CLOSE WINDOW

GT671: spyod pa bsdus pa'i sgron ma
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙརྱ་མེ་ལཱ་པཱ་ན་པྲ་དཱི་པཱཾ། བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། དངོས་མེད ་རྣམ་དག་ན་མཁའ་མཉམ་ལ་ཕྱག་འཚོ་ལོ།། མ་ལུས་ཚིག་མིང་ཡི་གེ་བྲལ་ལ་ཕྱག་འཚལ་ལོ།། འདས་དང་མ་བྱོན་ཀུན་ཏུ་སྔོན་ལ་ཕྱག་འཚལོ།། ཀུན་ཏུ་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད ་པ་ནི་རྣམ་པ་གཉིས་ཏེ།། སློབ་དཔོན་གླསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བ་སྟེ། ཐོས་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་དོན་དུ། མདོ་སྡེ་དང་རྒྱུད་རྟོག་པ ་དག་ལས་ཡང་དག་པར་གསུངས་པའི་ལུང་གི་ཚིག་རྣམ་པར་གསལ་བར་བྱ་བའི་ཕྱིར་ཚིག་སྙན་ཅིང་རྒྱ་ཆེ་བ་དུ་མ་དག་བལྟས་ནས་ཚིག་སུ་བཅད་པ་དང་རྐྱང་པ་ལ་སོགས་པ་སྒྲ་སྨྲས་པ་རྣམས་དང་སྩོལ་ཞིང་རབ་ཏུ་སྤེལ་བ་རྣམས་ཀྱིས་རྒྱུད ་ཡང་དག་པ་རྣམས་ལྔས་བཏུ་སྭཱ་ཏེ། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པོར་བྱ་བའི་ཕྱིར་སྒྲུབ་པའི་ཐབས་ཀྱི་ཡན་ལག་མར་མེ་ལྟ་བུ་བྱེད་པ་དག་སྔོན་བྱུང་བར་གྱུར་པ་ནི་མི་རིགས་སོ།། དེ་ཅིའི་ཕྱིར་ཞེ་ན། རྫོགས་ལྡན་དང་གསུཾ ་ལྡན་དང་གཉིས་ལྡན་གྱི་དུས་ན་ནི་འཇིག་རྟེན་པོ་རྣམས་ཚེ་དང་ནད་མེད་པ་ཕུན་སུམོ་ཚོགས་ཤིང་། སྦྱིན་པ་དང་། ཚུལ་ཁྲིམས་ལ་སྤྱོད་པ་ལ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ནི་བསྟན་བཅོས་ལ་གནས་ཤིང་ཡོངསུ་ཚོལ་བས་དེ ་ཁོ་ན་ཉིད་ཤེས་པ་ལ་མངོན་པར་ཞུགས་ཤིང་ཚིག་རྒྱ་ཆེ་བ་ལ་སོགས་པ་རྣམས་དང་། སྦས་པའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་ལ། དེ་རྣམས་ཀྱིས་ཀྱང་ཁོང་དུ་ཆུད་པ་ཡིན་ནོ།། ད་ལྟར་ནི་རྩོད་པའི་དུས་ཏེ། ་འཇིག་རྟེན་པ་རྣམས་ཚེ་དང་། ནད་མེད་པ་དང་། ཕུན་སུམ་ཚོགས་པ་དམན་ཞིང་གཡོ་དང་སྒྲ་དང་དྲེགས་པ་དང་། ཕྲག་དྲོག་དང་ལྡན་ལ། ཤེས་རབ་ཞན་ཅིང་ལོག་པར་ལྟ་བས་ལས་ངན་པ་ལྔ་སོགས་པ་ལ་དབྲའ་བས་ཇི་སྲིད་དུ་ཚིག་རྒྱ་ཆེ་བ ་ལ་སོགས་པ་སྦས་པའི་སྒྲའི་དོན་རྣམས་ལ་ངེས་པར་མི་དགའ་བས་དེ་ཁོ་ན་ཉིད་ཚོལ་བར་མི་བྱེད་དོ།། དེའི་ཕྱིར་ན་དང་པོའི་བསྟན་བཅོས་ཡོངསུ་ཚོལ་བ་སྤངས་པས་དེ་ཁོ་ན་ཉིད་མི་རྟོགས་ཤིང་དགེ་བ་དང་མི་དགེ་བའི་ལས་ལ་མངོན་པར ་གཞོལ་བས་དུས་བྱེད་པར་འགྱུརརོ།། དེ་བས་ན་ཐར་པ་ཐོབ་པར་འདོད་པ་རྣམས་ལ་དགོས་པ་མེད་པར་འགྱུར་ཏེ། ཚིག་སྙན་པ་དང་རྒྱ་ཆེ་བ་ལྔ་སོགས་པའི་ཐོག་མ་ཚིག་གི་སྒོ་ལ་གནས་པའི་སྒྲ་རྣམས་ནི་གཟིངས་དང་འདྲ་བ་ཡིན་པའི ་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཇི་སྐད་དུ་དོན་གྱི་རྗེསུ་འབྲང་བར་བྱའི་སྒྲ་ཇི་བཞིན་པར་མ་ཡིནོ་ཞེས་གསུངསོ།། དེ་བས་ན་དོན་གྱི་དབང་འདི་མཐོང་ནུས་བདག་གིས་སློབ་དབེན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མན་ངག་ལས་བསྐྱེད་པའི་གོ་རིམ ་གྱོས་རྫོགས་པའི་གི་རིམ་གྱི་ཏིང་འཛིན་ཐོབ་ནས་འདུས་བྱས་པ་དང་འདུས་མ་བྱས་པའི་སློབ་མ་རྣམས་ཀྱི་ཐུན་མོང་དུ་བཤད་པའི་སྒྲ་ཡི་སྒོ་ནས་སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། བདག་གིས་དེ་ཁོ་ན་ཉིད་དང ་ཆོས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དེ་གོ་རིམ་རྣམ་པ་ལྔ་རྣམ་པར་གསལ་བར་བྱ་བའི་ཕྱིར་མདོ་སྡེ་དང་། རྒྱུད་དང་། རྟོག་པ་རྣམས་བསྲེས་ནས་བཤད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པ་བཤད་པའི་གསུངས་རབ ་ཀུན་ལས། བསྐལ་པ་བྱེ་བ་རྣམསུ་ཡང་། དེ་ཉིད་བྲལ་ནས་འགྲུབ་མི་འགྱུར། ཞེས་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ལ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། ཐུབ་པ་ཆེན་པོའི་ཆོས་རྣམས ་ཀྱི། ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ།། གང་གིས་དེ་ཉིད་མི་ཤེས་པ།། དེ་ཡི་ཐམས་ཅད་འབྲས་བུ་མེད་ཅེས་གསུངས་པས་སོ།། རྡོ་རྗེ་སློབ་མས་གསོལ་པ། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། ་ཡང་དེ་ཁོ་ན་ཉིད་ཅེས་བྱ་བའི་རང་གི་མཚན་ཉིད་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ།། གང་གི་ཕྱིར་ཐེག་པ་ཆེན་པོ་པ་དང་། རྟོག་གེ་པ་ལ་སོགས་པ་རྣམས་ནི་དོན་འདི་ཉིད་ལ་གནས་ནས་རྣམ་པ་སྣ་ཚོགས་པས་དྲི་ཁོ་ན་ཉིད་རྟོགས་པར་བགྱིད ་ན། དེ་རྣམས་བསྡུ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གང་ཡིན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ།། གསོལ་པ། བཅོ་མུ་ལྡན་འདས་ཡང་དག་པ ་ཞེས་བགྱི་བ་དེ་ཇི་ལྟ་བུ་ལོགས། སྨྲས་པ། གང་མི་སླུ་བ་ཞེས་བྱ་བ་དེ་ནི་ཡང་དག་པ་ཞེས་བྱའོ།། གསོལ་པ། མི་བསླུ་བ་ཞེས་བྱ་བ་དེ་ཇི་ལྟ་བུ་ལགས།། སྨྲས་པ། ཤིན་ཏུ་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་འཛིན་དེ་ནི་མི་བསླུ ་བ་ཞེས་བྱའོ།། གསོལ་པ། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཅེས་བྱ་བ་དེ་གང་ལགས། སྨྲས་པ། གང་བདེན་པ་གཉིས་གཉི་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་དེ་ནི་ཡང་དག་པའི ་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏོ།། གསོལ་པ། བཅོམ་ལྡན་འདས་བདེན་པ་གཉིས་ཞེས་བགྱི་བ་དེ་གང་ལགས། སྨྲས་པ། དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། གཉིས་པ་ནི་དོན་དམ་པའི་བདེན་པའོ།། གསོལ་པ། བཅོ ་ལྡན་འདས་བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱིས་རྒྱུད་ལས་བཀའ་སྩལ་ཏེ། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད ་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཆོས་ཐམས་ཅད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་ཡང་དོན ་དམ་པའི་བདེན་པ་ལ་གནས་པས་གནས་པ་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ་ཟིལ་གྱིས་མི་ནོན་པ་ཐམས་ཅད་སྟོང་པ་སྟེ། འཕེལ་བ་མེད་པ། འགྲིབ་པ་མེད་པ། རྣམ་པར་དག་པ། ནམཁའ་དང་མཉམ ་པ་དང་། དྲི་མ་མེད་པའི་ངོ་བོ་ཉིད་ཡི་གེ་མེད་པ། ཚིག་མེད་པ། ལུས་མེད་པ་དང་ངག་དང་ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། རྒྱུ་བ་མ་ཡིན། མི་རྒྱུ་བ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན།། ་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་ཡང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ།། དེ་བས་ན་དེ་ནི་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རྐྱེན ་ཙཅན་ནོ།། རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་གྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་ཏེ། རང་གི་མཚན་ཉིད་ཀྱིས་མཚངས་པའི་གནས་པ་བཞིའི ་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། དེ་གཉིས་ཟུང་དུ་འབྲེལ་པར་འཇུག་པའི་རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཅེས་བྱའོ།། རྡོ ་རྗེ་སློབ་མས་གསོལ་པ། བདག་ཅག་ལྟ་བུའི་སོ་སོའི་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པས་ཡོད་པ་དང་མེད་པ་དང་། གཅིག་དང་། དུ་མ་དང་། གཉིས་དང་། གཉིས་ཀ་མ་ཡོན་པ་དང ་ཡོད་པ་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱིས་རྫོགས་པའི་རིམ་པའི་གོ་རིམ་ཀྱི་ཏིང་འཛིན་ལ་སློབ ་པན་གོ་རོམ་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱི་འམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་སོར་སྣང་བར་བགྱི། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པས་བསླབ་པར་བྱའོ་ཅིག་ཅར་ནི་མ ་ཡིན་ནོ།། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ལངྐར་གཤེགས་པའི་མདོ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་རང་གི་སེམས་སྣང་བའི་རྒྱུད ་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་། གསོལ་བ་བཏབ་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་ཅིག་ཅར་རམ། རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་དག་པར་འགྱུར་ཏེ། ཅིག་ཅར་ནི་མ་ཡིན་ནོ།། འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་འབྲིའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི། ཅིག་ཅར་ནི་མ་ཡིན་ནོ།། བློ་གོས ་ཆེན་པོ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་དག་སྟེ། ཅིག་ཅར་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྫ་མཁན་གྱི་སྣོད་རྣམས་ནི་རིལ་གྱིས་བྱེད་ཀྱི་ཚིག་ཅར་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རྣམས་ཀྱི་རང་གི་སེམས་སྣང་བའི་རྒྱུད་ཀྱང་རིམ་གྱིས་རྣམ་པར་སྦྱོང་སྟེ། ཅིག་ཅར་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ས་ཆེན་པོ་ལས་རྩཝ་དང་། ཤིང་གལ་བ་དང་། སྨན ་དང་། ནགས་ཚལ་རྣམས་རིམ་གྱིས་འཇུག་པས་སྐྱེའི། ཅིག་ཅར་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་སྦྱོང་སྟེ། ཅིག་ཅར་ནི་མ་ཡིན་ནོ།། ། ་བློ་གྲོས་ཆེན་པོ་འདི་ལྟ་སྟེ། བཞད་གད་དྲང་རོལ་མོ་དང་གླུ་དང་། པི་ཝང་དང་སིལ་སྙན་དང་རོལ་མོ་དག་ལ་མཁས་པ་ནི་རིམ་གྱིས་འབྱུང་གི། ཅིག་ཅར་ནི་མ་ཡིན་ནོ།། བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས ་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་སྦྱོང་སྟེ། ཅིག་ཅར་ནི་མ་ཡིན་ནོ།། རིམ་པ་འདི་ཉིད་ནི་དཔའ་བར་འཕྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པས་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་སློབ་ན་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་རློམ་སེམས་མ་མཆིས་པར་དཔའ་བར་འགྲོ་བའི་ཏིང་འཛིན་འདི་ལ་སློབ་པ་ལོགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང ་ཆུབ་སེམས་དཔའ་སེམས་དྲཔའ་ཆེན་པོ་བློ་གྲོས་བསྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ནི་ཐོག་མར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ།། གང་གི་ཚེ་བ་ལང་གི ་ཀཾ་བ་ལ་ལོབས་པ་དེའི་ཚེ་ཤིང་ལེབ་ལ་ཕོག་པར་བྱེད་དོ།། གང་གི་ཚེ་ཤིང་ལེབ་ལ་ལོབས་པ་དེའི་ཚེ་འབན་ལ་ཕོག་པར་བྱེད་དོ།། གྲང་གི་ཚེ་འདྲེན་ལ་ལོབས་པ་དེའི་ཚེ་དབྱུ་གུ་ལ་ཕོག་པར་བྱེད་དོ།། གུང་གི་ཚེ་དབྱུ་གུ་ལ་ལོབས་པ་དེའི་ཚེ་སྒྲ་བརྒྱ ་ལ་ཕོག་པར་བྱེད་དོ།། གང་གི་ཚེ་སྐྲ་ལ་ལོབས་པ་དེའི་ཚེ་སྐྲ་བཅུ་ལ་ཕོག་པར་བྱེད་དོ།། གང་གི་ཚེ་སྐྲ་བཅུ་ལ་ལོབས་པ་དེའི་ཚེ་སྒྲ་གཅིག་ལ་ཕོག་པར་བྱེད་དོ།། གང་གི་ཚེ་སྐྲ་གཅིག་ལ་ལོབསོ་པ་དེའི་ཚེ་སྒྲས་མཚོན་ལ་ཕོག་པར་བྱེད་དོ།། གང་གི ་ཚེ་སྒྲས་མཚོན་ལ་ཕོག་པ་དེའི་ཚེ་མི་འཆོར་བར་ཕོག་པར་འགྱུ་རོ།། གང་གི་ཚེ་མི་འཆོར་བར་བོག་པ་དེའི་ཚེ་འཕོང་སློབ་པ་མཐར་ཕྱིན་པ་ཡིན་ཏེ། དེ་འདོད་ན་མུན་པ་མུན་ནག་གི་ནང་ན་ཡང་མི་དང་མི་མ་ཡིན་པ་གང་དང ་གང་གི་སྒྲ་གྲག་པ་དེ་དང་དེར་ལྷུན་གྱིས་གྲུབ་ཅིང་མི་འཆོར་བ་ཉིད་དུ་མདའ་འགྲོའོ།། སྒྲས་མཚོན་པ་ལ་ཕོག་པར་བྱེད་པར་ལོབས་པས་ཕྱིས་གང་དུ་ཡང་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བླ་སླབས་པའི་ཕྱིར་ཕོག་པར ་བྱ་བ་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར་རོ།། བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིས་ཆོས་གང་ལ་ཡང་བསླབ་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་འཛིན་དེ ་ཉིད་ལ་སྔོན་ལེགས་པར་བསླབས་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་དེ་ལ་མངོན་སུམ་དུ་འགྱུར།། ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད ་པས་ཀྱང་རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ།། དྲིའི་རིམ་པ་ཡང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པོའི་བསམ་པ་ལ་སློབ་བོ།། གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོངས་པར་གྱུར་པ་དེའི་ཚེ་ཐེག་པ་སར ་ལ་དྲན་པ་གཅིག་པའི་ཏིང་འཛིན་ལ་སློ་བོ།། གང་གི་ཚེ་ཐེག་པ་སར་ལ་དྲན་པ་ཅིག་པའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ།། གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིངངེ་འཛིན་ལ ་རབ་ཏུ་གནས་པར་འགྱུར་རོ།། གང་གི་ཚེ་ལས་དང་པོ་པའི་ཏིང་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུགོ། གང་གི་ཚེ་རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས ་པར་འགྱུར་རོ།། ལུས་རྣམ་པར་དབེན་པ་ལ་གནས་ནས། ཨཱ་ལི་ཀཱ་ལིའི་སྒོ་ནས་དགྲ་རྣམ་པར་དབེན་པོ་ལ་འཇུག་གོ། གང་གི་ཚེ་རྡོ་རྗེ་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པར་གྱུར་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་འཛིན ་ལ་རབ་ཏུ་གནས་པར་འགྱུརརོ།། ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱི་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུགོ། གང་གིས་ཚེ་རང་བཞིན་གྱིས་སྣང་བ་ལ་རླུང་གི་བཞོན་པའི་རབ་ཏུ་དབྱེ་བས་ཡང ་དག་པ་ཇི་ལྟ་བ་བཞིན་དུ་སློབ་པ་དེའི་ཚེ་སེམས་ཀྱི་ཏིངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ།། སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོང་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཀུན་རྫོབ་ཀྱིས་བདེན ་པ་ལ་འཇུག་པར་འགྱུར་རོ།། གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་བོ།། གང་གི་ཚེ་དབང་བསྐུར་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ལ་གནས་ནས་སྟོང་པ ་ཆེན་པོ་བཅོ་བརྒྱད་ཀྱིས་རིམ་གྱིས་དོན་དམ་བཱི་བདེན་པ་ལ་འཇུག། གང་གི་ཚེ་རིལ་པོར་འཛིན་པ་དང་རྗེསུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། གང་གི་ཚེ་ཡེ ་ཤེས་ཀྱི་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིསསུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་འཛིན་ལ་སློབ་པར་གྱུར་པ ་ཡིན་ནོ།། གང་གི་ཚེ་རྫོགས་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ནི་ཕྱིས་ཆོས་གང་ལ་ཡང་མི་སློབ་པོ།། དེ་ཅིའི་ཕྱིར་ཞེ་ན། དེས་སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། ཇི་ལྟར་འཕོང་གི་སློབ་དཔོན་ནི་སྒྲས་མཚོན ་པ་ལ་ཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་དེའི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་འགྱུརརོ།། དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ནི ་ཕྱིས་གང་ལ་ཡང་སློབ་པར་མི་འགྱུར་ཏོ། སྔོན་ཤིན་ཏུ་བསླབས་པའི་ཕྱིར། དེའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་དུ་འགྱུརརོ།། དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན ་ལ་སློབ་པར་བྱེད་པས་ཀྱང་རིམ་གྱིས་འཇུག་པས་བསླབ་པར་བྱའི། ཅིག་ཅར་ནི་མ་ཡིན་ནོ།། དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ།། ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན ་བཔ་རྟོགས་པར་མི་ནུས་སོ།། སེམས་ཀྱི་རང་བཞིན་གྱི་སྣང་བའི་ཏིང་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་བྱ་བར་མི་ནུས་སོ།། ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ།། དོན ་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས་རིམ་གྱིས་འཇུག་པར་བསླབས་པར་བྱའོ་ཅིག་ཅར་ནི་མ་ཡིན་ནོ།། རིམ་གྱིས་འཇུག ་པས་རྫོགས་པའི་རིམ་པ་ལ་བསླབས་པས་ཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ། མོ་ལོང་གི་ནང་དུ་གཟུགས་ཀྱི་གཟུགསུ་སྣང་བ ་ཐམས་ཅད་རྣམ་པར་རྟོག་པ་མེད་པས་ཅིག་ཅར་སྣང་ངོ་།། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་རྒྱུད་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་སྤྱོད་ཡུལ་རྣམས་ཅིག་ཅར་རྣམ་པར ་སྤོང་ངོ་།། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཟླ་བ་དང་ཉི་བའི་དཀྱིལ་འཁོར་ནི་འོད་ཟེར་རྣམས་ཀྱིས་གཟུགསུ་སྣང་བ་ཐམས་ཅད་ཅིག་ཅར་མངོན་པར་བྱེད་དོ།། དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རང་གི་སེམས་སྣང ་བོའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་རྣམས་ལ་རྒྱལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་དང་སྤྱོད་ཡུལ་ཡང་དག་པར་སྟོན་ཏོ།། འདིར་བཤད་པ། སེམས་ཅན་དང་པོའི་ལས་ཅན་རྣམས།། དམ་པའི་དོན་ལ་འཇུག་པ་ལྔ།། ་ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས།། སྐས་ཀྱི་རིམ་པ་ལྟ་བུར་བཞག། ཅེས་བྱ་བའི་རིམ་པ་ལྔའི་གོ་རིམས་དང་བྲལ་བས་ནི་རྫོགས་པའི་ཏིང་ངེ་འཛིན་རྟོག་པར་མི་ནུས་སོ།། ཞེས་ཁོང་དུ་ཆུད་པར་བྱའོ།། སྤྱོད་པ་བསྡུས་པ་ལས། ཐེ་ཙོམ ་ལྗོངསུ་གཅོད་པ་སྟེ་ལེའུ་དང་བའོ།། ། རྡོ་རྗེ་སློབ་མས་གསོལ་བ། བཅོམ་ལྡན་འདས་དང་པོར་རང་གི་ལུས་རྣམ་པར་དབེན་པ་ལ་ཇི་ལྟར་བསྒྲུབ་པར་བགྱི།། རྡོ་རྗེ་སློབ་དཔོན་གྱི་སྨྲས ་པ། སེམས་ཅན་ཆེན་པོ་ལེགས་ལེགས་སོ།། ལུས་རྣམ་པར་དབེན་པ་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ།། དེ་ལ་ཁམས་བཞི་པོས་ལུས་མངོན་པར་བསྐྱེད་པ་ལས་ལུས་སུ་གྲུབ་པ་འདི་ནི་སྤུངས་པ་བཞིན་དུ་གནས་ཏེ། ཤའི་ཁམས་ཚད་དང་། ་དང་། རྒྱུས་པ་དང་། མགོ་བོ་དང་། ཀླད་པ་དང་། ཀླད་རྒྱས་དང་། རུས་པ་དང་། རྐང་དང་། རྒྱུ་མ་དང་། གཉེ་མ་དང་། མཁལ་མ་དང་། སྙིང་དང་། ལྟོ་དང་། གློ་བ་དང་། མཚེར་པ་དང་། གཅིན་དང་། ཕྱི་ས་དང་། ལྒང་བ་དང་། ཕོ་བ་དང་། ་ལྕོང་ག་དང་། ཞག་དང་། ཆུ་སེར་དང་། རྣག་དང་། ཁྲོ་ག་དང་། མཁྲིས་པ་དང་། བད་ཀན་དང་། དར་སྣབས་དང་། སྐྲ་དང་། ཁ་སྤུ་དང་། སེན་མོ་དང་། སྥུ་དང་། པགས་པ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་ལ ་སོགས་པ་ཚོགས་པ་ལ་སྦྱངས་པ་ཞེས་བྱའོ།། ཡང་དེ་ལ་ཕུང་པོ་ལྔ་དང་། ཁམས་བཞི་དང་། སྐྱེ་མཆེད་དྲུག་དང་། ཡུལ་ལྔ་དང་། ཤེས་པ་ལྔ་ནི་སྤུངས་པ་ཞེས་བྱ་སྟེ། དཔེར་ན་འབྲས་དང་། ནས་དང་། ཏིལ་དང་། གྲོ་དང་། མོན་སྲན་རྡེའུ་མང ་པོ་ལའང་སྤུངས་པ་ཞེས་བྱའོ།། དེ་བཞིན་དུ་ལུས་ཀྱི་ཡན་ལག་དང་། ཉིང་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ།། ཁམས་རྣམས་ཚིགས་པ་ལས། ཤེས་རབ་དང་། ལྟ་བ་དང་། ཡིད་དང་། མ་རིག་པ་དང་། བག་ཆགས་དང་། ་སྲེད་པ་དང་། ཉོན་མོངས་པའི་རྒྱུན་ལ་ནི་བསགས་པ་པ་ཞེས་བྱའོ།། རྣམ་པར་ཤེས་པའི་ཚོགས་བྱ་སྦྱངས་པ་ནི་ཉེ་བར་དམིགས་པར་མི་འགྱུར་ཏེ། གནས་མེད་པའི་ཕྱིར་རོ།། ཇི་སྐད་དུ་བཟང་སྐྱོང་གི་ཞུས་པ་ལས་ཀྱང་། ལུས་འཇལ ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། རྣམ་པར་ཤེས་པོ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུརརོ།། བཟང་སྐྱོང་དེའི་ཕྱིར་ཉོན་ཅིག། བདེན་པ་མ་མཐོང་བས་ནི་རྣམ་པོར་ཤེས་པ་མི་ཤེས་མི་མཐོང་སྟེ། དེ་ནི་ལག་མཐིལ་དུ་སྐྱུ་རུར ་བཞག་པ་བཞིན་དུ་མཐོང་བར་མི་འགྱུར་རོ་ཞེས་གསུང་སོ།། ཡང་འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། ད་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡུལ་ཕྲ་རབ ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི།། སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས།། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་།། བྱང་ཆུབ་སེམས་དཔའི་དཀྱིལ ་འཁོར་མཆོག། ས་ནི་སྤྱན་ཞེས་བྱ་བཱ་ཡིན།། ཆུ་ཡི་ཁམས་ནི་མཱ་མཱཾ་ཀཱི། མེ་ཡི་ཁམས་ནི་གིས་དཀར་མོ།། སྒྲོལ་མ་རླུང་དུ་རབ་ཏུ་བསྒྲགས།། གཟུགས་དང་སྒྲ་སོགས་སྔགས་པ་ཡ་སོ།། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། ཞེས་གསུངས་པ་དང་། ་ཡང་ཕུང་པོ་ལ་སོགས་པོ་དེ་དག་རེ་རི་ཞིང་ལྔ་ལྔ་རྣམ་པར་ཕྱེ་ན་བརྒྱར་འགྱུར་ཏེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ།། མདོ་རུ་བསྡུས་ན་རྣམ་པ་ལྔ།། ལུས་དང་ངག་ཡིད་སྦྱོར་བ་ཡིས།། གསུམ་དུ་ཡང་ནི་འགྱུར་བ ་སྦྱིན། ཞེས་གསུངས་པས། དེ་ལྔ་དང་པོ་ཉིད་དུ་རིགས་བརྒྱའི་རབ་ཏུ་དབྱེ་བ་བསྟན་པར་བྱའོ།། དེ་ལ་གཟུགས་ཀྱི་ཕུང་པོའི་ཚོགས་ནི་རྣམ་པར་སྣང་མཛད་དོ།། དེ་ཡང་རྣམ་པ་ལྔར་ཕྱེ་བ་ལ། དེ་བཞིན་གཤེགས ་པ་རྣམ་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་རིང་པོ་དང་ཐུང་ངུ་ལ་སོགས་ཕྱི་དང་ནང་དང་གཉི་གའི་དབྱིབས་ཀྱི་གཟུགས་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ།། བདག་དང་གཞན་གཉིས་ཀ་ལ་སོགས་པའི་རྣམ ་པའི་གཟུགས་ནི་རིན་ཆེན་འབྱུང་ལྡན་གྱིས་སོ།། ཕྱི་དང་ནང་གི་སྔོན་པོ་ལ་སོགས་པ་ཁ་དོག་ལྔའི་གཟུགས་ནི་སྣང་བ་མཐའ་ཡས་ཀྱིས་སོ།། ཕྱེ་དང་རླུང་གི་ཟླ་བ་དང་ཉི་མ་ལ་སོགས་པ་སྣང་བའི་རྣམ་པ་ནི་དོན་ཡོད་གྲུབ་པས་སོ།། རང ་རིག་པ་ཙམ་འབའ་ཞིག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པ་ལྔར་བཤད་དོ།། རིན་ཆེན་འབྱུང་ལྡན་གྱི་ཏིང་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། ཚོར་བའི་ཕུང་པོའི ་ཚོགས་ནི་རིན་ཆེན་འབྱུང་ལྡན་ནོ།། དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་འདུས་པ་དང་མཁྲིས་པ་ལས་བྱུང་བའི་ཚོར་བ་ནི་མོ་བསྐྱེད་པས་སོ།། བད་ཀན་དང་རླུང་ལས་སྐྱེས་པའི་ཚོར་བ་ནི་རིན་ཆེན ་འབྱུང་ལྡན་གྱིས་སོ།། བདེ་བའི་ཚོར་བ་ནི་འོད་དཔག་མེད་ཀྱིས་སོ།། སྡུག་བསྔལ་གྱི་ཚོར་བ་ནི་དོན་ཡོད་གྲུབ་པས་སོ།། ཚོར་བ་མཉམ་པ་ཉིད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ཚོར་བའི་ཕུང་པོ་རྣམ་པ་ལྔར་བཤད། ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། འདུ་ཤེས་ཀྱི་ཕུང་པོའི་ཚོགས་ནི་སྣང་བ་མཐའ་ཡས་ཏེ། འདི་ན་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་སྐྱེས་པ་རྣམས་ཀྱིས་འདུས་བྱས་པ་ཉིད་ཀྱང་རྐང་གཉིས་དང་རྐང་མེད ་ལི་སོགས་པའི་དབྱེ་བས་ཕྱེ་ན་མིང་ཐ་དད་པའི་དངོས་པོར་ཡོད་པ་རྣམས་ལ་དེ་རྣམ་པར་ཤེས་པས་ཉེ་བར་བཟུང་ནས་ཡོངསུ་གཅོད་པར་བྱེད་ལ་མཚན་མཱ་དེའི་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱ་བར་ཐ་དད་པར་རྣམ་པར་འཇོག་པར་འགྱུརརོ།། འདུ་ཤེ ་དེ་ཡང་དེ་བཞིན་གོཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་རྐང་གཉིས་པའི་འདུ་ཤེས་ནི་མི་བསྐྱོད་པའི་འོ།། རྐང་བཞི་པའི་འདུ་ཤེས་ནི་རིན་ཆེན་འབྱུང་ལྡན་གྱིའོ།། རྐང་མེད་ཀྱི་འདུ་ཤེས་ནི་འོད་དཔག་ཏུ་མེད་པའི་འོ།། རྐང ་མངས་ཀྱི་འདུ་ཤེས་ནི་དོན་ཡོད་གྲུབ་པའིའོ།། མི་གཡོ་ཞིང་མི་འགྱུར་བའི་འདུ་ཤེས་ནི་རྣམ་པར་སྣང་མཛོད་ཀྱིས་བྱིན་གྱིས་བརླབས་པ་སྟེ། འདུ་ཤེས་ཀྱི་ཕུང་པོ་རྣམས་སྔར་བ་ཤདདོ།། དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས་དབང་དུ་བྱས་ཏེ་བཤད ་པ། འདུ་བྱེད་ཀྱི་ཕུང་པོའི་ཚིགས་ནི་དོན་ཡོད་གྲུབ་པའོ།། དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། ལུས་ཀྱི་འདུ་བྱེད་ནི་རྣམ་པར་སྣང་མཛད་ཀྱིའོ།། ངག་གི་འདུ་བྱེད་ནི་འོད་དཔག་ཏུ་མེད་པའིའོ།། ཡིད་ཀྱི་འདུ་བྱེད་ནི་མི ་བསྐྱོད་པའོའོ།། ཁམས་གསུམ་གྱི་འདུ་བྱེད་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཐར་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པའི་བྱིན་གྱིས་བརླབས་པ་སྟེ། འདུ་བྱེད་ཀྱི་ཕུང་པོ་རྣམ་པ་ལྔར་བཤད།། མི་བསྐྱོད་པའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད ་པ། གང་དོན་གཟུང་བ་དང་། དོན་ཡོངསུ་གཅོད་པ་དང་། དོན་ཁོང་དུ་ཆུད་པ་དེ་ནི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་ལ་གནས་པས་ཀྱང་ཕྱིའི་དོན་གྱི་རྣམ་པར་རབ་ཏུ་བརྟགས་ལ་ཕྱིའི་དོན་གྱི་རྣམ་པར ་ཤེས་པར་བརྟགས་ཏེ། དེ་ལྟར་ཕན་ཚུན་ལྟོས་པས་ཤེས་པ་དང་། ཤེས་པར་བྱ་བ་གཉིས་གྲུབ་པོ།། རྣམ་པར་ཤེས་པ་དེ་ཡང་རྣམ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་པར་ཤེས་པར་བྱའོ།། ། ་དེ་ལ་རྣམ་པར་ཤེས་པའི་ཕུང་པོའི་ཚོགས་ནི་མི་བསྐྱོད་པ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ།། རྣམ་པའི་རྣམ་པར་ཤེས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། སྣའི་རྣམ་པར་ཤེས་པ་ནི་འོད་དཔག་ཏུ་མེད་པའིའོ།། ། ་ལྕེའི་རྣམ་པར་ཤེས་པ་ནི་དོན་ཡོད་གྲུབ་པའིའོ།། ལུས་ཀྱི་རྣམ་པར་ཤེས་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པ་ལྔར་བཤད་དོ།། མདོར་ནི་ཕུང་པོ་ལྔ་རྣམས་ནི་སངས་རྒྱས་ལྔར་ནི་རབ་ཏུ ་བསྒྲགས། ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། ཁམས་རྣམ་པ་བཞིའི་དབང་དུ་བྱ་སྟེ་བཤད་པ། སའི་ཁམས་གང་ཞེ་ན། གུང་ལྕི་བ་ཉིད་དང་སྲ་པ་ཉིད་དེ། དེ་ཡང་ལས་ནི་རྟེན་པའོ།། ཆུའི་ཁམས་གང་ཞེ་ན། གང་གཤེར ་པ་ཉིད་དང་རླན་པ་ཉིད་དེ། དེ་ཡང་ལས་ནི་བསྡུད་པའོ།། དེ་ལ་མེའི་ཁམས་གང་ཞོ་ན། གང་དྲོ་བ་ཉིད་དང་ཡོངསུ་སྨིན་པ་ཉིད་དེ་དེ་ཡང་ལས་ནི་སྐེམས་པའོ།། དེ་ལ་རླུང་གི་ཁམས་གང་ཞེ་ན། གང་བརྐྱང་བ་དང་། བསྐུམ་པ་དང་།། ་དབུགས་རྔུབ་པ་དང་། དབུགས་འབྱིན་པ་ཉིད་དེ། ལས་ནི་ཡང་ཞིང་གཡོ་བའོ།། དེ་ལྟར་ཐེག་པ་ཆེན་པོའི་རིམ་པས་ཁམས་རྣམ་པ་བཞིའི་རང་རང་གི་མཚན་ཉིད་རྣམ་པར་བཞག་ནས། ད་ནི་ཐ་མལ་པའི་ང་རྒྱལ་རྣམ་པར ་སྤང་བར་བྱ་བའི་ཕྱིར་རྡོ་རྗེ་ཐེག་པའི་རིམ་པས་སངས་རྒྱས་ལྔའི་རང་བཞིན་དུ་བྱ་སྟེ། དེ་ལ་སའི་ཁམས་ཀྱི་ཚོགས་ནི་སངས་རྒྱས་སྤྱན་ནོ།། དེ་ཡང་ཁམས་རྣམ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། ་སྐྱེ་དང་རུས་པ་དང་། ཕྱི་ས་དང་མཆིན་པ་དང་སྙིང་ནི་རྣམ་པར་སྣང་མཛད་ཀྱིའོ།། སྤུ་དང་སེན་མེ་དང་རྣག་དང་སྙིང་ནི་རིན་ཆེན་འབྱུང་ལྡན་གྱིའོ།། སོ་དང་པགས་པ་དང་ཤ་དང་སྙིང་ནི་འོད་དཔག་ཏུ་མེད་པའོ།། རྒྱུས་པ་དང་ཤ་དང་རྩིབ་མ་དང ་སྙིང་ནི་དོན་ཡོད་གྲུབ་པའོའོ།། དྲི་མ་དང་རྒྱུ་མ་དང་ཁྲིས་པ་དང་སྙིང་ནི་མི་བསྐྱོད་པ་སྟེ། ཇི་སྐད་རྡོ་རྗེ་ཕྲེང་བ་ལས་ཀྱང་། སྙིང་ནི་ཀྵ་ཡ་ངེས་གནས་ཏེ། རྒྱུད་ལྷུར་རྣམ་པར་འབྱུང་བ་ནི། རླུང་ལྔ་དང་ནི་ལྡན་པ་རུ། འདོད་པ་ལྔ་རྣམས་སྤྱོད ་པར་བྱེད། ཅེས་གསུངས་པས་སོ།། དེ་བཞིན་དུ་ཡང་ཕྱི་རོལ་གྱི་སའི་ཁམས་ཀྱང་རྣམ་པ་ལྔར་དབྱེ་སྟེ། དེ་ཡང་གླིང་བཞི་དང་ནི་རི་རབ་པོ།། དེ་ལ་རིའི་རྒྱལ་པོ་རི་རབ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ།། ལུས་འཕགས ་པོ་ནི་མི་བསྐྱོད་པ་ཡིས་བྱིན་གྱིས་བརླབས་པའོ།། འཛམ་བུ་གླིང་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པའོ།། བ་ལང་སྤྱོང་ནི་འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའོ།། སྒྲ་མི་སྙན་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས ་པའོ།། སའི་ཁམས་རྣམ་པ་ལྔར་བཤད་དོ།། མཱ་མ་ཀཀིའི་ཏིང་འཛིན་གྱི་དབང་དུ་བྱ་སྟེ་བཤད་པ། དེ་ལ་ཆུའི་ཁམས་ཀྱི་ཚོགས་ནི་མཱ་མ་ཀཱིའོ།། དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་སྟེ། ་བད་ཀན་དང་མཆི་མ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ།། གཅིག་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ།། རྡུལ་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པའོ།། ཁྲག་ནི་འོད་དཔག་མོད་ཀྱིས་བྱིན་གྱིས་བརླབས ་པའོ།། ཁ་ཆུ་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པའོ།། ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བལྟས་ཏེ། དེ་ཡང་རྒྱ་མཚོའི་ཆུ་ནི་མི་བསྐྱོད་པའོ།། ཆུ་བོའི་ཆུ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། བཀོད་མའི་ཆུ་ནི་འོད་དཔག་ཏུ་མེད་པའོ།། ལྟེང་གིའི་ཆུ ་ནི་དོན་ཡོད་གྲུབ་པའིའོ།། འབབ་ཆུའི་ཆུ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཆུའི་ཁམས་རྣམ་པ་ལྔར་བཤད།། གོས་དཀར་མོའི་ཏཱིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤདོ།། མེའི་ཁམས་ཀྱི་ཚོགས་ནི་གོས་དཀར་མོའོ།། ་དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་སྟེ། མགོ་བོའི་དྲོད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ།། སྙིང་གའི་དྲོད་ནི་མི་བསྐྱོད་པའི་འོ།། ལྟོ་བའི་དྲོད་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཡན་ལག་ཐམས ་ཅད་ཀྱི་དྲོད་ནི་འོད་དཔག་ཏུ་མེད་པའི་འོ།། ལྟོ་བའི་དྲོད་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པའོ།། ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བསྟན་ཏེ། དེ་ལ་རྒྱུན་བཞག་གི་མེ་ནི་མི་བསྐྱོད་པའིའོ།། རྡོ་ལས་བྱུང་བའི་མེ་ནི་རྣམ་པར་སྣང་མཛད་ཀྱིའོ།། ། ་ཤེལ་ལས་བྱུང་བའི་མེ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཤིང་ལས་བྱུང་བའི་མེ་ནི་འོད་དཔག་ཏུ་མེད་པའིའོ།། ནགས་ཀྱི་མེ་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། མེའི་ཁམས་རྣམ་པ་ལྟར་བཤད་དོ།། སྒྲོལ་མའི་ཏིང་ངེ ་འཛིན་གྱིས་དབང་དུ་བྱས་ཏེ་བཤད་པ། དེ་ཡང་རླུང་གི་ཁམས་ཀྱི་ཚོགས་ནི་སྒྲོལ་མའོ།། དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་སྲོག་ཅེས་བྱ་བ་སྙིང་ལ་གནས་པ་ནི་མི་བསྐྱོད་པའིའོ།། ཐུར་དུ་སེལ་བ ་ཞེས་བྱ་བ་ནི་འདོམས་ནི་གནས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། སྟེང་དུ་རྒྱུ་བ་ཞེས་བྱ་བ་ལྐོག་མར་གནས་པ་ནི་འོད་དཔག་མེད་ཀྱིའོ།། མེ་དང་མཉམ་དུ་གནས་ཞེས་བྱ་བ་ལྟེ་བར་གནས་པ་ནི་དོན་ཡོད་གྲུབ་པའི་འོ།། ཁྱབ་བྱེད་ཅེས་བྱ་བ་ཚིགས ་ཐམས་ཅད་ལ་གནས་པ་ནི་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པའོ།། ཡོད་དེ་རྣམས་རེ་རེའི་ལས་བཤད་པ། དབང་པོའི་སྒོ་ཡི་རྒྱུན་ལས་ནི།། སྲོག་དང་རྩོལ་བ་རྒྱུ་བ་དང་།། རྟག་པའི་དུས་སུ་རྒྱུ་བ་ནི། སྲོག་ཅེས་བྱ་བ་ཡི་ནི། ་པར་བཤད།། རླུང་དང་གཅིན་དང་ཕྱི་ས་དང་།། དེ་བཞིན་དུ་ནི་ཁུ་བ་རྣམས།། འོག་འདྲེན་འདི་ནི་ཐུར་སེལ་བར།། རྟག་ཏུ་རྣལ་འབྱོར་པས་ཤེས་བྱ།། མྱང་དང་ཟ་དང་བལྡག་པ་དང་།། ཀུན་ཏུ་འཐུང་དང་འཇིབ་པར་ནི།། གང་ཞིག་རྟག་ཏུ་མཉམ ་གནས་པར། མཉམ་དུ་གནས་ཞེས་བྱ་བ་ཡིན།། གྱེན་དུ་འགྲོ་ཞིང་སྡུད་པ་དང་།། བཟའ་དང་མྱང་སོགས་ཟ་བ་ནི།། ཤེས་དང་ལྷན་ཅིག་འབྱོར་པ་དག། གྱེན་རྒྱུའི་ལས་སུ་ཤེས་པར་བྱ།། ཁྱབ་དང་འཛིན་པ་ཉིད་དང་ནི།། འགྲོ་དང་དེ་བཞིན ་ལྡོག་པ་དང་།། ཚིགས་རྣམས་ཀུན་ཏུ་ཁྱབ་པས་ན།། ཁྱབ་བྱེད་ཅེས་ནི་བྱ་བར་བཤད།། ཕྱི་རོལ་གྱི་ཡང་རྣམ་པ་ལྔར་བལྟ་སྟེ།། ཤར་གྱི་རླུང་ནི་མི་བསྐྱོད་པའི་འོ།། ལྷོའི་རླུང་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ནུབ་ཀྱི ་རླུང་ནི་འོད་དཔག་ཏུ་མེད་པའི་འོ།། བྱང་གི་རླུང་ནི་དོན་ཡོད་གྲུབ་པའི་འོ།། སྟེང་གི་རླུང་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རླུང་གི་ཁམས་རྣམ་པ་ལྔར་བཤད་དོ།། འབྱུང་བ་ཆེན་པོ་བཞི་པོ་འདི་རྣམས་ནི། གང་དུ་ཅིག ་ཡོད་པ་དེར་བཞི་ཆར་ཡོད་དེ། དེ་བས་ན་འདི་རྣམས་ནི་ཕན་ཚུན་བལྟོས་པ་མེད་པར་ངོ་བོ་ཉིད་ཀྱི་རང་གྲུབ་པ་ནི་མེད་དོ།། ནམ་མཁའ་ནི་དབང་པོ་ལས་འདྲས་ཤིང་འདུས་མ་བྱས་པའི་ཕྱིར་འབྱུང་བ་ཆེན་པོ་མ་ཡིན་ཏེ། གོ་འབྱེད་པར ་བྱེད་པས་ན་ན་མཁའ་ནི་དངོས་པོ་ཐམས་ཅད་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ།། ཞེས་བྱ་བའི་བར་དུའོ།། ས་ནི་སྤྱན་ཞེས་བྱ་བ་ཡིན།། ཆུ་ཡི་ཁམས་ནི་མཱ་མཱ་ཀཱི། མེ་ནི་གོས་དཀརི་མོ་ཡིན་ནོ།། རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས།། ཞེས་བྱ། ་བོའི་མདོའི་ཚིག་བཤད་ཟིན་ཏོ།། ད་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་དུ་བྱིས་ཏེ། བཤད་པ། དེ་ལ་མིག་གི་སྐྱེ་མཆེད་ཀྱི་ཚིགས་ནི་སའི་སྙིང་པོའོ།། དེ་ཡང་རྣམ ་པ་ལྔར་ཕྱེ་བ་ལ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་མིག་གི་འབྲས་བུའི་ནང་ན་རྒུན་འབྲུམ་གྱི་འབྲས་བུའི་ཚད་ཙམ་གྱི་མིག་གི་དབང་པོ་དེ་མི་བསྐྱོད་པའིའོ།། མིག་འབྲས་དཀར་པོའི་རང་བཞིན་ནི་རིན་ཆེན ་འབྱུང་ལྡན་གྱིའོ།། ཟུར་གྱིས་བལྟ་བའི་གཟུགས་ནི་འོད་དཔག་ཏུ་མེད་པའི་འོ།། མིག་རྣམ་པར་གཡོ་བ་ནི་དོན་ཡོད་གྲུབ་པའི་འོ།། གཟུགས་གསུམ་འཛིན་པ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། མིག་གི་སྐྱེ ་མཆོད་རྣམ་པ་ལྔར་བཤད་དོ།། དེ་བཞིན་དུ་རྣ་བའི་སྐྱེ་མཆེད་ཀྱི་ཚོགས་ནི་ཕྱག་ན་རྡོ་རྗེ་སྟེ། འདི་ལ་རྣ་བའི་ནང་ན་གློ་ག་བཅུས་ཏེ་བཅས་པ་ལྟ་བུའི་རྡུལ་ཕྲ་རབས་བསོགས་པའི་གཟུགས་ཅན་རྣ་བའི་དབང་པོ་ནི་མི་བསྐྱོད་པའིའོ།། ་རྣ་བའི་རང་བཞིན་རྣམ་པར་སྣང་མཛད་ཀྱིའོ།། རྣ་བའི་བུ་གཱ་ནི་འོད་དཔག་ཏུ་མེད་པའོའོ།། རྣ་བའི་རྩ་བ་ནི་དོན་ཡོད་གྲུབ་པའི་འོ།། སྒྲ་གསུམ་འཛིན་པ་ནི་རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། རྣ་བའི་སྐྱེ་མཆོད་རྣམ་པ ་ལྔར་བཤདོ།། སྣའི་སྐྱེ་མཆེད་ཀྱི་ཚོགས་ནི་ན་མཁའི་སྙིང་པོ་སྟེ། སྣའི་ནང་གི་སྨིག་སྤྱན་གྱི་ཐུར་མ་ཕྲ་བ་ལྟ་བུའི་རྡུལ་ཕྲ་རབ་བསགས་པའི་གཟུགས་ཅན་སྣའི་དབང་པོ་དེ་ནཱི་མི་བསྐྱོད་པའི་འོ།། སྣའི་རང་བཞིན་ནི་རྣམ་པར་སྣང ་མཛོད་ཀྱིའོ།། ནང་གི་དབུས་ནི་རིན་ཆེན་འབྱུང་ལྡན་གྱིའོ།། སྣ་བུག་ནི་དོན་ཡོད་གྲུབ་པའི་འོ།། དྲི་གསུམ་འཛིན་པ་ནཱི་སྱཱད་བ་མཐའ་ཡས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སྣའི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ།། ལྕེའི་སྐྱེ་མཆེད་ཀྱི ་ཚོགས་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་ལ་རྡུལ་ཕྲ་རབ་བསགས་པའི་གཟུགས་ཅན་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་ལྕེའི་དབང་པོ་ནི་མི་བསྐྱོད་པའི་འོ།། ལྕེའི་རང་བཞིན་ན་རྣམ་པར་སྣང་མཛད་ཀྱིའོ།། ལྕེའི་རྩ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ་ལྕེའི་རྩེ་མོ་ནི་འོད་དཔག་ཏུ་མེད་པའིའོ།། རོ་གསུམ་འཛིན་པ་ནི་དོན་ཡོད་པར་གྲུབ་པས་བྱིན་གྱིས་བརླབས་པ་ཡིན་ཏེ། ལྕེའི་སྐྱེ་མཆེད་རྣམ་པ་ལྷུར་བཤད།། ལུས་ཀྱི་སྐྱེ་མཆེད་ཀྱི་ཚོགས་ནི་སྒྲིབ་པ་ཐམས་ཅད་རྣམ ་པར་སེལ་བ་སྟེ། དེ་ལ་ལུས་ཀྱི་རྡུལ་ཕྲ་རབ་བསགས་པའི་མ་ལུས་པའི་གཟུགས་ཅན་གྱི་ལུས་ཀྱི་དབང་པོ་དེ་ནི་རྣམ་པར་སྣང་མཛད་ཀའོ།། རུས་པའི་རང་བཞིན་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཤའི་རང་བཞིན་ནི་འོད་དཔག་ཏུ་མེད་པའི་འོ།། ་པགས་པའི་རང་བཞིན་ནི་དོན་ཡོད་གྲུབ་པའི་འོ།། རེག་པ་གསུམ་འཛིན་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་ཡིན་ཏེ། ལུས་ཀྱི་སྐྱེ་མཆེད་རྣམ་པ་ལྔར་བཤད་དོ།། འཇམ་དཔལ་གྱི་ཏིང་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ། འདི་ན་ལུས ་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་སོ་སོར་རང་རིག་པ་ཡིན་པས་ཕྱེའི་ཡུལ་ནི་མེད་ཀྱི་ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས ་པར་བྱང་ཆུབ་པའི་རིམ་གྱིས་བདག་ཉིད་མངོན་པར་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའོ།། འཇོམ་དཔལ་གྷོ་ཏོང་ངེ་འཛིན་བཤད་ཟིན་ཏོ།། རྡོ་རྗེ་སྐྱེ ་མཆེད་ཉིད་དག་ཀྱང་།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག། ཅེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། ཡུལ་རྣམས་ལྷ་མོའི་ཏིང་ངེ་འཛིན་གྱི་དབང་དུ་བཤད་པ། རྡོ་རྗེ་སྒོ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་རླུང་བཅུ་གསུངས ་འདི་ལྟ་སྟེ། སྲོག་དང་ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། མཉམ་དུ་གནས་པ་དང་། ཁྱབ་བྱེད་དང་། ལྡང་ཞིང་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བའོ།། དེ་ལ་སྲོག་ལ ་སོགས་པའི་རླུང་ལྔ་ནི་ཕུང་པོ་ལྔ་ལ་བརྟེན་ཏེ། ཕུང་པོའི་བྱེ་བ་རྣམས་བྱེད་དོ།། ལྡང་ཞིང་རྒྱུ་བ་ལ་སོགས་པའི་རླུང་ལྔ་ནི་དབང་པོ་རྣམས་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་རྣམས་བྱེད་དོ།། དེ་ལ་ལྡང་ཞིང་རྒྱུ་བ་ཞེས་བྱ་བའི་རླུང་ནི་མིག་གི་སྐྱེ་མཆེད ་ལ་བརྟེན་ནས་གཟུགས་རྣམ་པ་ལྔའི་བྱ་བ་རྫོགས་པར་བྱེད་དོ།། དེ་ཡང་སྣང་བ་དང་སྒྲིབ་གཡོགས་མེད་པ་དང་། ཡིད་ལ་བྱེད་པ་དང་། མིག་གི་དབང་པོ་ཚོགས་པ་དང་ལྡན་པའི་རྒྱུས་གཟུགས་ཀྱི་ཡུལ་རྣམས་མཐོང་སྟེ། དེ་ནི་རྣམ་པར ་སྣང་མཛད་ཀྱིའོ།། འགྱིང་བག་དང་རྣམ་པར་རོལ་པ་དང་སྟེགས་པའི་གཟུགས་ནི་མེ་བསྐྱོད་པའིའོ།། རྗེ་སུ་ཆགས་པའི་གཟུགས་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཡིད་དུ་འོང་བ་དང་ཡོད་དུ་མི་འོང་བ་དང་བཏང་སྙོམས་ཀྱི་འདུ་ཤེས་ཅན་གྱི ་གཟུགས་ནི་འོད་དཔག་ཏུ་མེད་པའིའོ།། བྱ་བ་ཐམས་ཅད་སྒྲུབ་པའི་གཟུགས་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་སྟེ། གཟུགས་ཀྱི་ཡུལ་རྣམ་པ་ལྔར་བཤད།། དེ་ལ་རྣམ་པར་རྒྱུ་བ་ཞེས་བྱ་བའི་རླུང་ནི་རྣ་བའི་སྐྱེ་མཆེད་ལ་བརྟེན་ནས། ་སྒྲ་རྣམ་པ་ལྔའི་བྱ་བ་བྱེད་དེ། དེ་ལ་རྣ་བའི་ནང་གི་སྒྲ་དང་མགོ་དང་སྒྲའི་སྒྲ་ནི་རྣམ་པར་སྣང་མཛད་ཀྱིའོ།། གླུ་དང་རྒྱུན་གྱི་སྒྲ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། རྐན་དང་མཆུ་དང་ངག་གི་སྒྲ་ནི་འོད་དཔག་ཏུ་མེད་པའི་འོ།། ནགས་ཚལ་དང་ཆུ་བོ་དང་སེ ་གོལ་དང་ཐལ་མོ་དང་རྫ་རྔ་ལ་སོགས་པའི་རོལ་མོའི་སྒྲ་ནི་དོན་ཡོད་གྲུབ་པའིའོ།། ཡི་གེ་ཧཱུཾ་ཞི་བ་དང་དྲག་པོའི་སྒྲ་ནི་མི་བསྐྱོད་པའི་བྱིན་གྱིས་བརླབས་པ་ཡིན་ཏེ་སྒྲའི་ཡུལ་རྣམ་པ་ལྷུར་བཤད།། ཡང་དག་པར་རྒྱུ་བ་ཞེས་བྱ ་བའི་རླུང་ནི་སྣའི་སྐྱེ་མཆེད་ལ་བརྟེན་ནས་དྲི་རྣམ་པ་ལྔའི་བྱ་བ་བྱེད་དོ།། དེ་ལ་དྲི་མ་ལུས་པ་ནི་རྣམ་པར་སྣང་མཛད་ཀྱིའོ།། ཡན་ལག་ཐམས་ཅད་ཀྱི་དྲི་ནི་རིན་ཆེན་འབྱུང་ལྡན་གྱིའོ།། དྲི་གསུམ་བྷི་བྱེ་དྲུག་ནི་འོད་དཔག་ཏུ་མེད་པའིའོ།། རོའི་དྲི་ནི་དོན ་ཡོད་གྲུབ་པའིའོ།། དྲི་མི་ཟད་པ་ནི་མི་བསྐྱོད་པའི་བྱིན་གྱིས་བརླབས་པ་སྟེ། དྲིའི་སྐྱེ་མཆེད་རྣམ་པ་ལྔར་བཤདདོ།། རབ་ཏུ་རྒྱུ་བ་ཞེས་བྱ་བའི་རླུང་ནི་ལྕེའི་སྐྱེ་མཆེད་ལ་བརྟེན་ནས་རོ་རྣམ་པ་ལྔ་སྐྱོང་བར་བྱེད་དེ། དེ་ལ་རོ་མངར་བ་ནི་རྣམ་པར་སྣང ་མཛད་ཀྱིའོ།། རོ་བསྐ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ལན་ཚྭའི་རོ་ནི་འོད་དཔག་ཏུ་མེད་པའིའོ།། རོ་ཁ་བ་ནི་མི་བསྐྱོད་པའིའོ།། རོ་ཆེ་བ་དང་སྐུར་བ་ལ་སོགས་པའི་རོ་དྲུག་གི་བྱེ་དྲག་ནི་དོན་ཡོད་གྲུབ་པར་བྱིན་གྱིས་བརླབས་པ་ཡིན་ཏེ། རོའི་སྐྱེ་མཆེད ་རྣམ་པ་ལྔར་བཤད།། ངེས་པར་རྒྱུ་བ་ཞེས་བྱ་བ་ནི་ལུས་ཀྱི་སྐྱེ་མཆེད་ལ་བརྟེན་ནས་སྟོབས་འགྱེད་པ་ལ་སོགས་པོ་སྟོབས་དང་སྤྲོ་བ་རྣམས་ཏེ། དེ་ཡང་རེག་བྱའི་བྱ་བ་ལྔ་རྗེསུ་སྦྱོང་བར་བྱེད་དོ།། དེ་ལྀ་སྟན་ཅིག་ལ་གནས་པའི་རེག་བྱ་ནི་རྣམ་པར ་སྣང་མཛད་ཀྱིའོ།། འཁྱུད་པའི་རེག་བྱ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། འོ་བྱེད་པའི་རེག་བྱ་ནི་འོད་དཔག་ཏུ་མེད་པའིའོ།། རྔུབ་པའི་རེག་བྱ་ནི་དོན་ཡོད་པར་གྲུབ་པའིའོ།། བྷ་ག་དང་ལིངྒའི་སྦྱོར་བའི་རེག་བྱ་ཆགས་པ་ཆགས་པ་དང་བྲལ་བ་དང་། དབུ་མའི ་ཆགས་པའི་ངོ་བོ་ཉིད་ཉེ་བར་དམིགས་པ་ནི་མི་བསྐྱོད་པའི་བྱིན་གྱིས་བརླབས་པ་སྟེ། རེག་བྱའི་ཡུལ་རྣམ་པ་ལྔར་བཤད་དོ།། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས།། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ།། ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། ་ཡེ་ཤེས་ལྔའི་དབང་དུ་བྱ་སྟེ་བཤད་པ། མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་དངོས་པོ་མ་ལུས་པ་རྣམས་ཅིག་ཅར་ཡོངསུ་ཤེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ནི་རྣམ་པར་སྣང་མཛད་ཀྱིའོ།། རྐང་མེད་དང་རྐང་གཉིས་དང་། རྐང ་བཞི་དང་། རྐང་མངས་ཀྱི་སེམས་ཅན་རྣམས་ཀྱང་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཕུང་པོ་དང་ཁམས་ལ་སོགས་པའི་ཕྱི་དང་ནང་གི་དངོས་པོ་རྣམས་སོ་སོར་རྣམ ་བར་ཕྱེ་སྟེ་རྣམ་པར་བརྟགས་ན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ཞེས་ཤེས་ནས་ཆོས་ཐམས་ཅད་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་རྟོག་ཅིང་རྟོག་པ་མེད་པས་གནས་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ནི ་འོད་དང་གཾ་ཏུ་མེད་པའོ།། བདག་དང་གཞན་གྱི་བྱ་བ་ལུས་དང་ངག་ཡིད་ཀྱི་ལས་རྫོགས་པར་བྱེད་པའི་ངོ་བོ་ཉིད་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ་དེ་ནི་དོན་ཡོད་གྲུབ་པའིའོ།། ལུས་དང་ངག་དང་ཡིད་ཀྱི་སྒྲིབ་པ་དག་ཅིང་ལས་དང་ཉོན་མོངས་པ་ལས་གྲོལ་སྟེ། ་དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་པའི་བག་ཆགས་རྣམ་པར་སྦྱངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། དེ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ།། དེ་བས་ན་ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས།། ལྔ་པོ ་དབྱེ་བ་ལྔ་རུ་བྱས་པ་ལ།། དེ་བཞིན་གཤེགས་པས་སོ་སོར་བྱིན་བརླབས་ན།། འཁོར་བའི་ལས་རྣམས་དག་ནི་ག་ལས་འབྱུང་།། དེ་བཞིན་དཔལོ་ཕྱི་རོལ་ཡུལ་བཅས་ལྔ།། རེ་རེ་ཞིང་ཡང་བདེར་གཤེགས་ལྔ་རྣམས ་ཀྱིས།། དེ་ལ་རང་རང་རྟག་ཏུ་བྱིན་རློབ་ཅིང་།། ཡེ་ཤེས་ལྔ་དང་གསུམ་དུའང་ཡང་དག་གནས།། ཞེས་གསུངས་པའི་ཕྱིར་རོ།། རིག་ནི་རྣམ་པ་བརྒྱར་བཤད་པ། ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། རྡོ་རྗེ་སློབ་མས་གསོལ་པ། རིག་བརྒྱའི་རིམ ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཡོངསུ་བསགས་པ་ལས་གྲུབ་པའི་ལུས་ཡིན་པར་ནི་སོམ་ཉི་མ་མཆིས་ན། ཡང་ཇི་ལྟར་ན་དེ་ནི་མདོར་བསྔོས་ན་རྣམ་པ་ལྔར་འགྱུར་བ་ལགས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཁམས ་བཞི་པོ་དག་ལ་ལུས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཁམས་རྣམས་ཚོགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་འབྱུང་བ་ཡིན་ཏེ། དེ་བས་ན་གཟུགས་ཀྱི་ཕུང་པོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་ནི་དེ་བཞིན་གཤེགས་པའི་རིགས ་ཅན་ཏེ། དེ་ནི་སོའི་ཁམོས་སྡུས་པར་བྱེད་པས་ཉེ་བར་འགྲོའོ།། དེ་བཞིན་དུ་རིན་པོ་ཆེའི་རིགས་ཅན་རྣམས་ནི་ཆུའི་ཁམས་སོ།། པདྨའི་རིགས་ཅན་རྣམས་ནི་མེའི་ཁྱམ་སོ།། ལས་ཀྱི་རིགས་ཅན་རྣམས་ནི་རླུང་གི་ཁམསོ།། རྡོ་རྗེའི་རིགས་ཅན་རྣམས ་ནི་རྣམ་པར་ཤེས་པའི་ཁམསུ་བསྡུས་པོར་གྱུར་པ་ཡིན་ནོ།། ཚུལ་འདིས་ན་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས་ཕུང་པོ་ལྔ་རྣམས་བརྒྱར་གྱུར་པ་ཡང་གསང་པོ་ལྔའི་དེ་ཁོ་ན་ཉིད་འབྱུང་བ་ཆེན་པོ་ལྔའི་དེ ་ཁོ་ན་ཉིད་དུ་འགྱུར་ཏེ། འདིར་གསྡང་བ་འདུས་པ་ལས་ན་མཁའི་དབྱིངས་ཀྱི་དབུས་གནས་པར།། དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས།། ཞི་བ་རྡོ་རྗེ་འཛིན་འདོད་ན།། བསྡུ་བ་དག་ཀྱང་རབ་ཏུ་བྱ།། ཞེས་གསུངས་པ་དང་། དོན་དེ་ཉིད་གསལ་བར ་བྱ་བའི་ཕྱིར་ཐམས་ཅད་གསང་བའི་རྒྱུད་ལས། འབྱུང་བ་ལྔ་ཡི་བདག་ཉིད་ལྔར།། མི་ཡི་ལུས་ནི་བརྟག་བྱ་སྟེ།། དངོས་དེ་ངེས་པར་བསྒོམས་པ་ཡི།། རང་སེམས་མཐུ་ཡིས་སངས་རྒྱས་འགྱུར།། ཞེས་བཤད་པ་དང་། ན་མཁའ་དང་མཉམ ་པའི་རྒྱུད་ལས་ཀྱང་།། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག། གར་མཁན་དག་དང་རི་མོ་བཟང་ལྟར་སྣང་།། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད།། གཅིག་པུ་ཉམས་ནི་དུ་མས་གར་མཛདོ་ཞེས་གསུངས་པས་སོ།། མདོར་བསྡུ་ན་རྣམ་པ ་ལྔ་ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། རྡོ་རྗེ་སློབ་མས་གསོལ་པ། རྣམ་པ་ལྔ་ལས་ཇི་ལྟར་རྣམ་པ་གསུམ་དུ་འགྱུར་བ་ལགསོ།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིན་ཆེན་འབྱུང་ལྡན་ནི་སྐུ་རྡོ་རྗེ་དང་ལྷན་ཅིག་གཉིསུ་མེད་པར་འགྱུརརོ།། ་དོན་ཡོད་གྲུབ་པ་ནི་གསང་བ་རྡོ་རྗེ་དང་ལྷན་ཅིག་གཉིསུ་མེད་པར་འགྱུརརོ།། མི་བསྐྱོད་པ་ནི་དྲུག་པ་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཉིས་མེད་པར་འགྱུར་ཏེ། དེ་ལྟར་རིགས་བརྒྱ་ནིས་བརྩམས་ཏེ། རིགས་ལྔའི་བར་གྱི་བདག་ཉིད་ཅན་གྱི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་བསྡུས་པར་གྱུར་པ་ཡིན་ནོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ ་ཐམས་ཅད་མི་ཟད་པའི་རྡོ་རྗེ་གསུམ་གྱིས་ཉིད་ཀྱི་སྐུ་དང་གསུངས་དང་ཐུགས་ལ་རབ་ཏུ་ཞུགས་པར་འགྱུ་རོ་ཞེས་བྱ་བ་དང་ལུས་དང་ངག་དང་སེམས་དམིབས་ན།། ངོ་བོ་ཉིད་ཀྱིས་དམིགསུ་མེད།། སྔགས་ཀྱི་ལུས་སུ ་སྦྱོར་བ་ལ།། བྱང་ཆུབ་མེད་ཅིང་བསྒོམ་པའང་མེད།། ལུས་དང་ངག་སེམས་མཚན་ཉིད་དུ།། མདོར་ན་རྣམ་པར་དཔྱད་ནས་སུ།། སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན།། སྦྱོར་བའི་ཆོ་ག་བསྒོམ་པར་བྱ།། ཞེས་གསུངས་པ་དང་། སངས་རྒྱས ་ཐམས་ཅད་མཉམ་པར་སྦྱོར་མཁའགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་ཀྱང་དོན་འདི་གསལ་བར་བསྟན་ཏེ། གཟུགས་བརྟན་ལུགསེ་མ་སོགས་པ་ལས། རྣལ་འབྱོར་འབྱུང་བར་མི་འགྱུར་གྱི།། བྱང་ཆུབ་སེམས་ལ་རབ་བརྩོན་ན།། དེ་ལས ་རྣལ་འབྱོར་ལྷར་འགྱུརརོ།། བདག་ཉིད་སངས་རྒྱས་ཐམས་ཅད་དང་།། དཔའ་བོ་ཐམས་ཅད་བདག་ཡིན་ནོ།། དེ་བས་བདག་ཉིད་ལྟར་སྦྱོར་བས། བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། ཞེས་གསུངས་པས་ཏེ་ལུས་དང་ངག་སེམས་སྦྱོར་བ་ཡིས།། གསུ ་དུཡང་ནི་འགྱུར་བ་ཡིན། ཞེས་བྱ་བའི་མདོའི་དོན་བཤད་ཟིན་ཏོ།། རྡོ་རྗེ་སློབ་མས་གསོལ་པ། རྟོགས་པ་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ལུས་དང་ངག་དང་ཡིད་ཀྱིས་ཡང་དག་པར་བསྡུས་པ ་ལཾ་ནི་སོམ་ཉི་མ་མཆིས་ན་རིགས་གསུལ་པོ་དེ་ཡང་ཇི་ལྟར་ན་རྡོ་རྗེ་གསུམ་མི་བྱེད་པའི་བདག་ཉིད་ཅན་སྐུ་རྡོ་རྗེར་འགྱུར་བ་ལགས། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་བསྟོན་པས་བཤད་དུ་གསོལ། རྡོ་རྗེ་སླེབ་དཔོན་གྱིས་སྨྲས་པ། སེམས་ཅན ་ཆེན་པོ་འདུས་པའི་དོན་ལ་ཞུགས་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ལུས་རྣམ་པར་དབེན་པའི་མཐར་ཐུག་པ་འདྲི་བར་བྱེད་པ་ལེགསོ་ལེགས་སོ།། དེ་བས་ན་ངས་ལུས་དང་ངག་དང་ཡོད་དང་ཕན་ཚུན་ཅིག་ལ་ཅིག་རྒྱུར་གྱུར་པ་བསྟན་ནས ་སྐུ་རྡོ་རྗེའི་ཏོང་ངེ་འཛིན་ལ་རབ་ཏུ་གཞག་པར་བྱ་ཡིས་ཉོན་ཅིག། དོན་ལ་དམིགས་པའི་ལུས་དང་ནི།། ངག་ཀྱང་ཡིད་ཀྱིས་བསལ་བྱ་ཞིང་།། ཡིད་ནི་དགའ་བར་བྱེད་པོ་ཡིན།། དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ། ཞེས་བཅོམ་ལྡན ་འདིས་ཀྱིས་གསང་བ་འདུས་པ་ལྔ་གསུངས་ཏེ། འདིའི་དགོངས་པ་ནི་འདི་ཡིན་ཏེ། དེ་ལ་སྐུ་རྡོ་རྗེར་གྱུར་ནས་རྐན་དང་མཆུ་སྦྱར་བ་དང་། ལྕེའི་ཚོགས་རྣམ་པར་གྱུར་པ་ལས། གསུང་རྡོ་རྗེ་ལ་འཇུག་པར་འགྱུརརོ།། ཐུགས་རྡོ་རྗེ་ནི་དེ་ལ་སྐུལ ་པར་བྱེད་པ་ཡིན་ཏེ་དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་རྫོགས་པར་བྱེདོ་ཞེས་པའི་དོན་ཏོ།། དེ་ལྟར་ལུས་དང་ངག་དང་ཡིད་ལ་སོགས་པའི་བསྒོམ་པའི་མཚན་ཉིད་བརྟགས་ནས་ད་ནི་རྡོ་རྗེ་གསུམ་མི་ཕྱེད ་པའི་མཚན་ཉིད་བཞག་པར་བྱ་སྟེ། གསང་བ་འདུས་པ་ལས་ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་སྐྱེད་ཅིག་ཅེས་གསུངས་པས་བདག་ནི་རང་བཞིན་གྱི་བདག་པོའོ་ཞེས་བདག་ཉིད་བརྟན་པ ་བསྐྱེད་ལ་རྡོ་རྗེ་གསུམ་གྱི་བདོག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པོར་མོས་པར་བྱས་པ་ནི་བྱིན་གྱིས་བརླབས་པའི་རྣལ་འབྱོར་ཅེས་བྱ་བར་བཤད་དོ།། ལུས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ། ལེའུ་གཉིས་པའོ།། ་རྡོ་རྗེ་སློབ་མས་གསོལ་པ། ལུས་རྣམ་པར་དབེན་པ་ལ་བསླབ་པ་ལ་ནི་སོམ་ཉི་མ་མཆིས་ན། བཅོམ་ལྡན་འདས་ངག་རྣམ་པར་དབེན་པ་ལ་ཇི་ལྟར་བསླབ་པར་བགྷྣཱཾ། ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན ་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེག་སོ་ལེགས་སོ།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་བཤད་མ་ཐག་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེ་ལ་ལྷ་རྣམ ་པར་དགོད་པ་ནི་ཐམས་ཅད་ཀྱི་ཐུན་མོང་སྟེ། རགས་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ།། ངག་རྣམ་པར་དབེན་པ་དེ་ཡང་རྣལ་འབྱོར་པའི་ཡེ་ཤེས་ཏེ། ཤིན་ཏུ་ཕྲ་བ་ཐེག་པ་ཆེན་པོ་པ་རྣམས་ཀྱི་ཡུལ་མ་ཡིན་པ་རྡོ་རྗེའི་ཐེག་པ་རྣམས་ལས་ཀྱང ་བསྐྱེད་པའི་རིམ་པ་ལ་སྤྱོད་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཕྲ་བའི་ཕྱིར་རོ།། དེ་བས་ན་ངས་ཁྱོད་ལ་བཤད་པའི་རྒྱུད་ཀྱི་རྗེསུ་འབྲངས་ནས་གསུང་རྡོ་རྗེའི་ཏིང་འཛིན་རྒྱ་ཆེར་སོ་སོར་རྟོགས་པར་བྱ་ཡིས་ཤིན་ཏུ་འབད་དེ་ཉོན་ཅིག། དེ་ལཱ་རི་ཌ ་ནི་རྣམ་པ་བརྒྱར་གསུངས་ཏེ། ཞེས་བྱ་བ་ལ་སོགས་པའི་སྔར་བཤད་པའི་ཚོགསུ་བཅད་པའི་མདོ་ནི་ལུས་དང་ངག་དང་། སེམས་རྣམ་པར་དབེན་པའི་ཡང་ཐུན་མོང་ཡིན་ནོ།། དེ་ལ་ངག་རྣམ་པར་དཔོན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད།། ། ་དེ་ཡང་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པ་དང་བྲལ་བས་ནི་ཤེས་པར་མི་འགྱུརརོ།། རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྲོག་དང་རྩོལ་བའོ།། དེ་བས་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་དཔལ་གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ།། ཡུངས ་ཀར་གྱི་ནི་འབྲུ་ཚད་ཙམ།། སྣ་ཡི་རྩེ་མོར་ནན་ཏན་དུ།། དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདི་ངེས་པ་དང་དྲང་བའི་དོན་གྱི་དབྱེ་བས་ལྷའི་རྣལ་འབྱོར་རྣམ་པ་གཉིས་ལ་ཡང་སྦྱར་ཏེ། དེ་ལ་བསྐྱེད་པའི་རིམ་པ་སྒོམ ་པར་བྱེད་པས་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚོད་ཙམ་གྱི་རིང་གི་ལྷའི་མཚན་མ་རང་གི་སེམས་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ་ཞེས་བསྟན་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་ནོ།། འདི་ཉིད་རྫོགས་པའི་རིམ་པ་ལ་གནས་པ་རྣམ ་ཀྱི་ཕྲ་མོའི་རྣལ་འབྱོར་བཤད་པ་ནི་ཨཱ་ལི་ཀཱ་ལི་རྣམས་ཀྱི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱི་ཡི་གེ་གསུམ་བསྐྱེད་ལ་ཡི་གེ་གསུམ་ཡང་འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ།། དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡིས་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་ངོ་བོ་ཉིད།། གོང་བུའི་གཟུགས་ཀྱི་ཕྱུང་ནས་ནི།། སྣ་ཡི་རྩེ་མོར་རབ་ཏུ ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་པ།། སྲོག་དང་རྩོལ་བ་ཞེས་བྱ་བ་ཤ་།། ཅེས་གསུངས་པའོ།། མདོར་བསྟོན་པ་འདིའི་བཤད་པ་གསང་བ་འདུས་པའི་བཤད་པའི་རྒྱུད་དགོངས་པ་ལུང་སྟོན་པ་ལས་བཤད་དེ། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ ་སྙིང་པོའི་དོན་གསུངས་པ།། འགྲོ་བའི་བླ་མ་གཅིག་པུ་ལ།། ཕྱག་འཚལ་ནས་ནི་སླར་གསོལ་པ།། འཇིག་རྟེན་པ་ཡི་ལུང་ཉིད་ཀྱིས།། བྱང་ཆུབ་སེམས་ནི་རབ་གསུངས་ན། ཇི་ལྟར་འཇིག་རྟེན་ལས་འདས་པ།། མ་འོངས་པ་ཡིས་ཇི་ལྟར་རྟོགས།། ལྟ་བ་ཐམས ་ཅད་རབ་སྤང་ཕྱིར།། ཁྱེད་ནི་ཆོས་རྣམས་སྟོན་མཛད་ན།། ཇི་ལྟར་བྱང་ཆུབ་སེམས་དེ་ཉིད།། ལྟ་བ་དེ་ནི་རབ་བསྟན་འགྱུར།། དགོངས་པའི་ཚིག་ལ་རྨོངས་པ་རྣམས།། གསུངས་པའི་དོན་ནི་མ་རྟོགས་ནས།། གསུངས་པ་འདི་ལས ་གཞན་མིན་ཞེས།། དེ་ནི་ཇི་བཞིན་སྒྲར་འཛིན་ཏོ།། དེ་ནས་བཅོམ་ལྡན་སྣ་ཚོགས་པས།། ལག་ན་རྡོ་རྗེ་ལ་གསུངས་པ། ཁྱེད་གསང་དགོངས་པ་མ་རྟོགས་པ།། འདྲི་བར་བྱེད་པ་ལེ་གསོ་ལེགས།། བྱང་ཆུབ་སེམས་ནི་རླུང་འགྱུར་ཞིང་།། ནམ་མཁའ་ལ་ནི ་རྣམ་གནས་པ།། སེམས་ཅན་ཀུན་གྱིས་སྲོག་གྱུར་ཡིན།། ལྔ་ཡི་བདག་ཉིད་བཅུ་མིང་ཅན།། རྟེན་འབྲེལ་བཅུ་གཉིས་ཞེས་གྲགས་པ།། ངོ་བོ་ཉིད་རྣམ་གསུམ་དུ་འགྱུརརོ།། རླུང་ཞེས་བྱ་བའི་བྱང་ཆུབ་སེམས།། དབང་པོ་ཀུན་གྱི་གཙོ་འདི་ཡིན།། འདི ་ལྟར་མི་མངོན་ཕྲ་བ་ལས།། རྟག་ཏུ་གསལ་བར་བརྗོད་པ་ཡིན།། འགྲོ་བ་ཡུལ་སོགས་ལས་བྱེད་པ།། འདིར་ནི་དེ་ལ་བརྟེན་པ་ཡིན།། ཞི་བ་དང་ནི་རྒྱས་པ་དང་།། དབང་དང་དེ་བཞིན་མངོན་སྤྱོད་རྣམས།། དེ་ཉིད་གསུམ་གནས་ལ་བརྟེན་ནས།། དེ ་ཀུན་བྱང་ཆུབ་སེམས་ཀྱི་བྱེད།། ཇི་སྲིད་འཇིག་རྟེན་བརྟགས་པ་དང་།། དེ་བཞིན་བརྟགས་པ་སྣ་ཚོགས་རྣམས།། རྣམ་རྟོག་བྱང་ཆུབ་སེམས་ཤེས་པ་འི། རླུང་ལས་རྟག་ཏུ་འབྱུང་བ་ཡིན།། བོད་སྡུག་ལ་སོགས་ཆོས་རྣམས་ཀྱི།། ས་བོན་ལྟ་བུར ་བཤད་པ་ཡིན།། བྱང་ཆུབ་སེམས་ཀྱི་ངོ་བོ་འདི།། ཕུང་སོགས་གཉིས་མེད་མཁའ་དང་མཉམ།། ཤེས་རབ་ཐབས་གཅིག་སྦྱོར་བ་ཡིས།། བྱང་ཆུབ་སེམས་ནི་འགྲོ་བར་འགྱུར།། ཀློག་དང་བསམ་གཏན་རྣམ་སྤངས་པར།། བདག་པོ་རང་ཉིད་ཟློས་པ ་སྟེ། ཉིན་དང་མཚན་མོ་དབྱེ་བ་ཡིས།། ཉི་ཟླ་རབ་ཏུ་སྦྱོར་བ་ཡིན།། དངོས་པོ་མེད་པས་འགྲོ་ཁྱབ་པའི།། བྱང་ཆུབ་སེམས་ཀྱི་རླུང་གཅིག་པུ།། དགེ་དང་མི་དག་འབྲས་སྤངས་ན།། རྣམ་པའ་འདྲ་བར་འགྱུར་བ་ཡིན།། ཞེས་གསུངས་པས་སོ།། ་རྡོརྗེ་སློབ་མས་གསོལ་པ། རླུང་ལྔའི་བདག་ཉིད་བཙུ་མ་ཅ་ན།། ཞེས་བསུངས་པ། བཅོམ་ལྡན་འདས་ཀྱིས་ཐུགས་པརྩེ་བཉེ་བར་བཞག་སྟེ། རི་རོ་མིང་གི་དབྱི་བ་གཞན་བཤདུ་གསོལ། རྡོ་རྗེ་སློབ་པོན་གྱིས་སྨྲས་བྱ། བཤད་པ་ཐག་པའི ་བཤད་པའི་རྒྱུད་ཉིད་ལས་བསྟན་པ་དེ་དགྲོལ་བར་བྱའོ།། དེ་ནས་དེ་བཞིན་གཤེགས་ཀུན་དང་།། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས།། དེ་བཞིན་གཤེགས་པ་བདག་པོ་དེ།། མཉེས་བྱའི་ཕྱིར་ནི་ཞུགས་པར་འགྱུར།། སྲོག་དང་ཐུར་སེལ་གྱེན་རྒྱ ་དང་། ཁྱབ་དང་མཉམ་གནས་ཞེས་བཤད་དང་།། ཀླུ་དང་རུས་སྦལ་རྩངས་པ་དང་།། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ།། དེ་དག་བདག་གཟུགས་བུད་མེད་དུ།། སླར་ཡང་སྤྲུལ་པར་མཛད་པོ་ཡིན།། རླུང་བཅུ་པོ་འདི་དག་ནི་སངས་རྒྱས་ཐམས་ཅད་དང ་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་བའི་མཆོག་གི་ཚུལ་ལས་ནི་སྒྲ་ཇི་བཞིན་མ་ཡིན་པོས་གསུངས་ཏེ། ཀོ་ཊ་ཁྱཱ། ཀོ་ཊ་བ། ཀོ་ཊ། ཀོ་ཊཾ་བཤྩ་ཤ། ཀོ་ཊི་ར་གཿཀོ་ལ་ཁྱ། ཀོ་ལ་བ། ཀོ་ལ་ཀོ་ལ་པཤྩ། ཀོ་ལ་ཏ་ཐཱ། མིང་བཅུ་པོ ་འདི་དག་ནི་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་།། སྒྲ་ཇི་བཞིན་པའི་དོན་གྱི་རླུང་བཅུར་གསུངས་ཏེ། སྲོག་དང་ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པོ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར ་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རངབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱའོ།། རྡོ་རྗེ་སློབ་མས་གསོལ་པ། སྲོག་ཅེས་བྱ་བ་ལ་སོགས་པ་རླུང་བཅུ་པོ་ལུས་འདི་ལ་གང་ཞིག་རབ་ཏུ་གནས་ནས་ཅི་ཞིག་བགྱིད་པ་བཅོམ ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ།། རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་ང་པོ་རྣམས་ཀྱི་བྱ་བ་རྣམས ་བྱེད་དོ།། དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་གར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ།། ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ།། གྱེན་དུ་རྒྱུ་བ་ལྐོག་མར་གནས་པ་ནི་དེ་བཞིན་གཤེགས ་པ་འོད་དཔག་ཏུ་མེད་པའོ།། མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ།། ཁྱབ་བྱེད་ཅེས་བྱ་བ་ནི་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ།། རྒྱུ་བའི་རླུང་ནི ་གཟུགསོ།། རྣམ་པར་རྒྱུ་བ་ནི་སྒྲའོ།། ཡང་དག་པར་རྒྱུ་བ་ནི་དྲིའོ།། རབ་ཏུ་རྒྱུ་བ་ནི་རོའོ།། ངེས་པར་རྒྱུ་བ་ནི་རེག་བྱའོ།། ཡང་རླུང་བཅུ་པོ་འདི་དག་ནི། བུགས་འབྱུང་བ་དང་རྔུབ་པར་འགྱུར་པ་དང་། དེ་རྣམས་ཀྱང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི ་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ལྷ་མོ་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་འབྱུང་བ་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ ་རྣམས་དཀར་པོ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་གནས་པ ་དང་ལྡང་བའི་རིམ་གྱིས་རྡོ་རྗེ་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་རླུང་དེ་རྣམས་ཡི་གེ་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པར་སྨྲ་བར་བྱེད་པ་དང་། ཡང་དེ་རྣམས་མི་ཤིག་པ་ཐོབ་ན་དངོས་པོ་མེད་པར་འགྱུརརོ།། རྡོ་རྗེ་སློབ་མས་གསོལ ་པ། བཅོམ་ལྡན་འདས་ཇི་ལྟར་ན་རླུང་བཅུ་པོ་འདི་བདག་ཅིག་དང་དུ་མའི་ངོ་བོ་རང་གི་ལུས་ལ་ཉིན་དང་མཚན་དུ་སྤྲོ་བ་དང་སྡུད་པར་བགྱིད། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས ་དཔའ་ཆེན་པོ་ལེགསོ་ལེགས་སོ།། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་བླ་མ་ལས་ཇི་ལྟར་རླུང་གི་དེ་ཁོ་ན་ཉིད་དགོངས་པར་བཤད་ཀྱིས་གསལ་བར་གསུངས་ལ། དེ་བཤད་པའི་རྒྱུད་ལས། སྒྲ་ཇི་བཞིན་པར་གསུངས་པ ་དེ་ལ་འཇུག་པར་བྱའོ།། སངས་རྒྱས་ལྔ་ཡི་རིགས་གནས་པ།། སྣ་རྩེའི་བུ་ག་ལས་བྱུང་ཞིང་།། རླུང་ལྔ་སྟེང་དུ་ཡང་དག་རྒྱུ།། ལུས་ལ་རྟག་ཏུ་སྤྱོད་པར་འགྱུར།། ཀུན་རྫོབ་སྐར་ནི་སྤྱོད་པ་ཡི།། སྒོ་དེ་ལས་ནི་རྣམ་པར་འབྱུང་།། གཡོན་དང ་གཡས་དང་གཉིས་ཀ་དང་།། དོལ་བར་རྒྱུ་དང་རྣམ་པ་བཞི།། གཡས་པ་ནས་ནི་འབྱུང་བའི་ཁམས།། མེ་ཡཾ་དཀྱིལ་འཁོར་ཉིད་ཡིན་ཏེ། ཁོ་དོག་དམར་བའི་མཆོག་འདི་ནི།། པདྨ་མགོན་པོ་རྒྱུ་བའོ།། གཡོན་པ་ནས་ནི་འབྱུང་བའི་ཁམས།། ་རླུང་གི་དཀྱིལ་འཁོར་བྱུང་བ་དང་། ལྗང་སེར་དག་ཏུ་སྣང་བ་སྟེ།། ལས་ཀྱི་མགོན་པོ་རྒྱུབའོ།། གཉིས་ཀ་ལས་ནི་འབྱུང་བའི་ཁམས།། གསེར་གྱི་མདོག་ཏུ་སྣང་བ་སྟེ།། དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད།། རིན་ཚོན ་མགོན་པོ་རྒྱུ་བའོ།། དལ་ཞིང་རྒྱུ་བ་མེད་པའི་ཁམས།། དྲག་པའི་ཤེལ་ལྟར་སྣང་བ་སྟེ།། སྐད་ཅིག་ཆུ་ཡི་དཀྱིལ་འཁོར་སྟེ།། རྡོ་རྗེ་མགོན་པོ་རྒྱུ་བའོ།། ཁམས་གསུམ་ཡང་དག་འབྱུང་བ་ཡི།། རྟེན་དང་བརྟེན་པར་བཟུང་བ་ནི།། རྣམ་སྣང་མཛད་ཆེན ་སྐུ་ཡིན་ནོ།། འཆི་བའི་མཐར་ནི་འབྱུང་བར་འགྱུར།། དཀྱིལ་འཁོར་བཞི་པོ་འདི་དག་ནི།། མཉམ་པར་བཞག་པས་རྟག་ཏུ་ཟློས།། སྔགས་བཟླས་པ་ཡི་གྲངས་ཀྱིས་ནི།། ཉིན་དང་མཚན་དུ་རྟག་པར་བཟློས།། ཞེས་བཅོམ་ལྡན་འདས་ཀྱིས ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་གསུང་སོ།། ། འདིའི་དོན་ནི་འདི་ཡིན་ཏེ། པདྨ་དང་རྡོ་རྗེའི་སྣ་དག་ལས་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྡེའི་སྒོ་ལས་གཡོན་པ་དང་། གསུ ་པ་དང་གཉིས་ཀ་དང་དལ་གྱི་རྒྱོ་བའི་རིམ་གྱིས་འབྱུང་།། དེའི་རིམ་པ་ནི་འདི་ཡིན་ཏེ། སྣ་གཡོན་པ་ནས་ངེས་པར་འབྱུང་བའི་རླུང་ནི་དེ་བཞིན་གཤེགས་པ་དོན་ཡོད་པར་གྲུབ་པའི་རླུང་གི་ངོ་བོ་སྟེ། རླུང་གི་དཀྱིལ་འཁོར་མདོག་ལྗང་སེར་འོད་ཟེར ་ནག་པོའི་ངོ་བོ་ཉིད་དོ།། སྣ་གཡས་ནས་རྒྱུ་བའི་རླུང་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྟེ། མེའི་རང་བཞིན་མེའི་དཀྱིལ་འཁོར་འོད་ཟེར་དམར་པོའི་ངོ་བོ་ཉིད་དོ།། སྣ་གཉིས་ཀ་ལས་འབྱུང་བའི་རླུང་ནི་རིན་ཆེན་འབྱུང་ལྡན་ཏེ། དབང་ཆེན་གྱི ་དཀྱིལ་འཁོར་འོད་ཟེར་སེར་པོའི་ངོ་བོ་ཉིད་དོ།། ངལ་ཞིང་རྒྱུ་བ་རེ་བུ་ལ་བའི་རླུང་ནི་མི་བསྐྱོད་པའི་ངོ་བོ་ཉིད་དེ། གསལ་བའི་རང་བཞིན་ཆུའི་དཀྱིལ་འཁོར་འོད་ཟེར་དཀར་པོའི་ངོ་བོ་ཉིད་དོ།། ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ ་ཁྱབ་པའི་རླུང་སྟེ། མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ། དེ་ན་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ།། དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ནི་ཡང་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་སྟེ། ་ཁྲིམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་ཁམས་བཞི་ཆར་ལ་ཁྱབ་པ་ཡིན་ནོ།། དཀྱིལ་འཁོར་རེ་རེ་ལཱ་ཡི་གེ་གསུམ་གྱི་སྔགས་ཀྱི་བདག་པོ་འཇུག་པ་ལ་སོགས་པའི་རིམ་གྱིས་རྟག་ཏུ་རང་ཉིད་ཟློས་པ་ཡིན་ཏེ། འདི་ནི་རླུང་གི་དེ་ཁོ་ན ་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ།། རྡོ་རྗེ་སློབ་མས་གསོལ་པ། བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱི་རླུང་གི་དེ་ཁོ་ཉིད་ལུང་དང་རྟོག་པ་དག་གིས་ལེགས་པར་བརླབས་ཏེ། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་མཚན་ཉིད་ཤེས ་བར་འཚལ་ན་ཐུག་རྩེ་བ་ཉེ་བར་བཞག་སྟེ། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགསོ་ལེགས་སོ།། སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ཡང་དེ་ཁོ་ན་ནི ་བསྡུས་པ་ལ་སོགས་པའི་རྩ་བའི་རྒྱུད་དང་རྒྱུད་བླ་མ་ལས་སྔགས་ཙམ་གསུངས་ཀྱི་སྔགས་བཏུ་ང་ནི་མ་བསྟན་ཏོ།། བཤད་པའི་རྒྱུད་ལས་ནི་སྔགས་བཏུ་བ་དང་། སྔགས་ཀྱི་བརྡ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་དེ་ཁོ་ན་ཉིད། ་བཅོམ་ལྡན་འདས་ཀྱིས་བདེན་པ་ཁོ་ནར་གསུང་སོ།། དེ་ནས་བཤད་པའི་རྒྱུད་མ་རྟོགས་ན་ཕྱི་རོལ་གྱི་སྔགས་རྣམས་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཤེས་པར་མི་འགྱུར་ཏེ། དེ་བས་ན་འབྱུང ་པས་ཉོན་ཅིག། བཤད་པའི་རྒྱུད་ཀྱི་རྗེ་སུ་འབྲང་ནས། སྔགས་ཀྱི་དེ་ཁོ་ན་ཉིད་འབའ་ཞིག་ཁོང་དུ་ཆུད་པར་བྱའོ།། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལཱི་ལས་ཡང་དག་པར་བྱུང་བ་རྣམསོ།། དེ་རྣམས་ཀྱི ་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་མན་ངག་ཇི་ལྟར་ཐོས་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག། དེ་ནས་ཡི་གེ་གསུམ ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ།། དེ་ནི་ཡང་རེ་རེ་ཞིང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་གསུམ་ལོས་འབྱུང་བ་ཡིན་ནོ།། དཱ་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དྲི་ལ་དང་པོར་གསུམ་ཡང་དག་པར་སྦྱོར ་ལས་ལྷའི་སྐུ་འབྱུང་བར་འགྱུརརོ།། དེ་ཉིད་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་ལུས་ཉིན་མཚན་དུ་འཛིན་པར་བྱེད་དོ།། དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁཾ་ཐུར ་དུ་བལྟས་པར་གྱུར་པས་གསང་བའི་སྣའི་བུ་གནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་གྱི་ཁམས་རྣམས་སྐྱེད་པར་བྱེད་དོ།། དེ་ཉིད་སྲོག་དང་རྩོལ་བ་དང་ལྷན་ཅིག་ཡང་སྟེང་དུ་ཡང་སོང་ནས་དབོང་པོའི་སྒོ་རྣཾས་སད་པར ་བྱེད་ཅིང་ཀུན་རྫོབ་ཀྱི་སྣའི་སྒོ་ནས་གཡོན་དང་གཡས་ལ་སོགས་པའི་རིམ་པས་བྱུང་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེ་བཟླས་པ་བྱ་སྟེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་དོ།། དེ་ཉིད་ཉིན་མོ་དང་མཚན་མོའི་རིམ་གྱིས་བཟླས ་པའི་གྲངས་ཉེ་བར་བཟུང་ནས་ཆུ་ལ་སོགས་པའི་དཀྱིལ་འཁོར་དུ་བྱུང་སྟེ། དཀར་བོ་ལ་སོགས་པའི་ཁ་དོག་ལ་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ།། དེ་ཉིད་ཡི་གེའི་གཟུགསུ་ཡོངསུ་བརྟགས་ལ་ལྕེ་རྩེ་ཤིན་ཏུ་མི ་བསྟོད་ཅིང་། ཞེས་བྱ་བ་ལ་སོགས་པའི་ངག་གི་བཟླས་བརྗོད་ཀྱི་མཚན་ཉིད་ཀྱིས་བཟླས་བརྗོད་བྱས་ནས་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ། ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ།། ཡི་གེ་གསུམ་པོ་དེ་ཉིད་ནི་ན་སྦྱང་བ་དང་། ་རྟོགས་པར་བྱ་བ་དང་། འབར་བར་བྱ་བའི་རིམ་གྱིས་ཁེ་ཟས་རྣམ་པར་སྦྱངས་ཏེ་སྐྱོན་མེད་པར་བྱེད་དོ།། དེ་ལྟར་ལུས་ལ་གནས་པའི་སྐབསུ་ཐམས་ཅད་བྱ་སྟེ། མཐར་མི་ཤིགས་པར་ཞུགས་ནས་ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ། ་དེ་བཞིན་དུ་ཐམས་ཅད་བྱེད་དོ།། ད་ནི་ཡི་གེ་གསུམ་བསྐྱེད་པ་དགོངས་པ་ལུང་སྟོན་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། དང་པོ་གཅིག་ནི་དགུ་དབུས་ན།། གང་ཞིག་བཅུ་ཡིས་མ་བཅིངས་པ།། དེ་ནི་གཅིངས་མེད་ཅེས ་བྱ་སྟེ། དེ་ཤེས་པ་ནི་མཆོག་གི་གནས།། དབྱངས་དང་གསལ་བྱེད་ཡི་གེ་སྟེ། གྲངས་དགུ་ཡི་ནི་རྗེས་འཇུག་པ།། ཨས་བཅིངས་ཕན་ཚུན་སྦྱོར་བ་ལ།། གང་གིས་དེ་ཤེས་འགྲོ་བའི་བླ།། གང་ཞིག་ཤེས་ནས་རྣམ་གྲོལ་བའི།། འབྲས་བུ ་ཕུན་ཚོགས་གྲུབ་འདོད་པ།། ད་ནི་དེ་ཉིད་འགྲུབ་འགྱུར་ཏེ།། དངོས་མེད་པས་ནི་དངོས་སྤངས་པ།། འབྱུང་བའི་མཐའ་ནི་ཡང་དགུ་ལྡན།། ཆ་ལ་སོགས་པ་བཅུ་དྲུག་གནས།། ལྔ་པ་ལྔ་དང་ཡང་དག་ལྡན།། བཞི་ནི་གསུམ་དུ་ངས ་པར་སྦྱར།། ཡི་གེ་ཨོཾ་བཅུས་རིང་པོར་བཅས།། ཡོན་ཏན་སྦྱོར་སོགས་ཕྱིས་དང་ལྡན།། ཐུང་ངུ་མ་ལུས་ངག་ཏུ་འགྱུར།། གཅིག་ཡིན་དུ་མཱ་མ་ཡིན་ནོ།། ཡ་ཡི་དོན་གྱིས་གང་ཙོའང་རུང་།། བྱ་བའི་དངོས་གྲུབ་འདོད་གྱུར་པས།། ར་ལ་སོགས་པ ་གསུམོ་ཉིད་ཀྱིས།། འགྲོ་བའི་དོན་ལ་རབ་ཏུ་འཇུག། ཡི་གེ་གང་ཞིག་སྔར་བཤད་དང་།། གང་ཡང་མངོན་པར་ཕྱོགས་པ་རྣམས།། བུད་མེདོ་སྐྱེས་པ་མ་ནིང་སྟེ།། ཁམས་ལ་སོགས་པར་རབ་ཏུ་བརྟགས།། འོག་ནས་སྟེང་དུ་བཅས་པར་ནི།། ཤེས་ནས ་བློས་ནི་ངེས་པར་སྦྱར།། དྲུག་བཤད་བཞི་དང་གསུམ་དང་གཅིག། དངོས་མེད་ངོ་བོ་གཅིག་ལས་བྱུང་།། དེ་ནི་ཡང་སོགས་དོན་སྦྱར་ནས།། དུས་གསུམ་ཤེས་པའང་འབྱུང་བར་འགྱུར།། མཁས་པས་སྒྱུ་མ་མིག་འཕྲུལ་བཞིན།། འགྲོ་བ་རྣམས ་ནི་རྒྱུ་མཐར་བྱ།། བརྗོད་པཱ་ཡི་ནི་སྔགས་འདི་དྲུག། དངོས་མེད་ངོ་བོ་ལྔས་བྱུང་བ།། དེ་ནི་ཡོངསུ་གྱུར་པའི་གཟུགས།། ལྷ་རུ་ཉེ་བར་དམིགས་པ་གངྒཱ།། བརྡ་ཡིས་དེ་ཉིད་གསུམ་གནས་པ།། རང་བཞིན་བཟློས་པའི་མཚན་ཉིད་དོ།། མིང་མེད་བརྗོད་དུ ་མེད་པ་སྐྱེ། བྱང་ཆུབ་སེམས་མཆོག་འདི་ཡིན་ནོ།། གསུམ་པོ་དེ་ཉིད་གཅིག་སྦྱར་བ།། འགྲོ་བ་མེད་ཅིང་འོང་བ་མེད།། འགག་མེད་རབ་རྒྱ་ཞི་བ་ཉིད།། ག་དང་ཆེད་པ་རྣམས་སྦྱངས་པ།། དུས་གསུམ་མ་ཁྱེན་པས་མ་བྱས་པའོ།། རྟོག་པ་ན་མཁར ་དབྱེར་མེད་མཚན།། རྡོཉྀད་ཁོ་ན་དོན་དུམ་སྨྲ། ས་པོ་ར་རིག་སདྷན་ཉིད་དོ།། བྱ་བ་ཐམས་ཅད་ཉིད་དུ་སྲུང་།། རྣལ་འབྱོར་རིན་པ་ཉལ་སོགས་པ།། མཽང་མེད་བརྗོད་དུ་མེད་བྷ་དང་།། ས་སུས་བཟླས་པ་ཎཱ་བྷྱཿ།། གོས་ད། ་སོགས་བཟླས་བཤད་པ།། བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ།། བཞི་པོ་ལེགས་པར་བསྡུས་པཱ་ཡིས།། སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ།། དགུ་བརྒྱ་དག་ཏུ་གང་བསྟན་པ།། ཉི་ཤུ་རྩ་བནི་རིམ་གྱིས་ནི།། དེ་ན་སོ་སོར་འབྱུང་བ་ལས།། ཉི་ཁྲི ་ཚིག་སྟོང་དྲུག་བརྒྱའོ།། དེ་འདིར་གསང་བ་དགོངས་པ་ཡིས།། ཕྲ་མོའི་རྣལ་འབྱོར་བསྟན་པ་ཡིན།། ཀློག་དང་བསམ་གཏན་མེད་མོད་ཀྱི།། འོན་ཀྱང་བཟླས་པ་ཡིན་པར་བཤད།། ཅེས་གསུངས་ཏེ། དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པར ་བཤད་དོ།། རྡོ་རྗེ་སློབ་མས་གསོལ་པ། ནང་གི་བདག་ཉིད་ཅན་གྱི་ངག་གི་ཡི་ཀེ་ལ་འཇུག་པར་བྱ་བ་ལ་ནི་སོམ་ཉི་མ་མཆིས་ན། གཞན་ཡང་ཐུང་ངུ་མ་ལུས་ཚིག་ཏུ་འགྱུར། ཞེས་གསུངས་པ། བཅོམ་ལྡན་འདས་དེ་ཇི་ལྟར་ན་ཐུང་ངུ ་ཞེས་བྱ་བ་ཡི་གེ་ཨ་ཚིག་མ་ལུས་པ་ལ་རབ་ཏུ་འཇུག་པའི་རྒྱུར་འགྱུར།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ།། སེམས་དཔའ་ཆེན་པོ་ལེ་གསོ་ལེགས་སོ།། འདི་ན་གསུང་རབ་འཆད་པ་དག་ནི་བྱ་ཀ་ར་ཎའི་ཚིག་སྔོན་དུ་བྱས་ནས་སྒྲིའི་དོན་འབའ ་ཞིག་གི་རྗེསུ་འབྲངས་གི། ཡང་ཡོ་གེས་བརྗོད་པ་གང་དུ་གང་གི་ཕྱིར་ཇི་ལྟར་རབ་ཏུ་འཇུག་པར་ཤེས་པ་ནི་མ་ཡིན་ནོ།། ཡི་གེའི་དོན་དེ་ཁོ་ན་ཉིད་ཇི་ལྟ་བ་ཉིད་ནི་མི་ཤེས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། བསྟན་པའི ་རིམ་གྱིས་དེ་ཁོང་དུ་ཆུད་པར་བྱ་ཡིས་ཉོན་ཅིག། དེ་ལ་སྒྲ་ནི་ཨཱ་ལི་ཀཱ་ལཱི་རྣམས་ཀྱི་རང་བཞིན་ཏེ། ཨཱ་ལི་ནི་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ། ཀཱ་ལི་ཞེས་བྱ་བ་ནི་ཡི་གེ་ཀ་ལ་སོགས་པ ་ཡི་གེ་སུམ་ཅུ་རྩ་གསུམ་སྟེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་ལྡན་པའི་ཡི་གེ་བཞི་བཅུ་རྩ་དགུ་པོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དེ་དབྱངས་ཀྱི་ཡི་གེ་དང་། གསལ་བྱེད་དང་། ཐིག་ལེ་དང་།། ཚེག་དྲག་དང་བཅས་པ་དང་། ་སྐད་ཀྱི་བྱིངས་དང་། རྣམ་པར་འབྱེད་པའི་ཚིག་དང་། མཚམས་སྦྱར་བ་དང་། ཚིག་རྣམ་པར་སྦྱར་བ་དང་། རྟགས་གསུམ་དང་། ཏ་མཐའ་གསུམ་དང་། བྱ་བ་དང་དེ་ལ་ཕན་པོའི་རྐྱེན་ལ་སོགས་པ་ནས་བཤད་པའི་མཐར་ཐུག་པ ་ནི་བྱ་ཀཱ་ར་ཎ་ཞེས་པའི་མིང་གི་བརྡོས་ཡོངསུ་བཤད་པས་ཤེས་པར་འགྱུར་རོ།། དེ་བས་ན་དེའི་ཚིག་དང་ངག་དང་སྡིབ་སྦྱོར་དང་། འགྲེལ་པ་དང་། ཚིགས་སུ་བཅད་པ་དང་། རྐྱང་བ་དང་རྒྱུན་ཆགས་ལ་སོགས་པས་ཆོས་ཀྱི་ཕུང་པོ ་བརྒྱ་ཁྲི་བཞི་སྟོང་གི་མདོ་སྡེ་དང་། རྒྱུད་དང་། རྟོག་པ་དང་། སྡེ་སྣོད་གསུམ་དང་། སྙན་དངགས་དང་། གར་གྱི་བསྟེན་བཅོས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམས་ཡང་དག་པར་འབྱུང་སྟེ། བསྟན་བཅོས ་ལ་བརྟེན་ནས་དངོས་གྲུབ་ཐམས་ཅད་རྫོགས་པར་འགྱུར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལ་ངྐར་གཤེགས་པའི་མདོ་ལས་ཀྱང་བློ་གྲོས་ཆེན་པོ་འདི་ལྟ་སྟེ། སྐྱེས་བུཾ་ལ་ལ་ཞིག་མར་མེ་ཐོགས་ནས་ཕྱོགས་འདི་ན་པི་ནོར་འདི ་ལྟ་བུ་འདི་ཡོད་དོ།། ཞེས་ནོར་ལྟ་བུ་དེ་བཞིན་དུ་བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚིག་གིས་རྣམ་པར་རྟོག་པ་དང་བྲལ་བ་སོ་སོ་རང་གིས་རིག་པའི་དོན་གྱི ་ཡུལ་ལ་རྗེསུ་འཇུག་ཞེས་གསུངསོ།། འོན་ཀྱང་ཚིག་དེ་རྣམས་ཀྱི་ཚིག་དང་ངག་ལ་སོགས་པར་གཏོགས་པའི་ཡི་གེ་རྣམས་ཀྱི་བྱེ་བྲག་རྣམ་པར་ཤེས་པར་འགྱུར་བ་ནི་ཨ་ཞེས་བྱ་བ་འདི་ཡིན་ཏེ། གང་གི་ཕྱིར་ཨ་དང་ཡང་དག ་པར་ལྡན་པར་མ་གྱུར་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས་ཨ་ནི་ཡིག་འབྲུ་རྣམས་ཀྱི་མཆོག ་དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྦྱངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་བསལ་བར་བྱེད།། ཅེས་གསུངས་ཏེ་དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན ་མ་ལུས་པའི་སྒོའི་ས་བོན་གྱི་ཚིག་ཨ་ནི་སྐྱེ་བ་མེད་པོའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་པ་དང་། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པར་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས་ཨ་གསལ་བར ་བསྟན་པའི་ཕྱིར་སྙིང་གི་དབུས་ན་མི་ཤེས་པ།། འབར་ཞིང་མར་མེ་དག་དང་མཚུངས།། མི་འགྱུར་མཆོག་ཏུ་ཕྲ་བ་སྟེ།། ཨོཾ་ནི་གཙོ་བོ་དམ་པའོ་ཞེས་གསུངས་སོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགསུ་གྱུར་པ་དང་། ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བ་སྟེ། བརྗོད་བཞིན་པ་ན་འགྲག་པའི་ངོ་བོ་ཉིད་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་ན་སྒྲ་དང་སྒྱུ་མ་ཡིན་པ་ལས་བསྒོས ་པ་མེད་པར་སེམས་ཅན་གྱི་བསམ་པའི་དབྱེ་བས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་སྟོན་པར་མཛད་པ་ཡིན་ནོ།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་དོན་ལ་སྟོན་པར་བྱའི་ཡི་གེ་ལ་སྟོན་པར་བྱའི་ཡ་ག་ལ་སྟོན་པར་མི་བྱའོ།། བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུ་ཕོ་འམ། རིགས་ཀྱི་བུ་མོ་ནི་བདག་ཀྱང་དོན་དམ་པོ་ལས་ཉམས་པར་བྱེད་ཅིང ་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ།། འདི་ལྟ་སྟེ་བློ་གྲོས་ཆེན་པོ་ལ་ལས་གཅིག་གི་གཅི་གོ་ལ་སོར་མོའི་རྩེ་མོས་ཇི་ཞིག་བསྟན་ན་སོར་མོའི་རྩེ་མོ་ཉིད་ལ་བལྟ་ཞིང་འབྱུང་བ་དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོའི་སྡེ ་རྣམས་ཀྱིས་བྱིས་པའི་རང་བཞིན་ཅན་ལྟ་བུ་སྒྲ་ཇི་བཞིན་གྱི་སོར་མེའི་རྩེ་མོ་ལ་མངོན་པར་ཆགས་ཤིང་ཞེན་ཏོ།། མངོན་པར་ཞེན་ཅིང་དུས་བྱེད་དེ་སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་ལྟ་བུའི་དོན་སྤངས་ནས་དོན་དམ་པ་ལ་ཚོལ་བར་མི ་བྱེད་དོ།། དེ་བས་ན་དོན་འདོད་པས་དེ་བསྟན་པར་བྱའོ།། དེའི་ཕྱིར་ན་གང་སྒྲ་ཇི་བཞིན་པའི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་དེ་ནི་སྤང་བར་བྱའོ།། དོན་བཙལ་བར་བྱའོ།། ཞེས་བྱ་བའི་ཚིག་ལ་འཇུག་པ་ཡང་རྣམ་པ་བཞིར་བཅོམ ་ལྡན་འདས་ཀྱིས་མདོ་སྡེ་འདི་ཉིད་ལས་གསུངས་ཏེ། བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་ལ་མངོན ་པར་ཞེན་པའི་ཚིག་དང་། ཐོག་མ་མེད་དུས་ཀྱི་རྣམ་པར་རྟོག་པའི་ཚིག་གོ།། བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་པར་རྟོག་པའི་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་བྱུང་ངོ་།། བློ་གྲོས་ཆེན་པོ་རྨི་ལམ་གྱི ་ཚིག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་ནས་རྟོག་པའི་ཡུལ་མེད་བཞིན་དུ་འབྱུང་བའོ།། ཡང་བློ་གྲོས་ཆེན་པོ་གནས་ངན་ལེན་གྱི་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་ཚིག་ནི་སྔོན་སྒྲས་བྱས་པའི་ལས་རྗེསུ་དྲན་པ་ལས་འབྱུང་ངོ་།། བློ ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་ལས་འབྱུང་སྟེ། འདི་ནི་བློ་གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག ་པའི་མཚན་ཉིད་རྣམ་པ་བཞིའོ་ཞེས་གང་བརྗོད་པ་དེའི་ཕྱིར་བཤད་པའོ།། རིགས་པ་འདིས་ན་སྒྲ་རྣམས་ནི་ཡི་གེ་ཨ་ལས་བྱུང་བ་ན་མི་འགྱུར་བ་སྟེ། འགྱུར་བ་ནི་འཇིག་པའོ།། མི་འགྱུར་བ་ནི་མི་འཇིག་པ་སྟེ། མི་བདེན ་པའི་ངོ་བོ་ཉིད་ཀྱི་སྒྲའི་སྒོ་ནས་རབ་ཏུ་བསྟན་པ་དེ་ཡང་མ་བཅོས་པའི་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་དོ།། ཇི་སྐད་དུ་ཚུལ་གཅིག་པར་བསྟེན་པའི་མདོ་ལས། ཆོས་འདི་སྒྲ་སྐད་དག་གི་ལུང་བསྟན་ཏོ།། ཆོས་དང ་སྒྲ་དག་འདིར་ནི་སྣང་མི་འགྱུར།། ཆོས་ཉིད་ཚུལ་གཅིག་དངོས་ལའང་འཇུག་བྱེད་པ།། བཟོད་མཆོག་བླ་ན་མེད་ལ་རེག་པར་འགྱུར། ཞེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལ། ་གསང་བའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་མཚན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས་བྱེད་དུ་མ་བཅུག། རྗེསུ་ཡི་རང་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ།། འདི་ལྟ་སྟེ་དེ་བཞིན ་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡོང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ།། དེ་ལ་གསང་བའི་བདག་པོ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ ་མྱོས་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ། དེས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་མྱོས་པས་བརྒྱལ་བར་བྱེད་ཅིང་། མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་ས་ཕྱོགས་ཉམས་དགའ་བ་སྣ་ཚོགས་ཀྱང་སྟོན་ལ། ཡོངསུ་སྤྱད་པ་དང་། ཉེ ་བར་སྤྱད་པ་རྣམ་པ་ཐ་དད་པ་སྣ་ཚོགས་པ་རྣམས་ཀྱང་མངོན་པར་སྤྲུལ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ་བདག་ཉིད་ཀྱང་ཡོངསུ་སྤྱོད་དོ།། འདི་ལྟ་སྟེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་གསང་སྔགས ་ཡོད་དོ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམསུ་སེམས་ཅན་གྱི་དགོས་པ་བྱེད་ཀྱང་ཉེ་བར་སྤྱོད་པ་དང་། ཡོངསུ་སྤྱད་པ་ཐམས་ཅད་ཀྱང་མངོན་པར་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་ཀུན ་ཏུ་སྤྱོད་དོ།། འདི་ལྟ་སྟེ། དཔེར་ན་མིག་འཕྲུལ་མཁན་གྱིས་གསང་སྔགས་ཀྱིས་ཀུན་དགའི་ར་བ་དང་། མཚོ་དང་འབབ་ཆུ་དང་། མི་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་སྟོན་ཏོ།། འདི་ལྟ་སྟེ་དཔེར་ན་ལྷ་མ་ཡིན་རྣམས་ནི་གསང་སྔགས་ཀྱིས་སྒྱུ ་མ་རྣམས་སྟོན་ཏོ།། འདི་ལྟ་སྟེ་དཔེར་ན་གསང་སྔགས་དག་གིས་ནི་དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ།། འདི་ལྟ་སྟེ་མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ནི་གསང་སྔགས་ཀྱིས་ནད་འགྲོ་བ་གཏོང་ངོ་།། འདི་ལྟ་སྟེ་དཔེར་ན་གསང་སྔགས་ཀྱིས ་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་པར་འགྱུར་རོ།། རིགས་ཀྱི་བུ་དག་དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུལ་མངོན་པར་དད་པར་བྱའོ།། གསང་སྔགས་ཀྱི་མཐུ་དེ་ཡང་གསང་སྔགས་རྣམས་ལས་བྱུང་བ་མ་ཡིན། རྫས་ལས ་འཇུག་པ་ཡང་མ་ཡིན། སྦྱོར་བ་པོ་ལས་དམིགས་པ་ཡང་མ་ཡིན་མོད་ཀྱི། རིགས་ཀྱི་བུ་དག་འོན་ཀྱང་གསང་སྔགས་ཀྱི་བྱིན་གྱིས་བརླབས་ཀྱི་ཆོས་ཉིད་འབྱུང་བ་ལས་འདའ་བར་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་དང་། རྟེན་ཅིང ་འབྲེལ་པར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པའི་ཕྱིར་རོ།། རིགས་ཀྱི་བུ་དག་དེ་བས་ན་ཆོས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོག་པ་ཁོང་དུ་ཆུད་པས་རྟག་ཏུ་རྒྱུན་མོ་འཆད་པར་གསང་སྔགས་ཀྱི་ཚུལ་གྱི་རྗེས ་འཇུག་པར་བྱོའོ་ཞེས་གསུང་སོ།། ། དེ་ལྟར་ཕྱི་དང་ནང་གི་སྔགས་དང་། ནོར་བུ་དང་སྨན་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་མཐུ་རྟོགས་པ་དག་བསྟན་ནས། དེ་ནི་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་རྣམས་ཀྱི ་ཁམས་རྣམས་ཀྱི་ངག་རྣམ་པར་དག་པ་ཇི་ལྟ་བ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པ། མི་འམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་གསུངས་པ། མི་འམ་ཅིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་གང་ལས་བྱུང་སྨྲས ་པ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ནི་ནམ་མཁའ་ལས་བྱུང་ངོ་།། སྨྲས་པ། མོ་འམ་ཙྭིའི་བདག་པོ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཁོང་པོའི་ནང་ནས་མི་འབྱུང་ངམ། སྨྲས་པ། རིགས་ཀྱི་བུ་ཇི་སྙམ་དུ་སེམས། སེམས་ཅན ་ཐམས་ཅད་གྱི་སྒྲ་སྐད་ལུས་ཀྱི་ནང་ཁོང་ནས་འབྱུང་ངམ། འོན་ཏེ་སེམས་ལས་འབྱུང་སྨྲས་པ། མི་འམ་ཅིའི་བདག་པོ་ལུས་ལས་ཀྱང་མ་ཡིན། སེམས་ལས་ཀྱང་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ལུས་ནི་བེམས་པོ་གཡོ་བ་མེད་པ་བྱེད་པ་མེད། རྩཝ་དང་། ་བོང་བ་དང་། རྩིག་པ་དང་། ཤིང་དང་། མིག་ཡོར་ལྟ་བུའོ།། སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པ་མེད་པ་སྟེ་སྒྱུ་མ་ལྟ་བུའོ།། སྨྲས་པ། རིགས་ཀྱི་བུ་ལུས་དང་སེམས་མ་གཏོགས་པར་གཞན་གང ་ནས་སྒྲ་འབྱུང་བར་འགྱུརརོ།། སྨྲས་པ། མི་འམ་ཅིའི་བདག་པོ་སེམས་ཅན་རྣམས་ཀྱི་སྒྲ་ནི་ན་མཁའ་ལས་འབྱུང་བར་རྟོགས་སོ།། སྨྲས་པ། གལ་ཏེ་ནམ་མཁའ་མེད་ན་སྒྲ་གང་ལས་འབྱུང་། སྨྲས་པ། མི་འམ་ཅིའི་བདག་པོ་ན་མཁའ་མ་གཏོགས་པར ་གཞན་གང་ནས་སྒྲ་འབྱུང་བར་འགྱུར། སྨྲས་པ། རིགས་ཀྱི་བུ་དེའི་ཕྱིར་རྣམ་གྲངས་འདིས་སྒྲའི་ཐ་སྙད་གང་ཇི་སྙེད་འབྱུང་བ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་འབྱུང་བར་རིག་པར་བྱའོ།། ན་མཁའི་ངོ་བོ་ཉིད་ནི་སྒྲ་སྟེ། རྣམ་པར་རིག་མ་ཐག་ཏུ་འགའོ།། ་འགུག་ནས་ན་མཁའི་ངོ་བོ་ཉིད་དུ་ཡང་དགུ་པུར་གནསོ།། དེའི་ཕྱིར་ཆོས་ཐམས་ཅད་ནི་ན་མཁའ་དང་མཉམ་ཞེས་བྱ་སྟེ། རྣམ་པར་རིག་པ་མེད་པ་དེ་རྣམ་པར་ཤེས་པ་བྱ་བ་མ་ཡིན་མོད་ཀྱི་སྒྲ་དང་སྒྲའི་བརྡས་རྗོད་དོ།། རྗོད་པ་དེ་ཡང་ཐ་སྙད་དོ།། གང་སྨྲས ་བརྗོད་པ་འདི་འདྲ་བར་རབ་ཏུ་ཤེས་པ་དེ་ནི་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ།། གང་མངོན་པར་མི་ཚོགས་པ་དེ་རྣམ་པར་མི་འཕྲོ། གང་རྣམ་པར་མི་འཕྲོ་བ་དེ་མི་འཁོར་རོ།། གང་མི་འཁོར་བ་དེ་ནི་མི་ཕྱེད་པའོ།། གང་མི་ཕྱེད་པ་དེ་མི་སྐྱེ ་བའི། གང་མི་སྐྱེ་བ་དེ་མི་འཇིགས་པར་འདོད།། གང་མི་འཇིགས་པ་དེ་དང་བའོ།། གང་དང་བ་དེ་དག་པའོ།། གང་དག་པ་དེ་དྲི་མ་མེད་པ་དེ་འོད་གསལ་བའོ།། གང་འོད་གསལ་བ་དེ་སེམས་ཀྱི་རང་བཞིནོ།། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་འཇུག ་པའོ།། གང་འཇུག་པ་དེ་མཚན་མ་ཐམས་ཅད་གནོད་པའོ།། གང་མཚན་མ་ཐམས་ཅད་གནོད་པ་དེ་སྐྱོན་མེད་པ་ལ་འཇུག་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། ་དེས་ན་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ།། གང་བཟོད་པ་ཐོབ་པ་དེས་ཐམས་ཅད་བཟོད་དོ།། དེས་སྟོང་པར་ཡང་བཟོད།། གང་ཟག་དུ་ཡང་བཟོད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལས ་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ།། དེ་མཚན་མར་ཡང་བཟོད་དོ།། མཚན་མ་མེད་པར་བཟོད་དོ།། དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ།། དེ་སྨོན་པར་ཡང་བཟོད། སྨོན་པ་མེད་པར་ཡང་བཟོད།། དེ་ཅིའི་ཕྱིར། ་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའོ།། དེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངསུ་མྱ་ངན་ལས་འདའ་བར་ཡང་བཟོད། དེ་སེམས་ཅན་རྣམས་འཆི་འཕོ་དང་སྐྱེ་བར་ཡང་བཟོད།། དེ ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་སྒྱུ་མའི་ངོ་བོ་ཉིད་དོ།། རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འགག་པ་མེད་པ་སྟེ། ཆོས་ཐམས་ཅད་དང་འགལ་བ་མེད་པ་ཡིན།། དེ་ལྟར་གསུང་གི་རྡོ་རྗེ ་ཏིངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ཆེན་པོས་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་ཉེས་པ་དང་ཡོན་ཏན་བརྗོད་པའི་ཚིག་ཐོས་ནས་རྗེསུ་ཆགས་པར་མི་བྱ། ཡང་དག་པར་དགའ་བར་མི་བྱ། སྐྲག་པར་མི་བྱ།། ་ཀུན་ཏུ་སྐྲག་པར་མི་བྱ། སྨོད་པར་མི་བྱའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྒྱུན་ཆགས་དང་རྐྱང་པ་ལ་སོགས་པའི་སྒྲ་རྣམ་པར་དགོད་པའི་ཁྱད་པར་ཐོས་ནས་ཞེན་པར་མི་བྱ། སྨད་པར་མི་བྱ། རྨོངས་པར་མི་བྱ་སྟེ། ་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྟོགས་པར་འགྱུར་བའི་ཕྱིར་དང་། སྒྲའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་རབ་ཏུ་འཇུག་པ་བསྟན་པར་བྱ་བའི་མདོ་ལས། ལྷའི་བུ་སྒྲ་གྲགས་པ་ལ་འཇུག་པས ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གལ་ཏེ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་མི་བདེན་ཞིང་བསྙེན་བཀུར་མ་ཡིན་པའི་ཚིག་སྨྲས་པར་གྱུར་ཅིང་། ཡོངསུ་བརྗོད་པར་གྱུར་ཀྱང་དེ་དེ་ལ་ཁོང་ཁྲོ་བར་མི་འགྱུརརོ།། གལ་ཏེ་གངྒཱའི་བྱེ་མི་སྙེད ་བསྙེན་བཀུར་བྱེད། བླ་མར་བྱེད་ཅིང་། བདེ་བའི་ཡོ་བྱད་ཐམས་ཅད་དང་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ན་བའི་གསོ་སྨན་དང་། ཡོ་བྱད་རྣམས་ཀྱིས་མཆོད་ཅིང་རྗེད་ཀྱང་དེ་ལ་རྗེསུ་ཆགས་པའི་སེམས་སྐྱེ་བར་མི་འགྱུརརོ་ཞེས ་གསུངསོ།། དེ་བཞིན་དུ་གསུང་གི་རྡོ་རྗེའི་ཏིངངེ་འཛིན་ལ་གནས་པའི་སྔགས་པས་ས་བརྒྱད་པའི་དབང་ཕྱུག་ནི་སྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་བ་ཐམས་ཅད ་ཀྱིས་འཆིང་བར་མི་འགྱུརརོ།། ཡང་དག་པར་དགའ་བར་མི་འགྱུར་རོ།། དེ་བས་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཟིལ་གྱིས་མནན་ནས་བསྐྱེད་པའི་རིམ་པའི་ཏིངངེ་འཛིན་ལས་འདས་པ་སེམས་རྣམ་པར་དབེན་པ་ཚོལ་བར་འདོད་པས་དགེ་བའི་བཤེ ་གཉེན་ལ་བསྙེན་བཀུར་བྱེའོ།། ངགཱ་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་བཅོད་པ་སྟེ། ལེའུ་གསུམ་པའོ།། ། རྡོ་རྗེ་སློབ་མས་གསོལ་པ། སློབ་དཔོན་གྱིས་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་རླུང་གི་དེ་ཁོ་ན་ཉིད ་ཀྱི་རིམ་པས་སྔགས་ཀྱི་དྲི་ཁོ་ན་ཉིད་དང་། ངག་རྣམ་པར་དབེན་པ་ལ་ཡང་སོམ་ཉི་མ་མཆིས་ཏེ། ད་ནི་སེམས་རྣམ་པར་དབེན་པ་ལ་སློབ་པར་འཚལ་ན་ཇི་ལྟར་སློབ་པར་བགྱི། ཟབ་མོ་ལ་ལྷག་བེར་མོས་པ་རྣམས་ལ་ཕན་པར་བྱ་བ ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤ་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་ལེག་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པར་འགྲོ་བ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་བཟུང་བར་བཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངསུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། ་དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལ་གསུངས་པའོ།། དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས ་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་བཞག་པས ་རང་གི་སེམས་སོ་སོར་རྟོག་ཤིང་ཅེས་གསུངས་པ་དང་། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་བྱང་ཆུབ་ནི་རང་གི་སེམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པའོ་ཞེས་གསུངས་པ་དང་། སྲེ ་སྣོད་གསུམ་གྱི་ཚུལ་ལས་ཀྱང་གཅིག་པུ་འགྲོ་ཞིང་རང་དུ་རྒྱུ།། ལུས་མེད་དབང་པོའི་ཕུག་ན་གནསོ།། གདུལ་བར་དཀའ་བའི་སེམས་གདུལ་བྱེད།། དེ་ནི་བྲམ་ཟེར་དེས་བཤད།། བདུད་ཀྱི་བཅིང་བ་ལས་གྲོལ་འགྱུར། ཞེས་གསུངས ་དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་འཛིན་མངོན་སུམ་དུ་བྱེད་པར་འདོད་པས་གཡེང་བ་དང་སྒྲིབ་པ་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་ཐོགས་པའི་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ལ ་ལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བརྔས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་སུ་འབྲངས་ནས་རྣམ་པར་ཤེས་པ་གསུམ་གྱིས་རང་བཞིན་གྱི་སྣང་བརྟགས་པར་བྱག།། ཇི་སྐ་འདར་གཤེགས་པའི་མ་ལས་བྱུང་། སྣང་ན་ན་ན། ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་ཀྱི་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངསུ་ཤེས་པར་འདོད་པས་འདུ་བ་དང་། འདུ་འཛི་དང་། གཉིད་དང་། སྒྲིབ་པ་མེད་པར་བྱའོ།། དེ ་ལ་རྣམ་པར་ཤེས་པ་གསུམ་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། མཐོ་རིས་དང་། ངན་འགྲོ་དང་། རྒྱུ་བ་དང་། མི་རྒྱུ་བྱ་དང་། གཟུང་བ་དང་། འཛིན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས ་ཀྱི་འཁོར་ལོ་དང་། དགེ་བྱ་དང་། མི་དགེ་བ་དང་། རྣམ་པར་རྟོག་པ་དང་། སྣང་བ་དང་། མུན་པ་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་ལ་སྩོགས་པའི་བདག་ཉིད་ཅན་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་སྟེ། མདོར་ན་ཁམས ་གསུམ་པོའི་དབང་པོའི་སྤྱོད་ཡུལ་རྣམས་ནི་རྣམ་པར་ཤེས་པ་གསུམ་ཡིན་ཞེས་གསུངས་པ་དང་། ཇི་སྐད་དུ་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་འཁྲུལ ་འཁོར་དེ་ནི་ལས་ཀྱི་དབང་གིས་འཇུག་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ཞིང་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པའོ།། དེ་བཞིན་དུ་ལུས་ཀྱི་འཁྲུལ་འཁོར་འདི་ཡང་རྣམ་པར་ཤེས་པའི་དབང་གིས་འབྱུང་སྟེ། རྣམ་པར་ཤེས ་པའི་ཁམས་འདི་ནི་ལུས་སྣ་ཚོགས་ལ་འཇུག་པ་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི་དབྱིངས་ལ་བརྟེན་པའི་ཕྱིར་མི ་ཟད་པ་ཡང་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་འདི་ནི་སྔོན་གྱི་ལུས་ཀྱི་གནས་རྗེསུ་དྲན་པའི་ཕྱིར་བློ་གྲོས་ཕུན་སུམ་ཚོགས་པ་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་འདི་ནི་ཉི་མའི་འོད་ཟེར་དང་འདྲ་བར་བལྟ་བར་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་དྲི ་ང་བ་དག་དང་མི་གཙང་བ་དག་དང་། རོ་དག་ལ་ཡང་འབབ་སྟེ། འོན་ཀྱང་དྲི་དེ་གོས་པར་ཡང་མི་འགྱུར་ལ། ཉི་མ་ཡང་དྲི་ང་བ་བོར་ཏེ་ཡང་མི་འགྲོའོ།། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱིས་དང་། སྟག་སྙིག་ཟ་བའི་ཁྱི་དང ་ཕག་གི་སྐྱེ་བ་དག་ཏུ་ཡང་སྐྱེ་བ་ཡོངསུ་འཛིན་ཏེ་འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་དེ་དག་གིས་གོས་པ་མེད་དོ།། དེ་ནས་སྨན་ཆེན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་ད་ལྟར་ཁྱོད་ཀྱི་ང་ལ་ཇི་སྐད་བསྐུལ་བ་དེ་ནི་དེ་བཞིན་ཏེ་ལེགསོ་ལེགས་སོ།། དྲི་བ་དེ་ནི་མཆོག ་ཏུ་ཟབ་པོ།། དྲི་བ་འདི་ནི་དེ་བཞིན་གཤེགས་པས་བསྟན་པར་བྱ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་སྟོན་པ་ནི་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ།། ་ལྡན་འདས་རྒྱལ་པོའི་བུ་གཞོནུ་སྨན་ཆེན་ནི་ཟབ་མོའི་དོན་ཞུ་བ་ལ་མཁས་ལགས་ཏེ། བློ་ཞིབ་ཅིང་འཛངས་ལ་མཁས་པ་ལགསསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་དེ་བཞིན་ཏེ། རྒྱལ་པོའི་བུ་གནོ་ནུ་སྨན་ཆེན་འདི ་ནི་བཅོམ་ལྡན་འདས་རྣམ་པར་གཟིགས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ།། བཟང་སྐྱོང་རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་གཞན་མུ་སྟེགས་ཅན་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། རྣམ་པོར་ཤེས་པ ་ཁམས་འདི་ཅི་ཡིན། རྣམ་པར་ཤེས་པའི་ཁམས་འདི་གང་ཡིན། རྣམ་པར་ཤེས་པའི་ཁམས་འདི་ཇི་ལ་བུ་ཞིག་སྙམ་མོ།། བཟང་སྐྱོང་འོན་ཀྱང་རྣམ་པར་ཤེས་པའི་འགྲོ་བ་དང་འོང་བ་ཁོང་དུ་མ་ཆུད་ཏེ་ངེས་འདིའི་ཐེ་ཚོམ་བསལ་བར ་བྱའོ།། གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ས་བོན་གྱིས་ལུས་ཀྱི་མྱུ་གུ་མངོན་པར་གྲུབ་པར་བྱེད་ལ། སེམས་པོས་ཤེས་པ་དྲན་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ས་བོན་དང་ཤེས་པ་ལ་རྣམ་པར་ཤེས་པ་ཞེས ་བྱའོ།། དཔེར་ན་རྒྱ་ཤུག་དང་། འབྲ་གོ་དང་། ཨོཾ་མྲ་དང་། ཉོ་ཏི་དང་། སེའུ་དང་། བིལླ་དང་། ཀཾ་བེད་ལ་སོགས་པའི་འབྲས་བུ་རྣམས་ནི་རོ་དུ་མར་འགྲུབ་སྟེ། ཚ་བ་དང་། ཁ་པ་དང་། སྐྱུར་བ་དང་། མངར་བ་དང་། ལན་ཚྭའི་རོ་དང་། ་བསྐ་པ་ལ་སོགས་པའི་རོ་རེ་རེར་རྣམ་པར་སྨིན་པར་འགྱུར་ཏེ། ལ་ལ་ནི་རོ་ཚ་བར་འགྱུར། ལ་ལ་ནི་སྦྱར། ལ་ལ་ནི་མངར་རོ།། འབྲས་བུ་དེ་དག་མེད་པར་གྱུར་པའི་ས་བོན་གང་དང་གང་དུ་འཕོ་བར་གྱུར་པ་དེ་དང་དེར་རོ་ཡང་འཕོ་བར ་འགྱུར་རོ།། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་གང་དང་གང་དུ་འཕྱོ་བ་དེ་དང་དེར་ཚོར་བ་ཡང་འཕོ་བར་འགྱུར་རོ།། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་བྲན་པ་ཡང་འཕོ་བར་འགྱུར་རོ།། གཞན་ཡང ་རྣམ་པར་ཤེས་པའི་ཁམས་འདིས་ནི་ལུས་ཡོངསུ་བཏང་ནས་བདག་གིས་ལུས་འདི་ཡོངསུ་གཏོང་སྙམ་དུ་རབ་ཏུ་ཤེས་ཏེ། དེ་བས་ན་འདི་ལ་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ།། མི་དགེ་བའི་ལས ་ཀྱང་རབ་ཏུ་ཤེས་སོ།། ལས་འདི་དག་ནི་བདག་གི་ཕྱི་བཞིན་འབྲང་ངོ་།། བདག་ཀྱང་འདི་དག་གི་ཕྱི་བཞིན་འབྲང་སྙམ་དུ་དེ་ལྟར་རབ་ཏུ་ཤེས་ཏེ། དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ།། གཞན་ཡང་ལུས་འདིའི་བྱ་བ་ཐམས་ཅད་རབ་ཏུ་ཤེས་ཏེ ་དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ།། ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུརརོ།། བཟང་སྐྱོང་དེའི་ཕྱིར་ཉོན་ཅིག། བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ ་འདི་མི་ཤེས་སོ་ཞེས་གསུངས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ། མཚན་མ་མེད་པ། དབྱིབས་མེད་པའི་བདག་ཉིད་ཅན་རོང་རིག་པའི་ཡེ་ཤེས་ཙམོ་དུ་ཐེག་པ་ཆེན་པོའི་མདོ་སྡེ་ལྔས་བསྟན་ཏོ།། གཞན་ཡང་རྡོ་རྗེའི ་ཐེག་པ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསྐལ་པ་ཐམས་ཅད་ཀྱིས་ཀྱང་རང་གི་སེམོས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་པར་བྱ་བ་མི་ནུས་ཤིང་ཀུན ་རྫོབ་ཀྱི་བདེན་པ་མཐོང་བར་མི་འགྱུརརོ་ཞེས་སོ།། དེ་བས་ན་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེསུ་འབྲང་ནས། བླ་མའི་ཞལ་སྔ་ནས་ཀྱི་དྲིན་ལས་རྣམ་པར་ཤེས་པ་གསུམ་གྱི་ཡང་དག་པ་ཇི་ལྟ་བ ་ཤེས་པར་བྱའོ།། རྒྱུད་དེ་ལས་རྡོ་རྗེ་ལྟ་བུའི་ཚིག་བཤད་པ་ཅུང་ཟད་གཅིག་ལ་འཇུག་པར་བྱ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་ཞབས ་གཉིས་ལ་བཏུད་ནས་སླར་ཡང་ཞུས་པ། ཨེ་མའོ་སྟོན་པ་རྣམ་པར་ཤེས་པ་གསུམ་ནི་རྟོགས་པར་དཀའ་ཞིང་མཆོག་ཏུ་རྟོགས་པར་དཀའ་སྟེ། རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར ་གཤེགས་པས་བཤ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ།། དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུནྡ་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས ་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ།། དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུརརོ།། རྣམ་པར་ཤེས་པ་དེ་རླུང་ལས་ཞོན་ཏེ་ཟེར་བྱུང་། རླུང་ལས་ནི་མེའོ།། མེ་ལས་ནི་ཆུའོ།། ཆུ་ལས་ནི་སའོ།། དེ་རྣམས་ལས་ནི་ཕུང་པོ ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲེའོ།། དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་ལ་རབ་ཏུ་སྤྱོད་པ་ཡོངསུ་གསལ་བར་ཉམསུ་མྱོང་བར་འགྱུར ་ནང་སྲུང་བ་རང་ན་ནསསུ་འབྱུང་བར་འགྱུར།། མངང་སྐྲུན་པའི་ཚིག་མས་ཀྱིས་སྨྲས་པར་བཤད་པ་དྡྷ། སྱཱ་བ་ཏུསྟན་པ་བྷཱུ་། དུས་དང་ག་ཁན་ནས་པར་ཤེས་བྷ་གསུས་སྦྱིནམ ་གླངས་དག་བཤད་པར་བྱའོ།། དེ་ཡིད་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཞེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ནི་ཉེ་བར་མཚོན་པོ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བམ ་ཡིན་ནོ།། ས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཀུན་བརྟགས་པ་དང་། གཞན་དབང་དང་། ཡོངསུ་གྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས ་པའི་རྣམ་གྲངསཔ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ།། རྡོ་རྗེ་ཐོག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང་། སྣང་བ་མཆོད་པ་དང་། སྣང་བ་ཐོབ་པ་དང་། སྟོང་བྱེ་དང་། ཤིན་ཏུ་སྣང་བ་དང་། སྟོང་པ་ཆེན་པོ་དང་། སེམས་དང་སེམས་ལྔ ་བྱུང་བ་དང་། མ་རེག་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་པར་མ་ཞེས་བྱའོ།། དེ་ལྟར་སེམས་ཀྱི་རྣམ་གྲངས་བསྟན་ནས། ད་ནི་སོ་སོར་རང་རིག་པའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས ་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅནོ་ཞེས་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་སྣང་བའི་མཚན་ཉིད་ཅན་དང་། རྗེསུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོན ་པར་བྱའོ་ཞེས་ལུང་བསྟན་ཏོ།། དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་ཏུ་སྣང་བ་དང་། ཕྱི་ནས་རང་བཞིནོ།། དེ་ལ་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ཞེས་བྱ་བ་སྟེ། སྣང་བ་གསུམ་མོ།། ་ལ་སྣང་བའི་མཚན་ཉིད་གླང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། དྷི་ཝཱར་སྦྱིནྡྲ་གྱིས་དུས་སུ་ན་ཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པོར་བྱེད་པ་བཞིན་དུ་རང་བཞིན་གྱིས ་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པོའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨཾ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང ་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགསོ་ཞེས་དམིགས་པར་བྱེད་ཅིང་པདྨ་འམ། བུད་མེད་ཀྱི་གཟུགས་སོམ། གཡོན་པའི་མིང་ངམ། ་མཚན་མོའི་མིང་དང་། འཇམ་པའི་དངོས་པོ་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ།། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། རྫི ་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན ་ཿཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་ཉི་མའི་དཀྱིལ་འཁོར ་ལ་བརྟེན་ནས་དམིགས་པར་བྱེད་ཅིང་རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེ་འམ། ཉིན་མོ་འམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱ་བ་འམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུག་སོ།། སྣང་བ་ཐོབ་པ་གང་ཞེ་ན། ་དེ་བཞིན་དུ་ན་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་དགྲ་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྐྲག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བ་མེད་པ་སྟེ། སེམས་དཔའི་མེད་པ་མི་གཡོ་བ་དག ་གི་ས་བོནཱི་ལི་བརྟེན་པའི་སྐུ་ཡོངསུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ། རྣམ་པར་ཤེས་པ་གསུམ་དུ་བཤད།། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་གསུམ་གྱི་མཚན་ཉིད་བསྟན ་ནས། ད་ནི་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བར་རྣམ་པར་བཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བའི་གང་ཡིད་ཀྱི་འགྲོ་བ་དང་འོང ་བདག་དང་མྱ་ངན་དང་། མྱ་ངན་པར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན ་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། རྔ་ཚ་ཤེས་པ་དང་། སྙིང་རྗེ་དང་། ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ།། ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། དགོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིག་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དབོག ་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྐྲག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། ་མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། སྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྦྱིན་པ་དང་། གདུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་སྟེ། མཚན་ཉིད་བཞི་བཅུ་ཐམ་པའོ།། སྣང་བ་ཐོབ་པའི ་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་ད་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལཾ་ལོ་དང་། ཐེ་ཚོམ་དང་བཅས་པོ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ།། རང་བཞིན ་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་སྔོན་གསུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ་ཕོ་དང་མེའི་སྐྱེ་གནས་ཀྱི་དབྱེ་བྱས་ཕྱེ་བའི ་ཕྱིར་ནི་མ་ཡིན་ནོ།། རྡོ་རྗེ་སློབ་མས་གསོལ་པ། རང་བཞིན་རྣམ་པ་བརྒྱད་ཅུའི་སེམས་ཉིན་དང་མཚན་དུ་རིབ་ཏུ་རྩུ་བ་བདག་གཞན་རྣམས་ཀྱི་སོ་སོརང་རིག་པ་ཡིན་པར་ནི་སེམ་ཉི་མ་མཆིས་ན་འོན་ཀྱང་ལུང་གིས་ཡིད་ཆེས་པར་བགྱི་བ་བཅོམ་སྔོན ་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སྔགས་ཀྱི་སྒྲའི་ངེས་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་ཏེ། རྐྱེན་ལས་བྱུང་བ་གང་དང་གང་།། དབང་པོ་དང་ནི་ཡུལ ་གྱིས་ཡིད།། ཡིད་དེ་མནཾ་ཞེས་བྱ་བར་བཤད།། ཏཱ་ནི་གསལ་བར་བྱེད་པའི་དོན་ཅེས་བྱའོ།། རང་བཞིན་རྣམ་པ་བརྒྱད་ཅུ་ལས། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་འབྱུང་བ་དང་། ཡང་ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་པ་འབྱུང་བར་འགྱུརརོ།། རྡོ་རྗེ ་སློབ་མས་གསོལ་པ། ཤེས་རབ་དང་སྟོང་པའི་ཡེ་ཤེས་ནི་ཟླ་བ་ལྟ་བུ་སྣང་བ་སྟོང་པོ་ཉིད་ཙམྦ་མོ།། ཐབས་ཀྱི་ཡེ་ཤེས་ཀྱང་ཉི་མ་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ཉིད་ཙམ་མོ།། དེ་བཞིན་དུ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་སུན་ནག་ལྟ་བུ་སྟེ། ་སྟོང་པ་ཆེན་པོའི་མཚན་ཉིད་ཡིན་ལ། རྣམ་པར་ཤེས་པ་གསུམ་པོ་དེ་དག་ནི་ན་མཁའི་མཚན་ཉིད་ཅན་རྣམ་པ་མེད་པའི་ངོ་བོར་ཁྱབ་པ་འགྲོ་བ་དང་འོང་བ་དང་བྲལ་བའོ་ཞེས་བཤད་ན། ཇི་ལྟར་ན་ཉིན་དང་མཚན་དུ་ལུས་ལས་སྤྲོ་ཞིང་སྡུད་པར་བྱེད།། ་གང་ཞིག་འདིར་མེལ་ཚེ་བྱེད། སུ་ཞིག་ནི་སེམས་དཔའ་མེད་པར་བྱེད། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བཱ་མ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་གང་ལས་ཉམ་སུ་མྱོང་བར་འགྱུར་བའི་རྒྱུ་འདིར་བཅོམ་ལྡན་འདྲ ་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་སློབ་དཔོན་གྱིས་སྨོས་པ། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་པ་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་པར ་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ་དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད་དེ་གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེསུ་དཔག་པ་ལས་ཤེས་པར་བྱའོ།། ། ་དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་པ་ལ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པའི་རང་བཞིན་རྣམས་ལས་རྗེ་སུ་དཔག་པར་བྱ་བ་ཡིན་པསྔ་ན་རྗེསུ་དཔག་པར་བྱ་བའོ།། ། ་ཇི་སྐད་དུ་རྣམ་པར་ཤེས་པ་འཕོ་བའི་མདོ་ལས། བཟང་སྐྱོང་དཔེར་ན་རླུང་གི་ཁམས་གཟུགས་ཅན་མ་ཡིན་ཡང་བསྟན་དུ་ཡོད་ཅིང་གཟུང་དུ་མེད་པ་ལས་གཟུགསུ་སྣ་།། དེ་ལ་བསྟན་དུ་ཡོད་པ་ནི་ཤིང་འགུལ་ཞིང་གཡོ་བ་དང་སྒྲ་སྐད་འུར་འུར ་པོའི་སྒྲ་སྐད་འབྱིན་པ་དང་། གྲང་བ་དང་དྲོ་བའི་རེག་པས་ཚོར་པོ་སྐྱེད་པ་ཡིན་ཡང་དེ་ལ་རྐང་ལག་དང་། མིག་དང་གདོང་དམིགས་པར་མི་འགྱུར་ཏེ། སྔོ་བསངས་དང་དཀར་བ་ཞེས་ཁ་དོག་ལྷག་པར་མི་དམིགས་སོ།། བཟང་སྐྱོང་དེ་བཞིན་དུ་རྣམ་པར ་ཤེས་པའི་ཁམས་འདི་ཡང་གཟུགསུ་མི་དམིགས་ཤིང་གཟུགསུ་སྣང་བར་མི་འགྱུར་ཏེ། ཁྱོད་ཀྱིས་རྒྱུའི་བྱེ་བྲག་དག་གིས་རྣམ་པར་ཤེས་པའི་ཁམས་རྟོགས་པར་བྱའོ།། ཞེས་གསུངས་པས་སོ།། གཏན་ཚིགས ་དེས་ན་ཁམས་ཕྲ་བ་དང་། རྣམ་པར་ཤེས་པ་སྣང་བ་དག་ནི་གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་དང་འདྲ་བར་འདྲེས་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱའོ།། ། ་ཇི་སྐད་དུ་དགོངས་པ་བླ་ན་མེད་པ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི།། ནམ་མཁའ་འདྲ་བར་མཚན་ཉིད་མེད།། འོན་ཀྱང་དེ་ལ་དབྱེ་ཡོད་དེ།། བར་མཚམས་ཉིན་དང་མཚན་མོའི་བདག། སྣང་བ་དང་ནི་སྣང་བ་མཆེད།། དེ་བཞིན་སྣང་བ་ཐོབ་པ ་ཅན།། སེམས་ནི་རྣམ་པ་གསུམ་དུ་བཤད།། དེ་ཡི་གཞི་ནི་བཤད་པར་བྱ།། ཕྲ་བའི་གཟུགས་ཅན་རླུང་དང་ནི།། ཡེ་ཤེས་དག་ནི་འདྲེས་གྱུར་པ།། དབང་པོ་ལམ་ནས་བྱུང་ནས་ནི།། ཡུལ་རྣམས་ལ་ནི་དམིགས་པར་འགྱུར།། གང་ཆུ་སྣང་བ་ལྡན ་གྱུར་པ།། རླུང་གི་བཞོན་པར་གྱུར་པ་ཡིན།། དེ་ཚེ་རང་བཞིན་དུ་ཐམས་ཅད།། མ་ལུས་ལུས་པ་མེད་པར་འབྱུང་།། རླུང་ནི་གང་དང་གར་གནས་པ།། རང་བཞིན་དེ་དང་དྲེར་རྗེས་སྤྱོད་ཅེས་གསུངས་པ་དང་།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཡེ་ཤེས ་སྐད་ཅིག་མར་ཡང་དག་པར་འབྱུང་བ་ན་མཁའ་སྣང་བྱེད་ལྟ་བུ་ཕྱོགས་བཅུ་ཁྱབ་པ་རབ་ཏུ་འབར་བའོ།། ཞེས་དགོངས་པས་བཤད་པས་གསུངས་པས་སོ།། ཇི་ལྟར་ན་ཡེ་ཤེས་སྐད་ཅིག་མར་འཐུང་བ་ཡིན་ཞེ་ན། སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ ་དང་། མིག་བཙམས་དང་། ཐལ་མོ་བརྡབས་པ་ཙམ་དུ་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ།། ན་མཁའ་སྣང་བྱེད་ལྟ་བུ་ཞེས་བྱ་བ་ནི་ནམ་མཁའ་གསལ་བར་བྱེད་པས་ན་ན་མཁའ་གསལ་བར་བྱེད་པ་སྟེ། དོན་དེ་དང་འདྲ་བའི་དོན་གྱིས་ཕྱོགས ་བཅུ་ཁྱབ་ཅིང་རབ་ཏུ་འབར་བའི་སྣང་བ་གསུམ་དུ་སྣང་སྟེ། མཁའ་སྣང་ཞེས་བྱ་བ་ནི་སྲིན་བུ་མེ་ཁྱེར་ནི་མ་ཡིན་ནོ།། དེ་བས་ན་ཁམས་ཕྲ་བ་ལ་འཇུག་པ་ལོས་སྐད་ཅིག་དང་། ཐང་ཅིག་དང་ཡུད་ཙམ་དང་། མིག་བཙུམས་དང་། ཐལ་མོ་བརྡ་བླ ་པར་སྣང་བ་གཡོ་བའོ།། དེ་ནས་སྐད་ཅིག་དང་། ཐང་ཅིག་དཱ། ཡུད་ཙམ་དང་། མིག་བཙུམས་དང་། ཐལ་མོ་བརྡབས་པ་ལས་རང་བཞིན་རྣམས་རྗེས་མྱོང་བར་འགྱུརརོ།། སེམས་པ་མེད་པ་གང་ཡིན་ཞེ་ན་མ་རིག་པ་སྟེ། དེ་བས་ན་མ་ལུས་པར ་འབྱུང་བར་འགྱུརརོ།། དེ་ནས་རླུང་གི་ཁམས་ཀྱི་རྒྱུས་རང་བཞིན་རྣམས་ཕན་ཚུན་གཅིག་ལ་གཅིག་ཡུལ་གྱི་ལོངས་སྤྱོད་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཉེན་དང་མཚན་དུ་རང་དང་གཞན་གྱི་རྒྱུད་ལ་རྗེ་སུ་མྱོང་བར་འགྱུར་རོ།། དེ་ལྟར་ན་རང་བཞིན ་གྱི་སྣང་བ་རླུང་གི་བཞོན་པ་དང་བཅས་པའི་དབྱེ་བ་རྟོགས་པར་གྱུར་པའི་རྣལ་འབྱོར་པས་འདས་པ་དང་། མ་འོངས་པོ་དང་། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམོས་ཀྱི་སྤྱོད་པ་རྣམ་པར་གཡེ་པོ་ཤེས་པར་འགྱུར་ཏེ། བཅོམ་ལྡན ་འདས་ཀྱིས་ཇི་སྐད་དུ་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ནོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་སེམས་ཅན་ཐམས་ཅད་ཀྱི ་འདས་པའི་སེམས་ཀྱི་རྒྱུད་ཟད་པ་དང་། འགགས་པ་དང་བྲལ་བ་དང་། རྣམ་པར་གྱུར་པ་ཐམས་ཅད་ནི་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ།། རྒྱུ་གླང་དག་ལས་སེམས་ཀྱི་རྒྱུད་དེ་དག་འབྱུང་བ་དང་། རྒྱུ་གང་དག་མེད ་པས་ཟད་ཅིང་བྲལ་བར་བསྟན་པ་དགེ་བ་འམ། མི་དགེ་བ་འམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་དེ་དག་ཐམས་ཅད་རྣམ་པ་དང་བཅས། བཞི་དང་བཅོས་གཏན་ཚིགས་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ།། ་ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་འབྱུང་བ་དགེ་བ་འམ། མི་དགེ་བའམ། ལུང་དུ་བསྟན་པ་འམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་དག་ཐམས་ཅད་ཀྱང ་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ།། གང་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང་སེམས་ལས་བྱུང་བའི་ཆོས་དགེ་བ ་མི་དགེ་བའམ། ལུང་དུ་བསྟན་པ་འམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས། གཞོ་ཅི་ལས་གྱུར་བ་དང་། ་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ།། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ནི་ལྡན་པ་ཡིནོ་ཞེས་གསུངས་པས་སོ།། ། ་རིགས་པ་འདིས་ན་ཐུགས་ཀྱི་ཏིང་ངེ་འཛིན་ལ་གྲནས་པའི་ཡེ་ཤེས་ཅན་གྱིས་སྨོན་པ་པོ་དང་། སྨོན་ལམ་དང་། སྨོན་པར་བྱ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས་ནས་བདག་ལ་བྱིན་གྱིས ་བརླབ་པའི་སྒོ་ལ་མངོན་པར་ཕྱོགས་པར་འགྱུར་ཏེ། རྩ་བའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་ལ་སོ་སོར་རྟོགསོ་ཤིག་ཅེས་གསུངས་པས་སོ།། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང ་བཞིན་སྣང་བའི་རྗེ་སུ་འབྲངས་པོས་རང་གི་སེམས་ཡང་དག་པ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས། འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི ་མཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུས་བྱས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་། མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན ་པ་མྱོང་ནས་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངསུ་སྤངས་ཏེ། རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེསུ་བཅིངས་ལ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང ་འི་དྲན་པས་ཡོངསུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་བ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པ ་མཚན་ཉིད་ཐམས་ཅད་དང་ལྡན་པ། ལུས་ཀྱི་རྫུ་འཕྲུལ་གྱི་ཤུག་ས་དང་ལྡན་པ། ཉི་མ་མདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་དགེ་བ་དང་མི་དགེ་བས་བསྐུལ་བར་འགྱུར་བས ་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམསུ་ཟོ་ཆུན་གྱི་ཁྲུལ་འཁོར་གྱི་ཚུལ་གྱི་ཡང་དེ་ཡང་དུ། ཉིང་མཚེམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེསུ་མྱོང་བར་འགྱུརརོ།། སེམས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ ་ཞེས་བྱ་བ་སྟེ།། ལེའུ་བཞི་པའོ།། རྡོ་རྗེ་སློབ་མས་གསོལ་པ། བཅོམ་ལྡན་འདས་རྣམ་པར་ཤེས་པ་སྣ་ཚོགས་པ་གཞན་དག་ཀྱང་སླུ་བར་འཚལོ།། བཅོམ་ལྡན་འདས་གམྦྷི་ཏེ་རྣམ་པར་ཤེས་པ་གསུ ་གྱི་རང་བཞིན་གྱི་སྣང་བ་ནི་གཟུགས་མེད་པ་ཡིན་ལ་རླུང་གི་ཁམས་ཀྱང་གཟུགས་མེད་པ་སྦྱིན་ཞིང་ལས་ཀྱང་གཟུགས་མེད་པ་སྟེ། དེ་བཞིན་དུ་འདི་རྣམས་ཀྱི་ཕན་ཚུན་ཤེས་པ་མེད་པས། བཅོམ་ལྡན་འདས་ཀྱིས་ལུང་གི་ཚིག་ལས་སྟོང་པ་ཉིད ་གསུངས་ན། དེ་ཇི་ལྟར་ན་ལས་དགེ་བ་དང་མི་དགེ་བས་འཁོར་བ་ཐོག་མ་མེད་པ་ནས་ཡིད་ཀྱི་རང་བཞིན་གྱིས་ལུས་དེ་བཅིངས་པར་མ་གྱུར། དེ་བཞིན་དུ་རང་བཞིན་བརྒྱ་དྲུག་སུ་པོ་འདི་རྣམས་ཀྱིས་དགེ་བ་དང་མི་དགེ་བ་རྣམས་ཉེ་བར་བསགས་ནས་དེ ་འདི་ཉིད་སྐད་ཅིག་ཐང་ཅིག་ཏུ་སྐྱེ་ཞིང་རབ་ཏུ་འཇིག་པར་འགྱུར་ན་དེས་ཇི་ལྟར་ན་ཡང་ནས་ཡང་དུ་འཇིག་རྟེན་ཕ་རོལ་ཏུ་ཉེ་བར་དམིགས་པར་འགྱུར། ཡང་ན་དགེ་བ་དང་མོ་དགེ་བ་དག་གཞན་དག་ལས་མཆི་བར་འགྱུར། ཡང་ན་རང་གི་སེམས་ཀྱི་བག ་ཆགས་ལས་འབྱུང་བར་འགྱུར་བ་ལགས། བདག་གི་འགྱོད་པ་འདི་དགྲ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་རྣམ་པར་བསལ་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེག་སོ་ལེག་སོ།། ལས་རྣམ་པར་དག་པ་ཡོངསུ ་ཤེས་པར་བྱ་བ་ཤིན་ཏུ་ཡང་ཟབ་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། རིགས་ཀྱི་བུ་འདི་ནི་ལས་དང་པོ་པ་རྣམས་དང་ལས་སུ་སྨྲ་བ་རྣམས་ཀྱིས་མ་ཡིན་ནོ།། དེ་བས་ན་ལུང་དང་རིགས་པ་དག་གིས་ལས་རྣམ་པར་དག་པ་སོ་སོར་རྟོགས་པར་བྱ་བ ་ཡིས་རབ་ཏུ་འབད་པས་ཉོན་ཅིག། དེ་ལྔ་དང་པོ་ཁོ་ནར་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རང་གི་མཚན་ཉིད་བཞག་པར་བྱའོ།། དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། དེ་ལས་བཟློག་པ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། ལས་ཀྱི ་ལམ་འདི་རྣམས་ནི་ལུས་དང་ངག་དང་ཡིད་ལས་ཀུན་ཏུ་བྱུང་བའོ་ཞེས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་པས་དེ་ལ་འཇུག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། ལུས་ཀྱིས ་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམོ།། ངག་གི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞིའོ།། ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། དེ་དག་གིས་སེམས་ཅན་དམྱལ་བར་ལྟུང་བར་འགྱུརརོ།། ཕྱག་ན་རྡོ་རྗེས་གསོལ་པ། ལུས་ཀྱི་ཉེས་པར་སྤྱོད་པ་དང་ངག ་གི་ཉེས་པར་སྤྱོད་པའི་རབ་ཏུ་དབྱེ་བ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་དུ་ཞིག་མཆིས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉེས་པར ་སྤྱོད་པ་དེ་ཉིད་ནི་ལྕི་བར་གྱུར་པ་དང་། ཐ་མུལ་པ་རྣམས་ཏེ། དེ་ལ་ཕ་དང་། མ་དང་། བླ་མར་གྱུར་པ་ལ་སོགས་པ་ལ་གསོད་པ་དང་རྡེག་པ་ལ་སོགས་པ་ནི་ཉེས་པར་སྤྱོད་པ་ལ་ལྕི་བའོ།། སྲོག་གཅོད་པ་ལ་སོགས་པ་མི་དགེ ་བྱབའི་ལས་ཀྱི་ལམ་རྣམས་ནི་ཉེས་པར་སྤྱོད་པ་ཐ་མལ་པའོ།། ངག་གི་ཉེས་པར་སྤྱོད་པ་གང་ཞེ་ན། དམ་པའི་ཆོས་སྤོང་པོའི་ཚིག་མི་སྨྲ་བ་ཉིད་ཀྱིས་ངག་གི་ཉེས་པར་སྤྱོད་པའི་ཚིག་ཉིད་དང་། ཕ་དང་མ་དང་བླ་མར་གྱུར་པ་ལ་སོགས་པ་རྣམས་ལ ་ཚིག་ངན་པར་སྨྲས་པ་ནི་ངག་གིས་ཉེས་པོར་སྤྱོད་པའི་ལྕི་བའོ།། སྐྱེས་བུ་འགའ་ཞོག་གང་ཟག་དད་པ་ཅན་གཞན་དག་ནན་ཏན་ཉམསུ་ལེན་ཅིང་དགེ་བ་རྩོམ་པའི་གཏམ་གྱི་སྐབསུ་འཇིག་རྟེན་ཕ་རོལ་མེདོ་ཞེས་བྱ་བའི་རྒྱ་ཆེ་བའི་ཚིག་འཇིག་རྟེན ་ལས་འདས་པའི་རྫུན་སྨྲ་བས་དགེ་བའི་ལས་ཀྱི་བོར་ཆད་བྱེད་པ་དང་། ཚིག་ཁྱལ་པར་སྨྲ་བ་དང་། ལྐོག་འཕྱས་བྱེད་པ་དང་། མི་དགེ་བའི་ལས་ཀྱི་གཏམ་རྣམས་ནི་ངག་གིས་ཉེས་པར་སྤྱོད་པ་ཐ་མལ་པའོ།། ཡིད་ཀྱིས་ཉེས་པར་སྤྱོད་པ་ནི། གང་དང་པོར་ནི་རྨུགས ་པ་སྟེ། དེ་ཉིད་ཀྱི་རང་བཞིན་ནི་ཡིད་ཀྱི་རང་བཞིན་གྱི་སེམས་ཀྱི་ཉེས་པར་སྤྱོད་པ་དང་། སེམས་ལྔས་བྱུང་བའི་རང་བཞིན་གྱི་ཉེས་པར་སྤྱོད་པ་དང་། མ་རིག་པའི་རང་བཞིན་གྱི་ཉེས་པར་སྤྱོད་པའོ།། ཕྱག་ན་རྡོ་རྗེས་གསོལ་པོ།། སེམས་དང་སེམས་ལས ་བྱུང་བ་དང་། མ་རིག་པའི་ཉེས་པར་སྤྱོད་པ་རྣམས་བཅོམ་ལྡན་འདས་ཀྱིས་བཤ་གསོལ་པ། བདེ་བར་གཤེགས་པས་བཤད་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོང་བའི་བདག་པོ་ཉིན་ཅིག། རྣམ་པར་གསོད་པའི་སེམས་དང་མ ་ཆགས་པའི་སེམས་དེ་དང་། དགེ་བ་བཅུའི་ལུས་ཀྱི་ལམ་རྣམ་ལ་མ་ཆགས་པ་དེ་ཉིད་ནི་སེམས་ཀྱི་ཉེས་པར་སྤྱོད་པའོ།། རྒྱུགས་པ་དང་། དྲེགས་པ་དང་། ང་རྒྱལ་དང་། ཁྲོ་བ་དང་། སེམས་ཅན་རྣམ་པར་འཇིག་པ་དང་། འདོད་ཆགས་ཀྱི་སེམས་ཀྱིས ་གཞན་གྱི་བུད་མེད་ལ་ཆགས་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། བླ་མར་གྱུར་པ་ལ་སེམས་སུ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པར་སྤྱོད་པའོ།། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་འདོར་ཞིང ་རྗེས་ངེས་པ་དང་། སོམ་ཉི་མཚན་མའི་གདོང་དང་། ཡིད་ཤིན་ཏུ་རྨོངས་པར་གྱུར་པས་ན་མ་རིག་པའི་ཉེས་པར་སྤྱོད་པ་ཐ་མལ་པའོ།། དེ་ལྟར་འདི་དག་ནི་ལུས་དོང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའོ།། ཞེས་མི་ཤེས་ཤིང་རང་ཉིད་ཀྱིས་རང་བཞིན་གྱི་སྣང་བ་རླུང ་གི་གཞོན་པའི་རང་བཞིན་ཅན་མ་ཤེས་ནས་ངའི་ལུས་དང་། དེའི་ངག་དང་། དེའི་སེམས་ཡིནོ་ཞེས་བདག་ཏུ་རློམ་པོ་དང་། ངར་སེམས་པས་དགེ་བ་དང་མི་དགེ་བ་རྣམས་བྱས་ནས་བདེ་འགྲོ་དང་ངན་འགྲོང་མཆོག་ཏུ་གཞོལ་བར་འགྱུར་རོ།། རང་བཞིན་སྣང ་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་རྟོགས་པའི་ཡེ་ཤེས་ཅན་ནི་ལུས་དང་། ངག་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པར་སེམས་པར་མི་བྱེད་ཅིང་རྟོགས་པར་མི་བྱེད་དེ། གང་གི་ཕྱིར་ཞེ་ན། དགེ་བ་དང་མི་དགེ་བའི་རང་བཞིན་ནི ་སྟོང་པ་གསུམ་ལས་ཀུན་ཏུ་བྱུང་བ་རླུང་གི་བཞོན་པའི་དབང་གིས་སྐད་ཅིག་ཐང་ཅིག་ལ་འབྱུང་ཞིང་། ཡུལ་རྣམས་རྗེསུ་མྱོང་ནས་ཡང་ནས་ཡང་དུ་འོད་གསལ་བར་འཇུག་པར་འགྱུར་རོ།། ཇི་སྐད་དུ་དགོངས་པ་བླ་ན་མེད་པ་ལས། ཇི་ལྟར་སྤྲིན་ནི་སྣ་ཚོགས ་ཤིང་། མདོག་དང་དབྱིབས་ནི་ཐ་དད་པ།། ནམ་ཁའི་དབྱིངས་བྱུང་ནས་ནི།། དེ་ཉིད་དུ་ནི་ཐིམ་པར་འགྱུར།། དེ་བཞིན་རང་བཞིན་ཐམས་ཅད་ནི།། སྣང་བ་གསུམ་གྱི་རྒྱུན་ཅན་ཏེ།། མ་ལུས་ཡུལ་ལས་ཞུགས་ནས་ནི།། འོད་གསལ ་བར་ནི་འཇུག་པར་འགྱུར།། དེ་འདྲའི་རང་བཞིན་མ་ཤེས་པས།། མི་ཤེས་མུན་པས་ཁེབས་པ་རྣམས།། དགེ་དང་མི་དགེའི་ལས་བྱས་ནས།། འགྲོ་བ་ལྔར་ནི་འཁོར་བར་འགྱུར།། མཚམས་མེད་ལ་སོགས་བྱས་ནས་ནི།། དམྱལ་ལ་སོགས་འཚོད་པར་འགྱུར།། ་སྦྱིན་སོགས་དགེ་བ་བྱས་ནས་ནི།། མཐོ་རིས་ལ་སོགས་དག་ཏུ་མཆོད།། སྐྱེ་བ་དཔག་མེད་སྟོང་ཕྲག་ནི།། འདིར་ནི་ཡང་དང་ཡང་ཐོབ་པ།། འདི་ནི་སྔོན་ལས་རྣམ་སྨིན་ཞེས།། རྨོངས་པ་རྣམས་ནི་མྱ་ངན་བྱེད།། རང་བཞིན་སྣང་པོའི་ཚུལ་གྱིས་ནི།། གང་གིས་སྐྱེ་བ་ཉོན ་མོངས་པ།། དེ་ཉིད་ཤེས་ནས་ཡེ་ཤེས་ཅན།། སྲིད་པའི་བཟེབ་ལས་གྲོལ་བར་འགྱུར། ཞེས་གསུངས་པ་དང་། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས་ཀྱང་། སེམས་ཀྱི་སྤྱོད་པ་རྣམས་ནི་འདུས་མ ་བྱས་པ་གཟུགས་མ་ཡིན་པ་ལས་ཇི་ལྟ་བ་བཞིན་གྱི་དབྱེ་བས་རླུང་ཡང་ཐོགས་པ་མེད་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཤེས་པ་དེ་ནི་རྣམ་པར་དག་པ་ཡིན་པས་ན་ཉོན་མོངས་པར་འགྱུར་བ་མོ་སྲིད་དོ་ཞེས་གསུངས་པས ་སོ།། ཡང་རིགས་པ་འདིས་སེམས་རྣམ་པར་དབེན་པ་མངོན་པར་རྟོགས་པའི་རྣལ་འབྱོར་པ་ཆེན་པོས་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་བལྟོས་པ་མེད་པར་ཐར་པ་ལ་མངོན་པར་ཕྱོགས་པར་འགྱུརརོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ ་གཅོད་པ་ལས། ཆོས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དང་། གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་ཀྱང་། དགེ་བ་བཅུ་ཡི་ལུས་ཀྱི་ལམ། བྱེད་པ་ཡེ་ཤེས་སྤངས་པའོ།། ། ་ཞེས་གསུངས་པའོ།། དེ་ལྟར་ན་སེམསོ་ཅན་དགེ་བའི་བཤེས་གཉེན་དང་བྲལ་བས་རང་གི་སེམས་ཇི་ལྟ་བ་ཉིད་ཡོངསུ་ཤེས་པ་མ་གཏོགས་པར་ངོར་འཛིན་པ་དང་། ང་ཡིར་འཛིན་པ་དང་། གསོབ་དང་། གསོག་ལ་བརྟགས་ནས་དགེ་བ་དང ་མི་དགེ་བ་ལ་སོགས་པར་བརྟགས་པས་འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་ཉམསུ་མྱོང་བ་ཡིན་ནོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དགེ་བའི་བཤེས་གཉེན་གྱིས་ལེའུ་ལས། རབ ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབེན་པ་དང་སྟོང་པོ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པར་གདའ་བར་འགྱུར། ཇི་ལྟར་རྣམ་པར་བྱང་བར་འགྱུར། ་བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར་རོ།། བཅོམ་ལྡན་འདས་སྟོང་པ་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུརརོ།། རྣམ་པར་བྱུང་བར་ཡང་མི་འགྱུར་རོ།། བཅོམ་ལྡན་འདས ་དབེན་པ་འམ། སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པོར་རྫོགས་པར་འཆིང་མི་རྒྱལ། བཅོམ་ལྡན་འདས་དབེན་པ་དང་། སྟོང་པ་ཉིད་ལས་གུད་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པ་འམ། མངོན་པར་རྫོགས་པར་འཚང་རྒྱ་བ་འམ། མངོན་པར་རྫོགས་པར་དྲན་ང་རྒྱ་བའི་ཆོས་དེ་དམིག་སུ་མ་མཆིས་ན། བཅོམ་ལྡན་འདས་བཤད་པ་དེའི་དོན་ཇི་ལྟ་བུར ་འཚལ་བར་དགྱི། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོ། བདེ་བར་གཤེགས་པ་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རབ་འབྱོར་དེ་ཇི་སྙམ ་དུ་སེམ་སྣ། སྙོམས་ཅན་རྣམས་ནི་ཡུན་རིང་པོ་ནས་དེར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སྒྱིད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། སེམས་ཅན་རྣམས་ནི་ངར་འཛིན ་དང་། ང་ཡིར་འཛིན་པ་ལ་སྤྱོད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འོན་ཀྱང་ངར་འཛིན་པ་དང་། དྲ་ཡིར་འཛིན་པ་སྟོང་པ་ཡིན་མོད། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྟོང་པ་ལགས ་བདེ་བར་གཤེགས་པ་སྟོང་པ་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། རབ་འབྱོར་དེ་དྷཱི་སྙམ་དུ་སེམས། ངར་འཛིན་པ་དང་། ང་ཡིར་འཛིན་བྱས་སེམས་ཅན་རྣམས་འཁོར་བ་ན་འཁོར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ ་ལྡན་འདས་དེ་དེ་བཞིན།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀུན ་ནས་ཉོན་མོངས་པར་ཡང་སྣང་ངོ་།། རྣམ་པར་བྱང་བར་ཡང་ངོ་ཞེས་གསུངས་པ་དང་། དེ་བཞིན་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས་ཀྱང་། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པ་སྐྱེ་བ་འམ། འགག་པ་འམ། ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མེ་ལ་གསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙམ་དུ་སེམས། ཅི་སྐྱེ་བ་མེད་པའི་ཆོས་རྣམས་སེམས་ཅན་དམྱལ་བར ་འགྲོ་བར་འགྱུར་རམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་ཉིད་ཀྱང་མ་མཆིས་པ་ལགས་ན། ངན་འགྲོར་མཆི་བར་འགྱུར་བ་ལྟ་ག་ལ་མཆིས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ལྟར་ཆོས་ཐམས་ཅད་ནི་དེ་ལྟར་འོད་གསལ་བ་ཡིན་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་བཏགས། ཕྱིན་ཅི་ལོག་ལ་བཏགས། གསོབ་དང་། ་གསོག་ལྟ་བུའི་ཆོས་ཐམས་ཅད་ལ་བཏགས་པས། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར།། དགེ་སློང་ཅི་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན ་དུ་འགྱུར་རམ། སེམས་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པར་འགྱུརརོ།། ཞེས་གསུངས་པ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་ལ་དད་པ་མེད་པས་མངོན་པར་དད་ཅིང་ལྷག་པར་མོས་ན ་དེ་ནི་སེམས་ཅན་དེ་ངན་འགྲོར་འགྲོ་བར་ང་མི་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོ་མེད་པའི་ཕྱིར་རོ།། ཉོན་མོངས་པ་ཐམས་ཅད་རྣམ་པར་དབེན་པ་ལས་རྒྱུ་དང་རྐྱེན་ཚོགས་པ་དང་ཕྲད་པ་ལས་སྐྱེ་བར་འགྱུར ་ལ། སྐྱེས་པ་ཙམ་གྱིས་འགག་པར་འགྱུར་ཏེ། གང་སྐྱེ་བ་དང་འཇིག་པ་དེ་ནི་ཉོན་མོངས་པ་རྣམས་ཀྱི་འཇིག་པའོ་ཞེས་གསུངས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དོན་འདི་གསལ་བར་བྱ་བའི་ཕྱིར། གལ་ཏེ་འདི་ཀུན་སྟོང་པ་དང་། སྐྱེ་མེད་པོ་པོ ་ཉིད་ཡིན་ན།། བདེ་དང་སྡུག་བསྔལ་སོགས་འཇུག་འདིར།། ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར།། བདག་ཏུ་རློམ་པར་གྱུར་མ་ཐག། དེ་བཞིན་འདོད་ཆགས་སོགས་དྲི་མ།། བརྟགས་པས་གཞན་གྱི་དབང་གྱུར་པས། བྱིས་པ་སྡུག་བསྔལ་གྱི་ཉོན ་མོངས།། འདི་དག་ཐམས་ཅད་སེམས་ཙམ་སྟེ།། སྒྱུ་མའི་རྣམ་པར་ཡང་དག་འབྱུང་།། དེ་ནས་དགེ་དང་མི་དགེའི་ལས།། དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ་ཞེས་གསུངས་པས་སོ།། དེ་ལྟར་ན་རིག་པ་འདིས་ལུང་དང་རིགས་པ་དག་གིས་དེ་བཞིན་གཤེགས ་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྦ་ཀློང་དུ་ལྷུང་བར་གྱུར་ཅིང་སྐྱབས་མེད་པ་དཔུང་གཉེན་མོད་པ་རྣམས་ལ་གཟིགས་ནས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་ཅིང་། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ཡིན་ནོ།། ལས་ཀྱི ་མཐའ་རྣམ་པར་འབྱེད་པའི་བསྡུས་པཱི་ཐེ་ཚོམ་གཅོད་པ་སྟེ། ལེའུ་ལྔ་པའོ།། ། རྡོ་རྗེ་སློབ་མས་གསོལ་པ། ཁྱེད་ཀྱི་ཞལ་སྔ་ནས་ཀྱི་བུཀའ་དྲིན་གྱི་བཤད་མ་ཐག་པའི་གསུངས་རབ་ཀྱི་རྗེ་སུ་འབྲངས་ནས་ལུས་དང་ངག་དང ་སེམས་ཀྱི་མཚན་ཉིད་ལ་སོ་སོར་བརྟགས་པས་ངེས་པར་འཚལ་ཏེ། ཏིང་ངེ་འཛིན་གཞན་གྱི་ཁྱད་པར་ཡང་རྗེ་བཙུན་གྱི་ཞལ་སྔ་ནས་གསོལ་ནས་གོང་ནས་གོང་དུ་ཏིང་འཛིན་གྱི་ཁྱད་པར་ཞུ་བར་འཚལ་ལོ།། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ་ལུས ་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ཡང་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི ་ཕྱིར་རོ།། ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་བཟླས་པ་ཙམ་ཡོངསུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ་སྒྲ་རྣམས་ནི་བྲག་ཅ་ལྟ་བུ་ཡིན་པའི་ཕྱིར་རོ།། སེམས་རྣམ་པར་དབེན་པའི་མཐར ་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངསསུ་ཤེས་པ་ཙམ་དུ་ཟད་པས་དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོར་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རིགས་པ་འདིས་ཀུན་རྫོབ་ལ་བརྟེན ་ནས་གནས་པ་རྙེད་པར་མི་འགྱུར་རོ།། དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ལས་རྟོག་པར་བགྱིད་འཚལ་ལོ།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགསོ་ལེགས་སོ།། ལྷའི་དེ་ཁོ་ན་ཉིད་བསམ ་གྱིས་མི་ཁྱབ་པ་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་མན་ངག་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ།། རང་གི་སེམས ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལི་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངསུ་སྣང་བ་ཙམ་གྱི་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་གཟུང་བ་དེ་ཡང་སྒྱུ་མ་དང་། རྨི་ལམ་ལ ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པོ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ།། རྡོ་རྗེ་སློབ་མས་གསོལ་པ། བརྟེན་པའི་ལུས་མེད་པར་སེམས་ཀྱི་རང་བཞིན་ཡང་མེད་ལ། སེམས་མེད་པར་ཡང་ལུས ་དམིགསུ་མེདོ་ཞེས་ལུང་གི་ཚིག་ལས་གསུངས་ན། དེ་ཇི་ལྟར་ན་སེམས་འབའ་ཞིག་ཙམ་གྱིས་ཕྱག་དང་ཞབས་ལོ་སོགས་པ་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་རྫོགས་པ། འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ནི་ལུང་དང་རྟོགས་པ་མེད ་པར་ཡིད་ཆེས་པར་མི་འགྱུརརོ།། དེ་བས་ན་དེ་རྣམས་དམིགསུ་མེད་པའི་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་མངོན་དུ་བྱ་བའི་ཐབས་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྤྲས་པ། སེམས་ཅན་ཆེན ་པོ་ལེགསོ་ལེགས་སོ།། གང་མདོ་སྡེ་ལ་སོགས་པའི་ཚུལ་ལོ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང ་ལྷག་པར་མོས་ཀྱང་དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབས་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱིས་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་ནི་མི་འགྱུརརོ།། དེ་བས་ན་ངས་རྣལ་འབྱོར་གྱིས་རྒྱུད་ཀྱི་རྗེ་སུ་འབྲངས་ནས་རྡོ་རྗེ ་སེམས་དཔའ་རྫོགས་པར་འགྱུར་བའི་རྒྱུ་དང་རྐྱེན་ཁྱོད་ལ་ཁོང་དུ་ཆུད་པར་བྱའོ།། བདེན་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་སྣང་བ་ཙམ་ན་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རེག་པར་དཀའ་བའོ།། དེ ་ལྟ་མོད་ཀྱི་སྣང་བ་ཙམ་གྱི་སྣང་བ་གསུམ་པོ་རླུང་ལ་བརྟེན་པར་གྱུར་པ་དང་། ཐུན་མོང་དུ་གྱུར་པས་ལྡང་སྟེ། དེ་བས་ན་རླུང་གི་རྣམ་པར་ཤེས་པ་བཅིངས་པ་ཡིན་ནོ།། དེ་ནས་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་སྣ ་ཚོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྒྱུ་མ་ལྟ་བུའི་ལྷའི་སྐུ་འབྱུང་བར་འགྱུར་རོ།། འདིའི་བཞོན་པ་གང་ཡིན་ཞེ་ན། རླུང་ཞེས་བྱ་བ་སྟེ་སེམས་རྡོ་རྗེ་གང་ཡིན་པ་དེ་ལྟ་བུའི་རླུང་ལ་ཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ།། རྣམ ་པར་ཤེས་པ་འཕོ་བའི་མདོ་ལས་ཀྱང་གསལ་བར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་ངས་ཚིགསུ་བཅད་པ་ཕྱེད་ཀྱི་དོན་གྱི་ཕྱིར་བྲག་གི་རྩེ་མོ་ནས་ལུས་བོར་ཏེ་དཀའ་བ་རྣམ་པ་བརྒྱ་སྟོང་དུ་མ་བརྒྱ་སྟོང་ཉམ་སུ ་མྱོང་ངོ་།། སྨན་ཆེན་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ལ་ལན་གདབ་བོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་སྨན་ཆེན་གྱི་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྣམ་པར་ཤེས་པ་འདི་ཡིས་རང་བཞིན ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་སྒྱུ་མ་མཁན་གྱི་མའི་རང་བཞིན་གང་ཡིན་པ་དང་། མའི་གྲིབ་མ་ཆུའི་ནང་དུ་འབྱུང་བ་གསལ་བ་མ་ཡིན་ཞིང་མི་གསལ་བའི་རང་བཞིན་གང་ཡིན་པ་དང་། སྲིད ་བའི་རང་བཞིན་གང་ཡིན་པ་དེ་བཞིནོ།། གང་ཡང་སྨན་ཚུན་ཁྱོད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱིས་ཇི་ལྟར་ཐོག་མར་འཆི་བས་བྱས་པའི་གཟུགས་བལྟ་བར་བྱ་ཞེས་བྱ་བ་བཤད་པར་བྱའོ།། འདི་ལྟ་སྟེ། ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་གྲིབ་མའི་གཟུགས ་བཞིན་དུ་བལྟ་བར་བྱའོ།། དེའི་ནང་དུ་བྱུང་བའི་སྣང་བ་བཞིན་དུ་བལྟ་བར་མི་བྱའོ།། ཡང་སྨན་ཆེན་དེའི་མགོ་བོ་དང་ལག་པ་དང་། རྐང་པ་དང་ལྡན་པར་གྱུར་པ་ཡང་རྐུའི་ནང་དུ་བྱུང་བའི་སྐྱེས་བུ་ཉིད་བཞིན་ནོ།། དེ་ལ་ནི་གྲང་པོ་འམ་དྲོ་བ་འམ་ལུས་དུབ་པ་ལ ་སོགས་པ་མེད་དེ། དེ་ལ་ཤ་དང་ཉི་ཤ་ལ་སོགས་པ་མི་སྲིད་པའི་ཕྱིར་དྲང་གྲིབ་མ་ནི་ཁམས་ཀྱི་རྣམ་པར་གཞིག་མི་ནུས་པའི་ཕྱིར་རོ།། དེ་ན་ཆུའི་ནང་དུ་བྱུང་བའོ་སྐྱེས་བུའི་གཟུགས་བརྙན་ནི་བདེ་བའི་སྒྲ་འམ་སྡུག་བསྔལ་བའི་སྒྲ་བརྗོད་པར་མི ་འགྱུརརོ།། དེ་བཞིན་དུ་རྣམ་པར་ཤེས་པ་འདི་ཡང་ཐོག་མར་འཆི་བའི་ལུས་ཀྱི་རང་བཞིན་ཡོངསུ་སྤངས་ནས་དེས་བྱས་པའི་གཟུགསུ་གྱུར་པའོ།། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་པ་ཞེས་བྱ་བའི་འཁོར་བའི་རྒྱུར་འགྱུརརོ།། དེ་ཉིད་བླ་མ་བརྒྱུད ་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི་བདག་ལ་བྱིན་གྱིས་བརླབས་པོ་ཞེས་བྱ་བ་འདི་ལྟོར་རྩིག་པའི་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་པའི་བར་དུའོ།། ། ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་གསུང་སོ།། འདིའི་དོན་ནི་འདི་ཡིན་ཏེ། འཇའ་ཚོན་ཞེས་བྱ་བ་ནི་ལྷའི ་དབང་པོའི་གཞུ་སྟེ། དེ་ཡང་གང་ཞེ་ན། དངོསུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ན་མཁའི་དཀྱིལ་མ་ཁ་དོག་ལྡིའི་དབྱེ་བ་ཡོངསུ་གསལ་བ་ཡིན་ཏེ། ལུས་ཀྱང་དེ་འདྲ་བར་ཉེ་བར་མཚོན་པའི་ཕྱིར། འཇའ་ཚོན་ལྟ་བུའི ་ལུས་དག་ནི། ཞེས་པའི་དོན་ཏོ།། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་བྱ་བ་ནི་བླ་མ་ལས་མན་ངགྲ་ཡང་དག་པར་ཐོབ་ནས་དྲྀ་ཁོ་ན་ཉིད་བསྒོམ་ཞིང་དོན་དམ་པའི་བདེན་པ་ལ་དམིགས་པས་འཐོབ་པའི་དོན་ཏོ།། རྡོ་རྗེ་སློབ་མས ་གསོལ་པ། བཅོམ་ལྡན་འདས་སོམ་ཉིར་གྱུར་པ་གཞན་འགའ་ཞིག་བདག་ལ་མཆིས་ཏེ། ཅིའི་ཕྱིར་ཡུན་རིང་པོར་གཉིད་ལོག་ནས་ཅིའི་ཕྱིར་ལུས་ཀྱི་ཁོག་པ་བོར་ཏེ། རྨི་ལམ་དུ་སུམ་ཅུ་རྩ་གསུམ་པའི་གནས་སམ། ཡུལ་ཕྱོགས ་གཞན་དག་ཏུ་སོང་ནས་འདོད་པའི་ཡོན་ཏན་ལྔ་ཉམསུ་མྱོང་སྟེ། ཡང་ཡུལ་འདིར་འོངས་ནས་ཅིའི་ཕྱིར་རྨི་ལམ་ན་དགེ་བ་དང་མི་དགེ་བ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར། དེ་བཞིན་དུ་གཉིད་ལོག་པ་འམ། གཉིད་མ་ལོག་པའི་གན ་སྐབས་དག་ཅི་ཐ་དད་པར་མཆིས་སམ། འོན་ཏེ་མ་མཆིས། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམྦྷས་ཅན་ཆེན་པོ་ལྡོགསོ་ལེགས་སོ།། ཐོག་མ་མེད་པའི་རང་བཞིན་ཅན་གྱི་ལུས་ལྔ་དངོས་པོར་བལྟས་ནས་འཛིན་པ་རྣམས ་ཀྱིས་ཐེ་ཚོམ་བསལ་བའི་ཕྱིར་དང་། བདག་ལ་བྱིན་གྱིས་བརླབས་པར་བཤད་པ་རྣམ་པར་གསལ་བར་བྱ་བའི་ཕྱིར་རྨི་ལམ་གྱི་མཚན་ཉིད་ཡོངསུ་འདྲི་བར་བྱེད་པ་ལེགསོ་ལེགསོ།། དེ་བས་ན་རྨི་ལམ་གྱི་སྒོ་ནས་གཟུགས་བརྙན་དུ་བཤད་པའི ་ལྷའི་སྐུ་ཐམས་ཅད་ཀྱི་སོ་སོ་རང་རིག་པར་གྱུར་པོ་རྒྱུད་དང་མདོ་སྡེ་རྣམས་ཀྱིས་རྗེ་སུ་འབྲངས་ནས་རབ་ཏུ་རྟོགས་པར་བྱ་ཡིས་རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་ལ།། ཤེས་པ་གཉིས་པོ་དེ་འདིར ་རབ་འདུས་ནས།། སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ།། རླུང་གི་ཤུགས་ཀྱི་རྨི་ལམ་མཐོང་བར་འགྱུར།། རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར།། ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པས།། འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང་།། ། ་སྱ་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག། འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས།། སྐྱེ་འདིར་རླུང་ནི་སླར་ཡང་འཇུག་པར་འགྱུར།། འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད།། འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར།། ཇི་ལྟར ་ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ།། དེ་ཡི་སྐུ་ལ་རྐང་རུས་ཤ་མེད་ཀྱང་།། སེམས་ཅན་ཕན་ཕྱིར་ཁམས་ལ་འཇུག་མཛད་ཅིང་།། སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པ་ཡིན།། རིམ་པ་དེ་བཞིན་གཉིད་ལོག་སད་པའི་སེམས།། འབྲས་བུ་འདོད་པའི་རྣམ ་རྟོག་དྲ་བ་ཅན།། དེ་བུས་ཆོས་ཀུན་རྨི་ལམ་ལྟ་བུ་སྟེ།། བདེན་དང་བརྫུན་པ་དག་ཀྱང་ཡོད་མ་ཡིན། ཞེས་བྱའོ།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོ་ལས་ཀྱང་།། དགེ་སློང་འདྲི་ཇི་སྙམ་དུ་སམ། ་ད་ཀྱིས་གཉིད་ལོག་པའི་རྨི་ལེན་ཀུན་ཏུ་རྟོག་པའི་ཚེ་འདོད་ཆགསོ་སྦྱོང་པ་མྱོང་ངམ། གསོལ་པ། ཅོམ་ལྡན་འདས་མྱོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སེམས་ཀྱིས་འདོད་ཆགས་སྤྱད་པར་ཁྱོད་ཀྱིས་མི་ཤེས ་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་བུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཅི་ཁྱོད་ཀྱིས་རྨི་ལམ་གྱི་སེམས་དང་། གཉིད་མ་ལོག་པའི་སེམས་འདི་ལ་བྱེ་བྲག་དང་ཐ་དད་དུ་བྱ་བ་ཞིག་ཡོད་པར་མཐོང་ངམ། གསོལ་པ། ་བཅོམ་ལྡན་འདས་བདག་གིས་ནི་རྨི་ལམ་གྱི་སེམས་དང་གཉིད་མ་ལོག་པའི་སེམས་ལ་ཐ་དད་དུ་བགྱི་བ་ཅུང་ཟད་ཀྱང་མ་མཐོང་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཇི་སྙལ་དུ་སེམས། ཆོས་ཐམས་ཅད་ནི་རྨི་ལམ་ལྟ ་བུའོ་ཞེས་ངས་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟར་ལགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། ཀྱེ་བཅི ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བར་བྱེད་པ་རྡོ་རྗེའི་གནོས་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལ་མི་གནས། ་སེམས་ལ་མི་གནསོ།། ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་ཡུང་མེད་དེ། འདི་ནི་ཡེ་ཤེས་འབྱུང་བའི་རྡོ་རྗེའི་གནས་དེ་ཡིན་ནོ།། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་འདི་ནི ་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་སྙམ་དུ་མི་སེམསོ།། མི་ཡང་བདག་གི་རྨི་ལམ་མཐོང་ངོ་སྙམ་དུ་མི་སེམས་ཏེ། ཁམས་གསུམ་གྱི་བྱ་བ་དེ་རྣམས་ཀྱང་རྨི་ལམ་ལྟ་བུ་རྨི་ལམ་དང་འདྲ་བ་རྨི་ལམ་ལས་བྱུང་བའོ།། དེ་བཞིན་དུ་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་རྨི་ལ་ལྟར་བདག་མེད་པའི་གནསུ་རིག་པར་བྱའོ་ཞེས་གསུངས་པ ་དདེ་། སྒྱུ་མ་ལྟ་བུའི་ཏིང་འཛིན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། སེམས་དང་སེམས་ཡས་བྱུང་བའི་རྣལ་འབྱོར་ཆེན་པོ་ནི་བདེ་བ་ཆེན་པོའི་ཏིང་འཛིན་ཏོ།། དེ་ནི་སྒྱུ་མའི་དཔེས་ཉེ ་བར་མཚོན་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྔ་བུ་དང་། ཡིག་ཡོར་ལྟ་བུ་དང་། མིགྣ་སྠཱ་ལྟ་བུ་དང་། རྨི་ལམ་དང་། བྲག་ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག ་འཕྲུལ་དང་འཇའ་ཚན་དང་། གློག་དང་། ཆུའི་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་འཛིན་ཉེ་བར་མཚོན་པར་འགྱུར་བ་ཡིན་ཏེ། དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ ་བཞིན་གཤེགས་པ་ཐམས་ཅད་འཁོར་བ་ཇི་སྲིད་པའི་བར་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཞུགས་ནས་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་རོལ་པར་མཛད་ཅིང་དགའ་བར་མཛད་པས་ཡོངསུ་སྤྱོད་པར་མཛད་ལ། ཐམས་ཅད་མཁྱེན་པའི་སྟོན ་དང་ལྡན་པས་བདག་ཉིད་བཞེད་པ་ཙམ་གྱིས་སངས་རྒྱས་ཀྱིས་ཞིང་ནིས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་མཛད་དོ།། དེ་ལྟར་དུས་གསུམ་གྱི་འཁོར་བའི་སྡུག་བསྔལ་རྗེ་སུ་དྲན་ནས་རྣམ་པར་གྲོལ་པོར་འདོད་པས་རྡོ་རྗེ་སློབ་དཔོན་འབད་པས་མཉེས ་པར་བྱེས་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངགྲ་ཐོབ་ནས། དེ་རྣམ་པར་དག་པའི་ཐབས་བཙལ་བར་བྱའོ།། ཀུན་རྫོབ་ཀྱི་བདེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ། ལེའུ་དྲུག་པའོ།། ། རྡོ་རྗེ་སློབ ་མས་གསོལ་པཱ། ཀུན་རྫོབ་ཀྱི་བདེན་པ་ལ་ནཱི་སོམ་ཉི་མ་མཆིས་ན། དཱ་ནི་སྣང་བ་རྣམ་པར་དག་པའི་གནས་དོན་དམོ་པའི་བདེན་པའི་ཆ་བླ་མའི་ཞལ་སྔ་ནས་ཀྱིས་བཀའ་དྲིན་གྱིས་ཆེས་ཤེས་པར་འཚལོ།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཀུན་རྫོབ་ཀྱི་བདེན ་པ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་རྡོ་རྗེ་སེམས་དཔའི་སྐུར་རྫོགས་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་རབ་ཏུ་བསྟན་པར་ནུས་ཀྱི་དོན་དམ་པའི་བདེན་པ་ནི་ཡང་ལུས་མེད་པ། དཔེ་མེད་པ། རྩོམ་པ་ཐམས་ཅད་དང་བྲལ་བ། སོ་སོ་རང ་གིས་རིག་པ་སྟེ། དེ་བསོ་ན་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུརརོ།། ཇི་སྐད་དུ་གསུངས་པའི་ཚིག་ལས་ཀྱང་། ཇི་ལྟར་མར་མེ་བུམ་ནང་གནས།། ཕྱི་རོལ་ཏུ་ནི་སྣང་མི་འགྱུར།། བུམ་པ་དེ་ཉིད་བཅག་གྱུར་ན།། དེ་འོག་མར་མེ་འོངད་སྣང ་འགྱུར།། དེ་བཞིན་བུམ་པ་རང་ལུས་ཉིད།། དེ་ཉིད་མར་མེ་ལྟ་བུ་ཉིད།། བླ་མའི་ཁ་ཡིས་ལེགས་བཅག་ན།། སངས་རྒྱས་ཡེ་ཤེས་གསལ་བར་འགྱུར།། ན་མཁའ་ལས་ནི་ན་མཁའ་འབྱུང་།། མཁའ་ན་ཡིས་ན་མཁའ་མཐོང ་འགྱུར་བའི།། དེ་ཉིད་བླ་མའི་ཁྭ་ཉིད་ལས།། སྦྱོར་བ་ལེགས་པར་སྟོན་པ་ཡིན་ཞེས་གསུངས་ཏེ། རིགས་པ་འདིས་ན་སྒྲའི་རྣམ་པ་ལས་བྱུང་བ་ཡིན་པས་ཐོག་མ་དང་ཐ་མ་མེད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་ཀུན ་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱིས་སྒྲ་གང་ཡིན་པའི་སྒོ་ནས་རབ་ཏུ་བསྟན་པའོ།། དོན་དམ་པའི་བདེན་པ་དེ་ཡང་མ་བཅོས་པའི་ན་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད་དེ་དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཚུལ་གཅིག་པར་བསྟན་པའི་མདོ་ལས།། ་ཆོས་འདི་སྒྲ་སྐད་དག་གིས་ལུང་བསྟན་ཏེ།། ཆོས་དང་སྒྲ་དག་འདྲིར་ནི་རྙེད་མི་འགྱུར།། ཆོས་ཉིད་ཚུལ་གཅིག་དངོས་ལ་འང་འཇུག་བྱེད་པ།། བཟོད་མཆོག་བླ་ན་མེད་ལ་རག་པར་འགྱུར་ཞེས་གསུང་སོ།། དེ་ལྟར་རྒྱུ་དང་འབྲས་བུ་གཉི་སུ་མེད་པར་ཁོང་དུ་ཆུད་པའི ་སློབ་མས་བསྟན་པའི་ལུང་ཐོབ་ནས་རྒྱུད་ལས་ཇི་སྐད་བཤད་པའི་ཆོ་ག་དང་། འབྱོར་པ་ཅི་ཡོད་པས་ཚོགས་ཀྱི་དཀྱིལ་འཁོར་བྱས་ལ་ནམ་ཕྱེད་ན་ལེགས་པར་བསླབ་པའི་ཕྱག་རྒྱ་ལུས་དྲི་ཞིམ་པོས་བྱུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བླ་མ་ལ ་ཕུལ་ཏེ། གསང་བ་དང་དེ་ལས་གཞན་པའི་མཆོད་པས་ཡང་དག་པར་མཆོད་ལ་བླ་མའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ལ་འཁོར་པ་ལས་སྐྱོབ་པའི་ཡིད་ཀྱིས་སློབ་དཔོན་ལ་དེ་བཞིན་གཤེགས་པ ་མངོན་སུམ་བཞིན་དུ་ལྷག་པར་མོས་པ་དང་། བསྟོད་པའི་མཆོད་པ་འདིས་མངོན་པར་བྱང་ཆུབ་པར་གསོལ་བ་གདབ་པར་བྱའོ།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཡང་དག་མཐར་གྱུར་ཁྱོད་ལ་འདུད།། སྟོང་ཉིད་ལས་བྱུང་ཁྱོད་ལ་བདུད།། སངྱས ་རྒྱས་བྱང་ཆུབ་ཕྱག་འཚལ་འདུད།། མངོན་པར་བྱང་ཆུབ་མཐོང་བ་ནི།། སློབ་དཔོན་ཆེན་པོ་བདག་འཚལོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ།། ཐམས་ཅད་སྟོང་པ་བླ་ནཱ་མེད།། རང་མྱོང་མཚན་ཉིད་གཅིག་པ་ཉིད།། སེམས་དཔའ་ཆེན་པོ་སྩལ་དུ་གསོལ།། ་ལས་དང་སྐྱེ་ལོས་རྣམ་གྲོལ་བའོ།། ཚེ་འདིར་བྱང་ཆུབ་ཉིད་འཐོབ་པ།། ཁྱོད་ཞབས་པདྨ་སྤངས་ནས་ནི།། གཙོ་བོ་གཞན་དུ་སྐྱབས་མ་མཆིས།། འགྲོ་བའི་དཔའ་བོ་ཐུབ་ཆེན་པོ།། དེ་བས་སངས་རྒྱས་མཆོག་མཉེས་མཛོད།། དེ་ལྟར་གསོལ་བའི་ཚིག ་མཆོག། དམ་པ་དེ་ནི་ཐོས་གྱུར་ནས།། བླ་མ་དཔལ་ལྡན་ཡོན་ཏན་མཚོ།། སྙིང་རྗེས་སློབ་མ་ལ་སྐྱེད་ལ།། བཞིན་ནི་རབ་ཏུ་དད་གྱུར་པས།། རང་གི་བརྩེ་བས་རབ་དགའ་ཞིང་།། རྣལ་འབྱོར་རྒྱུད་ལས་བྱུང་བའི་མཆོག། དམ་ཚིག་བཟང་པོ་བསྟན་པར་བྱ།། དེ ་ནས་སློབ་དཔོན་སྙོམས་ཞུགས་ནས།། བུམ་པའམ་ཡདྲེན་དུང་ཆོས་སུ།། བྱང་ཆུབ་སེམས་ནི་བཞོག་པར་བྱ།། དེ་ནས་སློབ་མ་དེ་བོས་ཏེ།། སངས་རྒྱས་ཀུན་གྱིས་བྱིན་བརླབས་ལ།། རྒྱལ་བའི་ཕྱག་རྒྱར་བཅས་པ་ཡིས།། དམ་ཚིག་དག་ནི་བསྟན་པར ་བྱ།། རྡོ་རྗེ་ཅན་ནི་གཉིས་པོ་ཡིས།། དབང་བསྐུར་བ་ནི་སྦྱིན་པར་བྱ།། བཀྲ་ཤིས་སྒྲ་ནི་བསྒྲགས་པ་དང་།། རོལ་མོའི་སྒྲ་སྐད་སྣ་ཚོགས་ཀྱིས།། ཁམས་གསུམ་པའི་དབང་བསྐུར་བས།། སློབ་མ་བདུད་ཅིང་ཐལ་སྦྱར་བ།། དེར་ནི་རབ་ཏུ་བསྐུལ་བ་ཡིས།། རྗེས ་གནང་བ་དུ་ནས་སྦྱིན།། ཕྲེང་བ་ཆུ་དང་རྫོགས་སངས་རྒྱས།། རྡོ་རྗེ་མདྲིལ་བུ་མེ་ལོང་དང་།། མིང་དྲང་སློབ་དཔོན་རྗེས་གནང་སྟེ།། དབང་བསྒྱུར་རིམ་པ་འདི་ཡིན་ནོ།། དེ་ནས་བྱང་ཆུབ་མཚན་ཉིད་ནི།། བླ་མ་རྒྱུད་རིམ་ལས་འོངས་པ།། ་མཱན་ངག་གི་ནི་གཞི་ཐོབ་པ།། དེ་ནས་དེ་ལ་སྦྱིན་པར་བྱ།། དེ་ལ་མངོན་པར་བྱང་ཆུབ་པའི་རིམ་དཱ་ནི་རྣམ་པ་གཉིས་ཏེ།། འདི་ལྟ་སྟེ་ཕྱི་དང་རང་གིའོ།། དེ་ལྔ་དང་པོར་ཕྱོའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམ་སུ་མ་རིག་པའི་སྣང་བ་འདས་ནས་ཇི ་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ཡི་ནི་འོད་གསལ་བ་དྲི་མ་མེད་པོའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིང་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ།། ཉི་མོཾ་ཤེར་བ་ནི་སྣང་བ་མཆེད་པའོ།། ཉི་མོ་ནུབ་པའི་ཐུ་ནི་མཚན་སུ་མ་རིག་པའོ།། ་ཟླ་བཱ་ཤྭར་བའི་ཚེ་ནི་སྣང་བའོ།། དེ་སྟ་སྟོབ་པ་ཉིད་རྣམ་པ་བཞི་ཕྱི་རོལ་ལ་ངེས་པར་བསྟན་པ་བཤད་ནས།། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རེག་པའི་མཚན་ཉིད་ཅན་རིམ་པ་འདིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར ་སྡེའི་ཚོགས་དང་ལྡན་པར་མཐོང་།། གཉིས་པ་ནི་སྣང་བ་སྟེ། ཟླ་བོའི་འོད་ཟེར་ལྟ་བུའོ།། གསུམ་པ་ནི་སྣང་བ་མཆོད་པ་སྟེ། ཉི་མའི་འོད་ཟེར་ལྟ་བུའོ།། བཞི་པ་ནི་སྣང་བ་ཐབ་པ་སྟེ། མུན་པ་ལྟ་བུའོ།། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ ་བ་སྟེ། ཤིན་ཏུ་གསེལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་།། དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་རིམ་པ་འདིས་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར ་བྱེད་དོ།། དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོ་འམ། ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་གོར་བུ་གནས་པ་ལྟར།། དེ་བཞིན་དེ་ལ་རིམ་གྱིས་རྗེ་སུ་གཞིག་པར་བྱེད་པས་རྣལ་འབྱོར་པས་ནི་རྟག་ཏུ་བསམ།། མེ་ལོ་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན ་དུའང་བལྟ་བྱ་སྟེ།། རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདིར་ནི་དེ་བཞིན་ཡང་དག་བརྟག། ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱིས་འཁྲུལ་པ་བསོལ་བར་བྱ་བའི་ཕྱིར། དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགྲའ་ཞིག་ལ་འཇུག་པར་བྱ་སྟེ། ་དེ་ལ་དང་པོར་ནི་འོད་གསལ་བ་དང་། ཐམས་ཅད་སྟོང་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། རྡོ་རྗེའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། དྲི་མ་མེད་པོ་དང་། དངོས་པོ་མེད་པ་དང་། སྣང་བ་མེད་པ་དང་། བདག་མེད་པ་དང་། མྱ་ངན་ལས་འདས ་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། གོས་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཡི་གེ་མེད་པ་དང་། ཚིག་མེད་པ་དང་། དམིགསུ་མེད་པ་དང་། བླ་ན་མྱེད་པ་དང་། བརྗོད་དུ་མེད་པ་དང་། ་བསམ་གྱིས་མི་ཁྱབ་པ་དང་། མཐའ་ཡས་པ་དང་། གྲངས་མེད་པ་དང་། དབང་པོ་ལས་འདས་པ་དང་། གནས་མེད་པ་དང་། མཚན་ཉིད་མེད་པ་དང་། འདུས་མ་བྱས་པ་དང་། མཚན་མཱ་མེད་པ་དང་། མི་གཡོ་བ་དང་། དམིགས་པ་དང་། ལ ་བ་དང་། རྣམ་པར་མི་ཤེས་པ་དང་། རྟག་ཏུ་མེད་པ་དང་། ཟད་པ་མེད་པ་དང་། འཕེལ་བ་མེད་པ་དང་། ཚིག་མེད་པ་དང་། སྒྲིབ་པ་མེད་པ་དང་། ཚུལ་གཅིག་པ་དང་། ཞི་བ་དང་། ཞི་བ་ཉིད་དང་། ན་མཁའ་དང་། མཉམ་པ་དང་། རང་བཞིན ་གྱིས་དག་པ་དང་། ཐོག་མ་མེད་པ་དང་། དབུས་མེད་པ་དང་། ཐ་མ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། རིང་བ་མ་ཡིན་པ་དང་། ཉེ་བ་མ་ཡིན་པ་དང་། གཅིག་པ་མ་ཡིན་པ་དང་། ཐ་དད་པ་མ་ཡིན་པ ་དང་། རེག་པར་དཀའ་བ་དང་། རྣམ་པར་བསྒོམ་པར་དཀའ་བ་དང་། བསམ་གཏན་ཉིད་དང་། ཡང་དག་པ་དང་། ཆོས་ཀྱི་སྐུ་དང་། ཡང་དག་པའི་མཐའ་དང་། ཆགས་པ་མེད་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། ལུས་མེད་པ་དང་། རྡུལ ་མེད་པ་དང་། མཐའ་མེད་པ་དང་། གྲུབ་པ་དང་། གསང་བ་གྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ལྟ་བ་རྣམ་པར་དག་པ་དང་། རྒྱུ་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཁམས་གསུམ་རྣམ་པར་དག་པ་དང་། ་བསོད་ནམས་རྣམ་པར་དག་པ་དང་། སྡིག་པ་རྣམ་པར་དག་པ་དང་། ཉོན་མོངས་པོ་རྣམ་པར་དག་པ་དང་། ལས་རྣམ་པར་དག་པ་དང་། སྐྱེ་བ་རྣམ་པར་དག་པ་དང་། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི ་ཡུམ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། ལམ་པ་ཐམས་ཅད་མཁྱེན་པ་དང་། དེ་བཞིན་ཉིད་དང་། མོ་ནོར་བ་དེ་བཞིན་ཉིད་དང་། མཉམ་པ་ཉིད་དང་། བསོད་ནམོས་དང་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཉིད ་དང་། ཡེ་ཤེས་འབའ་ཞིག་པ་ཉིད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཡུམ་དང་། རང་སངས་རྒྱས་ཐམས་ཅད་སྦྲན་པ་དང་། འཇིག་རྟེན་ཐམས་ཅད་འབྱིན་པ་དང་། ལྷའི་མིག་རྣམ་པར་དག་པ ་བྱེད་པ་དང་། ལྷའི་རྣ་བ་རབ་ཏུ་སྟེར་བར་བྱེད་པ་དང་། གཞན་གྱི་སེམས་ཤེས་པར་བྱེད་པ་དང་། སྔོན་གྱི་གནས་རྗེ་སུ་དྲན་པར་བྱེད་པ་དང་། རྫུ་འཕྲུལ་དཔག་ཏུ་མེད་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ཞེས་བྱའོ།། དེ་བཞིན ་དུ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། དངོས་པོ་མེད་པ་སྒོམ་པོའི་དངོས་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་དྲུག་གི་ཚིག་སུ་བཅད་པ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་མཚན་ཉིད་གསུངས་པ་དང་། ་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་དག་ལས་ཀྱང་། ཡན་ལག་ཀུན་བསྒོམས་ལས་འདས་ཤིང་། རྟོག་དང་རྣམ་རྟོག་སྤངས་ནས་ཀྱང་།། གུག་སྐྱེད་ཐིག་ལེ་ལ་འདས་པ།། འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ།། སེམས་ཅན་ཐམས་ཅད་འཇུག་པ་ནི།། ་གཟུགས་དང་གཟུགས་མེད་དྲི་མེད་ལ།། སེམས་ནི་བསྐུལ་ཞིང་རྟོག་བྱས་པའི།། དཀྱིལ་འཁོར་དཀྱིལ་འཁོར་ལྟ་བུའོ།། ཡོད་དང་མེད་པ་གནཱི་ག་མཐའ་ཡིན་ཏེ།། ངག་དང་མ་དག་འདི་ཡང་མཐའ་ཉིད་ཡིན།། དེ་བས་མཐའ་གཉིས་རྣམ་པར་སྤངས ་ནས་ནི།། མཁས་པ་དབུས་ལའང་གནས་པར་མི་བྱེད་དོ་ཞེས་གསུངས་པ་དང་། ནམ་མཁའ་མཐའ་མེད་བརྟག་པའི་དོན།། སེམས་ཅན་ཀུན་གྱི་གནས་ཆེན་པོ།། དཔལ་གྱི་འབྱོར་པས་འབྱོར་པའི་རྒྱལ།། བསྡམ་པ་ཐམས་ཅད་རྫོགས་བྱེད་པ།། ཞེས ་བྱ་བ་གསུང་སོ།། དགོངས་པས་བཤད་པའི་ཚིག་མང་པོའི་མིང་གི་རྣམ་གྲངས་བསྡུས་པས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྒྲའི་དོན་དཀའ་བ་དང་། མཚན་ངེས་པ་མེད་པའི་ཚིག་འདི་དག་ནི་དོན་དམ་པའི་བདེན་པ་ལ ་བརྟེན་པར་མངོན་པར་གྲག་སོ།། དེ་ནས་རྡོ་རྗེ་སློབ་མས་མངོན་པར་བྱང་ཆུབ་པའི་རིལ་པ་རྣམ་པ་གཉིས་དང་། བསམ་གཏན་རྣམ་པ་གཉིས་རྟོགས་པར་གྱུར་ཅིང་དོན་དམ་པའི་བདེན་པའི་མིང་གིས་རྣམ་གྲངས་ཐོས ་ནས་མངོན་པར་ཞེན་པ་སྤངས་ཏེ། བཞིན་རབ་ཏུ་དང་བ་དང་། ཐལ་མོ་སྦྱར་བ་བྱས་ཏེ་མཆེད་དུ་བརྗེད་པའི་ཚིག་འདི་སྨྲས་སོ།། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས།། ཆོས་བཤད་པ་ནི་ངོ་མཚར་ཆེ།། ཡང་དག་དོན་ནི་དག་པའི་དོན།། བྱང་ཆུབ ་སེམས་ལ་ཕྱག་འཚལ་ལོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས།། སློབ་དཔོན་གཉིས་པ་ལྟར་བལྟས་ནས།། དངོས་པོ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་དང་འཛིན་པ་རྣམས་སྤངས་པ།། ཆོས་ལ་བདག་མོད་མཉམ ་ཉིད་པས།། རང་སེམས་གཟོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞི་ནོ།། ཞེས་བྱ་བའི་ཚིག་སུ་བཅད་པ་བརྗོད་ན་ས་གཉིསུ་མེད་པར་དམྱིགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ།། རིམ་པ་འདི་ཉིད་ཀྱིས་བཅོམ ་ལྡན་འདས་དཔལ་ཤཱནྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སཾ་རྒོལ་གྱོས་སྨྲས་བྱསྣོལ་བར་གྱུར་པ་སྣ་མཱི་ག་ཡོ་བའི་ཏིང་ངེ་འཛིན་ལུས་བཞེ་སྭཱ་ཏྭེ། བྱང་ཆུབ་ཀྱི་ཤིང་དྲུང་ལ་བ་ཞུགས་ནི་མཚོན་བྱེད་ཀྱི་དུས་སུ་འོད་གསལ་བ ་མངོན་དུ་མཛད་དེ། བྷ་ས་སྭ་བུའི་ཏིང་འཛིན་ལས་བཞེངས་ནས། འགྲོ་བ་རྣམས་ལ་ཆོས་སྟོན་པར་མཛད་པ་ཡིན་ནོ།། དེང་ནས་བརྩམས་ཏེ། དམ་པའི་ཆོས་རྗེ་སྲིད་གནས་པ་དེ་སྲིད་དུ་རྗེ་མའི་ཁ་ནས་བློ་མའི་ཁོར་པོརྒྱུད་པ་ཡིན་ནོ།། ་རྣལ་འབྱོར་གཉིས་རྣམ་པར་དག་པ་ལ་དགའ་བ་རྣམས་ཀྱི་མངོན་པར་བྱང་ཆུབ་པའི་རིམ་པ་དོན་དམ་པའི་བདེན་པ་བསྡུས་ཕྱི་ཐེ་ཚོམ་གཅོད་པ་སྟེ། ལེའུ་བདུན་པའོ།། ། རྡོ་རྗེ་སློབ་མས་གསོལ་པ། དོན་དམ ་པའི་བདེན་པ་རྟོགས་པ་ལ་ནི་སོམ་ཉི་མ་མཆིས་ན་བཅོམ་ལྡན་འདས་རྗེ་ལྟར་ན་དོན་དམ་པའི་བདེན་པ་ལ་ཞུགས་ཏེ་དངོས་པོ་མེད་པར་གྱུར་ནས་ལྡང་བར་བགྱིད།། དིར་མངོན་དུ་ཕྱོགས་པ་ཉམ་སུ་མྱོང་བ་ནི་གང་ཞིག་ལགས།། ཕྱིར་མི་ལྡོག ་བར་གྱུར་པ་ནི་གང་ཞིག་ལགས།། ཐར་པའི་དོན་ནི་གང་ཞིག་ལེགས།། ཅིའི་ཕྱིར་ན་གྲོལ་བར་འགྱུར།། གྲོལ་བ་ནི་སུ་ཞིག་ལགས།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགསོ་ལེགས་སོ།། འོད་གསལ་བ་ལས་ལྡང་བའི་རིམ ་པ་དེ་བཞིན་གཤེགས་པའི་མན་ངགྲ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་ཡུལ་མ་ཡིན་པ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེསུ་འབྲངས་ནས་ཁྱོད་ལ་ཁོང་དུ་ཆུད་པར་བྱ་བ་ཡིས། རྩེ་གཅིག་པའི་ཡིད་ཀྱིས་ཉོན ་གཅིག། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ།། སྐུ་དང་གསུང་དང་ཐུགས ་མངོན་པར་རྟོགས་ནས་ཀྱང་ས་བཅུ་ཐོབ་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་སོ་སོར་ཐོབ་ཙང་སྦྲ་མ་ལྔ་བུའི་ཏིངངེ་འཛིན་ཡང་རིག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་སྟེ། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི ་རིམ་གྱིས་སངས་རྒྱས་ཀྱིས་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པའི་མདོ་ལས་ཀྱང་། ་བློ་གྲོས་ཆེན་པོ་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པའི་ལྷུན་གྱིས་གྲུབ་པའི་སྦྱོར་བ་དང་། སེམས་ཅན་གྱིས་ཁམས་ཐམས་ཅད་སྒྱུ་མ་དང་། གཟུགས་བརྙན་དང་། མཉམ་པ་ཉིད་དང་། རྐྱེན་གྱིས་མ་བརྩམས་པས་ཕྱི་དང་ནང་གིས་ཡུལ་རྣམ་པར་དབེན ་པ་དང་། སེམས་ཕྱི་རོལ་ཏུ་ལྟ་བས་མཚན་མ་མེད་པའི་བྱིན་གྱིས་བརླབ་སོ་དང་ལྡན་པ་རྣམས་རིམ་གྱིས་སའི་རིམ་པའི་ཏིང་འཛིན་གྱི་ཡུལ་ལ་རྗེསུ་འཇུག་ན་ཁམས་གསུམ་དག་གི་སེམས་སྒྱུ་མར་ཤིན་ཏུ་མོསོ་པས་རབ་ཏུ་བསྒོམ་པ་སྒྱུ་མ་ལྟ་བུའི ་ཏིངེ་འཛིན་རབ་ཏུ་ཐོབ་པར་འགྱུར་རོ།། བློ་གྲོས་ཆེན་པོ་དེ་ལྟ་བས་ན། བདག་གི་སེམས་སྣང་བ་མེད་པ་ཙམ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་རྗེསུ་ཐོབ་པ་སྐྱེ་བ་དང་། བྱེ་བ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ ་འཛིན་རྡོ་རྗེའི་གཟུགས་ལྟ་བུ་དེ་བཞིན་གཤེགས་པའི་སྙིའི་རྗེསུ་སོང་བ་དེ་བཞིན་ཉིད་ཀྱི་སྤྲུལ་པ་དང་ལྡན་པའི་སྟོབས་དང་། མངོན་པར་ཤེས་པ་དང་། དབང་དང་། སྙིང་བརྩེ་བ་དང་། སྙིང་རྗེ་དང་། ཐབས་ཀྱིས་བརྒྱན་པོ། སངས་རྒྱས་ཐམས་ཅད་ཀྱི ་ཞིང་གི་མུ་སྟེགས་ཅན་གྱི་གནས་ཉེ་བར་འགྲོ་བའི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བའི་རིམ་གྱིས་གནས་འཕོས་པའི་དེ་བཞིན་གཤེགས་པའི་སྐུ་རབ་ཏུ་ཐོབ་པར་འགྱུརརོ།། བློ་གྲོས་ཆེན་པོ་དེ་བས་ན་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྐུའི་རྗེསུ་འབྱུངས་པ་རབ་ཏུ་ཐོབ་པ་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། སེམས་དང་། རྒྱུ་དང་། རྐྱེན་དང་། བྱ་བ་དང་ལྡན་པ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པའི་རྣམ་པར ་རྟོག་པའི་སྤྲོས་པ་དང་བྲལ་བར་སེམས་ཙམ་གྱིས་རྗེ་སུ་འབྲང་བར་བྱའོ་ཞེས་གསུངས་པས་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་སྒོམ་པར་ཞུགས་པ་རྣམས་ཀྱིས་ཀྱང་ཇི་སྲིད་དུ་དོན་དམ་པའི་བདེན་པ་མངོན་པར་རྟོགས་པ་ཐོབ་པ་མ་ཡིན་པ་དེ་སྲིད་ཀྱི་བར་དུ་ནི་ཕྱིར ་ལྡོག་པར་འགྱུར་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་སྣང་བ་གསུམ་རྣམ་པར་དགེ་པར་མ་གྱུར་པ་དེ་སྲིད་དུ་ནི་རྣམ་པར་ཤེས་པའི་ཀུན་ཏུ་རྟོག་པའོ།། ཇི་སྙེད་དུ་ཀུན་ཏུ་རྟོག་པ་དེ་སྲིད་དུ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྒྱན་ནོ།། ཉོན་མོང ་པའི་བག་ཆགས་ཀྱི་རྒྱུན་གྱིས་ནི་ཡང་སྲིད་པར་འགྱུར་བ་ཡིན་ལ། གང་སེམས་གཞན་དག་དང་བྲལ་བ་དེ་ནི་རྣམ་པར་དག་པའི་གནས་ཏེ། ཇི་སྐད་དུ་དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་གྱིས་རྒྱུད་ལས་ཀྱང་འདི་ལྟ་སྟེ་འདོད་ཆགས་རྣམ ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནསོ།། འདི་ལྟ་སྟེ། ཞེ་སྡང་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནསོ།། འདི་ལྟ་སྟེ་གཏི་མུག་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའི་གནསོ་ཞེས་གསུངས་པ་དང་། ་སྐྱོསློབ་དཔོན་ཀམྦ་ལའི་ཞལ་སྔ་ནས་ཀྱིས་ཀྱང་ནང་གི་བདག་ཉིད་སྒྲུབ་ཐབས་ལས་སྒྲ་ཇི་བཞིན་པའི་རང་བཞིན་སྦོམ་པོར་བཤད་ལ། དེ་བཞིན་དུ་སེམས་དཔའི་རང་བཞིན་ནི་ཕྲ་བ་སྟེ། སེམས་དཔའ་དང་བྲལ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་མཆོག་གི ་གན་སོ་ཞེས་བཤད་པའི་ཕྱིར་རོ།། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པ་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས ་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ། རེག་པར་དཀའ་བ། ལས་དང་སྐྱེ་བ་ལས་རྣམ ་པཔར་གྲོལ་བ། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱིས་ངོ་བོ་ཉིད་བཞིན་དུ་གསལ་བའོ།། དེ་ལས་ནི་མུན་པའི་སྣང་བ་སྟེ། སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུརརོ།། སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཀྱི་སྣང་བའི་ཚེ ་བའི་ངོ་བོ་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ།། དེ་ལས་ནི་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱི་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུརརོ།། དཔལ་མཆོག་དང་པོ་ལས་ཀྱང་ན་མཁའ་ལས་ནི་ནམ་མཁའ་འབྱུང་།། ཐམས ་ཅད་སྟོང་པ་ན་མཁའ་ཆེ།། ཞེས་གསུངས་སོ།། དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ན་མཁའི་སྣང་བྱེད་ལྟ་བུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་བཅད ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱི་དབང་དུ་གྱུར་པ་ཐོབ་པ་ཆུ་ལས་ཉ་ལྟ་བུ་འམ། མྱུར་བར་གཉིད་ལོག་ཅིང་སད་ཀྱི ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་གྱུར་པའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ།། འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ།། དོན་འདི་ཉིད་གསལ་བར ་བྱ་བའི་ཕྱིར་དཔལ་གསང་བ་གྲུབ་པ་ལས་ཀྱང་རང་གིས་རིག་པའི་དེ་ཁོ་ན། གཞན་གྱི་བརྗོད་ལས་མ་འབྱུང་སྟེ། མོས་དང་བསྒོམས་པས་རྟོགས་འགྱུར་གྱི།། དམ་ཚིག་དེ་ནི་གཞན་དུ་མིན།། དེ་ཉིད་དེ་ཉིད་མིན་སྤངས་ཏེ།། མོས་པས་བསམ་པས་ཉིན་མཚན ་དུ། ཞི་བའི་གོ་འཕང་བླ་ན་མེད།། མཆོག་ཏུ་མྱ་ངན་འདས་པ་དེར།། དེ་དང་དེ་མོས་པ་ཡི་མཐུས།། བསྒོམ་པའི་སྟོབས་ཀྱིསྐུ་གང་སྤྲུལ་པ།། དེར་ནི་སྐྱེ་བར་འགྱུར་བའི་གཟུགས།། ཀུན་དགའ་ལས་འབྱུང་མཆོག་སྐྱེས་པའང་།། སྐད་ཅིག་ཙམ་གྱིས་འབྱུང་བ་སྟེ།། ་སྤྲོ་དང་སྡུད་པར་བྱེད་པའོ།། ཁམས་གསུམ་འདི་དག་ཐམས་ཅད་ཀྱིས།། འགྲོ་དང་མི་འགྲོ་བཅས་སྣང་བྱེད།། བསྒོམ་པའི་དེ་ཉིད་མཐུ་ཡིས་ནི།། ཐོབས་ཤེས་བདག་ཉིད་ཅན་ཞི་བ།། ཉོན་མོངས་ཀུན་ལས་རྣམ་གྲོལ་ཞིང་།། མཚན་རྣམས་ཀུན་གྱིས་རབ ་བརྒྱན་པར།། སྟོང་ཉིད་ཡེ་ཤེས་ལས་བྱུང་བ།། གཉིས་མེད་མཆོག་ཏུ་ཞི་བ་ཉིད།། རྣམ་པ་ཀུན་གྱིས་མཆོག་ལྡན་ཞིང་།། གཟུང་དང་འཛིན་པ་རྣམ་སྤངས་པ།། ཡེ་ཤེས་སྒྱུ་མ་འདྲ་ཞིང་དག། འོད་གསལ་རང་བཞིན་དྲི་མ་མེད།། སྒྲ་དང་དྲི་དང་རོ་ལས་འདས།། ་དེ་བཞིན་རེག་པ་རྣམ་སྤངས་པ།། ཏིང་འཛིན་ཡེ་ཤེས་མིག་ཅན་གྱི།། མཆོག་གཅིག་གིས་ནི་མཐོང་བར་འགྱུར།། གྲིབ་མ་སྒྱུ་མ་ལྟ་བུའི་མཆོག། མཆོག་གི་དབྱིབས་དང་ཡང་དག་ལྡན།། ཡེ་ཤེས་ཆུ་རླབས་འཕྲོས་པ་ཡིས།། རྣམ་པ་སྣ་ཚོགས་དཔག ་མེད་གཟུགས།། འཇའ་ཚོན་ལྟ་བུའི་ལུས་ཉིད་ནི།། དེ་ཉིད་བསྒོམས་པས་ཐོབ་པར་འགྱུར།། བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།། དམ་ཚིག་དག་ནི་བསྲུངས་པ་ཡིས།། རྒྱལ་བས་ཀྱང་ནི་བརྗོད་མེད་པའི།། འདི་འདྲའི་གཟུ ་ནི་ཐོབ་པར་འགྱུར།། གང་དུ་སེར་སྣའི་གནས་གྱུར་པའི།། ལུས་ངག་ཡིད་དང་བྲལ་བའི་མཆོག། དེར་ནི་ཡང་དག་བསྟན་དབང་གིས།། རང་གི་གཟུགས་ནི་རྣམ་པར་བསྒོམ།། ཨེ་མའོ་ཤིན་ཏུ་རྨད་བྱུང་བ།། ཨེ་མའོ་ཞི་བ་དབང་པོ་འདས།། ཨེ་མའོ་མཆོག་ཏུ་ཟབ ་པ་ཉིད།། སངས་རྒྱས་ཉིད་ཀྱིས་གནས་མཆོག་ཡིན།། ཞེས་བཤད་པ་དང་ལྡང་བའི་རིམ་པ་འདི་ཉིད་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། ཨེ་མའི་རྡོ་རྗེ་ཨེ་རྡོ་རྗེ།། ཨེ་མའོ། ་རྡོ་རྗེ་ཆོས་བསྟན་པ།། གང་དུ་ལུས་ངག་སེམས་མེད་པ།། དེར་ནི་གཟུགསུ་རྣམ་པར་བསྒོམ།། ཞེས་གསུངས་པ་དང་།། རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་ཀྱང་།། ཁང་སྟོང་ཁྱོད་ཀྱི་སྐུ་ལ་མེད།། ཤ་དང་རུས་པ་ཁྲག་ཀྱང་མེད།། ན་མཁའ་ལ་ནི་འཇའ ་ཚོན་ལྷུར།། ཁྱེད་ཀྱི་སྐུ་ནི་སྟོན་པོར་མཛད།། སྐུ་ལ་སྤྱན་མེད་མི་གཙང་མདོ།། བཀྲེས་དང་སྐེམ་པ་འབྱུང་མེད་ཀྱང་།། ཁྱེད་ནི་འཇིག་རྟེན་འཇུག་པའི་ཕྱིར།། འཇིག་རྟེན་བྱ་བ་སྟོན་པར་བྱེད།། ཅེས་བཤད་པ་དང་། རྟོག་པ་ཀུན་ལས་བཏུས་པ་ལས་ཀྱང་།། ་དག་པའི་སེམས་ནི་བཟུང་གྱུར་ན།། རྡོ་རྗེ་ལུས་ནི་རྣམ་བསྒོམས་པས།། བརྟན་ལུས་ཁོང་སྟོང་མ་ཡིན་པ།། རྡོ་རྗེའི་སྐུ་ནི་དེས་ཐོབ་འགྱུར།། ཞེས་གསུངས་པ་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས་ཟླ་འོད་གཞོནུར་གྱུར་པས་ཀྱང་དེ་བཞིན་གཤེགས་པའི་སྐུ ་བཤད་དེ།། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་།། ཤེས་རབ་སྨྲས་པོ་ལུས་དང་མཚན་མི་མངའ།། ཡོན་ཏན་རྒྱ་མཚོ་རབ་ཟབ་ཐུགས་རྗེ་ཅན།། མཚུངས་མེད་ཕྱག་ནི་བདག་གི་སྤྱི་བོར་ཞོག། ཅེས་གསུངས་པ་དང་། འཕགས་པ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ།། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ ་བུར་སྨྲའོ།། ཞེས་གསུངས་པས་སོ།། དེ་ནས་དེ་ཉིད་ཀྱི་ཁྱད་པར་ནི་གཟུགས་ཅན་མ་ཡིན་པ་དང་། གཟུགས་མེད་པ་ཡ་མ་ཡིན་པ་དང་། བདེན་པ་མ་ཡིན་པ་དང་། བརྫུན་པ་མ་ཡིན་པ་དང་། དངོས་པོ་མ་ཡིན་པ་དང་། དངོས་པོ་མེད་པ་མ་ཡིན་པ་དང་། ་རྟག་པ་མེད་པ་དང་། ཆད་པ་མེད་པ་དང་། རྣམ་པ་དང་བཅས་པ་མ་ཡིན་པ་དང་། རྣམ་པ་མེད་པ་ཡིན་པ་དང་། ཆོས་མ་ཡིན་པ་དང་། ཆོས་མ་ཡིན་པའང་མ་ཡིན་པ་དང་། ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང་། རྣམ་པར་བྱང་བ་མ་ཡིན་པ་དང་། ་འཁོར་བ་མ་ཡིན་པ་དང་། མྱ་ངན་ལས་འདས་པ་མ་ཡིན་པ་དང་། རྟག་པ་མ་ཡིན་པ་དང་། མི་རྟག་པ་མ་ཡིན་པ་དང་། བདག་མ་ཡིན་པ་དང་། གཞན་གྱི་བདག་ཉིད་མ་ཡིན་པ་དང་། ནང་མ་ཡིན་པ་དང་། ཕྱི་རོལ་མ་ཡིན་པ་དང་། འཇིག་རྟེན་པ་མ ་ཡིན་པ་དང་། འཇིག་རྟེན་ལས་འདས་པ་མ་ཡིན་པ་དང་། གཉིས་པ་མ་ཡིན་པ་དང་། གཉི་སུ་མེད་པ་མ་ཡིན་པ་ཞེས་བྱ་བའོ།། ཟུང་དུ་འཇུག་པའི་སྐུ་ཡོངསུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས ་བུའི་གཟུགས་དང་། བདྲེན་པ་གཉིས་ཀྱི་ཚུལ་ལ་བྱནས་པ་དང་། རང་བཞིན་གྱིས་འོད་གསཔ་པའི་བདག་ཉིད་ཅན་དང་། ཟླས་དང་ཤེས་རབ་ཀྱི་བདག་སྐད་ཅན་དདུ། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་དང་། དུན་གདུམ ་གྱི་བདག་ཉིད་ཅན་དང་། ཐོག་པ་པོ་སུམ་གྱི་བདག་ཉིད་ཅན་དང་། དེཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དང་། ཐབས་ཀྱི་བདག་ཉིད་ཅན་དང་། དེ་བཞིན་དུ་སྐྱེས་བུ་དམ་པ་དང་། སྐྱེས་བུ་མཆོག་དང་། སྐྱེས་བུ་ཆེན་པོ་དང་། སྐྱེས་བུ་ཤེས་དང་། ་སྐྱེས་བུ་དཔའ་བོ་དང་། སྐྱེས་བུ་རྟན་པོ་དང་། སྐྱེས་བུ་འདུལ་བ་དང་། སྐྱེས་བུ་འདུལ་བ་པོ་དང་། སྐྱེས་བུ་མཆོག་དང་། སྐྱེས་བུ་ཁ་ལོ་སྒྱུར་བ་དང་། སྐྱེས་བུ་སེང་གེ་དང་། སྐྱེས་བུ་ན་མཁའ་དང་། སྐྱེས་བུ་ཐམས་ཅད་ཀྱིས་བདག་ཉིད་ཅན་དང་། སྨྲས་པ ་དག་པའི་བདུག་ཉིད་ཅན་ཞེས་བྱ་བ་དང་། དེ་བཞིན་དུ་འཁོར་བ་ལྔས་བརྒྱལ་བ་དང་། སྦྲུམ་སྦྱར་ཕྱིན་པ་དང་། བདེ་བ་ཐོབ་པ་པ། འཇིགས་པ་སྤྱོད་པ་ཐོབ་པ་དང་། ཕ་རོལ་ཏུ་འགྲོ་བས་འབར་བ་དང་། ཚེར་མ་དཀྲུགས་པ་དང་། སྤྲོས་པ་མེད་པ ་དང་། དགེ་སློང་དང་། དགྲ་བཅོམ་པ་དང་། ཟག་པ་ཟོད་པ་དང་། ཧཱུ~ཾ་ཡང་མེད་པ་དང་། དགེ་སློང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། སངས་རྒྱས་ཀྱི་སྲས་དང་། ཉོན་མོངས་པ་སྐྱེད་པ་དང་། དབང་དུ་གྱུར་པ་དང་། སེམས་རྣམ་པར་གྲོལ་བ་དང་། ་ཤེས་རབ་རྣམ་པར་གྲོལ་བ་དང་། ཀུན་ཤེས་པ་དང་། གླང་པོ་ཆེན་པོ་དང་། བྱ་བ་བྱས་པོ་དང་། བྱེད་པ་བྱས་པ་དང་།། ཁུར་བོར་བ་དང་། བདག་ག་དོན་རྗེ་སུ་ཐོབ་པ་དང་། སྲིད་པར་སྦྱོར་བ་ཡོང་སུ་ཟིད་པ་དང་། ཡང་དག་པའི་བཀས་སེམས་རྣམ་པ ་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། སེམས་ཐམས་ཅད་ལ་དབང་ཐོབ་པ་དང་། མཆོག་ཏུ་ཕ་རོལ་ཏུ་ཕྱིན་པ་དང་། འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་དང་། ཡེ་ཤེས་ཀྱི་སྐུ་དང་། རང་བྱུང་ཞེས་བཤད།། རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི ་ཉིད་ཀྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། གང་གི་དཔའ་བར་འགྲེ་བའི་ཏིང་འཛིན་འདི་དག་ཐོབ་པའི་སྐྱེས་བུ་དམ་པ་ནི་སངས་རྒྱས་ཐམ་ས་ཅད་ཀྱི་ཡུལ་དུ་མཆིས་པ་ལག་སོ།། རང་དབང་གི་ཡེ ་ཤེས་ལ་དབང་བགྱིད་པ་ལེགས་སོ།། དཔའ་བར་འགྲོ་བའི་ཏིང་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་དུ་མི་སྨྲའོ།། དཔའ་བར་འགྲོ་བའི་ཏིངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི ་མངོན་པར་ཤེས་པ་ཐོབ་པའོ་ཞེས་ང་མི་སྨྲའོ།། དཔའ་བར་འགྲོ་བའི་ཏིང་འཛིན་མ་ཐོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་དེ་ལ་ནི་སྦྱང་བ་བྱས་པའོ།། ཞེས་པ་མི་སྨྲའོ།། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐེབས་དང་ལྡན་པའོ་ཞེས་དྭེ་ལི་སྠའོ།། དཔའ་བར་འགྲོ་འིའི་ཏིང་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོས་པ་ཞེས་ང་མི ་འོ། དཔའ་བར་འགྲོ་བའི་ཏིང་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྤོབས་པ་དང་ལྡན་པའོ་ཞེས་ང་མི་སྨྲའོ།། རིགས་ཀྱི་བུ་དག་དེ་བས་ན་ངེས་པར་འབྱུང་བའི་ལམ་ཐམས་ཅད་དུ་ངེས་པར་འབྱུང་བར་འདོད་པའི་འང་ཆུབ་སེམས་དཔའ ་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་འཛིན་འདི་ལ་བསླབ་པར་བྱའོ་ཞེས་གསུང་སོ།། མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་བསྡུས་པའི་ཐེ་ཚོལ་གཅོད་པ་སྟེ། ལེའུ་བརྒྱད་པའོ།། ། ་རྡོ་རྗེ་སློབ་མས་གསོལ་པ། ཐོས་པ་དང་བསམ་པའི་རང་བཞིན་གྱིས་འབྲས་བུ་དང་བཅས་པའི་རིམ་པས་དེ་ཁོ་ན་ཉིད་རྟོགས་པ་ཡོངསུ་གཅོད་པ་བླ་མས་རྗེ་སུ་སྣང་བ་བྱས་པས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་ལ་སློབ་པར་འདོད་པའི ་རྣལ་འབྱོར་པས་རྒྱུའི་གནས་སྐབསུ་ཇི་ལྟར་གནས་པར་བགྱི། ཇི་ལྟར་སྒོམ་པར་བགྱི། ཇི་ལྟར་སྒོ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བགྱི་བ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་ལུང་བསྟན་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམ ་དཔའ་ཆེན་པོ་ལེགས་ལེགས་སོ།། ཁྱད་པར་གྱི་རྒྱུ་ཐོབ་ཅིང་བརྩོན་འགྲུས་འབར་བ་རྣམས་དང་། ལུས་དང་སྲོག་ལ་བལྟོས་པོ་མེད་པ་རྣམས་ཀྱི་ཚེ་འདི་ཉིད་ལ་རང་གི་གཟུགསུ་འཛིན་པ་ལས་ཡོངསུ་ལོག་ནས། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཀྱི ་འབྲས་བུ་རྫོགས་པར་བྱེད་པར་འདོད་པོ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་ཡོངསུ་འདྲི་བར་བྱེད་པ་ལེགས་ལེགས་སོ།། དངོས་པོར་འཛིན་པ་རྣམ་པར་བསལ་ནས་ཐར་པར་འདོད་པ་རྣམས་ཀྱི་སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དགཔ ་ཁྱེད་ལ་རིམ་བཞིན་དུ་བཤད་ཀྱིས་ཉོན་ཅིག། འདི་ལ་བདེན་པ་རྣམས་པ་གཉིས་གོཉི་སུ་མདོ་པས་རྒྱུ་དང་འབྲས་བུ་དག་ཀྱང་གཉི་སུ་མེད་པ་ཡིན་ལ། རྒྱུ་དང་འབྲས་བུ་གཉི་སུ་མེད་པས་ཐོས་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉི་སུ་མེད་པ་ཡིན་ལ། ་ཐོབ་པ་དང་འཐོབ་པར་བྱ་བ་གཉི་སུ་མྱེད་པས་བསྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉི་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུརརོ།། དེ་དམིགས་པར་མི་གྱུང་ངས་འདིར་གང ་ཞིག་ལ་ནི་བསྒོམ་པར་བྱ་བའམ། སུ་ཞིག་སྤྱོད་པ་སྤྱད་པར་འགྱུར་ཞེས་རྣམ་པར་བརྟགས་ན། སློབ་པར་བྱེད་པ་དང་། ཡོངསུ་རྫོགས་པ་དག་ལ་ཁྱད་པར་མེད་དེ། མཐོང་པའི་ཆོས་ལ་མྱ་ངན་འདས།། བྱ་བ་བྱས་པའང་དེ་ཉིད་ཡིན།། ཞེས་བཤད་པའི ་ཕྱིར་རོ།། འོན་ཀྱང་གནས་སྐབས་ཀྱི་ཁྱད་པར་ཐོབ་པ་ན་ནི་རྒྱུ་དང་འབྲས་བུ་དག་ཀྱང་འཇིག་རྟེན་དུ་སྣང་སྟེ། གཞན་དུ་རྒྱུ་མེད་པའི་ཉེས་པ་དང་བཅས་པར་ཐལ་བར་འགྱུརརོ།། དེ་བས་ན་སློབ་བཞིན་པའི་སྐབསུ་མི་སྒོམ་པ་པོ་དང་། སྒོམ་པ་དང་། བསྒོམ ་པོར་བྱ་བ་དང་། སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་ཁྱད་པར་གྱིས་སྤྱོད་པ་རྣམས་ཀྱང་ཡོད་དོ་ཞེས་འམ། མེད་དོ་ཞེས་སོམ་ཉིར་མི་བྱ་སྟེ། འདིར་སྒྲུབ་པ་པོ་ནི་ཀུན་རྫོབ་ཀྱིས་བདེན་པ་རྟོགས་པའོ།། བསྒྲུབ་པ་ནི་དོན་དམ་པའི་བདེན ་པའོ།། བསྒྲུབ་པར་བྱ་བ་ནི་གཉིསུ་མེད་པའི་ཡེ་ཤེས་སོ།། དེ་བས་ནི་རྒྱུ་དང་འབྲས་བུ་དག་གཉི་སུ་མེད་པར་བྱ་བ་ཡོངསུ་ཤེས་པ་ནི་འདིར་སྒོམ་པ་ཉིད་དུ་བཤད་དེ། ཇི་སྐད་དུ་ཐམས་ཅད་གསང་བའི་རྒྱུད་ལས་འབྲས་བུས་ཧཱུཾ་ནི་རྒྱས་པཏབ་ཅིང་། རྒྱུ ་ཡང་འབྲས་བུ་རྒྱས་བཏབ་པར།། བསྒོམ་གྱིས་གཞན་དུ་དངོས་གྲུབ་ནི།། བསྐལ་པ་བྱེ་བར་འབྱུང་མི་འགྱུར་ཞེས་གསུངས་པས་སོ།། སྤྱོད་པ་རྣམ་པར་དག་པ་བཤད་པ་ནི།། གཉི་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱུར་ན། མཉམ་པར་བཞག་པ ་དང་། མཉམ་པར་མ་བཞག་པའི་གནས་སྐབས་སུ་གཉིསུ་མེད་པར་འགྱུར་ལ། དེ་གཉིསུ་མེད་ནས་སུ་ཞིག་སྤྱོད་པ་རྣམས་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པར་གྱུར་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་ནི་འཇིག ་རྟེན་ན་ངེས་པ་ཡིན་ནོ།། ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པར་ཉོན་མོངས་པའི་བག་ཆགས་ཟད་པར་བྱ་བར་ནི་མི་ནུས་སོ་ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགསོ།། ཇི་སྐད་དུ་གསང་བ་འདུས་པའི་རྒྱུད་ལས། ་རྗེ་སེམས་དཔའ་རྒྱལ་པོ་ཆེ།། ཡང་དང་ཡང་དུ་བསྐུལ་བར་བྱ་ཞེས་གསུངས་པ་དང་། ཇི་སྐད་དུ་གསང་བ་གྲུབ་པ་ལས་ཀྱང་། རྐང་བརྐྱང་བྱ་བ་སྤངས་ནས་ནི།། འཁོར་བའི་ཚོགས་ནི་དོར་ནས་སུ།། རྟག་ཏུ་བརྩོན་དང་ལྡན་ཡིད་ཀྱི་ས།། རྡོ་རྗེ ་སེམས་མཆོག་བསྒྲུབ་པར་བྱ།། འགྱོད་དང་གཉིད་དང་རྨུགས་ལ་སོགས།། རབ་ཏུ་འབད་དེ་སྤངས་པར་བྱ།། གཞན་དུ་བསྐལ་པ་བྱེ་བོར་ནི།། བརྒྱར་ཡང་འགྲུབ་པར་མི་འགྱུར་ཞེས་གསུངསོ།། དེ་བས་ན་མཚན་མ་མེད་པའི་ཏིང་འཛིན་ལ ་སྙོམས་པར་ཞུགས་པས་ཐོག་མ་མེད་པའི་ཉོན་མོངས་པོའི་བག་ཆགས་ཀྱིས་སྟོབས་སྤངས་ནས། ལྷུན་གྱིས་གྲུབ་པའི་འབྲས་བུ་ཐོབ་པར་འདོད་པས་སྤྱོད་པ་སྤྱད་པ་ན་སྤྱོད་དོ་ཞེ་འམ། མེ་སྤྱོད་དོ་ཞེས་བྱ་བའི་ཡིད་ལ་བྱེད་པ་སྤངས་ནས་འཇིག ་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་མནན་ཏེ། ཇི་སྐད་དུ་བཤད་པའི་རྣལ་འབྱོར་གྱི་སྤྱོད་པ་ལ་སྤྱད་པར་བྱའོ།། དེ་བས་ན་ཡང་དག་པར་གྱུར་པའི་སྤྱོད་པ་དེ་བླ་མོའི་ཞལ་སྔ་ནས་ཀྱི་དྲིན་གྱིས་ཅི་ནུས་པར་རྣམ་པར་དབྱེ་བར་བྱའོ།། དེ་ལ་ཐོག་མ་ཁོ ་ནར་བཅོམ་ལྡན་འདས་སྤྱོད་པ་མཛད་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གླིང་ལ་སོགས་པ་ལ་གཟིགས་པར་མཛད་དེ། དགའ་ལྡན་གྱི་གནས་ནས་བབས་པར་མཛད་ནས། རྒྱུད་ལ་སོགས་པའི་ཚུལ་རྣམ་པ་བཞིར་བསྟན་ཏེ། ་འདོད་ཆགས་དང་བྲལ་བའི་གཟུགསུ་མངོན་པར་སྤྲུལ་ནོས། དམན་པ་ལ་མོས་པ་རྣམས་ལ་འཕགས་པའི་བདེན་པ་རྣམ་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་བདག་མེད་པ་རྟོགས་པར་མཛད་ཅིང་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོ། པར་མཛད་པ་དང་། ཡང་འཁོར་ལོས་སྒྱུར་བའི་གཟུགས་མངོན་པར་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ ་འདོད་ཆགས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་ཀྱི་སྤྱོད་པ་སྟོན་པར་མཛད་པ་ཡིན་ནོ།། དེ་བས་ན་བདེན་པ་གཉིས་ཡོངསུ་གཟུང་བའི་ལུས་དངོས་པོའི་དོན་མ་ལུས་པ་ཡོངསུ་གཅོད་པར་བྱེད་ཅིང་བདེ་བ་ཆེན་པོའི ་འབྲས་བུའི་མཆོག་ལ་མངོན་པར་དགའ་བ་རྣམས་ལ་ཉོན་ཐོས་དང་མདོ་སྡེའི་ཚུལ་དང་ལྡན་པའི་སྤྱོད་པ་མ་གསུངས་ཏེ། གང་གི་ཕྱིར་ཉན་ཐོས་ལ་སོགས་པ་ནི་དམན་པ་ལ་ལྷག་པར་མོས་ཤིང་རྣམ་པར་རྟོག་པ་ལ་སྤྱོད་པ། བདག་ལ་བསྒྲུབ་པ ་དང་བྲལ་བ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བྱ་བའི་ལམ་ལ་ཞུགས་པ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་དད་པ་མེད་པ། ཐར་པ་དང་རྒྱང་རིང་བ་ཞེས་བྱ་བ་བདེ་བའི་ཐབས་མ་རྟོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པོ་སྤྱོདཔ། ་དཀའ་བ་རྣམས་ཀྱིས་དུས་རིང་པོར་བྱང་ཆུབ་ཚོལྔ་བར་བྱེད་མོད་ཀྱི། འོན་ཀྱང་ཐོབ་པར་མི་བྱེད་དེ། རྫོགས་པའི་རིམ་པ་མ་རྟོགས་ཤིང་ཁོང་དུ་མ་ཆུད་པའི་ཕྱིར་རོ།། དེ་བས་ན་འདི་ལྟར་བཅོམ་ལྡན་འདས་ཀྱིས། གང་ཞིག་དགེ ་སློང་དངོས་གནས་དང་།། གང་ཡང་རྟོག་ལ་དགའ་བའི་མཽང་།། གང་ཞིག་རྒན་པོར་གནས་གྱུར་པ།། དེ་ལ་དེ་ཉིད་མི་བསྟན་ཏོ།། ཞེས་གསུངས་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་སྤྱོད་པའི་རྒྱུད་ལས་ཀྱང་། ཐབས་དང་མི་ལྡན་ཡེ ་ཤེས་དང་།། བསླབ་བདག་ཀྱང་བཤད་པ་ནི།། དཔའ་བོ་ཆེན་པོས་ཉན་ཐོས་རྣམས།། དེ་ལ་གཟུང་བའི་ཕྱིར་བཤད་ཞེས་གསུངས་པ་དང་། རྩ་བའི་མདོ་ལས་ཀྱང་། དགེ་བ་བཅུ་ཡི་ལས་ཀྱི་ལམ།། བྱེད་པ་ཡེ་ཤེས་སྤངས་པའོ།། ཞེས་གསུངས་པ ་དང་། དེ་བས་ན་བཅོམ་ལྡན་འདས་ཀྱིས།། དགེ་སློང་ཉན་ཐོས་ཐེག་པ་ལ་མི་བསླབ།། བྱང་ཆུབ་སྤྱོད་པ་དེ་ལ་བསླབ་བྱ་སྟེ།། བྱང་ཆུབ་སྤྱོད་པས་སངས་རྒྱས་ཡོན་ཏན་དང་། གླེང་བཞི་འདི་ལས་རང་འབྱུང་དག་ཏུ་འབྱུང་།། ཞེས་གསུངསོ།། དེ་བས་ན་ཁྱད ་པར་གྱི་རྒྱུ་ལས་ཁྱད་པར་གྱི་འབྲས་བུ་འབྲང་བར་འགྱུར་རོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་འདོད་པ་ལྔའི་ཡུལ་རྣམས་ལ་ཁྱད་པར་གྱི་ལོངས་སྤྱོད་ཀྱི་ངོ་བོར་གྱུར་པས་ཁྱད་པར་གྱི་འབྲས་བུ་ཐོབ་པར་གྱུར་པ་ཡིན་པར་ཤེས་པར་བྱའོ།། གཞན་དུ ་སྤྱོད་པ་དཀའ་བ་རྣམས་ཀྱིས་སེམས་རྩེ་གཅིག་པ་འཐོབ་པར་མི་འགྱུར་ཏེ། དབང་པོ་ལྔ་མཚར་བཅད་པའི་ཕྱིར་རོ།། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོའི་རྒྱུད་ལས།། དཀའ་ཐུབ་སྡོམ་པ་མི་བཟད་པས།། ལུས་སྐམས་འགྱུར་ཞིང ་སྡུག་བསྔལ་ལ།། སྡུག་བསྔལ་གྱི་ནི་སེམས་གཡེངས་པས།། གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། ཞེས་གསུངས་པ་དང་། རྩ་བའི་རྒྱུད་ལས་ཀྱང་། དཀའ་ཐུབ་དཀའ་སྤྱད་མི་བཟད་པས།། བརྟེན་ན་འགྲུབ་པར་མི་འགྱུར་གྱི།། འདོད། ་པ་ཀུན་ལ་ལོངས་སྤྱོད་ཅིང་།། བརྟེན་ན་མྱུར་དུ་འགྲུབ་པར་འགྱུར།། ཞེས་གསུངས་པས་སོ།། རྡོ་རྗེ་སློབ་མས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། འདི་དག་འཇིག་རྟེན་དུག་གསུམོ།། ཞེས་གསུངས་པ་དང་། དེ་བཞིན་དུ་གཟུགས ་ལ་སོགས་པའི་ཡུལ་རྣམས་ནི་ཉོན་མོངས་པ་རབ་ཏུ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པས་དྲན་སོང་གི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ན། ཇི་ལྟར་ན་ཡང་དེ་དག་བསྟེན་པར་གྱུར་པས་བླ་ན་མེད་པའི་གོ་འཕྱད་འགྲུབ་པར་འགྱུ་རོ་ཞེས་བགྱི ་བ་ཕན་ཚུན་འགལ་བར་མི་འགྱུར་ལགས་སམ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རྡོ་རྗེ་སློབ་མ་ཁྱོད་གང་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱིས་ཐེ་ཙོམ་མེད་པར་བྱ་བའི་ཕྱིར་རོ།། ཡོངསུ་འདྲི་བར་བྱེད་པ་ལེགས་སོ་ལེགས།། དེ་བས་ན་དོན་ཆེན ་པོ་བསྟན་པར་བྱ་ཡིས་ཉོན་ཅིག། ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པ་རྣམས་རྐྱེན་དུ་འགྱུར་ཏེ། ཉོན་མོངས་པའི་ངོ་བོ་ཉིད་ཡོངསུ་མ་ཤེས་པའི་ཕྱིར་རོ།། ངོ་བོ་ཉིད་ཡོངསུ་ཤེས་ནས་ནི ་བྱང་ཆུབ་ཀྱི་རྒྱུར་འགྱུརརོ།། ཞེས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས་གསུངས་ཏེ། ཇི་སྐད་དུ་དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འཛིན་པས་དུག་ཏུ་འགྱུར་བ་ཡིན།། ་དྲུག་ཉིད་ཉེ་བར་ཞི་གྱུར་ན།། དུག་ནི་དུག་མེད་བྱས་པ་ཡིན།། བདུད་རྩི་རིམ་གྱིས་བརྟེན་ནས་ནི།། བདུད་རྩི་ཉིད་དུ་འགྱུར་བའང་ཡིན།། ཞེས་གསུངས་པ་དང་། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། ་དཔེར་ན་གྲོང་ཁྱེར་ཆེན་པོའི་ལུང་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། འབྲས་ཀྱི་ཞོང་དག་དང་། རྒུན་འབྲུམ་གྱི་ཞིང་དྲག་ལ་ཕན་པར་འགྱུར་བ་ཡིན་ནོ།། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུས་གང་ཡིན་པ་དེ་ཡང་ཐམས ་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་པ་ཡིན་ནོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངསུ་ཟིན་པའི་དུག་གིས་འཆི་བར་བྱེད་མི་ནུས་སོ།། འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངསུ་ཟིན་པའི་ཉོན་མོངས་པའི་དུག་གིས ་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་པ་དང་། གཞན་ཡང་འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། གང་གིས་བླུན་པོ་འཆིང་གྱུར་པ།། དེ་ཡིས་མཁས་པ་ཡོངས་གྲོལ་ཞེས།། བྱང་ཆུབ་རྣམ་པར ་བསྒོམས་ནས་ནི།། འདི་དག་ཐམས་ཅད་ཕྱིན་ཅི་ལོག། གང་གིས་རྨོངས་པ་འཆིང་འགྱུར་ཞིང་།། ངུ་འབོད་མཐོར་ནི་དེས་འགྱུར་བ།། དེ་ཉིད་ཀྱིས་ནི་གྲོལ་གྱུར་ཅིང་།། ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ།། ཅེས་གསུངས་ཏེ། རིགས་པ་འདིས་ནི་ཁྱད་པར་ཅན། ་བསྐུལ་བར་འགྱུར་བ་དང་། ཁྱད་པར་ཅན་གྱིས་ཡོངསུ་གྱུར་པས་ཁྱད་པར་ཅན་གྱི་འབྲས་བུ་ཡིད་དུ་འོང་བ་སྐྱེད་པའི་རྒྱུར་གྱུར་པར་ཞུགས་པའི་བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་སྒྲུབ་པ་གཞན་མེད་དེ། དེའི་དོན་དུ་དེ་ཉིད་ཀྱིས་བཟའ་དང་། ་གནས་ལ་སོགས་པ་བདེ་བ་རྣམས་ཀྱིས་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱེད་པར་འགྱུརརོ།། བདེ་མཆོག་ལས་ཀྱང་། དེས་ན་བདེ་བས་བདེ་ཉིད་ཀྱིས།། སངས་རྒྱས ་ཐམས་ཅད་ཉིད་ཐོབ་འགྱུར་ཞེས་གསུངས་སོ།། དེ་ལ་འདོད་ཆགས་ལྔས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ཞེས་བྱ་བའོ།། ་དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་བའི་དབུགས་དབྱུང་བ་ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྒྱས་པ་དེ་ནི་སྤྲོས་པ་དང ་བཅས་པའོ།། དེ་ལ་སྤྲོས་པ་མེད་པའི་ནི་གང་ཡིན་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ལ་རོལ་པ་དེ་ནི་སྤྲོས་པ་མེད་པའོ།། ཤིན་ཏུ་སྤྲོས་པ་མེད་པ་གང་ཡིན་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས་བསམ ་གཏན་གྱི་ཟས་དང་། གནས་པ་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། སྙོམས་པར་འཇུག་པ་ལས་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན་ཤིང་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ།། ཏ་ལའི་ལོ་མ་ཚིག་པར་གྱུར་ཀྱང་ཐལ ་པབར་འགྱུརརོ།། རས་བལ་གྱི་ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་ཏེ།། ཐམས་ཅད་ཀྱང་ཐལ་བར་འགྱུརརོ།། དེ་བཞིན་དུ་དཔྱོད་པ་གསུམ་ཅར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུརརོ།། ཡང་སྒྲུབ་པ་པོ་ལ་ནི་དེ ་ཁོ་ན་ཉིད་བསྡུས་པ་པ་ལ་སོགས་པའི་རྒྱུད་ཀྱི་རྗེསུ་འབྲངས་ནས་ལག་པའི་ཕྱག་རྒྱ་དང་། གླུའི་མཆོད་པ་དང་། སྟངས་སྟབས་ལ་སོགས་པའི་ཚུལ་དང་། གར་ལ་སྩོགས་པའི་སྦྱོར་བ་རྟག་ཏུ་བརྩོན་པའི་ཡིད་དང་། ཉིན ་དང་མཚན་དུ་སྤྲོས་པ་དང་བཅས་པའི་སྤྱོད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་དོ།། དེ་བཞིན་དུ་ལ་ལ་ནི་དཔལ་མཆོག་དང་པོ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བརྟེན་ནས་སྐྱིལ་མོ་ཀྲུང་གི་འདུག་སྟངས་དང་། ཉམས་རྣམ་པ་དགྲ ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རོལ་མོ་སྤྲོས་པ་དང་བཅས་པའི་སྤྱོད་པས་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པར་བྱེད་དོ།། གསང་བ་འདུས་པའི་རྒྱུད་འདི་ལས་ནི་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་གནས་འབའ ་ཞིག་སྟོན་ཏོ།། ད་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་འཇུག་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ།། རྣམ་པ ་སྣ་ཚོགས་མཆོག་གྱུར་པ།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ།། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག། གསང་བ་མཆོག་གི་དགྱེས་པ་ན།། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སེམས་དཔའི ་བདེ་འབྱུང་བ།། དེ་བཞིན་གཤེགས་པའི་ལྷ་རྫས་མཆོག། རིན་ཆེན་རྒྱན་ལ་སོགས་པས་སྤྲས།། དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི།། བླ་རཾ་དམ་པ་བྲེས་པ་ན།། རྡོ་རྗེ་གླུ་དང་མཆོད་ལ་སོགས།། གླུ་དང་སིལ་སྙན་རྣམ་པར་འཕྲུལ།། མེ་ཏོག ་བདུག་པའི་སྦྱོར་བ་དང་།། མར་མེ་དྲི་དང་སོགས་ལྡན་པར།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ།། མཁའ་འགྲོ་སྒྱུ་མ་བདེ་མཆོག་བསྒྲུབ།། ཡང་ན་སྲིད་པ་གསུམ་དག་གམ།། ཡང་ན་བདག་གི་གནས་དག་གམ།། སྐྱེད་མོས་ཚལ་ལ་སོགས ་པར་བསྒྲུབ།། དེར་ནི་དང་པོར་གདན་བཤམས་ཏེ།། འཇམ་ཞིང་རེག་ན་བདེ་འགྱུར་བ།། སྣ་ཚོགས་པདྨ་རས་ཀྱིས་གསོགས།། དེར་ནི་ཐམས་ཅད་དག་པའི་གདན།། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས།། སྦྱོར་བའི་དབང་ཕྱུག་རྣམ ་འཕྲུལ་པས།། རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ།། དེ་ནི་རྣམ་པར་འཕྲུལ་པར་མཛད།། ཁམས་ཀྱི་རང་བཞིན་ཐམས་ཅད་དང་།། དེ་བཞིན་སྲོག་དང་རྩོལ་ལས་བྱུང་།། རང་གི་ལྷ་ལ་མངོན་ཕྱོགས་པའོ།། གྲུབ་པའི་ཕྱག་རྒྱས་རབ་ཏུ་བསྐོར།། ་ལུགས་མ་འམ་ཡང་ན་འབུར་དང་ནི།། མངོན་པར་འདུས་བྱས་ལེགས་བྲིས་པ།། རྣམ་པ་སྣ་ཚོགས་གཟུགས་བརྙན་ནི།། མཚན་མའོ་ཕྱག་རྒྱ་རབ་ཏུ་བརྟོག། སྤྱན་དེ་དག་ནི་ཐམས་ཅད་ལ།། ཇི་ལྟར་གནས་པ་བཞིན་དུ་དགོད།། གྲུ་བཞི ་པཱ་ལཱ་སྒོ་བཞི་པ།། རྟ་བབས་བཞི་ཡིས་མཛེས་པར་བྱས།། རྡོ་རྗེ་རིན་ཆེན་པདྨ་སོགས།། སྒོ་སྲུང་དང་ནི་ལྡན་པར་བྱ།། རང་གི་ལྷ་དང་ལྡན་པ་ཡི།། བུད་མེད་དག་ནི་ལེགས་བསླབས་པ།། སྐལ་བཟང་རང་བཞིན་ཕྱག་རྒྱས་མཚན།། ཚཱ་གྲ ་ཀྱི་དཀྱིལ་འཁོར་བརྟག་པར་བྱ།། ཞེས་གསུངས་པའོ།། དེ་ལ་མདོའི་ཚི་ག་དེ་རྣམས་ཀྱི་དོན་རྒྱ་ཆེར་དགྲོལ་བར་བྱ་སྟེ།། དེ་ལ་དང་པོ་ཁོ་ནར་སྐྱེད་མོས་ཚལ་ལ་སོགས་པ་ཡིད་དང་རྗེསུ་མཐུན་པ་རྣམ་པར་དབེན་པའི་གནསུ་ཚུལ་དང་མི ་མཐུན་པ་ལ་སོགས་པ་སྐལ་པ་ངནྡ་པ་རྣམས་དང་བྲལ་བའི་གནས་དག་ཏུ་སོ་པག་ལས་བྱས་པའི་ཁང་པ་སུམ་བརྩེགས་ལ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བྱེད་དུ་གཞུ་གོ། དེ་ལ་ཁང་པ་དང ་པོཔོར་ནི་ཚད་མང་བཞག་པར་བྱའོ།། ཁང་པ་གཉིས་པཱ་ར་ནི་པི་ཝཾ་ལ་སོགས་པ་གླུ་གར་དང་། རོལ་མོའི་མཆོད་པའི་ཡོ་བྱད་རྣམས་བཞག་པར་བྱའོ།། ཁང་པ་གསུམ་པར་ནི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་དཔལ་སྣ་ཚོ། ་སྐལ་པ་བཟང་པོའི་མཆོག་གནས་པར་བྱའོ།། ཡང་ན་སའི་ཁང་པ་རབ་བརྟན་པ་ལ་སོགས་པ་དང་ཡང་དག་པར་ལྡན་པ་རྒྱན་རྣམས་སྣ་ཚོགས་དང་། རྡོ་རྗེའི་རང་བཞིན་གྱིས་སིའི་ཆུ་ལ་ཤེལྔ་དང་། བཻ་ཌཱུརྱ་དང་། ཨིནྡྲ་ནཱི་ལ་དང་། མར་ག་དང་། ་པདྨ་རཱ་གའི་རང་བཞིན་ཅན་རིའི་རྒྱལ་པོ་རྀ་རབ་ལ་རྡོ་རྗེ་རྩེ་མོ་ཅན་གྱི་གཞལ་ཡས་ཁང་དུ་རྣམ་པར་བསམས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་པས་བཞིས་ནི་མཛེས་པར་བྱས།། ཐིག་བཞི་དང་ནི་ཡང་དག་ལྡན།། ཀ་བཾ་བརྒྱད་ཀྱིས་མཛེས་བྱས་པ། ་དྲཱདུ་བི་དྲ་བ་ཕྱེད་པས་སྤྲས།། དར་དང་མེ་ཏོག་ཕྲེང་བས་བརྒྱན།། དྲིལ་བུ་བ་དན་ལེགས་པར་མཛེས།། རྔ་ཡབ་ལ་སོགས་རྣམས་ཀྱིས་བརྒྱན།། སྒོ་ཡི་མཚམས་ནི་ཐམས་ཅད་དང་། མཚམསུ་ཟླ་ཕྱེད་རྡོ་རྗེར་ལྡན།། སྐས་དང་རྟ་བབས་སྒྲོལ ་སོགས།། སྒོ་ཚོགས་པདྨས་མཛེས་བྱས་པ།། ཞེས་བྱ་བ་བསྟན་ཏེ། དེར་སྒྲུབ་པ་པོ་བླ་མ་ལས་གནང་བ་ཐོབ་པས་རྫོགས་པ་དང་མ་རྫོགས་པའི་རྣལ་འབྱོར་གྱི་དབང་ཕྱུགས་རྣམས་ལེགས་པར་མཆོད་ལ་ལྷན་ཅིག་སྤྱོད་པ་དང་། རྗེསུ་སྤྱོད་པ ་རྣམས་དང་ལྷན་ཅིག་ཏུ་ཐ་མལ་པའི་ང་རྒྱལ་བསལ་བ་རྣམས་དང་། ལྷན་ཅིག་ཏུ་འཛེམ་པ་མེད་པར་གྱུར་པའི་སེམས་ཀྱིས་སེམས་སེངྒེ་འདྲ་བས་རིམ་པ་འདིས་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་འཇུག་པར་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ་དོན་དམ་པའི་བདེན་པ་ལ་དམིགས་པ་སྔོན་དུ་འགྲོ་བས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་རྡོ་རྗེ་སེམས་པའི་སྐུར་བདག་ཉིད་བསྐྱེད་ལ་དཀྱིལ་འཁོར་གྱི་བདག་པོའི་ཚུལ་གྱི་འདུག་ནས་གཟུགས་ཀྱི་ཡུལ་ལ་སྤྱོད་པར་བྱེད་དོ།། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་བུད་མེད་སྒྱུ་མེ་ལྟ་བུར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ལ་ལ་ནི་བདེ་མཆོག་སྒྱུ་མ་ལྟ་བུས་འདོད་ཆགས་ཀྱི་ངོ་བོ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་ལ། ལ་ལ་ནི་ཨེ་མའོ་བདེ་བ་ལྟ་བུས་རབ་ཏུ་དགའ ་བའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་གཡས་ཕྱོགསུ་གནསོ།། ལ་ལ་ནི་སྒྲོན་མ་ལྟ་བུས་དྲུག་པོའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་ནུབ་ཕྱོགསུ་གནས།། ལ་ལཱ་ནི་ཤ་ཤི་ལྟ་བུས་སྲོག་གི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བྱང་ཕྱོགསུ་གནས་ཏེ། འདི་དག་ནི་ལྷན་ཅིག་སྤྱོད་པའོ།། ལ ་ལ་ནཱི་སངས་རྒྱས་ཀྱི་བྱང་ཆུབ་ལྟ་བུས་གཏི་མུག་རྣམ་པར་སྦྱོང་བའི་ཕྱིར་ཤྲཱི་ལྕིའི་མཚམ་སུ་གནས་སོ།། ལ་ལ་ནི་ཆོས་ཀྱི་འཁོར་ལོ་ལྟ་བུས་ཁམས་གསུམ་བཱརྒ་ཁཾ་ཅིང་གདོན་པའི་གླན་སོ་རྣམ་པར་སྦྱང་བས་ལྷོ་ནུབ་མཚམས་སུ་གནས་སོ།། ལ ་ལ་ནི་ཁམས་གསུམ་ནོམ་པར་རྨྱི་ལ་མ་སྟེ་ཐོས་ཞེ་སྡང་རྣམ་པར་བསོལ་བའི་ཕྱིར་ནུབ་བྱང་མཚོམ་སུ་གནསོ།། ལ་ལ་ནི་འདོད་པའི་ལྕུག་མ་ལྟ་བུས་འདོད་ཆགས་ཀྱིས་མུན་པ་བསལ་བའི་ཕྱིར་བྱང་ཤར་གྱིས་མཚམ་སུ་གནས་སོ།། ལ་ལ་ནི་གླིང ་མ་ལྟ་བུས་ཕྱི་རོལ་གྱི་མེའི་ཕྱོགསུ་གནསོ།། ལ་ལ་ནི་རྒྱུད་མངས་ལྟ་བུས་སྒེག་ཅིང་པི་བཾ་ལེན་པས་ཁམས་གསུམ་དང་དུ་བྱེད་ཅིང་ཕྱི་རོལ་གྱི་བདེན་བྲལ་གྱི་ཕྱོགསུ་གནསོ།། ལ་ལ་ནི་རྒྱུད་གཅིག་པ་ལྟ་བུས་རྔ་བོ་ཆེ་རྡུང་ཞིང ་དུག་དང་རིམས་རྣམ་པར་སེལ་བས་ཕྱི་རོལ་གྱི་རླུང་གི་ཕྱོགས་སུ་གནསོ།། ལ་ལ་ནི་རྒྱུད་སྟུག་པོ་ལྟ་བུས་རྫ་རྔ་བརྡུང་ཞིང་ཕྱི་རོལ་གྱི་དབང་ལྡན་གྱི་ཕྱོགསུ་གནསོ།། ལ་ལ་ནི་རྡོ་རྗེ་མེ་ཏོག་མོ་ལྟ་བུས་ལག་ན་མེ་ཏོག་ཐོགས་ཏེ། ཕྱི་རོལ་གྱི་ཤར་ལྷོའི་མཚམསུ ་གནསོ།། ལ་ལ་ནི་རྡོ་རྗེ་བདུག་པ་མ་ལྟ་བུས་སྤོས་ཁང་ཐོགས་ནས་ལྷོ་ནུབ་ཀྱི་མཚམས་སུ་གནས།། ལ་ལ་ནི་རྡོ་རྗེ་མཱ་མེ་མ་ལྟ་བུས་མར་མ་ཚོན་པོ་ཐོགས་ནས་ནུབ་བྱང་གི་མཚམས་གནས་སོ།། ལ་ལ་ནི་རྡོ་རྗེ་བྱུག་པ་མོ་ལྟ་བུས་དྲིས་ཡོངསུ་གང་བའི ་དུང་ཕོར་ཐོགས་ནས་ཕྱི་རོལ་གྱི་སྣམ་བུའི་བྱང་ཤར་མཚམ་སུ་གནས་སོ།། ལ་ལ་ནི་རྟ་གདོང་ལྟ་བུས་རྟ་མཆོག་གི་ཁ་ནས་འབྱུང་བའི་དབུགས་ཀྱིས་སྲིད་པ་གསུམ་སྐེམ་སོ་ཤིང་ཤར་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནས་སོ།། ལ་ལཾ་ནི་རྡོ་རྗེ་ཕག་གདོང་ལྟ་བུས ་ཁམས་གསུམ་ཐམས་ཅད་སྡུད་ཅིང་ལྷོ་ཕྱོགས་ཀྱི་སྒོ་སྲུང་བྱེད་པར་གནསོ།། ལ་ལ་ནི་རྡོ་རྗེ་སྣང་བའི་གཟུགས་ཀྱི་ཁམས་གསུམ་ལ་བལྟ་ཞིང་ནུ་གས་ཀྱི་སྐེ་སྲུང་བྱེད་པར་གནས།། ལ་ལ་ནི་ཐལ་བ་རབ་ཏུ་འཇིག་པའི་རོ་ལངས་མ་ལྟ་བུས་ས་འོག་དང་ས ་སྟེང་དང་། མཐོ་རིས་སུ་དབུགས་འབྱིན་ཅིང་ཐལ་བར་གྱུར་པ་ཡང་འཚོ་བར་བྱེད་དེ་བྱང་ཕྱོགས་ཀྱི་སྒོ་སྲུང་བྱེད་པས་གནསོ།། དེ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོ་འཁོར་ལོས་སྒྱུར་བ་ན་སྔོན་བྱུང་བའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་འཛིན་ལ་དགོངས་པ་སྔོན ་དུ་འགྲོ་བས་རང་གི་སྐུའི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་ཁྱད་པར་གྱི་ང་རྒྱལ་བསྐྱེད་ལ། དང་པོ་གཟུགས་ལ་སོགས་པ་ཡུལ་རྣམ་པ་གསུམ་ཉམ་སུ་མྱོང་ནས་དེའི་རྗེསུ་སྦྱང་བ་ལ་སོགས་པ ་ཆོ་ག་རྣམས་པ་གསུམ་གྱིས་ཟས་ཐམས་ཅད་མངོན་པར་སྦྱངས་ལ་རང་བཞིན་གྱིས་གྲུབ་པའི་ནང་གི་ཐབ་ཁུང་རྗེསུ་དྲན་ཏེ། ཏིང་འཛིན་སེམས་དཔའི་ཞལ་དུ་རྩེ་གསུམ་པའི་མེའི་ནང་དུ་སྦྱིན་སྲེག་དབུ་ལོ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ནས་ཟས་ལ་སྤྱད ་པར་བྱ་སྟེ། དེའི་འོག་ཏུ་བདེ་བར་ཡོངསུ་ཞུ་ནས་རཱས་ཡཱ་ནར་འགྱུརརོ།། དེ་ལྟར་སྒྲུབ་པ་པོས་བཟའ་བ་དང་། བཅའ་བ་དང་། བཏུང་བ་རྣམས་ཀྱིས་སྐུ་རྡོ་རྗེ་ཡིང་དག་པར་ཚིམ་པར་བྱས་ལ། མཐར་རིམ་པ་འདིས་ལྔ་པ་རེག་བྱིའི་ཡུལ་ལ་སྤྱོད་པར་བྱ ་སྟེ། ལྷན་ཅིག་སྤྱོད་པ་ལ་སོགས་པ་ལྷོ་མིའི་ཚོགས་རྗེ་སུ་མཉེས་པར་བྱེད་པ་ལ་སོགས་པ་ལ་མཁས་པ་ལ་བསྟན་ནས། ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བླངས་ནས་ཉེ་བར་བཞག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པར་བྱའོ་ཞེས ་ལྷག་པར་མོས་པ་བརྟན་པ་བསྐྱེད་ནས། ཨཱ་ལིངྒ་ཎ་དང་། ཙུཾ་བ་ན་དང་། ཙུ་ཤཾ་ན་དང་། ན་ག་པྲ་ཧ་ར་ཎ་དང་། སྭིཏྐ་ར་དང་། ཀོ་ཀི་ལ་དང་། བུང་པའི་སྒྲ་དང་། ནཱ་ལི་ཡང་དག་པར་བསྐུལ་པ་ལ་སོགས་པ་བྱས་ནས། དེ་བཞིན་གཤེགས་པའི་སྙིལ ་མོ་ཀྲུང་དང་རྡོ་རྗེ་སྐྱིལ་མོ་ཀྲུང་དང་། རིན་པོ་ཆེའི་སྐྱིལ་མོ་ཀྲུང་དང་། པདྨའི་སྐྱིལ་མོ་ཀྲུང་དང་། ལས་ཀྱི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅས་ནས་ལས་ལ་གནས་པར་འགྱུར་རོ།། དེ་ནས་རྡོ་རྗེ་དང་པདྨ་ཡང་དག་པ་འདུས་པ་ལས་ཐབས་དང་ཤེས་རབ་སྙོམས ་པར་ཞུགས་པས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ནས་བརྩམས་ཏེ། ནཱ་ལཱི་བདུན་ཅུ་རྩ་གཉིས་ལས་དྲི་མ་མེད་པའི་ཆུ་རྒྱུན་ལྟ་བུས་ཨཱ་ལི་ཀཱུ་ལཱི་འཇུ་བར་གྱུར་པས་འདོད ་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཆགས་པ་བར་མའི་རིམ་གྱིས་འབབ་པོ།། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སོ་སོ་རང་གིས་རིག་པ་རྫོགས་པར་བྱེད་དོ།། དེ་ལྟར་དཔལ་བདེ་བ་ཆེན་པོའི་ཏིང་འཛིན་ལ་སློབ་པའི ་མཆོག་ཐོབ་པའི་རྣལ་འབྱོར་པས་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དུ་རྗེ་སུ་གཟུང་བ་དང་། ཚར་གཅོད་པས་སེམས་ཅན་རྣམས་སྨིན་པར་བྱེད་དོ་གདུལ་བྱ་སྟོང་པ་ཉིད་ཀྱི་ལྟ་བ་ཅན་ལྀ་ལ་དག་ལ་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་དེ་ཉིད་རྣམ ་པར་སྣང་མཛད་ཀྱིས་གཟུགས་ཀྱི་ཞི་བ་ཆེན་པོའི་ཏིང་ངེ་འཛིན་དང་། སྟོང་པ་མ་ཡིན་མི་སྟོང་མིན་ཞེས་བྱ་བའི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་རབ་ཏུ་བསྟན་ནས། སྟོང་པ་ཉིད་ཀྱི་ལྟ་བ་ཚར་གཅོད་པར་མཛད།། དེ་བཞིན ་དུ་ཤིན་ཏུ་གདུག་ཅིང་གདུལ་བར་དཀའ་བ་རྣམས་ལ་དཔལ་རྡོ་རྗེ་ཧེ་རུ་ཀའི་ཁྲོ་བོའི་རྒྱལ་པོའི་ཏིང་ངེ་འཛིན་གྱིས་ལྟ་བུ་ངན་པ་ཚར་གཅད་ནས་ཕན་འདོགས་པྲ་ར་མཛདདོ།། ལོག་པར་ལྟ་བ་རྣམས་ནི་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱིས་དོན་དམ ་པའི་བདེན་པ་བསྟན་ནས་དབང་དུ་མཛད་དོ།། ཤིན་ཏུ་དམན་ཞིང་སེར་སྣ་ཅན་བརྐམ་པ་རྣམས་ལ་དཔལ་རྡོ་རྗེ་ཉི་མའི་གཟུགས་དང་། རྒྱས་པ་ཆེན་པོའི་ཏིང་འཛིན་གྱི་ཉོན་མོངས་པའི་ལྟ་བ་ཚར་གཅོད་པར་མཛད།། བརྩོན་འགྲུས་ཤིན་ཏུ་དམན་པ ་རྣམས་ལ་ནཱི་རྟ་མཆོག་གི་གཟུགས་དང་། དྲག་པོའི་སྦྱོར་བའི་ཏིང་འཛིན་གྱིས་ཕ་རོལ་གནོན་པས་བརྩོན་འགྲུས་ཞན་པ་རྣམས་ཚར་གཅོད་པར་མཛད་དོ།། དེ་ལ་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ནི་ཆོས་འབྱུང་བའི་ཨཱ་ར་ལི་ཆེན ་པོའི་རོལ་པའི་ངོ་བོ་ཉིད་རབ་ཏུ་བརྟན་པར་བྱ་བའི་ཕྱིར་ཐུག་གཞན་དུ་མི་འགྱུར་བ་དང་། ཕན་ཚུན་རབ་ཏུ་དགའ་བར་བྱ་བའི་ཕྱིར་རིམ་པ་འདིས་སངས་རྒྱས་ཀྱི་རོལ་མོ་མཛད། ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་། ཕྱག་དང་། ཕྱག་གི་ལན་དང ་མཆོད་པ་དང་། མཆོད་པའི་ལན་དང་། གར་དང་། གར་གྱི་ལན་དང་། གྲུ་དང་། གླུའི་ལན་དང་། ལུས་ཀྱི་བརྡ་དང་། ངག་གི་བརྡ་ཐ་སྙད་རྣམསུ་བྱེད་པ་ཡིན་ནོ།། དེ་ལ་ངགྲ་གི་བརྡ་བསྟན་པར་བྱ་སྟེ། ཨོཾ་ཨ་ཏཾ་ཧིཾ་ཞེས་པ་ནི་བརྡའི་ཕྱག་འཚལ ་ཞེས་སྟོན་པ་ཡིན་ནོ།། ཨཱཾ་པྲ་ཏཱི་ཀ་ཞེས་པ་ནི་སླར་ཕྱག་ལན་ཏོ།། ཙྪེ་གྦྷི་ཞེས་བྱ་བ་ནི་སློབ་དཔོན་ལྔ་ཕྱག་བྱ་བའོ།། དྷཀྵ་ནི་ཞུགས་ཤིག་པའོ།། ནཽ་ལེགས་པར་འོངས་སམ་ཞེས་པའོ།། ཙྪ་ནཱི་འདུག་ཙིག་ཞེས་པའོ།། ཁ་ནི་ཟ་ཅིག་པའོ།། ཁ་ནི ་རབ་ཏུ་ཟོ་བ་པའོ།། ཛྙཱ་ནི་ཤླེའོ།། ཤྲཱ་ནེ་ཁཱ་\ུ0f7f9།། དྲྀ་དྲྀ་ན་ཤྀ་རྦྲྀ་ཞིག་པོའོ།། ཛ་ཕོ་ན་རྡོ་དྷཱའི་ཚྭའོ།། སོ་མ་ནི་བདུད་རྩིའི་ཆུའོ།། ཨི་ད་ཡན་ཆུང་དྷོ།། ཤྭེ་པ་རཱི་ནི་བདུང་བའོ།། སཾ་པཽ་རི་ནཱི་རུ།། སུ་པྲཱི་ཡཱཾ་ནི་མེ་ཏོག་གོ། སཾ་ཚ་སྲ་མཱ་ནི ་འབྲས་བུའོ།། ཛ་ལ་ཀ་ནི་གོས་སོ།། སྐུ་ནི་ཁྱིམ་མོ།། ཀྵེ་རྣམས་ནི་རང་གི་ཁྱིམ་མོ།། ཀ་མ་དམ་ནི་ལྕེའི་ཁང་པའོ།། ཀྵ་པ་ན་ནི་དཀྱིལ་འཁོར་རོ།། བྷོད་ན་ནི་དཀྱིལ་འཁོར་གྱི་སློབ་དཔོན་ནོ།། ཨུ་པཱ་ཡ་ནི་སློབ་མའོ།། མི་ཏྲ་ཏ་ར་ནི་སྤུན་ནོ།། རཉྫི་ན་ནི་ལྷ ་མོའོ།། ཀོ་བི་ཏཱ་ནི་རྡོ་རྗེ་རྣལ་འབྱོར་མའོ།། ཏཱ་ར་མ་རི་ནི་མཁའ་འགྲོ་མའོ།། བི་གླུ་བ་ནི་མའོ།། སྭ་མུ་ཁ་ནི་པའོ།། ཀ་ཡོ་ཀྱ་ནི་བུའོ།། པྲྀ་པྲི་ནི་བུ་མོའོ།། བ་ཧུ་ལ་ནི་གཟུགས་བཟང་མའོ།། ལོ་ཊ་ཊ་ནི་འགྲོ་བ་དང་། འོང་བའོ།། བ་ཧིར ་ནི་ཟོ་ཞིག་པའོ།། དྷ་ནུ་ད་ནི་རྫས་བྱིན་ཅིག་པའོ།། ཤཽ་ཤེ་ནི་སོང་ཞིག་པའོ།། པྲེ་པྲེ་ནི་ཤོ་ག་ཅིག་པའོ།། ཏྲཾ་ནི་མེད་པའོ།། བ་ཏྲཾ་མོ་ནི་ཁྲོས་པའོ།། ཚོར་ནི་བསད་པའོ།། ཛྲྀ་བ་ནི་བསྲུང་བའོ།། ནཱི་ར་ནི་ཆགས་པ་དང་བྲལ་བའོ།། ཧྲི་ནི་ཆགས་པའོ།། དྲ་བ་ནི ་ས་སོ།། རིམ་པ་བཞིན་དུ་མཆོད་པ་ན་སུ་ར་ཏཱ་སྟྭཾ་ཞེས་བརྗོད་པར་བྱའོ།། རང་གི་ལྷ་རྗེསུ་དྲན་པ་ལ་སུ་རོ་ཏ་ཧཾ་ཞེས་བརྗོད་པར་བྱའོ།། ཨ་ནུ་ཏ་རཱ་ག་ཡཱ་མི་ཞེས་བྱ་བ་ནི་ལན་ཏེ། རྡོ་རྗེ་སེམས་དཔའི་སྒྲུབ་པ་ལའོ།། དཔལ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི ་སྒྲུབ་པ་ལ་ནི་ཨ་ནུ་བོ་ད་ཨཱཾ་མི་ཞེས་བྱ་བ་ལན་ཡིན་ནོ།། དཔལ་ཧེ་རུཾ་ཀའི་རྡོ་རྗེ་སྒྲུབ་པ་ནཽ་ཨུ་ནུ་མོ་དྲཱ་ཡཱ་མི་ཞེས་བྱ་བ་ལན་ཡོན་ནོ།། དཔལ་པཱུངྒ་གར་གྱི་དབང་ཕྱུག་གི་སྒྲུབ་པ་ལ་ནི་ཡང་ཨཱ་ནུ་རཱ་ག་ཡ་མྱི་ཞེས་བྱ་བ་ལྡན་ཡིན་ནོ།། རྟ་མཆོག ་གྲི་སྒྲུབ་པ་ལཱ་ནི་ཨ་ནུ་བར་ཥཾ་ཡཱ་མི་ཞེས་བྱ་བ་ལན་ཡིན་ནོ།། ལྷ་མེ་གང་ཡིན་པ་རྣམས་ཀྱི་མཆོད་པའི་ལན་ཡིན་ཏོ། ས་མ་ཡ་སྟྭཾ་ཞེས་བྱ་བའི་ཚིག་ལྔས་སོ།། རང་གི་ཝཱ་ཛྷ་སུ་དྲན་པར་བྱ་བ་ལ་ནི། ས་མཱ་ཡོ་ཧཾ་ཞེས་བྱ་བའི་ཚིག་གིས་ནི་དཔལ་རྡོ་རྗེ ་སེམས་དཔའི་དཀྱིལ་འཁོར་ཏེ་ཚོགས་ཀྱི་མཆོད་པའོ།། ངག་གི་བརྡའི་ལེའུའི་རིམ་པའོ།། ། ད་ནི་ལུས་ཀྱི་བརྡ་བསྟན་པར་བྱ་སྟེ། སྤྱི་བོར་འུག་པ་ནི་ཕྱོག་འཚལ་བའོ།། དཔྲལ་བར་རོག་པ་ནི་ཕྱག་གི་ལན་ནོ།། ག ་པའི་སྨིན་མ་བསྐྱོད་པ་ནི་སྐུའི་དངོས་གྲུབ་བོ།། གཡོན་པས་ནི་རྣམ་པར་རྒྱལ་བའོ།། མིག་གཡོན་པ་ལ་རེག་པ་ནི་བུད་མེད་བཟང་མོ་ཡིན་ཞེས་པའོ།། གཡས་པས་ནི་སྐྱེས་པ་བཟང་པོའོ།། རྣ་བ་གཡོན་པ་ལ་རེག་པ་ནི་ལེགས་པར་འོངས ་པའོ།། གཡས་པས་ནི་ལེགས་པར་སྨྲས་པའོ།། སྣ་ཁུང་གཡས་པ་ལ་རེག་པ་ནི་སྤོས་སོ།། གཡོན་པ་ལ་ནི་དྲི་སློང་བའོ།། ལྕེ་གཡས་སུ་སྐུལ་བ་ནི་ཤའོ།། གཡོན་དུ་ནི་ཆང་སློང་བའོ།། མཆན་ཁུང་གཡོན་པར་རེག་པ་ནི་ཟས་སོ།། ་གཡས་པར་རེག་པ་ནི་ཚོད་མ་སློང་པོའོ།། ལུས་ཀྱི་བརྡའི་ལེའུའི་རིམ་པའོ།། །། དེ་ལྟར་འཇིག་རྟེན་པའི་བསམ་གཏན་རྣམ་པར་བསལ་ཞིང་ཡིད་ལ་རེ་བ་རྣམས་སྤངས་ནས་རྟག་ཏུ་རབ་ཏུ་དགའ་བའི་ཡིད་ཅན ་གྱིས་རྣལ་འབྱོར་པ་རྣམས་དང་ལྷན་ཅིག་དགའ་བཞིན་པས་ནི་ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁྲོག་པ་བརྗེས་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོའི་ཚོགས་དང་ལྷན་ཅིག་ཏུ་མི་སྣང་བར་གྱུར་ཏེ། ཡོན་ཏན་བརྒྱད་དང ་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། ཇི་སྐད་དུ་རྩ་བའི་མདོ་ལས། ལྷ་མོ་ཀུན་གྱིས་ལོངས་སྤྱོད་ལ།། ཅི་བདེ་བར་ནི་བརྟེན་བྱ་བ།། བདག་ནི་ཆེ་བའི་ལྷར་སྦྱོར་བས།། བདག་ལ་བདག་གིས་རབ་ཏུ་མཆོད།། ་རྣལ་འབྱོར་ཐམས་ཅད་བདེ་བ་ཡི།། རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང་།། རྟག་ཏུ་མྱང་བར་བྱེད་པ་ན།། ཤིན་ཏུ་སྦྱོར་བས་རབ་ཏུ་འགྱུར།། སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི།། ར་ས་ཡ་ནཱི་བདེ་བ་དེས།། རྡོ་རྗེ་སེམས་དཔའ་དཔལ་ཚེ་དང་། ་ལྗང་ཚོ་ནད་མེད་བདེ་མཆོག་འགྲུབ།། སངས་རྒྱས་ཀུན་གྱི་སྐུ་ཆེན་དང་། སངས་རྒྱས་ཀུན་གྱི་གསུང་སྙན་དང་། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ།། སངས་རྒྱས་ཀུན་གྱི་མཆོད་པ་ཆེ།། སངས་རྒྱས་ཀུན་གྱི་རྒྱལ་ཆེན ་པོ།། རྡོ་རྗེ་འཛིན་པ་ཀུན་གྱི་བདག། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། གཙོ་རིན་ཚུན་དབང་ཕྱུག་ཀུན་གྱི།། དེ་དག་དང་ནི་དགའ་སྤྱོད་ན།། འདོད་པ་བཞིན་དུ་འགྲོ་འོང་ལྡིང་།། ལྷ་མོ་ཐམས་ཅད་གྲུབ་ཆེན་པོ།། འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ།། ་ཅེས་གསུངས་པའི་ཕྱིར་རོ།། ཡང་ན་འབྱོར་པ་ཆུང་བ་རྣམས་ཀྱིས་བཤད་མ་ཐག་པའི་རིམ་པས་རོལ་པའི་སྤྲོས་པ་རྒྱ་ཆེ་བ་དང་། རྟོག་ཏུ་ཕུན་སུམ་ཚོགས་པར་མི་ནུས་པ་དེས་ནི་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པ་འདི་ཉིད་བདེ་མཆོག་ཏུ ་བསྟན་པའི་སྤྱོད་པ་བཤད་པར་བྱ་སྟེ།། ཉིན་རེ་འམ་ཡང་ན་ཟླ་རེ་འམ།། ཡང་ན་དེ་བཞིན་ལོ་རེར་ནི།། ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང་།། སངས་རྒྱས་བདེ་མཆོག་གར་བྱའོ།། ཞེས་བྱ་བ་དང་། ལངས་པ་འམ་ནི་འདུག་པ་འམ།། འཆག ་གམ་ཇི་ལྟར་གནས་པ་དང་། རྒོད་དམ་རབ་ཏུ་སྨྲ་ཡང་རུང་།། གང་ན་ཇི་ལྟར་སྤྱོད་ཀྱང་རུང་།། ཞེས་བྱ་བ་དང་དབང་པོ་གང་དང་གང་ལམ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་མ་པ་ཞིག་སྦྱོར་བ་ཡིས།། ཐམས་ཅད་སངས་རྒྱས་རང ་བཞིན་བྱ།། ཞེས་གསུངས་པའི་ཕྱིར་རོ།། འདོད་ཚིགས་ཆོས་ཀྱི་ཚུལ་བསྟན་པའོ།། རྣམ་པར་རོལ་པ་སྤྲོས་པ་ནི།། ན་མཁའ་མཉམ་པས་མཁའ་ལྟ་བུ།། མཐའ་མེད་རྒྱ་མཚོ་དག་དང་མཚུངས།། སློབ་མས་ཁོང་དུ་ཆུད་པའི་ཕྱིར།། དངོས ་པོ་ཙམ་ཞིག་བླངས་པ་ཡིན།། འདོད་ཆགས་བསྟན་པར་བྱ་བ་ནི།། སྐྱེ་བ་དུ་མས་བཤད་ནུས་སམ།། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་ཚུལ་ལས།། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་སྤྱོད་པ་ཆོས་འབྱུང་བའི་མངོན་པར་བྱང་ཆུབ་པའི་སྤྲོས་པ་དང་བཅས་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ། ལེའུ་དགུ་པའོ།། ། རྡོ་རྗེ་སློབ་མས་གསོལ་པ། སྤྲོས་པ་དང་བཅས་པའི ་སྤྱོད་པ་ནི་ཡོངསུ་གསལ་བར་གྱུར་ལྗགས་ན། སྤྲོས་པ་མེད་པའི་སྤྱོད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེག་སོ།། དཔལ་གསང་བ་འདུས་པ ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མན་ངག་གི་རབ་ཏུ་བསྟན་པར་བྱ་ཡིས།། རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག། རི་བོ་ཤིན་ཏུ་དབེན་པ་དང་།། དགོན་པ་ཆེན་པོའི་ས་ཕྱོགས་ནི།། འབྲས་བུ་མེ་ཏོག་རྣམས་ཀྱིས་བརྒྱན།། འདིར་ནི་བསམ ་གཏན་བསྡུས་པའོ།། ཞེས་བྱ་བ་ལ་སོགས་པའི་རྒྱུད་ལས་གསུངས་པོའི་ཡིད་དང་རྗེ་སུ་མཐུན་པའི་ས་ཕྱོགས་སའི་ཁྱང་པ་ཇི་སྐད་དུ་བཤད་པ་བཞིན་མངོན་པར་སྦྱངས་ལཱྀ་དེར་ཟུར་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྡོ་རྗེ་ནོར་བུའི་རྩེ་མོ ་ཅན་གྱི་གཞལ་ཡས་ཁང་བསྐྱེད་ལ།། དེའི་འོག་ཏུ་ཐ་མལ་པའི་ང་རྒྱལ་དང་བྲལ་བའི་རྣལ་འབྱོར་ཆེན་པོས་ཕྱི་རོལ་གྱི་ཕྱག་རྒྱ་མངོན་པར་སྦྱངས་ལ་གཅིག་ཏུ་གཏོགས་པའི་རང་གི་སློབ་མ་དང་ལྷན་ཅིག་ཏུ་འོག་ནས་བཤད་པའི་རིམ་གྱི་ཕྱག་རྒྱ་ཆེན ་པོ་སྒྲུབ་པ་བརྩམ་པར་བྱའོ།། དེའི་རིམ་པ་ནི་འདྲི་ཡིན་ཏེ། དང་པོ་ཁོ་ནར་དོན་དམ་པའི་བདེན་པ་ལ་དམིགས་ནས།། བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་མི་བསྐྱོད་པ་ཕྱུང་སྟེ། རྗེསུ་བཅུག་ནས་དཀྱིལ་འཁོར་གྱི ་བདག་པོ་ཉིད་དུ་གནས་ལ། དེ་ནས་ཐ་མལ་པའི་ང་རྒྱལ་བསལ་ཏེ། མི་ཕྱེད་པའི་འཁོར་རྣམས་རང་གི་སྐུའི་དཀྱིལ་འཁོར་ལྟ་བུར་ཡན་ལག་ཏུ་གྱུར་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམསུ་ལྷག་པར་མོས་པས ་དཀྱིལ་འཁོར་གྱི་འཁོར་ལྷོའི་ལྷ་མ་ལུས་པ་རྗེསུ་མཉེས་པར་བྱས་ལ་རང་གི་ཕྱག་རྒྱ་དང་ལྷན་ཅིག་རིལ་པོར་འཛིན་པའམ་གཞིག་པའི་རིམ་གྱི་དོན་དམ་པའི་བདེན་པ་ལ་འཇུག། དེ་ནས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཚངས་པའི ་གནས་བཞིའི་དོན་གྱིས་རྡོ་རྗེ་སེམས་ཁྱོད་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བཅིད་པ་རྣམས་ཀྱིས་ཡང་དག་པར་བསྐུལ་བས་བདག་ལ་བྱིན་གྱིས་བརླབ་པའི་རིམ་གྱིས་སྐད་ཅིག་གིས་ལངས་ནས་མཆོག་ཏུ་དགའ་བའི་རོ་མྱང་བར་བྱ་བའི་ཕྱིར ་ཉམས་རྣམ་པ་དགུས་རོལ་པ་མཛད་དོ།། དེ་ལྟར་ཡང་ནས་ཡང་དུ་ཡང་དག་པའི་མཐའ་ལ་རབ་ཏུ་ཞུགས་ནས་ཡང་ནས་ཡང་དུ་བཞེངས་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་གྱུར་པས་འདོད་པའི་ཡོན་ཏན་ལྔ་རྣམས་མྱོང་བར་མི་ཛི ་ཇི་ལྟར་ཡིད་ཞུམ་པར་མི་འགྱུར་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ར་ལི་རྫོགས་པར་བྱེད་དེ། དེ་ལ་རང་གི་གཟུགས་ལ་སོགས་པ་གཟུགས་ཀྱི་ཡུལ་རྣམ་པ་གསུམ་ལ་རྗེ་སུ་སྤྱོད་པ་བྱེད་པ་དང་། གླུ་དང་པི་བང་ལ་སོགས་པའི ་སྒྲའི་ཡུལ་རྣམ་པ་གསུམ་ལ་རྗེསུ་སྤྱོད་པར་བྱེད་པ་དང་། སྤོས་དང་མེ་ཏོག་ལ་སོགས་པ་དྲི་རྣམ་པ་གསུམ་ལ་རྦྷེ་སུ་སྤྱོད་པར་བྱེད་པ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་དང་། སྦྱར་བ་དང་། ལན་ཚྭ་ལ་སོགས་པའི་རོ་རྣམ་པ་གསུམ་ལ་རྗེས ་སྤྱོད་པར་བྱེད་དོ།། དེ་ནས་ལོ་བཅུ་དྲུག་མ་སྐྱེད་ནས་མ་ཉམས་ཤིང་ནུ་མ་མཁྲང་ཞིང་རྒྱས་པའི་ན་ཆུང་ཇི་ལྟ་བའི་སོ་ཤ་ཅན་དང་། བཙོ་བླག་མཁན་དང་། གར་མཁན་མ་དང་། པྲིང་རྒྱུད་མ་དང་། མདའ་མཁན་མ་འམ། བཟོ་བྱེད་མ་འམ། ་གཞན་ཡང་རུང་། ཡན་ལག་མི་དམིན་པ་འམ། རྩཝ་ལག་ཏུ་གྱུར་པའི་བུད་མེད་དང་། གཞན་ལའང་ངེས་པ་གློད་པར་བྱ་སྟེ། དེ་ནས་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་གྱིས་རྣལ་འབྱོར་པས་བདག་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད ་བསྟན་པར་བྱ་བའི་ཕྱིར།། འཇིག་རྟེན་པས་སྨད་པའི་དམ་ཚིག་རྣམས་གང་ཡིན་པ་ལ་སྦྱང་བ་ལ་སོགས་པའི་རིམ་གྱིས་མངོན་པར་འདུས་བྱས་ལ་འཇིག་རྟེན་པའི་མཚན་མ་དམིགས་པ་སྤངས་ཏེ། རབ་ཏུ་གསང་བའི་གནས་ན་འདུག་སྟེ་ལོངས ་སྤྱད་པར་བྱའོ།། དེ་བཞིན་དུ་ཕྱག་རྒྱ་མི་བཅིང་བ་དང་། དཀྱིལ་འཁོར་མེད་པ་དང་། ཐབ་ཁྲོདང་མེད་པ་དང་། མཆོད་རྟེན་གྱི་ལས་མི་བྱ་བ་དང་། གླེགས་བམ་མི་ཀླག་པ་དང་། ལུས་ཀྱི་དྲལ་དྲུབ་སྤང་བ་དང་། རས་རིས་དང་ཤིང་དང་། རྡོའི་གཟུག ་བརྙན་ལ་ཕྱག་མི་བྱ་བ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་སྐྱབསུ་མི་འགྲོ་བ་དང་། ཚེས་གྲངས་དང་བྱེད་པ་དང་ཐང་ཅིག་དང་སྐར་མའི་དུས་ལ་བལྟོས་པར་མི་བྱེད་དེ། དེའི་རིམ་པ་ནི་འདི་ནི་ནང་གི་བདག་ཉིད་ཁོ་ནས་རྫོགས་པར་བྱེད།། ་གལ་ཏེ་འབྱོར་པ་མ་ཚང་བ་ཡིས་བསྡུས་པའི་དཀྱིལ་འཁོར་རྫོགས་པར་བྱ་བར་མི་ནུས་པར་གྱུར་ན་སྒྲུབ་པ་པོ་དེས་དེ་ཁོ་ན་ཉིད་རྣམ་པ་ལྔས་ཀྱང་སྤྲོས་པ་མེད་པའི་སྤྱོད་པ་ལ་རིམ་པ་དིས་བརླབ་པར་བྱའོ།། རིམ ་པ་ནི་འདི་ཡིན་ཏེ། ལ་ལ་ནི་གཟུགས་རྡོ་རྗེ་ལྟ་བུས་ལག་པའི་པདྨ་འཇམ་པ་དང་། མེ་ལོང་ཐོགས་ནས་ཞི་བའི་མིག་གིས་ལྟ་ཞོང་མུ་ཏིག་གི་ཆུན་འཕྱང་མ་ལུས་པར་འཁྲོལ་ཞིང་རྣམ་པ་ཕྱི་བཱ་དང་། ནུ་མ་རྒྱས་ཤིང་ཅུང་ཟད་མཉེན་པ ་དང་། གོས་གྲོལ་ཞིང་རོ་སླད་ཅུང་ཟད་སྟོན་པས་བདེ་བ་ཆེན་པོ་རྗེ་སུཾ་མཉེས་པར་བྱ་བའི་ཕྱིར་ཤར་ལྷོའི་མཚམསུ་གནསོ།། ལ་ལ་ནི་སྒྲ་རྡོ་རྗེ་ལྟ་བུ་མཱི་ག་རྣམ་པར་འབྱེད་ཅིང་ལྟ་བ་དང་། སྒེགས་པའི་ཉམས་དང་ལྡན་པས་རོལ་ཅིང་འགྱིང་བག ་དང་བཅས་པས་འདོད་ཆགས་ལྔ་སྤྱོད་པའི་ཆོས་སྟོན་པ་འཆང་པ་ལ་མཁས་ཤིང་དགེ་བའི་གཏམ་སྨྲ་ཞིང་རབ་ཏུ་གླུ་ལེན་ལ་ཀ་ཀ་ལའི་གླུའི་རྗེ་སུ་པི་བཾ་གི་རོལ་མོ་རབ་ཏུ་བརྡུང་བས་ལྷོ་ནུབ་ཀྱི་མཚམ་སུ་གནས་སོ།། ལཱ་ལ་ནི་དྲི་རྡོ་རྗེ་ལྟ ་བུས་འཛུམ་པ་དང་བཅས་པའི་མིག་གི་ལྟ་བར་བྱེད་ཅིང་སོར་མོ་མཐོན་པོ་བིམ་པ་ལྟ་བུའི་འོད་ཀྱི་རྣམ་པར་མཛེས་པ་ཟངས་ལྟར་དམར་ཞིང་དྲི་བས་འབྲེལ་པའི་ལག་པའི་རྩེ་མོས་གར་བྱེད་པ་ལྟ་བུས་ནོར་དུའི་རང་བཞིན་གྱི་གནོད་ཐོགས་པ ་འཛིན་ཅིང་གུར་གུམ་དང་། ཨ་ཀ་རུ་དང་། གླ་རྩི་དང་ཙན་དན་སྦྲུལ་གྱི་སྙིང་པོ་དང་། ག་པུར་ལ་སོགས་པའི་དྲི་རྣམས་ཀྱིས་བསྒོས་པས་ཕྱོགས་བཅུ་མ་ལུས་པ་དྲི་ཁྱབ་པར་བྱེད་པའི་དྲིའི་སྣོད་ཐོགས་ཏེ་ནུབ་བྱང་གི་མཚམས་སུ་གནསོ།། ་ལ་ལ་ནི་རོ་རྡོ་རྗེ་ལྟ་དུས་བརྩེ་བ་དང་བཅས་པའི་མིག་གིས་ལྟ་བར་བྱེད་ཅིང་། གསེར་དང་། དངུལ་ལ་སོགས་པ་དང་། རིན་པོ་ཆེ་དཔག་ཏུ་མེད་པའི་སྣོད་ཐོགས་ཏེ། ཚོད་མ་རྣམ་པ་སྣ་ཚོགས་ཀྱིས་བཀང་བའི་རོའི་མཆོག་རྣམས་དང་། ་ལྷའི་ཁ་ཟས་བདུད་རྩི་ཆེན་པོ་མཐུན་པའི་ཁ་ཟས་ཐོགས་ནས་བྱང་ཤར་མཚམ་སུ་གནསོ།། ལ་ལ་ནི་རེག་རྡོ་རྗེ་ལྟ་བུས་ལུས་མཚན་ཐམས་ཅད་ཀྱི་བརྒྱན་པ་ཁྱིམ་གཉེར་གསུམ་གྱིས་མངོན་པར་མཛེས་པ། དབུས་ཤིན་ཏུ་ཕྲ་བ་རྒྱལ་མཚན ་ལྟར་ལྟེ་བུ་རྒྱ་ཆེ་ཞིང་གཡས་ཕྱོགས་ནས་འཁྱིལ་ཅིང་ཟབ་པ་སྐུ་སྨད་ལྕི་བ་འགྲོས་དལ་ཞིང་ཤིན་ཏུ་སྒེག་པ་བཞིན་འཛུམ་པ་དང་བཅས་ཤིང་ཞི་བས་བལྟ་བ་བདེ་བ་ཆེན་པོ་རྗེ་སུ་མཉེས་པར་བྱ་བའི་ཕྱིར་པང་བར་ཉེ་བར་བཞག་ནས་གནསོ།། ་དེ་ནས་བདེ་བ་ཆེན་པོའི་དཔལོ་རབ་ཏུ་དགའ་བོའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཨཱ་ལཾ་ག་ན་དང་། ཙུ་པ་ན་དང་། ཙུ་ཤཾ་ན་དང་། ཀུ་ཙ་གྲ་ཧ་ན་དང་། པུ་ལ་ཀ་ཏྲ་ཌན་དང་། ད་ཤ་ན་ཁ་ད་ནི་དང་། མར་ད་ན་དང་། དོ་ལ་དང་། སུ་ཙི་དང་། ་ཀུར་པ་ར་ལ་སོགས་པའི་ཀ་ར་ན་དང་། རབ་ཏུ་རྨོངས་པས་མུཾ་ཏིག་གི་ཆུན་འཕྱང་བསྐྱེད་ཅིང་གདུ་བུ་དང་། དབུ་རྒྱན་དང་། རྐང་གདུབ་ཀྱི་སྒྲ་དང་ལྡན་པར་ཡུལ་དང་། དབང་པོ་དང་། རྡོ་རྗེ་དང་། པདྨ་དང་། ཐབས་དང་། ཤེས་རབ་དང་། ཡེ་ཤྭེ ་དང་། ཤེས་བྱ་ལ་སྙོམས་པར་ཞུགས་ཤིང་། ཨཱ་ལི་ཀཱ་ལི་དང་། མ་ད་ན་པཽ་ཏྲ་དང་། ཀུཪྵ་ཀཎྛ་དང་། ཤ་ཤཱུངྒ་སྟྭཾ། ནཱ་ཌི་གསུམ་དྷྱ་ཀུ~ཾ་ལས་རབ་ཏུ་བསྐུལ་བས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དྲི ་མ་མེད་པའི་རྒྱུན་ལྟ་བུས་ཞུ་བར་གྱུར་ནས་ཡེ་ཤེས་ཀྱི་ས་ཐོབ་ནས་མཆོག་ཏུ་བདེ་བ་ཆེན་པོའི་གནས་ཡང་དག་པར་རིག་པར་འགྱུར་རོ།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། རྩ་བའི་མདོ་ལས། ཆགས་ཅན་ཡེ་ཤེས་འདོད ་པ་ཡིས།། རྟག་ཏུ་འདོད་པའི་ཡོན་ཏན་བསྟེན།། ཅེས་གསུངས་པས་སོ།། གལ་ཏེ་གཟུགས་རྡོ་རྗེ་ལ་སོགས་པ་དག་ཀྱང་མེད་ན་དེའི་ཚེ་རེག་རྡོ་རྗེ་གཅིག་བུ་དང་ལྷན་ཅིག་པའི་ཀུན་ཏུ་སྦྱོར་བས་ཀྱང་བསྒྲུབ་པར་བྱ་སྟེ། གང་གི་ཕྱིར་དེ་བཞིན་གཤེགས ་པ་ཐམས་ཅད་ནི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པ་ཡིན་ལ་ལྷ་མེ་ཐམས་ཅད་ནི་རེག་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པ་ཡིན་ཏེ། དེ་བས་ན་མི་ཕྱེད་པའི་ང་རྒྱལ་གྱི་རྣམ་པར་མི་རྟོག་པར་བསླབ་པར་བྱའོ་ཞེས ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། རྩ་བའི་རྒྱུད་ལས་ཀྱང་། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེ་བ་ཐཾད་ཀྱི་བདག་པོས་དེ་བཞིན་ག་ཤེ། བཟེད་ཀྱི་རིག་པའི་བརྟུལ་ཞུས་ཡང་དག་པར་ལེན་པའི་སྤྱོད་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། སྐུ་གསུང་ཐུཊ ་ཀྱི་རྡོ་རྗེ་རྣམས།། ལུས་དང་ངག་སེམས་བསྒོམ་པ་ནི།། རང་གི་ངོ་བོར་དེ་བྱས་ན།། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར།། དེ་ལ་འདི་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རིགས་པའི་བརྟུལ་ཞུགསོ།། ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས།། ཆེན ་པོ་ཁ་དོག་དཀར་པོ་འདྲ།། སྔགས་ཀྱི་སྡོམ་པས་ཀུན་ཏུ་བསྡམས།། ཆོ་ག་བཞིན་དུ་ཐམས་ཅད་བྱ།། ལོ་གྲངས་བཅུ་དྲུག་ལོན་པ་ནི།། རྒྱན་རྣམས་ཀུན་གྱི་རྣམ་པར་ཀླུབས།། བཞིན་སྡུག་མིག་ནི་དཀྱུས་རིང་བ།། རྙེད་ནས་རིག་པའི་བརྟུལ་ཞུ ་སྤྱད།། སྤྱན་གྱི་གོ་འཕང་ལོངས་སྤྱོད་པས།། རྡོ་རྗེ་མཚན་མས་བསྒོམ་པར་བྱ།། ཕྱག་རྒྱ་སྔགས་ཀྱི་ཆོ་ག་ཤེས།། སྔགས་དང་རྒྱུད་ནི་ལེགས་པར་བསླབས།། དེ་བཞིན་གཤེགས་པའི་བཙུན་མོར་བྱ།། སངས་རྒྱས་བྱང་ཆུབ་རབ་གནས ་ལོ།། བརྟུལ་ཞུགས་ཆེན་པོ་དུས་བཞིར་ནི།། གསང་བའི་མཆོད་པ་རབ་ཏུ་བྱ།། སྡོང་བུ་རྩ་བ་འབྲས་བུ་ཡིན།། བཟའ་དང་བཅའ་བ་སྤྱད་པར་བྱ།། འོན་ཀྱང་མྱུར་དུ་སངས་རྒྱས་གྱུར།། བདག་པོ་ཡེ་ཤེས་རྒྱ་མཚོ་ཆེ།། ཟླ་བ་དྲུག་གིས་དེ་དག ་ཀུན།། གདོན་མི་ཟ་བར་འགྲུབ་པར་འགྱུར།། སྒྲུབ་པ་པོ་ནི་བློ་བརྟན་པས།། ནགས་ཚལ་རྟག་ཏུ་བསོད་སྙོམས་བསླང་།། ཁ་ཟས་བཟང་པོ་བསྐུར་བ་དག། སྐྲག་ནས་དེ་དག་སྟེར་བར་འགྱུར།། འདས་ན་རྡོ་རྗེ་གསུམ་བདག་ཉིད།། རྡོ་རྗེ་མ ་འགྱུར་མ་རུང་འགྱུར།། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ།། ལྷ་མ་ཡིན་ནམ་མི་མོའང་རུང་།། རྙེད་ནས་རེག་པའི་བརྟུལ་ཞུགས་སྤྱད།། རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟེན།། ཞེས་གསུངས་ཏེ། དེ་ལྟར་འདོད་པ་ན་སྤྱོད་པ་ནི་དྲུག་སྟེ། གཉིས་གཉིས ་འཁྱུད་པ་དང་། ལག་པ་བཅིངས་པ་དང་། བལྟས་པ་དང་། རྒོད་པའི། འཁྲིག་པས་མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་སྐད་ཅིག་ལ་ཉམསུ་མྱོང་བར་བྱེད་དོ།། རྫོགས་པའི་གནས་སྐབས་ན་ཡང་འཁོར་པ་དག་ལྔས་རྟག་ཏུ་དགའ ་བའི་གཟུགས་ཅན་དུ་འགྱུར་རོ།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱོར་ཏེ། རྩོལ་བའི་ཆོ་གའི་འོག་ཏུ་ནི།། དགའ་བའི་སེམས་ཀྱིས་ཐུགས་འགྲུབ། ་པ། བདེ་བ་ཆེན་པོ་ཞེས་བྱའོ།། སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པ་སྟེ།། ལེའུ་བཅུ་པའོ།། །། ད་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱ་སྟེ།། རི་བོ་ཤིན་ཏུ་དབེན ་པའམ། ཆུ་ངོགས་འབབ་ཆུའི་གནས་རྣམས་དང་།། དུ་ཁྲོད་ལ་སྔོགས་གནས་རྣམས་སུ།། བསམ་གཏན་བསྡུས་པ་འདི་བྱའོ།། ཞེས་རྒྱུད་ལས་གསུངས་པའི་ཡིད་དང་རྗེ་སུ་མཐུན་པའི་ས་ཕྱོགསུ་ཁ་ཟས་སྦྱོར་བའི་ཕྱིར་གནོད་སྦྱིན་མོ་མངག ་གཞུགས་མོ་ལ་སོགས་པ་བསྒྲུབ་པར་བྱའོ།། ཡང་ན་གྲུབ་པའི་གྲོགས་མཆོག་གམ། ཚོགས་ཆེན་པོས་ཁ་ཟས་ཙམ་བསྒྲུབས་ནས་རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང ་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངསུ་སྤང་བར་བྱ་ཞིང་ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར ་བྱའོ།། གཉིས་པ་ཏིལ་འབྲུ་ཙམྦ་ལའང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ།། གསུམ་པ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་། སྲོག་ལའང་བལྟོས་པ་མེད་པར་བྱའོ།། ཇི་སྐད་དུ་ཏིང་འཛིན་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་དེ་ནས་བྱང་ཆུབ་སེམ། ་དཔའ་སེམས་དཔའ་ཆེན་པོ་ཏིང་འཛིན་འདི་འདོད་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ལུས་དང་སྲོག་ལ་བལྟོས་པ་མེད་པར་བྱའོ།། ཞེས་གསུངས་པས་སོ།། དེ་བཞིན་དུ ་འཇིག་རྟེན་པའི་ད་གྲུབ་ཕྲ་མོ་དང་། གྲུབ་པ་ཆེན་པོ་བརྒྱད་ལ་དོན་ཡང་གཉེར་བར་མི་བྱ་སྟེ། རྣམ་པར་གཡེངས་པར་འགྱུར་བ་དང་། ཕྱིར་ལྡོག་པར་འགྱུར་བའི་ཕྱིར་རོ།། ཇི་སྐད་མཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན ་པོའི་རྒྱུད་ལས། དེ་ནས་གཞན་ཡང་ཐམས་ཅན་མཁྱེན་པའི་དངོས་གྲུབ་ཐོབ་པའི་ཕྱིར་དངོས་གྲུབ་གང་ཅི་ཡང་རུང་བ་ལ་ཚོལ་བར་མི་བྱེད་དེ། འཇིག་རྟེན་རྒྱང་པན་པའི་ངག་གི་དངོས་གྲུབ་དང་། མངག་གཞུག་པའི་དངོས་གྲུབ་དང་། བུམ་པ་བཟང ་པོའི་དངོས་གྲུབ་དང་། ས་འོག་གི་དངོས་གྲུབ་དང་། རྒྱལ་སྲིད་ཀྱི་དངོས་གྲུབ་དང་། རྒྱས་པའི་དངོས་གྲུབ་དང་། དབང་དུ་བྱ་བའི་དངོས་གྲུབ་དང་། མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་དོན་དུ་གཉེར་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས ་གྲུབ་ཆེན་པོའི་དོན་དུ་དངོས་གྲུབ་ཕྲ་མོ་འདོད་པ་བསྐྱེད་པར་མི་བྱའོ།། རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པར་འགྱུར་བར་བྱའོ།། དེ་སྐད་དུ་གསང་བུ་གྲུབ་པཱ་ལས་ཀྱང་། སྦྱོར་བ་ལ་སོགས་འབད་པ་ནི།། དེ་ཉིད་རིག ་པས་སྤང་བར་བྱ།། རྡོ་རྗེ་སེམས་དཔའ་ངེས་འདུག་པ།། སྦྱངས་ནས་གཞན་དུ་མི་བྱའོ།། དག་པའི་དེ་ཉིད་ལ་གནས་པས།། སྦྱོར་བ་རྣམས་ཀྱང་མི་བྱ་སྟེ།། བདག་མེད་གནས་པའི་སྦྱོར་བ་ཡིས།། ཇི་སྲིད་བར་དུ་སོ་སོར་བརྟག། དངོས་མེད་གོ་འཕང ་ལ་གནས་དང་།། ཐབས་བཟང་དག་དང་ལྡན་པ་ཡིས།། རྟོག་ལས་གང་ཅི་འབྱུང་བ་རྣམས།། མ་རྟགས་པར་ནི་འགྲུབ་པར་འགྱུར།། བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།། དངོས་གྲུབ་མཚན་ཉིད་གང་ཅི་འོང་རུང་།། དེ་ཀུན་སྐད་ཅིག་ཙམ་ལ་ནི།། ། ་རང་ཉིད་གནས་པར་འགྱུར་བ་ཡིན།། དེ་བས་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་འཇུག་པས་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང ་རྫོགས་པར་བྱའོ།། ཞེས་སྤྲོས་པས་དམིགས་ཏེ། ཅིག་པུ་ཁོ་ནར་འོག་ནས་བཤད་པའི་རིམ་པ་བཞིན་དུ་བསམ་པར་བྱའོ།། དེ་ཡི་རིམ་པ་ནི་འདི་ཡིན་ཏེ། ཇི་སྲིད་ཕུང་པའི་ཟེ་མ་ཏོག་ཡོད་པ་དེ་སྲིད་ཀྱི་བར་དུ་ནི་རྣམ་པར་ཤེས་པ་གསུམ ་གྱི་ངོ་བོ་སྟེ། རང་བཞིན་གྱིས་སྣང་བ་འགྲོ་བ་དག་དང་གཞན་ལ་སྣང་བར་འགྱུར་རོ།། ཇི་ལྟ་ཞེ་ན། དང་པོ་ནི་སྣང་བའོ།། གཉིས་པ་ནི་རང་བཞིན་ནོ།། དེ་རླུང་དང་བཅས་པས་གང་ཕྱོགས་བཅུར་འཁོར་བ་སྟེ། གང་གིས་ཤེས་ན། འདོད ་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ལ་སོགས་པ་དང་། གཞན་ཡང་དྲག་པོ་དང་། ཞི་བ་དང་། དགའ་བ་དང་། མྱ་ངན་དང་། བཀྲེས་པ་དང་། བསྒོམ་པ་དང་། ཚོར་བ་ཞེས་བྱ་བ་ལ་སོགས་པ་རང་བཞིན་རྒྱ་དྲུག་ཅུ ་ན་མཚན་ཉིད་ཡིད་ལ་བྱས་ནས་མ་རིག་པ་རང་འགགས་ཤིང་ཡང་ལངས་ནས་རླུང་གི་དབང་གིས་འཁོར་བར་འགྱུར་བ་སྟེ། དེ་ལུས་དཀྲུས་ནས་ཇི་སྲིད་དུ་མི་ལ་སོགས་པའི་དབང་པོ་ཡུལ་ལ་དམིགས་པ་དེ་སྲིད་དུ་དེ་ཉིད་དུ་དམིགས་པར ་འགྱུར་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་རོ།། དེ་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པས་བདག་མེད་པའི་ཆོས་ལ་བསླབས་པས་རྣམ་པར་བསྲེས་པའི་སྦྱོར་བ་ཁོང་དུ་ཆུད་ནས་རང་བཞིན་གྱིས་སྣང་བ་དང་གཅིག ་ཏུ་འདྲེ་བར་བྱ་སྟེ། རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ།། དེའི་རིམ་པ་ནི་འདྲི་ཡིན་ཏེ། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ།། ཁམས་ཕྲ་བ་ནི་ཡང་སེམས་ལ་ཞུགས་གོ།། སེམས་ནི་ཡང་སེམས ་པ་ལ་གཞུག་གོ། སེམས་ནི་ཡང་མྱ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ།། དེ་ལ་དུས་འདིར་ནི་སེམས་དང་སེམ་སྟེ་དཔའ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ཡ་དྲན་པ་བརྗེད་པའོ།། ཕྱིས་ནི་བརྗེད་པ ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ།། ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། གང་གི་ཚེ་རྨི་ལམ་གཞན་དག་འབྱུང་བ་ནི་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། ་དེ་ནི་སོ་སོ་རང་གིས་རིག་པ་ལུས་དང་ངག་དང་སེམས་དང་། བྲལ་བའི་དོན་དམ་པའི་བདེན་པ་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ།། རིམ་པ་འདིས་ལུས་ཀྱིས་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་བསད ་པར་བྱ་ཞིང་དེ་བཞིན་ཉིད་ཀྱི་གཞུག་པར་བྱས་ནས་སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མྱེད་པའི་སྤྱོད་པ་ལ་བལྟོས་པ་མེད་པས་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས ་སུ་བརྗེས་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏེ། དོན་འདི་ཉིད་དགོངས་པ་ལུང་བསྟན་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི།། མཐོང་བ་ལྷག་མཐོང་ཞེས་བརྗོད་ལ།། མི་བསྐྱོད ་ལ་སོགས་གྲངས་བཞིན་དུ།། བརྟགས་པ་དག་ནི་ཞི་གནས་ཡིན།། འདི་དག་དངོས་མེད་གྱུར་པ་ཡིས།། དེ་བཞིན་ཉིད་ནི་ཞི་བར་བཤད།། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ།། རྣལ་འབྱོར་པ་ཡིས་སངས་རྒྱས ་གཞུག། ཅེས་གསུངས་པ་དང་། ཡང་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལྔས་ཀྱང་།། མྱ་ངན་འདས་པའི་མི་བཟང་མེད།། ཐལའང་ལུས་པར་མི་འགྱུར་ཏེ།། དེས་ན་དེར་ནི་དབང་དོན་དང་།། ཁམས་རྣམས་འདིར་ནི་ཡོད་པ་ཡིན།། ཞེས ་གསུངསོ།། རིམ་པ་འདིས་ནི་ལུང་དང་རིགས་པ་དག་གིས་མངོན་པར་རྟོགས་པའི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ངེས་པར་བྱས་ནས། ཡུལ་ལ་ཞེན་པ་དང་རོལ་པ་ཐམས་ཅད་སྤངས་ཏེ། རིམ་པ་འདིས་བྷུ་སུ་ཀུ་ཙམྦ་གྱི་སྤྱོད་པ་ལ ་སྤྱད་དཾ། རིའི་རིམ་པ་ནི་འདིའི།། བྷཱུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ། དེ་ཙམ་ཞིག་རྗེ་སུ་དྲན་པ་དང་། འདུ་འཛི་སྤོང་བར་བྱེད་ཅིང་། དཀའོ་ཐུབ་དང་། བརྟུལ་ཞུག་སོ།། ཞེས་གང་ལའང་བསྡམ་པར་མི་བྱའོ།། སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ། ་རྣམ་པར་ཤེས་པ་འདི་དག་མི་རིག་པས་ཉེ་བར་མཚོན་པོས་མངོན་སུམ་དུ་བྱེད་དོ།། མ་རིག་པ་ལྕགས་ཀྱུ་ལྟ་བུ་དེ་ཉིད་ཀྱི་རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད།། ཀུ ་ཞེས་བྱ་བ་ནི་བཤང་སར་འགྲོ་བ་སྟེ། བཤད་པ་དང་གཅི་བ་འདོར་བའི་ཕྱིར་དེ་ཙ་མོ་ཞིག་རྗེ་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བྱར་བྱེད་ལ། ལུས་དང་ཚོར་བ་དང་ཡུལ་དང་དབང་པོའི་ངོ་བོ་ཉིད་ལ་སེམས་པར་མི་བྱེད་དོ།། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱི། ་པའི་བརྟུལ་ཞུགས་བཤད་པའི་མདོ་ལས་གསུངས་པའི་རིམ་པས་ཀྱང་བཤད་པར་བྱའོ།། དེ་ཡིས་རིམ་པ་ནི་འདི་ཡིན་ཏེ། གང་ཚེ་བརྟན་པར་མི་རྟོག་ལ།། གནས་ཤིན་འཇིག་རྟེན་པ་སྤངས་ཏེ།། སྤྱོད་པ་ཐམས་ཅད་བསྡུས་བྱས་ན།། དེ་ལ་དེ་ཚེ ་སངས་རྒྱས་གཟིགས།། ཀུན་ཏུ་ཐེ་ཚོམ་གཅོད་པ་ཡིས།། རིག་པས་བྱིས་པ་ཇི་བཞིན་སྤྱད།། གང་ཚེ་ཆགས་མེད་རྣལ་འབྱོར་པ།། དེ་ཚེ་ཕུན་སུམ་ཚོགས་འཕེལ་འགྱུར།། སྡིག་པ་མ་ལུས་ལྡན་པ་དང་།། གཏི་མུག་སྡིག་པ་རབ་གནས་ན།། སྨྱོན་པའི ་བརྟུལ་ཞུགས་སྦྱོར་བ་ཡིས།། ཟླ་བ་དྲུག་གིས་དོན་ཡོད་འགྲུབ།། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་།། འདོད་པ་ཀུན་གྱིས་རབ་ཏུ་འགེངས།། ཟད་མེད་གཞོམ་དུ་མེད་པ་དང་།། དང་བའི་ཚེ་ལུས་འབྱུང་བར་འགྱུར།། བླ་ན་མེད་པའི་བྱང་ཆུབ་མཆོག། 2 ་པ་མེད་པར་ཡང་དག་འཐོབ།། འདོད་པ་ཀུན་གྱིས་དགའ་མོ་རྣམས།། འབད་དང་བྲལ་བས་འགྲུབ་པར་འགྱུར།། འགྲོ་དང་འདུག་དང་གནས་པ་ན།། མཆོག་ཏུ་ཟབ་པའི་གནས་ལ་བརྟག། འོད་གསལ་ཡེ་ཤེས་ལ་མཁས་པ།། མཚན་ཉིད་རྟག་པར་རྣལ་འབྱོར ་པའི།། བསམ་གཏན་སྦྱོར་བ་འདི་ཡིན་ཏེ།། སེམས་ཀྱི་རིན་ཆེན་བརྟན་པར་འགྱུར།། སངས་རྒྱས་བྱང་ཆུབ་རབ་ཞུགས་པ།། བྱིན་གྱིས་བརླབ་པ་མཛད་པར་འགྱུར།། དེ་ལྟར་གྱུར་པར་ཞུགས་ནས་ཀྱང་།། ཇི་སྲིད་སེམས་ནི་མི་སྐྱོའི་ཕྱིར།། མཉམ་གཞག ་ཡིད་ནི་བཟང་པོ་ཡིས།། དེ་ལ་འབད་པས་སྒོམ་པར་བྱ།། དེའི་འོག་ཏུ་ཅི་དགའ་བའི།། སྤྱོད་པ་ཡིས་ནི་སྤྱད་བྱས་ནས།། ཅུང་ཟད་སྤྱན་ཕྱེའི་མཚན་ཉིད་ཅན།། བྱང་ཆུབ་རྒྱ་ཆེན་འཐོབ་པར་འགྱུར།། རྒོད་དམ་སྨྲ་འམ་འདུག་པ་དང་། ལྀ་ལ་རབ་ཏུ་གར་བྱེད ་བཱ་ར། ཇི་སྲིད་སྐྱོ་བུར་མི་འགྱུར་བར།། སྒོམ་པའི་སེམས་ལ་ཞེན་པར་བྱ།། དེ་ལྟའི་དམ་ཚིག་ལྡན་འགྱུར་ཞིང་།། རྣམ་པར་མི་རྟོག་སྔགས་པ་ཡིས།། དུས་ཀྱི་ངེས་པ་ཡོངས་སྤྱངས་ནས།། བླ་མྱེད་གློ་འཕང་ཐོབ་པར་འགྱུར ་དེ་ལྟར་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་དང་། ན་ཚོད་དང་རྗེསུ་མཐུན་པས་སྤྱོད་པ་རྣམ་པ་གསུམ་ཟླ་བ་ཕྱེད་དམ།། ཟླ་བ་ཅིག་གམ་ཟླ་བ་དྲུག་ཟླས་པར་འགྱུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བླར ་འབྱུང་བར་འགྱུར་ཏེ།། དེ་ལ་མཚན་མ་ནི་འདི་དག་ཡིན།། གཟུགས་ཕྲ་བ་དང་། རེག་པ་ཡང་པོ་དང་། ཁྱབ་པ་དང་། ཡང་དག་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་ཉིད་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་སྦྱར་བ་ཞེས་བྱའོ།། ཡང་རྨི་ལམ ་གྱི་མཚན་མ་གསང་བ་འདུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བྱང་ཆུབ་ཡེ་ཤེས་མཆོག་ཐོབ་པས།། སངས་རྒྱས་སྐུ་དང་མཚུངས་པར་མཐོང་།། སངས་རྒྱས་རྫོགས་ལོང་སྤྱོད་པའི་སྐུ།། བདག་མེད་པ་ནི་མྱུར་དུ་མཐོང་།། སེམས་དཔའ ་ཆེན་པོ་ཁམས་གསུམ་པས།། མཆོད་པ་བྱེད་པ་དེས་མཐོང་།། ཡེ་ཤེས་ཆེན་པོ་འདི་ཡིས་གཟུགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས།། རྟག་ཏུ་མཆོད་པ་བྱེད་པ་མཐོང་།། རྡོ་རྗེ་སེམས་དབང ་གཟུགས་ཆེན་དང་། གྲགས་ཆེན་རྡོ་རྗེ་མཆོག་དག་ཏུ།། རྨི་ལམ་དག་ན་རང་གཟུགས་མཐོང་།། གྲགས་ཆེན་རྡོ་རྗེ་གསང་བ་དང་།། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཅན།། སངས་རྒྱས་ཆེན་པོ་ཕྱག་འཚལ་བའི།། རྨི་ལམ་འདི་འདྲ་མཐོང་འགྱུར་བ།། ལུས ་ངག་སེམས་ཀྱི་མཐུ་ལས་སྐྱེས།། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའི།། ལྷ་ཡི་བུ་མོ་ཡིད་འོང་དང་།། ཁྱེའུ་བུ་མོ་དག་མཐོང་ན།། དེ་ནི་དངོས་གྲུབ་ཐོབ་པར་འགྱུར།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས།། ཞིང་ན་གནས་པ་ངེས ་པར་མཐོང་།། ཐུགས་ནི་དགྱེས་པར་གྱུར་ནཱ་ཀྱང་།། ཆོས་མཛོད་ཡིད་དུ་འོང་བ་སྩོལ།། ཆོས་ཀྱི་འཁོར་ལོ་སྦྱར་བའི་སྐུ།། སེམས་ཅན་ཀུན་གྱིས་ཡོངས་བསྐོར་བ།། བསམ་གཏན་རྡོ་རྗེ་ལ་གནས་པའི།། དམ་ཚིག་སྦྱོར་བས་མཐོང་བར་འགྱུར།། རྡོ་རྗེ ་སློབ་མས་གསོལ་པ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཚོགས་ལ་གོམས་པའི་སྟོབས་ཀྱིས། ཞིང་དང་། ལས་དང་། ཚོང་དང་། བསྙེན་བཀུར་ལ་སོགས་པས་གཡེངས་པས་སྤྱོད་པ་རྣམས་གསུམ་སྤྱོད་པར་མི་བྱེད་པ་དང་།། ་སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར་མི་སྤྱོད་པ་དེ་དག་ནཱི།། འཆི་བའི་དུས་བྱས་ནས་ཡང་།། སྲིད་པ་གཞན་དུ་འགྲོ་བར་དུ་གྱུར་རམ།། ཡང་ན་རྡོ་རྗེ་འཆང་བ ་ཉོད་ཐོབ་པར་འགྱུར།། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། འདི་ལ་བསལ་བ་གང་ཡང་མེད།། བཞོག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ནས་རྣམ་པར་གྲོལ།། ཞེས་བྱ་བ་ནི་རྫོགས་པའི་རིམ ་ལ་གནས་པའི་དབང་དུ་བྱས་པའི་ཚི་ག་སྟེ། འདི་ལྟ་སྟེ། ཡང་དག་པ་མཐོང་བའོ།། ཞེས་བྱ་བ་ནི་ཡང་དག་པའི་མཐོང་བས། རྟག་པ་དང་། ཆད་པ་དང་། འཕོ་བ་ལ་སོགས་པའི་ལྟ་བ་ངན་པ་འགགས་པར་འགྱུརརོ།། ན་ཀྱང ་ཐ་སྙད་ལ་བརྟེན་ནས་འཕོ་བ་རྣམ་པར་དག་པ་ངེས་པར་སྤྱད་པར་བྱ་སྟེ། འདི་ན་ཕུང་པོ་ལ་སོགས་པ་ནི་འཇིག་རྟེན་ཕ་རོལ་ཏུ་འཕོ་བར་མི་བྱེད་དེ། རྟག་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། འཇིག་རྟེན་ཕ་རོལ་འཆི་བ ་ལས་གཞན་ལས་ཀྱང་འབྱུང་བ་མ་ཡིན་ཏེ། རྒྱུ་མེད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། འདི་ལྟ་སྟེ། མར་མེ་ལས་མར་མེ་དང་། རྒྱ་ལས་རྒྱ་དང་། སྒྲ་ལས་བྲག་ཅ་ག་ནི་དེ་ཉི་དྲི་དམ་དེ་ལས་གཞན་པོ་ཞེས་བརྗོད་པར་མི་ནུས་སོ།། དེ ་བསྣན་གསེར་འོད་དམ་པའི་མདོ་ལས་ཀྱང་། སངས་རྒྱས་མྱ་ངན་མི་འདའ་ཞིང་།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། སེམས་ཅན་རྣམས་ནི་གདུལ་བའི་ཕྱིར།། མྱ་ངན་འདའ་བར་བསྟན་པ་ཡིན།། ཞེས་གསུངས་པ་དང་། དེ་བཞིན་དུ་ལངྐར་གཤེ ་པའི་མདོ་ལས་ཀྱང་། འདི་ལ་གང་ཡང་རྐྱེན་རྣས་ཀྱིས།། སྐྱེ་བ་མེད་ཅིང་འགག་པ་མེད།། བརྟག་པའི་རྐྱེན་རྣམས་ཁོ་ན་ནི།། སྐྱེས་ཞིང་འགག་པར་འགྱུར་བ་ཡི་ནི།། ཞེས་གསུངས་པས་སོ།། གས་པ་འདིས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས ་མཛད་པ་ཐམས་ཅད་མཛད་པ་ནས་མྱ་ངན་ལས་འདས་པ་ཉེ་བར་སྟོན་པར་མཛད་པ་ཡིན་ནོ།། དེ་བཞིན་དུ་རྫོགས་པའི་རིམ་པ་རྟོགས་པར་གྱུར་པས་ཀྱང་ཐམས་ཅད་བྱས་ནས་འཇིག་རྟེན་དུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ལ་སོམ་ཉི་མི་བྱའོ།། ། ་དེ་བས་ན་དེ་ཁོ་ན་ཤེས་པ་ནི།། རྐྱེན་མོ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་ནི་དོན་དམ་པའི་བདེན་པོ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀུན་གྱི་བདེན་པའོ་ཞེས ་ཡང་དག་པར་མངོན་པར་རྟོགས་ནས། བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་པའི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་ལྡང་བར་བྱའོ།། ཞེས་བརྟན་པའི་སེམས་བསྐྱེད་དེ། ཡིད་ལ་བྱེད་པས་གནས་པར་བྱེད་ན། ་དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ།། དེ་བས་ན། བསམ་པ་གང་དང་གང་གིས་ནི།། མི་རྣམས་ཡིད་ནི་ཡང་དག་སྦྱོར།། དེ་ནི་དེ་ཡི་རང་བཞིན་འགྱུར།། སྣ་ཚོགས་ནོར་བུ་ཇི ་བཞི་ནོ།། ཞེས་གསུངསོ།། དེ་བས་ན་འདི་དག་ཐམས་ཅད་ནི་ཁྱད་པརྱ་ཙནྡ་དུ་ཡོངསུ་བསྒྱུར་བ་སུ་ཡོངསུ་འགྱུར་བཞིན་པས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ།། འདིར་བཤད་པོ། གང་ཞིག་སྐྱེ་བ་ཀུན་རྣོ་བ་བདེན་ཞེས་བྱ།། འཆི་བོའི ་མིང་ཡང་དོན་དམ་བདེན་པ་ཡིན།། རིམ་གཉིས་དེ་དག་བློ་མའི་དྲིན་གྱིས་ནི།། རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན།། བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི།། མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད།། མིང་གཉིས་མཐའ་མ་གཅིག ་དུ་ཁོ་ནར་ནི། ཤེས་པ་དེ་འདིར་བཅིངས་ལས་གྲོལ་བ་ཡིན།། རི་དབང་རྗེ་ལས་འགའ་ཞིག་ལྷུང་གྱུར་ན།། ལྟུང་བར་མི་འདོད་ཀྱང་ནི་ལྟུང་བར་འགྱུར།། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོ་ནོ།། གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར།། ་འཇིག་རྟེན་དག་ན་དོན་ཡོད་གསུང་གི་དེ་ཉིད་རྟོགས་མཐུ་འགྲོ་བ་ལ་མེད་དེ།། མཚོ་ཆེན་ཚུལ་དྲག་པོའི་རླུང་གི་ཀུན་ཏུ་གཡེངས་པའི་ཏིལ་མར་ཐིག་པ་འདྲ།། དེ་ན་བདག་གིས་ཅུང་ཟད་ཙམ་ཞིག་བླངས་ནས་བསྡུ་བར་བྱས་པ་ནི།། མཐར་ཐུགས ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་