| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཙིརྞྞ་པ་ར་བི་ཤོ་དྷ་ནཱ་མ་དྲ་ཀཱ་ར་ཎཾ། བོད་སྐད་དུ། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། བླ་མ་དམ་པའི་ཞབས་ལ་ཕྱག་འཚ་ལོ།། འཇམ་དཔལ་གཞོན་གྱུར་པ་ལ་ཕྱག ་འཚལོ།། ཐོག་མ་མཐའ་མ་མེད་ཞི་བ།། དངོས་དང་དངོས་མེད་རྣམ་པར་སྤངས།། རྣམ་པར་རྟོག་མེད་དམིགས་དང་བྲལ།། གནས་པ་མེད་པ་གཉིས་མེད་པོ།། འགྲོ་བ་མེད་པ་དཔེ་མེད་པ།། བརྗོད་མེད་པ་བལྟར་མེད་པ།། གནས་པ་མེད་པ་གནོས ་མེད་པ།། འགྱུར་བ་མེད་པས་འདུས་མ་བྱས།། སངས་རྒྱས་ཐམས་ཅད་ཀྱི་ནི་གནས།། སྐུ་ནི་སྙིང་རྗེའི་རང་བཞིན་ཉིད།། སེམས་ཅན་མོས་པ་སྣ་ཚོགས་ལ།། ཐབས་རྣམས་སྣ་ཚོགས་རབ་སྟོན་པའོ།། འདོད་ཆགས་ཆེན་པོ་ཚུལ་ཕྱག་འཚལ ་པདྨ་གར་དྲང་དུ་ཁྱོད་ཕྱག་འཚལ།། རང་གི་སེམས་ནི་རྟོགས་བྱའི་ཕྱིར།། ཅུང་ཞིག་ཙམ་ཞིག་བརྗོད་པར་བྱ།། རྣལ་འབྱོར་སྤྱོད་པའི་ཚོགས་ཀྱི་ནི།། ཐམས་ཅད་ཉིད་དུ་རབ་ངེས་པ།། བརྗོད་པར་བྱ་བ་འདི་དག་ཉིད།། དེ་ཕྱིར་འདི་དག་སྤྱོད་པོར་བྱ།། ལས ་དྲག་གང་གི་འགྲོ་བ་རྣམས།། གང་དང་གང་དུ་འཆིང་འགྱུར་རོ།། ཐབས་དང་བཅས་ན་དེ་ཉིད་ཀྱིས།། སྲིད་པའི་འཆིང་ལས་གྲོལ་བར་འགྱུར།། སེམས་ཙམ་རྣམ་པར་དག་པའི་ཕྱིར།། འབྲས་བུ་རྣམ་པར་དག་པར་འགྱུར།། འདི་དགྲ་ཤིན་ཏུ ་རྒྱས་པར་ནི།། ཐེག་པ་ཆེན་པོར་གསལ་བར་བསྟན།། ཆོས་དང་གང་ཟག་དབྱེར་མེད་པ།། ཡེ་ཤེས་ཙམ་དུ་ཐུབ་པས་གསུངས།། དེ་ལྟ་ན་ཡང་འདི་ལྟར་འབྱུང་།། རིག་པ་དང་ཡང་རབ་ཏུ་མཐུན།། དངོས་འཛིན་གདོན་གྱིས་ཟིན་པ་ཡིས།། ཞེན ་པ་རབ་ཏུ་གསལ་བྱའི་ཕྱིར།། ལུང་ལས་ཀྱང་ནི་གསལ་པོ་རུ།། རྒྱས་པར་སྙིང་རྗེའི་བདག་ཉིད་གསུངས།། ཆོས་རྣམས་སྔོན་དུ་འགྲོ་བའི་ཡིད།། ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ།། ཡིད་གཉིས་ཀྱིས་ནི་འབྱུད་པ ་ཡང་།། སྨྲ་བ་འམ་ནི་བྱེད་པའོ།། དགེ་སློང་རང་གི་ཕ་རྒན་གྱིས།། མྱུར་གྱིས་ཞེས་ནི་བསྐུལ་གྱུར་ནས།། བསྐུལ་བས་དེ་ཉིད་ཤ་གྱུར་ཀྱང་།། མཚམས་མེད་སྦྱོར་བ་མ་ཡིན་ནོ།། ཤིན་ཏུ་ན་བའི་དགྲ་བཅོམ་པས།། དགེ་སློང་ནད་གཡོགས་བྱེད ་ང་ཡིས་མགྲིན་པ་སྡོམས་ཞེས་བསྟན།། དེ་ནི་ཤི་ཡང་སྐྱོན་མེད་བསྟན།། འདུ་ཤེས་གཞན་གྱིས་གཞན་དག་ནི།། ཤི་ཡང་ཉེས་ཏེ་མི་སྤྱོད་པར།། འདི་འདྲ་ལུང་ལས་གསལ་པོར་བསྟན།། དེ་ཕྱིར་སེམས་དགེ་ཉེས་པ་མེད།། དེ་འདས ་བྱས་པའི་བློ་ཡིས་ནི།། མཆོད་རྟེན་བླ་ཤིག་ཀྱང་ཉེས་མེད་དེ།། ཉེ་བའི་མཚམས་མེད་བྱས་པས་ཀྱང་།། བསྟོད་ནམས་ཕུང་པོ་འབའ་ཞིག་གོ།། བསམ་པ་བཟང་པོས་མཆིལ་ལྷམ་གཉིས།། ཐུབ་པའི་དབུ་ལ་བཞག་པ་དང་།། དེ་ཉིད་གཞན་གྱིས ་བསལ་བྱས་པ།། གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར།། དེ་ཕྱིར་བསམ་པའི་རྩ་བ་ལས།། བསོད་ནམས་སྡིག་པ་རྣམ་པར་གནས།། ལུང་ལས་འདི་ལྟར་གསུངས་པའི་ཕྱིར།། སེམས་དགེ་བ་ལས་ཉེས་པ་མེད།། རང་ལྷར་སྦྱོར་བའི་བདག་ཉིད ་ཀྱིས།། འགྲོ་བའི་དོན་ནི་བྱེད་བརྩོན་པས།། རྣལ་འབྱོར་འདོད་ཡུལ་ལོངས་སྤྱད་ཀྱང་།། གྲོལ་འགྱུར་གོས་པར་མི་འགྱུ་རོ།། ཇི་ལྟར་དུག་གི་དེ་ཉིད་ཤེས།། དུག་ལ་སྤྱད་ནས་ཟ་བར་བྱེད།། འདི་ནི་བརྒྱལ་བར་མི་འགྱུར་ཞིང་།། ནད་ལས་ཐར་པ་འགའ་ཞིག ་འགྱུར།། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི།། གྲོང་དང་རྨི་ལམ་ཇི་བཞིན་དུ།། འགྲོ་བ་ཐམས་ཅད་རྣམ་བལྟས་ལ།། ཅི་ཞིག་ཇི་ལྟར་སུ་ཞིག་སྤྱོད།། བྱིས་པ་རྣམས་ནི་གཟུགས་ལ་ཆགས།། འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར།། གཟུགས་སོགས་ངོ་བོ་ཉིད་ཤྲེ ་ནས།། བློ་མཆོག་རྣམས་ནི་གྲོལ་བར་འགྱུར།། དམ་ཚིག་ཐམས་ཅད་རྣམ་བསམ་ལ།། ལྷ་ལ་མཆོད་པའི་ཆོ་ག་ཡིས།། ཐེ་ཚོམོ་མེད་པར་བཟང་པོར་བལྟ།། སྔགས་ཀྱིས་བསྐུལ་ལ་ལོངས་སྤྱད་བྱ།། ཡི་གེ་གསུམ་གྱི་སྦྱོར་བ་ཡིས།། སྦྱང་དང་རྟོགས ་དང་དེ་བཞིན་སྤར།། སྲིན་ལག་མཐེ་བོང་རྩེ་མོ་ཡི།། དེ་བཞིན་གཤེགས་རྣམས་ཚིམ་པར་བྱ།། བྱིས་པ་རྣམས་ལ་འདི་བདེན་པ།། དེ་ནི་རྣལ་འབྱོར་པ་ལ་བརྫུན།། དེ་ཙམ་ཞིག་ཏུ་ལོངས་སྤྱད་པ།། བཅིངས་པ་མེད་ཙོང་གྲོལ་བ་མེད།། འཁོར་བ་མྱ་ངན ་དྲས་པ་ཞེས།། དེ་ཉིད་མ་མཐོང་བ་ཡི་སེམས།། འཁོར་མེད་མྱ་ངན་འདས་མེད་ཅེས།། དེ་ཉིད་མཐོ་ས་རྣམས་ཀྱི་སེམས་རྣམ་པར་རྟོག་པ་གདོན་ཆེན་པོ།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན།། རྣམ་པར་མི་རྟོག་བདག་ཉིད་ཆེས།། སྲིད་པའི ་མཆིང་ལས་གྲོལ་བར་འགྱུར།། ཐེ་ཚོམ་དུག་གིས་གནོད་པ་ནི།། སྐྱེ་བོ་དུག་གིས་གནོད་པ་བཞིན།། དེ་ཉིད་རྩེ་བ་ནས་བཏོན་ལ།། སྙིང་རྗེའི་བདག་ཉིད་ཅན་གྱིས་སྤྱད།། དཔེར་ན་ཤེལ་སྒོང་དག་པ་ནི།། ཁ་དོག་གཞན་གྱིས་བསྒྱུར་བར་བྱེད།། དེ ་བཞིན་རིན་ཆེན་སེམས་འདི་ཡང་།། རྟོག་པའི་ཚོན་གྱིས་བསྒྱུར་བ་ཉོད།། ཐ་མལ་རྟོག་པའི་ཚོན་གྱིས་ནི།། རིན་ཆེན་སེམས་ནི་དབེན་འགྱུར་ན།། ཐོག་མ་ནས་དག་མ་སྐྱེས་པ།། གཉུག་མའི་རང་བཞིན་དྲི་མེད་གང་།། བྱིས་པས་གང་དང་གང་སྨད་པ།། ། ་དེ་དང་དེ་ལ་འབད་པས་སྤྲོས།། རང་གི་ལྷ་ཡི་སྦྱོར་བ་ཡིས།། སེམས་ནི་དྲི་མེད་བྱ་བའི་ཕྱིར།། རྣལ་འབྱོར་དགེ་བའི་སེམས་ཀྱིས་ནི།། ཆགས་མེད་དུག་གིསུ་རྨོངས་པ་ཡིས།། འདོད་ཅན་མ་ལ་འདོད་སྤྱད ་པས།། འདོད་པས་ཐར་པ་ཐོབ་པར་འགྱུར།། དཾ་བཱི་ར་ན་བདག་ཉིད་མཁོའ་ལྡིང་དུ།། བསྒོམས་ནས་དུག་ཀུན་འཐུང་བྱེད་པ།། བསྒྲུབོ་བྱའི་དུག་ཀྱང་མེད་པར་བྱེད།། དུག་གིས་ཟིལ་གྱིས་མི་ནོན་ནོ།། འཁོར་ལོ་དཔག་ཚད་བཅུ་གཉིས་པ། ་ལྕགས་བྱས་མགོ་ལ་འཁོར་བ་ཡང་།། བྱང་ཆུབ་སེམས་ནི་བསྐྱེད་མ་ཐག། མེད་པར་གྱུར་ཞེས་ཐོས་པ་ཡིན།། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད།། རྫོགས་པའི་བྱང་ཆུབ་སེམས་བྱས་པ།། དེ་ཡིས་མི་བྱ་གང་ཡང་མེད།། འགྲོ་བ་བཅུ ་བའི་བསམ་པ་ཡིས།། ཐོག་མ་ནཱ་དག་མ་སྐྱེས་པ།། དངོས་པོ་མེད་པོ་དྲི་མེད་པ།། འགྲོ་བ་བསམ་པས་ཡང་དག་མཐོང་།། བཅིངས་པ་མེད་ཅིང་གྲོལ་བ་མེད།། ཧཱུ~ཾ་ཡཱ་ཡོན་ཏཱན་རྒྱས་པོར་ནི།། རྣལ་འབྱོར་ཆོ་ག་བཞིན་བསམསོ་ནས།། ཆགས་པའི་སེམས་ཀྱིས ་ཆགས་པའམ།། ཆགས་པ་སྤྱད་ནས་གྲོལ་པོར་འགྱུར།། ཙི་བྱ་གདྷ་ལ་དམིགས་ཤེས་ན།། དངོས་པོ་ནུས་པཱ་སྣ་ཚོགས་པ།། ཛཱི་ལྟར་དུག་གིས་ཟིན་པ་འགའ།། དུག་ཉིད་ཀྱིས་ནཱི་དོག་མེད་བྱེད།། རྣ་བའི་ཚུ་ལ་ཆུ་ཉིད་དང་།། ཚོར་མ་ཟུག་ལ་ཚེར་མ་ལྟར།། དེ ་བཞིན་ཆགས་ལ་ཆགས་ཉིད་ཀྱིས།། མཁས་པ་རྣམས་ཀྱིས་འཛིན་པར་བྱེད།། དཔེར་ན་ཁྲུས་མཁན་དྲི་མི་ཡིས།། གོས་ཀྱི་དྲི་མ་མེད་པར་བྱེད།། ཇི་ལྟར་རྡུལ་གྱི་མེ་ལོང་གི། དྲི་མ་འདག་པར་འགྱུར་བ་བཞིན།། དེ་བཞིན་མཁས་པས་ཉེས་པ་དག། ་ཉེས་པ་སྦྱངས་ཕྱིར་བསྟེན་པར་བྱ།། ལྕགས་ཀྱི་གོང་བུ་ཆུ་ནང་དུ།། ཇི་ལྟར་གཏིང་དུ་འགྲོ་བར་འགྱུར།། དེ་ཉིད་སྣོད་དུ་བྱས་པས་སུ།། བདག་དྲང་གཞན་ཡང་སྒྲོལ་བར་བྱེད།། དེ་བཞིན་སྣོད་དུ་བྱས་པའི་སེམས།། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། ་འདོད་པས་སྤྱོད་བཞིན་གྲོལ་པོར་འགྱུར།། གཞན་དག་ཀྱང་ནི་གྲོལ་བར་བྱེད།། རྣམ་ཤེས་ངན་པས་བསྟེན་བྱས་ནི།། འདོད་པ་འཆིང་བ་ཉིད་དུ་འགྱུར།། དེ་ཉིད་མཁས་པས་བསྟེན་བྱས་ནས།། འདོད་པས་ཐར་པར་རབ་ཏུ་སྒྲུབ།། འོ་མས་དུག་ནི ་ཞིག་འགྱུར་བ།། འཇིག་རྟེན་ཀུན་ལ་རབ་ཏུ་གྲགས།། དེ་ཉིད་སྦྲུལ་གྱིས་འཐུངས་ནས་ནི།། དུག་ནི་ཤིན་ཏུ་འཕེལ་བར་བྱེད།། ཇི་ལྟར་དང་པས་འོ་མ་ནི།། ཆུ་ལས་འཐུང་བར་བྱེད་པར་ལྟར།། དེ་བཞིན་མཁས་པས་དུག་བཅས་ཡུལ།། སྤངས་ནས ་སྨད་པས་གྲོལ་བར་འགྱུར།། ཇི་ལྟར་ཆོ་ག་བཞིན་སྤྱད་ན།། དུག་ཀྱང་བདུད་རྩིར་འགྱུར་བ་ཡིན།། བྱིས་པ་རྣམས་ཀྱི་མར་ཁྲིམས་སོགས།། བཟའ་མ་ལེགས་པ་དུག་ཏུ་འགྱུར།། དེ་ལྟར་སེམས་ནི་འདི་ཉིད་ཀྱང་།། གཏན་ཚིགས་བཟང་པོས་སྦྱངས་བྱས། ་ནོ།། རྣམ་པར་མི་རྟོགས་དམིགས་མེད་པ།། རོང་བཞིན་དྲི་མེད་རབ་ཏུ་སྣང་།། ཇི་ལྟར་མེ་ནི་ཆུང་ངུ་ཡང་།། མར་དང་སྙིང་སོགས་འདུས་བྱས་པས།། སྣང་བ་དྲི་མེད་མི་གཡོ་བ།། བསྟན་པའི་མུན་པ་རྣམ་འཇིག་འགྱུར།། ཇི་ལྟར་ཕྲ་བའི་སྡོང་པོ་ལྟོས།། ་ཇི་ལྟར་ལོ་མ་འབྲས་བུ་ཡིས།། བརྒྱན་པའི་ཤིང་ཆེན་འབྱུང་བར་འགྱུར།། ཡུང་དང་རྡོ་ཐལ་སྦྱར་བ་ལས།། ཁ་དོག་གཞན་ཞིག་འབྱུང་པོར་འགྱུར།། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། ཆོས་དབྱིངས་མཁས་པ་དེ་ལྟར་ཤེས།། མར་དང་སྦྲང་རྩི ་མཉམ་ལྡན་པས།། དུག་ཉིད་དུ་མི་འགྱུར་བ་ཡིན།། དེ་ཉིད་ཆོ་ག་བཞིན་སྤྱད་ན།། བཅུད་ཀྱི་ལེན་གྱི་མཆོག་ཏུ་འགྱུར།། དངུལ་ཆུས་རེག་པའི་ཟངས་མ་ནི།། ཇི་ལྟར་སྐྱོན་མེད་གསེར་དུ་འགྱུར།། དེ་བཞིན་ཡང་དྲག་ཡེ།། ་ཤེས་ནི།། སྦྱངས་བྱས་ཉོན་མོང་བཟང་པོར་བྱེད།། ཐེག་པ་དམན་ལ་ཞོན་པ་རྣམས།། སྐད་ཅིསོ་སྐད་ཅིག་འཆིང་བར་བྱེད།། གཡུལ་ལས་རྒྱལ་བར་བྱ་བའི་སེམས།། རིང་པ་ཉིད་དུ་རྣམ་པར་གནས།། ཐེག་པ་ཆེན་ལ་ཞོན་ནས་ནི།། ་སྙིང་རྗེའི་གོ་ཚེ་བགོ་བྱས་ནས།། ཤེས་རབ་རྒྱུད་བཅས་མདའ་དང་གཞུས།། འགྲོ་བ་གཟུང་བའི་བསམ་པ་ཡིས།། སེམས་དཔའ་ཆེ་དང་ཐབས་ཆེ་བ།། བརྟན་པའི་བློ་ནི་གཉིད་སངས་ནས།། བརྒལ་དཀའ་གཡུལ་ལས་རྒྱལ་བྱས་ནས།། གཞན ་དག་ཀྱང་ནི་སྒྲོལ་བར་བྱེད།། རང་དོན་ཙམ་ལ་གཞོལ་བས་ནི།། བྱོལ་སོང་རྣམས་ཀྱང་ཉོན་མོངས་བྱེད།། འགྲོ་བའི་དོན་ནི་བྱེད་པ་པོ།། འགྲོ་བ་དེ་གཏོར་པདྨཱ་ན།། གྲང་དང་རླུང་སོགས་སྡུག་བསྔལ་རྣམས།། རང་དོན་ཞུགས་ལས་ཀྱང་བཟོད་ན། ་འགྲོ་བའི་དོན་ལ་ཞུགས་རྣམས་ལྟ།། དེ་མི་བཟོད་པ་ཇི་ལྟ་བུ།། དམྱལ་བ་ལ་སོགས་པ་སྡུག་བསྔལ་ཡང་།། སྙིང་རྗེ་ཅན་གྱི་བཟོད་བྱ་ན།། གྲང་དང་རླུང་སོགས་སྡུག་བསྔལ་དག། ད་ལྟར་གྱི་ལ་བསམ་ཅི་དགོས།། དཀའ་ཐུབ་བརྟག་པ་མི་བྱ་ཞིང་།། ་བསྙུང་བ་ཡང་ནི་བྱ་བ་མེད།། འདིར་ནི་ཁྲུས་དང་གཙང་སྦྲ་མེད།། གྲོང་བའི་ཆོས་ནི་སྤང་བར་བྱ།། སེན་མོ་རྐང་དང་རུས་པ་སེ།། པ་ཡི་ཁུ་བའི་རྒྱུ་ལས་སྐྱེ་སཾ།། ཤ་དང་ཁྲིག་དང་སྒྲ་ལ་སོགས།། མ་ཡི་ཁྲག་ལས་ཡང་དག་བྱུང་།། འདི་ལྟར་མི་གཙང་ལས ་བྱུང་ཞིང་།། མི་གཙང་བ་སྤུ་གང་རིལ་པོ་གང་།། དེ་ལྟ་བུ་ཡི་ལུས་འདི་ཉིད།། གང་གཱར་དཀྱུས་ཀྱང་ཇི་ལྟར་འདག། མི་གཙང་ཕུར་མ་ཆུ་དག་གིས།། ཡང་ཡང་དཀྱུས་ཀྱང་དག་མི་འགྱུར།། དེ་བཞིན་མི་གཙང་བས་གང་བའི།། ཕུར་མ་འདི་ཡང་འདག ་མི་འགྱུར།། གངྒཱའི་ཀླུང་ལ་ཁྱི་དག་གིས།། རྐྱལ་ཞིང་འཕྱོ་ཡང་དག་མི་འགྱུར།། དེ་ཕྱིར་ཆོས་འདོད་སྐྱེས་བུ་དག། འབབ་སྟེགས་ཁྲུས་བྱེད་འབྲས་བུ་མེད།། ཁྲུས་ཀྱི་གལ་ཏེ་དག་འགྱུར་ན།། ཉ་པ་རྣམས་ཀྱང་དོན་བྱས་འགྱུར།། ཉན་དང་མཚན་དུ ་གནས་པ་ཡི།། ཉ་ལ་སོགས་པ་སྨོས་ཅི་དགོས།། ཁྲུས་ཀྱི་སྡིག་པ་ཟད་པ་ཡང་།། དྲིས་པར་ཡོད་པ་མོ་ཡིན་ཏེ།། ཇི་ལྟར་འབབ་སྟེགས་བསྟེན་པ་ལ།། འདོད་ཆགས་ལ་སོགས་འཕེལ་བར་མཐོང་།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ ་ལྟ་བ་ཐེ་ཚོམ་རྣམས།། སྡིག་པའི་རྩ་བར་རབ་ཏུ་གྲགས།། འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན།། བདག་དྲང་བདག་གྲིར་འཛིན་པ་ལས།། སྲོག་ཆགས་རྣམས་ལས་བྱུང་བ་ཡིན།། དེ་ཡང་མ་རིག་རྩུ་བ་ལས།། མ་རིག་དེ་ཡང་ཁྲུལ་པར་འདོད།། དེ ་ལྟར་ཉ་བྱིས་ལ་དངུལ་བློ།། ཉ་ཕྱིས་མཐོང་བས་ལྡོག་པར་འགྱུར།། བདོག་མིང་མཐོང་བས་དེ་ཡང་ནི།། རྩ་བ་ཉིད་ནས་མེད་པར་འགྱུར།། དཔེར་ནི་ཐག་པ་སྦྲུལཱྀ་གྱི་བློ།། ཐག་པར་ཤེས་ན་ལྡོག་པར་འགྱུར།། དེ་ལྔས་སྦྲུལ་གྱི་བློ་ཡི་བར།། ་བ་དེ་ལས་ཡང་མི་འབྱུང་།། དེ་བཞིན་འདི་ལ་བདེན་པའི་བློ།། ཡེ་ཤེས་རྡོ་རྗེ་ལྡོག་པར་འགྱུར།། དེ་ནི་འབྱུང་བར་མི་འགྱུར།། ས་བོན་བསྲེགས་པའི་མྱུ་གུ་བཞིན།། བདག་ཉིད་མི་གཙང་འདུས་པ་ཡིས།། གོང་བུ་ས་ཡི་རང་བཞིན་ཉིད།། དེ་འདུས་པ་ཡི་ཆོས ་འགྱུར་བར།། བྱིས་པ་དགའ་བར་རྣམ་རྟགས་པས།། ཟླ་བ་འཕེལ་དང་འགྲིབ་པ།། བལྟས་ནས་ཆེ་གྲངས་བརྟགས་པ་ལ།། ཉི་མ་འཕེལ་དང་འགྲིབ་པས་ཀྱང་།། ཉིན་དང་མཚན་མོར་རྣམ་པར་བརྟག། ཤར་སྱ་སོགས ་པའི་ཐ་སྙད་ཀྱང་།། རྟགས་ལ་བལྟོས་ནས་བྱས་པ་ཡིན།། གཟའ་དང་རྒྱུ་སླར་ཁྱིམ་ལ་སོགས།། འཇིག་ཀུན་གྱི་རྣམ་པར་བརྟགས།། གྲང་དང་ཚ་དང་ཆར་འབབ་པ།། བལྟོས་ནས་དེ་བཞིན་དུས་རྣམས་བརྟགས།། རང་གི་ལས་ཀྱིས་འབྲས་སྤྱོད་པ།། ་བཟང་དང་ངན་པའི་གཟར་བསྟན་ཏོ།། མ་རིག་འདམ་གྱིས་གཏུམས་པ་ཡ།། སེམས་ཀྱི་ཡིད་བཞིན་ནོར་བུ་ཉིད།། སྐྱེས་བུ་མཁས་པས་བཀྲུ་བྱས་ནས།། མ་རིག་གང་གིས་ཡང་དག་བསྐྱེད།། གཟའ་དང་རྒྱུ་སྐར་ཚེ་གྲངས་དང་།། ཡུལ་དྲང་དུས་ལ་བལྟོས་མེད ་པར།། རྟོག་པ་མེད་པར་སྤྱད་པར་བྱ།། འཚོམ་མེད་ཐེ་ཚོམ་མེད་པར་ནི།། རྟོག་ཏུ་མེད་པར་སྤྱད་པར་བྱ།། དབང་པོ་ལམོ་དཀུར་གང་དང་གང་།། དེ་ནི་དྲྀ་ཡི་ངོ་བོ་ཉིད།། མཉམ་པར་མ་བཞག་སྦྱོར་བ་ཡིས།། ཐམས་ཅད་སངས་རྒྱས་རང་བཞིན་བྱ།། མིག་ནི་རྣམ ་པར་སྣང་མཛད་གཙོ།། རྣོ་བ་རྡོ་རྗེ་ཉི་མའོ།། སྣ་ནི་རྟ་མཆོག་ཉིད་ཡིན་ནོ།། ཁ་ནི་པདྨ་གར་དབང་ཕྱུག། དཔལ་ལྡན་ཧེ་རུ་ཀ་རྒྱལ་ལུས།། ཡིད་ནི་རྡོ་རྗེ་སེམས་དཔའ་སྟེ།། དེ་ལྟར་ཡང་དག་སྦྱོར་བ་ཡིས།། སྙིང་རྗེའི་བདག་ཉིད་ཅན་གྱིས་སྤྱད།། མཁས་པས ་སེམས་ནི་བརྟག་གྱུར་ནས།། མོ་རྟོག་པ་འདིས་འགྲུབ་པར་འགྱུར།། ཇི་ལྟར་འདོད་པས་བྱ་བ་ཡོས།། ཀུན་བཟང་ཀུན་བྱེད་དེ་བཞིན་ནོ།། ལས་དང་བྱེ་བ་ཀུན་བྱེད་ན།། ཇི་ལྟར་འདོད་པའི་བྱ་བ་ཡིས།། ལངས་དང་འདུག་པར་བྱེད་པ་དང་།། ཇི་ལྟར་འཆག་ནའང་དེ ་དེ་བཞིན།། རྒོད་དང་སྨྲ་བར་བྱེད་པ་དང་།། ཇི་ལྟར་དེ་ལྟར་གང་དེ་བཞིན།། དཀྱིལ་འཁོར་དུ་ནི་མ་ཞུགས་པ།། སྒྲིབ་པ་ཀུན་དང་ལྡན་པས་ཀྱང་།། རང་གི་ལྷ་སྦྱོར་བདག་ཉིད་ཀྱིས།། བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར།། འདིས་ནི་སངས་རྒྱས་ཐམས ་ཅད་དང་།། དཔའ་བོ་དག་ནི་ཐམས་ཅད་ཉིད།། ཚེ་འདི་ཉིད་ལ་ཡང་འདི་རིག། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཇི་ལྟར་འཇུག་རྟེན་ཕལ་པ་ལས།། རྣལ་འབྱོར་པ་ཡི་ཏིང་འཛིན་རྒྱལ།། གོང་མ་གོང་མའི་བློ་ཁྱད་ཀྱིས།། རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར།། ་ཤེས་རབ་ཆེ་དང་ཐབས་ཆེ་དང་།། བརྩེ་བ་ཆེ་དང་མོས་པ་ཉིད།། ཐེག་པ་ཆེན་པོར་ཡང་དག་བསྟན།། སེམས་ཅན་ཆེན་པོའི་སྤྱོད་ཡུལ་ཡིན།། གང་ཞིག་བསྐོལ་པ་གྲངས་མེད་ནི།། མང་པོས་མི་འཐོབ་པར་འདོད་པའི།། སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི།། ཐོབ ་པ་འདི་ལ་ཐེ་ཚོམ་མེད།། ཐེག་པ་ཆེན་པོ་བདག་ཉིད་ཚེ།། བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ནི།། ཀུན་ཁྱེན་པོ་འཕང་ཉམས་དགའ་བ།། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། ལུང་ལསྭ་མཉམ་པར་གསུངས་པ་གང་།། ཐེག་པ་ཆེ་ལྷ་མི་རིགས་ཏེ། ་བསམ་པ་ལྷག་བསམ་བྱེ་བྲག་གིས།། ཐེག་པའི་ཁྱད་པར་རབ་ཏུ་བསྟན།། གཞན་ཉིད་དུ་ནི་མོས་པ་དང་།། བྱང་ཆུབ་སྤྱོད་པ་དེ་བཞིན་གཞན།། སེམས་ཀྱི་རྣམ་དག་གཞན་ཉིད་ཀྱིས།། འདིར་ནི་འབྲས་བུ་གཞན་མཐོང་མེདུ།། ཇི་ལྟར་མེ་ལོང་དྲི་མེད་ལ།། ། ་དྲི་མ་མེད་པའི་མིག་གིས་གཟུགས།། དང་བའི་རང་བཞིན་དྲི་མེད་ལ།། ཤིན་ཏུ་གསལ་བར་སྣང་བ་ལྟར།། དེ་བཞིན་རྣལ་འབྱོར་ཡེ་ཤེས་ཀྱང་།། དྲི་མེད་ཡེ་ཤེས་མེ་ལོང་ལ།། རྟོག་པའི་དྲ་བ་རྣམས་སྦྱངས་པའི།། སེམས་དགེ་བ་ལ་རྣམ་པར་གསལ།། ་ཇི་ལྟར་ནོར་བུ་མེ་ཤེལ་ལ།། ཉི་མའི་འོད་ཀྱིས་ཀུན་རེག་པས།། དྲི་མ་ཐག་ཏུ་མེ་འབར་བས།། རང་གི་དོན་ནི་འགྲུབ་པར་ནུས།། རྟོག་པའི་དྲུ་བས་རྣམ་སྤངས་པའི།། ནོར་བུ་མེ་ཤེལ་འདྲ་བའི་ཡིད།། ཤེས་རབ་ཉི་མའི་འོད་ཕོག ་པས།། རྣལ་འབྱོར་དེ་བཞིན་འབར་བར་འགྱུར།། ཤིང་གཉིས་དྲག་ཏུ་བྲུད་པ་ལྔས།། ཇི་ལྟར་མུ་ན་འབར་འགྱུར་བ།། ཐོག་མ་བར་དང་མཐའ་དགྲ་ལ།། དངོས་པོ་མ་ལུས་རབ་སྣང་བྱེད།། ཤེས་རབ་ཐབས་སྦྱོར་བ་ལས།། རྣལ་འབྱོར་པ་ཡིས་དེ་བཞིན་ཤྲེ ་དཔེར་ན་མ་ར་མཽ་གཅིག་ཉིད་ལ།། སྙིང་པོ་གཞན་དག་ལ་བརྟེན་ནས། ཇི་བཞིན་གནསུ་རང་དོན་གཞན།། མཐོན་པོའི་གནས་ནས་སྣང་བར་བྱེད།། ཤེས་རབ་ཐབས་བདག་རྣམ་བསྒོམས་ཤིང་།། དཔག་ཏུ་མེད་པའི་ལུས་སྤྲོས་ནས།། སེམས་ཅན ་སྨོས་པ་སྣ་ཚོགས་ལ།། མཛད་པ་ཇི་བཞིན་ཉམས་བླངས།། ཇི་ལྟར་ཆོ་ག་ཤེས་པ་འགས།། ཉེས་པ་མེད་པའི་བསིལ་ཉམས་དགའ།། ནང་རྣམས་ཐམས་ཅད་ཟད་བྱེད་པའོ།། བདུད་རྩི་འོ་མ་དག་ལས་བླང་།། ཤེས་རབ་པོ་མོ་ཐབས་ཆེན་པོས།། ཆོ ་ག་བཞིན་དུ་བསྒྲུབ་ལས་སྐྱེས།། ཆོས་དབྱིངས་ཤིན་ཏུ་རྣམ་དག་པས།། བདེ་བ་དམ་པས་སྡུག་བསྔལ་འཇིག། མེ་ཏོག་འབྲས་བུ་ལྡན་པ་ཡི།། འཁྱིལ་ཤིང་ཀུན་ཏུ་འབྱུང་བ་ལྟར།། དེ་བཞིན་ཚོགས་གཉིས་དང་ལྡན་པའི།། སྐད་ཅིག་ཅིག་གིས ་མངོན་བྱང་ཆུབ།། དབང་དང་སྡང་དང་འགྲོ་བོ་རངས།། ཆར་དབབ་དགུ་པ་ལ་སོགས་པ།། ཤ་ཚང་དགའ་བའི་རྣལ་འབྱོར་པས།། བྱས་པར་གྱུར་ཀྱང་མཐོང་བར་འགྱུར།། ལག་པའི་གདུ་བུ་ལྟ་བུ་ལ།། མེ་ལོང་དག་ནི་དགོས་སམ་ཅི།། ཐེག་པ་ཆེན་པོ་དེ ་རྒྱས་ཡང་།། སྔགས་ཀྱི་ནུས་པ་བསྟན་པ་ཡིན།། ཕ་མ་བུ་མོ་འབྲེལ་པ་ནི།། འདིར་ནི་དེ་ཉིད་མེད་པར་བརྟགས།། ལྕགས་ཀྱི་རིང་བུ་བཤིག་པ་ལྟར།། འགྲོ་བ་དེ་བཞིན་བདེ་གཤེགས་གསུངས།། འབྱུང་ལྔའི་བདག་ཉིད་ཁུ་བ་དང་།། ཁྲག་ཀྱང་དེ ་དང་འདྲ་བ་དང་།། དེ་ཡི་རང་བཞིན་གློང་བུ་ལྟ།། ཟླུམ་ཟེ་གང་ཡིན་མཐར་སྐྱེས་གང་།། དགེ་སྦྱོང་དྲུག་གིསྣ་ལུས་འདི་ནི།། ཐམས་ཅད་ཕུང་པོ་ལྔ་བདག་ཉིད།། མི་རྟག་སྡུག་བསྔལ་སྟོང་པ་ལྔ།། རིགས་མེང་རིག་སྨྲ་དང་ལྡན་པ་གང་།། ཉ་བའི་མངས་དུ ་སྐྱེ་བ་གང་།། ཁྭ་ཅིག་གདོལ་པའི་སྐྱེ་ལྡན་པས།། དཀའ་ཐུབ་སྤྱད་པ་བྲམ་ཟེ་སྐྱེས།། དེ་ཕྱིར་རིགས་ནི་སྒྱུ་མ་ཡིན།། མ་དང་སྲིང་མོ་བུ་མོ་དང་།། སྒྱུག་མོ་དང་ནི་ཚེ་མོ་དང་།། བྲམྦ་ཟེ་རྒྱལ་རིགས་རྗེ་རིགས་མོ།། ཆོ་གེ་ཤེས་པ་དམངས་རིགས་མོ།། ་ཡོན་ལག་གཅིག་ནི་ཉམས་པ་དང་།། དམན་དྲང་སྐྲོད་དང་མཐར་སྐྱེས་ཀྱིས།། བཙུན་མོ་རྟག་ཏུ་མཆོད་པར་བྱ།། རྡོ་རྗེ་ཡེ་ཤེས་རྣམ་བསྒོམས་པས།། སྔགས་པས་སྤྱན་ནི་རྒྱས་གྱུར་ན།། ཞལ་ནི་རབ་ཏུ་བཞད་གྱུར་ཅིང་།། རྫོགས་པའི ་བྱང་ཆུབ་སེམས་བསྐྱེད་ནས།། རང་གི་ལྷ་ཡི་ཡིད་ཀྱིས་ནི།། བསྟོན་པས་སྐད་ཅིག་མཐོང་དང་བལྟ།། ཐོས་དོང་ཉན་པར་བྱེད་པ་ཡང་།། མྱོང་ཞིང་བདེ་ལ་སྤྱོད་པར་ལྡན།། གསལ་བའི་ངག་ཀྱང་སྨྲ་བར་བྱ།། ཁྲུས་དང་བསྐུ་མཉི་གོས་ལ་སོ ་བཟའ་བཏུང་ལ་སོགས་འབད་པ་ཉིད།། རང་འདོད་ལྷ་ཡི་བདག་ཉིད་དུ།། བསམ་ལ་ཆོ་གས་མཆོད་པར་བྱ།། གླུ་དང་བརྡུང་བ་དེ་བཞིན་གར།། ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད།། འདིར་ནི་དངོས་པོ་ཐམས་ཅད་ལ།། ལྷག་པར་ཆགས ་པར་མི་བྱའོ།། རང་གི་བདག་ཉིད་ཡོངས་སྤངས་ནས།། དཀའ་ཐུབ་ཀྱི་ནི་གདུང་མི་བྱ།། ཇི་ལྟར་བདེ་བས་བདེ་བ་བཟུང་།། འདི་ནི་མ་འོངས་རྫོགས་སངས་རྒྱས།། རྣལ་འབྱོར་ཐམས་ཅད་ལོངས་སྤྱོད་ཅིང་།། གང་ལའང་འཛིན ་མེད་རོལ་མོ་བྱ།། སྡིག་པ་མོད་ཀྱིས་ཁྱོད་མ་འཇིགས།། དམ་ཚིག་ཤིན་ཏུ་འདའ་བར་དཀའ།། སྔགས་ཀྱིས་སྐྱབས་ན་ཤིང་ལ་སོགས།། བེམས་པོ་རྨོངས་བཅས་རབ་དགའ་བ།། ལྷ་ཉིད་དུ་ནི་འགྱུར་བ་ཡིན།། ཤེས་དང་ལྡན་པའི་ལུས་ཅི་སྨོས།། ་ཐ་མལ་པ་ཡི་ང་རྒྱལ་ཉིད།། མཉམ་པར་བཞག་པས་ཡོངས་གཏང་།། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས།། ཐམས་ཅད་མཉམ་པར་སྤྱད་པར་བྱ།། དཔེར་ན་པདྨ་འདམ་སྐྱེས་ཀྱང་།། འདམ་གྱི་སྐྱོན་གྱིས་གོས་པ་མེད།། དེ་བཞིན་བག ་ཆུགས་སྣ་ཚོགས་ཀྱི།། སྐྱོན་གྱིས་རྣལ་འབྱོར་པ་མི་དགོས།། དཔེ་རཱ་ན་ཆུ་ཡི་ཟླ་བ་ལ།། ཆུ་ཡིས་མངོན་པར་གོས་པ་མེད།། སྣ་ཚོགས་གཟུགས་བརྙན་འདྲ་བ་ནི།། མཐོང་བའི་སྐྱོན་གྱིས་གོས་མི་འགྱུར།། ཐོགས་མེད་བག་ཆགས་འདམ་གྱི ་ནི།། རིན་ཆེན་སེམས་ནི་རབ་ཏུ་གོས།། ཤེས་རབ་ཐབས་ཀྱི་ཆུ་ཉིད་ཀྱིས།། བཀྲུས་ན་རབ་ཏུ་གསལ་བར་འགྱུར།། རླུང་གི་ལྷ་ཡི་རྣལ་འབྱོར་གྱིས།། བློ་ལྡན་སེམས་ནི་བརྟན་འགྱུར་ན།། ལྷ་ངན་སྦྱིན་ལས་གྲོལ་བར་འགྱུར།། སེམས་ཀྱི་ཉི་མ ་གསལ་བར་འགྱུར།། དོན་དམ་ངེས་པར་བྱས་ནས་ནི།། ཤེས་རབ་མཚོན་གྱིས་ཀུན་གཏུབས་ལ།། མ་རིག་སྦུབས་ཀྱིས་བཀབ་པ་ཡིསོ།། ཆོས་ཀྱི་དབྱིངས་ནི་བླང་བར་བྱ།། བརྟགས་པའི་བུམ་པ་སྐད་ཅིག་གིས།། ཤེས་རབ་ཐོ་བས་བཅག ་ནས་ནི།། རང་བཞིན་དྲི་མེད་གསལ་འགྱུར་བ།། ཡེ་ཤེས་སྒྲོན་མ་རབ་ཏུ་གསལ།། རབ་ཏུ་གསལ་བའི་འབྱུང་བ་རྣམས།། ས་དང་ཆུ་དང་མེ་དང་རླུང་།། སྔགས་ཀྱི་སྦྱོར་བ་ནུས་པ་ཡིས།། གཞན་ཉིད་དུ་ནི་འབྱུང་བར་བྱེད།། བརྗོད་པ་ཐམས་ཅད ་ཡོངས་སྤོངས་ལ།། སྔགས་ཀྱི་བརྗོད་པ་ཡང་དག་སྤྱོད།། བདེ་བའི་དངོས་གྲུབ་སྦྱིན་པ་ཡི།། སྔགས་ཀྱི་ནུས་པ་འདི་ལ་ལྟོས།། དཀོན་མཆོག་གསུམ་ནི་མི་སྤང་ཞིང་།། དེ་བཞིན་བླ་མ་བྱང་ཆུབ་སེམས།། སྲོག་ཆགས་རྣམས་ཀྱང་བསད་མི་བྱ།། ་དམ་ཚིག་དག་ཀྱང་བྱིན་གྱིས་བརླབ་སྟེ།། རིན་ཆེན་དང་ནི་གྱ་པུར་བཅུ་སྱ།། ཙིན་དོན་དམར་པོ་དེང་སྦྱར་བ།། ཐུབ་པ་རྡོ་རྗེ་ཆུ་ཞེས་བྱ།། ལྔ་པོ་དག་ཀྱང་བྱིན་གྱིས་བརླབ།། ལྷ་ཡི་དམ་ཚིག་གཞན་དག་ཀྱང་།། སེམས་ནི་སྤྲོ་བར་བྱེད་པ་ཅན།། ་དྲང་མེ་ནི་ཞི་བྱའི་ཕྱིར།། སེམས་ཀྱི་རྡོ་རྗེ་ཚིམ་པར་བྱ།། འཚོམ་བྱེད་ཐེ་ཚོམ་མེད་པར་ནི།། རྣལ་འབྱོར་རྣམ་རྟོག་མེད་བརྩོན་པས།། སེམས་ནི་མཉམ་པོར་སྦྱོར་བ་ཡིས།། སྔགས་པས་ཐམས་ཅད་མཉམ་པར་སྤྱོད།། སྦྲང་མིའི་རྐང་པ་ཙམ་གྱི ་ནི།། དུག་གིས་ཟིལ་གྱིས་ནོན་པར་འགྱུར།། འཚོམ་དང་ཐེ་ཚོམ་ཆུང་ངུས་ཀྱང་།། དེ་ལ་སྡུག་བསྔལ་བསྐྱེད་པར་བྱེད།། མཁས་པས་ལེགས་པར་འཐབ་པའམ།། ཡང་ན་ལེགས་པར་འབྲོས་པར་བྱ།། བར་མ་དི་ཡི་དངོས་པོ་ནི།། དོན་མེད་པ ་རུ་ལྟུང་བར་འགྱུར།། བླ་མའི་བཀའ་དང་ཕྱག་རྒྱ་དང་།། གྲིབ་མ་ཡང་ནི་འགོམ་མི་བྱ།། དེ་ཡི་ཡོན་ཏན་གཟུང་བར་བྱ།། སྐྱོན་ནི་ནམ་ཡང་མ་ཡིན་ནོ།། སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ།། འབད་པས་མཆོད་པར་བྱ་བ་ཡིན།། དེ་ཉིད་རྡོ་རྗེ་འཛིན ་རྟུལ་པོ།། མངོན་སུམ་གཟུགས་ཀྱུ་རྣམ་པར་གནས།། ཇི་ལྟར་ནོར་བུ་ཆུ་དང་གས།། རྙོག་མ་ཐམས་ཅད་དངས་བྱེད་པ།། དེ་བཞིན་དང་བ་ནོར་བུ་ཡས།། སམས་ཀྱི་ན་ཆེན་རྣམ་པར་བྱུང་།། ཤེས་རབ་མིག་དང ་བཱལ་གྱུར་ན།། དད་པའི་བདག་ཉིད་ཅན་རྨོངས་འགྱུར།། དེ་ཕྱིར་ལུང་རྟོགས་བདག་ཉིད་ཅན།། ཤེས་རབ་ཉེ་བར་སྐྱེད་པར་བྱ།། དད་ལྡན་ཐོས་མང་ཤེས་རབ་ལྡན།། རང་བཞིན་སྙིང་རྗེའི་བདག་ཉིད་ཅན།། འགྲོ་པོའི་སྡུག་བསྔལ་བསྩལ་བའི ་ཕྱིར།། དེ་ཡི་བདེ་བའི་ཐབས་ཤེས་བྱ།། སེམས་རྣམ་དག་པ་འདི་བྱས་པས།། བདག་གིས་དགེ་བ་གང་ལགས་པ།། རྣམ་པར་དག་པའི་སེམས་ཐོབ་ནས།། དེས་ནི་འགྲོ་བ་བདེ་ཐོབ་ཤོག། སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས ་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཨཱརྱ་དེ་བས་མཛད་པ་རྫོགས་སྷོ།། ། ་ཨཱ་ཙརྱ་ཛྙཱ་ནྡོ་ཀ་ར་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ།། བཀྲ་ཤིས། ་