅིག་ཏུ་ཡོངསུ་རྫོགས་པར་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་བཤད་པའི་རྒྱུད་ལས་ཡང་དག ་པཱུར་གསུངས་ཏེ། དེ་ལ་འཇུག་པར་བྱའོ།། སེམས་ཀྱིས་གཞན་ནི་མོ་བསམ་པར།། སེམས་དཔའ་ཆེན་པོ་མཉན་པར་གྱིས།། རྡོ་རྗེ་སློབ་དཔོན་ལུས་འདི་ལ།། རྒྱལ་བའི་སྐུ་ནི་རིམ་བཞིན་གནས།། དང་པོ་སྐུ་ཡི་རྡོ་རྗེ་ནི།། གཟུགས་ཕུང་ལ ་ནི་རབ་ཏུ་བཞུགས།། རྗེསུ་ཆགས་པའི་རྡོ་རྗེ་ནི།། ཚོར་བའི་ཕུང་པོར་རབ་ཏུ་ཞུགས།། བཅོམ་ལྡན་གསུང་གི་རྡོ་རྗེ་ནི།། འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས།། མཆོད་པ་ཀུན་གྱི་རྡོ་རྗེ་ནི།། འདུ་བྱེད་ཀྱི་ནི་ཕུང་པོ་རེ་བཞུགས།། བཅོམ་ལྡན་ཐུགས ་ཀྱི་རྡོ་རྗེ་ནི།། རྣམ་ཤེས་ཕུང་པར་ཡང་དག་བཞུགས།། འདི་ཡི་ཤ་སོགས་ས་ཁམས་ལ།། བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས།། ཁྲག་སོགས་ཆུ་ཡི་ཁམས་ལ་ནི།། བཅོམ་ལྡན་འདས་ཡུམ་མཱ་བཞུགས།། དྲོ་བ་ལུ་སོགས ་མེ་ཁམས་ལཱ།། བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས།། བསྐྱོད་པ་ལྔ་སོགས་རླུང་ཁམས་ལ།། བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས།། དེ་ཡི་མིག་གི་དབང་གཉིས་ལ།། དེ་བཞིན་གཤེགས་ས་སྙིང་པོ།། དེ་ཡི་ཊཱ ་བའི་དབང་གཉིས་ལ།། བདེ་གཤེགས་ཕྱག་ན་རྡོ་རྗེའོ།། དེ་ཡི་སྣ་ཡི་དབང་གཉིས་ལ།། དེ་བཞིན་གཤེགས་པ་ན་མཁའ་སྙིང་བཞུགས།། དེ་ལྕེ་དབང་ལ་བཞུགས་པ་ནི།། དེ་བཞིན་གཤེགས་པ་འཇིག་རྟེན་དབང་།། ཁམས་བཞིའི ་རང་བཞིན་གོང་བུ་ནི།། རང་གི་ལུས་ཞེས་བྱ་མིང་ལ།། སྒྲིབ་པ་ཐམས་ཅད་རྣམས་སེལ་བ།། དེ་བཞིན་གཤེགས་པ་འདིར་བཞུག་སོ།། དེ་ཡི་ཡིད་ཀྱི་དབང་པོ་ལྔ།། དེ་བཞིན་གཤེགས་པ་འཇམ་དབྱངས་བཞུཊ ་ལུས་ཀྱི་ཚིགས་ནི་ཐམས་ཅད་ལ།། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་།། ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལྔ།། དེ་བཞིན་གཤེགས་པ་བྱམས་པའོ།། ལག་པ་གཡས་པའི་རྩ་བར་ནི།། དེ་བཞིན་གཤེགས་པ་གཤིན་རྫོ་བ་ཤེད།། ་ལག་པ་གཡོན་པའི་རྩ་བར་ནི།། བདེར་གཤེགས་གཞན་གྱིས་མི་ཐུབ་པ།། ཁ་ཡི་པདྨར་བཞུགས་པ་ནི།། དེ་བཞིན་གཤེགས་པ་རྟ་མགྲིན་ནོ།། གསྡང་བའི་གནས་བཞུགས་པ་ནི།། དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ ་དཔུང་པ་གཡས་པར་བཞུགས་པ་ནི།། དེ་བཞིན་གཤེགས་པ་མི་གཡོ་བ།། དཔུང་པ་གཡོན་པར་བཞུགས་པ་ནི།། དེ་བཞིན་གཤེགས་པ་འདོད་པའི་རྒྱལ།། པུས་མོ་གཡས་ན་བཞུགས་པ་ནི།། དེ་བཞིན་གཤེགས་པོ་དབྱུག ་པ་སྔོན།། པུས་མོ་གཡོན་ལ་བཞུགས་པ་ནི།། དེ་བཞིན་གཤེགས་པ་སྟོབས་པོ་ཆེ།། རང་གི་སྤྱི་བོར་བཞུགས་པ་ནི།། དེ་བཞིན་གཤེགས་པ་འཁོར་ལོ་སྣ་བསྒྱུར།། རྐང་པའི་ཟིལ་དུ་བཞུགས་པ།། དེ་བཞིན་གཤེགས་པ་མིནད ་མཛེས་ཏེ།། ལུས་ནི་འདི་ཉིད་ཀུན་ལ་འདིར།། སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ།། རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས།། སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ་ནི།། འདི་དགེ་མ་ལུས་རྫོགས་སངས་རྒྱས།། རྡོ་རྗེ་ལེགས་བྱས་བསྟན་པ་ནི།། མྱ་ངན ་འདས་ལ་འཇུག་པར་འགྱུར།། བཅོམ་ལྡན་མྱ་ངན་འདས་འགྱུར་ཐོབ།། ཁྱོད་ཀྱི་དགྱེ་བ་ཡོངས་སུ་སྨིན།། དེ་ནི་རྡོ་རྗེ་སློབ་དཔོན་གྱི།། ལུས་ལ་རྒྱལ་བ་ཐམས་ཅད་བཞུགས།། ཉོན་ཅིག་མཐོང་བ་དོན་ཡོད་ཀྱི།། ཕྱི་མའི་དུས་ན་སེམས ་དཔའ་ཆེ།། དང་པོའི་ལས་ཀྱི་སེམས་ཅན་གྱི།། རོག་ཏུ་འབད་དེ་བླ་མ་བརྟེན།། ངོ་ཚ་མཐོང་བ་དོན་ཡོད་བཅས།། བྱང་ཆུབ་སེམས་དཔའ་གྲགས་པ་ཆེ།། དགའ་ཞིང་སགུ་ལེ་རབ་དང་ལྡན།། ཕྱག་འཚལ་ནས་ནི་མཆེ་མོ་བླུགས།། ཞེས་གསུང ་སོ།། གསོལ་པ། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པས་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདྲིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་ལྕགས ་སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་གནས་སྐབས་སུ་ནི་མཚལ་མ་དོར་ལ་གཞོང་བའི་གནས་སྐབསུ་འཇིག་རྟེན་པ་རྣམས་ཟས་ཟའོ།། གཟུགས་བརྙན་གྱི་གནས་སྐབས་སུ་མཆོད་པར་བྱེད་དོ།། དེ་བཞིན་དུ་ཐ ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་ག་ཏཱ་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ་ཕྱིས་རང་བཞིན་ཡོངསུ་ཤེས་ཤིང་ཡོངསུ་དག་པཱས་ཐམས་ཅད་མཁྱེན་པ་གྲུབ་པོའི་རྒྱུར་འགྱུར་པ་ལ ་སྐྱོན་མེད་དོ།། དེ་ཡང་གསུངས་པ། ཤིན་ཏུ་མི་གཙང་གཟུགས་འདི་གཟུང་བྱས་ན།། རྒྱལ་བའི་རིན་ཆེན་གཟུགས་བྱས་རིན་ཐང་མེད།། རྩི་ཡས་སྦྱངས་པ་ལྟ་བུར་བསྐྱེད་པ་འདི།། བྱང་ཆུབ་སེམས་ནི་རབ་ཏུ་བརྟན་པར་གཟུང ་ཞེས་བྱ་བ་དང་། དེ་བཞིན་དུ་ཡང་དཀོན་མཆོག་བརྩེགས་པའི་མདོ་ལྔས། འོད་སྲུང་འདི་ལྟ་སྟེ་ལུད་ཀྱིས་གཡོགས་པའི་ས་གཞི་ལས།། ས་བོན་ཐམས་ཅད་སྐྱེ་བར་འགྱུརརོ།། འོད་སྲུངས་དེ་བཞིན་དུ་ཉོན ་མོངས་པའི་ལུད་ཀྱིས་ཁྱབ་པོའི་འཇིག་རྟེན་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བར་འགྱུརརོ་ཞེས་གསུངས་པ་དང་། དགོངས་པ་ལུང་སྟོན་པ་ཞེས་བྱ་བའི་རྒྱུད་ལས་ཀྱང་།། ཕྲ་མོའི་སྦྱོར་དོན་དེ་ཉིད་། ་ཕྱག་ན་རྡོ་རྗེ་གྲགས་ཆེན་ལ།། འགྲོ་བ་གཉིས་མེད་སྦྱོར་པོ་ཡིས།། ཕྲ་མོའི་དེ་ཉིད་དགོངས་པས་གསུངས།། མངོན་པར་བྱང་ཆུབ་རྣམས་ལྔ་འདི།། མ་འོངས་སྐྱེ་བོའི་རྒྱུན་ཅན་ཡིན།། ཆོས་རྣམས་ཡང་དག་བརྗོད་པའི་སྐུ།། ཇི་ལྟ ་ལྷོར་ཡིན་གསུངས་པ།། ཕུང་པོ་འདི་དག་སངས་རྒྱས་ཡིན།། རྫོགས་པའི་བྱང་ཆུབ་རྐྱེན་དུ་འགྱུར།། གཉིས་མེད་དེ་བཞིན་ཉིད་འཇུག་པས།། དེ་ཡང་དེ་བཞིན་གཤེགས་པར་གསུངས།། ཞེས་སོ།། ཕྱུང་བའི་དཀྱིལ་འཁོར་གྱི ་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །། ད་ནི་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་པར་བཞག་པ་བསྟན་པའི་ཕྱིར།། མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལས་འཇུག་པར་བྱ་སྟེ། དམ་ཚིག་ཁུ་ཕྱུང ་ཆོ་ག་བཞིན།། འབྲས་བུ་འདོད་པས་བཏུང་བར་བྱ།། དེ་བཞིན་གཤེགས་པའི་ཚོགས་བསད་ནས།། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར།། ཞེས་ལེའུ་བདུན་པ་ལས་མདོར་བསྟན་ཏེ། འདིའི་བཤད་པ་དགོངས་པ་ལུང་སྟོན་པ ་ཞེས་བྱ་བའི་བཤད་པའི་རྒྱུད་ལས་གསུངས་ཏེ། གཟུགས་སོགས་ནང་གི་ཆོས་རྣམས་ནི།། མཐོང་བ་ལྷག་མཐོང་ཞེས་བཤད་དེ།། མི་བསྐྱོད་ལ་སོགས་གྲངས་བཞིན་དུ།། བརྟགས་པ་དག་ནི་ཞི་གནས་བྱ།། འདི་དག་དངོས་པོ ་མེད་འགྱུར་བའི།། དེ་བཞིན་ཉིད་ནི་ཞི་མིང་ཅན།། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ།། རྣལ་འབྱོར་པས་ནི་སངས་རྒྱས་གཞུག། འདི་ཡང་སླར་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ། དེ་ལ ་འཇུག་པར་བྱའོ།། གཟུགས་ཕུང་རྟོགས་ལ་མེ་ལོང་དང་།། ས་ཁམས་མིག་གི་དབང་པོ་དང་།། གཟུགས་དང་རྣམ་ལྔར་གྱུར་པ་སྟེ།། ཁྲོ་བོ་བྱམས་པར་ཡང་དག་ལྡན།། ཚོར་བུའི་ཕུང་པོ་མཉམ་ཉིད་དང་།། ཆུ་ཁམས་རྣ ་བའི་དབང་པོ་དང་།། སྒྲ་དང་རྣ་ལྔར་གྱུར་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། འདུ་ཤེས་སོ་སོར་རྟོགས་པ་དང་།། བྱིན་ཟ་སྣ་ཡི་དབང་པོ་དང་།། དྲི་ཟ་རྣམ་ལྔར་གྱུར་པ་སྟེ།། ཁྲོ་བོ་ཉིད་དང་ཡང་དག་ལྡན།། འདུ་བྱེད་བྱ་བ་གྲུབ། ་པ་དང་།། རླུང་ཁམས་ལྕེ་ཡི་དབང་པོ་དང་།། རོ་དང་རྣམ་ལྔར་གྱུར་པ་སྟེ།། ཁྲི་བོ་གཉིས་དང་ཨཱང་དག་ལྡན།། སྟེང་འོག་ཁྲོ་བོ་ཤིན་ཏུ་བཅས།། རང་བཞིན་གྱིས་ནི་སྣང་བ་ཉིད།། རྣམ་ཤེས་ཕུང་པོར་བཞུགས་པ་སྟེ།། རྣམ་ཤེས ་ཀྱང་ནི་འོད་གསལ་བའོ།། མྱ་ངན་འདས་བཅས་ཀུན་སྟོང་དང་།། ཆོས་ཀྱི་སྐུར་ཡང་བཤད་པ་ཡིན།། བརྟེན་པར་བྱ་བའི་དོན་དུ་ནི།། གསང་སྔགས་འདི་ནི་བརྗོད་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ་ཞེས་བརྗོད ་པར་བྱའོ།། རྣམ་པར་བཞག་པ་བཞི་པ་འདི་ཉིད་ཀྱིས་རྫོགས་པ་ལ་གནས་པ་ཉེ་བར་བཤད་པར་བྱ་སྟེ།། དེ་ལ་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་བཞུགས་པའི་མཚན་མ་མཁས་པས་ཤེས ་པར་བྱ་སྟེ།། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ།། མེ་ལོ་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུརརོ།། སའི་ཁམས་འགགས་པ་ན་ལུས་ཐམས་ཅད་སྐམས་པར་འགྱུརརོ།། ་མིག་གི་དབདྲ་པོ་འགག་པ་ན་མིག་འགྱུར་ཞིང་ཟུམ་པར་འགྱུ་རོ།། གཟུགས་ཀྱི་ཡུལ་འགོག་པ་ན་རང་གྲི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ།། དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང་། རྐང་གཉིས ་དང་། རྐང་བཞི་དང་། རྐང་མངས་ལ་སོགས་པའི་སེམས་ཅན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་སྤྱད་ཅིག་པའི་རིམ་གྱིས་འཇུག།། གང་དག་ཆ་ཤས་ལ་གན ་པ་དེ་དྲག་གི་ནི་འདིར་རྣམ་པར་བཞག་པ་མེད་མོད་ཀྱི།། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག། དེ་བཞིན་དུ་གཉིས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་དྲོན་དམ་པའི་བདྲེན་པར་འཇུག་པ་དེའི་ཚེ་མཚན་མ་མཁས ་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པ་ལུས་ཚོར་བ་ཉམ་སུ་མྱོང་བར་མི་འགྱུརརོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ ་དྲན་པར་མཱི་འགྱུརརོ།། ཆུའི་ཁྱམས་སྐམས་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་སྐམས་པར་འགྱུརརོ།། རྣ་བཱའི་དབང་པོ་ཐིམ་པ་ནཱ་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ།། སྒྲའི་ཡུལ་ཐིམ། ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མི་འགྱུར་རོ།། གཉིས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྗེ་སུ་གཞུག་པའོ།། གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱཱ་སྟེ། འདུ་ཤེས་ཀྱི་ཕུང ་པོ་ཐིམ་པ་ན་རྐང་གཉིས་པ་ལ་སོགས་པའི་སེམས་ནྡན་རྣམས་དྲན་པར་མི་འགྱུར་རོ།། སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་མ་དང་བུ་དང་གཉེན་ལ་སོགས་དང་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ།། མེའི་ཁམས ་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ།། སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་རྩེག་ཅིང་རྩེ་ག་ཅིང་སར་འགྲོ་བར་འགྱུར་རོ།། དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་དྲིའི་ཡུལ་དྲོ་བར་མི་འགྱུརརོ།། གསུཾ་བ་པདྨའི་རིགས་ཀྱི་ལྷ་རྗེ་སུ་གཞུག་པའོ།། བཞི་པ་ལས ་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ།། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུརརོ།། བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ནྱ་འཇིག་རྟེན ་པའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར་རོ།། རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོའོ།། ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྒོ་པ་དང་ཐུང་བ་དང་རྩ་བ་སྔོན་པོར་འགྱུརརོ།། རོའི་ལུས་ཐིམ་པ་ན་རོ་དྲུག་ཉམསུ ་མ་མྱོང་།། བཞི་པ་ལུས་ཀྱི་རིགས་ཀྱི་ལྷ་རྣམས་རྗེས་གྲུ་ཞུག་པའོ།། ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་རིམ་པ་གཉིས་བྱར་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པར་ཛ ་བཟླས་པའི་རིམ་པས་གནོས་ཏེ། རིལ་པོ་འཛིན་པ་དང་། རྗེས་སུ་གཞིག་པའི་རིམ་པས་མ་ཤིགས་པ་མངོན་སུམ་དུ་བྱ་སྟེ། འཛིན་པ་ཉེ་བར་བསྡུས་ནཱ་དེའི་ཚེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ་ཞེས་བྱ་བའི་སྔགས ་ཀྱི་དོན་མངོན་སུམ་བྱེད་པར་འགྱུརརོ།། གསོལ་པ། སྔགས་འདིའི་དོན་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤ་དུ་གསོལ།། རྡོ་རྗེ་སློབ་དཔོན་གྱིས་གསུངས་པ། བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ལས་གསུངས་ཏེ། ་དེ་བཤད་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཀུན།། ཕྲ་མོའི་སྦྱོར་བ་རྣམ་པར་བཞུགས།། ཨོཾ་ཞེས་པས་ནི་གཅིག་དང་ལྡན།། ཤཱུ་ན་ཏཱ་ནི་གཉིས་པ་ཡིན།། ཛྙཱ་ན་ཞེས་པ་གསུམ་པ་ཡིན།། བཞི་པ་བཛྲ་མིང་ཅན་ཏེ།། སྭཱ་བྷཱ་བ ་