CLOSE WINDOW

GT664: sgrub pa'i thabs mdor byas pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པིཎྜ་དྷི་ཀཱི་ཏ་སཱ་དྷ་ན། བོད་སྐད་དུ། ་སྒྲུབ་པའི་ཐབས་མདོར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར ་པ་ལ་ཕྱག་འཚལ་ལོ།། ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་པོའི་ངོ་བོ་ཉིད།། ་དག་ཅིང་ནི་ལ་རྣམ་དབེན་མཆོག་ནི་རང་བཞིན་རྣལ་འབྱོར་པ་ཉིད་ཡུལ།། རྟོགས་དཀའ་བརྟག་པར་དཀའ་ལ་བདག་གནམ ་རབ་ཕན་ཁྱབ་ཅིང་མཚན་མ་མེད།། རྒྱལ་བའི་བདེ་བ་མཉམ་མེད་མཉམ་སྐུ་མི་རྟོག་ཚུལ་གཅིག་ལ་ཕྱག་འཚལ།། དཔལ ་ལྡན་འདུས་པའི་རྒྱུད་ཀྱི་ནི།། དོན་བསྡུས་རྟོགས་པར་བྱ་བའི་ཕྱིར།། སེམས་ཅན་ཀུན་ལ་ཕན་སྐྱེད་པའི།། མདོར་བསྡུས་བདག་གིས་བཤད་པར་བྱ།། རྣམ་རྟོག་བག་ཆགས་ཉེས་པ་ཡི།། ་འགྲོ་བ་གསུམ་པོ་རྣམ་རྨོངས་ལ།། བློ་དང་ལྡན་པས་ལེགས་བལྟས་ཏེ།། རྣལ་འབྱོར་རྒྱུད་ཀྱིས་སྤྱད་པར་བྱ།། འདོད་པ་ལྔ་ནི་ཡོངས་སྤངས་ནས།། དཀའ་ཐུབ་ཀྱིས་ནི་གདུང་མེད ་པར།། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ལ།། བདེ་བས་བྱང་ཆུབ་བསྒྲུབ་པར་བྱ།། དེས་ནི་འདི་ན་སྡོམ་གནས་ཡིན།། རྟག་ཏུ་མི་ཕྱེད་བརྟུལ་ཞུགས་གང་།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ཡི།། སྒྲུབ་པ་དག་ཀྱང་བརྩམ་པར་བྱ།། མགོན་པོ་ཆེན་པོའི་ས་ཕྱོགས་ནི།། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན།། ་རི་བོ་དབེན་པ་དག་ཏུ་ནི།། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ།། འཇམ་པའི་སྟན་ལ་འདུག་ནས་ནི།། སེམས་དཔའི་དཀྱིལ་ཀྲུང་ལེགས་གནས་ཏེ།། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས།། གནས་བསྲུང་བ་ནི་བསམ ་པར་བྱ།། འབར་བའི་འོད་འཕྲོ་འཇིགས་པར་བྱེད།། ཉི་མ་ལ་གནས་ཧཱུཾ་ལས་བྱུང་།། གཡོན་བརྐྱང་བ་ཡི་གནས་པས་གནས།། ཁྲོ་བོ་བཅུ་ནི་སྤྲོ་བར་བྱ།། ཕྱོགས་བཅུའི་དཀྱིལ་འཁོར་རྩེ་མོ་ནི།། རིམ་པ་བཞིན་དུ་བསམ་པར་བྱ།། བགེགས ་ཀུན་རྣམ་པར་གཞིག་པའི་ཕྱིར།། གནོད་མཛེས་བཀའ་སྩལ་ཕུར་བུས་གདབ།། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧཾ། བྷ་ག་བཱན་བིདྷཱ་ར་ཛཱ་ཧཱུཾ་ཕཊ། ཁྲོ་བོའི་གཟུགས་ཅན་འདི་ཡིས་ནི།། ་བགེགས་ཀྱི་དབང་པོ་ཉིད་བཀུག་ནས།། བློ་དང་ལྡན་པས་སྦྱོར་བ་ཡིས།། ཆོ་ག་བཞིན་དུ་ཕུར་བུས་གདབ།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། ཨུཏྤལ་སྔོན་པོ་འདབ་མའི་མདོག། འབར་ཕྲེང་འཁྲིགས་པའི་འོད་ལྡན་པ།། རྡོ་རྗེ་ཕུར་བུ་རྣམ་པར ་བསྒོམ།། ལྟེ་བའི་ཕྱོགས་ནས་སྤྲད་ཀྱི་ཆ།། རྩེ་མོ་ལྟེ་བུར་རྣམ་པར་བསམ།། སྟོད་ནི་ཁྲོ་བོའི་དབྱིབས་ཅན་ཏེ།། ཞལ་གསུམ་ཕྱག་དྲུག་ལྟ་བུར་བསྒོམ།། དེ་ཡི་གསང་སྔགས་ལེགས་བརྗོད་ལ།། བགེགས་ཀྱི་ཚོགས་ལ་འོག་གཟིགས་པས།། ་རྡོརྗེ་ཕུར་བུ་ངེས་བཏབ་ནི།། བགེགས་ཀྱི་ལུས་ནི་མི་གཡོ་འགྱུར།། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ།། སརྦ་དུཥྚཱཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱ་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། བཛྲེ་ཀི་ལཱ་ཡ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། སརྦ་བིགྷྣཱ་ནན། ཀཱ་ཡ ་བཱཀ་ཙིཏྟ། ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྡོ་རྗེ་ཐོ་བ་ཕྱག་བསྣམས་པའི།། གནོད་མཛེས་རྒྱལ་པོ་རྣམ་པར་བསམ།། རྡོ་རྗེ་མེ་ཡིས་ཀུན་ཏུ་ནི།། རྣམ་པར་འཕྲོ་བས་ངེས་པར་བསྒོམ།། གདུག་པ་ཚིག་པ་ཕུན་ཚུན་དུ།། འབྲོས་པར་གྱུར་པ་རྣམས ་པར་བསམ།། ཕྱོགས་བཅུ་ཕུར་བུས་བཏབ་ནས་ནི།། སྟེང་འག་ཡང་དག་བྱིན་གྱིས་བརླབ།། དམ་པའི་དོན་དུ་དངོས་པོ་རྣམས།། སྲིད་གསུམ་དངོས་པོ་མེད་པར་བསྒོམ།། དངོས་པོ་མེད་ལ་བསྒོམ་པའི་དངོས།། བསྒོམ་པར་བྱ་བ་བསྒོམ་པ་མིན།། ། ་དེ་ལྟར་དངོས་པོ་དངོས་མེད་པས།། བསྒོམ་པ་དམིགསུ་མེད་པའོ།། ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི།། བདག་ཉིད་ཅན་རྣམས་སྟོང་པར་བསྒོམ།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་ས་གཞིར་བྱིན་གྱིས་བརླབ།། ནམ་མཁའ་དབྱིངས་ཀྱི ་དབུས་གནས་པར།། ཧཱུཾ་གཉིས་ས་བེན་ཡུཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ།། ཧཱུཾ་གཉིས་ས་བོན་རྀ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། མཱ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི།། དེ་ཡི ་སྟེང་དུ་རྣམ་པར་བསམ།། ཧཱུཾ་གཉིས་ས་བོན་བཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། ཆུ་ཡི་དཀྱིལ་འཁོར་ཉིད་ཀྱང་ནི།། དེ་ཡི་སྟེང་དུ་རྣམ་པར་བསམ།། ཧཱུ~ཾ་གཉིས་ས་བོན་ལཾ་ལས་བྱུང་།། རྡོ་རྗེ་གཉིས་དང་ཡང་དག་ལྡན།། སྐུ་ཡི་དཀྱིལ ་འཁོར་ཉིད་ཀྱང་ནི།། དེ་ཡི་སྟེང་དུ་རྣམ་པར་བསམ།། དཀྱིལ་འཁོར་བཞི་པོ་ཡང་དག་བསྡུ།། རྡོ་རྗེ་ས་ཡི་དཀྱིལ་འཁོར་ལ།། དེར་ནི་བྷྲཱུཾ་ལས་བྱུང་བ་ཡི།། གཞལ་ཡས་ཁང་ནི་རྣམ་པར་བསྒོམ།། ཟུར་བཞི་དང་ནི་སྒོ་བཞི་དང་།། རྟ་བབས་བཞི་ཡིས་མཛེས ་བྱས་པ།། ཐིག་བཞི་དང་ནི་ཡང་དག་ལྡན།། ཀ་བ་བརྒྱད་ཀྱིས་ཡང་དག་མཛེས།། དྲ་བ་དྲ་བ་ཕྱེད་པ་དང་།། རྡོ་རྗེ་ནོར་བུ་ཟླ་ཕྱིད་བརྒྱན།། གྲཝ་ཡི་མཚམས་ནི་ཐམས་ཅད་དང་།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། རྡོ་རྗེ་རིན ་ཆེན་རྣམས་ཀྱིས་སྤྲས།། ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ།། བུམ་པ་ཀ་པ་རྡོ་རྗེ་ཆེ།། བེ་ལ་བྱ་ནི་རིམ་བཞིན་གནས།། བ་དན་དྲིལ་བུ་མཛེས་བྱས་ལ།། རྔ་ཡབ་སོགས་ཀྱིས་རྣམ་པར་བརྒྱན།། བདག་ཉིད་ཕྱག་རྒྱར་ལྡན་པ་ནི།། ཞལ་གསུམ ་ཕྱག་དྲུག་རྣམ་པ་ཅན།། ཨིནྡྲ་ནཱི་ལའི་འོད་མཉམ་པ།། དཀྱིལ་འཁོར་དབུས་སུ་བསྒོམ་པར་བྱ།། རྣམ་སྣང་མཛད་དང་རིན་ཆེན་དང་།། འོད་དཔག་མེད་དང་ལས་ཀྱི་རྒྱལ།། ཞལ་གསུམ་ཕྱག་དྲུག་ལྟ་བུར་ནི།། ཤར་ལ་སོགས་པའི་ཕྱོགས་སུ་བསམ།། ་གཏི་མུག་དགའ་སོགས་ལྷ་མོ་རྣམས།། ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན།། མེའི་ཕྱོགས་ནས་བརྩམས་ནས་སུ།། རིམ་པ་ཇི་བཞིན་ངེས་པར་དགོད།། དེ་བཞིན་གཟུགས་རྡོ་རྗེ་ལ་སོགས།། ཕྱི་ཡི་མཚམས་ནི་རྣམ་པ་བཞིར།། རེག་བྱ་རྡོ་རྗེ་ཉིད་ཀྱང ་ནི།། རྡོ་རྗེ་སེམས་དཔའ་དང་ལྡན་གནས།། བྱམས་པ་ས་ཡི་སྙིང་པོ་དག། ཤར་གྱི་སྣམ་བུར་དགོད་པར་བྱ།། ཕྱག་ནི་རྡོ་རྗེ་མཁའ་སྙིང་པོ།། བརྟུལ་ཞུགས་ཅན་གྱི་ལྷོ་རུ་དགོད།། འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས།། ནུབ་ཏུ་ཡང་ནི་དགོད་པར་བྱ།། ་སྒྲིབ་པ་ཐམས་ཅད་རྣམ་སེལ་དང་།། ཀུན་ཏུ་བཟང་པོ་བྱང་ཕྱོགས་སུ།། གཤིན་རྗེ་གཤེད་ནི་ཤར་གྱི་སྒོར།། གཞན་གྱིས་མི་ཐུབ་ལྷོ་ཕྱོགས་སུ།། ནུབ་ཕྱོགས་སུ་ནི་རྟ་མགྲིན་ཏེ།། བདུད་རྩི་འཁྱིལ་པ་བྱང་དུའོ།། མི་གཡོ་འདོད་པའི་རྒྱལ་པོ་དང་།། དབྱུག་སྔོན་དང ་ནི་སྟོབས་པོ་ཆེ།། ཤར་ལྷོ་མཚམས་སོགས་ནས་བརྩམས་ཏེ།། རིམ་པ་ཇི་བཞིན་བསྒོམ་པར་བྱ།། གནོད་མཛེས་རྒྱལ་པོ་ཁྲོ་བོ་ཆེ།། དེ་ཡི་འོག་ཏུ་རྣམ་པར་བསམ།། གཙུག་ཏོར་འཁོར་ལོ་སྒྱུར་རྒྱལ་ཡང་།། དེ་བཞིན་སྟེང་དུ་རྣམ་པར་བསྒོམ།། ཆོ ་ག་ཇི་བཞིན་དཀྱིལ་འཁོར་པ།། དེ་ལྟར་ལྷག་པར་མོས་བསམ་ནས།། སླར་ཡང་ཁ་སྦྱར་སྦྱོར་བ་ཡིས།། རང་གི་ལུས་ལ་དེ་རྣམས་གཞུག། ལུས་ཀྱི་འཁོར་ལོ་རྫོགས་སངས་རྒྱས།། རིམ་པ་ཇི་བཞིན་ཡང་དག་བསམ།། དོན་དམ་པ་ཡི་རྡོ་རྗེ་ཡིས།། དེ ་བཞིན་ཉིད་ལ་གཞུག་བྱ་བས།། དེ་བཞིན་གཤེགས་པའི་ཚོགས་བསད་ན།། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར།། འདི་དོན་རྡོ་རྗེ་ཕྲེང་བ་ལས།། གསལ་བར་ཇི་བཞིན་རྣམས་ཕྱེ་སྟེ།། གཟུགས་ཕུང་གཏོགས་དང་མེ་ལོང་དང་།། ས་ཁམས་མིག ་གི་དབང་པོ་དང་།། གཟུགས་དང་རྣམ་ལྔར་གྱུར་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། ཚོར་བའི་ཕུང་པོ་མཉམ་ཉིད་དང་།། མུ་ཁམས་ན་བའི་དབང་པོ་དང་།། སྒྲ་དང་རྣམ་ལྔར་གྱུར་པོ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། འདུ་ཤེས་སོ་སོར་རྟོག་པ ་དང་།། བྱིན་ཟ་སྣ་ཡི་དབང་པོ་དང་།། དྲི་དང་རྣམ་ལྔར་གྱུར་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། འདུ་བྱེད་བྱ་བ་གྲུབ་པ་དང་།། རླུབ་ཁམས་ལྕེ་ཡི་དབང་པོ་དང་།། རོ་དང་རྣམས་ལྔར་གྱུར་པ་སྟེ།། ཁྲོ་བོ་གཉིས་དང་ཡང་དག་ལྡན།། སྟེང་འོག་ཁྲོ་བོ་ཤིན་ཏུ ་བཅས།། རང་བཞིན་གྱིས་ནི་སྣང་བ་ཉིད།། རྣམ་ཤེས་ཕུང་པོར་ཞུགས་པ་སྟེ།། རྣམ་ཤེས་ཀྱང་ནི་འོད་གསལ་བའོ།། མྱ་ངན་འདས་བཅས་ཀུན་སྟོང་དང་།། ཆོས་ཀྱི་སྐུར་ཡང་བཤད་པ་ཡིན།། བརྟན་པར་བྱ་བའི་དོན་དུ་ནི།། གསང་སྔགས་འདི་ནི་བརྗོད ་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ86། འདི་ནི་དོན་དམ་དཀྱིལ་འཁོར་ཏེ།། སྣང་བ་མེད་ཅིང་མཚན་ཉིད་མེད།། དོན་དམ་བདེན་པ་ཞེས་བྱ་བ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། འོད་གསལ་བར་ནི་རབ ་ཞུགས་ནས།། ལྡང་བ་ཡང་ནི་བསྟན་པར་བྱ།། སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས།། ལྷ་ཡི་གཟུགས་ལ་དམིགས་པར་འགྱུར།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། སྔགས་པས་དེ་ཡི་སྟེང་དུ་ཡང་།། ཟླ་བའི ་དཀྱིལ་འཁོར་རྣམ་པར་བསམ།། དེར་ནི་པདྨ་འདབ་མ་བརྒྱད།། ཁ་དོག་དམར་པོ་བསྒོམ་པར་བྱ།། པདྨའི་སྟེང་དུ་སྔགས་ཆེན་པོ།། ཡི་གེ་གསུམ་ནི་དེ་ནས་བསམ།། སྔགས་དང་པདྨ་ཉི་མ་དག། ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས།། ཟླ་བའི་དཀྱིལ་འཁོར ་ཀུན་རྫོགས་གྱུར།། བྱང་ཆུབ་སེམས་སུ་རྣམ་པར་བརྟག། རྒྱུ་དང་མི་རྒྱུ་ཐམས་ཅད་ཀྱང་།། དེ་ཉིད་དུ་ནི་རྣམ་བསམ་ཞིང་།། བརྟན་པར་བྱ་བའི་དོན་དུ་ནི།། གསང་སྔགས་འདི་ནི་བརྗོད་པར་བྱ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ། དེ་ལྟར་སྦྱོར་བ་དམིགས་ནས ་སུ།། རྗེས་སུ་སྦྱོར་བ་བརྩམ་པར་བྱ།། རྣལ་འབྱོར་པ་ཡི་ཡིག་གསུམ་ཡང་།། ཟླ་བའི་དབུས་སུ་རྣམ་པར་བསམ།། དེ་ནས་ཡིག་གསུམ་ལས་བྱུང་བ།། ཀུན་ད་ཟླ་བ་དཀར་དང་མཚུངས།། དང་པོ་མགོན་པོ་བསམས་ནས་ཀྱང་།། ཤིན་ཏུ་སྦྱོར་བ་ཡང་དག་བརྩམ།། ་མི་སྤྱོད་པས་ནི་རྗེ་སོ་ཞུགས་པས།། ཞལ་གསུམ་ཕྱག་དྲུག་འབར་བ་དང་།། ཨིནྡྲ་ནཱི་ལའི་འོད་མཉམ་པའི།། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ།། རྡོ་རྗེ་འཁོར་ལོ་པདྨ་ནི།། གཡས་པའི་ཕྱག་ཏུ་རྣམ་པར་བསམ།། དྲིལ་བུ་རིན་ཆེན་རལ་གྲི་ནི།། གཡོན་པའི་ཕྱག་ཏུ ་བསམ་པར་བྱ།། དེ་ནས་ཕུང་པོ་ལ་སོགས་པའི།། དབྱེ་བ་ཤེས་པས་སྣང་མཛད་སོགས།། གནོད་མཛེས་བར་དུ་ས་བོན་གྱིས།། དགོད་པས་ཡང་དག་ཉིད་དུ་དགོད།། རྣམ་སྣང་མཛད་འདི་ས་བོན་ནི།། ཁ་དོག་དཀར་པོ་ཡི་གེ་ཨོཾ།། གཟུགས་ཕུང་ངོ་བོ་ཉིད་ཀྱིས།། ་ནི།། སྔགས་ཤེས་པས་ནི་སྤྱི་བོར་དགོང་།། ཨ་ནི་མགོན་པོ་འོད་དཔག་མེད།། འདུ་ཤེས་ཕུང་པོའི་ངོ་བོ་ཉིད།། མདོག་དམར་ཁ་ལ་བསམས་ནས་ནི།། ངག་གི་དབང་ཕྱུག་ཉིད་ཐོབ་འགྱུར།། མི་སྤྱོད་པ་ཡི་ཡི་གེ་ཧཱུཾ།། རབ་ཏུ་བཟང་པོའི་མཐིང་ཤིང་མདོག ་རྣམ་ཤེས་ཕུང་པོའི་ངོ་བོ་ཉིད་སྔགས་པས་སྙིང་གར་རྣམ་པར་བསྒོམ།། རིན་ཆེན་མགོན་པོའི་ཡི་གེ་སྭཱ།། ཚོར་བའི་ཕུང་པོའི་ངོ་བོ་ཉིད།། ཚོར་བ་དག་གི་རྒྱུ་ཅན་ནི།། ཁ་དོག་སེར་པོ་ལྟེ་བར་དགོད།། རྒུང་པ་གཉིས་ལ་ཡི་གེ་ཧཱ།། འདུ་བྱེད་ཕུང་པོའི་ངོ་བོ་ཉིད།། ་ལས་ཀྱི་མགོན་པོ་དེ་ཉིད་ནི།། སྔགས་པས་ཁ་དོག་ལྗང་གུར་དགོད།། གཏི་མུག་དགའ་སོགས་སྔགས་ཀྱིས་ནི།། ས་ལ་སོགས་ལ་རབ་ཏུ་གཞུག། སྲ་དང་གཤེར་དང་དྲོ་བ་དང་།། རླུང་སོགས་དེར་ནི་རིམ་པ་བཞིན།། བློ་མིག་ཏུ་བཀོད་ནས་ནི།། ས་ཡི་སྙིང་པོ ་རྣམ་པར་བསྒོམ།། ཨོཾ་ནིནི་བ་དག་ལ་དགོད།། ཕྱག་ན་རྡོ་རྗེ་བསྒོམ་པར་བྱ།། ཨོཾ་ནི་སྣ་ལ་རབ་བཀོད་དེ།། ན་མཁའི་སྙིང་པོ་རབ་ཏུ་བསྒོམ།། ཨོཾ་ནི་ལྡེ་ལ་བཀོད་ནས་ནི།། འཇིག་རྟེན་དབང་པོ་བརྟག་པར་བྱ།། ཡིད་ལ་ཧཱུཾ་ནི་བསམས་ནས་སུ།། འཇམ་དཔལ ་དབྱངས་ནི་རབ་ཏུ་བསྒོམ།། ཡི་གེ་ཨོཾ་ནི་ལུས་ཀུན་ལ།། བསྒོམས་ནས་སྒྲིབ་སེལ་དྲན་པར་བྱ།། ཡི་གེ་མེ་ནི་རྩར་བཞག་སྟེ།། བྱམས་པ་ཉིད་དུ་ཡོངསུ་བརྟག། ཚིག་ཀུན་ལ་ནི་སཾ་བཀོད་དེ།། ཀུན་ཏུ་བཟང་པོ་བསམ་པར་བྱ།། ལག་པ་གཡས་པར་གཤིན་རྗེ ་གཤེད།། གཡོན་པར་གཞན་གྱིས་མི་ཐུབ་པ།། རྟ་མགྲིན་ཁ་ལ་བསམ་པར་བྱ།། རྡོ་རྗེ་ལ་ནི་བདུད་རྩི་འཁྱིལ།། དཔུང་པ་གཡས་པར་མི་གཡོ་མགོན།། གཡོན་པར་འདོད་པའི་རྒྱལ་པོའོ།། པུས་མོ་གཡས་པར་བསམ་པ་ནི། ་དབྱུག་པ་སྔོན་པོ་ཆེར་འབར་བ།། པུས་མོ་གཡོན་པར་སྟོབས་པོ་ཆེ།། སྤྱི་བོར་གཙུག་ཏོར་འཁོར་ལོ་སྦྱར།། གནོད་མཛེས་རྒྱལ་པོ་བསམ་པ་ནི།། རྐང་པ་གཉིས་ལ་དགོད་པར་བྱ།། དགོད་བྱས་དེ་ནས་སྔགས་པ་ཡས།། ཕུང་པོ་ལ་སོགས་ཆོ་ག་བཞིན།། ་སྐུ་ཡི་དཀྱིལ་འཁོར་རྫོགས་གྱུར་ནས།། སྦྱོར་བ་ཆེན་པོ་ཡང་དག་བརྩམ།། ཟླ་བའི་དཀྱིལ་འཁོར་ཡང་དག་རྫོགས།། སྤྱི་བོའི་དབུས་སུ་རྣམ་པར་བསམ།། དེ་ནི་ཡི་གེ་ཨཾ་དཀར་པོ།། འོད་ཟེར་ལྔ་ནི་རབ་འཕྲོ་བའོ།། དེ་ལས་ལྷ་མོ་དབྱུང་བ་ནི།། བདག་པོ་དང་ནི་རབ ་སྦྱོར་བ།། སྤྱན་ནི་དུ་མ་བསམ་ནས་ནི།། ནམ་མཁའ་ཐམས་ཅད་རབ་ཏུ་དགང་།། དེ་ནས་སྐུ་ཡི་རྡོ་རྗེ་ནི།། ན་མཁའ་གང་བར་ལེགས་གནས་པ།། དེ་དབུས་བདག་པོ་བསྒོམ་པ་ནི།། སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་།། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན།། ་བོདག་ཀྱང་དེ་ཡི་མདུན་གནས་ལ།། དེ་ནས་སྔགས་པས་ཚོགས་བཅད་འདི།། གཉིས་བརྗོད་ནས་ནི་གསོལ་བ་གདབ།། དཔལ་ལྡན་སངས་རྒྱས་སྐུ་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས།། དང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུ་ནི་མཛད་དུ ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་སྐུར་ནི་མཛད་དུ་གསོལ།། སྤྱན་དང་ལྷན་ཅིག་ལྡན་པ་ཡི།། རྣམ་པར་སྣང་མཛད་བསམས་ནས་སུ།། དེ ་བཅུག་ནས་ནི་བྱིན་བརླབས་ཏེ།། སྐུ་ཡི་བྱིན་གྱིས་བརླབ་པ་བརྩམ།། སངས་རྒྱས་ཀུན་གྱིས་སྐུ་གང་ཡིན།། ཕུང་པོ་ལྔ་ཡིས་རབ་གང་བ།། སངས་རྒྱས་སྐུ་ཡི་ངོ་བོ་ཡིས།། བདག་ཀྱང་དེ་དང་འདྲ་བར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བཱ་ཨཱཏྨ ་ཀོ&ཧཾ། ཨཱ་ནི་ཁ་དོག་དམར་ལྡན་པ།། ལྕེ་ཡི་པདྨར་རྣམ་བསམས་ཏེ།། གོས་དཀར་ཞེས་བྱ་ན་མཁའ་རུ།། སྤྲོས་ནས་ན་མཁའི་ཁམས་རྣམས་དགང་།། གསུང་གི་རྡོ་རྗེ་སྔགས་པ་ནི།། ནམ་མཁའི་དབུས་ན་བཞུགས་པ་ལ།། དེ་ནས་སྔགས་པས་ཚིགས་བཅད ་འདི།། གཉིས་བརྗོད་ནས་ནི་གསོལ་བ་གདབ།། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་གསུང་དུ་མཛད་དུ་གསོལ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད ་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྗེ་གསུང་དུ་མཛད་དུ་གསོལ།། གོས་དཀར་མོ་དང་ལྷན་ཅིག་ཉིད།། རང་གི་གཙོ་བོར་ཡང་དག་ལྡན།། ལྕེ་ལ་ཞུགས་པར་རབ་བསམས་ཏོ།། གསུང་གིས་བྱིན་གྱིས་བརླབས་པ་བརྩམ།། རྡོ་རྗེ་ཆོས་ཀྱི ་གསུང་གང་ཡིན།། ངེས་པའི་ཚིག་ནི་ཕུན་སུམ་ཚོགས།། བདག་གི་ཚིག་ཅང་དེ་འདྲ་ཞིང་།། ཆོས་འཛིན་པ་དང་འདྲ་བར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཱཀྵ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ། སྔགས་པས་སྙིང་གར་ཉི་མ་ཡི།། གཟུགས་བསྟན་འབར་བ་བསམ་པ་སྟེ།། དེར་ནི ་མཐིང་ཤིང་ལྟ་བུ་ཡི།། འོད་ཟེར་ལྔར་ལྡན་ཧཱུ~ཾ་དགོད་དོ།། དེ་ལས་ལྷ་མོ་མཱ་མ་ཀཱི། ཚོགས་དང་བཅས་པ་དབྱུང་བར་བྱ།། དེ་བཞིན་ཐུགས་ཀྱི་རྡོ་རྗེ་བསྒོམ།། དེ་ལ་སྔོན་བཞིན་གསོལ་བ་གདབ།། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། དང་བདག་བྱིན ་གྱིས་བརླབས་ནས་སུ།། དོན་ཐུགས་སུ་མཛད་དུ་གསོལ།། ཕྱོགས་བདུར་བཞུགས་པའི་ངས་རྒྱས་རྣམས།། རྡོརྗེ་མི་བྱེད་གསུམ་བསྒོམས་པས།། དེང་བདག་བྱིན་གྱིས་བརླབས་ནས་སུ།། རྡོ་རྣཐུགས་སུ་མ་ད་དུ་གས་།། མཱ་ར་ཐཱ། ་ཚོགས་མ་ལུས་པ།། རྡོ་རྗེ་ཐུགས་དང་ཡང་དག་ལྡན།། སྙིང་གར་ཡང་ནི་བཅུག་ནས་སུ།། ཐུགས་ཀྱི་བྱིན་གྱིས་བརླབས་པ་བརྩམ།། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན།། གསང་བའི་བདག་པོ་བློ་ལྡན་པ།། བདག་ཀྱང་དྲི་དང་འདྲ་གྱུར་ཅིག། རྡོ་རྗེ་འཛིན་དང ་མཚུངས་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲེ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ད་ལྟར་རིགས་གསུམ་དབྱེ་བ་ཡིས།། སོ་སོར་བྱིན་གྱིས་བརླབས་ནས་ནི།། བློ་དང་ལྡན་པས་གསང་སྔགས་འདིས།། སླར་ཡང་ཐམས་ཅད་བདག་ཉིད་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། དེ་ལྟར་བདག་ཉིད་བྱིན་གྱིས་བརླབས།། ཟླ་བའི་དཀྱིལ་འཁོར་དབུས་གནས་པའི།། མཚན་མ་དྲུག་དང་ཡང་དག་ལྡན།། དམ་ཚིག་སེམས་དཔའ་བསྒོམ་པར་བྱ།། སྙིང་གའི་དབུས་སུ་ཕྲ་མོ་ཡི།། ཡེ་ཤེས་སེམས་དཔའ་རྣམ་པར ་བསྒོམ།། ཏིང་འཛིན་སེམས་དཔའ་ཞེས་བྱ་བའི།། ཡི་གེ་ཧཱུཾ་ནི་དེ་རུ་དགོད།། སེམས་དཔའ་གསུམ་གྱིས་བདག་ཉིད་ཅན།། དེ་ལྟར་སྦྱོར་བ་ཆེར་བསྐྱེད་ནས།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། སྒྲུབ་པ་ཆེན་པོ་བརྩམ་པར་བྱ།། གཟུགས་བཟང་གཞོན་པས་བརྒྱན་པ་ནི།། ། ་སྨེ་ཤ་ཅན་ནི་བདག་ཉིད་ཆེ།། བུ་མོ་ཨུཏྤལ་མཐིང་གའི་མདོག། མིག་ཡངས་དམ་པ་རྙེད་ནས་ནི།། མཉམ་པར་བཞག་ཅིང་ལེགས་པར་བསླབ།། སྒྲུབ་པ་པོ་ལ་ཤིན་ཏུ་མོས།། ཨོཾ་ནི་སྤྱི་བོར་བསམ་པར་བྱ།། ཨཱཿནི་ངག་གི་ལམ་ལ་དགོད།། ཧཱུཾ་ནི་སྙིང་གར ་བསམ་བྱ་ཞིང་།། ལྟེ་བར་སྣ་དང་རྐང་གཉིས་ཧཱ།། སྤྱན་དང་མཱ་མ་ཀཱི་དང་ནི།། དེ་བཞིན་དུ་ནི་གོས་དཀར་མོ།། སྒྲོལ་མ་དང་ནི་སྔགས་པ་ཡིས།། ས་ལ་སོགས་ལ་རྣམ་པར་དགོད།། ལྷ་མོ་རྡོ་རྗེ་གཟུགས་ལ་སོགས།། དེ་ཉིད་ལ་ནི་རྣམ་བསམས་ལ།། ས་སྟ ་ལ་སོགས་དེ་རྣམས་དང་།། སྙོམས་པར་འཇུག་པ་བསྒོམ་པར་བྱ།། ལག་གཡས་རྡོ་རྗེ་རོ་ལངས་མ།། གཡོན་ལ་གཞན་གྱིས་མི་ཐུབ་མ།། དེ་ཡི་ཁར་ནི་ཁྲོ་གཉེར་མ།། གསང་བར་རལ་པ་གཅིག་མའོ།། གཞན་ཡང་དཔུང་པ་གཡས་པར་ནི།། དེ་བཞིན་གཤེགས ་ཡུམ་རྡོ་རྗེ་མ།། གཡོན་དུ་སྣ་ཚོགས་རིན་ཆེན་གྱི།། ཕྱག་རྒྱ་དག་ནི་བསྒོམ་པར་བྱ།། པུས་མོ་གཡས་ལ་གནས་པར་ཡང་།། སྣ་ཚོགས་པདྨ་དེ་བཞིན་གཤེགས།། གཡོན་པ་ལས་ནི་སྣ་ཚོགས་ལས།། སྤྱི་བོར་ན་མཁའི་རྡོ་རྗེ་མ།། རྐང་པ་གཉིས་ལ་ས་ཡི་ནི།། ་ས་འཛིན་ལྷ་མོ་བཞག་པར་བྱ།། དེ་ལྟར་འདུས་བྱས་རྣལ་འབྱོར་པས།། རྡོ་རྗེ་པདྨ་ཡང་དག་བརྩམ།། ཧཱུཾ་གི་སྔགས་སྐྱེས་རྡོ་རྗེ་ནི།། རྩེ་མོ་ལྔ་པ་བསམ་པར་བྱ།། དེ་ཚེ་དེ་ཡི་རྩེ་དབུས་སུ།། ཨོཾ་ནི་རྣམ་པར་བསམ་པར་བྱ།། དེ་བཞིན་ཨ་ལས་བྱུང་བ་ཡི།། ་པདྨ་འདབ་མ་བརྒྱད་པ་ནི། འོད་ཟེར་ལྔ་ཡིས་ཁྱབ་བསམ་ལ།། དེ་འོད་སྒྲུབ་པ་བརྩམ་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཾ། རྡོ་རྗེ་འཛིན་པའི་ང་རྒྱལ་ལེགས་འཆང་སྟེ།། ཧཱུཾ་གི་གླུ་ཡིས་ཀྱང་ནི་བསྐྱོད་བྱ་ཞིང་།། རང་གི ་བྱང་ཆུབ་སེམས་ཉིད་ཕྱུང་བའི་ཚེ།། དེས་ནི་ཕཊ་ཀྱིས་གསང་སྔགས་བརྗོད་པར་བྱ།། ཕྱུང་ནས་སླར་ཡང་སྔགས་པས་ནི།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། བྱང་ཆུབ་སེམས་ཀྱིས་མཆོད་ནས་ནི།། གསང་སྔགས་འདི་ནི་བརྗོད་པར་བྱ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧ~ཾ། རང་སྔགས་ཡི་གེ་ལས་དབྱུང་བ།། རྡོ་རྗེ་གསུམ་གྱིས་བྱན་བརླབས་བདག། པདྨའི་དབུས་ས་བསྐྱེད་ནས་ནི།། སླར་ཡང་ཞེ་སྡང་རྡོ་རྗེར་གྱུར།། བཛྲ་ཧཱུ~ཾག~ཾ་སྔགས་ཀྱིས་དབྱུང་བ། ་བསྐྱོད་རྡོ་རྗེར་བསམ་པ་ཡང་།། མགོན་པོ་རལ་པ་ཐོར་ཚུགས་ཅན།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས།། མཐིང་ཞིང་བཟང་པོའི་མདོག་ལྟར་སྣང་།། སྔོ་ནག་དཀར་དང་དམར་བའི་ཞལ།། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། ་རྡོ་རྗེ་འཁོར་ལོ་པདྨ་ནི།། གཡས་པའི་ཕྱག་དུ་བསམ་བྱི་ཞིང་།། དྲིལ་བུ་རིན་ཆེན་རལ་གྲི་ཅ་ནི།། དེ་ཡི་གཡོན་ལ་བསམ་པར་བྱ།། འདི་ནི་ཐོགས་ཀ་ལས་བྱུང་ནས།། ཕྱོགས་བཅུ་རྣམས་སུ་གཟིགས་ནས་ནི།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། སངས་རྒྱས་མཛད ་པ་ཀུན་མཛད་དེ།། སེམས་ཅན་མ་ལུས་ཀུན་སྦྱངས་ནས།། ཞེ་སྡང་རྡོ་རྗེ་གནས་ལ་འཇོག། སླར་བྱོན་རྡོ་རྗེ་མགོན་པོ་ནི།། སྤྱན་སྔ་རུ་ནི་འདུག་པར་གྱུར།། སྔགས་པས་དེ་ཡི་སྙིང་ག་རུ།། རྗེས་ཞུགས་བདག་ཉིད་རྣམ་སྒོམ་པས།། སྔ་མིའི་གཟུགས་ནི་ཡོངས ་གྱུར་ནས།། སྡང་རྡོ་རྗེ་གནས་སུ་ཞུགས།། ཨིནྡྲ་ནཱི་ལའི་འདི་འབར་བ།། ཉི་མའི་དཀྱིལ་འཁོར་རབས་ན་བཞུགས།། དཔའ་བོ་རང་གི་ཕྱག་རྒྱས་འཁྱུད།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། དྲལ་པོ་ཞི་དང་འདོད་ཆགས་ཆེ།། ཞལ་གསུམ་གྱིས ་ནི་རྣམ་པར་མཛེས།། ཞི་སྡང་རྡོ་རྗེ་ཏིང་འཛིན་གནས།། དཀྱིལ་འཁོར་ཐམས་ཅད་སྤྲོ་བར་མཛད།། ཛི་ན་ཛཀ་སྔགས་ཀྱིས་དབྱུང་བ།། གཙོ་བོ་རྣམ་པར་སྣང་མཛད་དབྱུང་།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། སྟོན་ཀའི་ཟླ་ཟེར་ལྟར་སྣང་ཞིང་།། ཐོར་ཚུགས ་ཅོད་པན་དག་གིས་བརྒྱན།། དཀར་དང་གནག་དང་དམར་བའི་ཞལ།། ཕྱག་དྲུག་ཞི་བའི་གཟུགས་ཅན་ཏེ།། འཁོར་ལོ་རྡོ་རྗེ་པདྨ་དག། གཡས་པ་ལ་ནི་རྣམ་པར་བསམ།། དྲིལ་བུ་རིན་ཆེན་རལ་གྲི་ནི།། འདི་ཡི་གཡོན་དུ་རྣམ་པར་སྒོམ།། དེ་བཞིན ་ཐུགས་ཀ་ལས་བྱུང་སྟེ།། གཏི་མུག་སྤྱོང་ནས་སེམས་ཅན་རྣམས།། ཡང་དག་སྦྱངས་ཏེ་སླར་བྱོན་ནས།། ཤར་ཕྱོགས་ཀྱི་ནི་ཟླ་བར་བཞུགས།། རཏྣ་དྷྲྀཀ་སྔགས་ཀྱིས་དབྱུང་བ།། རིན་ཆེན་ཏོག་ནི་སྔགས་པས་དབྱུང་།། ཞི་བའི་ཐོར་ཚུགས་ཅོད་པན་འཆང་།། ་མི་བསྐྱོད་པས་ནི་དབུ་རྒྱན་བྱས།། མགོན་པོ་རལ་པའི་ཐོར་ཚུགས་ཅན།། སེར་དང་གནག་དང་དཀར་བའི་ཞལ།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། ཡིད་བཞིན་ནོར་བུ་རྡོ་རྗེ་དང་།། འཁོར་ལོ་དེ་ཡི་གཡས་སུ་བསྒོམ།། དྲིལ་བུ་པདྨ་སེར་པོ་དང་།། རལ་གྲི་གཡོན ་དུ་བསྒོམ་པར་བྱ།། དེ་བཞིན་ཐུགས་ཀ་ནས་ཕྱུང་སྟེ།། ང་རྒྱལ་གནས་ལ་གནས་པ་རྣམས།། ཡང་དག་སྦྱངས་ནས་ལྷོ་ཡི་ཆར།། རིན་ཆེན་དབུས་སུ་བཞུགས་པར་གསུངས།། ཨ་རོ་ལིཀ་སྔགས་ཀྱིས་དབྱུང་བ།། མཐའ་ཡས་རྡོ་རྗེ་ཅན་དབྱུང་སྟེ།། ཞི་བ་པདྨ ་རཱ་གའིའོ།། མི་བསྐྱོད་པས་ནི་དབུ་བརྒྱན་བྱས།། མགོན་པོ་རལ་པའི་ཐོར་ཚུགས་ཅན།། དམར་དང་གནག་དང་དཀར་བའི་ཞལ།། སྒེག་པའི་ཉམས་དང་ཡང་དག་ལྡན།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། གཡོན་པའི་ཕྱག་གི་དྲིལ་བུ་དང་།། པདྨ་སྡོང་བུ་འཛིན ་པར་མཛད།། པདྨ་ཐུགས་ཀའི་ཕྱོགས་གནས་པ།། གཡས་པ་ཡིས་ནི་འབྱེད་པར་མཛད།། རྡོ་རྗེ་འཁོར་ལོ་གཡས་ཉིད་ལ།། རིན་ཆེན་རལ་གྲི་གཡོན་གཉིས་ལེ།། སྔོན་བཞིན་འདོད་ཆགས་ཅན་སྦྱངས་ནས།། རྒྱབ་ཀྱི་པདྨ་ལ་བཞུགས་འགྱུར།། པྲཛྙཱ ་དྷྲྀག་སྔགས་ཀྱིས་དབྱུང་།། བསྔགས་པས་དོན་ཡོད་རྡོ་རྗེ་ཅན།། མགོན་པོ་སྒྲ་མདོག་ལྗང་ཁུར་དབྱུང་།། མཱི་བསྐྱོད་པས་ནི་དབུ་རྒྱན་བྱས།། ཐོར་ཚུགས་ཅོད་པན་དག་གིས་བརྒྱན།། ལྗང་དང་གནག་དང་དཀར་བའི་ཞལ།། ཕྱག་དྲུག་འོད་ཟེར ་རྣམ་པར་འཕྲོ།། རལ་གྲི་སྣ་ཚོགས་རྡོ་རྗེ་དང་།། འཁོར་ལོ་གཡས་སུ་བསྒོམས་པར་བྱ།། ཕྱག་གཡོན་ན་ནི་དྲིལ་བུ་དང་།། དེ་བཞིན་པོང་ལྗང་ནོར་བུའོ།། ལོག་པའི་ངང་ཅན་སེམས་ཅན་རྣམས།། རྣམ་པར་སྦྱངས་ནས་སླར་བྱོན་ཏེ།། དེ་བཞིན་བྱང་གི་ཕྱོགསུ་ནི།། ་སྣ་ཚོགས་རྡོ་རྗེ་དག་ལ་བཞུགས།། ཞེ་སྡང་གཏི་མུག་དེ་བཞིན་ཆགས།། ཡིད་བཞིན་ནོར་བུ་དམ་ཚིག་སྟེ།། རིགས་ནི་ལྔ་པོ་འདི་དག་ཉིད།། འདོད་དང་ཐར་པར་རབ་བསྒྲུབ་པའོ།། མོ་ཧ་ར་ཏི་སྔགས་ཀྱི་དབྱུང་།། ལྷ་མོ་ཅན་ནི་དབྱུང་བར་བྱ།། དཀར་ཞིང་ཞི་བའི་ཉམས ་དང་ལྡན།། རྣམ་སྣང་མཛད་ཀྱིས་སྤྱི་བོར་མཚན།། དཀར་དང་གནག་དང་དམར་བའི་ཞལ།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། འཁོར་ལོ་རྡོ་རྗེ་དེ་བཞིན་དུ།། ཨུཏྤ་ལཾ་དཀར་པོ་གཡས་སུ་བསམ།། དྲིལ་བུ་དེ་བཞིན་རིན་ཆེན་དང་།། རལ་གྲི་གཡོན་དུ་བསྒོམ་པར ་བྱ།། དེ་བཞིན་ཐུགས་ཀ་ནས་བྱུང་སྟེ།། ཕྱོགས་བཅུ་དག་ཏུ་གཟིགས་ནས་ནི།། གདོན་དང་ནད་གདུངས་འཇིགས་པ་རྣམས།། ཐུགས་རྗེ་ཆེན་པོས་ཞི་མཛོད་དེ།། སླར་བྱོན་ནས་ནི་ཟླ་དཀྱིལ་དུ།། ཤར་གྱི་མཚམས་སུ་བཞུགས་པར་བྱ།། དྭེ་ཥ་ར་ཏའི་སྔགས་ཀྱིས ་དབྱུང་།། ལྷ་མོ་མཱ་མ་ཀཱི་དབྱུང་སྟེ།། ཨུཏྤལ་སྔོན་པོའི་འདབ་ལྟར་སྔོ།། བཞིན་བཟང་ཤིན་ཏུ་ཡིད་དུ་འོང་།། གནག་དང་དཀར་དང་དམར་བ་སྟེ།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། འཁོར་ལོ་རྡོ་རྗེ་དེ་བཞིན་དུ།། ཨུཏྤལ་སྔོ་དམར་གཡས་པ་ལ།། དྲིལ་བུ་རིན་ཆེན་རལ་གྲི་ནི།། ་གཡོན་གྱི་ཕྱག་ན་བསྣམས་པར་མཛད།། བགེགས་ཆེན་འཇིགས་པས་གཟིར་བ་རྣམས།། ཐུགས་རྗེ་ཆེན་པོས་བསྲུང་བར་མཛད།། བྱུང་ནས་སླར་ནི་བྱོན་ནས་སུ།། ལོ་ནུབ་ཏུ་ནི་བཞུགས་པར་གྱུར།། རཱ་ག་ར་ཏའི་སྔགས་ཀྱི་དབྱུང་།། གོས་དཀར་མོ་ནི་དབྱང་བྱ་སྟེ།། ་ཞལ་ནི་དམར་དང་གནག་དང་དཀར།། པདྨ་རཱ་གའི་འོད་དང་ལྡན།། འོད་དཔག་མེད་བཅས་རལ་པའི་ཚོགས།། ཕྱག་དྲུག་པ་ནི་རྣམ་བསྒོམས་ཏེ།། གཡོན་པ་དྲིལ་བུར་བཅས་པ་ཡིས།། ཨུཏྤལ་སྟོང་བུ་འཛིན་མཛད་ལ།། ཐུགས་ཀར་གནས་པའི་ཨུཏྤལ།། དམར་པོ་གཡས ་ཀྱིས་འབྱེད་པར་མཛད།། རྡོ་རྗེ་འཁོར་ལོ་གཡས་དག་ལ།། ནོར་བུ་རིན་ཆེན་རལ་གྲི་གཡོན།། བསྣམས་པར་མཛད་པ་ཕྱུང་ནས་ནི།། གདོན་གྱིས་ཉེན་པ་ཞི་མཛད་དེ།། སླར་བྱོན་པདྨའི་དབུས་ཉིད་དུ།། ནུབ་བྱང་མཚམས་སུ་བཞུགས་པར་འགྱུར།། བཛྲ་ར་ཏིའི ་སྔགས་ཀྱིས་དབྱུང་།། ཡིད་འོང་སྒྲོལ་མ་དབྱུང་བྱ་སྟེ།། ལྗང་དང་གནག་དང་དཀར་བའི་ཞལ།། དུར་བའི་ལོ་མའི་མདངས་དང་ལྡན།། དོན་ཡོད་པས་ནི་གཙུག་ཏོར་བྱས།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་། ཨུཏྤལ་དཀར་པོ ་གཡས་པ་ན།། དྲིལ་བུ་རིན་ཆེན་རལ་གྲི་ནི།། བརྟུལ་ཞུགས་ཅན་གྱིས་གཡོན་དུ་བསམ།། སེམས་ཅན་ཐམས་ཅད་དབང་མཛད་དེ།། སྣ་ཚོགས་རྡོ་རྗེའི་གདན་ལ་ཡང་།། བྱུང་ནས་སླར་ནི་བྱོན་ནས་སུ།། བྱང་ཤར་མཚམས་སུ་བཞུགས་པར་འགྱུར། ་རྣལ་འབྱོར་པས་ནི་རིམ་གཉིས་པར།། གཟུགས་རྡོ་རྗེ་ལ་སོགས་པ་བྱུང་།། མེ་ཡི་མཚམས་སུ་དགོད་བྱ་བ།། རྡོ་རྗེ་གཟུགས་ནི་ཡིད་འོང་བ།། ཞལ་གསུམ་ཕྱག་དྲུག་དཀར་བ་སྟེ།། དབུ་བརྒྱན་རྣམ་པར་སྣང་མཛད་དཔལ།། གཉིས་ཀྱིས་མེ་ལོང་འཛིན་མཛད་དེ།། ་ལྷག་མ་གཏི་མུག་དགའ་དང་མཚུངས།། བདེན་བྲལ་ཕྱོགས་དགོད་ལྷ་མོ་ནི།། རྡོ་རྗེ་དགྲ་སྟ་ཕྱག་དྲུག་པ།། ཞལ་གསུམ་སྐུ་མདོག་སེར་མོ་སྟེ།། དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡིན།། ཕྱག་གཉིས་ཀྱིས་ནི་པི་བཾ་བསྣམས།། ལྷག་མ་མཱ་མ ་ཀཱི་དང་ཚུངས།། རླུང་གི་ཕྱོགས་དགོད་ལྷ་མོ་ནི།། རྡོ་རྗེ་དྲི་སྟེ་ཕྱག་དྲུག་པ།། ཞལ་གསུམ་སྐུ་མདོག་དམར་མོ་སྟེ།། སྣང་མཐའ་ཡས་ཀྱི་ཐོག་ཚུགས་ཅན།། ཕྱག་གཉིས་ཀྱིས་ནི་དུང་བསྣམས་ཏེ།། ལྷག་མ་གོས་དཀར་ཅན་དང་མཚུངས།། དབང་ལྡན་ཕྱོགས་དགོད ་ལྷ་མོ་ནི།། རྡོ་རྗེ་རོ་སྟེ་ཕྱག་དྲུག་པ།། ཞལ་གསུམ་སྐུ་མདོག་ལྗང་གུ་སྟེ།། དབུ་རྒྱན་ལ་ན་ཇི་སྒྲ་བཞུགས།། ཕྱག་གཉིས་ལ་ནི་རོ་ཡི་སྣོད།། ལྷག་མ་སྒྲོལ་མ་ལྟ་བུ་ཡིན།། རྡོ་རྗེ་སེམས་དཔའ་ལེགས་འཁྱུད་དེ།། འཁོར་ལོ་དབུས་ན་རབ་བཞུགས་པར།། རྡོ་རྗེ་རེག་བྱ་བསམ ་ཞལ་སོགས་བདག་པོ་ལྟ་བུའོ།། རིམ་པ་གསུམ་པ་ཤེར་གྱི་ནི།། སྣམ་བུར་བརྟུལ་ཞུགས་ཅན་གྱིས་དབྱུང་།། མཾ་ཐིལ་ས་བོན་ལས་བྱུང་བ། བྱམས་པ་ས་ཡི་སྙིང་པོ་གཉིས།། ཨོཾ་གྱི་ས་བོན་ལས་བྱུང་བ།། ཕྱག་ན་རྡོ་རྗེ་མཁའ་སྙིང་པོ།། ལྷ་ཡི་ཕྱོགས ་ཀྱི་སྣམ་བུ་ལ།། གོ་རིམ་བཞིན་དུ་དགོད་པར་བྱ།། ཨོཾ་དང་ཧཱུཾ་ལས་ཡང་དག་བྱུང་།། འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས།། འདི་དག་ནུབ་ཏུ་དབྱུང་བར་བྱ།། བྱང་གི་ཕྱོགས་སུ་དབྱུང་བ་ནི།། ཨོཾ་དང་སཾ་གི་ས་བོན་སྐྱེས།། སྒྲིབ་སེལ་ཀུན་ཏུ་བཟང་པོར་བཅས།། ་འདི་དག་དབུ་རྒྱན་རང་གི་མགོན།། སྐུ་མདོག་སོགས་པ་དེ་དང་མཚུངས།། ཕྱག་དང་མཚོན་ཆ་དག་ཀྱང་ནི།། རང་རང་གི་ནི་བདག་པོར་མཚུངས།། བྱམས་པ་འབའ་ཞིག་གཡས་པ་ན།། ཀླུ་ཤིང་མེ་ཏོག་བསྣམས་པར་མཛད།། འདི་དག་སྐྱེ་མཆེད་རྣམ་སྦྱོང་ཞིང་།། ་ལྷ་ཡི་མིག་སོགས་སྩོལ་བ་པོ།། སེམས་ཅན་སྐྱེ་མཆེད་སྦྱངས་ནས་སུ།། སླར་བྱོན་ནས་ནི་སྟན་ལ་བཞུགས།། ཡ་མཱནྟ་ཀྲིཏ་སྔགས་ཀྱིས་ནི།། སྔགས་པས་གཤིན་རྗེ་གཤེད་དབྱུང་བ།། རྣམ་པར་སྣང་མཛད་དབུ་རྒྱན་ཅན།། ཞལ་ནི་གནག་དང་དཀར་དང་དམར། ་འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས།། དབྱུག་པ་རྡོ་རྗེ་འཁོར་ལོ་རྣམས།། ཕྱག་གཡས་ན་ནི་རྣམ་པར་མཛད།། ཐུགས་ཀར་སྡིག་མཛུབ་ཞགས་པ་དང་།། དྲིལ་བུ་དགྲ་སྟ་གཡོན་པ་ན།། དབང་པོ་ལ་སོགས་ཚོགས་བཅས་དང་།། མི་བཟང་བགེགས་ཀྱང་སྐྲག ་པར་མཛད།། པདྨ་ཉི་མ་མནན་ནས་ནི།། ཤར་གྱི་ཕྱོག་སུ་བཞུགས་པར་གྱུར།། པྲཛྙཱནྟ་ཀྲིཏ་སྔགས་ཀྱི་ནི།། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན།། སྐུ་མདོག་དཀར་ཞིང་ནོར་བུས་བརྒྱན།། གཞན་གྱིས་མི་ཐུབ་སྔགས་ཀྱིས་དབྱུང་།། གསུས་ཁྱིམ་ཆེ་ཞིང་སྤྱན་གསུམ་པ། ་དཀར་དང་གནག་དང་དམར་བའི་ཞལ།། མཆེ་བ་གཙིགས་ཤཱིང་རྣམ་པར་འགྱུར།། འབར་བའི་ཚོགས་ཀྱིས་རྣམ་པར་འཁྲིགས།། རྡོ་རྗེ་དབྱུག་པ་རལ་གྲྀ་ནཱི།། གཡས་ཀྱི་ཕྱག་ན་བསྣམས་པར་མཛད།། སྙིང་གར་སྡིག་མཛུབ་ཞགས་པ་དང་།། དྲིལ་བུ་དགྲ་སྟོ་གཡོན་པ་ན། ་གཡོན་བརྐྱང་བ་ཡིས་གནས་པ་ཡི།། མི་བཟད་བགེགས་ནི་སྐྲག་པར་མཛད།། པདྨ་ཉི་མ་མནན་ནས་ནི།། ལྷོ་ཡི་ཕྱོག་སུ་བཞུགས་པར་གྱུར།། པདྨཱནྡྷ་ཀྲི་ཏ་སྔགས་ཀྱིས་ནི་བརྟུལ་ཞུགས་ཅན་གྱི་རྩཝ་མགྲིན་དབྱུང་།། སྤྱན་གསུམ་པདྨ་རཱ་གའི་མདོག། ཞལ་ནི་དམར་དང་གནག ་དང་དཀར།། ཞལ་གདངས་གསུས་ཁྱིམ་ཆེ་བ་དང་།། འོད་དཔག་མེད་པའི་ཅོད་པན་ཅན།། དཔའ་ངོ་གཡོན་བརྐྱང་བ་ཡིས་གནས།། འབར་བའི་ཚིགས་ནི་རྣམ་པར་འཁྲུབས།། པདྨ་རལ་གྲི་གཏུན་ཤིང་ནི།། གཡས་ཀྱི་ཕྱག་ན་བསྣམས་པར་མཛད།། བསྙེམས་པ་བཅས་པས་དྲི ་བུ་དང་།། དགྲ་སྟ་ཞགས་པ་གཡོན་ན་བསྣམས།། པདྨ་ཉི་མ་ལ་གནས་ཏེ།། ཕྱོགས་ཅུ་དག་ཏུ་གཟིགས་ནས་ནི།། ཀླུ་རྣམས་སྐྲག་པར་མཛད་ནས་སུ།། ནུབ་ཀྱི་ཕྱོགསུ་བཞུགས་པར་འགྱུར།། བིགྷྣཱནྟ་ཀཱཏ་སྔགས་ཀྱིས་ནི།། ་རྔ་སྒྲའི་ཅོད་པན་ཡང་དག་ལྡན།། ཨུཏྤལ་སྔོན་པོའི་འདབ་ལྟར་སྔོ།། བདུད་རྩི་འཁྱིལ་པ་དབྱུང་བར་བྱ།། ཞལ་ནི་སྔོ་དང་དམར་དང་དཀར།། ཞལ་གདངས་པ་ནི་རྣམ་པར་འགྱུར།། གསུས་ཁྱིམ་ཚོ་ཞིང་སྤྱན་གསུམ་པ།། འབར་བའི་འོ་ད་ཀྱི་རྣམ་པར་བརྒྱན།། ་སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་།། གཏུན་ཤིང་རྣམས་ནི་གཡས་པ་ན།། སྡིགས་མཛུབ་ཞགས་པར་བཅས་པ་དང་།། དྲིལ་བུ་དགྲ་སྟ་གཡོན་ན་བསྣམས།། གཡོན་རྐྱང་བ་ཡིས་གནས་པ་ཡིས།། པདྨ་ཉི་མ་མནན་ནས་ནི།། བྱང་གི་ཕྱོགསུ་བཞུགས་པར་གྱུར།། ་རང་གི་སྔགས་ཀྱིས་བསྐྱེད་པ་ཡིས།། མི་གཡོ་བ་ཡང་དབྱུང་བར་བྱ།། སྤྱན་གསུམ་ཨིནྡྲ་ནཱི་ལའི་མདོག། དབུ་རྒྱན་རྣམ་པར་སྣང་མཛད་དཔལ།། མཆེ་བ་རྣམ་པར་གཙིགས་པའི་ཞལ།། ཞལ་ནི་གནག་དང་དམར་དང་དཀར།། མི་ཟད་ཧ་ཧ་ཞེས་གཞད་སྒྲ། ་གསུས་ཁྱིམ་ཆེ་ཞིང་སྟོབས་པོ་ཆེ།། རལ་གྲི་རྡོ་རྗེ་འཁོར་ལོ་རྣམས།། གཡས་པའི་ཕྱག་ན་བསྣམས་པར་མཛད།། སྡིགས་མཛུབ་དང་ནི་དགྲ་སྟ་དང་།། ཞགས་པ་གཡོན་པའི་ཕྱག་ན་བསྣམས་པར་མཛད།། རིམས་སོགས་འཇིགས་པའི་གདོན་འཇོམས་ཏེ།། གཡོན ་བརྐྱང་བ་ཡིས་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ནས།། ཤར་ལྷོ་མཚམསུ་བཞུགས་པར་གྱུར།། རང་གི་སྔགས་ཀྱིས་བསྐྱེད་པ་ཡིས།། བརྟུལ་ཞུགས་ཅན་གྱིས་འདོད་རྒྱལ་དབྱུང་།། དྲག་པོ་ཨིནྡྲ་ནཱི་ལའི་མདོག། རིན་ཆེན་འབྱུང་ལྡན་དབུ་རྒྱན་ཅན།། ཞལ་ནི ་གནག་དང་དམར་དྲང་དཀར།། སྤྱན་གསུམ་མཆེ་བ་འཇིག་སུ་རུང་།། ཕྱག་གཉིས་རྡོ་རྗེ་རྒྱུ་མཛད་ཀྱིས།། ཕྱག་རྒྱ་དག་ནི་འཆིང་བར་མཛད།། རྡོ་རྗེ་རམ་གྲི་གཡས་དག་ན།། གཡོན་ན་ཞགས་པ་ལྕགས་ཀྱུའོ།། བདེན་བྲལ་བགེགས་ནི་འཇོམས་པའོ།། གཡོན ་བརྐྱང་གནས་པས་ཉི་མར་བཞུགས།། རང་གི་སྔགས་ཀྱིས་བསྐྱེད་པ་ཡིས།། བརྟུལ་ཞུགས་ཅན་གྱིས་དབྱུག་སྔོན་བསྐྱེད།། སྤྱན་གསུམ་སྤྲིན་སྔོན་ལྟ་བུ་སྟེ།། འོད་དཔག་མེད་པའི་དབུ་རྒྱན་ཅན།། ཞལ་ནི་སྔོ་དང་དཀར་དང་དམར།། གསུས་ཁྱིམ་ཆེ་ཞིང་འཛིན ་པར་མཛད།། དབྱུག་པ་རལ་གྲི་འཁོར་ལོ་ནི།། གཡས་ཀྱི་ཕྱོག་ན་བསྣམས་པར་མཛད།། སྙིང་གར་སྡིག་མཛུབ་ཞགས་པོ་དང་།། དགྲ་སྟ་རྣམས་ནི་གཡོན་ན་བསྣམས།། ཡམས་ཀྱི་འཇིགས་པ་གསལ་ནས་ནི།། གཏུམ་པོ་གཡོན་རྐྱང་གནས་པ་ཡིས།། ་པདྨ་ཉི་མ་ལ་གནས་ཏེ།། ནུབ་བྱང་མཚམསུ་བཞུགས་པར་འགྱུར།། རང་གི་སྔགས་ཀྱིས་བསྐྱེད་པ་ཡིས།། རྔ་སྠ་ཡི་ནི་དབུ་རྒྱན་ཅན།། སྟོབས་པོ་ཆེ་ནི་སྔགས་པས་དབྱུང་།། ཨུཏྤལ་སྔོན་པོའི་མདོག་འདྲ་བ།། ཞལ་ནི་གནག་དང་དམར་དང་དཀར། ་སྤྱན་གསུམ་འཇིགས་པའི་དགྲ་དང་ལྡན།། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན།། གསུས་ཁྱིམ་ཆེ་ཞིང་འཇིགས་པར་བྱེད།། དབྱུག་པ་རལ་གྲི་འཁོར་ལོ་ནི།། གཡས་ཀྱི་ཕྱག་ནི་བསྣམས་པར་མཛད།། སྙིང་ཀར་སྡིགས་མཛུབ་རལ་གྲི་དང་།། ཞགས་པ་དགྲ་སྟེ ་གཡོན་ན་བསྣམས།། གཡོན་བརྐྱང་བ་ཡི་གནས་པ་ཡིས།། མཁའ་འགྲོ་ལ་སོགས་འཇིགས་པ་འཇོམས།། པདྨ་ཉི་མ་ལ་གནས་ཏེ།། བྱང་ཤར་མཚམ་སུ་བཞུགས་པར་གྱུར།། རང་གི་སྔགས་ཀྱིས་བསྐྱེད་པ་ཡི།། གཙུག་ཏོར་འཁོར་ལོ་བསྒྱུར་བ་དབྱུང་།། ་མཁའ་ལྟར་སྔོ་བསངས་འཇིགས་པ་པོ།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། ཞལ་ནི་སྔོ་དང་དམར་དང་དཀར།། གཙོ་བོ་སྤྱན་གསུམ་གསུས་པ་འཆང་།། གཡས་གཡོན་གཉིས་ཀྱི་ཕྱག་གཉིས་ཀྱིས།། སྤྱི་བོར་གཙུག་ཏོར ་འཛིན་པར་མཛད།། རྡོ་རྗེ་པདྨ་གཡས་དག་ནི།། སྡིག་མཛུབ་རལ་གྲི་གསོན་ན་བསྣམས།། འཚོ་བ་ཐམས་ཅད་རྣམ་འཇིག་ཅིང་།། གཏུམ་པོ་གཡོན་བརྐྱང་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ཏེ།། ཚངས་པའི་གནས་སུ་དེ་བཞུགས་པོའོ།། རང་གི་སྔགས ་ཀྱིས་བསྐྱེད་པ་ཡི།། བརྟུལ་ཞུགས་ཅན་གྱིས་གནོད་མཛེས་དབྱུང་།། སྤྱན་གསུམ་ནམ་མཁའ་ལྟ་བུའི་མདོག། ཞལ་ནི་གནག་དང་དམར་དང་དཀར།། གསུས་ཁྱིམ་ཆེ་ཞིང་འཇིགས་པའི་ཞལ།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། རྡོ་རྗེ་འཁོར་ལོ་རིན་ཆེན ་ནི།། གཡས་པའི་ཕྱག་ན་འཛིན་པར་མཛད།། སྙིང་གར་སྡིགས་མཛུབ་ཞགས་པ་དང་།། པདྨ་རལ་གྲི་གཡོན་ན་བསྣམས།། རྒྱུ་བ་དང་ནི་གནས་པའི་དུག། ཀ་ལ་ཀུ་ཏ་སོགས་ཀུན་དང་།། བགེགས་ཀྱི་བདག་པོ་ཀུན་བཅོམ་སྟེ།། ཐམས་ཅད་ཞི་བར་མཛད་ནས་ནི།། ་མ་ལུས་ཀ་ནི་རྫོགས་བྱས་ལྔ།། གཡོན་བརྐྱང་པ་ཡི་གནས་པ་ཡིས།། པདྨ་ཉི་མ་ལ་གནས་ཏེ།། ས་ཡི་འོག་ཏུ་དེ་བཞུགས་སོ།། ལྷ་ནི་སུམ་ཅུ་གཉིས་རང་བཞིན།། དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི།། འཁོར་ལོའི་དབུས་སུ་གནས་གྱུར་ན།། དེ་ནས་ཕྲ་མོའི ་རྣལ་འབྱོར་བརྩམ།། སྣ་ཡི་རྩེ་མོར་ཡུངས་ཀར་བསམ།། འགྲོ་དང་མི་འགྲོ་ལུངས་ཀར་ལ།། གསང་བའི་སྔགས་ཀྱིས་བརྟགས་པ་མོ།། ཡེ་ཤེས་མཆོག་གི་གནས་བསྒོམ་མོ།། རིན་ཆེན་ཁ་དོག་སྣ་ལྔ་ལ།། སུངས་ཀར་གྱི་ནི་འབྲུ་ཆོད་ཙམ།། སྣ ་རྩེ་མོར་ནན་ཏན་དུ།། རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ།། རིན་ཆེན་བརྟན་པར་གྱུར་ནས་སྤྲོ།། བརྟན་པར་མ་གྱུར་དེ་མི་སྤྲོ།། སངས་རྒྱས་འབར་བའི་འོད་མཉམ་པ།། རབ་མཆོག་སྤྲིན་ནི་སྤྲོ་བར་བྱ།། སློང་མོ་ཟ་ཞིང་མི་བཟླས་ཏེ།། མ་སྤངས་པ་ལ ་ཆགས་མི་བྱ།། འདོད་པ་ཀུན་ལས་ལོངས་སྤྱོད་ཅིང་།། སྔགས་ཀྱི་ཡན་ལག་མ་ཉམས་འདས།། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི།། རྫོགས་ནས་རབ་ཏུ་བསྡུ་བར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དོན་དམ་པ་ཡི་བཟླས་པར་བཤད།། ཕྲ་མོའི ་རྣལ་འབྱོར་བཟླས་པ་ཡང་།། ཅི་འདོད་པར་ནི་རྣམ་གཉིས་བྱ།། སླར་ཡང་སྔགས་པས་བདག་ཉིད་ནི།། དེ་བཞིན་ཉིད་ལ་གཞུག་པར་བྱ།། དེ་ནས་དཀྱིལ་འཁོར་གནས་པ་འདི།། ལྷ་མོས་བདག་པོ་མ་མཐོང་བས།། ཚིགས་སུ་བཅད་པ་འདི་བཞི ་ཡིས།། བདེ་བ་ཆེན་པོ་བསྐུལ་བར་བྱེད།། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས་དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་དུ་གསོལ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ་སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་བགྱེས་པར་མཛད་དུ་གསོལ།། རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན།། སངས་རྒྱས་དོན་དུ་བྱང་ཆུབ་མཆོག་བསྒྲུབ་རབ་ཏུ་ཕན་པར་གཟིགས།། མགོན་པོ་གལ་ཏེ་དེ་རི ་བདག་ནི་གསོན་པར་མཆིས་བཞེད་ན།། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།། ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ཡ་ཕན་ཞིང་ཐུགས་བརྩེ་བ།། འཇིག་རྟེན་དག་གི་དགོངས་པའི་དོན་མཛད་པ་ལ་རྟག་ཏུ ་བརྩོན།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞོད་ན།། སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད།། ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཚིག་མཆོག་གི་ཕན་དོན་ཚེ།། ཡང་དག ་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ།། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།། ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད།། དེ་ལྟར་ཡང་དག་ཡོན་ཏན་ནི།། བརྗོད། ་པས་མགོན་པོ་དེ་བསྐུལ་ནས།། མི་བསྐྱོད་ལ་སོགས་ངོ་བོ་ཡིས།། དེ་བཞིན་གཤེགས་པ་བསྟོད་པར་མཛད།། མི་བསྐྱོད་པ་ནི་རྡོ་རྗེ་ཆེ།། རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ།། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། གསང་བའི་དབྱངས་ལ ་ཕྱག་འཚལ་ལོ།། རྣམ་པར་སྣང་མཛད་རབ་ཏུ་དག། རྡོ་རྗེ་ཞི་བ་དགའ་བ་ཆེ།། རང་བཞིན་གྱིས་ནི་འོད་གསལ་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ནམ་མཁའ་དྲི་མ་མེད།། དངོས་ཉིད ་དག་པ་གྲོས་མེད་པ།། གསང་བའི་གསུང་ལ་ཕྱག་འཚལ་ལོ།། རྡོ་རྗེ་མི་མཆི་འདོད་ཆགས་ཆེ།། མི་རྟོགས་ནམ་མཁའི་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས།། རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ།། རྡོ་རྗེ་དགའ་བ ་གདོན་མི་ཟ།། བསམ་པ་ཐམས་ཅད་ཡོངས་རྫོགས་པ།། སངས་རྒྱས་ངོ་བོ་ཉིད་ལས་བྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ།། དེ་ནས་འཁོར་ལོ་སངས་རྒྱས་ཀྱིས་བསྟོད་གསོལ།། མཆོག་ཏུ་གསང་བ་ཇི་བཞིན་དོན་སྤྱད་ནས།། ་རང་གི་འཁོར་ལོ་ལ་ནི་འཁོར་ལོ་གཞུག། མགོན་པོ་བདྨ་བ་ཆེན་པོ་གཙོག་པོ་བཞུགས།། ད་ལྟར་རྣལ་འབྱོར་བཞི་བྱེང་རྣལ་འབྱོར་པ།། ཛྫ་གཱི་སྙིང་པོས་འཇིག་རྟེན་རབ་ཏུ་བསྒོས།། དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔར་བསམ།། ལངས་ནས ་འགྲོ་ལ་བལྟས་ཏེ་ཇི་བཞིན་སྤྱད་པར་བྱ།། སྔགས་པས་ཏིང་འཛིན་དམྱིགས་པའི་ཚེ།། གང་ཚེ་ལུས་ནི་བསྒོམས་གྱུར་ན།། ལུས་ངག་ཡིད་ནི་ཚིམ་བྱེད་པའི།། སྦྱོར་བ་འདི་ནི་བསྒོམ་པར་བྱ།། མཐོ་གང་ཙམ་གྱིས་སྤགས་པ་རུ།། སྤྱི་བོར ་དཀྱིལ་འཁོར་བསྒོམ་པར་བྱ།། བདུད་རྩི་ལྔ་ནི་ངེས་འབེབས་པའི།། ཨོཾ་ནི་དཻ་རུ་བསམ་པར་བྱ།། རྡོ་རྗེ་སྦྱོར་བ་འདི་ཡིས་ནི།། སྐད་ཅིག་གིས་ནི་གཟི་ཙན་འགྱུར།། ལུས་ངག་ཡིད་ན་བདེ་བ་དོག། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ལྟ་རོ་སློབ ་པའི་སྔགས་པ་ཡིས།། སྦྱོངས་དང་དེ་བཞིན་རྟོགས་སྔར་བྱ།། ལྐོག་མ་སྙིང་ག་ལེགས་སྦྱངསོ་ཤིང་།། དྲི་བཞིན་གཤེགས་རྣམས་ཚིམ་པར་བྱ།། ཧཱུཾ་གིས་ལེགས་པར་སྦྱངས་བྱས་ལ།། ཡི་གེ་ཨ་ཡིས་རྟོགས་བྱས་ཏེ།། ཨོཾ་གྱིས་མནན་ནས་སྤར་བར ་བྱ།། འདི་ནི་ཁ་ཟས་སྦྱང་བྱ་བའོ།། དང་པོ་མགྲིན་པའི་མཚམས་བསམ་པ།། དེར་ནི་ཧྲཱིཿལས་བྱུང་བ་ཡི།། པདྨ་འདབ་མ་བརྒྱད་པ་བསྒོམ།། ལྟེ་བའི་ནང་དུ་ཡི་གེ་ཧཱུཾ།། ཧཱུ~ཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམ།། རྩེ་མོ་དབུ་མའི་སྟེང་དུ་ནི།། ་ཨོཾ་བསམ་ལྐོག་མ་སྦྱང་པོའོ།། སྤྲིན་གྱི་སྒྲ་ནི་སྙིང་གར་བསམ།། རྩེ་གསུམ་མེ་ནི་དེ་ལ་སྤྲོ།། དེར་ནི་བཟའ་བ་སྲེག་པ་དག། འདི་ནི་ནང་གི་སྦྱིན་སྲེག་ཡིན།། རླུང་གིས་མེ་ནི་སྦར་བྱེད་པ།། དེར་ནི་ཆུ་གང་འཚེད་པར་བྱེད།། དབང་ཆེན་དཀྱིལ་འཁོར་གན་སུ་ནི། ་གང་དུ་མེ་ནི་རྒྱུབ་དག། བཟའ་བ་དང་ནི་བཏུང་བ་རྣམས།། གང་ཅི་ཡང་རུང་བ་ཆུ་དཀྱིལ་འཁོར།། བཟའ་བ་ཁཱ་ཡི་པདྨ་ལས།། སྙིང་གའི་པདྨར་ཡང་དག་གཞུག། ལྟེ་བའི་དཀྱིལ་འཁོར་ཕྱིན་འོག་ཏུ།། ཁ་སྦྱར་བ ་སྦྱོར་བ་ཡི།། གསང་བའི་པདྨ་ལས་བྱུང་བ། ཐལ་བའི་མཐར་ནི་རྣམ་པར་བརྟགས།། རིམས་ནད་མེད་ཅིང་ནད་ཀྱང་མེད།། དུག་ལ་སོགས་པས་མི་མཆིལ།། དེ་ནི་དུས་མིན་འཆི་མི་འགྱུར།། འཚེ་བ་ཐམས་ཅད་རྣམ་འཇོམས་པའོ།། ་རྡོ་རྗེ་ཕྲེང་བ་དཔལ་མཆོག་སྲུབ་ཤོང་གིས།། གསང་འདུས་སྦས་ཆུའི་རྒྱ་མཚོ་བསྲུབ་པ་ལས།། སྒྲུབ་པའི་ཡན་ལག་བདུད་རྩི་གང་ཐོབ་དེས།། འདི་རྟེན་མ་ལུས་འཚོ་མེད་མྱུར་ཐོབ་ཤོག། སྒྲུབ་པའི་ཐབས་མདོར་བྱས་པ་སློབ ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་ཨཱ་\ུ0f7f་རྱ་ཤྭདྡྷ་ཀ་ར་ཝམ་དང་། བུས་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། བཀྲ་ཤིས ་