CLOSE WINDOW

GT673: bdag byin gyis brlab pa'i rim pa rnam par dbye ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དྷ། སྭཱ་ཨཱ་དྷིཥྛཱན་ཀྲ་མ་པྲ་བྷེ་དཾ། བོད་སྐད་དུ། བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བཱ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚ་ལོ།། ལྟ་བུ་ཐམས་ཅད་རབ་བཅོམ་པའི།། ཡེ་ཤྭེ ་སྐུ་ལ་ཕྱག་འཚལོ།། བདག་བྱིན་བརླབ་པའི་རྣམ་དབྱེ་འདི།། བརྩེ་བས་བདག་གིས་བཤད་པར་བྱ།། ཡོད་ཅེས་རྟོག་པ་ཇི་སྙེད་པ།། དེ་སྙེད་རྟག་པོའི་ལྟ་བ་སྟེ། རྟག་པར་མངོན་པར་ཞེན་པས་ན།། འདི་ནི་སྒྱུ་མའི་མཚན་ཉིད་མིན།། མེད་ཅེས ་རྟོག་པཱ་ཇི་སྙེད་པ།། དེ་སྙེད་ཆོད་པའི་ལྟ་བ་སྟེ།། ཆད་པར་མངོན་པར་ཞེན་པས་ན།། འདི་ཡང་སྒྱུ་མའི་མཚན་ཉིད་མིན།། ཡོད་ཅེས་པ་དང་མེད་ཅེས་པའི།། དེ་དབུས་གང་རྟོག་པ་ནི།། དབུས་སུ་མངོན་པརཞེན་པས་ནི།། འདི་ཡང་སྒྱུ་མའི ་མཚན་ཉིད་མིན།། ཀུན་རྫོབ་བདེན་པར་གང་གསུངས་པའི།། སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད།། དེ་འདིར་སྒྱུ་མྱུར་བསྟན་པ་སྟེ།། བདག་བྱིན་བརླབ་པ་ཞེས་བརྗོད་དོ།། རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ།། གང་ཞིག་གིས་ནི་ཐམས་ཅད་ཁྱབ།། ་བསོད་ནམས་དམན་པས་མི་རྙེད་དེ།། ལུང་པོ་སྟན་ཉིད་ཀྱིས་རྙེད་པར་འགྱུར།། གཙང་སྦྲ་བསྣམས་པ་འདིར་མི་དགོས།། དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ།། དཀའ་ཐུབ་སྡོམ་པ་མེད་པར་ཡང་།། དགའ་དང་བདེ་བས་འགྲུབ་པར་འགྱུར།། གླང ་ཞིག་དེ་ལྟར་ཤེས་ནས་ནི།། དེ་ཉིད་གང་ཞིག་རྟག་དྲན་ན།། ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་གྱིས།། དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར།། སྒྱུ་མས་གནས་པའི་རྣལ་འབྱོར་པ།། འདི་ལ་ལྷས་ཀྱང་རྟག་ཏུ་སྦྱོང་།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། ་ཐམས་ཅད་མཁྱེན་པར་དེ་ནས་འགྱུར།། རྡོ་རྗེ་ཆེ་དང་སྟོབས་པོ་ཆེ།། ལང་ཚོ་ནད་མེད་བདེ་བའི་མཆོག། སངས་རྒྱས་རྫུ་འཕྲུལ་ཐོབ་ནས་ནི།། སྐྱེ་བ་འབྱུང་བ་རང་དགས་སོ།། མཐོང་བ་ཉིད་ཀྱིས་བསྐུལ་མེད་པར། ་སེམས་ཅན་རྣམས་ནི་དབང་དུ་འོང་།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། འདོད་དོན་ཐམས་ཅད་རྙེད་པར་འགྱུར།། ཆོས་ཀུན་རྨི་ལམ་སྒྲ་འདྲ་སྟེ།། སངས་རྒྱས་པ་ཀུན་སྨྲ་མོད་ཀྱི།། བདག་བྱིན་བརླབ་ལུས་ཕྱིར་བལྟས་པས།། དེས་ན་བདེན་པ ་མཐོང་མི་ནུས།། གཞུ་ཡི་རྣམ་པའི་ཡིད་རང་བཞིན།། རྣམ་ཤེས་རླུང་དང་ཡང་དག་ལྡན།། སྒྱུ་མའི་དཔེ་ལ་རྨོངས་པས་ནི།། རང་གི་ཡེ་ཤེས་དེས་མི་མཐོང་།། བསྐལ་པ་བྱེ་བ་མཐའ་ཡས་པར།། ཐོས་པོའི་ཕ་རོལ་སོན་གྱུར་ཀྱང་།། བླ ་མའི་ལུང་དང་བྲལ་བ་ཡིས།། བདག་བྱིན་བརླབ་པ་རྙེད་མི་འགྱུར།། དེ་བས་ང་རྒྱལ་ཡོངས་སྤངས་ནས།། སངས་རྒྱས་འབྲས་བུ་འདོད་པ་ཡིས།། རྡོ་རྗེ་ཐེག་པ་ཞོན་པ་ཡིས།། བླ་མ་བསྒྲིམས་ཏེ་མཉེས་པར་བྱ།། ཤིན་ཏུ་རྙེད་དཀའི་རིམ་དབྱེ། ་བས།། འདི་ནི་རབ་ཏུ་བཤད་པར་བྱ།། གང་ཞིག་ཤེས་ནས་རྣམ་སྤྱད་པ།། སྒྲུབ་པོ་སངས་རྒྱས་ཀུན་དངོས་འགྱུར།། ས་ལ་སོགས་པ་རྣམ་བཞི་དང་།། དེ་བཞིན་དུ་ནི་སྟོང་པ་བཞི།། གནས་ནི་རྣམ་པ་བརྒྱུད་པོ་དང་།། སྐྱེ་དང་འཇིག་པའི་རྒྱུར ་ཤེས་བྱ།། འོད་གསལ་ལས་ནི་སྟེང་ཆེན་ཏེ།། དེ་ལས་ཐབས་ནི་ཡང་དག་འབྱུང་།། དེ་ལས་སྐྱེས་པ་ཤེས་རབ་སྟེ།། དེ་ལས་རླུང་ནི་འབྱུང་བར་འགྱུར། རླུང་ལས་མཾ་ནི་ཡང་དག་སྐྱེས།། མེ་ལས་ཆུ་ནི་འབྱུང་བར་འགྱུར།། ཆུ་ལས་སྐྱེས་པ ་ས་ཡིན་ཏེ།། དེ་རྣམས་ལ་ནི་སེམས་ཅན་འབྱུང་།། ས་ནི་ཆུ་ལ་ཐིམ་འགྱུར་ཏེ།། ཆུ་ནི་མེ་ལ་ཐིམ་པར་འགྱུར།། མེ་ནི་ཕྲ་བའི་ཁམས་སུ་ཞུགསྟེ།། རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ།། སེམས་ནི་སེམས་ལས་བྱུང་ལས་འགྱུར།། སྣུམ ་ལས་བྱུང་མ་རིག་པར་ཞུགས་ནས།། དེ་ཡང་འོད་གསལ་བར་སོང་སྟེ།། སྲིད་པ་གསུམ་པོ་འགག་པར་འགྱུར།། སྒྱུ་མེ་ལྟ་བུའི་ཏིང་འཛིན་གྱིས།། ཇི་སྲིད་བདག་ཉིད་མ་མཐོང་བ།། དེ་སྲིད་ཐོག་མའི་དུས་ཅན་གྱི།། སྦྲིད་པའི་འཁོར་ལོ ་འཇུག་པར་འགྱུར།། རང་རིག་སྒྱུ་མ་ལྟ་བུ་སྟེ།། རྟོག་གེ་པ་ཡི་ཡུལ་མིན་ཞིང་།། རང་གི་ལུས་ལ་གནས་མོད་ཀྱི།། བསོད་ནམས་དམན་པས་རྙེད་མི་འགྱུར།། རང་ལུས་འགྱུར་བ་མེད་པ་དེ།། མཆོག་གཅིག་གིས་ནི་ཤེས་བྱས་ཏེ།། དེ་ནི ་དཔེ་ཡིས་ཉེར་མཚོནྡ་ནས།། བྷྲ་མའི་ཞལ་གྷི་དྲིན་གྱིས་སོ།། ས་དང་དེ་བཞིན་ཆུ་ལ་སོགས།། གཏེར་དང་ནོར་བུ་སྦས་པ་ལྟར།། དེ་བཞིན་ལུས་ལ་ཀུན་མཁྱེན་པ་འངདྲ་།། རྨོངས་དང་ལྡན་པས་མཐོང་མི་འགྱུར།། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི།། ་གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ།། མེ་ལོང་གི་ནི་གཟུགས་བརྙན་དང་།། ཆུ་ཟླ་དང་ནི་བྲག་ཅ་དང་།། རྨི་ལམ་མོག་ཡོར་སྤྲིན་དང་གློགས། ཆུ་ཡི་ཆུ་བུར་ཞེས་བྱ་བཱ།། སྒྱུ་མའི་དཔེ་ནི་བཅུ་དང་གཉིས།། རྣམ་པུ་དུ་ཙུ་མར་ཡོངས་མཚོན་པ།། དེ་འདི ་ཤིན་ཏུ་གསལ་བའི་གཟུགས།། ལྟ་བའི་གཟུགས་ལ་དམིགས་པར་བྱེད།། སྒྱུ་མ་གསུམ་དུ་བསྟན་པ་ཡིས།། ནན་ཏན་དུ་ནི་རབ་ཏུ་བསྒྲགས།། མེ་ལོང་གི་ནི་གཟུགས་བརྙན་དང་།། འཇའ་ཚོན་དང་ནི་དེ་ལིས་གཞན།། གསུམ་པ་ཆུ་ཟླ་ལྟ ་བུ་ཡིས།། དེ་ཡི་སྐུ་ནི་བསྒོམ་པར་བྱ།། སྤྱོད་པ་བསྡུས་ལས་གང་བསྟན་པའི།། རིགས་ལྔའི་སངས་རྒྱས་བདག་ཉིད་ཆེ།། ལྷ་དང་ལྷ་མོ་ཐ་དད་པ།། རིགས་ལྔ་ལས་ནི་ཡང་དག་འབྱུང་།། ཁྲོ་བ་ཕོ་ཉ་ཉ་མོ།། དཱན། ་ཕོ་བྲན་མོ་མངག་པ་སོགས།། དེ་ནི་ཡོད་མིན་དེ་མེད་ཀྱང་།། འགྲོ་བའི་དོན་ཕྱིར་རབ་ཏུ་བསྟན།། དེ་ལྟར་རྣལ་འབྱོར་བདག་ཉིད་ཀྱིས།། ཐམས་ཅད་སྤྲོ་ཞིང་བསྡུས་པས་ཏེ།། དཀྱིལ་འཁོར་ཚུལ་ནི་རབ་རྒྱས་པའང་།། སྒྱུ་མ་ལྟ་བུའི་ཏིང་འཛིན ་གནས།། རྣམ་པ་སྣ་ཚོགས་ཁ་དོག་ཀྱང་།། སྒྱུ་མ་ལྟ་བུར་རབ་ཏུ་སྦྱར།། མྱ་ངན་འཇུགས་དང་ཆགས་བྲལ་དང་།། སྐྲག་དང་དེ་བཞིན་རྨོངས་པ་དང་།། སྡུག་བསྔལ་བ་དེ་ཡོད་མིན་པས།། དེ་བཞིན་མི་སྡུག་མཐོང་ཐོས་དང་།། ཡིད་དུ ་མི་འོང་དྲི་རེ་དང་།། རེག་བྱ་རྩུབ་སོགས་གང་གྱུར་བྱ།། ཚུལ་དང་མྲྀ་མཐུན་རང་བཞིན་རྣམས།། སྒྱུ་མ་ལྟ་བུས་དག་པར་བྱ།། བཤང་དང་གཅི་སོགས་འཇུག་པ་དང་།། གྲངས་དང་རིམས་སོགས་ནད་དང་ནི།། རྒས་ལས་སོགས་པའི ་རང་བཞིན་རྣམས།། དེ་རྣམས་སྒྱུ་མིའི་སྨན་གྱི་གསོ།། ཆོས་གང་གིས་ནི་བྱས་པ་རྣམས།། འཁོར་བའི་གནསུ་འཇུག་འགྱུར་བ།། ཆོས་ཉིད་ཀྱིས་ནི་རྣལ་འབྱོར་པ།། བདེ་བ་ཆེན་པོའི་གནས་ལ་འཇུག། འདོད་ཡོན་ལྔ་ཡིས་བདེ་བ ་ཡིས།། བྱིས་པ་རྣམས་ནི་འཆིང་རྗོད་དོ།། ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ།། སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར།། ཆགས་དང་རྒྱགས་དང་སྲེད་པ་དང་།། དེ་བཞིན་བྱམས་དང་སྙིང་རྗེ་དང་།། དགའ་དང་བཏང་སྙོམས་ཉིད་དང་ནི།། ། ་སྟོབས་དང་དེ་བཞིན་སྐྱོ་བ་དང་།། དཔའ་དང་མི་སུན་འདུག་པ་དང་།། དྲག་ཤུལ་དེ་བཞིན་དཀའ་བར་སྦྱོར།། སྣང་བའི་རང་བཞིན་གཞན་དག་ཀྱང་།། བདག་བྱིན་བརླབ་པའི་བདེན་པས་བསྡུ།། ཕྱག་རྒྱ་གཅིག་དང་ལྡན་པ་འམ།། ཡང་ན་ཕྱག ་རྒྱ་བཞི་དང་ལྡན།། བཙུན་མོའི་འཁོར་ན་བཞུགས་པས་ཀྱང་།། བདགྲ་བྱིན་བརླབས་པ་རྗེས་དྲན་བྱ།། གཟུགས་དང་སྒྲ་དང་དེ་བཞིན་དྲི།། རོ་དང་རེག་བྱ་ལྡོག་པ་རྣམས།། བདེ་ཆེན་གོ་འཕངས་གནས་ནས་ཀྱང་།། རྣལ་འབྱོར་པ་ཡི་སོ་རྟག ་ཎྱ་མཱུངྒ།། རྒྱུད་མངས་དང་ནི་རྒྱུད་གཅིག་དང་།། སྟུག་པོ་དང་ནི་གླིང་བུ་ཉིད།། རོལ་མོ་རྣམ་བཞི་རྣལ་འབྱོར་པས།། བདག་བྱིན་བརླབ་པས་རབ་ཏུ་འཇུག། རྟག་ཏུ་སྒེག་ལ་སོགས་པ་ཡི།། གུར་གྱི་རོ་དགུར་ཡང་དག་འབྱུང་།། སྒྱུ་མ་ལྟ་བུའི ་ཏཱི་འཛིན་གྱིས།། རྣལ་འབྱོར་པའི་ལོངས་སྤྱོད་བྱ།། རྣལ་འབྱོར་རྒྱུད་ལས་གང་གསུངས་པའི།། བརྡོ་སོགས་ཆོ་ག་རྒྱས་པ་དག། སྒྱུ་མ་ལྟ་བུར་དམིགས་པ་ཡིས།། རྣལ་འབྱོར་པས་ནི་དེ་ལ་འཇུག། འབྱེད་པ་དང་ནི་འཛུམས་པ་དང་།། ་རྒོད་དམ་དེ་བཞིན་སྨྲ་བ་དང་།། འགྲོ་འོང་ཉལ་ལམ་ཟ་ན་ཡང་།། སྒྱུ་མའི་ལུས་སུ་དྲན་པར་བྱ།། སྣ་ཚོགས་རྟོགས་པས་བརྟགས་པ་ཡཾ།། འགྲོ་བའི་བདག་པོས་རོལ་པ་གང་།། འདོད་ཆགས་ཆེན་པོའི་ཚུལ་གནས་ནས།། དེ ་ཉིད་རིག་པས་རྣམ་པར་དཔྱད།། ལྟ་བ་ཐམས་ཅད་སྤངས་པ་ཡི།། བདག་བྱིན་བརླབ་པ་འདི་ཐོས་ནས།། ལས་རྣམས་ཐམས་ཅད་བྱ་བ་འམ།། ཇི་ལྟར་འདོད་པ་བཞིན་དུ་རྒྱུ།། མཆོད་རྟེན་ལས་ནི་མི་བྱ་ཞིང་།། གླེགས་བམ ་ཀླགྶ་པ་མི་བྱ་སྟེ།། བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་།། བྱ་བ་དང་ནི་ཀླག་པའང་བྱ།། ལྷ་ལ་གདུད་པར་མི་བྱ་ཞིང་།། དགེ་སློང་རྣམས་ལ་ཕྱག་མི་བྱ།། བདག་བྱིན་བརླབ་པའི་རིམ་ཉིད་ཀྱིས།། ཡང་ན་ཀུན་ལ་ཕྱག ་བྱའོ།། སྔགས་དགོད་པ་ནི་མི་བྱ་ཞིང་།། ཕྱག་རྒྱ་འཚོང་བའང་དེ་བཞིནོ།། སྔགས་ཀྱི་བཟླས་བརྗོད་མི་བྱ་སྟེ།། ཡོད་ན་གཟུགས་བརྙན་ལྡན་པར་བྱ།། ཕྱི་རོལ་དོན་ནི་ཡོད་མིན་པས།། འདི་དག་རང་གི་སེམས་སུ་བལྟ།། དེ་བཞིན་སྒྱུ་མར་བསྒོམས ་ནནས་ནི།། དེ་ཉིད་ཀྱང་ནི་རྗེས་དྲན་བྱ།། བས་མཽ་གཏན་ཆོ་ག་དཔག་མེད་དང་།། སྔགས་ཀྱི་སྐུ་ཡི་ཏཱིང་འཛིན་རྣམས།། ཇི་སྲིད་སྒྱུ་མ་རྙེད་མེད་ན།། ཀུན་ཀྱང་ས་ཡི་འབྲས་དོན་ཙམ།། ལུས་དང་གནས་དང་ལོངས་སྤྱོད་དང་།། ས་དང་ཕ་རོལ་ཕྱིན་ལ་སོག།། ་སངས་རྒྱས་རྫུ་འཕྲུལྔ་རྣམ་རོལ་པ།། ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་སྦྱིན།། ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ།། ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར།། དཔེ་བྱད་བརྒྱད་ཅུ་མཚན་ཆེན་སུམ་ཅུ་གཉིས།། དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན ་ལུས་ཉིད།། མཁའི་དབྱིངས་དབང་པོའི་མཚོན་ཆ་ཁ་དོག་སྣང་བ་ལྟར།། དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་པོ་ལ་སོགས་པས།། དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལྔ།། ཡན་ལག་མ་ཉམས་ཕུན་སུམ་ཚོགས ་པའི་གཟུགས་ནི་སྟོན་པོར་མཛད།། གང་ཞིག་གསེར་དངུལ་དང་ནི་ནོར་བུ་དུང་དང་ཤེལ་བྱུ་རུ།། བཾ་ཌཱུནྱ་དང་ཟངས་དང་སྟེང་སོགས་ཡང་དག་གནས།། ན་མཁའི་ངོས་ནས་རི་བོང་ཅན་གྱིས་གཟུགས་ནི་གཅིག་ཤར་བས།། དེ་ལ་རྣམ་པར་འཇུག ་པས་ཤིན་ཏུ་གསལ་བར་གང་བྱས་ལྟར།། རང་དངོས་སྣ་ཚོགས་གཟུགས་ཅན་ཟད་མི་གང་།། འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད།། རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་པའི།། སེམས་མགོན་རྡོ་རྗེ་དེ་ཡང་དེ་བཞིནོ།། གཟུགས ་སོགས་རྣམ་པ་ལྔ་དང་གླང་ཡུང་སྐྱེ་མཆེད་རྣམས་དེ་ནས།། བཅཝོ་བརྒྱད་ཞེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལཱྀ་དང་ཡང་།། ཡེ་ཤེས་ལྔ་པོ་དང་ནི་ཡུལ་དེ་འགྲོ་བ་མྨེ་ལུས་ཀུན།། སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་དེ་གཞན་མ་ཡིན། ་རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན།། གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས།། རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ།། དེ་དེའི་རང་བཞིན་རྡོ་རྗེ་འཛིན་ཏེ་གཞོན་མིན་བལྟ།། དེ་ལྟར་འགྲོ་བ་མ་ལུས་རང་གི་སེམས་ལས ་བྱུང་བས་ཏེ།། སྲིད་དང་ཐར་པ་རྟོག་དང་ཡང་དག་ལྡན་པའི་རྣམ་པར་ཤེས།། གང་གིས་སྲིད་པའི་རྒྱ་མཚོ་སྡུག་བསྔལ་རྒྱ་མཚོར་འཁོར་འགྱུར་ལས།། ལེགས་སྦྱངས་ཕ་རོལ་སོན་པའི་འབྲས་ལྡན་དེ་ལ་བསྟོད་ཕྱག་འཚལ།། སློབ་དཔོན་ཆེན ་པོ་ཨཱརྱཱ་དཱི་བས་མཛད་པའི་བདག་བྱིན་གྱིས་བརླབ་པའི་རིམ་པ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨི་བྷཱི་བོ་དྷི་ཀྲ་མ་ཨུ་པ་དེ་ཤ། བོད་སྐད་དུ། མངོན་པར་བྱ། ་