| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་གུ་ཧྱས་མཱ་ཛ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཐོག་མ་དབུས་མཐའ་ལས་གྲོལ ་བའི།། ཁྱབ་བདག་སྟོང་པ་བཞིའི་རང་བཞིན།། མགོན་པོ་རྡོ་རྗེ་སེམས་དཔའ་ལ།། བཏུད་ནས་དཀྱིལ་འཁོར་ཆོ་ག་བཤད།། དཔལ་ལྡན་འདུས་པའི་དཀྱིལ་འཁོར་དུ།། ཇི་སྲིད་ཕྲེང་བ་ཆུ་ལ་སོགས།། དེ་སྲིད་བླ་མའི་མན་ངག་མཐའ།། དབང་བསྐུར་བ ་ནི་ཆོ་ག་བཞིན།། བླ་མའི་རྒྱུད་རིམ་ལས་འོངས་པ།། རྣལ་འབྱོར་རྣམ་གཉིས་མཐར་ཐུག་པའི།། བླ་མའི་ལུང་ནི་ངེས་ཐོབ་པ།། བཤད་རྒྱུད་དེ་བཞིའི་དགོངས་པ་ཤེས།། བསྐྱེད་པ་དང་ནི་རྫོགས་པ་ཡི།། རིམ་པ་གཉིས་ཀྱི་དོན་ཤེས་དང་།། མཆོག་དང ་ཐུན་མོང་སྒྲུབ་ལ་གནས།། དམ་ཚིག་སྡོམ་ལ་གནས་པ་སྟེ།། རྩཝ་བའི་ལྟུང་བ་སྤངས་དང་ལྡན།། བཟོད་ལྡན་དྲང་ལ་གླ་ཡོ་རྒྱུ་མེད།། བརྟན་བཞིན་དུལ་བ་བློ་གྲོས་ལྡན།། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་།། དཀྱིལ་འཁོར ་འདྲི་དང་རབ་གནས་མཁས།། ཉན་ཐོས་རྣམས་ཀྱི་ལམ་འགྲོ་མིན།། ཕ་རོལ་ཕྱིན་བཅུའི་ཚུལ་ལ་གནས།། ཟབ་ཅིང་རྒྱ་ཆེའི་ཆོས་ལ་མོས།། བདེན་གཉིས་ལ་ནི་རྣམ་པར་མཁས།། བླ་མོད་ཐེག་པ་གཙོར་བྱེད་པ།། འགྲོ་བའི་དོན་སྤྱོད་སྙིང་རྗེ་ཅན།། ་རིན་ཆེན་སྐྱེས་བུར་གང་གྱུར་པས།། སྔོན་དུ་བསྙེན་པ་བྱས་ནས་སུ།། དེ་ནས་དཀྱིལ་འཁོར་བྲི་བར་བྱ།། གང་ཞིག་ཡིད་འོང་གནསུ་ནི།། དྲི་བཟང་ཙནྡན་སོགས་ཀྱིས་བྱུག། དྲི་ཞིམ་མེ་ཏོག་མཆོག་དཀྲམ་ནས།། ཤར་ཕྱོགསུ་ནི་ཁ་བལྟས་ལོ།། སེམས་དཔའ ་སྐྱིལ་མོ་ཀྲུང་གནས་ཏེ།། འཁོར་བའི་འདམ་དུ་བྱིང་བ་ཡི།། འགྲོ་ལ་ཕན་དང་བསྐྱབ་པའི་ཕྱིར།། སྙིང་རྗེ་ཆེན་པོས་དམིགས་པར་བྱ།། བཀའ་ཡི་འཁོར་ལོ་སྔོན་འགྲོ་བའི།། བསྙེན་དང་ཉེར་སྒྲུབ་སྒྲུབ་པ་དང་།། སྒྲུབ་ཆེན་ལ་ནི་མཁས ་པ་ཡིས།། སྦྱོར་བ་གསུམ་གྱི་མཐར་ཐུག་པས།། རྡོ་རྗེ་འདས་དང་རྗེས་མཐུན་པར།། ངག་གི་བཟླས་པའི་ཚུལ་ཉིད་ཀྱིས།། དཀྱིལ་འཁོར་གཙོ་བོའི་འབུམ་དུ་བཟླས།། དེ་ལས་གཞན་པའི་ཁྲི་རུ་བཟླས།། མཚན་མོ་ངེས་པར་ཐོབ་པའམ།། ཡང་ན་བསྟན ་པའི་སྦྱོར་གོམས་པས།། དཀྱིལ་འཁོར་ཡོངསུ་བྲི་བར་བྱ།། དེ་ལ་དཀྱིལ་འཁོར་ཆོ་ག་ནི།། ཡན་ལག་རྣམ་ཕྱེ་ཉི་ཤུ་སྟེ།། ས་བཞི་སྦྱང་དང་བྱིན་བརླབ་དང་།། ཡོངསུ་བཟུང་དང་བསྲུང་བ་དང་།། ས་ཡཾ་ལྷ་དང་དཀྱིལ་འཁོར་དང་།། བུམ་པ་རྣམས་དང་སློབ ་མ་དགོ། སྟ་གོན་དུ་ནི་གནས་པ་དང་།། ཐིག་གདོབ་པ་ཡི་ཆོ་ག་དང་།། དེ་བཞིན་རྡུལ་ཚོན་དགྱེ་བ་དང་།། དཀྱིལ་འཁོར་བྱིན་གྱིས་བརླབ་པོ་དང་།། དེ་ལ་མཆོད་པའི་བྱེ་བྲག་དང་།། སློབ་དཔོན་བདག་ཉིད་འཇུག་པ་དང་།། དེ་བཞིན་སློབ་མ་གཞུག་པ་དང་། ་བུམ་པའི་དབང་དང་གསང་བ་དང་།། ཤེས་རབ་ཡེ་ཤེས་དབང་དང་ནི།། དེ་བཞིན་དུ་ནི་བཞི་པ་དང་།། རབ་གནས་དང་ནི་སྐྱོན་སྲེག་སྟེ།། དཀྱིལ་འཁོར་གྱི་ནི་ཡན་ལ་གོ་མཆོག། འདི་དག་ཆོ་ག་ཉི་ཤུའོ།། དེ་ལ་རེ་ཞིག་དང་པོར་དཀྱིལ་འཁོར་བྲི་བར་མངོན་པར ་འདོད་པའི་སའི་ཆའི་དབུསུ་མཎྜལ་གྲུ་བཞི་ཁྲུ་གང་པ་བྱ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་ལྷའི་གནས་དང་གངད་ན་ཇི་ལྟ་བ་བཞིན་བསམ་སྟེ། བླ་མ་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང་། ་གཞུག་པ་དང་བཅིང་བ་དང་། མཉེས་པར་བྱས་ཏེ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་མཐར་ཐུག་པར་བྱ་ཞིང་། དེ་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། བསྟོད་པ་ཚུལ་བཞིན་བྱས་ལ། དགོངས་ཤིག་དུས་གསུམ་མགོན་པོ ་རྣམས།། སངས་རྒྱས་ཐམས་ཅད་མཆོད་པ་དང་།། སློབ་མ་རྣམས་ལ་སྨན་སླད་དུ།། བདག་མང་འདི་ཞེས་བྱ་བ་ཡིས།། དཔལ་ལྡན་རྡོ་རྗེ་འཛིན་པ་ཡི།། དཀྱིལ་འཁོར་དམ་པ་བྲི་བར་འཚལ།། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས།། བདག་ལ་བྱིན ་གྱིས་བརླབ་དུ་གསོལ་ལན་གསུམ་བརྗོད་དེ་གསོལ་བ་གདབ་པར་བྱའོ།། དེ་ནས་ཕྱོགས་སྐྱོང་རྣམས་རང་རང་གི་གནསུ་ཇི་ལྟ་བ་བཞིན་བསྐྱེད་ལ་ཛཿཧཱུཾ་བཾ་ཧོཿཕྱག་བཞིས་དགུགས་པ་ལ་སོགས་པ་ཚུལ་བཞིན་དུ་བྱས་ཏེ། མཆོད་ཡོན་དང་། ་ཤལ་བསིལ་དང་། ཞབས་བསིལ་དང་། སྤོས་དྲུང་། མེ་ཏོག་ལྷོ་སོགས་པའི་མཆོད་པ་ལྔས་མཆོད་དེ། ཁ་ཟས་སྦྱང་བདྷི་ཏིང་ངེ་འཛིན་གྱིས་གཏོར་མ་བྱིན་གྱིས་བརླབས་ཧཱུ~ཾ། ཨོཾ་ཨིནྡྲ་ཡེ་སྭཱཧཱ། ཨོཾ་ཡ་མཱ་ཡ~ཾ་སྭཱ་ཧཱུཾ། ཨོཾ་བྱཱ་རུ་ཎ་སྱེ་སྭཱཧཱ ་ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་ཨཱགྣ་ཡེ་སྭཱཧཱ། ཨོཾ་ནེ་རེ་ཏཱི་རཱཀྵ་ཏ་བྷཱི་ཡེ་སྭཱཧཱ། ཨོཾ་བ་ཡེ་བེ་སྣེ་ཧཱ། ཨོཾ་ཨཱི་ཤཱུན་ཡེ་སྭཱ་ཧཱུ~ཾ། ཨོཾ་སཱུརྱཱ་ལྱེ་སྭཱཧཱ། ཨོཾ་ཚནྟ་ད~ཾ་བྱཱ་སྭཱཧཱ། ཨོཾ་བྲྀ་ཐྭཱི་བྷཱ་ཡ་སྟུཧཱ། ཞེས་པས་གཏོར་མ་དབུ་ལཱ~ཾ་མཱཾ།། ཨོཾ་ཨ་ཀཱ་རོ ་ངྒེ་རྣ་མོ་སྟེ་སྣང་། ཞེ་ཡིན་ཐས་པས་རྒྱ་། མས་ནི་ས་།། འི་རྒྱུན་མ་།། སརྣམཔ། སྦྱིན་དང་བླནམ་ཟེ་གྲོ ་ལ་གནས་པའི་འབྱུང་པོ་ཀུན།། བདག་མིང་འདི་ཞེས་བགྱི་བ་ཡིས།། སངས་རྒྱས་རྣམས་ལ་མཆོད་པ་དང་།། སེམས་ཅན་རྣམས་ལ་ཕན་དོན་དུ།། ས་ཕྱོགས་དགེ་གནས་འདི་ཉིད་དུ།། དམ་པའི་དཀྱིལ་འཁོར་ཆར ་འབྱུང་བ།། ཇི་ལྟར་བསམས་པའི་ལས་བྱེད་ན།། ཁྱེད་ཀྱིས་བར་ཆད་མ་བྱེད་པར།། དགེ་བའི་གྲོགས་པོ་ཉིད་དུ་མཛོད།། དེ་ལྟར་ཁྱེད་ལ་བདག་གིས་ནི།། བཟོད་པ་གསོལ་གྱིས་མ་བསླུ་བར།། རྨི་ལམ་ལ་སོགས་མཚན་མ་རྣམས།། ཉེས་ལེགས ་ལྟས་རྣམས་བསྟན་དུ་གསོལ། ཞེས་ལན་གསུམ་བརྗོད་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་ལྕོགས་ན་ལས་ཐམས་ཅད་པའི་ཐབ་ཁུང་དེར་དཀྱིལ་འཁོར་གྱི་ལྷ་དང་འཇིག་རྟེན་སྐྱོང་བ་རྣམས་ལ་སྦྱིན་སྲེག་བྱའོ།། དེ་ནས་མི་རུས་ཀྱི་ཕྱེ་མ་ལས་གནོད ་མཛེས་ཀྱི་སྔགས་ཀྱིས་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ།། མི་ལྕོགས་ན་ལས་ཐམས་ཅད་པའི་སྔགས་ཀྱི་ཆུས་བགེགས་ཉེ་བར་ཞི་བར་བྱའོ།། དེ་ནས་ཇི་ལྟར་བརྟགས་པའི་དབུསུ་ལས་ཐམས་ཅད་པར་བྱིན་གྱིས་བརླབས་པའི་ལས་ཀྱི་རྡོ་རྗེ ་གཡས་བསྐོར་དུ་ཁྲུ་ཟབ་སུ་བརྐོ། ཞོགས་མ་དང་སོལ་དུམ་དང་། རུས་པ་དང་། སོ་ཕག་ལ་སོགས་པའི་སྐྱོན་བསལ་ལ། སྨན་ལྔ་དང་ནི་རིན་པོ་ཆེ་ལྔ་དང་། འབྲུ་ལྔ་བླུགས་ལ་དཱི་ཞིམྦ་ཞིམ་བསྐུམ་པའི་སྲས་བཀ་ལ་གྲུ་བཞི་ལྷམ་པར་ས་གཞི་མཐས ་པར་བྱས་ལ་བ་ཀོ་ཙམ་དུ་བོའི་ལྕི་བ་ས་ལ་མ་ལྷུང་བས་བྱུག་གོ། དྲི་ཞིམ་པོའི་ཆུས་ཀྱང་བྱུག་སྟེ། མེ་ཏོག་སིལ་མ་དགྲམ་པ་ནི་ཕྱིའི་སྦྱང་བའོ།། དེའི་སྟེང་དུ་སྦྱོར་བ་གསུམ་གྱིས་ཏིང་འཛིན་རྫོགས་པར་བསྒོམས་པའི་མཐར་གནོད་མཛེས་ཀྱི་སྔགས་ཀྱིས ་བགེགས་བསྐྲད་པ་ནི་ནང་གི་ས་སྦྱང་པའོ།། འདི་དག་ནི་ས་སྦྱང་བའི་ཆོ་གའོ།། དེ་ནས་ཧཱུཾ་ཁཾ་ཧཱུཾ་ཞེས་པས་རྣམ་པར་དག་པའི་ནམ་མཁའ་བསམ་ནས། དེ་ནས་ཧཱུཾ་སུཾ་ཧཱུཾ་ཞེས་བཱ་ས་ན་མཁའ་ལ་གནས་པའི་རིན་པོ་ཆེ་སྣ་བཞིའོ་རོའི་རྒྱལ་པོ་རི་རབ་བསྐྱེད་ལ། ་དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་ཞེས་པས་གསོར་གྱི་ས་གཞི་གྲུ་བཞི་པོ་ལ་རྡོ་རྗེ་ཕྲེང་བས་བརྒྱན་པར་བས་མོ།། དེའི་སྟེང་དུ་རྡོ་རྗེ་ཐལ་མོ་བཅིངས་པས་ཁ་སྦུབ་ལ། ཨོཾ་བཛྲ་མཾ་དི་ནི་བཛྲི་བྷ་བ་བནྡྷ་ཧཱུཾ་ཞེས་པས་དེ་དག་བྱིན་གྱིས་བརླའོ།། དེ་ནས་སྦྱོར་བ་གསུམ་གྱི་ཏིང ་འཛིན་བསྒོམ་པ་འདི་ནི་ས་གཞི་བྱིན་གྱིས་བརླབ་པའི་ཆོ་གའོ།། །། དེ་ནས་ཡང་བདག་ཉིད་དང་པོའི་སྦྱོར་བས་ཞེ་སྡང་རྡོ་རྗེར་བསྒོམས་ལ།། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པོ་བཞི་ཕྱོགས་བཞིན ་གནས་པའི་ལས་ཀྱི་རྡོ་རྗེ་བཞི་དངོས་སུ་འམ་སེམས་ཀྱིས་བསམས་ཀྱང་རུང་སྟེ། དཀྱིལ་འཁོར་ཆེན་པོ་བྲི་བར་གསོལ་བར་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་བདག་མེད་པ་ཡི་མཆོག། དཀྱིལ ་འཁོར་དམ་པ་བཤད་དུ་གསོལ།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་རྣམ་སྤངས་པ།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བཤ་དུ་གསོལ།། ཞི་བའི་ཆོས་ནི་མཆོག་ལ་བྱུང་།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང ་པ།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བཤ་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པ་དྲི་མ་མེད།། ཀུན་བཟང་ཐུགས་མཆོག་ཁ་ལོ་སྦྱར།། དཀྱིལ་འཁོར་དམ་པ་བཤད་གསོལ།། དེ་ལྟར་ལན་གསུམ་དུ་གསོལ་བ ་བཏབ་ནས།། བདག་ཉིད་ཞེ་སྡང་རྡོ་རྗེ་ཁྲོ་བོ་ཆེན་པོ་བསྒོམས་ཏེ། མིག་གཡས་གཡོན་དུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་དབུས་སུམ་ག་འབྲས་ཧཱ་ལས་གྱུར་པའི་རྡོ་རྗེ་ནག་པོ་དེ་ལས་འོད ་ཟེར་གྱི་སྣང་བ་ཕྱོགས་བཅུར་འཕྲོས་པས་ན་མཁའི་དབྱིངས་ཐམས་ཅད་ཏུ་ཁྲོ་བོའི་དཀྱིལ་འཁོར་གྱིས་ཁྱབ་པར་སྤྲུལ་པར་བྱའོ།། རྐང་པ་གཉིས་ལ་ཨ་ལས་སྣ་ཚོགས་རྡོ་རྗེ་འོད་འབྲབ་བསྒོམས་ལ་ལག་པ་གལས་གཡོན་དུ་རྡོ་རྗེ་དང་དྲིལ་བུ ་འགྱིང་བག་ཅན་དུ་འཛིན་པས་དབང་ལྡན་ཕྱོགས་ནས་བརྩམས་ཏེ། སྟང་སྟབས་ཀྱི་གཡས་སྐོར་བར་བྱའོ།། ཚིགསུ་བཅས་པ་འདི་དག་བརྗོད་ཅིང་བསྐོརོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། སངས་རྒྱས་ཐམས་ཅད་བདག་ལ་གསོན།། བདག ་ནི་དཔལ་ལྡན་རྡོ་རྗེ་འཛིན།། བཀའ་ཡི་འཁོར་ལོ་རབ་སྦྱོར་གྱིས།། ལྷ་དང་ལྷ་དབང་གསང་བ་པ།། བརྗེད་བྱེད་ལ་སོགས་འགེགས་ཀྱི་ཚོགས།། ས་འདིར་མ་གནས་གཞན་དུ་དེངས།། གལ་ཏེ་དམ་ཚིག་ལས་འདས་ན།། རྡོ་རྗེ་ཁྲོ་བོ་བཞིན ་འབར་བའི།། རྡོ་རྗེ་རབ་ཏུ་འབར་བ་ཡིས།། མགོ་ན་ཚིལ་པ་བརྒྱར་གཤོག་ཅིང་།། ཞིག་པར་འགྱུར་བ་གདོན་མི་ཟ།། ཞེས་བརྗོད་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླའོ།། དེ་ནས་སེང་ལྡེང་གི་ཕུར་བ་ལ་དྲི་དམར་པོས་བྱུགས་ཤིང ་སྲད་བུ་དམར་པོ་དང་མེ་ཏོག་གི་ཕྲེང་བ་བརྟགས་པ་བསྟོད་ཞལ་གསུམ་ཕྱག་དྲུག་པ་སྨད་ཟུར་གསུམ་རྩེ་གཅིག་པར་བྱིན་གྱིས་བརླབ་པའམ།། ཡང་ན་བཀའི་འཁོར་ལོའི་སྦྱོར་བས་ཕུར་བུ་གདབ་པར་བྱའོ།། འདི་དག་ནི་ས་ཡོངསུ་བཟུང་བའི་ཚེ ་གའོ།། ། དེ་ནས་གནོད་མཛེས་དང་འདོད་པའི་རྒྱལ་པོས། ར་བ་དང་དྲ་བས་ཕྱོགས་བསྲུང་ཞིང་བཅིང་བར་བྱའོ།། འདི་དག་ནི་ས་བསྲུང་བའི་ཆོ་གའོ།། ། དེ་ནས་མི་བསྐྱོད་པའི་ཕྱག་རྒྱས་གནོན་དུ་བྱས ་པས་དཀྱིལ་འཁོར་གྱི་ས་ལ་བཞག་སྟེ། ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བརྗོད་པས་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མཚན་པ། ལག་པ་ན་གསེར་གྱིས་བུམ་པ་འཛིན་པ། དཀྱིལ་འཁོར ་གྱི་སའི་དབུས་ནས་འཐོན་པར་བསམས་ཏེ། དེ་ལ་འདི་སྐད་དུ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོད་པའི་ཚུལ་དང་ཁྱད་པར་དང་།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཤཱཀྱ་སེང་གེ་སྐྱོབ་པ་ཡིས།། ཇི་ལྟར་བདུད ་ཀྱི་སྡེ་བཅོམ་པ།། དེ་བཞིན་བདག་གི་བདུད་ཀྱི་སྡེ།། ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ།། དེ་ནས་མཆོད་ཡོནོ་དང་ཞབས་བསིལ་དང་། མཆོད་པ་དུལ་ཏེ་བཟོད་པར་གསོལ་ཏེ། དེ་ཉིད་དུ་ཐིམ ་པར་བསམ་མོ།། དེ་དག་ནི་སའི་ལྷ་མོ་སྟ་གོན་དུ་གནས་པའི་ཆོ་གའོ།། ། དེ་ནས་བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུས་ལྷའི་གྲངས་དང་མཐུན་པའི་རིགས་སོ་སོའི་ཐིབ་ལེ་བྱས་ལ། གདན་དང་གཞལ་ཡས་ཁང་ཇི་ལྟ་བ་བཞིན ་བསམས་ལ། ཕྱག་རྒྱ་དང་གཉིསུ་མེད་པའི་ཁྱད་པར་ལས་དམ་ཚིག་གི་འཁོར་ལོ་རྫོགས་པར་བཀོད་ལ། ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། ཇི་ལྟ་བ་བཞིན་དུ་བྱིན་གྱིས ་བརླབ་པ་བྱས་ལ།། ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་ཅིང་བསྟོད་པ་བྱས་ཏེ། གསོལ་བ་ལན་གསུམ་དུ་གདབ་པར་བྱའོ།། ལག་པས་བདུག་སྤོས་བླངས་ནས་པུས་མོ་ས་ལ་བཙུགས་ཏེ་འདི་སྐད་དུ། ་བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོ་གྲོ། རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ།། ཐུགས་རྗེ་བདག་ཉིད་ཅན་དག་གི། དཀྱིལ་འཁོར་བདག་ཉིད་བྲི་བར་འཚལ།། སློབ་མ་རྣམས་ལ་བརྩེ་བ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། བཅོཾ ་ལྡན་བདག་ནི་གུས་པ་ལྔ།། དེ་ནི་སྣང་བར་མཛད་པའི་རིགས།། སངས་རྒྱས་འགྲོ་འཁོར་བྱ་དོན་རྩོལ།། བྱང་ཆུབ་སེམས་དཔའ་འབྲས་གནས་དང་།། གཞན་ཡང་གསང་སྔགས་ལྷ་རྣམས་དང་།། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་།། ་གང་ཡང་འབྱུང་པོ་མཐུ་ཆེན་དང་།། གང་ཡང་རྡོ་རྗེ་སྤྱན་མངའ་བའི།། སེམས་ཅན་བསྟན་ལྀ་དགའ་བ་རྣམས།། བདག་མིང་འདི་ཞེས་བགྱི་བ་ཡིས།། རྡོ་རྗེ་འཛིན་གྱིས་དཀྱིལ་འཁོར་ནི།། ཡོ་བྱད་ཅི་འབྱོར་པས་འདྲི་ན།། དེང་བདག་སློབ ་མར་བཅས་པ་ལ།། ཐུགས་ནི་རྩི་བར་དགོངས་ནས་སོ།། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།། དེ་ལྟར་ལན་གསུམ་དུ་གསོལ་བ་བཏབ་ལ་མཆོད་པ་ལ་སོགས་པ་བྱས་ནས་ར་བ་དང་དྲ་བས་ཕྱོགས ་མཚམས་བཅིང་བ་བྱས་ཏེ། འདི་དག་ནི་དཀྱིལ་འཁོར་གྱི་ལྷ་སྟ་གོན་དུ་གནས་པའི་ཆོ་གའོ།། ། དེ་ནས་གསེར་ལ་སོགས་པའམ། སའི་ཁམས་ཀྱི་རྒྱུ་ལས་བྱས་པའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་གི་ཁ་ཁྱེར་དང་ལྡན་ཞིང་མཆུ ་འཕྱང་བ་དག་ནོག་མེད་པ་ལྷའི་གྲངས་དང་མཐུན་པར་བྱས་ཏེ། ཙནྡན་དཀར་པོས་བྱུགས་ཤིང་པདྨ་ལ་སོགས་པའི་གདན་ལ་སོ་སོ་རང་རང་གི་མཚན་མས་མཚན་པ་བྲི། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས་ལ་ཙུ་ཏ་ལ ་སོགས་པའི་འབྲས་བུ་ཅན་གྱི་ཤིང་གི་ཁ་བརྒྱན་པོ་སྔགས་ཀྱིས་བཏབ་པ་དྲི་ཞིམ་པོའི་ཆུས་གང་བཱི། གྲོ་དང་ནས་དང་ཏིལ་དང་འབྲས་སོ་བ་དང་མོན་སྲན་དྲེའུ་སྟེ་འབྲུ་ལྔ་དང་། དྷུ་རུ་དང་ས་ལེ་སྦྲུམ་དང་། དུང་དང་མུ་ཏིག་དང་། ནོར ་བུ་སྟེ་རིན་པོ་ཆེ་ལྔ་དང་། སཾ་ཧ་དང་། བྷོ་གྲྀ་དང་། ཧ་སྭ་དང་། ཧ་ས་དེ་བ་དང་། ཀ་ར་ནི་ཀ་སྟེ་སྨན་ལྔ་བླུགས་ལ། མེ་ཏོག་གི་ཕྲེང་བས་བཅིངས་པོའི་རྡོ་རྗེ་ཁར་བཞག་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་ཏིང་འཛིན ་ལ་གནས་ལ་བཟླས་པ་བྱ། ཡི་གེ་བཾ་ལས་གྱུར་པའི་གསེར་གྱི་བུམ་པ་བསྒོམས་ལ། ཧྲཱིཿལས་གྱུར་པའི་པདྨ་དང་། ཨོཾ་དང་ཨ་ལས་གྱུར་པའི་ཟླ་བ་དང་ཉི་མའི་གདན་ལ་རང་རང་གི་ས་བོན་ཡོངསུ་གྱུར་པ་ལས་སྐུ་རྫོགས ་པ་ལ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ་བསྟིམ་པར་བྱ་སྟེ། མཆོད་ཡོན་དང་། མཆོད་པ་ལྔ་ཕུལ་ལྀ། གཏོར་མྱི་ཡང་ཁ་ཟས་སྦྱང་བའི་ཏིདྷི་ངེ་འཛིན་དུ་བྱས་ལ། ཐུན་མཚམས་བཞི་རུ་ཕུལ་ནས་སོ་སོའི་བཟླས་པ་སྟེ ་མཉེས་པར་བྱའོ།། དེ་ཡང་གཡསུ་རྣམ་པར་རྒྱལ་བའི་བུམ་པ་བཞག་སྟེ། མི་གཡོ་བའི་ཏིང་ངེ་འཛིན་དུ་བྱའོ།། གཡོན་དུ་ལས་ཐམས་ཅད་པའི་བུམ་པ་བཞོག་ལ་མཆོད་པ་དང་། བཟླས་པས་མཉེས་པར་བྱས་ནས། དཀྱིལ ་འཁོར་གྱི་བགེགས་བསལ་དུ་གསོལ་ཞེས་འཕྲིན་ལས་བཅོལ་ལོ།། དཀྱིལ་འཁོར་ལ་མཆོད་པ་ཡང་བྱ་སྟེ། སྒྱུ་མ་བཞིན་དུ་གསོལ་པ་གདབ་པ་ཡང་ལན་གསུམ་དུ་བྱའོ།། འདི་དག་ནི་བུམ་པ་སྟ་གོན་ལ་གནས་པའི ་ཆོ་གའོ།། དེ་ནས་ཕྱི་རོལ་ཏུ་བྱུང་ནས་རང་གི་སློབ་མ་བརྟགས་ལ་བཟུང་བར་བྱ་སྟེ། བློ་དང་ལྡན་པ་ཐེག་པ་ཆེན་པོ་དགའ་བ་བླ་མ་ལ་དད་ཅིང་སྙིང་རྗེ་ཆེ་བ། བཀའ་དྲིན་རྗེས་སུ་དྲན་པ་ང་རྒྱལ་མེད་པ་བསླབ་པ་ཡིད་ཆེས་པ་དང་ལྡན་པ། གསང ་སྔགས་བསྒྲུབ་པ་དང་། སློབ་དཔོན་ལ་ལྷག་པར་མོས་པ་རིགས་དང་ལྡན་ཞིང་སྡོམ་པ་དང་དམ་ཚིག་ལ་གནས་པ་ནི་རིན་པོ་ཆེའི་སྐྱེས་བུ་ཞེས་བྱ་བའི་གྲངསུ་འགྲོ་སྟེ། འདི་ནི་བརྟན་པས་མཆོག་ཏུ་བཟུང་བར་རྒྱལ་བ་རྣམས་ཀྱིས ་གསུང་སོ།། དེ་ལས་གཞན་པའི་སློབ་མ་ནི་དད་པ་སྔོན་དུ་འགྲོ་བས་བྱང་ཆུབ་ལ་དམིགས་ནས། དཀྱིལ་འཁོར་གྱི་ལྷ་དང་བླ་མ་ལ་དད་པ་རྒྱ་ཆེན་པོ་བྱེད་པ་ཡང་ཅི་རིགས་པར་བཟུང་བ་རབ་སྟེ། གང་ཟག་གི་རིམ་པ་བཞིན་སྦྱར་རོ།། ་དེ་ལས་གཞན་པ་ནི་སློབ་མ་དང་ཚིགས་པའི་བདག་ཉིད་གང་དང་ཡང་མི་ལྡན་པ་དེ་ནི་འདིར་མི་སྣང་ཞིང་དགག་པར་བྱའོ།། དེ་ལྟར་སྣོད་དང་སྣོད་མོ་ཡིན་པ་རྣམས་བརྟགས་ལ་སློབ་དཔོན་དེ་དག་ཉིད་ཁང་པའི་ནང་དུ་འཇུག། དེ་ནས ་སྐལ་བ་དང་ལྡན་པའི་སློབ་མས་ཀྱང་སྒོ་དྲུང་དུ་གནས་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། དམ་ཚིག་དེ་ཉིད ་སྩལ་དུ་གསོལ།། བྱང་ཆུབ་སེམས་ནི་བདག་ལ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་འཇུག་པར་འཚལ།། དེ་ལྟར ་ལན་གསུམ་གསོལ་བ་བཏབ་ནས། སློབ་དཔོན་འཁོར་ལོའི་གཙོ་བོའི་ཏིང་ངེ་འཛིན་ལ་གནས་པས་ཚིག་འདིས་གནང་བ་སྦྱིན་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི།། གསང་སྔགས་སྤྱོད་ཡུལ་ཆོ་ག་དག། ཁྱོད་ལ་ཡང་དག་བསྟན་པར་བྱ།། ཁྱོད་ནི ་ཚུལ་ཆེན་སྣོད་ཡིན་ཏེ།། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། རྡོ་རྗེ་གསུང་སྔགས་བསྒོམས་པ་ཡིས།། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ།། ཐམས་ཅད་མཁྱེན་པ་མཚན་མེད་བརྙེས།། གསང་སྔགས་སྦྱོར་བ ་མཉམ་མེད་དེ། ཤཱཀྱ་སེང་གེ་སྒྲིབ་པ་ཡིས།། བདུད་སྡེ་ཤིན་ཏུ་མི་བཟོད་པ།། དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ།། འཇིག་རྟེན་རྗེས་འཇུག་པར་རྟོགས་ནོས།། འཁོར་ལི་བྲི་སྐོར་ནས་མྱ་ངན་འདས།། དེ་བས་ཀུན་མཁྱེན་ཐོབ་བྱ་ཕྱིར།། བུ་ཡི་སཽ་བློ ་གྲོས་འདི་བྱོས་ཤིག། ཅེས་སྨྲའོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། ཡོངསུ་བསྔོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བདག་ཉིད་ལུས ་དབུལ་བར། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་པོར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། སྒྲིབ་པ་མེད་པའི་ཡེ་ཤེས་སྡོམ་པ་བཟུང་བ་དང་། སྨོན་ལམ་གདབ་པར་བྱའོ།། དཀོན་མཆོག་གསུམ ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་ནི་སློབ་མས་ཚིགསུ་བཅད་པ་བརྗོད་ཅིང་བྱའོ།། སྡོམ་པ་བཟུང་བ་ནི་དང་པོ་སློབ་དཔོན་གྱི་བསྒོ་སྟེ། འདི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱབསུ ་སོང་།། འདི་ནི་སངས་རྒྱས་རིགས་དག་པའི།། དམ་ཚིག་བརྟན་པར་གྱུར་པའོ།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག། བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས།། བྱང་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་ཞེས་གྲགསོ།། སློབ་དཔོན་དག་ཀྱང་བཟུང་བར་གྱིས།། ་བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་གསུངས།། རིན་ཆེན་རིགས་མཆོག་ཆེན་པོ་ལ།། ཉིན་དང་མཚན་མོ་ལན་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། སྦྱིན་པ་རྣམ་བཞི་དག ་སྦྱིན།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་ཆོས་ཁྱོད་ཀྱིས་བཟུང་བར་གྱིས།། འདི་ནི་པདྨའི་རིགས་དག་པའི།། དམ་ཚིག་སྡོམ་པ་ཡིན་པར་གསུངས།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག ་ཉིད་དུ་བཟུང་བར་བྱ།། མཆོད་པའི་ལས་ཀྱང་ཅི་ནུས་བྱ།། སྲོག་ཆགས་རྣམས་ནི་བསད་མི་བྱ།། མ་བྱིན་པར་ཡང་མི་བླང་ངོ་།། འདོད་ཆགས་དག་ཀྱང་མི་བྱ་ཞིང་།། རྫུན་དུ་སྨྲ་བར་མི་བྱའོ།། ཉེས་པ་ཀུན་གྱི་རྩ་བ་སྟེ།། ཆང་ནི་རྣམ་པར་སྤང་བར་བྱ། ་སེམས་ཅན་གདུལ་ཕྱིར་མ་གཏོགས་པར།། བྱ་བ་མ་ཡིན་ཐམས་ཅད་སྤངས།། དམ་པ་ཉེ་བར་བརྟེན་བྱ་ཞིང་།། རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ།། ལུས་ཀྱི་ལས་ནི་རྣམ་གསུམ་བྱ།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ ་དག་ནི།། ཅི་ནུས་པར་ཡང་རྗེ་སུ་བསྲུང་།། སེམས་ཅན་དོན་ལ་མི་ཕྱོགས་དང་།། ཐེག་པ་དམན་ལ་དགོད་མི་བྱ།། འཁོར་བདག་ཀྱང་ཡོངས་མི་སྤངས།། རྟག་ཏུ་མྱ་ངན་འདས་མི་ཆགས།། ལྷ་དང་ལྷ་མིན་གསང་བྱ་པ།། དེ་ལ་བརྙས་པར་མི་བྱ་ཞིང་།། ་ཕྱག་རྒྱ་གཞོན་པ་མཚོན་ཆ་དང་།། མཚན་མ་འགོམ་པར་མི་བྱའོ།། དེ་ལྟར་དམ་ཚིག་གསུངས་པ་དག། བློ་ལྡན་ཁྱོད་ཀྱིས་རྟག་ཏུ་བསྲུངས།། དེ་ནས་བླ་མ་དོས་གསུངས་པའི།། སྡོམ་པ་ལེགས་པར་བཟུང་བྱའོ།། ཆགས་འགྱུར་ལས།། ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། ། ་བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པས།། དམ་པ་བདག་གིས་བསྐྱེད་པར་བགྱི་ཟེར།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡོད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན ་པོར་བཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ།། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི།། སྡོམ་པ་དེང་ནས་བཟུ་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ཡི།། རྡོ་རྗེ་དྲལ་བུའི་ཕྱག་རྒྱ་དག། ལྔ་དག ་ཉིད་དུ་བཟུང་བར་བགྱི།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དམ་ཚིང་ཡིང་དུ་འོང་པ་ལ།། ཉིན་རེ་བཞིན་དུ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི ་རིགས་མཆོག་ཆེན་པོ་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་བཟུང་བར་བསྡུ།། མཚད། ་པའི་ལས་ཀྱང་ཅི་ནུས་བགྱི།། བྱང་ཆུབ་སེམས་ནི་བླ་མོད་པ།། དམ་པ་བདག་གིས་བསྐྱེད་པར་བགྱི།། སེམས་ཅན་མ་ལུས་དོན་གྱི་ཕྱིར།། བདག་གི་སྡོམ་པ་མ་ལུས་བཟུང་།། མ་བརྒལ་བ་དག་བསྒྲལ་བར་བགྱི།། མ་གྲོལ་བ་དག་བདག་གི་སྦྱོལ། ་དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། མྱ་ངན་འདས་ལ་དགོད་པར་བགྱི།། ལུས་དང་ངག་དང་ཡིད་དག་གིས།། མི་དགེ་བ་ནི་བཅུ་པོ་དག། བག་མེད་པ་ནི་གནས་གྱུར་པ།། ཆང་ནི་རྣམ་པར་སྤང་བར་བྱ།། དེ་བཞིན་ལྷ་དང་ལྷ་མིན་དང་།། ་གསང་བ་པ་དག་བརྙེས་པ་དང་།། མཚན་མ་ལ་སོགས་འགོམ་པ་རྣམས།། དུས་འདི་ནས་ནི་བཟུང་ནས་ནི།། ཇི་སྲིད་བྱང་ཆུབ་སྙིང་པོའི་བར།། བདག་ནི་རབ་ཏུ་ལྡོག་པར་བགྱི།། དེ་ལྟར་སྡོམ་པ་བཟུང་བའི་སློབ་མ་ལ་སྙིང་ག་དང་མགྲིན་པ་དང ་དཔྲལ་བར་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཐིག་ལེ་གསུམ་བྱས་ཏེ། ཉི་མ་དང་པདྨ་དང་། ཟླ་བ་ལ་ཡི་གེ་གསུམ་སོ་སོར་བཀོད་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་ཅིང་།། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ།། དེ་ནས་མཆོད ་བྱས་ཏེ། སྤྱི་བོར་མེ་ཏོག་དང་སྤོས་དང་། མར་མེ་དང་དྲི་ནི་སྙིང་གར་རོ།། ལྷ་བཤོས་ནི་མདུན་དུའོ།། དེ་རེ་རེ་ལ་ཡང་ཚིག་འདི་སྔོན་དུ་འགྲོ་བས་སྦྱིན་ཏེ། དུས་འདི་ཉིད་ནས་བཟུང་ནས་ནི།། འཁོར་བའི་སྐྱོན་གྱིས་མ་གོས་པར།། མཆོ ་པ་ཀུན་དང་ལྡན་པ་ནི།། དུས་ཀུན་ཏུ་ནི་བདེ་བར་མནོས་ཞེས་པས་སོ།། དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས། མངོན་པར་སྔགས་པའི་སོ་ཤིང་སོར་བཅུ་གཉིས་པ་ཤིང་དྲང་པོ་འོ་མ་ཅན་ལས་བྱུང་བ་སྲིན་བུས་མ་ཟོས་པ། པུ་ག་དང ་མཛེར་པ་མེད་པ་དྲང་པོར་བྱས་པ་ལ་དྲི་ཞིམ་པོས་བྱུགས་ཤིང་རྩེ་མོ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་སློབ་མ་ཤར་ཕྱོགསུ་ཁ་བལྟས་ཏེ་མི་སྨྲ་བར་སོ་ཤིང་བཅའོ།། བཟའ་བ་ཟིན་ནས་མདུན་དྲང་པོར་དོར་རོ།། དེ་ནས་སོ་ཤིང་གི་རྩེ་མོའི་བལྟས ་ལྟ་སྟེ། ཕྱོགས་མཚམས་ཀྱི་དབྱེ་བས་ཞི་བ་ལ་སོགས་པའི་ལྷས་བརྒྱད་འགྲུབ་པའམ། ཡང་ན་བདག་ལ་བལྟ་བ་འམ་རྩེ་མོ་གྱེན་དུ་འགྲེང་ན་དངོས་གྲུབ་མཆོག་འགྲུའོ།། དེ་བཞིན་དུ་ཤར་དུ་བལྟས་ན་དངོས་གྲུབ་འབྲིང་འགྲུབ་བོ།། མཚམས ་དང་བྱང་དུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་བོ།། ཐུར་དུ་བལྟས་ནས་འོག་གིས་དངོས་གྲུབ་འགྲུབ་བོ།། དེ་ནས་ངག་གི་ཉེས་པ་སྦྱངས་པའི་ཕྱིར་འཐོར་འཐུང་བྱས་ཏེ། ཁ་བཀྲུས་ནས་ཧུ་བ་གསུམ་འཐུང་དུ་གཞུག་པའི་སྔགས་ནི། ་ཨོཾ་ཏྲ་བཽ་ཤུདྡྷཱ་ཡ་སརྦ་དྷརྨཱ་ཡ་སརྦ་པཱ་པཾ་ནཱི་ཙ་སྱཾ་ཤོ་དྷ་སཱ། སརྦྦ་བི་ཀི་ལ་པཾ་ཨ་པ་ན་ཡ་ཧཱུཾ། ཞེས་བཟླས་ལ་ཆུ་ཁྱོར་བ་གསུམ་འཐུང་དུ་བཞུགཽ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས།། ཨུ་དུམ་པ་རའི་མེ་ཏོག་བཞིན།། བརྒྱ་ལམ་ནི་རེས ་འགའ་ཞིག་ཡིན།། འབྱུང་འགྱུར་ཡང་ན་མི་འབྱུང་ངོ་།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་དཀོན་པ་སྟེ།། གང་གིས་མཉམ་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས། བསྐལ་པ་བྱེ་བ་དུ་མ་རུ།། སྡིག་པ་བྱས ་པར་གྱུར་པ་གང་།། དེ་ཀུན་དཀྱིལ་འཁོར་འདི་འདྲ་བ།། མཐོང་བས་འབྱུང་བར་འགྱུར་བ་ཡིན།། གྲགས་པ་མཐའ་ཡས་སྔགས་སྤྱོད་པའི།། ཚུལ་ལ་གནས་པ་སྨོས་ཅི་དགོས།། སྐྱོབ་པའི་གསང་སྔགས་བཟླས ་ནས་ནི།། གོ་འཕངས་བླ་ན་མེད་པར་འགྱུར།། གང་དག་སྤྱོད་པ་མཆོག་འདི་ལ།། བློ་གྲོས་ཤིན་ཏུ་མི་གཡོ་བ།། དེ་དག་གི་ནི་ངན་འགྲོའི་རྒྱུན།། སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས།། རྙེད་པ་མཉམ ་མེད་དེ་རིང་རྙེད།། གང་ཕྱིར་རྒྱལ་བ་སྲས་བཅས་ལ།། བདག་ཉིད་ཆེན་པོ་ཀུན་གྱིས་ནི།། བསྟན་པ་འདི་ལ་ཁྱེད་རྣམས་ཀུན།། ཡོངསུ་བཟུང་སྟེ་སྐྱེ་བཞིན་པ། མ་དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ།། སང་ནི་རབ་ཏུ་སྐྱོ་བར་འགྱུར།། ཐེག་པ་ཆེན་པོ ་ཆེར་འབྱུང་བའི།། ལས་མཆོག་འདི་ནི་དཔལ་དང་ལྡན།། ཁྱེད་རྣམས་དེ་རོན་དོང་བས་ན།། རང་འབྱུང་སྐལ་པ་ཆེན་པོ་ལ།། འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི།། དེ་བཞིན་གཤེགས་པར་འགྱུར་བ་ཡོན། ས་བྱ་བའི་ཚིག་འདི་དག ་ནི།། ཐེག་པ་ཆེན་པོའི་ཆོས་བཤད་པས་སྤྲོ་བ་ཡང་དག་པར་སྐྱེད་པར་བྱའོ།། དེ་ནས་ལས་ཐམས་ཅད་པ་བཟླས་པའི་སྲུང་སྐུད་མདུད་པ་གསུམ་བོར་བ་དཔུང་པ་གཡོན་པ་ལ་གདག་སོ།། དེ་ནས་སྔགས་ཀྱིས་བཏབ་པའི་ཀུ་ཤ་ལ་སྔས ་དང་། སྟན་བྱས་ཏེ། རྨི་ལམ་གྱི་བལྟས་ལྷའོ།། རྨི་ལམ་གྱི་བལྟས་མཐོང་བ་དགེ་བ་འམ་མི་དགེ་བ་ནང་པར་དུས་སུ་པ་ལཾ་བཟློས་ཤིག་ཅེས་བསྒོའོ།། རྨི་ལམ་མི་དགེ་བ་ན་ལས་ཐམས་ཅད་པའི་སྔགས་ཀྱིས་གཞོམོ།། དེ་ནས་མཆོད་པ ་དང་བསྟོད་པ་བྱས་ཏེ། ན་མཁའི་ཕྱོགསུ་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ལ། དྲ་བ་དང་ར་བས་ཁ་སྦྱར་གྱི་སྦྱོར་བས་བསྲུངས་ཏེ་བཞག་གོ།། དེ་དག་ནི་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་ཏི་ངེ་འཛིན ་ལ་གནས་པས་རང་བཞིན་གྱིས་དཀྱིལ་འཁོར་བསྐུལ་བའི་ཕྱིར་ན་མཁའ་ལ་གདབ་པའི་སྐུད་པ་དང་མཚོན་གྱི་དཀྱིལ་འཁོར་བྲི་བའི་ཕྱིར་ས་ལ་གདབ་པ་དང་གཉིས་བྱ་སྟེ། དེ་ལ་ཐོག་མར་རང་གི་ཕྱག་རྒྱ་མ་བསླབ་པར་འབྱོངས་པ་དང ་ཐིག་སྐུད་བཀལ་ཏེ། དེ་ནས་ཚོན་ལྔ་སོ་སོར་བཙོས་ནས་བདུད་རྩི་ལྔ་དང་དྲི་ཞིམ་པོས་བྱུགས་ཤིང་གསེར་ལ་སོགས་པའི་སྣོད་གཙང་མོར་བཞག་ལ། རིགས་རེ་རེ་ལ་ཡང་རང་རང་གཙོ་བོར་བྱས་པའི་ལྔ་ལྔ་ཡོད་པས་སྐུད་པོ་རེ་རེ་ལ་ཡང ་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་བྱའོ།། སྔགས་པས་བདག་ཉིད་ཀྱི་མིག་གཡས་གཡོན་ལ་ཛ་དཀར་དམར་ལས་བསྐྱེད་པའི་ཉི་ཟླ་བསྐྱེད་ལྔ།། དེ་ཉིད་ལ་ཡང་ཛས་སོ་སོར་མཚོན་པ་མིག་གིས་གཟི་མ་འདྲེན་པར་བྱེད་པའི་འབར་བའི་ལྟེ་བས་ན་མཁའི ་རིདབྱིངས་ཐམས་ཅད་དུ་ལྟས་ཏེ། ཛཿལྔས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་དྲངས་ཏེ། ཡི་གེ་ལྔས་དྲངས་པའི་དམ་ཚིག་གི་སྐུད་པ་ལོ་ཐིམ་པར་བྱས་ནས། ལས་ཐམས ་ཅོད་པའི་དྲིའི་ཆུས་བསང་གཏོར་བྱས་པའི་དྲི་དང་མེ་ཏོག་ལ་སོགས་པ་ཕུལ་ནས། ཨོཾ་ཨཱཿོཾ་ཧཱུཾཿོཾ་ཨཱཿསྭཱ་ཧཱུཾ་\ུ0f7fོཾ་ཨཱཿཱ་ཧཱུཾ། ཨོཾ་ཨཿཧཱ་ཧཱུཾ་། ཨོཾ་ཨ་\ུ0f7fཧཱུཾ་ཧཱུཾ་ཞེས་བཟླསོ།། འཁོལ་ཞིང་སྒྲིལ་བའི་དུས་སུ ་ཡང་། ཨོཾ་ཨ་ནྱོནྟ་ནུ་ག་ཏ་སརྦྦ་དྷརྨྨ་པ་ར་སྥར་ཨ་ནུ་ག་ཏ་སརྦྦ་དྷརྨྨཿ་ཏྱན་ཏ་ཨ་ནུ་ག་ཏཱ་སརྦྦ་དྷརྨྨ་ཨ་ནུ་པྲ་བེ་ཤ་ཡ་སརྦྦ་དྷརྨྨ་ཧཱུཾ་ཞེས་རྗེས་སུ་དྲན་པས་བཟླས་ཤིང་བསྒྲིལ་ལོ།། དེ་ནས་ཚོན་སྣ་གཅིག་པའི་ལས ་ཐམས་ཅད་པའི་སྐུད་ད་བྱས་ཏེ། དྲི་ཞིམ་པ་དང་བདུད་རྩི་ལྔ་དང་། ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་བསྲེས་པ་སྤངས་ཏེ། ཙནྡན་དཀར་པོའི་ཆུས་བྱུག་པར་བྱའོ།། སྐུད་པ་ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བྱའོ།། ་སྐུད་པ་བསྡོགས་ཤིང་བཟུང་ནས་ཛྫ་གསུམ་གྱིས་བཏོན་ལ་རང་རང་གི་ཕྱག་རྒྱ་ལ་ལ་གཏད་པར་བྱའོ།། ཤེས་རབ་མེད་པར་བདག་ཉིད་གཅིག་པུ་སྤྱོད་ན་སློབ་དཔོན་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་ལ་གནས་ལ་སློང་མ་རྣམ་པར་སྣང་མཛད་དམ ་བདུད་རྩི་ཐབ་སྦྱོར་དུ་བསམས་ཏེ་ཤར་གྱི་སྒོར་གནས་པར་བྱའོ།། ནུབ་དང་ཤྭ་ར་ན་གནས་པའི་སློབ་དཔོན་སློང་མས་ཁུ་ཚུར་གཡོན་གྱི་བཟུང་ནས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམ ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བ་སེམས་ཅན་དོན་གྱི་ཕྱིར་གཤེགས་ཤིག་པར་ཐིག་གི་སྒྲས་བསྐུལ་བར་བསྐུམ་པར་བྱའོ།། དེ་ནས་སློང་དཔོན་གནོད་སྦྱིན་གྱི་ཕྱོགསུ་ཁ་བལྟས་ལ་སློབ་མ་གཤིན་རྗེའི་ཕྱོགསུ་ཁ ་བལྟས་ཏེ། ན་མཁའ་ལ་ཐིག་གདབ་པར་བྱའོ།། དེ་བཞིན་དུ་ཀླུ་དང་བརྒྱ་བྱིན་གྱི་ཕྱོགསུ་ཁ་བལྟས་ལ་ཐིག་གཉིས་པ་གདབ་པར་བྱའོ།། དེ་བཞིན་དུ་གྲཝ་དང་ཕྱོགས་ལ་སོགས་པ་གདབ་པར་བྱའོ།། དེ་ལ་དང་པོ་ནི་ཚངས་པའི་ཐིག་གོ། ་གཉིས་པ་ནི་གྲཝའི་ཐིག་གོ། གསུམ་པ་ནི་ཕྱི་རོལ་གྱི་ཐིག་གོ།། བཞི་པ་ནི་སོ་སོར་ཚྭ་རྣམ་པར་དབྱེ་བའི་ཐིག་གོ།། དེ་ནས་ན་མཁའ་ལ་བཏབ་པ་བཞིན་དུ་ས་ལ་གདབ་པར་བྱ་སྟེ། ཚངས་ཐིག་གི་གཡས་གཡོན་དུ་རི་མོ་དགུ་དཀུ་བཏབ ་པས་ཆ་བཅུ་བཅུར་འགྱུར་ཏེ། སྤྱིར་ཆ་ཆེན་པོ་ཉི་ཤུར་འགྱུརརོ།། དྲི་རེ་རེའི་ནང་དུ་ཐིག་གསུམ་གསུམ་བཏབ་པས་སྣམ་བུ་བཞི་བཞིར་འགྱུར་ཏེ། དེ་ཚེ་ཕྲན་བརྒྱ་བཅུར་འགྱུརརོ།། དེ་བཞིན་དུ་ཚངས་ཐིག་གཉིས་པའི་གཡས་གཡོན ་ཡང་གདབ་པར་ཤེས་པར་བྱའོ།། །། དེ་ལ་ལྔ་པའི་དང་པོས་ནི་ར་བའི་ཚོན་སྣ་ལྔ་ཡིས་བྱའོ།། ལྔ་པ་བཞི་པས་ནི་འགྲམ་གྱི་ཚོན་སྣ་ལྔའི་ས་བྱའོ།། དྲུག་པའི་གསུམ་པས་ནཱི་སྒོའི་སྟེང་ལོགས་ཀྱི་ཚོན་སྣ་ལྔའི་ས་བྱའོ།། ་དང་པོའི་གསུམ་པས་ནི་སྒོ་ཁྱུད་ཀྱི་ཚོན་སྣ་ལྔའི་ས་བྱའོ།། གཉིས་པའི་གཉིས་པས་ནི་ལོགས་ཀྱི་ཚོན་སཱ་ལྷོའི་ས་བྱའོ།། ། དང་པོའི་བཞི་པ་དང་། གཉིས་པའི་དང་པོས་ནི་ཁྱམས་ཀྱིས་བྱའོ།། ལྔ་པའི་གཉིས་པ་དང་། ་གསུམ་པའི་ཁ་ཁྱེར་གྱིས་བྱའོ།། ལྔ་པོའི་བཞི་པས་ཁ་ཁྱེར་གྱིས་བྱའོ།། དྲུག་པའི་དང་པོ་དང་གཉིས་པས་དྲ་བོ་དང་དྲ་ཕྱེད་ཀྱིས་བྱའོ།། དེས་ནི་དཀྱིལ་འཁོར་གྱི་གནས་བསྒྲུབ་པའོ།། དང་པོའི་བཞི་པས་ནི་ནང་གི་ཀ་བའི་ས་བྱའོ།། ་གཉིས་པའི་གསུམ་པས་ནི་ཕྱིའི་ཀ་བའི་ས་བྱའོ།། དེ་ནས་ཙནྡན་གྱི་ཕུར་བུ་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཨ་བཾ་ཧཱུཾ་ཞེས་ལན་བདུན་བཟླས་པས་དབུས་ཀྱི་ལྟེ་བ་ལ་བཏབ་ལ་གསུམ་པའི་གསུམ་པ་ལ་རྡོ་རྗེ་ར་བའི་སའི་རི་མོ་གཉིསུ་གཡས ་སྐོར་དུ་ཟླུམ་པོར་བསྐོར་བར་བྱའོ།། དེ་ནས་དགུ་པའི་དང་པོ་དང་གཉིས་པ་དང་གསུམ་པ་གསུམ་རི་མོ་གཉིས་ཀྱིས་བསྐོར་བ་ཁོར་ཡུག་སྟེ། པདྨའི་ཕྲེང་བའི་ས་བྱའོ།། དེའི་འོག་གི་ཆ་གསུམ་ལ་ནང་གི་ཕྱེད ་དང་གཉིས་ཀྱིས་ནི་ཁོར་ཡུག་ཆེན་པོ་སྟེ། ཕྱི་རོལ་གྱི་རྡོ་རྗེ་ར་བའི་ས་བསྐོར་བར་བྱའོ།། དེ་དག་ཀྱང་དང་པོ་རི་མོ་ནང་ནས་བསྐོརོ།། དེ་ནས་ཕྱི་རོལ་ནས་བསྐོར་ཏེ། དེའི་ལྷག་མ་ཕྱེད་དང་གཉིས་ཀྱིས་ནི་འོད་ཀྱི་དཀྱིལ་འཁོརརོ།། ཐ་མའི་ཆ་བྲན ་སྟོང་པ་གཉིས་ཀྱིས་ནི་དཀྱིལ་འཁོར་གྱིས་བྱའོ།། དེ་ནས་གསུམ་པའི་གཞི་པ་ལ་འདོད་པའི་ལྷ་མོའི་སྣམ་བུའོ།། བཞི་པའི་དང་པོ་དང་། བཞི་པའི་གཉིས་པ་དང་། བཞི་པའི་གསུམ་པ་དང་། བཞི་པའི་བཞི་པ་རྣམས་གཅིག་ཏུ ་བྱས་པ་ནི་སྒོ་དང་འབྲེལ་བའི་ཕྱིའི་སྣམ་བུའོ།། དེ་ནས་མིག་གཉིས་ལ་ཧཱི་ལས་ཉི་ཟླ་བསྐྱེད་པའི་ཁྲོ་བོའི་ལྟ་བས་ནང་གི་ཐིག་བཏབ་ནས་ཁྲོ་བོའི་མིག་གི་སྟང་སྟབས་ཀྱི་འོད་ཟེར་གྱི་བགེགས་བསལ་ལ་ཕྱིའི་ཐིག་གདབ་པར་བྱ་སྟེ། སྔར ་བཏབ་པ་རྣམས་ཅི་རིགས་པར་སྦྱར་བར་བྱའོ།། དེ་ལ་ར་བའི་ཚོན་སྣ་ལྔ་སྒོ་དང་འབྲེལ་བ་ཕྱིས་པས་སྒོའི་ནང་དང་སྒོ་ཁྱུད་ཀྱིས་བྱའོ།། རྟ་བབས་བཞི་ནི་ཆུར་སྒོའི་བཞི་འགྱུར་རྣམས་ཕྲན་བཅུ་དྲུག་གི་ཚད་དོ།། དེ་ལ་ཆུ་སྲིན་གྱི་མགོ ་ལ་སོགས་པའི་བརྒྱན་རྣམས་དགོད་པའི་ས་བྱའོ།། ར་བ་དང་འབྲེལ་པའི་རྣམ་ཕྲན་དང་པོ་དང་། གཉིས་པ་ལ་གར་མཁན་གྱི་ལྷ་མོ་མཆོད་པས་ཕྱག་འབྲེལ་པ་རྣམསོ།། གསུམ་པ་ལ་ནི་རིན་ཆེན་ཕ་གུའི་སའོ།། བཞི་པ་དང་ལྔ་པ་ལ ་ནི་དྲ་བ་དང་དྲ་བ་ཕྱེད་པ་དང་ཉི་ཟླའོ།། དྲུག་པ་ལ་རྡོ་རྗེ་ནོར་བུ་བྱེད་པའོ།། སྒོའི་ལོགས་དང་འགྲམ་རྣམསུ་རྔ་ཡབ་འབར་བ་དང་རྒྱལ་མཚན་དང་། བ་དན་རླུང་གི་བསྐྱོད་པའོ།། ཆོས་ཀྱི་འཁོར་ལོའི་གྲཝཡཱས་གཡོན་དུ་རི་དགས་ཀྱི་མཚན ་པཕྱི་རོལ་གྱི་གྲཝ་བཞིར་གསེར་གྱི་བུམ་པ་བརྒྱད་དང་། མོཆོད་པ་ལ་སོགས་པ་ཅི་རིགས་པར་བྲི་བར་བྱའོ།། དེ་ཡང་ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། ཐིག ་དང་ནི་ཡང་དག་ལྡན།། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས།། དྲ་བ་དྲ་ཕྱེད་རྡོ་རྗེ་དང་།། ནོར་བུ་ཟླ་བས་བརྒྱན་པའོ།། སྒོ་དང་སྒོ་ཁྱུད་མཚམས་རྣམས།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། བུམ་པ་ཀ་བ་རྡོ་རྗེ་ཕྱེད།། དྲེ་སིཾ་འཕྲེང་ནི་རིམ ་བཞིན་གནས།། བ་དན་དྲིལ་བུས་མཛེས་བྱས་ལ།། རྔ་ཡབ་རྣམས་ཀྱིས་རྣམ་པར་བརྒྱན།། འདོད་པའི་ཡོན་ཏན་ལྔ་དང་ནི།། མཆོད་པ་རྣམ་པ་ལྔ་ཡིས་བརྒྱན།། ཁྲུ་ནི་བཅུ་གཉིས་ཚད་དང་ལྡན།། ཚོན་རྩི་ལྔ་དང་ཡང་དག་ལྡན།། དུམ་པ ་བརྒྱད་དང་ལྡན་པ་བྷི།། ཀུན་ནས་ཡོངསུ་ཟླུམ་པོར་བྱ།། དེ་དག་གི་ནི་ཛིག་གི་གོ་ཆའོ།། ། དེ་ནས་རྡུལ་ཚོན་བྱིན་གྱིས་བརླབ་པར་བྱ་སྟེ། ཁ་དོག་ལྔ་ལྔ་ཧཱུཾ་ལ་སོགས་པ་ཁ་དོག་ལྔ་དང་ལྡན་པ་སོ་སོར་བསྟེངས་ལ། ་ཤོས་ཀྱི་དཀྱིལ་འཁོར་བསྡུ་བ་ལ་སོགས་པ་ཐིག་གི་ཆོ་ག་བཞིན་བྱ་སྟེ། ཚོན་རྩེ་འོད་འབར་བར་བསམས་ཏེ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཡཱ་ཏི་ཀྲ་མ་ཧཱུ~ཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་ཏེ། ཆོས་དབྱིངས་འདི་ནི་རྣམ་པར་དག ་སེམས་ཅན་ཁམས་ནི་རྣམ་སྒྲོལ་མཛད།། རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ།། རྡུལ་ཚོན་མི་ཕྱེད་ངོ་བོ་ཉིད།། ཅེས་པའོ།། དེ་ནས་སློབ་མས་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། སྒོ ་སྟེང་ལོགས་ཀྱིས་ཚང་དུ་བྲི་བར་བྱའོ།། དེ་ཡང་ཕྱི་རོལ་ནས་བརྩམས་ཏེ་ཐོག་མར་ནི་དཀར་པོའོ།། དེ་ནས་ནི་སྲིར་པོའོ།། དེ་ནས་ནི་དམར་པོའོ།། དེ་ནས་ལྗང་གུ་སྟེ་ནང་རོལ་ནི་ནག་པོའོ།། སྒོ་དང་སྒོའོ་སྣམ་བུ་ནི་ཕྱོགས་ཀྱི་སྣམ་བུའོ།། དེ ་ནས་རྡུལ་ཚོན་གྱི་བགེགས་འབྱུང་བ་ལྔ་ལས་བྱུང་བ་རྣམས་ནི་སྐུའི་དཀྱིལ་འཁོར་ལ་ནི་གཤིན་རྗེ་གཤེད་ཀྱི་སྦྱོར་བས་གཞོ་མོ།། གསུང་གི་དཀྱིལ་འཁོར་ལ་ནི་རྟ་འགྲིན་གྱི་སྦྱོར་བས་སོ།། བདུད་རྩི་ཐབ་སྦྱོར་བས་སྐུ་གསུང་ཐུགས་ཀྱི ་དཀྱིལ་འཁོར་གང་ལ་ཡང་སྦྱར་དུ་རུང་ངོ་།། འདིར་ནི་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡིན་པས་ན་གཱནོད་མཛེས་ཀྱི་སྦྱོར་བས་བགེག་གཞོམ་པར་བྱ་སྟེ།། ཨོཾ་སུཾ་བྷ་ནི་སུཾ་བྷཱ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་གྷཱཧྞཱ་པ་ཡ་གྷོཧྞཱ་པ་ཡ་ཧཱུཾ་ཕཊ། ་ཨོཾ་ཨཱ་ན་ཨཾ་ཧོ་བྷ་ག་བཱ་ན་བིདྷི་རཾ་ཛ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་གནོད་མཛེས་ཀྱི་ཚམ་ངམ་སྲུང་ཞིང་རྣམ་པར་འཕྲུལ་པས་བགེགས་ཀྱི་ཚོགས་འཇིག་པར་བྱེད་པ་འདི་ལ་སོམ་ཉི་མི་བྱའོ།། དེ་ལྟརུ་དཀྱིལ་འཁོར་བྲིས་ནས་ཕྱག་རྒྱ་དགོད་པར་བྱ་སྟེ། ་ཧཱུཾ་ལ་སོགས་པ་གསུང་གི་ཕྱག་རྒྱ་འམ། རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་ཕྱག་རྒྱ་བྲི་བར་བྱ་སྟེ།། དེ་ལ་འདིར་རེ་ཞིག་ཐུགས་ཀྱི་མཚན་མའི་དབང་དུ་བྱས་ནས་བཤད་པ་གསུངས་ཏེ། དབུསུ་ནི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཁ་དོག་སྔོན་པོའི ་རྡོརྗེ་ཆེན་པོ་རྩེ་དགུ་པའོ།། ཤར་ལ་སོགས་པའི་ཕྱོགས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་རིན་པོ་ཆེ་དང་། པདྨ་དང་རྒྱ་གྲམ་གྱི་གདན་གྱི་སྟེང་དུ་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་། རལ་གྲི་ཁ་དོག་སོ་སོར་བྲི་བར་བྱའོ།། ། ་མེའི་གྲོ་ལ་སོགས་པའི་མཚམས་བཞི་རུ་ནི་པདྨ་དང་ཟླ་བ་ལ་གནས་པའི་སྟེང་དུ་ཨུཏྤ་ལ་དཀར་པོ་དང་། སྔོན་པོ་ཅུང་ཟད་རྩ་བ་དམར་བ་དང་། དམར་པོ་དང་། ལྗང་གུ་སྟེ། སྤྱན་ལ་སོགས་པའི་ཐུགས་ཀྱི་མཚན་མ་སོ་སོར་དགོད་པར་བྱའོ།། ་འདོད་པའི་ཡོན་ཏན་གྱི་སྣམ་བུའི་གྲཝ་བཞིར་མེ་ལོང་དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་ཐོད་པ་སྟེ། པདྨའི་སྟེང་ན་ཟླ་བ་གནས་པའི་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་མ་རིམ་པ་བཞིན་དུ་དགོད་དོ།། སྣམ་བུ་གསུམ་པ་ལ་པདྨ ་དང་ཟླ་བ་ལ་གནས་པའི་བྱམས་པའི་ཀླུ་ཤིང་དང་གཞན་དག་གི་གཙོ་དེའི་ཁ་དོག་དང་ཕྱག་མཚན་དུ་མཐུན་པར་དྲིའོ།། ཁྲོ་བོ་རྣམས་ནི་པདྨའི་སྟེང་ན་ཉི་མ་ལ་གནས་པའི་ཤར་སྒོར་གཤིན་རྗེ་གཤེད་ཀྱི་དབྱུག་ཏོའོ།། ལྷོའི་སྒོར་ནི་གཞན་གྱིས ་མི་ཐུབ་པའི་རྡོ་རྗེའི་དབྱུག་ཏོའོ།། ནུང་སྒོར་ནི་རྟ་མགྲིན་གྱི་པདྨ་འོད་རྣོན་པོ་དང་བཅས་པའོ།། བྱང་སྦར་ནི་བདུད་རྩི་ཐབ་སྤྱིར་གྱི་རྡོ་རྗེ་རྒྱ་གྲམ་མོ།། ཤར་ལྷོ་མཚམ་སུ་ནི་མི་གཡོ་མགོན་གྱི་རལ་གྲིའོ།། ལྷོ་ནུབ་མཚམསུ་ནི་འདོད་པའི་རྒྱལ་པོའི ་ལྕགས་ཀྱུའོ།། ནུབ་བྱང་མཚམས་ནི་དབྱུག་སྔོན་གྱི་རྡོ་རྗེ་དབྱུག་པའོ།། བྱང་ཤར་མཚམ་སུ་ནི་སྟོབས་པོ་ཆེའི་ཏྲི་ཤུལ་ལོ།། ཤར་སྟོང་དུ་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བའི་འཁོར་ལོ་རྩིབས་བརྒྱད་པ་གཙུག་ཏོར་གྱི་མཚན་པའོ།། ་ནུབ་སྨད་དུ་ནི་གནོད་མཛེས་ཀྱི་རྡོ་རྗེའོ།། དེ་ཡང་རང་གི་སྔགས་བཟླས་ཤིང་ཐུན་མཚམསུ་བྲིའོ།། དེ་དག་ནི་ཚོན་དགྱེ་བའི་རིམ་པའོ།། དེ་ནས་ཕྱག་རྒྱ་མ་ལེགས་པར་འབྱོངས་པ་དང་། དང་པོ་སྦྱོར་བས་སྙོམས་པར ་འཇུག་པའི་ཆོ་ག་བྱའོ།། ཤེས་རབ་ཀྱི་ཆོས་འབྱུང་བ་ནས་བཛྲ་དྷྲྀཀ་ལ་སོགས་པའི་ལྷ་སོ་སོའི་མཚན་གྱི་སྔགས་ཀྱིས་གཏོན་ནས་སོ་སོའི་གདན་ལ་རྫོགས་པར་སྒོམ་ཞིང་། དེ་ནས་ཏིང་འཛིན་སེམས་དཔའ་འོད་ཟེར་ལས་ཁྲོ་བོའི་རྒྱལ་པོ་གནོད ་མཛེས་འཕྲོ་བས་ཕྱོགས་བཅུའི་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལ་སྤྱན་དྲངས་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་དེ། གཤིན་རྗེ་གཤེད་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ ་བྱས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ལ་ནི་རྣམ་པར་སྣང་མཛད་ནས་གནོད་མཛེས་ཀྱི་བར་གྱིས་སྤྱི་བོ་ནས་རྐང་པའི་བར་དུ་དགོད་པའོ།། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་པོ་རགོད་པ་དང་། སེམས་དཔའ་གསུམ་གྱི་མཐར་ཐུགས ་པ་དགོད་ཅིང་བྱིན་གྱིས་བརླབ་བོ།། འཁོར་གྱི་ལྷ་རྣམས་ལ་ནི་སྐུ་གསུང་ཐུགས་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། ཆོས་དང་། ལས་དང་དམ་ཚིག་གི་ཕྱག་རྒྱས་གདབ་པར་བྱའོ།། འདི་དག་ནི་དཀྱིལ ་འཁོར་བྱིན་གྱིས་བརླབ་པའི་ཆོ་གའོ།། ། དེ་ནས་ཕྱི་ནང་གསང་བའི་མཆོད་པས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་སྟེ། མེ་ཏོག་གི་ཆར་གྱི་ནི་ལྷ་རྣམས་ཀྱི་དབུ་ལའོ།། དྲི་དང་གདུག་སྤོས་ཀྱིས་ནི་ཤངས་ལའོ།། ་བྱུག་སྤོས་ཀྱིས་དབུལ་མར་མེ་ནི་སྤྱན་ལའོ།། ལྷ་བཤོས་ནི་ལྗགས་ལའོ།། དྲིལ་བུ་ནི་སྟན་ལའོ།། ཡོན་ཆབ་དང་ཞབས་བསིལ་ནི་ཕྱག་དང་ཞབས་ལའོ།། དེ་དག་ཀྱང་མཆོད་པ་རྣམ་པ་ལྔ་མཆོག་བསྟན་པའི་ཞེས་གསུངས་པས་འཇིག་རྟེན་པ ་དང་ཐུན་མོང་མ་ཡིན་པ་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་བྱུང་བས་ན་ནཱ་མཁའི་དབྱིངས་ཀྱི་དབུསུ་གཏོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པའི་སྤྲིན་གྱི་ཆར་བྱུང་བར་བས་མོ།། དེ་ནས་ནང་གི་མཆོད་པ་བྱ་སྟེ། ཕྱག་རྒྱ་དང་སྙོམས ་པར་འཇུག་པ་ལས་བླ་ན་མེད་པའི་མཆོད་པ་བརྩམ་སྟེ། བྱང་ཆུབ་སེམས་ཀྱི་ཕྲ་རབ་བསགས་པ་ལས་ན་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པས་གང་བར་བསམས་ལ་དེ་དག་ཀྱང་ཐབས་དང་ཤེས་རབ་གཉི་སུ་མེད་པའི་མཆོད ་པས་མཉེས་པ་འདི་ནི་ནང་གི་མཆོད་པའོ།། དེ་ནས་བདུད་རྩི་ལྔ་དང་། དཔའ་བོ་ལྔ་ཁ་ཟས་སྦྱང་བའི་ཏིང་འཛིན་གྱི་སྦྱངས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་བར་བྱ་ཞིང་བདག་ཉིད་ཀྱང་ཚིམ་པར་བྱ་བ་འདི་ཉིད་ནི་གསང་བའི་མཆོད ་བའོ།། དེ་ནས་སྟོང་པ་དང་བཟླས་པས་མཉེས་པར་བྱས་ཏེ། དེའི་རྗེས་ལ་ཕྱིར་བྱུང་ལ་གཏོར་མ་དང་མཆོད་པས་ཕྱོགས་སྐྱོང་སོ་སོ་རྣམས་མཉེས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ནང་དུ་སོང་སྟེ། སྟོང་གཡོགས་དང་སྤང་གཡོགས ་དང་གཙུག་ཏོར་ལ་སོགས་པའི་རྒྱན་ཐམས་ཅད་དང་ལྡན་པའི་ཧཱུཾ་མཛད་ཀྱི་སྐུར་བསྒྱུར་ལ་དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་བསྐོར་བ་ལ་ལན་གསུམ་བྱ་སྟེ། ཕྱག་བྱས་ནས་ཕྲེང་བ་སྔོན་པོ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕུལ་ཏེ། ་སླར་བསླངས་ནས་བདག་གི་མགོ་བོ་ལ་བཅིངས་ནས་ལྷས་གནང་བར་བསམས་པ་འདིས་ནི་རྫས་དང་ཡོ་བྱད་ལ་སོགས་པའི་དྲི་མ་ཐམས་ཅད་དག་པར་འགྱུར་རོ།། འདི་དག་ནི་མཆོད་པའི་ཆོ་གའོ།། ། ་དེ་ནས་ཤར་ཕྱོགསུ་ཁ་བལྟས་ཏེ། རྒྱས་པའི་ལས་དང་འབྲེལ་བས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱའོ།། སྦྱིན་སྲེག་གི་ཆོ་ག་ནི་འོག་ནས་སྟོན་པས་འདིར་མ་བསྟན་ནོ།། དེ་ནས་བདག་ཉིད་འཇུག་པར་བྱའོ།། བྱང་ཆུབ་ཏུ་སེམས ་བསྐྱེད་ལ་མེ་ཏོག་མཐོང་བའི་བར་གྱིས་བཞུགས་པ་ལ་ཕྲེང་བ་ནས་རྗེསུ་གནང་བའི་བར་གྱིས་བཀའི་གནང་བ་ཐོབ་པར་བྱོས་ལ་སློབ་མ་གཞུག་པར་བྱ་བའི་ཆེད་དུ་བདེན་པའི་བྱིན་གྱིས་བརླབས་བརྗོད་པར་བྱ་སྟེ། ནི་མཁའི་སྐྱེ་བ་མཚན་ལྡན ་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད།། ཀུན་མཆོག་དངོས་གྲུབ་ཚོན་པོ་སྟེ།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར ་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པ་ཁྱོད།། འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད།། ཤིན་ཏུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན ་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ།། རྡོ་རྗེ་སྙེམས་པ་བདག་མཛོད་ཅིག། སེམས ་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། སེམས་ཅན་ཀུན་གྱི་སྙིང་ལ་ཞུགས།། སེམས་ཅན་ཀུན་གྱི་ཡབ་གྱུར་ཅིང་།། འདོད་ཆགས་དམ་ཚིག་མཆོག་གྱུར་པའོ།། བདེན་པ་འདི་ཡིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན།། ་བདེན་པ་དེ་ཡིས་མགོན་བདག་ལ།། ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་བསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་མེད།། རྒྱུ་དང་ལུས་ལས་ཀུན་ཏུ་འབྱུང་།། དེ་བཞིན་ཉིད་ལས་ངེས ་པར་སྐྱེས།། བདེན་པ་འདི་ཡིས་དཀྱིལ་འཁོར་དུ།། གཟུགས་བརྙན་གསལ་བར་སློབ་མ་ནི།། ཀུན་གྱིས་དྲི་མ་མེད་མཐོང་ཤོག། ཅེས་ལན་གསུམ་བརྗོད་དོ།། འདི་དག་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། ། ་དེ་ནས་དཀྱིལ་འཁོར་ཆེན་པོ་དང་སློབ་མའི་བར་དུ་ཡོལ་བས་བཅད་ནས་ལས་ཐམས་ཅད་པའི་ཆུས་བཀྲུས་པའི་རས་དམར་པོའི་གདོང་ག་ཡོགས་ཀྱི་བཀ་བ་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིའོ།། དེས་ཀྱང་སྡུག་པ་བདག་ནི་སྐ ་བ་བཟང་པོའོ།། ཞེས་བརྗོད་པར་བྱའོ།། དེ་ནས་མེ་ཏོག་གི་ཕྲེང་བ་འཛིན་པས་སྒོར་ཡང་དག་པར་མཆོད་པར་བྱའོ།། དེ་བཞིན་དུ་ཡུལ་འཁོར་ཁྱིམ་དང་གླང་པོ་སྟེ།། གསེར་དང་མུ་ཏིག་བྷུ་རུ་དང་།། ནོར་བུ་དང་ནི་ཁྱད་པར་རྫས།། བུ་དང ་ཆུང་མ་བདག་ཉིད་དང་།། བྲན་ཕོ་བྲན་མོ་བཅས་རྣམས་ཀུན།། དེང་ནས་བརྩམས་ཏེ་དབུལ་བར་བགྱི།། ཞེས་ཡོན་གྱི་བྱེ་བྲག་དབུལ་བར་བྱའོ།། དེ་ནས་སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། སུ་ར་ཏ་ས་མ་ཡ་སྟྭཾ ་ཧོ་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ།། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་འཁོར་ལོ་བསྐོར་བར་བྱའོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས།། ཁྱོད་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་མོ་ཆོག་ཏུ་གསང་བའི་དཀྱིལ་འཁོར་མི་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག། དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ཞེས་པར་བྱའོ།། དེ་ནས་གཤིན་རྗེ་གཤེད་ལ་སོགས་པའི་གསང ་སྔགས་ཀྱིས་ཡོལ་བའི་ནང་དུ་བཀུག་ཅིང་ཆུད་པར་བྱས་ནས་སམ། ཡང་ན་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་ཡི་གེ་ལྔ་ཡིས་ནང་དུ་ཆུད་པར་བྱས་ལ་དེ་ནས་སྔ་མ་བཞིན་དུ་སྡོམ་པོ་འཛིན་དུ་གཞུག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་རིགསུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། དངོས་གྲུབ་འདི ་དཀྱིལ་འཁོར་ཆེན་པོ་མོ་མཐོང་བ་རྣམས་ལ་མཱཾ་སྒྲ་ཤིག། དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་པར་བྱའོ།། དེ་ནས་སློབ་མའི་སྙིང་གརཱི་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི།། སྙིང་ལ་ཡང་དག་ཞུགས ་པར་གྱུར།། ཨོཾ་བཛྲ་སཏྭ་ཧཱུཾ། གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་ཡ་ཐག་ཏུ་དྲལ་ཏེ་གཤེགས་ཞེས་བརྗོད་དོ།། དེ་ནས་ཐོད་པ་ན་གནས་པའི་བདུད་རྩི་འཐུང་དུ་གཞུག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག་པར ་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར་རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག། ཨོཾ་བཛྲ་ཨུ་ད་ཀ་ཋཿདེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་དུས་འདི་བྱོས་ཤིག། ཅེས་བརྗོད་པ་གང་ཡིན་པ ་རྡོ་ཡང་བྱ་དགོས་སོ།། ཁྱོད་ཀྱིས་ངལ་བརྙེས་པར་མེ་བྱེད་ཅིག། མི་པདྨོ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་།། དེ་ནས་དེ་སྐད་སྨྲས་པ་ལ། སློབ་མས་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བྱིན་གྱིས་བསླབས་ལས་རྡོ་རྗེ་སེམས་དཔའི་བདག་ལ་འབབ་པར་གྱུར་ཅིག་ཅེས་གསོལ་གོང་བ་པོར་བྱའོ།། དྲི་ནས་རླབ་ཐོ་སྣོད་སློབ་མ་དེ་སྣང་བ་མཐའ་ཡས་སུ་བསམས་ལ།། ཡན་ལག་ཐམས་ཅད་ལྀ་ཡི་གེ་ཝཾ་ཡོངསུ་གྱུར་པ་ལས་དབང་ཆེན ་སེར་པོ་གྲུ་བཞི་གྲཝ་བཞི་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དེའི་དབུས་ཡི་གེ་ཧཱུཾ་ངོ་།། བཾ་ཡོངསུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལྟོ་བར་བསམ།། ཡཾ་ཡོངསུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་འདྲ་བ་བ་དན་གྱི ་མཚན་པ་རྐང་པ་འོག་ཏུའོ།། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འདོམ་སུ་བསམ།། མགྲིན་པར་ཨཿསྤྱི་བོར་ཧ། དེ་ནས་འོད་ཟེར་འབར་བའི་ཛྷཻཾ་རྐང་མཐིལ་ནས་རྐང་གི་བུ་ག་ནས་རླུང་གི་མཾ་འབར་བ་ལ་སོགས་པའོ།། བཛྲ་ཨ་བྷེ ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཧ་ཨ་ཛྷཻཾ་ཞེས་དྲིལ་བུའི་སྒྲ་དང་བཅས་པས་དབབ་པར་བྱའོ།། ཕབ་པ་དང་ཏིཥྛ་བཛྲ་ཞེས་པས་བསྟན་པར་བྱ་སྟེ། དེ་ནས་ལྕེ་ལ་ཡི་ཀཾ་ལྔ་དམར་པོ་བསམས་ལ། དགེ་བ་དང་མི་ད། ་བའི་གཏམ་ཡོངསུ་སྨྲོས་ཤིག། ཅེས་དྲིའོ།། དེ་ནས་མེ་ཏོག་གི་ཕྲེང་བ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་དོར་རོ།། མེ་ཏོག་གང་ལ་བབ་པ་དེ་ནི་ལྷའི་རིའུ་ཆའི་གནས་ལས་ཤེས་པར་བྱའོ།། དེ་ཡང ་སྐུ་སྟོད་དང་སྤྱི་གཙུག་ཏུ་བབ་ན་དངོས་གྲུབ་མཆོག་འགྲུའོ།། ཞལ་ལ་བབ་ན་སྔགས་ཀྱི་དངོས་གྲུབ་འགྲུའོ།། སྐུའི་དབུས་བབཱ་ན་དངོས་གྲུབ་བརྒྱ་དོ།། སྐུ་སྨད་དུ་བབ་ན་ཞི་བ་ལ་སོགས་པའི་དངོས་གྲུབ་བོ།། སྐུ་དང་ཉེ་ན་ནི་དངོས་གྲུབ་ཉེ ་བའོ།། རི་ནི་ནི་དངོས་གྲུབ་རིང་ངོ་།། གཉིས་ཀྱི་བར་དུ་ལྷུང་ན་ནི་གང་ཉེ་བའི་རིགསོ།། དཀྱིལ་འཁོར་གྱི་ལྷའི་གནས་ལས་ཕྱི་རོལ་ཏུ་བརྒལ་ན་ནི་དད་པ་ཆུང་སྟེ། དམན་པའི་དངོས་གྲུབ་འགྲུའོ།། རེ་ཁཱ་ལ་ཕོག་ན་སྐྱུར་ལ་དོར་རོ།། ་སྙིང་པོ་ལ་ཕོག་ན་གང་ཡང་རུདྲ་བ་འགྲུབ་བོ།། བར་མཉམ་པོ་འམ་བདག་གི་མདུན་དུ་ལྷུང་ན་ལན་གསུམ་སྤོགས་ཏེ་དོར་རོ།། དེས་ཀྱང་ནང་དུ་མ་ཕྱོག་ན་སྐལ་བ་མེད་པས་སླར་གཏང་།། དེ་དག་ནི་སློབ་མ་གཞུག་པའི་ཆོ་གའོ།། ་དེ་ནས་བབས་པའི་ལྷ་དེ་རྣམས་ཀྱིས་ཕྲེང་བ་མགོ་ལ་བཅིང་ཞིང་།། ཨོཾ་པྲ་ཏི་གྲྀཧྞ་ཏྲཾ་མོ་མ~ཾ་ས་མ་ཡ་སྟྭཾ་ཞེས་བརྗོད་པས་ཕྲེང་བས་དབང་བསྐུརོ།། དེ་ནས་མིག་གིས་ཇི་ལྟར་མཐོང་ཞེས་དྲིའོ།། དཀར་པོ་མཐོང་ན་དངོས་གྲུབ་མཆོག ་འགྲུབ་པའོ།། སེར་པོ་མཐོང་ན་རྒྱས་པའི་ཡེ་ཤེས་སོ།། དམར་པོ་མཐོང་ན་རྗེ་སུ་ཆགས་པའི་ཡེ་ཤེས་སོ།། ནག་པོ་མཐོང་ན་མངོན་སྤྱོད་ཀྱི་ཡེ་ཤེས་སོ།། སྣ་ཚོགས་པ་མཐོང་ན་གང་ཡང་རུང་བའི་དངོས་གྲུབ་བོ།། དེ་ན་རྡོ་རྗེ་སེམས ་དཔའ་དེང་ཁྱོད་ཀྱིས།། མིག་འབྱེད་པར་ནི་བརྩོན་པར་མཛད།། མིག་ནི་ཐམས་ཅད་འབྱེད་མཛད་པ།། རྡོ་རྗེ་མིག་ནི་བླ་ན་མེད།། ཅེས་བརྗོད་ལ་སྔགས་འདི་བརྗོད་དོ།། ཨོཾ་བཛྲ་སཏྭ་ས་མནྟ། ཙཀྵུ་ག་ཏ་ན་ཏ་ད་པ་ར་ཨུད་ཀ་ཏ་ཡ་ཏི་སརྦྦ ་ཀྵོ་ཙཀྵུ་ཨ་ནུཏྟ་ར་ཞེས་བརྗོད་ལ་གདོང་གཡོགས་བཀྲོལ་ཏེ། དེ་ནས་གནོད་མཛེས་ནས་བརྩམས་ཏེ་རྡོ་རྗེ་འཆང་ཆེན་པོའི་བར་དུ་ལྷ་རྣམས་བསྟན་ཏོ།། དེ་ནས་ཕྱག་རྒྱ་མ་དང་སྙོམས་པོར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད ་ཟེར་ཡུངས་ཀར་ལྟ་བུས་ན་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཏབ་ཅིང་བསྐུལ་ཏེ། བུམ་པ་ན་གནས་པའི་མི་བསྐྱོད་པ་ཡ་བཱ་ཡུམ་ལ་ཐིམ་ནས་དེ་ཡོངསུ་གྱུར་པའི་ཆུས་སྤྱི་བོར་ཆུའི་དབང་བསྐུར་ཏེ་ཚིག་བཅད་དང་སྔགས ་འདིས་སྦྱིན་ནོ།། གསང་གསུམ་དམ་ཚིག་ལས་བྱུང་བའི།། ཡེ་ཤེས་བདུད་རྩི་དྲི་མ་མེད།། ལྷའི་ཆུ་ཡིས་དག་པ་ཡིས།། མི་བསྐྱོད་པ་ཡི་དབང་བསྐུར་རོ།། ཨོཾ་བཛྲི་ཨ་དཪྴ་ཛྙཱ་ན་ཨོཾ་བི་ཥིཉྩ་ཞེས་པའོ།། དེ་བཞིན་དུ་བྲིས་པས་སམ ་ལུགས་མོའི་དབུ་རྒྱན་ལ་དར་གྱི་ཅོད་པན་གྱི་མཚན་པ་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམས་ལ།། སྔ་མ་བཞིན་དུ་ན་མཁའི་དབྱིང་ན་བཞུགས་པའི་དེ་བཞིན་གཤེག་སྨྲ་པ་ཐམས་ཅད་ཕབ་པ་དེ་ཡོངསུ་གྱུར་པའི་དབུ་རྒྱན་གྱིས ་དབང་བསྐུརོ།། འདི་སྐད་དུ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ།། དབུ་རྒྱན་རིན་ཆེན་དམ་པ་སྟེ། རིན་ཆེན་ཀུན་གྱི་མཆོག་འགྲོ་བས།། རྫོགས་སངས་རྒྱས་སུ་དབང་བསྐུརོ།། ཨོཾ་བཛྲ་ས་མནྟ་ཛྙཱ་ན་རཏྣ་མ་ཧཱ་ཧུ་ཏི་ཨོཾ་བྷི་ཥིཉྩ་ཞེས་པས་སོ།། ་རྡོ་རྗེ་འོད་དཔག་མེད་པ་ཡབ་ཡུམ་གྱི་བསྐུར་བསྒོམས་ཏེ། སྔ་མའི་ཆོ་གས་ཡེ་ཤེས་སེམས་དཔའ་ཕབ་སྟེ། དེ་ཡོངསུ་གྱུར་པའི་རྡོ་རྗེས་དབང་བསྐུརོ།། འདི་སྐད་དུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་།། མཱི་ཕྱེད ་རྡོ་རྗེའི་འོད་གསལ་བ།། དམ་ཆོས་འབྱུང་བའི་སྒོར་གྱུར་པས།། རྡོ་རྗེ་ཆོས་ཀྱི་དབང་བསྐུརོ།། ཨོཾ་པྲ་ཏི་ཨ་བེ་ཤ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ། ཞེས་པས་སོ།། དྲིལ་བུ་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་རྫོགས་པར་བསྒོམས་ཏེ། སྔ་མ་བཞིན་དུ ་ཕབ་པའི་ཆོ་ག་བྱས་ལ་དེ་ཡོངསུ་གྱུར་པའི་དྲིལ་བུས་རྡོ་རྗེ་དང་དྲིལ་བུ་བསྣོལ་ལ་བདག་པོའི་དབང་བསྐུར་འདི་སྐད་དོ།། ཐབས་དང་ཤེས་རབ་ལྡན་པ་ཡི།། འགྲོ་དོན་མཉམ་མེད་བྱེད་པ་དང་།། མཆོད་པའི་ལས་ཀུན་རྫོགས་བྱེད་པས།། རྡོ་རྗེ ་ལས་ཀྱི་དབང་བསྐུར་རོ།། ཨོཾ་བཛྲ་ཀྲྀ་ཏ་ཨ་མུ་ཏི་ཏ་ན་ཛྙཱ་ནཱ་བཛྲ་པ་ཏེ་ཨ་བྷི་ཥིཉྩ་ཞེས་པའོ།། དེ་ནས་སྔ་མ་བཞིན་དུ་མེ་ལོང་གི་གཟུགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་ཕབ་ལ།། དེ་ཡོངསུ་གྱུར་པ་མེ་ལོང་དུ་བྱས་ཏེ།། མེ་ལོང་གི་གཟུ ་སློབ་མ་ལ་བསྟན་ཏེ། འདི་སྐད་དུ་བརྗོད་དོ།། གཟུང་དང་འཛིན་པ་རྣམས་སྤངས་པའི།། དག་ཅིང་གསལ་ལ་དྲི་མ་མེད།། མེ་ལོང་ནང་གི་གཟུགས་བརྙན་བཞིན།། རང་ལྷའི་གཟུགས་ནི་ཤེས་པར་གྱིས་ཨོཾ་པྲ་ཏི་བི་མ་ལཾ་ཨ་བྷི་ཥིཉྩ་ཞེས་པས ་སོ།། དེ་བཞིན་དུ་སྤྱི་བོར་རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམས་ལ་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཕབ་ལ་དེ་ཡོངས་གྱུར་པ་ལས་སྤྱི་བོ་ནས་རྐང་པའི་མཐར་ཐུག་པའི་བར་དུ་ལུས་ལ་ཁྱབ་པར་བསྟིམས་ལ་བབས་པའི་ལྷའི ་ཚུཆུལ་སྔ་མིང་བརྟགས་ཏེ། མིང་ནི་ཐོག་མྱུར་དཔལ་བླ་མར་རྡོ་རྗེའོ།། དེའི་འོག་ཏུ་སྣང་བའི་ཕྱིར་དེ་ནཱི་ཀྱེ་བོདྷ་པའོ།། རྡོ་རྗེ་མིང་གི་དབང་བསྒྱུར་བས།། བྱང་ཆུབ་སྙིང་པོའི་བ་རཱ་དུ་ནི།། ཅིས་ཀྱང་མི་ཤེས་མི་གསོ་བས།། རྡོ་རྗེའི་མིང་དུ་རབ་ཏུ་གྲུགས།། ་ཨོཾ་བྷི་ཤུདྡྷ་དྷརྨཱ་དྷཱ་ཏྭཱ་ཛྙཱ་ན་ནཱ་མ་ཨ་བྷིཥི་ཉྩ་ཞེས་སོ།། དེ་ནས་རྡོ་རྗེ་རིགས་ཀྱི་དམི་ཚིག་མོད་པར་ནི་སློབ་དཔོན་གྱི་དབང་བསྐུར་བའི་སྣོད་མི་ཡིན་པས།། རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཁྱད་པར་གྱི་དམ་ཚིག་དཔོག་སྟེ། ཧཱུཾ་ཡོངསུ་གྱུར་པའི་རྡོ་རྗེ ་ལག་ཏུ་གཏིང་ལ་འདི་སྐད་དུ། འདི་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙོམས་ཚུལ་བདག་པོའི་བདག་ཅེས་པ་ནི་རྡོ་རྗེའི་དམ་ཚིག་གོ།། ་དེ་བཞིན་དུ་ཨཱཿཡོངསུ་གྱུར་པ་ལས་དྲིལ་བུ་བྱིན་མོ།། དྲིལ་བུ་དེ་ཉིད་ཀྱིས་བཟུང་ལ། འདི་སངས་རྒྱས་ཐམས་ཅད་ཀྱིས། ཤེས་རབ་སྒྲ་ཡིས་རྗེས་འགྲོ་ད།། ཁྱོད་ཀྱིས་སྱཱང་ནི་དྷྲྀག་ཏུ་བཅང་།། བྱང་ཆུབ་རྟུ་ལཱ་བ་རྡོ་རྗེ་བཞེད། ་ཆོས་ཀྱིས་དྲིལ་བུ་དཀྲོལ་བར་བྱ།། སྐྱིད་པ་ངོ་བོ་ཉིད་ཀྱི་ངག། ངོ་བོ་ཉིད་ནས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་པ་མཆོག། སྲིད་པ་མཆོག་ནི་མཛད་པ་ཡིན་ཞེས་པ་ནི་དྲིལ་བུའི་དམ་ཚིག་གོ།། དེ་བཞིན་དུ་ཨོཾ་དེའི་ལུས་ལ་བལྟས ་ལ་འདི་སྐད་དུ། སྙིང་པོ་བསྟོན་པ་སོགས་སྦྱངས་པས།། ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ།། གཟུགས་སོགས་འདོད་པའི་དམ་ཚིག་གིས།། གསང་སྔགས་མ་ཚང་མེད་པར་བཟླས།། རང་རིག་པ་ཡི་ངོ་བོ་ཉིད།། ཕྱོགས་བཅུ་དུས་གསུམ ་བཞུགས་པ་སྟེ། རང་གི་ལྷ་ཡི་སྦྱོར་བ་ཡིས།། བདག་དང་གཞན་ལ་མཆོད་པར་གྱིས།། ཀུའ་ཐུབ་སྡོམ་པ་ཡི་བཟད་པས།། བསྟེན་ནས་མི་སྣང་མངོན་ཤེས་དང་།། མཁའ་ལྔ་རྒྱུ་དང་ལུས་ངག་ཡིད་།། ལས ་བྱུང་དངོས་གྲུབ་འགྲུབ་མི་འགྱུར།། དེ་བས་སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོག། སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས།། འདོད་པ་ཐམས་ཅད་བསྟེན་པ་ཡིས།། ཆོས་ཀྱི་ཡི་གེ་མཆོག་ཉིད་བརྙེ་སོ།། བདེ་དང་སྡུག་བསྔལ་བདེ ་བདག་མིན།། འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན།། ཡེ་ཤེས་དོན་གཉེར་འདོད་ཆགས་ཅནི།། སྦྱོར་བས་བསྒྲུབས་ནི་མྱུར་དུ་འགྲུབ། སྐུ་གསུང་ཐུགས་ནི་ཡང་དག་འགྲུབ།། གང་གཞན་དམན་པར་བཤད་པ་ནི།། སྔགས་ཀྱི་བཟླས་པས ་འགྲུབ་པར་འགྱུར།། སྐུ་གསུང་ཐུགས་ནི་བསྒོམས་པས་སོ།། ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ།། དེ་ལྟར་སྡོམ་པ་བཟུང་བའི་སློབ་མ་ཡིས་དེ་བཞིན་དུ་ཡོན་གྱིས་སློབ་དཔོན་མཉེས་པར་བྱས་ལ།། བླ་མཱ་ལ་ཕྱག་བཙལ་ལ་ཚིགསུ་བཅད ་པ་འདིས་དབང་ནོད་པའི་དྲིན་དུ་གསོལ་བ་གདབ་པར་བྱའོ།། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ།། ཇི་ལྟར་མཆོད་ཆེན་གསོལ་མཛད་པ།། བདག་ལ་བསྲུང་བའི་དོན་གྱི་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་གསོལ། ཞེས་གསོལ་བ་གདབ་བོ།། དེ ་ནས་ཤར་གྱི་ཕྱོགསུ་དཀྱིལ་འཁོར་ཆེན་པོ་དབབར་དུ་ཁྲུའམ་འདོམ་གྱིས་ཆོད་པར་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ལ།། དེའི་སྟེང་དུ་དབང་སྟེགས་ཀྱི་ཁྲི་བྱ་སྟེ། རས་ལ་གདན་པདྨ་འདབ་བརྒྱད་པ་གཡས་དང་གཡོན་དུ་སེང་གེས་མཚན་པ ་ལ་བཞག་སྟེ། སྟེང་དུ་ཡང་གདུགས་དྲུང་བླ་རེས་བཀབ་པ་དང་། གཡས་གཡོན་དུ་ཡང་རྒྱལ་མཚན་དང་བ་དན་གྱིས་ཀླུབས་པ། དེ་ནས་སློབ་དཔོན་སྦྱོར་བ་གསུམ་རྫོགས་པར་བསྒོམས་ནས་སྔ་མ་བཞིན་དུ་ཐབས་དང་ཤེས ་གཉི་སུ་མེད་པའི་བྱང་ཆུང་ཀྱི་སེ་མོས་ཀྱི་འོད་ཟེར་གྱིས་ནམ་ཁྲིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒྲལ་རུ་སྣ་བུམ་པཞིན་དུ་དུ་ཆུད་པར་བྱས་ཏེ། དེ་དག་ཀྱ་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་ཀྱིས་བརྒྱ་ནས།། གཟུགས་དང་སྒྲ་རླུང་དྲིང ་ཆེན་པ་གས་པས་ནས་འི་ཁྱམ་ཡྀ་ངག་ནི་རིག་པའི་ང་ཚིགས་ཀྱ་པ་འདི་ཡིན་། རྐྱེན་པོ་བོང་གྱུ།། རྗེས་ཀྱི་གསུས་སྐྱེ་ས་པ།། གསུང་བྱས་ས་ནས་སྦྱི་བྱུང་། ་xxx། xxx ་xxx། xxx ་xxx། xxx ་རྡོ་རྗེ་ཐེག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན་རྡོ་རྗེའི་ཐེག་པ་དང་ལྡན་པའོ།། ཚོན་སྣ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན།། ཡང་དག་པའི་ཡེ་ཤེས་ཀུན་ཡོངསུ་བསྐོར་བའི་ཕྱིར་དབུས་ཀྱི་ཕོ་བྲང་ཟླུམ་པོ་རྡོ་རྗེའི་ཕྲེང ་བཟླུམ་པོས་བསྐོར་བའོ།། ཏིང་ངེ་འཛིན་བཞི་དག་པ་ནི་ཁ་ཁྱེར་རོ།། གཟུངས་རྣམ་པ་བཞི་དག་པ་ནི་ལྷ་མོའི་ཚིགས་མཆོད་པས་ཕྱག་བྲེལ་བའོ།། དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པས་བརྒྱན་པ་ནི་བྱང་ཆུབ་ཀྱི་ཡན་ལག་འདུ་ནོ།། དེ་ལས ་གཞོན་དང་གཞན་པའི་བརྒྱན་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུས་མཚན་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་པའོ།། ཐབས་ཀྱི་བྱེ་བྲག་མ་འདྲེས་པར་སོ་སོར་སྣང་བ་ནི་བར་བར་གྱི་ཚོན་སྣ་གཅིག་པའོ།། ། ་སྤོས་དང་མེ་ཏོག་ལ་སོགས་པ་མཆོད་པའི་བྱེ་བྲག་དང་གར་དང་དབྱངས་ལ་སོགས་པ་ནི་བདེ་བ་ཆེན་པོའི་དཀྱིལ་འཁོར་བླ་ན་མེད་པའི་མཆོད་པ་ཉམས་དགའོ།། གསེར་གྱི་བུམ་པ་བརྒྱད་པོ་ནི་ཚོགས་རྣམ་པ་གཉིས་རྫོགས་པའོ།། བདེ་བ ་ཆེན་པོའི་གཞལ་ཡས་ཁང་ཡིན་པས་གཞལ་ཡས་ཁང་ངོ་།། དཀྱིལ་ནི་སྙིང་པོའི་དོན་ཏོ།། འཁོར་ནི་རྫོགས་པའི་དོན་ཏོ།། དེ་ནི་དཀྱིལ་འཁོརརོ།། དེ་དག་ཀུན་ཀྱང་ཚིག་གི་དོན་དང་རྒྱ་ཆེར་སྦྱར་རོ།། དེ་ན་ལྷའི་དེ་ཁོ་ན་ཉིད་བསྟན་ཏེ། གཟུགས ་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལྔ་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང ་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ་གོ་རིམ་བཞིན་དུ་རྣམ་པར་དག་པའོ།། ས་དང་ཆུ་དང་། མེ་དང་རླུང་གི་ཁམས་ནི་སྤྱན་དང་མཱ་ཡ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་སྟེ། གོ་རིམ་བཞིན་དུ་རྣམ་པར ་དགེ་པ་ཡིན་ཏེ། དེ་ཚད་མེད་པ་བཞིའི་རང་བཞིནོ།། གཟུགས་དང་། སྨྲྀ་དང་། དཱི་དང་། རོ་དང་། རེག་ནི་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་། རོ་རྡོ་རྗེ་དང་། རིག་རྡོ་རྗེ་རྣམས་གོ་རིམ་བཞིན་དུ་རྣམ་པར་དག་པའོ།། ཐབས་དང་།། སྨོན ་ལམ་དང་། སྟོབས་དང་། ཡེ་ཤེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞི་ནོ།། མིག་དང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དང་། རྩ་རྒྱུས་དང་། ཆོས་ནི་སའི་སྙིང་པོ་དང་། ནརྀ་ཁའི་སྙིང་པོ་དང་། ཕྱག་ན་རྡོ་དང་། འཛིན ་དབང་ཕྱུག་དང་། འཇུབ་དཔལ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། བྱམས་པ་དང་། ཀུན་ཏུ་བཟང་པོ་སྟེ། གཽ་རིམ་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། གཙོ་བོའི་ཡོན་ཏན་གྱི་ཆའི་ཡེ་ཤེས་ཀྱི་རང་བཞིནོ།། སེར་སྣ་དང་། མི་ཉན་པ་དང ་དོན་མི་མཐུན་པ་དང་། དོན་མི་སྤྱོད་པ་ནི་གཤིན་རྗེ་གཤེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་། གོ་རིམ་བཞིན་དུ་དག་པ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའི་རང ་བཞི་ནོ།། མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི། མི་གཡོ་མགོན་པོ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་། གནོད་མཛེས་གོ་རིམ་བཞིན་དུ་དས་པ་ཡིའོ།། ། ་དེ་དག་ཀྱང་རང་རང་གི་གཙོ་བོའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་ངེས་པར་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཀྱི་ཡོན་ཏན་དུ་བསྟན་ཏོ།། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་གཉི་སུ་མེད་པའི་ཡེ་ཤེས ་ཀྱི་རང་བཞིན་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྟེ། ལྷ་ཐམས་ཅད་ཀྱི་ངོ་བོར་བསྟན་ཏོ།། དེ་དག་ནི་ལྷའི་ཁོ་ན་ཉིད་དོ།། དེ་ནས་རྗེ་སུ་གནང་བ་སྦྱིན་ཏེ། འདི་སྐད་དུ། ངོ་བོ་ཉིད་ཀྱི་སེམས་ཅན་རྣམས།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་ལྟ ་དེ་ལྟར་ཆགས་ལ་སོགས།། གཙང་བས་སེམས་ཅན་དོན་བྱའོ།། ཉིན་རེ་བཞིན་དུ་ཐུན་བཞི་རུ།། ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར།། གྱུར་ནས་ཐུན་མོང་གཅིག་ཤེས་ཀྱི།། དངོས་གྲུབ་ཐོབ་པའང་འགྲུབ་པར་འགྱུར།། མི་སྣང་བ་ནི་སྟོང་ཡིན ་ཏེ། མངོན་ཤེས་ལྡན་པ་ཉིས་སྟོང་ཡིན།། རིག་པ་འཛིན་པ་སུམ་སྟོང་ཡིན།། རྡོ་རྗེ་ཅན་ནི་འགྲོ་ཀུན་བདག། ཞི་དང་རྒྱས་ལ་སོགས་གང་དང་།། དེ་ལས་གཞན་པ་ཅི་འདོད་པ།། འཁོར་ལོ་རྗེས་མཉམ་སྦྱོར་བ་ཡི།། བསྒྲུབས་ནས་འགྲུབ་པར ་མྱུར་དུ་འགྱུར།། ཞེས་གསུངས་པས་རྒྱུད་ཉན་པཱ་དང་། འཆུད་པ་དང་མཆོག་དང་ཐུན་མོང་སྒྲུབ་པ་དང་། ཞི་བ་ལ་སྩོགས་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་དག་ཐམས་ཅད་བྱེད་པར་རྗེས་སུ་གནོང་པ་སྦྱིན་ནོ།། དེ་ལྟར་ཕྲེང་བ་ལ་སོགས ་པོ་དགུ་པོ་དེས་ནི་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་དཀྱིལ་འཁོར་དུ་རིགས་པའི་དབང་བསྐུར་པོ་སྟེ། བུམ་པའི་དབང་གིས་ཆོ་གའོ།། ། དེ་ནས་གསང་བའི་དབང་བསྐུར་བ་སྔར་གྱི་རི་མོའི་དཀྱིལ་འཁོར་ཕྱིས་པ་ལ་བའི ་ཆུས་བྱུགས་པ་དང་། དྲིའི་ཆུས་བྱུག་པ་སྟེ། མེ་ཏོག་སིལ་མ་བཀྲམ་ལ་དེ་ནས་སྔར་ལོ་འམ་ཟླ་བར་མཉེས་པར་བྱས་པའི་སློབ་མ་དེས་པདྨ་རཱ་ག་དང་། ནོར་བུ་དང་རྡོ་རྗེ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དང་། འཁོར་ལོ་ལ་སོགས་པ ་རིན་པོ་ཆེ་སྣ་བདུན་དང་། གཟུགས་སྡུག་གུའི་བྱེ་བྲག་སྣ་ཚོགས་དང་། སྒྲ་སྙན་པའི་བྱེ་བྲག་སྣ་ཚོགས་དང་། དྲི་ཞིམ་པའི་བྱེ་བྲག་སྣ་ཚོགས་དང་། བཟའ་བཏུང་ལ་སོགས་པའི་རོ་ཞིམ་པོའི་བྱེ་བྲག་སྣ་ཚོགས་པ་དང་། གཟུགས་ཀྱི་མཆོག ་པདྨ་ཅན་མཚན་ཐམས་ཅད་དང་ལྡན་པའི་ལོ་གྲངས་བཅུ་དྲུག་ལོན་པ་ལེགས་པར་བསླབས་པ་ལ་སོགས་པའི་ཚོགས་ཀྱིས་ཡོ་བྱད་ཚོགས་པར་བཤམས་ཏེ། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ཕྱག་རྒྱ་ཕུལ་ཏེ། འདོད་པའི་ཡོན ་ཏན་ལྔས་ཆོ་ག་ཇི་ལྟ་བར་མཆོད་པར་བྱའོ།། དེ་ནས་གསང་བའི་དབང་ལ་ཚིག་འདིས་གསོལ་བ་གདབ་པར་བྱའོ།། རྡོ་རྗེ་སེམས་ཁྱོད་སངས་རྒྱས་རྣམས་ཀྱི་བདེ་བ་འགྲུབ་པ་སྟེ། རྣམ་དག་བྱང་ཆུབ་སེམས་དཔའ་རྒྱ་ཆེན་སྲས་སུ་བཅས ་པ་རྣམས།། ཡུན་རང་སྟོང་པ་ཉིད་བསྒོམས་པས་ནི་གདུངས་པ་ལ།། དགའ་བའི་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱི་མཛོད།། ཀྱེ་འདོད་ཆགས་དེ་ནི་དྲི་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ།། དགའ་བའི་འདོད་ཆགས་རྡོ་རྗེ་དམ་ཚིག་ལ་ནི་ཕྱེ ་མཛད་ནས།། དཀའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུངས་པ་ཡི།། རབ་ཏུ་དགྱེས་དབང་འདོད་པའི་བདེ་བ་ཉིད་ཀྱི་འཇོག་པར་མཛོད།། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་ལ།། མ་ལུས་རྒྱལ་བ་རྣམས་ནི་ལུས་སྐམ་ལ།། ་རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ།། དྲི་མེད་དྲི་ཡི་རིན་ཆེན་དབང་བསྐུར་སྩོལ།། མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པས།། པདྨའི་གནསུ་རྡོ་རྗེ་མཛོད་གཏོང་བའི།། སྣ་ཚོགས་སེམས་དཔའ་སེམས ་ཅན་བརླག་འགྱུར་བ།། སྦྱོར་བ་གཞན་མིན་མ་ཐོགས་བཤད་པར་གསོལ།། རྡོ་རྗེ་སེམས་ཁྱོད་སྣ་ཚོགས་བདེ་བར་བྱེད་པ་ཡི།། རྡོ་རྗེ་འདྲ་ཕྱེ་བའི་ཚུལ་གྱིས་སྦྱོར་མཛད་དེ།། རྒྱལ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་བསྟོད་ནས། ཐམས ་ཅད་བདེ་འགྲུབ་ཉིད་ཀྱི་བདག་ལ་དགྱེས་པར་མཛོད།། དེ་ནས་སྔར་ཚོགས་ཀྱིས་མཆོད་པའི་སྔོན་དུ་བླ་མས་ཀྱང་ཡིད་ཀྱིས་སམ་དྲིས་པས་ཀྱང་ཚོགས་ཀྱི་དཀྱིལ་འཁོར་མཐོང་ལ། བདག་པོའི་ཕྱག་རྒྱར་མཉམ་པར་བཞག་པས་སྙོམས ་པར་འཇུག་པའི་ཚོ་གས་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དམ་དུ་ཆོས་སུ་བཞག་སྟེ། རོལ་མོ་དང་གླུ་དབྱངས་དང་། བཀྲ་ཤིས་ཀྱི་ཚིགསུ་བཅད་པའི་སྒྲ་དང་བཅས་པས་བརྩེ་བས་ནམ་ཕྱེད་ཀྱི་དུས་སུ་རྡོ་རྗེ་ཅན་གཉིས་པ་ལྟ་བུར ་དམིགས་ལ་དམ་ཚིགས་གི་ཕྱག་རྒྱས་སློབ་མིའི་ལྕེ་ལ་སྦྱིན་ནོ།། སློབ་མས་ཀྱང་བློ་བརྟན་པས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ལུས་ལ་གནས་པའི་ལྷ་རྣམས་མཉེས་པར་བྱའོ།། ཞེས་བསམས་ཏེ། ཨ ་ཧོ་མ་ཧཱ་སུ་ཁ་ཞེས་པས་བཏུང་བར་བྱའོ།། དེ་ནས་བསྟོད་པ་འདིས་བསྟོད་དེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད།། ཤ་དང་རུས་པོ་ཁྲག་མེད་ཀྱང་།། ན་མཁའ་ལ་ནི་འཇའ་ཚོན་ལྟར།། ཁྱོད་ཀྱི་སྐུ་ནི་སྟོན་པོར་མཛད།། སྐུ་ལ་སྙུན་མེད་མི ་བཙ་མེད།། བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་།། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར།། འཇིག་རྟེན་བྱ་བ་སྟོད་པར་མཛད།། ཆུ་ཟླ་བཞིན་དུ་བཟུང་དུ་མེད།། ཆོས་རྣམས་ཀུན་ལ་གནས་པ་མེད།། ང་རྒྱལ་མེད་ཅིང་རྨོངས་མི་མངའ།། ། ་དམིགས་མེད་ཁྱོད་ལ་ཕྱག་འཚལོ།། གཤེགས་དང་བཞུགས་དང་དེ་བཞིན་གཟི་མོས་སྤྱོད་ལམ་དག་ནི་ཐམས་ཅད་དུ།། ཁྱོད་ནི་རྟག་ཏུ་མཉམ་གཞག་པ།། དམིགས་མེད་ཁྱོད་ལ་ཕྱག་འཚལོ།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། རྫུ་འཕྲུལ ་ཆེ་ལ་རྣམ་འཕྲུལ་ཞིང་།། སྣ་ཚོགས་མིན་ལ་སྙོམས་འཇུག་པ།། དམིགས་མེད་ཁྱོད་ལ་ཕྱ་ག་འཚ་ལོ།། ཞེས་བསྟོད་པ་བྱས་ཏེ། དེའི་འོག་ཏུ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་དུ།། ཀུན ་མཁྱེན་ཡེ་ཤེས་ཕུང་པོ་ཅན།། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ།། དེ་རང་བཤད་པའི་རིན་ཆེན་གྱིས།། གཙོ་བོས་བདོག་ལ་བཀའ་དྲིན་གསོལ།། ཁྱོད་ཞབས་པདྨ་སྤངས་ནས་ནི།། གཙོ་བོས་གཞན་ལ་སྐྱབས་མ་མཆིས།། འགྲོ་བའི་དཔའ ་བོ་ཐོབ་ཆེན་གྱིས།། དེ་བས་སློབ་མ་མཉེས་པར་མཛོད།། ཅེས་གསོལ་བ་གདབ་བོ།། བླ་མས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མན་ངག་བརྒྱུད་པ་ལས་འོངས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ཀུན་རྫོབ་ཀྱི་དེན་པའི ་མན་ངག་ཇི་ལྟ་བ་བཞིན་བསྟན་ཏོ།། དེ་དག་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ།། ། དེ་ནས་དབང་བསྐུར་བ་ཡང་དག་པར་ཐོབ་པའི་སློབ་མོས་ཐལ་མོ་སྦྱར་ལ་མཆོད་ཅིང་བསྟོད་པས་མཉེས་པར་བྱ་སྟེ ་སྐད་དུ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་།། ནམ་མཁའ་དང་ནི་མཉམ་གྱུར་པ།། འདོད་པ་རྣམས་ཀྱི་མགོས་པ།། དམིགས་མེད་ཁྱོད་ལ་ཕྱག་འཚལོ།། ཕུང་པོ་རྣམས་དང་ཁམས་རྣམས་དང་།། སྐྱེ་མཆེད་རྣམས་ལ ་མི་བརྟེན་ཅིང་།། ཕྱིན་ཅི་ལོག་ལས་རྣམ་གྲོལ་བ།། དམིགས་མེད་ཁྱོད་ལ་ཕྱག་འཚལོ།། རྣམ་རྟོག་མེད་ཅིང་ཀུན་རྟོག་མེད།། ཐུགས་ནི་རབ་ཏུ་མི་གནས་པ།། བསམ་གྱིས་མི་ཁྱབ་པ་ཡིས་གནས།། དམིགས་མེད་ཁྱོད་ལ་ཕྱག་འཚལོ།། ཇི་ལྟར ་ནམཁའ་གནས་མེད་ཅིང་།། སྤྲོས་མེད་གོས་པ་མེད་པ་ལྟར།། མཁའ་ལ་མཉམ་པའི་ཐུགས་མངའ་བ།། དམིགས་མེད་ཁྱོད་ལ་ཕྱག་འཚལོ།། ཐམས་ཅད་སྟོང་པའི་རང་བཞིན་ཅན།། མངོན་པར་བྱང་ཆུབ་བལྟ་བར་འཚལ།། སློབ་མ་ཐལ་སྦྱར ་བླ་མ་ལ།། བསྟོད་ནས་སླར་ཡང་བསྐུལ་བར་བྱ།། ལས་དང་སྐྱེ་ལ་རྣམ་གྲོལ་ཞིང་།། སྣང་བ་གསུམ་པོ་སྤངས་པ་ཡི།། མངོན་པར་བྱང་ཆུབ་མཐོང་བར་ནི།། མགོན་པོ་ཆེན་པོ་བདག་འཚལོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ།། དེ་བཞིན་གཤེགས ་པ་ཀུན་གྱི་གནས།། རྡོ་རྗེ་ཡེ་ཤེས་བླ་ནི་མེད།། མགོན་པོ་ཆེན་པོ་བདག་འཚལོ།། ཐོག་མཐའ་མེད་ཅིང་ཞི་བ་དང་།། ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང་།། ལུས་དང་ངག་སེམས་རྣམ་སྦྱོང་བ།། རྡོ་རྗེ་སེམས་དཔའ་བདག་འཚལོ།། དེ་ལྟར་ཡང་དག ་པའི་ཡོན་ཏན་བརྗོད་པ། སྔོན་དུ་འགྲོ་བ་ཚིགསུ་བཅད་པ་དག་གིས་ཡང་དང་ཡང་དུ་བསྟོད་པས་མཉེས་པར་བྱས་ཏེ། དེའི་འོག་ཏུ་སློབ་མ་ལོ་སྙིང་རྗེ་བསྐྱེད་དེ། ཕྱི་མའི་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའི་མན ་ངག་གིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ།། དེ་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། དེ་ལྟར་མཱན་ངག་ཐོབ་པའི་སློབ་མ་ལ་རོལ་པོར་འཛིན་པའི་རྣལ་འབྱོར་དང་། རྗེ་སུ་གཞིག་པའི་རྣལ་འབྱོར་རྣམ་པ་གཉིས་ལེགས་པར ་བསླབ་པར་བྱའོ།། དེ་ནས་ཐུན་མོང་མ་ཡིན་པའི་དམ་ཚིག་དང་། སྡོམ་པ་གཉིས་བསླབ་པར་བྱ་སྟེ། དབང་བསྐུར་འདིར་ནི་བལྟ་བར་བྱ།། བྱང་ཆུབ་སྤྱོད་གཞན་དེ་བཞིན་དུ།། དགེ་བའི་ཚུལ་ནི་གཞན་གསུངས་པར།། སངས་རྒྱས་ཀུན་རྫོགས ་ཐོབ་མི་འགྱུར།། བུ་ཡིས་དམ་ཚིག་བསྲུང་བ་དང་།། རྟག་ཏུ་སྡོམ་པ་བསྐྱང་བ་དྲང་།། བཅུ་ཕྱེད་སྒྲོན་མ་མི་འཚེ་སྤྱད།། དམ་ཚིག་གཞན་ཡང་བསྲུང་བ་ནི།། དཀོན་མཆོག་གནོད་བྱེད་གཞོམ་བྱ་སྟེ།། ཤེས་རབ་ཐམས་ཅད་སད་པར་བྱ།། གཞན ་གྱི་ནོར་ཡང་བླང་བར་བྱ།། རྟག་ཏུ་རྫུན་དུ་སྨྲ་བར་བྱ།། དེ་ལས་གཞན་ཡང་དམ་ཚིག་ནི།། ཇི་བཞིན་དོན་ལྡན་བཅུ་བཞི་དག། ཕས་ཕམ་པར་ནི་རབ་ཏུ་གྲགས།། སྤང་ཞིང་དོར་བར་མི་བྱ་སྟེ།། རྩ་བའི་ལྟུང་བ་ཤེས་པར་བྱ།། སློབ་དཔོན་ལ་ནི ་བརྙས་པ་དང་།། བདེ་གཤེགས་བཀའི་ལུས་འདས་པ་དང་།། སྡང་བས་ཡུན་གྱི་བསྔགས་མིན་སྒྲ།། བྱམས་པ་ཆེན་པོ་རྣམ་སྤོང་དང་།། བྱང་ཆུབ་སེམས་ནི་འདོར་བ་དང་།། ཐེག་པ་གསུམ་ནོ་སྨོད་པ་དང་།། སྒྲོལ་མིན་གསང་པོ་སྒྲོགས་པ་དང་།། རྒྱལ ་འིཕུང་པོ་བདག་ཉིད་སྤོང་།། དག་པའི་ཆོས་ལ་ཡིད་གཉིས་དང་།། གདུན་མི་བྱས་པ་དང་ཅགས་ཐས་དང་།། ཆོམ་མི་གཅི་དབྱེབ་ངོ་།། དེད་པའི་སེམས་ལ་མ་ཏུ་བཅང་།། དམཚིག་བསྦྱིན་ཚེ་འི་སྙེད་པའོ།། བརྟགས་པ་རང་སྤོང་ས་སྟེ།། ་སྔགས་པས་འདི་དག་བྱས་ན་ནི།། ཁ་ན་མ་ཐོ་སྦོམ་པོར་འགྱུར།། རྩ་བའི་ལྟུང་བ་ཡིན་པར་བཤད།། ཉིན་དང་མཚན་མོ་ལན་གསུམ་དུ།། ཉིན་རེ་བཞིན་དུ་བཟླས་པར་བྱ།། ཁ་ན་མ་ཐོ་ཆེར་འགྱུར་བས།། ཡན་ལག་དམ ་ཚིག་བཤད་པར་བྱ།། དམ་ཚིག་མི་ལྡན་སྣོད་མིན་ལ།། རིག་མ་བསྟེན་པར་དཔའ་བ་དང་།། ཚོགས་ཀྱི་འཁོར་ལོ་རྩོད་པ་དང་།། གསང་བའི་ཆོས་ནི་སྟོན་པ་དང་།། སེམས་ཅན་དད་དང་ལྡན་ལ་ཆོས།། གཞན་དུ་སྟོན་པར་འགྱུར་བ་དང་།། ཉན ་ཐོས་དག་ཏུ་སློབ་བྱེད་པའི།། ནང་དུ་ཞག་བདུན་གནས་པ་དང་།། སྦྱོར་བ་ངེས་པར་མ་བྱས་པའི།། སྣོད་མིན་གསང་བ་བསྒྲགས་པ་དང་།། ཁ་ན་མ་ཐོ་ཆེར་གྱུར་པའི།། སྔགས་པ་དམ་ཚིག་ཉམས་པར་འགྱུར།། ནད་དང་སྡུག་བསྔལ་རབ་ཏུ་འཕེལ།། ་དེ་བྱས་དམ་ཚིག་པུས་བསྲུངས་ཤིག། ཅེས་པས་སྡོམ་པ་སྦྱིན་ནོ།། ། དེ་ནས་སྐད་ཅིག་གིས་ཡཱི་གེ་ཨཱ་དེ་ལས་ཤཱཀྱ་ཐུབ་པའི་ཆ་ལུགསུ་བསྒྱུར་ཏེ།། གཡས་པ་ལ་ལུང་སྟོན་པའི་ཕྱག་རྒྱ་མགོ་བོར་བཞག་སྟེ་ལུང་བསྟན་པར་བྱའོ།། ་ཨོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པའི་མཆོག་ནི་བསྒྲུབ་པའི་ཕྱིར།། སྲིད་པའི་ངན་འགྲོ་ཉིད་ལས་བཏཱིན།། ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷི་བྷཱར་བྷཱ་བ་སྐུ།། འདི་ཡིས་དབང ་བསྐུར་གྱུར་པ་ཡི།། སྔགས་ལ་འགྲོ་བ་ཀུན་གྱི་བདག། བླ་ན་མེད་པའི་བྱང་ཆུབ་ཏུ།། བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད།། ཅེས་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་བསྟན་པའོ།། དེའི་རྗེསུ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ།། འདི་དེ ་སངས་རྒྱས་ཐམས་ཅད་ཀྱི།། ཕྱག་ན་རྡོ་རྗེའི་ལག་ཏུ་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏཾ་དྷ་ར་ཡ་མཱི་བཛྲ་སཏྭ་ཧི་ཧི་ཧི་ཧཾ་ཧཱུ~ཾ། ཞེས་པས ་སྦྱིན་ནོ།། དེ་ནས་མཆོག་གསོང་དཀྱིལ་འཁོར་དམ་པ་སྟེ།། མཐོང་བའམ་ནི་ཞུགས་གྱུར་པས།། སྲིད་པ་ཀུན་ལས་ངེས་གྲོལ་བར།། དེ་རྣམས་དེ་ཉིད་ལེགས་པར་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། སླར་ཁྱོད་འཆི་བ་ཡོང་མེད་དེ། ་མི་ཐུབ་པ་དང་མི་སོད་པས།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། སྲིད་པ་ཤིན་ཏུ་དག་པའི་ཕྱིར།། སྟོན་པ་མཆོག་ཏུ་གྱུར་པ་ཡིན།། སྲིད་དང་གཏན་དུ་དངོས་གྲུབ་པོ།། དམ་ཚིག་སྡོམ་པ་བསྒྲུབ་པ་ནི།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར ་བྱ། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། དམ་པ་རྟག་པའི་བཀའ་ཡིན་ནོ།། བྱང་ཆུབ་སེམས་ནི་བཏང་མི་བྱ།། ཕྱག་ན་རྡོ་རྗེ་གང་ཡིན་པའོ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། དམ་པའི་ཆོས་ནི ་མི་སྤང་ཞིང་།། ནམ་ཡང་དོར་བར་མི་བྱའོ།། མི་ཤེས་པའམ་རྨོངས་པ་ཡི།། ཚུལ་ཆེན་བསྟན་པར་མི་བྱའོ།། བདག་ཉིད་ཡོངསུ་སྤངས་ནས་ནི།། དཀའ་ཐུབ་ཅི་ནི་མ་གདུངས་པར།། ཅི་བདེ་བར་ནི་བདེ་བར་གཟུང་།། འདི་ནི་མ་བྱོན་རྫོགས་སངས་རྒྱས།། ། ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས།། ནམ་ཡང་ཡོངསུ་མི་འདོར་ཞིང་།། སློབ་དཔོན་སྨད་པར་མི་བྱའོ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། སངས་རྒྱས་ཀུན་མཚུངས་བླ་མ་ཡི།། སློབ་དཔོན་ལ་ནི་གང་སྨོད་པ།། དེ་ནི་སངས་རྒྱས་ཀུན་སྨད་པས།། རྟག་ཏུ་སྡུག ་བསྔལ་ཐོབ་པར་འགྱུར།། རིམས་དང་སྒྲ་དང་དུག་དང་ནད།། མཁའ་ལ་འགྲོ་རྣམས་གཙེས་པ་དང་།། གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། བསད་ནས་སེམས་ཅན་དམྱལ་བར་ལྟུང་།། དེ་བས་ནན་ཏན་ཐམས ་ཅད་ཀྱིས།། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྤྱོམས་པ།། ནམ་ཡང་སྨད་པར་མི་བྱའོ།། བླ་མ་ལ་ནི་གུས་པས་ཡོན།། རྗེསུ་མཐུན་པ་སྦྱིན་པར་བྱ།། དེ་ནས་རིམས་སོགས་གནོད་པ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུརརོ།། ་རྟག་ཏུ་རང་གི་དམ་ཚིག་བསྲུང་།། རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལྀ་ཡང་དབུལ།། འང་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར།། དེ་སྦྱིན་བསོད་ནམས ་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། གང་ཕྱིར་འདི་ནི་ལེགས་གནས་པས།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། ལྷ་དང་དམ་ཚིག་མཉམ་པ་རུ།། དང་ཁྱོད་གྱུར་པོར་ཐེ་ཚོམ་མེད།། སངས་རྒྱས་རྡོ་རྗེ་འཛིན ་བཅས་པར།། ཀུན་གྱིས་དེང་ཁྱོད་དབང་བསྐུར་བས།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལ་པོའི་བདག་པོར་བསྟན་པ་ཡིན།། དེ་ནི་བདུད་ལས་རྣམ་རྒྱལ་ཏེ།། གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས།། ཁྱེད་རྣམས་ཀྱིས་ཀྱང་སངས ་རྒྱས་ཉིད།། དེ་ཉིད་ཐོབ་པར་ཐེ་ཚོམ་མེད།། དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང་གི་དམ་ཚིག་མི་བཟད་བདེ་སྐྱེད་བསྟན་པར་གྱིས།། དང་ནི་འགྲོ་བ་མྱུར་དུ་རྡོ་རྗེ་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར ་བྷིས་ཞེས་པས་རྡོ་རྗེ་སེམས་དཔའི་ས་ལ་དབུགས་དབྱུང་བའོ།། དེ་ནས་སྦྱར་བསྟན་པའི་རྗེས་གནང་བ་སྦྱིན་ནོ།། དེ་ནས་བྷྲ་མཥྚི་ཞབས་ལ་ཕྱག་འཚལ།། ཇི་ལྟར་བཀའ་སྩལ་པ་ལྟར་བརྒྱའོ།། ཞེས་ལན་གསུམ་གསོལ་ཏོ།། དེ་ནས་རིན་ཆེན ་ཁྱིམ་དང་གླང་པོ་སྟེ།། ཡུལ་དང་མལ་བསྟན་རྣམས་དང་ནོ།། བྲན་དང་བྲན་མ་ཆུང་མི་སྡུག། བྲེ་མོ་ཤིན་ཏུ་མཽ་འོང་སྡུག།། གང་གིས་བདག་ཀྱང་དབུལ་བྱས་ནས།། ལྕུག་མ་རྣམས་ལྟ་ཅི་ཞིག་སྨོས།། ཞེས་པས་མཉེས་པར་བྱའོ།། དེས་ནི་དབང་བན ་པ་ཡོན་དང་བཅས་པའི་ཆོ་གའོ།། དེ་ནས་སྦྱིན་སྲེག་གི་ཆོ་ག་བྱ་སྟེ། དེ་ལ་ལས་སོ་སོའི་སྦྱིན་སྲེག་དང་། ལས་ཐམས་ཅད་པའི་སྦྱིན་སྲེག་གོ།། དེ་ལ་ལས་སོ་སོའི་སྦྱིན་སྲེག་ནི་དེ་ལ་ཞི་བ་ལ་ནི་ཟླུམ་པོ་རྒྱར་ཁྲུ་གང་ཟབ་ས ་དེའི་ཕྱེད་དོ།། རྒྱས་པ་ལ་ནི་ཁྲུ་བཞི་རྒྱར་ཁྲུ་དོ།། ཟབས་སུ་ཁྲུ་གང་ངོ་།། དབང་ལ་ནི་ཟླ་གམ་རྒྱ་དང་ཟབས་ནི་ཞི་དང་མཐུན་ནོ།། མངོན་སྤྱོད་ལ་ནི་གྲུ་གསུམ་རྒྱར་སོར་ཉི་ཤུ་ཟབས་སུ་དེའི་ཕྱེད་དོ།། དེ་དག་ཀྱང་གྲཝ་བཞི་དང་སྒོ་བཞི་དང་ལྡན་པ།། གྲཝ་བཞིར ་ཟླ་བ་ཕྱེད་པས་མཚན་པ་སྒོ་བཞིར་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞིས་མཚན་པ་ཐབས་ཀྱི་དབུས་ཀྱི་ཁ་ཁྱེར་ལ་ཡང་ཞི་བ་ལ་ནི་འཁོར་ལོ་དང་འཁོར་ལོའི་ཕྲེང་བ། རྒྱས་པ་ལ་རིན་པོ་ཆེ་དང་རིན་པོ་ཆེའི་ཕྲེང་བ། མངོན་པར་སྤྲོད་པ་ལ ་ནི་ཁྲོ་བོའི་རྡོ་རྗེ་གདེངས་པ་དང་དེ་ཉིད་ཀྱིས་ཕྲེང་བའོ།། ཞི་བ་ལ་ནི་ཁ་དོག་དཀར་པོའོ།། རྒྱས་པ་ལ་ནི་སེར་པོའོ།། དབང་ལ་ནི་དམར་པོའོ།། མངོན་སྤྱོད་ལ་ནི་ནག་པོའོ།། ཡས་ཤིང་ཡང་ཞི་བ་ལ་ཨུ་དུཾ་བ་ར་ལ་སོགས་པ་འོམ་ཅན་གྱི་ཤིང ་ལས་བྱས་པ་མཐོ་གང་རྩེ་མོར་མཉམ་པོར་སྤྱད་པ། རྩེ་མོ་གཉིས་པ་ལ་ལོ་མ་དང་ལྡན་པའོ།། དེ་བཞིན་དུ་རྒྱས་པ་ལ་ཡང་ཡམ་ཤིང་དེ་ཉིད་ལ་ཡང་སྦོམས་སུ་ཆགས་སྲིད་ཁྲུ་གང་བྱའོ།། དབང་ལ་ནི་ཨ ་ཤོ་ཀ་དང་པྲི་ཡང་ཀུ་ལ་སོགས་པའི་ཤིང་ལ་ཡང་ཡམ་ཤིང་ལ་སོགས་ཞི་བའི་ཆེད་དུ་བྱའོ།། ཞི་བ་ལ་ནི་ཏིལ་ལ་སོགས་པའོ།། རྒྱས་པ་ལ་ནི་ཞོ་དང་འབྲས་ལ་སོགས་པའོ།། དབང་ལ་ནི་མེ་ཏོག་གིས་སོ།། དགུགཽ་པ་ལ་ནི་ཕ་ཝང་གིས ་ཤས་སོ།། མངོན་སྤྱོད་ལ་ནི་ཤ་ཆེན་གྱིས་སོ།། ཚེ་སྲིང་བ་ལ་ནི་དུར་པས་སོ།། བསྲུང་བཽ་ལ་ནི་ཀུ་ཤ་མར་དུ་སྤགས་པས་སོ།། ཧོ་གཟར་ལ་ཡང་ལས་དང་མཐུན་པའི་ཕྱག་མཚན་གྱིས་མཚན་པའོ།། ཧོ་གཟར་དང་དགང་གཟར་དང་། ་མཆོད་གཡོགས་ལ་སོགས་པ་དང་། སྔགས་པའི་རྒྱན་ཆ་ལ་སོཀླས་པ་ཐམས་ཅད་ལས་དང་རྗེས་སུ་མཐུན་པར་ཁ་དོག་བསྒྱུར་རོ།། སྔགས་པའི་སྟང་སྟབས་ཀྱང་ཞི་པ་ལ་ནི་བྱང་དུ་བལྟའོ།། རྒྱས་པ་ལ་ནི་ཤར་དུ་བལྟའོ།། མངོན ་སྤྱོད་ལ་ནི་ལྷོར་བལྟའོ།། དབང་ལ་ནི་ནུབ་ཏུ་བལྟའོ།། གསང་པ་ལ་ནི་ཤཱ་ར་དུ་བལྟའོ།། སྐམ་པའམ་ཞི་སྣང་ལ་ནི་ལྷོ་ནུབ་ཏུ།། བསྐྱུད་པ་དང་། དབྱེ་བྱ་ལ་ནི་ནུབ་བྱང་དུའོ།། རྨོངས་པ་དང་རེངས་པ་ལ་ནི་བྱང་ཤར་དུའོ།། ཞི་བ་ལ་ནི ་འཇམ་ཞིང་འབོལ་བའི་སྟན་དང་ནང་ཚངས་ཅན་ནོ།། རྒྱས་པ་ལ་ནི་ཀུ་ཤའི་སྟན་རྒྱ་དང་སྤངས་སུ་ཁྲུ་གང་བ་སོར་བཞི་པའོ།། དབང་ལ་ནི་པདྨའི་བསྟན།། སྔོན་སྤྱོད་ལ་ནི་བསྟན་མེད་པ་འམ་དུར་ཁྲོད་ཀྱི་རས་སོ།། ལས་སོ་སོའི་མེ་ལྷ་ཡང་ན ་བ་ལ་ནི་པ་པ་ཀ་སྐུ་མདོག་དཀར་པོའི་འོད་ཀྱིས་གཟི་བརྗིད་ཀྱང་དཀར་པོ་འཕྲོ་བའོ།། རྒྱས་པ་ལ་ནི་མེ་ལྷ་དབང་ཆེན་ཞེས་བྱ་བ་འོད་དང་ཁ་དོག་སེར་པོའོ།། དབང་ལ་ནི་མེ་ལྷ་དམར་པོ་ཞེས་བྱ་བ་འོད་དང་ཁ་དོག་དམར་པོའོ།། མངོན་སྤྱོད་ལ ་ནི་མེ་ལྷ་རླུང་ཞེས་བྱ་བ་འོད་དང་ཁ་དོག་ནག་པོའོ།། དེ་དག་ཀྱང་སྤྱན་གསུམ་པ་ཕྱག་བཞི་པ་མཆོད་ཕྱིར་ཐོགས་པ་དང་རལ་པའི་ཐོར་ཚུགས་དང་ལྡན་པ་ཞི་བ་དང་རྒྱས་པའི་མེ་ལྷ་ནི་གཡས་གཉིས་ན་དབྱུག་ཏོ་དང་བསྐྱབས་སྦྱིན།། གཡོན ་གཉིས་ན་གུནྡྷེ་དང་བགྲང་ཕྲེང་།། དབང་གི་མེ་ལྷ་ནི་གཡས་པ་ན་དབྱུག་པ་དང་ལྕགས་ཀྱུ།། གཡོན་པ་ན་བགྲང་ཕྲེང་དང་ཞགས་པ།། མངོན་སྤྱོད་ཀྱི་མེ་ལྷ་ནི་གཡས་དང་པོ་ན་རལ་གྲི། གཉིས་པ་ན་དབྱུག་པ།། གཡོན་དང་པོ་ནི་ཞགས་པ།། ་གཉིས་པ་ན་ཕྲེང་བའོ།། ལས་སོ་སོའི་དཀྱིལ་འཁོར་གྱི་ལྷ་ཡང་ཞི་བ་ལ་ནི་རྣམ་པར་སྣང་མཛ་དུ་གཙོ་བོར་གྱུར་པཱ། ཐམས་ཅད་སྐུ་མདོག་དཀོར་པོའོ།། རྒྱས་པ་ལ་ནི་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་སེར་པོའོ།། ་དབང་ལ་ནི་འོད་དཔག་མེད་གཙོ་བོར་གྱུར་པ་ཐམས་ཅད་སྐུ་མདོག་དམར་པོའོ།། མངོན་སྤྱོད་ལ་ནི་མི་བསྐྱོད་པ་འོ། ཙོ་བོར་གྱུར་པ་ཐམས་ཅད་སྐུ་མདག་ནག་པོའོ།། གཞན་ཡང་གཤིན་རྗེ་གཱི་ཤིད་ཀྱིས་དགུག་པ་ལ་སོགས་པ་ཁྲོ་བོ་བཅུའི་ལས་སོ ་སོ་ནི་ར་རང་གི་ལས་གཙོ་བོར་བྱས་པའི་ལས་དང་རྗེསུ་དཔག་པར་བྱའོ།། སྤྱན་གྱིས་ཞི་བོར་བྱ་བ་དང་། ཤུ་ལི་ནིས་ཀླུའི་བུ་མོས་དགུག་པ་ལ་སོགས་པ་དང་། གནོད་མཛེས་ཀྱིས་ལྷ་མ་ཡིན་གྱི་བུ་མོ་དགུག་པ་ལ་སོགས་པ་ཕལ་ཆེར་ཕྱག་རྒྱ་རེར ་ས་སྤྱན་སྲེག་བྱའོ།། དེ་ཡང་དགུག་བྱ་ནཱི་དབང་གི་ཁོངས་བསྡུས་ནས་བསྟན།། བསྐྲད་བ་དང་ད་བ་དང་བསད་པ་དང་སྨྲས་པ་དང་རྨུགས་པ་ན་མངོན་སྤྱོད་ཀྱི་ཁོང་སུ་བསྡུས་ནས་བསྟན་པའོ།། ཨོཾ་ཊཀི་ནི་པ་བ་ཀ་སནྡྷ ་ཊཀླི་ཏྲཱུཾ་ཛཿཞི་བའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཊཀྐི་ནི་མ་ཧི་ན་ཀྲ་ཨཾ་གྣ་ཡེ་ཏ་ཊཀྐི་ཧཱུཾ་ཛྫརྒྱས་པའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཊཱཀྐི་ནཱི་ཀ་མ་ཨགྣ་ཡེ་ཊིཀྐི་ནི་ཧཱུཾ་ཛཿདབང་གི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཊཀྐི་ནི་ཛཿ ་ཧཱུཾ་བཾ་ཧོཿཧཱུཾ་ཀྲོ་དྷ་ཏྭེ་ཛཾ་ཨོཾ་གྣ་ཡེ་ཧཱུཾ་ཛཿམངོན་སྤྱོད་ཀྱི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། དེ་དག་ནི་སོ་སོའི་སྦྱིན་སྲེག་གོ། ད་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་བཤད་དེ། དེ་ཡང་པདྨའི་དབྱིབས་ལྟ་བུའི་ཐབ་ཁུང་བྱ་སྟེ། རྒྱར་ཁྲུ་གང་སོར ་བཞི་དོར་བ་ཁ་ཁྱེར་གྱི་རྒྱ་དང་དཔངས་སོར་བཞི་ཡོད་པོ། ཐབ་ཀྱི་ནང་དུ་པདྨ་འདབ་མ་བརྒྱད་ཡོད་པ། དབུས་ཀྱི་ལྟེ་བ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའམ་རྩེ་དགུ་པས་མཚན་པའོ།། ཤར་ལ་སོགས་པའི་པདྨ་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲིའོ།། ་མཚམས་ཀྱི་པདྨ་དག་ལ་ཨུཏྤ་ལ་དཀར་པོ་དང་། སྔོན་པོ་དང་། དམར་པོ་དང་། ལྗང་གུ་གྲིའོ།། ཁུ་ཁྱེར་གྱི་ནང་དུ་སོར་བཞི་དོར་བ་ལ་ལས་དང་རྗེ་སུ་མཐུན་པའི་ཁ་དོག་ཅན། པདྨའི་ཕྲེང་བ་ལྟ་བུས་བསྐོརརོ།། དེ་ཉིད་ལ་པདྨའི་དབྱིབས་ལྟ་བུ་ཞེས ་བྱའོ།། ནང་དུ་ཡང་མཐའ་སྐོར་དུ་རྡོ་རྗེ་ཕྲེང་བས་བསྐོརོ།། ཕྱི་རོལ་དུ་ཡང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོརོ།། གྲུ་བཞིར་རྡོ་རྗེ་བཞིས་བརྒྱན་པས་ཐབ་ཁུང་ཉིད་སྣ་ཚོགས་རྡོ་རྗེ་ལ་གནས་པ་ལྟ་བུར་བརྟ་གཽ། སྔར་བསྟན་པའི་ལས་སོ་སོའི་ཐབ་ཁུང་ནི་རེའུ ་མིག་དང་བརྟག་པར་བྱ་སྟེ། དེ་ཡང་ཕྱག་རྒྱ་དགོད་པ་ནི་དཀྱིལ་འཁོར་བསྒྱུར་བའི་དབང་གིས་ཅི་རིག་སུ་སྦྱར་རོ།། འདིར་ལས་ཐམས་ཅད་པའི་མེ་ལྷ་ནི་ལྔ་པ་མི་ལྟ་ཞེས་བྱ་བ་ཡིན་ཏེ། ལས་དང་རྗེ་སུ་མཐུན་པར་བསྐྱེད།། ལས་ཐམས་ཅད་པའི་ལྷ ་ནི་ལྷ་ཐམས་ཅད་པའི་བདག་ཉིད་ཡིན་པོས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། དེ་ཡང་ཐབ་ཀྱི་ཁོར་ཡུག་ཏུ་ཡང་ཤིང་སྔོན་པོས་གཡོགས་ལ་དེའི་སྟེང་དུ་རྩཝ་ཀུ་ཤ་སྔོན་པོ་གཙང་མའི་བསང་གཏོར་གྱིས་བསངས་ལ། མགོ་རྩ་ཕན ་ཚུན་དུ་ནོན་པས་གཡས་སྐོར་དུ་འཁོར་བར་དགྲ་མོ།། མཆོད་རྫས་སྲེག་རྫས་གཡསུ་དགྲམ། དེ་དག་ཀུན་ལ་ཨོཾ་བཛྲ་སཏྭ་ཨ་ཞེས་པས་ལན་བདུན་བཟླས་པས་བྱིན་བརླབ་པར་བྱའོ།། ཧ~ཾ་གཟར་ཡང་ཡུ་བ་ཁྲུ་གང་རྒྱར་སོར་བཞི་རིན་པོ་ཆེ་འམ ་པདྨའི་དབྱིབསུ་བྱས་པའི་དཀྱིལ་དུ་རྡོ་རྗེ་སོར་གཉིས་པས་མཚན་པའོ།། དེགང་གཟར་སོར་གཉིས་ཟབས་སུ་སོར་གཅིག་ཆུ་ལ་སོར་གཉིས་བྱའོ།། གཉིས་ཀའི་དབུསུ་ཡེ་ཤེས་ཀྱི་ལྷའི་ཡིག་འབྲུ་གཅིག་བྱས་མོ།། དེ་ལ་འདི་ནི་རྫས་དབུལ་བའི ་སྔགས་ཏྲཱ~ཾ། ཨོཾ་ནཽ་མཿས་མནྟ་བུདྡྷོ་ནཱན་ཨགྣ་སྱེ་སྭཱ་ཧཱ།། དགང་བླུགས་ཀྱི་སྡུག་སོ།། ཨོཾ་ཨགྣ་ཡེ་སྭཱ་ཧཱ།། མར་གྷའོ།། ཨོཾ་སྱཱནྡྷ་པཱ་པ~ཾ་དཱ་ཧ~ཾ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་གྱིའོ།། ཨོཾ་བཛྲ་བི་ཛྙཱ་ཡ་སྭཱཧཱ།། སོ་བཱའི་འོ།། ཨོཾ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ།། ནས ་ཀྱཻའོ། ཨོཾ་བཛྲ་མ་བྷཱ་བ་ལཱ་ཡ་སྭཱ་ཧཱ།། འབྲས་ཀྱིའོ།། ཨོཾ་བཛྲ་གྷམྦ་རི་སྭཱ་ཧཱ། གྲོའི་འོ།། ཨོཾ་བཛྲ་ཨདྷྭཾ་སྭཱཏྨ། ཨུ་དུམྦ་རའིའོ།། ཨོཾ་བོ་དྷ་པྲོབྷཱུ་ཡེ་སྭཱཧཱ། ཨ་ཤྭེདྠའིའོ།། ཨོཾ་བཛྲ་ལ་ཏཱ་ཡ་སཱིཛྫ། པླག་ཤའི་འོ།། ཨོཾ་བཛྲ་ཀུ་བེ་ར་སེ་སྟྲཻ་ཏྨ། ཙྱཻ་གྲོ་དྷི ་ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ།། ཡམ་ཤིང་དེ་དག་ནཱི་ཨརྫུ་ན་ལ་སོགས་པའི་ཤིང་ལོགས་པ་གང་རྙེད་པ་ལ་བཟླས་པ་བྱས་ལ་མངོན་པར་སྔགས་ཏེ་སྦྱིན་སྲེག་བྱའོ།། ལས་ཀྱི་བྱེ་བྲག་ལ་ཞི་བ་ལ་ནི་སྭཱ་ཧཱའི་མཐའ ་དྲང་བཅས་པའོ།། རྒྱས་པ་ལ་ནི་བོ་ཥ་ཊ་ཧོའི་མཐའ་དང་བཅས་པའོ།། དབང་ལ་ནི་མ་ནི་ཧྲིའི་མཐའ་དང་བཅས་པའོ།། དགུག་པ་ལ་ནི་ཛེའི་མཐའ་དང་བཅས་པའོ།། མངོན་སྤྱོད་ལ་ནི་ཧཱུཾ་གཽ་མཐའ་དང་བཅས་པའོ།། སྲེག་རྫས་དབུལ་བའི་རོམ་པ ་ནི་མར་ལ་སོགས་པ་ཞུ་བའི་རྫས་ནི་ཞལ་དུའོ།། ཡམ་ཤིང་མིང་རུས་བསྲེགས་པའི་ཕྱེ་མ་དང་། བདུག་སྤོས་ནི་འོད་ཀྱི་དཀྱིལ་འཁོར་དུ་དངུ་ལོ།། ཞོ་དང་འབྲས་ལ་སོགས་པའི་ཁ་ཟས་དང་ཏིལ་དང་འཐོར་འཐུང་ནི་ཕྱག་དུ་དབུའོ།། དྲི་ནི་ཐུགས་ཀརོ།། ་མེ་ཏོག་ནི་སྤྱི་བོ་རུའོ།། ཞབས་བསིལ་ནི་ཞབས་ལའོ།། མཆོད་ཡོན་དང་མར་མེ་ནི་མདུན་དུའོ།། དེ་ལ་སྔགས་པ་རྡོ་རྗེ་སེམས་དཔའི་ཏིངེ་འཛིན་དུ་གནས་པ་ལས་དང་རྗེསུ་མཐུན་པས་རཾ་ལས་བསྐྱེད་པའི་མེའོ།། དཀྱིལ་འཁོར་གྱི་དབུསུ་ཨོཾ་ལས ་གྱུར་པའི་སྣ་ཚོགས་པདྨའི་སྟེང་དུ་གུང་ན་ཞི་བ་ལ་ཆུའི་དཀྱིལ་འཁོརོ།། རྒྱས་པ་ལ་གསེར་གྱི་ས་གཞི། དབང་ལ་ནི་མེའི་དཀྱིལ་འཁོར། མངོན་སྤྱོད་ལ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ལས་དང་མཐུན་པའི་མེ་ལྷ་དམ་ཚིག་སེམས་དཔའ་ཇི ་ལྕི་བ་བཞིན་བསྐྱེད་ལ། དེ་ནས་ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨྨ་མ་ཧཱ་སཏྭ་ཀ་ཀཱ་རུ་ཎ་ཏྲི་ཏ་སྭཱཧཱ། ཨརྡྷ་སཱ་དྷ་ཡ་སྠི་སནྣ་བྷཱ་བ་ཞེས་བྱ་བ་འདིས་ན་མཁའི་སྤྱོད་ཡུལ་ནས། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་གཡས་ཕྱོག་སུ་སྤྱན་དྲངས་ལ་ལས ་ཐམས་ཅད་པའི་ཆུ་ཡིས་བསང་གཏོར་བྱས་ལ། མཆོད་ཡོན་གྱི་སྣོད་དུ་མཆོད་ཡོན་དང་། ཞབས་བསིལ་དང་། མཆོད་པ་དང་སྟོང་པ་ཚུལ་བཞིན་དུ་བྱས་ཏེ། དེ་ལ་ཨོཾ་ཛཧཱུཾ་བྲུཾ་ཧོཿཁཾ་རཾ་\ུ0f7fམཆོད ་ཡོན་གྱི་སྔགས་སོ།། ཨོཾ་ནི་རི་ཏི་ཧཱུཾལ། ཞབས་བསིལ་གྱི་སྔགས་སོ།། ཨོཾ་ཨཱཿབཛྲ་པུཥྤེ་ཛྫ་སྭཱཧཱ། མེ་ཏོག་གི་སྔགས་སོ།། ཨོཾ་ཨཱཿབཛྲ་དྷ་ཝི་ཧཱུ~ཾ་སྥོཧཱ། སྤོས་ཀྱི་སྔགས་སོ།། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭ ་དྲི་ཆབ་ཀྱི་སྔགས་སོ།། ཨོཾ་ཨཱཿབཛྲ་དཱི་པི་ཧཱུཾ་སྭཱ་ཧཱ། མར་མེའི་སྔགས་སོ།། ཨོཾ་ཨཱཿབཛྲ་ནཻ་བི་དྱཱ་ཧཱུཾ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ།། དེ་ནས་དབང་བླུགས་ཀྱིས་སྔགས་ཀྱིས་མར་གྱི་དགང་བླུགས་གསུམ་གསུམ ་འབུལ་ལོ།། དྲག་པོ་ཡིན་ན་ཤིང་མར་གྱི་དགང་བླུགས་གསུམ་གསུམ་འབུལ་ལོ།། དེ་ལྟར་ཞལ་དུ་ཕུལ་ཡང་སྤྱན་གྱི་འོད་ཟེར་གྱིས་རེག་པ་ཙམ་གྱིས་མཉེས་པར་འགྱུར་པའི་དོན་གྱིས་ན་སྤྱན་ལ་དབུལ་ལོ།། དེ་ནི་སྤྱིར་མཉེས་པར ་བྱའོ།། དེ་ནས་བྱེ་བྲག་ཏུ་མཉེས་པར་བྱའོ།། དེ་ནས་ཤིང་ཁྲུ་གང་ལ་རས་ཀྱིས་དཀྲིས་ལ་རྒྱལ་པོ་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། གདོལ་པའི་ཁྱིམ་ནས་ལས་དང་མཐུན་པོར་མེ་བླངས་ལ་དེ་སྦར་ཏེ་བཙུགས་ནས ་རླུང་ཡང་ཀྱིས་གཡབ་ཅིང་།། ཨོཾ་བཛྲ་ཛྭ་རཾ་ཛ་ལ་ཧཱུཾ་ཕཊ་ཅེས་སྦར་རོ།། ཨོཾ་བཛྲ་ཨ་ནཱ་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦྦ་དུཥྚོ་ཧཱུཾ་ཕཊ་སྭཱཧཱ། དྲི་ཤྱ་ཧོ་ཛ་ཧཱུཾ་བཾ་ཧོ་ས་མ་ཡ་སྟྭཾ་ཞེས་པས་དམ་ཚིག་སེམས ་དཔའ་ལ་བསྟིམས་ལ་སྤྱི་བོ་ནས་རྐང་པའི་བར་དུ་རྣམ་པར་སྣང་མཛད་ནས། གནོད་མཛེས་ཀྱི་མཐར་ཐུག་པའི་བར་བྱིན་གྱིས་བརླབ་པ་དང་། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་བྱིན ་གྱིས་བརླབ་པ་ལ་སོགས་པ་བྱས་ལ་དེ་ནས་མཆོད་པ་སྔོན་དུ་འགྲོ་བའི་མར་གྱིས་དགང་བླུགས་གསུམ་འམ། བདུན་འབུལ་ལོ།། དེ་ནས་བཀྲ་ཤིས་ཀྱི་ཡམ་ཤིང་ངོ་།། དེ་ནས་མར་དང་། ཏིལེ་དང་། ཞོ་དང་། འབྲས ་ཀུ་ཤ་རིམ་པ་བཞིན་དུ་དབུལ་ལོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་མེ་ལྷ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ངེས་པར་བྱུང་བའི་འཁོར་ལོ་ཡོངས་སུ་རྫོགས་པར་བསྒོམས་ལ། ཨོཾ་ཨེ ་ཧྱེ་ཧི་བྷ་ག་དནཱ་ནེ་ཏ་བན་ཛཱ་ན་སྭ་མ་ཡེ་ན་ཙ་ཨ་ཀ་ས་སྭ་པྲ་ཏི་ཨཱཿཧཱུཾ་པུ་ཛ་ཨཏྨ་པྲ་སི་དྷ་མེ་ཞེས་བྱ་བས་བདུད་རྩི་རྣམ་པ་ལྔས་མཉེས་པར་བྱས་པ་དང་། དེ་ལྟར་བསྟན་པའི་ལྷའི་དཀྱིལ་འཁོར་དེ་ལ་ཡེ་ཤེས་སེམས་དཔའ ་དགུག་པ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་ག་བཞིན་དུ་བྱས་པ་དེ་ལ་མཆོད་པ་དང་། བསྟོད་པ་དང་། སྦྱིན་སྲེག་གི་ཁྱད་པར་གྱིས་མཉེས་པར་བྱས་ལ་ཡི་གེ་གསུམ་གྱིས་བདག་གི་ཐུགས་ཀར་བསྡུའོ།། འཇིག་རྟེན་སྐྱོང ་བ་རྣམས་ལ་མཆོད་པ་སྔོན་དུ་འགྲོ་བའི་སྦྱིན་སྲེག་གི་ཆོ་གས་ཇི་ལྟ་བ་བཞིན་དུ་མཉེས་པར་བྱ་སྟེ། བཟོད་པ་གསོལ་ལ། ལས་བཅོལ་ལ་རང་གི་གནས་སུ་བཏང་ངོ་།། དེ་ནས་མེ་ལྷ་ཡེ་ཤེས་སེམས་དཔའ་ལི་མཆོད་ཡོན་དང་། ་ཞབས་བསྩོལ་དང་། མཆོད་པས་མཉེས་པར་བྱས་ལ་མྱུར་གྷོ་དགང་བླུགས་གསུམ་ཕུལ་ཏྟོ་སྟུགསྡུ་འདོས་གཱ་ཤོགས་སུ་གྷཱ་སོ་ལྱཱ་ལོ།། ཨཱུ་ཏྲྀ་ཏོ་སདྒྷ་སྱཱཏྶཱ་བྷྱོ་སྤྱོད་དྷོ་མྱཱ་དདྱ་ཏཱ་ཡ་ཐཱ་མུ་གཱཙྪ་ད་བྷཱུ་ཏ་བ་ཤ་ཡཱ་བུ་ར་ནུན་མ་རྩ ་མུ་ཞེས་པའོ།། དེ་ནས་མེ་ལྷ་དམ་ཚིག་སེམས་དཔའ་ལྔ་ཚོགས་ཀྱི་ལྷག་མི་དང་སྦྱིན་སྲེག་ལྷག་མེས་ཅི་ནུས་ཀྱི་སྦྱིན་སྲེག་གི་ཆོ་ག་རྫོགས་པར་བྱའོ།། དེ་ལ་དཀྱིལ་འཁོར་གྱི་མངོན་དུ་བགེགས་ཞི་བར་བྱེད་ན། མི་རུས་ཕྱེ་མས ་གནོད་མཛེས་ཀྱི་སྔགས་ཀྱི་ཕྲེང་བས་བྱའོ།། སློབ་མའི་སྡིག་པ་ཞི་བར་བྱ་བའི་ཕྱིར་གཡོན་ཕྱོགས་སུ་ཙོག་པུར་འདུག་ལ། སློབ་མའི་སོར་མོ་གུང་མོ་སློབ་དཔོན་གྱི་མཐེབ་སྲིན་གྱིས་བཟུང་ལ། ཏིལ་དང་དེའི་སྔགས་ཀྱི་ཅི་ནུས ་ཀྱི་ཞི་བར་བྱའོ།། དེ་ནས་མེ་ལྷ་དེ་ཉིད་ཐུགས་ཀར་བསྡུ་སྦྱིན་སྲེག་གི་ཡོ་བྱད་དེ་དོག་སློབ་དཔོན་གྱི་ཡིན་པས་གཞན་གྱི་སྤྱད་དུ་མི་རུང་ངོ་།། སློབ་དཔོན་གྱིས་ཀྱང་ཅི་རིགས་སུ་སྤྱད་པར་བྱའོ།། དེ་ནས་དགེ་བའི་རྩ་བ་བསྔོ་བ་དང་། སྨོན ་ལམ་བཏབ་སྟེ་ཐབ་ཀྱི་ནང་ཆུས་བཀྲུ་བར་བྱའོ།། དེ་དག་ནི་སྐྱོན་སྲེག་གི་ཆོ་གའོ།། དེ་ནས་དཀྱིལ་འཁོར་གྱི་མཐར་རབ་གནས་ཀྱི་ཆོ་ག་བྱ་སྟེ། སྔ་དྲོའི་དུས་སུ་སློབ་དཔོན་མཚན་ཉིད་ཐམས་ཅད་དང་ལྡན་པས་བླ་རེ་དང་རྒྱལ་མཚན་དང་ལྡན་པ ་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཚོགས་པར་བྱ་སྟེ། མཆོད་རྟེན་དང་། ཚ་ཚ་དང་། རི་མོར་བྲིས་པ་དང་། ལུགས་སུ་བླུགས་པ་དང་། འབུར་དུ་བརྐོས་པ་ལ་སོགས་པ་དཀྱིལ་འཁོར་ཆེན་པོའི་བྱིན་གྱིས་བརླབ ་པའི་ཚོ་གས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ཏེ། མཆོད་པ་ཐམས་ཅད་ཀྱིས་མཉེས་པར་བྱས་ལ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་གྱི་ཕྱིར་རབ་ཏུ་བཞུགས་པར་གསོལ་བ་བཏབ་སྟེ། ་དེ་ནས་སྦྱིན་སྲེག་གིས་མཉེས་པར་བྱས་ནས་བཀྲ་ཤིས་པར་བྱིན་གྱིས་བརླབ་པ་འདི་ནི་རབ་གནས་ཀྱི་ཆོ་གའོ།། ཐམས་ཅད་སྟོང་པ་ཟབ་ཅིང་ཕྲ་བས་ན།། རྟོག་གེའི་ཡུལ་མིན་འཁྲུལ་པས་ཤིས་མི་ནུས།། དེས་ན་དེ་ལ་འཇུག ་པར་བྱ་བའི་ཕྱིར།། རིམ་གཉིས་ཐབས་ཀྱི་སྔོན་འགྲོའི་ཆོ་ག་ཡིན།། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་སུ་བྷ་ཤི་ཏ་དང་། ཞུས་ཆེན་གྱིས་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་