CLOSE WINDOW

GT659: sgron ma gsal ba mdor bshad pa'i sa gcod snying gi me long zhes bya ba
Wyliee-texts produced with BDRC’s OCR application

ཆེན་རྒྱལ་མཚན་ནོ།། འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག།། ། རྒྱ་གར་སྐད། པྲ་དཱི་བོ་དཱི་པྲོ་ཧྲི་དཱ་ཡཱ་ད་དྷ་ནཱ་ནཱ་མ། བོད་སྐད་དུ། སྒྲོན་མ་གསལ་བ ་མདོར་བཤད་པའི་ས་གཅོད་སྙིང་གི་མཱ་ལོང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པ་ལྔ་རྣམས་ལ།། གང་ཞིག་སྐུ་ཡི་ཁྱབ་བྱེད་གནས།། རྡོ་རྗེ་འཆང་བའི་གཙོ་བོ་ནི།། རྡོ་རྗེའི་ཆང་ཆེན་དེ་ལ་འདུད།། མཐའ་དྲུག་ཅེས ་བྱའི་འགྲེལ་པ་ནི། དཔལ་ལྡན་ཟླ་བའི་གྲགས་པས་མཛད།། དཀའ་བའི་གནས་ལ་བདོག་གིས་ནི།། རྣམ་པར་དབྱེ་བའི་རྣམ་འགྲེལ་བྱ།། དེ་ལ་དཔྲལ་ལྡན་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་འདིས་ནི།། འདོད་པའི་ལྷ་ལ་ཕྱག་འཚལ་བ་ཡིན་ནོ།། དེ་ལ་རྒྱུད ་ཀྱི་རྒྱལ་པོ་ཞེས་བྱ་བའི་ཚིག་གིས་ནི་རྒྱུད་གཞན་རྣམས་ལས་ཁྱད་པར་དུ་གྱུར་པའི་དོན་ནོ།། ཤིན་ཏུ་གསལ་བར་རྣམ་ཕྱེ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ཁྱད་པར་གྱིས་སོ།། གལ་ཏེ་དེ་ལྟ་ན་དེ་ཉིད་གྲུབ་པའི་ཕྱིར་འབྲད་པ་ཅི་ཞིག ་དགོས་ཞེས་པ་ལཾ། མཐའ་དྲུག་གི་ནི་བཅིང་བས་བཅིངས་པས་ཞེས་བྱ་བ་སྨོསོ།། འོ་ན་ཡང་དེ་ཉིད་ལས། ཁྱོད་ཀྱི་རྟོགས་པར་འགྱུར་རོ་ཞེ་ནི། ཡང་རྒོལ་བ་དེ་ཉིད་ཀྱིས་ན་རྒྱལ་སྲས་ཡུལ་གྱུར་ཞེས་གསུང་སོ།། འདིས་ནི་མངོན ་པར་ཤེས་པ་ཐོབ་པ་རྣམས་ཀྱིས་འགྲེལ་པ་བྱ་བར་འོས་པ་ཡིན་ནོ་ཞེས་བསམསོ།། དེ་ལྟར་ཡང་དུས་ཀྱིས་འཁོར་ལོའི་མན་ངག་ལས་བསྟན་ཏེ། མངོན་པར་ཤེས་པ་ཐོབ་པས་འབྲེལ་བ་བྱའོ་ཞེས་སོ།། དེའི་མཚན་ཅི་ཞིག་ཡིན་ཞེ ་ན། རྒྱལ་བའི་འདུས་གང་ཡིན་ཞེས་གསུང་སོ།། དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་འདུས་པ་ཞེས་བྱ་བའི་དོན་ཏོ།། འོ་ན་དེ་ལ་རེ་ཞིག་ཇི་ལྟར་ན་དེ་བཞིན་གཤེགས་པ་འདི་དག་གི་ཚོགས་འདུས་པ་ཡིན་ཞེ་ན། བཤ ་བཔ། རིས་པ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། དེ་ལ་བསྐྱེད་པའི་རིམ་པ་ལ་ནི་ཟླ་བ་དང་། ཉི་མ་དང་། ས་བོན་དང་། ཕྱག་མཚན་དང་། སྤྲོ་བ་དང་། བསྡུ་བ་དང་། སྐུ་གྲུབ་པ་རྣམས་ཀྱི་མངོན་པར་བྱང་ཆུབ་པ་རྣམ ་པ་ལྔ་ནི། དེ་བཞིན་གཤེགས་པ་ལྔའི་ངོ་བོས་ཉིད་འདུས་པ་ཡིན་ནོ།། ཡང་ན་སྐུ་གྲུབ་པ་ལ་གང་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཞུགས་པ་ནི་འདུས་པའོ།། ཡང་རྫོགས་པའི་རིམ་པ་ལ་ཐབས་དང་ཤེས་རབ་སྙོམས་པར ་ཞུགས་པ་ན་དགའ་བ་དམ་པའི་ཆགས་པའི་སྒྲས་རྒྱལ་པའི་ཚོགས་མཐའི་དྲག་རབ་ཏུ་ཞུགས་པའི་འོག་ཏུ། རྡོ་རྗེ་ནོར་བུའི་རྩེ་མོར་གཅིག་ཏུ་ཞུ་བའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང་བཞིན་དུ་འདུས་པ་ཡིན་ནོ།། ཡང་ན་རྡོ་རྗེའི ་ལམ་སྤྲོས་ནས། བྱང་ཆུབ་ཀྱི་སེམས་ཐིག་ལེའི་དཀྱིལ་འཁོར་ན་ཡོད་པའི་ལྷའི་གཟུགས་ཀྱི་པདྨའི་སྙིང་པོའི་ནིང་ན་རབ་ཏུ་ཡོད་པ་ནི་འདུས་པའོ།། ཡང་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དུས་སུ་ཚངས་པའི་སྒོ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་སློབ་མ་ལ་ཞུག་པར་བྱས་པ་དེ་ནི་འདུས་པའོ།། འདི་དག་ནི་མཚོན་པ་ཙམ་སྟེ། རྣམ་པ་གཞན་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས་མ་བསྟན་ནོ།། བརྒྱུད་པ་མ་གཏོགས་པར་ན་དེ་ཁོ་ན་ཉིད ་རྟོགས་པ་མེད་པ་དེའི་ཕྱིར། དེ་ནི་དཔལ་ཀླུ་སྒྲུབ་ལས་ཐོས་པ་ཡིན་ནོ།། རིམ་པ་གཉིས་ལ་ཞེས་བྱ་བ་འདིས་ནི་འདུས་པ་ཉིད་ཀྱི་རྣམ་པར་འགྲེལ་པའོ།། གལ་ཏེ་ཡང་དཔལ་གསང་བ་འདུས་པ་ནི་རིམ་པ་རྣམ་པ་ལྔང ་བསྟན་པ་ཡིན་ཏེ། འོན་ཀྱང་དེ་བསྡུ་བའི་དོན་དུ་ཡོངསུ་བརྟག་ས་པས་རིམ་པ་གཉིསསུ་བསྟན་པ་ཡིན་ནོ།། ཤིན་ཏུ་གསང་བ་ཉིད་དུ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་རྒྱུས་བཏབ་པ་ཡིན་ཏེ། རྒྱལ་པོ་རྣམས་ཀྱི་རང་གི་མཛོད་བཞི་ནོ།། ་བཏུད་པ་ནི་ལུས་དང་ངག་དང་ཡིད་དེའི་བདག་ཉིད་ཀྱི་རྗེ་སུ་ཞུགས་པའོ།། ཁྱབ་བདག་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་རོ།། རབ་ཏུ་གསལ་བར་བཤད་པ་ནི་རབ་ཏུ་སྟོན་པར་བྱེད་པའོ།། ཟླ་བའི་གྲགས་པས་ཞེས་བྱ་བ་ནི་གཞུང་བྱེད་པའི ་ཚིག་གོ།། འདི་དག་གི་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་སློབ་མ་ཡིན་པ་ཉིད་ཀྱིས་མན་ངག་དང་ལྡན་པ་ཉིད་དུ་རབ་ཏུ་བསྟན་ནོ།། རིམ་པ་ཞེས་བྱ་བ་ནི། བསྐྱེད་པ་ལ་སོགས་པའི་རིམ་པོ་ཞེས་བྱ་བའི་དོན་ཏོ།། གསང་སྔགས་སྟེ་ཞེས་བྱ་བ་ནས། ་བདེན་པ་ཉིད་ཀྱི་སྦྱོར་བྱེད་གཽ་དཾ།། འདི་ནི་སྒྲིབ་པའི་ཡན་ལྷག་མཆོག། ཅེས་བྱ་བའི་བར་གྱི་ནི། རྡོ་རྗེ་བཟླས་པ་དང་། སེམས་རྣམ་པར་དག་པ་དང་། རང་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་འབྲེལ་པའི་རིམ་པ་རྣམས ་རབ་ཏུ་བསྟན་ནོ།། རྒྱུད་ཀུན་གྱི་ནི་དོན་པ་སྡུས་པའོ།། ཞེས་བྱ་བ་འདིས་ནི་རིམ་པ་ལྔ་ལས་ལྷག་པ་དང་ཆད་པ་ཉིད་རབ་ཏུ་དགག་པ་ཡིན་ནོ།། དབྱེ་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ།། དེ་ལ་རྡོ་རྗེ་བཟླས་པ་ནི་རྣམ་པར་སྣང་མཛད་ལ ་སོགས་པའི་དབྱེ་བས་རྣམ་པ་མང་པོ་ཡིན་ནོ།། སེམས་རྣམ་པར་དག་པའི་རིམ་པ་ནི་ཡེ་ཤེས་གསུམ་ལ་སོགས་པའི་དབྱེ་བས་སོ།། རང་བྱིན་གྱིས་བརླབ་པའི་རིམ་པ་ནི། མངོན་པར་བྱང་ཆུབ་པ་ལྔའི་དབྱེ་བས་སོ།། མངོན་པར་བྱང་ཆུབ ་པའི་རིམ་པ་ནི་ཚོགས་པ་དང་། ཆགས་པ་མེད་པ་དང་། ཆགས་པ་བར་མའི་དབྱེ་བས་སོ།། ཟུང་དུ་འབྲེལ་བའི་རིམ་པ་ནི་ཀུན་རྫོབ་དང་། དོན་དམ་པའི་དབྱེ་བས་སོ།། དེ་རྣམས་ཡང་དག་པོར་བསྡུས་པ་ནི་ཞེས་བྱ་བ་ནི་གང་ལྔ་པོ་གཅིག ་ཏུ་ཟུང་དུ་འཇུག་པའི་རིམ་པར་དག་པར་འདུ་བའོ།། རྒྱུད་རིག་སྟེ་ཞེས་བྱ་བཱ་ནི་འགྲོ་བའི་བླ་མ་ཁམས་ག་སུམ་ན་རྡོ་རྗེ་འཆང་གི་གོ་འཕང་སྟོན་པར་བྱེད་པའོ།། སྔགས་དང་ཞེས་བྱ་བ་ལ་སོགས་པས་ནཱི་རིམ་པ་རྣམས་ཀྱི་བསྡུས ་པའི་དོན་ཏོ།། སྔགས་སྨོས་པས་ནི་སྔགས་ཐམས་ཅད་ཡི་གེ་གསུམ་གྱི་ཡང་དག་པར་བསྡུས་པའི་ཚིག། སེམས་ཀྱི་སྒྲས་ནི་སེམས་ལས་བྱུང་བ་བརྒྱ་དྲུག་ཅུའི་རང་བཞིན་གཟུང་བ་ཡིན་ནོ།། ལུས་ཀྱི་སྒྲས་ནི་ཆོས་དང་ལོངས་སྦྱོང ་དང་སྤྲུལ་པའི་སྐུ་བཟུང་བ་ཡིན་ནོ།། རྣམ་པར་དག་པ་སྨོས་པས་ནི་ཆགས་པ་ལ་སོགས་པ་དང་། དགའ་བ་ལ་སོགས་པ་བཟུང་བ་ཡིན་ནོ།། ཟུང་འཇུག་ལས་ཞེས་བྱ་བས་ནི་གཉིསུ་བྱར་མེད་པ་བཟུང་བ་ཡིན་ནོ།། མཐའ་དྲུག་ལོ ་འཇུག་གོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ།། མཐའ་དྲུག་པོ་འདི་ཡང་དཔལ་འདུས་པའི་ཡུལ་ཅན་ཡིན་ནོ།། དེ་ཡང་གཅིག་ཏུ་ཡི་གེ་གསུམ་གྱི་ངོ་བོ་ཉིད་དོ།། ཡི་གཽ་གསུམ་པོ་ཡང་ཨཱཾ་ལི་དང་ཀཱ་ལིའི་སྔགས་ཐམས་ཅད་ཀྱི་ཡིག ་འབྲུ་དང་ཚིག་ལ་སོགས་པ་དབྱེ་བ་རྣམས་ཀྱང་ཡང་དག་པར་བསྡུས་པ་ཡིན་ཏེ། དེས་ན་ཡ་ར་ཝ་ཧ་མཐའི་བར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། རིམ་པ་ལས་རྣམ་པར་འདས་པའི་རྒྱུ་ནི་བརྗོད་པར་མི་རིགས ་ཞེ་ན། དང་པོ་ཡ་ར་ལ་ཝ་སྨོས་པས་ནི་ལས་ཀྱི་སྦྱོར་བའི་ནུས་པ་སྒྲུབ་པ་གཙོ་བའི་ཕྱིར་རོ།། དེ་ལྟར་ཡང་དངོས་གྲུབ་འདོད་པས་བྱ་བ་ནི།། ར་ལ་སོགས་པ་གསུམ་ཉིད་ཀྱིས།། འགྲོ་བའི་དོན་ལ་རབ་ཏུ་འཇུག། ཅེས་བཤད་དོ།། ཅིའི་ཕྱིར་ཨ་ལ ་སོགས་པ་མི་བཟུང་ཞེ་ན། བཤད་པ་རེ་ཞིག་བསལ་བྱ་རྣམས་ནི་གསལ་བྱུད་མེད་པར་བརྗོད་པར་མི་ནུས་པ་ཡིན་ཏེ། དེ་དག་ཉེ་བར་བཟུང་བས་དབྱངས་ཀྱི་ཡི་གེ་རྣམས་ཀྱང་ཡང་དག་པར་བཟུང་བ་ཡིན་ནོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་ཞེས ་བྱ་བ་ལ་སོགས་པ་ནི་རྟོག་པར་སླའོ།། དེ་ལ་རྒྱུད་ཀྱི་རྩཝ་མཽ་ཞེས་བྱ་བ་འདིས་ནི་བསྟན་ནོ།། གཞུང་ཉུང་ཞེས་བྱ་བ་ལ་སྩོགས་པ་འདིས་ནི་རྣལ་འབྱོར་གྱི་རྒྱུད་མཐའ་དག་གི་སྙིང་པོར་བསྟན་ཏོ།། དེ་ལ་རྙེད་དཀའ་ཤེས་པ་ཞེས་བྱ་བའི་ཚིག ་གིས་ནི་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་ཏོ།། རྒྱུན་བདུན་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་བསྟན་ནོ།། དེ་བས་ཞེས་བྱ་བ་ལ་སོགས་པས་ནི་བླ་མ་བརྒྱུད་པའི་རྒྱན་གྱི་རྣམ་པར་དབྱེ་བ་ལ་འབྲེལ་པ་བྱེད་པའི་སྙིང་རྗེ་གསལ ་པར་བྱེད་པ་ཡིན་ནོ།། དེ་ལ་གླེང་བསླང་བ་ལ་སོགས་པ་རྒྱན་བདུན་ནི། མདོར་བསྟན་པ་དང་། མཚན་ཉིད་དང་། ཡོངསུ་རྟོགས་པ་ཡིན་ཏོ།། དེ་ལྟར་ན་འདི་རྣམ་པ་གསུམ་གྱི་དབང་དུ་བྱས་པ་ཡིན་དེ་ལ་དང་པོ་བསྟན་པ་ལ་གློང་བསླང་བའི་གྲངས ་ནི་རྣམ་པ་ལྔ་ཡིན་ཏེ། དེ་ལ་གནས་སྐབས་ཀྱི་དོན་བསྒྲུབ་པའི་ཕྱིར་བསམ་པར་ནི་གླེང་བསླང་བ་ཉིད་དུ་བསྟན་པ་ཡིན་ནོ།། ཇི་སྲིད་དེའི་རིགས་པས་སྒྲུབ་པ་མ་བྱས་པ་དེ་སྲིད་དུ་ནི་གླེང་བསླང་བ་དེ་ཡང་འགྲུབ་པར་མི་འགྱུར་ཏེ། དེའི་ཕྱིར ་རིགས་པ་ཡང་རྣམ་པ་བཞི་བསྟན་ཏོ།། དེའི་འོག་ཏུ་སྒྲ་དང་། དོན་གྱི་རྣམ་པར་དབྱེ་བས་རྣམ་པར་བཤད་པ་སྨོས་པ་ཡིན་ནོ།། ལྔ་པ་ནི་སྨྲ་བ་པོའི་བརྒྱན་ཡིན་ནོ།། དྲུག་པ་ནི་ཉན་པ་པོའི་རྒྱན་ཡིན་ནོ།། བདུན་པ་ནི་བརྗོད་པར ་བྱ་བ་མ་ལུས་པ་མཐའ་དག་བསྡུས་པའི་རྒྱན་ཡིན་ནོ།། ཐམས་ཅད་བསྡུས་པ་ནི་དབྱེ་བ་ཉི་ཤུ་རྩ་བརྒྱད་དོ།། འདིའི་མིང་ཅི་ཞེས་བྱ་བ་ལ་སོགས་པས་ནི་བརྒྱན་དང་པོའི་མཚན་ཉིད་དེ། དེ་ཡང་དྲི་བ་སྔོན་དུ་འགྲོ་བའི་ལན ་ནོ་རྒྱུད་ཀྱི་མཚན་ནི་ཞེས་བྱ་བ་ལ་སོགས་པའོ།། དོན་ནི་འདི་ཡིན་ཏེ། མིང་མེད་པར་ནི་ཐ་སྙད་ཚད་པའི་ཕྱིར་འགྲོ་བ་ཐམས་ཅད་འོན་པ་དང་ལྐུགས་པར་འགྱུར་ཏེ། དེ་བས་ན་མཚན་བཟུང་བ་ཡིན་ནོ།། དེ་ཡང་འདུས་པ་ཞེས་བྱའི་མཚན་ནོ།། ། ་དེའི་དོན་ནི་སྔར་གཏན་ལ་ཕབ་པ་ཉིད་དོ།། རྒྱུ་མཚན་གང་གི་དོན་དུ་ཞེས་བྱ་བ་ནི། འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་གཙོར་བྱས་ནས་དེ་རྣམ་པར་དག་པར་བྱེད་པའི་ཕྱིར་རོ།། བྱེད་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་ཉན་པ་པོས ་གུས་པ་ཉིད་ཀྱི་ཕྱིར་རབ་ཏུ་བསྒྲུབ་པར་འགྱུརརོ།། ལེའུར་བཅད་པ་ལ་སོགས་པ་ཞེས་བྱ་བའི་ཚད་དོ།། དེ་ལྟར་ན་ཡོངསུ་འབད་པ་དང་། གཞལ་བྱ་མཐར་ཐུག་པར་གང་དུ་བྱས་པ་དེ་ནི་ལེའུར་བཅད་པའོ།། དུམ་བུ་ལ་སོགས་པའང་དེ་བཞིན་དུ་ཤེས་པར ་བྱའོ།། གཞུང་དང་ཞེས་བྱ་བ་ལ་ཡི་གེ་དང་དོན་ལས་ཀྱང་ཤེས་པར་བྱ་སྟེ། དེ་གཉིས་ནི་འབྲེལ་པའི་ཕྱིར་རོ།། དགོས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ།། དེ་ལ་དད ་པོའི་ཕྱོགས་ཀྱང་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། འཇིག་རྟེན་པའི་ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། རྣམ་པར་དབྱེ་བ་དང་། བསད་པ་དང་དགར་བ་དང་། མངོན་སྤྱོད་ལ་སོགས ་པའོ།། འཇིག་རྟེན་ལས་འདས་པ་ནི་གྲུབ་པ་རྣམ་པ་བརྒྱད་དེ། དེ་ཡང་འོག་ནས་བཤད་ལ་ཇི་ལྟར་འཁོར་ལོའི་རིག་འཛིན་གྲུབ་པ་དང་། དེ་བཞིན་དུ་རིན་པོ་ཆེ་དང་པདྨ་དང་།། རྡོ་རྗེ་དང་། རལ་གྲི་དང་། མཛུབ་རིས་དང་། མིག་སྨན ་དང་། རིལ་བུའི་གྲུབ་པ་རྣམསོ།། འཇིག་རྟེན་དག་པའི་དགོས་པ་ནི་རྫོགས་པའི་རིམ་པ་ལའོ།། སངས་རྒྱས་ཀྱང་ནི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། གླེང་བ་ནི་འདས་ཞེས་བྱ་བ་ནི་མཇུག་སྡུད་པའོ།། རིགས་པ་གསུངས ་བ་ནི། གཉིས་པ་ཡང་ནི་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ་རྒྱུད་ལ་སོགས་པ་ནི་བསྟན་པའོ།། མདོ་སྡེ་དང་འདུལ་བ་དང་མངོན་པ་རྣམས་ཀྱི་རིགས་པ་སྔར་རབ་ཏུ་བསྟེན་ནས་ཕྱིས་རང་གི་གྲུབ་པའི་མཐར་སྟོན་ཏོ།། མི་ཡི ་སྐྱེ་བར་འཁྲུངས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མི་གདུལ་བྱ་ཡིན་པའི་ཕྱིར་འདྲ་བའི་སྐྱེ་བ་བཟུང་བ་ནི་རིགས་པ་ཁོ་ནའོ།། མིའི་སྐྱེ་བ་བཟུང་ན་ཡང་འདོད་ཆགས་དང་བྲལ་བ་ལ་མ་བརྟེན་པར་ནི་སེམས་ཅན་རྣམས་འདུལ་བར ་མི་འགྱུར་ཏེ། དེ་བས་དེའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ནས་བྱུང་བ་ནི་གླེང་གཞི་སྟེ། གླེང་གཞི་ནི་སྔོན་བྱུང་བའོ།། གལ་ཏེ་དགོན་པ་ལ་སོགས་པ་ལ་གནས་ན་ཡང་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར་བ་དེའི་ཚེ་ཁབ་ནས ་བྱུང་བ་དོན་མེད་པ་ཡིན་ན། དེ་ཉིད་ཀྱི་ཕྱིར། འདུལ་བའི་སྡོམ་པ་བསྟན་པའི་ངེས་པའི་ཚིག་ནི་སློབ་པའི་གཞི་རྣམ་པ་སྣ་ཚོགས་ཀྱི་སྤྱོད་པའོ།། འབྲས་བུ་བཞེད་པ་ཡོད་པས། བཅོམ་ལྡན་འདས་དཀའ་བ་སྤྱོང་པར་མཇེད་པ་དེ་ནི་རྒྱུ་ཡིན་ཏེ། འབྲས ་བུ་ཐོབ་པར་བྱ་བ་ཐབས་ཡིན་པའི་ཕྱིར་རོ།། འདི་ནི་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་ཞེས་བྱ་བ་མཇུག་བསྡུ་བའོ།། འདོད་ཆགས་ཀྱི་སྐབས་ནི་སངས་རྒྱས་ལྔ་ཞེས་གསུངས་ཏེ། ཉོན་མོངས་པ་ལྔ་དང་། རྣམ་པར་ཤེས་པ་ལྔ་དང་། ཕུང་པོ་ལྔ ་དང་། རླུང་ལྔ་དང་། འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རིགས་ལྷའི་དེ་བཞིན་གགས་པ་ལྔའི་རིགས་ཀྱི་སྐུར་བཟུང་བ་ཞེས་བྱ་བའི་དོན་ནོ།། འདི་ནི་ཀུན་རྫོབ་ཀྱི་ཕྱོགསས་བསྟན་པ་ཡིན་ཏི། ་དེ་རྣམ་པར་བཟློག་པའི་ཕྱིར། རིགས་གཅིག་ཏུ་ཡང་འགྱུར་བ་ཡིན་ཞེས་གསུང་སྭེ་ཏེ། རྡོ་རྗེ་འཆང་ཆེན་པོའི་རིགས་ཀྱི་ངོ་བོ་ཞེས་བྱ་བའི་དོན་ནོ།། འདི་ཡན་ཆད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ནོ།། གནོན་གྱི་དོན་ཕུན་སུམ་ཚོགས ་པ་ནི། རྡོ་རྗེ་ལ་སོགས་པ་བཟུང་བ་ཞེས་བྱ་བ་སོགས་པ་གསུངསོ།། སེམས་ཅན་གྱི་ཁམས་མོས་པ་སྣ་ཚོགས་པ་ཡིན་པས་དེ་དག་རྗེསུ་བཟུང་བའི་ཕྱིར་ནི། བཅོམ་ལྡན་འདས་རྡོ་རྗེ་ལ་སོགས་པའི་མཚོན་ཆ་བསྣམས་པ་ཡིན་ནོ།། དེ་དག་ཀྱང་ཡེ ་ཤེས་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ངེས་པའི་ཚིག་གི་དོན་ནོ།། ཡང་ན་དབང་བསྐུར་བའི་དུས་སློབ་མ་ལ་རྡོ་རྗེ་ལ་སོགས་པ་འཆང་བར་བྱ་བ་ཡིན་ནོ།། དེར་ཡང་རྣམ་པར་དག་པ་མངོན་དུ་བརྗོད ་ནས་སྦྱིན་པར་བྱ་བ་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཤེས་རབ་དྲིལྟ་བུ་ཡིན་པར་ཤེས་ཞེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་བཅོམ་ལྡན་ནི་སྒེག་པ་ལ་སོགས་པའི་གར་སྟབས་དགུའི་ཉམས་ཀྱི་སྤྱོད་པ་ཡིན་ནོ།། གཞན་དག ་ལ་ཡ་དྲི་ལྟར་སྟོན་པར་མཛད་དེ། དེ་ལ་སྒེག་པའི་ཉམས་ཀྱིས་སྤྱོད་པ་ནི་མཱ་མ་ཀཱི་ཆེན་པོ་དང་ལྷན་ཅིག་གཏུག་པ་དང་། འཁྱུད་པ་དང་། སྲིན་མོ་དང་སོས་གདབ་པ་ལ་སོགས་པའི་མཚན་ཉིད་དོ།། དཔའ་བོའི་སྤྱོད་པ་ནི། ཇི་ལྟར་མཚན་མོ ་དུར་ཁྲོད་ཀྱི་ཕྱོགས་རོ་སློང་བར་བྱེད་པའོ།། རྔམ་པའི་སྤྱོད་པ་ནི་གོ་ཀུ་ད་ཧ་ནཱ་ཟླ་བར་བྱེད་པའོ།། སྨད་པ་དང་འཇིགས་པ་སྦྱིན་པར་བྱེད་པ་ནི་རྔམ་པ་ཞེས་བྱ་བར་བསྟན་ནོ།། རྒོད་པའི་སྤྱོད་པ་ནི་ཇི་ལྟར་ཅུང་ཟད་འཛུམ་པ་ཉིད་ཀྱི་སྒོམ་པ་འམ ་སྒེག་པའི་ཉམས་ཀྱི་བྱེ་ཐིག་གམ། མཚན་མོ་རོ་ལྡངས་འཇིགས་པར་བྱ་བའི་ཕྱིར་གདོ་མོ་ཆེན་པོའོ།། དྲག་པོའི་སྤྱོད་པ་ནི་ཇི་ལྟར་གཽ་ཤིན་རྗེ་གཤེད་ལ་སོགསཔའི་ཁྲིའི་རྒྱལ་པོ་བསྒོམ་པའོ།། འཇིགསུ་རུང་བའི་སྤྱོད་པ་ནི་དེའི་ལུས ་ཉིད་ཀྱི་བགེགས་བསྐྲང་པའོ།། སྙིང་རྗེའི་སྤྱོད་པ་ནི་རང་བཞིན་གྱིས་གྲུབ་པ་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ།། རྔམ་པའི་སྤྱོད་པ་ཇི་ལྟར་འཇིག་རྟེན་འགལ་བར་གྱུར་པའི་རིམ་པས་ཀྱང་རྡོ་རྗེ ་འཆང་ཆེན་པོའི་གོ་འཕང་ཐོབ་པས་སོ།། དེ་ཡང་ལེའུ་དགུ་པའི་སྐབས་ནས་སྟོན་པར་འགྱུར་རོ།། ཞི་བའི་སྤྱོད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ། དེ་ཡང་འབྲས་བུའི་ངོ་བོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་གཉིས་ནི་སྤྱིའི་རྒྱན་ཡིན་ཏེ། བསྟན་བཅོས ་མཐའ་དག་གི་དོན་ལ་ཁྱབ་པར་བྱེད་པའོ།། གཉིས་ནི་ཁྱད་པར་གྱི་རྒྱན་ཡིན་ནོ།། དེ་ལས་དང་པོ་རྒྱན་ནི་གསུམ་པ་ཉིད་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལཾ། མཐའ་དྲུག་ཚིག་གིས་ངེས་ཞེས་བྱ་བ་སྨོས་ཏེ། མཐའི་སྒྲ ་ནི་བྱེ་བྲག་གི་རྣམ་གྲངས་སོ།། དེའི་ཚིག་གིས་ངེས་ཞེས་བྱ་བ་ནི་མཚོན་པ་ཙམ་སྟེ། དོན་གྱི་ངེས་པ་ཡང་ངོ་།། དེ་ཉིད་ཀྱི་ཁྱད་པར་ནི་རྣལ་འབྱོར་རྒྱུད་ཀྱི་ཚུལ་གྱིས་བསྟན་པ་ཏེ། བྱ་བའི་རྒྱུད་དག་ལ་མེད་པའི་ཕྱིརརོ་ཞེས་བསམ་སོ།། གལ་ཏེ་དེ ་ལྟ་ན་རྣལ་འབྱོར་མའི་རྒྱུད་གང་ལ་ཡང་མེད་དོ།། ཞེ་ན། དེ་སྐད་དུ་མ་ཟེར་ཅིག་ཅེས་བྱ་བ་ཡིན་ཏེ། རྣལ་འབྱོར་མའི་རྒྱུད་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱང་དེའི་ནང་དུ་འདུས་པ་ཡིན་ཏེ། དེ་དག་ལ་ཡང་ཡོད་པ་ཡིན ་པས་སྐྱོན་མེདོ།། རྒྱས་བཏབ་དོན་ནི་རབ་རྟོགས་བྱ་ཞེས་བྱ་བ་ནི་རྩུ་བའི་རྒྱུད་དུ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་མཛོད་ལ་རྒྱུས་བཏབ་པ་བཞིན་དུ། རྡོ་རྗེའི་ཚིག་གི་རྒྱས་བཏབ་པ་དེ་ལ་ལྡེ་མིག་དང་འདྲ་བར་མཐའ་དྲུག་གི་རིམ་པ ་གང་གི་རབ་ཏུ་བསད་པར་བྱེད་པ་ཡིན་ནོ་ཞེས་བསམ་སོ།། དྲང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ།། སྐལ་ངན་སྐོན་ནི་སྦེང་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་སྦས་པ་ནི་རྩོད་པའི་ངང་ཚུལ་ཅན་ཉིད་ཀྱི་ཕྱིརརོ།། སྐལ་ངན་རྣམས ་ལ་ཞེས་བྱ་བ་ནི་མགུ་བར་དཀར་བའི་ཕྱིར་རོ།། དེ་ལྟ་བུའི་སློབ་མའི་དོན་དུ་ནི་དྲང་བའི་དོན་དུ་ཞེས་གསུངས་ཏེ། དྲང་བ་ནི་རང་བཞིན་གྱི་དོན་ལས་གཞན་པ་ཉིད་ཁྲིད་པ་ཡིན་ཏེ། དེ་བཤང་པ་ནི་རྒྱལ་བ་སྟེ་རྡོ་རྗེ་འཆང་གིས ་སོ།། དེ་དག་ལ་ནི་འདི་ཙམ་གྱིས་དོན་བྱེད་པ་ཉིད་ཀྱི་སོ།། དོན་ཞེས་བྱ་བ་ནི་དོན་གྱི་རྒྱུན་ཉིད་བསྟན་པ་ཡིན་ནོ།། ཡང་དག་པ་ནི་བདེན་པ་སྟེ་དེ་ཁོ་ན་ཉིད་ཇི་ལྟ་བའི་དོན་རབ་ཏུ་སྟོན་པ་སྟེ། ངེས་པའི་དོན་ནི་གདོན་མི་ཟ་བའི་དོན་དུ་ཡང་གསུངས་པ་ཡིན ་ལ་སྔར་གསུངས་པ་ལས་གཞན་ཞེས་བྱ་བ་ནི་ཚིག་གི་ལྷག་མོའོ།། འདི་ཡང་དོན་གྱི་རྒྱན་ཡིན་ནོ།། མཆོག་འདོད་ཅེས་བྱ་བ་ལ། མཆོག་ནི་འཇིག་རྟེན་ལས་འདས་པའི་རིམ་པ་ཡིན་ཏེ་རྫོགས་པའི་རིམ་པའོ།། དེ་ལ་འདོད་པ་ནི་གང་ལ ་མངོན་པར་འདོད་པ་ཞེས་བྱ་བ་ནི་དེ་དག་ནི་དཱི་ལྟ་བྱའོ།། དེ་རྣམས་ལ་ཆོས་ཀྱི་དེ་ཉིད་ནི་ཚིག་ཐམས་ཅད་ཀྱི་དོན་གྱི་ངོ་བོ་ཉིད་ཀྱི་ཆོས་བྱེད་དོ།། གང་རབ་ཏུ་སྟོན་པ་དེ་ནི་རྡོ་རྗེ་འཆང་།། མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང ་བ.རི་ཕྱིར། རིགས་པའི་འགལ་བའི་ཚིག་གི་སྦྱོར་བ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་དང་འགལ་བའི་སྦསོ།། ཡང་ན་བུམ་པའི་དོན་བསྒྲུབས་པའི་སྒྲས་བྱེད་པ་ལ་སྣམ་བུའི་སྒྲ་སྦྱོར་བ་འདྲ་བས་སོ།། དེ་ནི་དགོངས་པས་བཤད་ཅེས ་བྱ་བ་འདི་ནི་སྒྲའི་རྒྱན་ཡིན་ནོ།། དཀྱིལ་འཁོར་སོགས་དང་རྟོག་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གྱི་ཆོ་ག་སྒྲུབ་པའི་སྐབས་ལ་ནི་སྒྲ་ཇི་བཞིན་པ་དེ་བཞིན་གྱི་དོན་དེ། དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་བྱའོ་ཞེས ་བསྣུན་པ་ལཱ་ནི་དེ་ལས་ཉུང་བ་དང་ལྷག་པ་བྱཱ་བ་མཱ་ཡིནྡ་ནོ།། དེ་བཞིན་དུ་ཆོ་ག་དང་རྟོགས་པ་ལྔ་ཡང་ཤེས་པར་བྱའོ།། དོན་རྒྱས་ཞེས་པ་ནི་ཟབ་པ་མ་ཡིན་པའི་དོན་བཤད་པའི་སྒྲ་གང་ཡིན་པའོ།། དེ་ནི་སྒྲ་ཇི་བཞིན་གྱི་སྒྲའི་རྒྱུན་ཉྞིངྒ་གསུང ་པའོ།། ཀོ་ཊ་ཁྱཱ་ལ་སོགས་པའི་སྒྲ་ཞེས་པ་ལ།། ཇི་བཞིན་མ་ཡིན་པའི་སྒྲ་བསྟན་པ་ནི། འཇིག་རྟེན་དང་བསྟན་བཅོས་ལ་མེད་ཅིང་།། ཞེས་བྱ་བ་ལ། སྒྲ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་བསྟན་བཅོས་པའོ།། དེ་ལ་འཇིག་རྟེན ་པའི་སྒྲ་ནི་བ་གླེང་དང་། རྟ་དང་། སྐྱེས་པ་དང་། བུད་མེད་དང་། ཕྱུགས་དང་། བྱ་དང་། གླང་པོ་ཆེ་དང་། རི་དྭགས་དང་། བྲམ་ཟེ་ལ་སོགས་པའོ།། བསྟན་བཅོས་ཀྱི་སྒྲ་ནི། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། ་ལམ་དང་། སྟོང་པ་ཉིད་དང་། དཀོན་མཆོག་གསུམ་ལ་སོགས་པའོ།། ཀྲོ་ཌྷ་ཁྱེ་ལ་སོགས་པའི་སྒྲ་ནི་འཇིག་རྟེན་པ་དང་བསྟན་བཅོས་ཀྱི་སྒྲ་མ་ཡིན་ཏེ། དེ་ནི་དོན་མེད་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ཀྱི་ཅིའི་ཕྱིར ་གསུངས་ཤེ་ནི། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དོན་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རྟོག་གི་པ་དང་། སྨྲ་པ་རྣམས་ཀྱི་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་འདི་དག ་བྱས་པ་ཡིན་ནོ།། ཡང་ན་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་སྤྱོད་པ་སྡུས་པའི་སྒྲོན་མར་སྲོག་ཅེས་བྱ་བའི་རླུང་ལ་སོགས་པའི་མིང་དུ་གཞན་འདི་བཟུང་བ་ཡིན་ནོ།། འདི་ཡང་སྒྲའི་རྒྱན་ཡིན་ནོ།། དབང་པོ་དམན་པའི ་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དོན་ནི་འདི་ཡིན་ཏེ། དབང་པོ་དམན་པ་ནི་རེ་ཞིག་ཉན་པ་པོ་དབང་པོའི་ཁྱད་པར་ཐོབ་པར་མ་ཡིན་པའོ།། འོན་ཀྱང་བླ་མ་ལ་གུས་ཤིང་བདེན་པ་དང་། དཀོན ་མཆོག་གསུམ་ལ་སྩོགས་པའི་ཡུལ་ལ་གུས་པཱ་དང་བཅོས་ཤིང་། སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཙཱ་ན་དེ་ཁོ་ན་ཉིད་ཀྱི་སྣོད་རུང་བ་དེ་དག་ལ། མཆོག་ཏུ་གསལ་བ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་སྟོན་པ ་གང་ཡིན་པ་དེ་ནི་དགོངས་པ་མ་ཡིན་པའི་རྒྱུན་ཡིན་ནོ།། ཅི་སྟེ་དགོངས་པ་དང་དྲང་བའི་དོན་དུ་བཤད་པ་ལ་ཐ་དེང་དུ་བྱ་བ་ཅི་ཡོད་ཅེ་ན། སྒྲ་དང་དོན་གྱི་བྱེ་བྲག་གི་ཐ་དད་པ་ཡིན་ནོ་ཞེས་སྨྲས།། དགོངས་པ་དང་ཇི་བཞིན་མ་ཡིན་པའི་སྒྲས ་བཤད་པ་ལ་ཐུ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་གྲགས་པ་མ་ཡིན་པའི་སྒྲའི་བྱེ་བྲག་གིསོ།། དགོངས་པ་དང་ཇི་བཞིན་པའི་སྒྲ་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། འགྲལ་བ་དང་འགལ་བ་མ་ཡིན་པའི་བྱེ་བྲག་གིས ་སོ།། ངེས་པའི་དོན་དང་དགོངས་པ་མ་ཡིན་པའི་དོན་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དབང་པོ་རྣོ་བ་དང་རྟུལ་བའི་བྱེ་བྲག་གིསོ།། དེ་བཞིན་དུ་དགོངས་པ་དང་། ཇི་བཞིན་པའི་སྒྲ་དང་། ཇི་བཞིན་མ་ཡིན་པའི་སྒྲར་བཤད་པ་གསུམ་ནི་སྒྲའི ་རྒྱན་ནོ།། དྲང་བའི་དོན་དང་ངེས་པའི་དོན་དང་། དགོངས་པ་མ་ཡིན་པས་བཤད་པ་གསུམ་ནི་དོན་གྱི་རྒྱན་ཡིན་ནོ།། བཤད་པའི་དབྱེ་བ་བཞི་བསྟན་པའི་ཕྱིར། ཚིག་གི་དོན་ཞེས་བྱ་བ་ལ་སོགས་པ་བསྟན་པའོ།། དང་པོ་གཅིག་པུ་ཁོ་ན ་ཉིད་ཅེས་བྱ་བ་ལ་རབ་ཏུ་དབྱེ་བ་སྔོན་དུ་འགྲོ་བས་བཤད་པའོ།། ཐམས་ཅད་ཀྱི་སྤྱི་དོན་གྱི་དབྱེ་བ་ནི་རྣམ་པ་བརྒྱད་ཡིན་ནོ།། སྒྲ་ཙམ་ལ་ནི་རབ་གཞོལ་བའི་ཞེས་བྱ་བ་ལ་སོགས་པ་ལཱ། ཚད་མ་དུང་བརྡ་སྤྲོད་པ་ལ་མངོན་པར་ཞུགས་པ ་རྣམས་ལོ་ནི་རྣམ་པར་དབྱེ་བའི་ཚིག་དང་། བྱེད་པ་པོ་དང་། བསྡུ་བ་ལ་སོགས་པ་བཤད་པ་ཙམ་གྱི་དགའ་བར་འགྱུར་བ་ཡིན་ཏེ། དེ་བས་ན་དེའི་དོན་ཡི་གེའི་དོན་ཞེས་སྨོས་ཏེ། ཡི་གེ་འབྲུའི་དོན་གྱི་ཞེས་སྒྲའི་རྒྱན་ཡིན་ནོ།། མདོ ་སོགས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་མདོ་སྡེ་པ་ལ་སོགས་པ་དགེ་བའི་བཤེས་གཉེན་གྱི་དབང་གི་སྔགས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་དེའི་ཚེ། དམ་ཚིག་དང་སྤྱོད་པ་ལ་སོགས་པ་ཤིན་ཏུ་ཟབ་པ་རྣམས་མཐོང་ནས། ་སེམས་ལ་འགྱོད་པོ་སྐྱེས་ཏེ། འབྱེར་བར་བྱེད་པ་དེའི་ཚེ། དམ་པའི་ཆོས་སྦྱོང་བའི་སྡིག་པའི་མེ་ལ་སྲིད་བྱེ་བ་བཞིན་དུ་མེ་ལྷུང་བ་དེའི་བར་དུ་དེ་དགྲ་བསྐྱོབ་པའི་ཕྱིར། དེ་དང་རྗེསུ་མཐུན་པ་ཉིད་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་པ ་ནི། དེ་དག་གང་གི་འགྱོད་པ་ལས་ཟློག་པར་བྱེད་པ་ཞེས་བསམ་ཏེ། དཔེར་བརྗོད་པ་ནི་འོག་ནས་མང་དུ་འཆད་པར་འགྱུརརོ།། དེ་བཞིན་དུ་བསྐྱེད་པོའི་རིམ་པོ་ཞེས་བྱ་བ་དབྱེ་བ་གཉིས་པ་ཡིན་ནོ།། འདི་ནི་དོན་གྱི་རྐྱེན་ཡིན་ནོ།། སྨྲས ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦས་པ་འོད་ལ་ཡོད་པས་ན་སྦས་པའོ་ཞེས་རང་ཉིད་ཀྱི་སྨྲསོ།། སྤྲས་ཇི་ལྟ་བུ་ཞེ་ན་འདོད་ཆགས་ཆོས་ནི་རབ་སྟོན་པ་ཞེས་བྱ་བ་ནི་འདོད་ཆགས་རྣམ་པར་དག་པ་སྟོན་པ་ཞེས་བྱ་བའི་དོན་ཏོ། ་དེ་བཞིན་དུ་ཀུན་རྫོབ་བདེན་པ་རྟོག་པ་དང་ཞེས་བྱ་བ་འདིས་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ།། ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི་ཞེས་བྱ་བ་འདིས་ནི་སེམས་རྣམ་པར་དག་པ་བསྟན་པ ་ཡཱིན་ཏེ། འདི་ཡང་དོན་གྱི་རྒྱུན་ཡིན་ནོ།། འོད་གསལ་བ་དང་རབ་ཏུ་ཞུགས་པ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་བཞི་པའོ།། ཟུང་དུ་འཇུག་པ་རྟོག་པ་སྟེ་ཞེས་བྱ་བས་ནི་རིམ་པ་ལྔ་པ་བསྟན་པའོ།། འདི་ཡང་དོན་གྱི་རྒྱན ་ཡིན་ནོ།། དེ་ལ་ཡི་གེའི་དོན་གྱིས་ནི་དགོངས་པ་མ་ཡིན་པ་དང་། སྒྲ་ཇི་བཞིན་པ་གཉིས་བསྡུས་སོ།། སྤྱིའི་དོན་གྱིས་ནི་དྲང་བའི་དོན་དང་། ངེས་པའི་དོན་དང་གཉིས་བསྡུས་པ་ཡིན་ནོ།། སྦས་པའི་དོན་གྱིས་ནི་དགོངས་པས་བཤད ་པ་བསྡུས་པ་ཡིན་ནོ།། མཐར་ཐུག་པའི་དོན་གྱིས་ནི་ཇི་བཞིན་མ་ཡིན་པའི་སྒྲ་བསྡུས་པ་ཡིན།། ཡི་གེའི་དོན་དང་སྤྱིའི་དོན་གྱིས་ནི་བསྐྱེད་པའི་རིམ་པ་བསྡུས་སོ།། སྦས་པའི་དོན་གྱི་ཕྱོགས་གཅིག་གིས་ནི་རྡོ་རྗེ་བཟླས་པ་བསྡུས།། ་སྔས་རྫི་པའི་དོན་གྱི་ཕྱོགས་གཉིས་པས་ནི་སེམས་རྣམ་པར་དག་པའི་རིམ་པ་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་བསྡུས་སོ།། མཐར་ཐུག་པའི་དོན་གྱིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་དུ་འཇུག་པའི་རིམ་པ་བསྡུས ་ཏེ། འདི་ནི་བསྡུས་པོའི་དོན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཐར་ཐུག་པའི་ཚིག་གོ། འཆད་པས་ཉན་པར་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་འཆད་པ་པོའི་རྐྱེན་བསྟན་པ་ཡིན་ཏེ། ཉན་པར་ཞེས་བྱ་བ་ལ་ཉན་པར་བྱེད་པའི་བྱ་བ་ལ་བལྟོས ་ནས་བྱེད་པ་པོའི་རྐྱེན་ནི་རྩ་ཞེས་བྱའོ།། གང་དག་ཉན་པར་བྱེད་པ་དེ་དག་ལ་ནི་རྣམ་པ་གཉིསུ་བཤད་པ་ཡིན་སྟེ། གཉིས་པོ་དེ་བཤད་པར་བྱ་བའི་ཕྱིར་ཚོགས་པ་ལ་བཤད་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། ཚོགས་ནི་འཁོར་གྱི་སྐྱེ་བོ ་འདུས་པ་ལ་གསལ་བའོ།། དེ་ལ་བཤད་པ་ནི་བྱེད་པ་པོའི་རྐྱེན་ལཱུ་ཊ་ཞེས་བྱ་བ་ཡིན་ནོ།། སློབ་མ་ནཱི་རྗེ་སུ་བསྟན་པ་སྟེ། དམ་ཚིག་ལ་སོགས་པའི་ལམ་བསྟན་པ་སྟེ། དེ་དག་ནི་གསང་བ་ཡིན་ལ། བླ་མས་སློབ་མ་དེ་དགྲ་ལ་གང ་བཤད་པ་དེ་ནི་ཞེས་བྱ་བའི་དོན་ཏོ།། སློབ་དཔོན་གྱིས་གང་ལ་བརྟན་ནས་བཤད་པ་བྱེད་པ་ཏེ་བསྟན་པ་ནི། ཇི་བཞིན་སྒྲ་དང་ཞེས་བྱ་བ་ལ་སོགས་པ་ལ་བསམ་པ་ནི་འདི་ཡིན་ཏེ། དགོངས་པ་མ་ཡིན་པ་དང་། དྲང་བའི་དོན་གཉིས་ནི་དོན་གྱི་རྒྱན་ཡིན་ནོ།། ་སྒྲ་ཇི་བཞིན་པ་ནི་སྒྲའི་རྒྱན་དང་། དེའི་འོག་ཏུ་ཡི་གེའི་དོན་ཡང་། སྤྱིའི་དོན་དང་སྐྱེད་པའི་རིམ་པ་གཙོར་བྱས་པས་ཚོགས་ལ་བཤད་པ་ཡིན་ཏེ། དེ་ལྟར་རྒྱན་རྣམ་པ་ལྔ་ནི་བཤད་པའི་རིམ་པ་དང་པོ་ཡིན་ནོ།། ཇི་བཞིན་མ་ཡིན་པ་དང་དགོངས་པས་བཤད ་པ་ནི་སྒྲའི་རྒྱ་ནོ།། ངེས་པའི་དྲོན་དང་སྦས་པ་དང་མཐར་ཐུག་པའི་དོན་གྱི་རྒྱན་དེ། རྫོགས་པའི་རིམཽ་པ་གཙོ་བོ་ཡིན་པའི་ཕྱིར། སློབ་མ་ལ་བཤད་པར་འདོད་དོ།། དེ་ཉིད་ཀྱི་ཕྱིར་རིམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་སྟེ། བཤད་པའི་རྒྱུད་ཀྱི ་རྗེསུ་འབྲངས་ནས་ཞེས་བྱ་བ་འདིས་ནི་ལུང་ཚང་མར་བསྟན་པ་ཡིན།། འཇིག་རྟེན་ངེས་པར་གྱུར་པའི་ཞེས་བྱ་བ་འདིས་ནི་ཉན་པ་པོའི་རྒྱན་བསྟན་པ་ཡིན་ནོ།། སེམས་ཅན་གྱི་ཁམས་མོས་པ་སྣ་ཚོགས་ཡོད་པའི་ཕྱིར། རིགས་སོ་སོ་ངེས་པར ་གྱུར་པ་ཡིན་ཏེ། གསེར་དང་དངུལ་ལ་སོགས་པའི་རིགས་བཞིན་ནོ།། བྱང་ཆུབ་སེམས་དཔའི་རིགས་ལ་ཕྱིར་མི་བརྟེན་ཞེ་ན། རྣམ་པ་ཀུན་ཏུ་ཉན་འདོད་པའི་ཞེས་གསུངས་ཏེ། ཉན་པའི་ཕྱིར་ཞུགས་པ་ལ་ནཱི་མི་བཤད ་པས་རིགས་པ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། བློའི་རྣམ་པ་དུ་མ་ལས་ཞེས་བྱ་བ་ལ། བློ་རྣམ་པ་སྣ་ཚོགས་པ་ལས་སོ།། གང་ཟག་རྣམ་པ་ལྔར་འདོད་དོ་ཞེས་བྱ་བ་ནི་རྣམ་པ་གཞན་ནི་མ་ཡིན་ནོ།། ཨུཏྤ་ལ་ལ་སོགས་པ་ནི་བསྟན་པ་ཡིན་ནོ།། ཐམས ་ཅད་མཁྱེན་པས་གསུངས་པ་ཡིན་ཞེས་བྱ་བ་འདིས་ནི་ལུང་ཆད་མར་བསྟན་པ་ཡིན་ནོ།། དེ་ནི་མ་ལུས་ཐོས་གྱུར་ལ་ཞེས་བྱ་བ་ལ་སོགས་པ་ལ། གང་ཐོག་ཨུཏྤ་ལའི་མཚན་ཉིད་ནི་སློབ་དཔོན་འཆད་པ་ལ་ཉན་པར་ཞུགས་པ་ན། གཞལ་བྱའི ་དངོས་པོ་མཐའ་དག་ཐོས་ཤིང་བཟུང་ལ་དེ་ལས་ལངས་ནས། རང་གི་གནསུ་ཕྱིན་པ་ན་ཐམས་ཅད་བརྗེད་པའོ།། དེ་ཉིད་ཀྱི་ཕྱིར་ཨུཏྤལ་དང་འདྲ་བས་ཨུཏྤ་ལ་སྟེ། ཨུཏྤ་ལ་ནི་མཚོའི་ནང་ན་ཡོད་ན་ནི་དྲི་ཞིམ་ཞིང་རྙིད་པ་མེད་ལ། དེ་ལས་ཕྱུང་ན ་ནི་དྲི་མེད་ཅིང་རྙིང་པ་ཡིན་ནོ།། གཟུང་བྱ་མང་དུའང་ཞེས་བྱ་བ་ལ་སོགས་པ་ནི་པདྨ་དཀར་པོ་ཞེས་བྱ་བའི་གང་ཟག་བསྟན་ཏེ། བཟུང་བར་བྱ་བ་ནི་ཆོས་ཀྱི་དོན་ནོ།། ལྷག་མ་ནི་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལས་ཁྱད་པར་དུ་གྱུར་པའོ།། ། ་དེ་ཉིད་ཀྱི་ཕྱིར་མང་ཞེས་བྱ་བ་སྨོས་ཏེ། མང་བ་ནི་མང་ངོའོ།། ཐོས་པར་གྱུར་ཀྱང་ཞེས་བྱ་བ་ནི་རྟོགས་པ་དང་། འཛིན་པ་དང་། དྲན་པར་གྱུར་ཀྱང་ངོ་།། འོན་ཀྱང་སྟོན་པ་ལ་འཇུག་པ་ན་ཚིག་གི་ཕྱོགས་གཅིག་ཀྱང་རིགས་པས་སྨྲ་བར་ནུས་པ་མེད་དེ། ་ཚིག་ལ་སྐྱོན་ཡོད་པའི་ཕྱིར་ཏེ། དེ་ནི་པདྨ་དཀར་པོ་ཞེས་བྱ་བའི་གང་ཟག་ཡིན་ཏེ། བུམ་པའི་རལ་བལ་གྱི་ས་བོན་དང་འདྲ་ཏེ། བུམ་པར་རལ་བལ་གྱི་ས་བོན་བཞག་ན་འཕེལ་བར་མི་འགྱུར་ཏེ། དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ།། རལ་བལ ་གྱི་སྒྲ་ནི་རལ་བལ་གྱི་ས་བོན་ལ་འཇུག་སྟེ། བུམ་པའི་ནང་ནས་འབྲས་བུ་སྐྱེ་བར་མི་འགྱུར་རོ་ཞེས་བསམ་སོ།། པདྨ་དཀར་པོའི་དྲི་ནཱི་རང་གི་སྦུབ་ལས་གཞན་དུ་དྲི་འཕྲོ་བ་མེད་པ་དེ་དང་འདྲའོ།། དད་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་པདྨ་ཞེས ་བྱ་བའི་གང་ཟག་བསྟན་ཏེ། དཔེར་ན་རྒྱུ་བ་དང་མི་རྒྱུ་བའི་གནས་ནི་ས་ཡིན་ནོ།། དེ་བཞིན་དུ་ཡོན་ཏན་མཐའ་དག་གི་ཚོགས་ཀྱི་གཞི་ཡང་དད་པ་ཡིན་ནོ།། དེ་དང་གང་ལྡན་པ་ནི་དད་པ་དང་ལྡན་པའོ།། ཤེས་པས་ནི་ཡང་དག་པར་རྟོགས་པའོ།། དེའི ་འབྲས་བུ་ནི་སྙིང་རྗེའོ།། ཐོས་ན་བློའི་ཁཾ་བྱེ་བ་དེ་ལྕེ་དེ་སྐད་ཅེས་བྱའོ།། བླ་མ་ལས་ཆོས་དང་། མདོ་སྡེ་དང་རྒྱུད་དང་གཞལ་བྱ་རྣམ་པ་སྣ་ཚོགས་ཐོས་ནས་གཏན་ཚིགས་དང་དཔེ་བརྗོད་པའི་ཚུལ་གྱིས་རྒྱ་ཆེར་འབྱེད་པར་ནུས་པའོ།། ཚིགས་མེད ་འོད་མ་ནི་སྦུབས་སྟོང་པའི་བར་དུ་ཡིན་ནོ།། འོད་མ་ནི་གླིང་བུའོ།། དེ་ཇི་ལྟར་གསལ་བ་དང་སྙན་པར་ཐོས་པར་འགྱུར་བ་དེ་བཞིན་དུ། ཆོས་འཆད་པའི་དུས་སློབ་མས་ཐོས་པར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱི་ཕྱིར་པདྨ་དང ་འདྲ་བས་པདྨ་ཡིན་ཏེ། རེ་ཞིག་པདྨ་ནི་རང་ཉིད་ཀྱང་དྲི་ཞིམ་པ་ཡིན་ལ་ཕྱོགས་ཐམས་ཅད་ཀྱང་དེ་བཞིན་དུ་དྲིས་ཁྱབ་པ་ཡིན་ནོ།། ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དེ་ལྟ་བུའོ།། ཐོས་པ་ཉུང་ཞིང་ཞེས་བྱ་བ་ལ་སོགས་པས་ནི་ཙན་ངན་ཞེས་བྱ་བའི་གང་ཟག ་བྷསནྟ་ཏ། ནུས་པ་ཐུང་བན་ཆོས་མང་པོ་འཛིན་ཐ་མ་ཡིན་པའོ།། གལ་ཏེ་བརྒྱམས་ནཱ་སློབ་དཔོན་པརྩ་བའི་དབང་གིས་དེ་བུས་ཏེ། རྩེ་བཞིན་བཟ་ཐོས་པ་ལ་གམས་པར་གྱིས་ཤིག་དང་། ཛྷ་སྲིང་ཁྱོད་ཀྱི་དོན་དུ ་བཤད་པ་ལ་བརྩོན་པར་བྱའོ།། དེས་དེ་ལྟ་སྨྲས་པ། ཐམས་ཅད་ཀྱང་བདག་གིས་ཤེས་པ་ཡིན་ཏེ། དེ་བས་ན་བདག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་གང་ཡང་མེད་དོ་ཞེས་ང་རྒྱལ་བྱེད་ཅིང་། དེ་སྤངས་ནས་གཞན་དུ་འགྲོ་བར་བྱེད་དོ།། རྩོད་པའི་དུས་སུ་ནི ་མང་དུ་སྨྲ་ལ། གལ་ཏེ་རིགས་པ་སྨྲ་བའི་ཚེ་ནི་སྐྱོན་གང་ཡང་མེད་ན། འོན་ཀྱང་རྩ་བ་མེད་པ་ནི་མདོ་དང་རིགས་པའི་ལུང་སྤངས་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ན་རྗེས་སུ་བཟུང་བར་མི་ནུས་པ་ཞེས་སྨོས་ཏེ། བླ་མས་མཁས་པ་ཉི ་བསྒྲུབ་པར་མི་ནུས་པ་ཡིན་ཏེ། ཇི་སྐད་དུ། མི་ཤེས་བདེ་བར་དགའ་བར་ནུས།། བྱེ་བྲག་ཤེས་པ་རབ་དགར་ནུས།། ཤེས་རབ་ཆུ་ཙམྦི་ཤེས་ཉེས་པ།། སངས་རྒྱས་ཀྱིས་ཀྱང་དགར་མི་འགྱུར་ཞེས་གསུངས་པ་ལྟ་བུའོ།། དེ་ནི་ཙན ་དན་དང་འདྲ་བས་ཙན་དན་ཞེས་བྱ་བའི་གང་ཟག་ཡིན་ཏེ། ཙན་དན་ནི་འབྲས་བུ་མེད་པའི་ཕྱིར་དང་། སོ་གདུག་པའི་སྦྲུལ་གྱིས་བསྐོར་བའི་ཕྱིར་དྲུང་དུ་འགྲའ་ཡང་ཉེ་བར་འགྲོ་བ་མ་ཡིན་ནོ།། ཆུ་ལ་ཁྲིམས་དེ་ག་ཅིང་ཞེས་བྱ་བ་ལ་སོགས ་བས་ན་རིན་ཆེན་ཞེས་བྱ་བའི་གང་ཟག་བསྟན་ཏེ། ཚུལ་ཁྲིམས་ནི་བརྟུལ་ཞུགས་མ་ཉམས་པར།། དགེ་པ་ནི་བའི་སམ་པ་དགེ་པར།། མ་ཁྲིས་ལ་སྨན་པ་ནི་དགེ་བའི་ལས་ལ་སྤྲོ་བ་དང་བཅས་པའི།། ཤེས་རབོ་དང་ལྡན་པ་ནི ་རང་བཞིན་གྱིས་བློ་རྣོ་བའོ།། དུས་གཅིག་ལ་ཞེས་བྱ་བ་ནི་ཤེས་བྱ་ལན་ཅིག་བརྗོད་པས་ཇི་སྲིད་འཚོའི་བར་དུ་བཟུང་ནས་མི་བརྗེད་པ་ནི་དུས་གཅིག་པ་ཡིན་ཏེ། ཆོས་ཉིད་ཀྱི་ཐོབ་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ།། ཐོས་ནས་ལེགས་པར ་སྟོན་པ་ནི་ཞེས་བྱ་བ་ནི། རང་གི་འདོད་པས་མ་ཡིན་ཞིང་ལྟ་བུ་གཞོན་གྱིས་འདྲེས་པས་མ་ཡིན་ཞེས་བྱ་བས་ནི། ཡིད་ཆེས་པའི་ལུང་ཉི་དུ་སྟོན་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་རིན་པོ་ཆེ་བཞིན་དུ་རིན་ཐང་མེད་པའི་རིན་པོ་ཆེ་ཡིན་པའི་ཕྱིར་དང་། རེ་བ ་རྫོགས་པར་བྱ་བའི་ཕྱིར་དང་། ཡང་ནཱ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཀྱི་རིན་པོ་ཆེ་རྣམས་གང་ལ་ཡོད་པ་དེ་ནི། རིན་པོ་ཆུ་ཞེས་འབྲུམ་བུ་ལི་སོགས་པ་དང་པོ་ན་ཡོད་པའི་གྲངས་ལ་ཨ་ཙའི་རྐྱེན་བྱས་ཏེ། རིན་པོ་ཆེ་ལ་སྩོགས་པ་ནི། དབང ་པོའི་བྱེ་བྲག་ཡིན་ནོ།། དེ་ལ་ཅན་ངན་ནི་བེམས་པོའི་རིགས་ཡིན་ནོ།། ཨུཏྤ་ལ་ནི་དབང་པོ་ཐ་མ་ཡིན་ནོ།། པདྨ་དཀར་པོ་ནི་འབྲིང་པོ་ཡིན་ནོ།། པདྨ་ནི་རབ་ཡིན་ནོ།། རིན་པོ་ཆེ་ནི་དབང་པོ་རབ་ཀྱི་ཡང་རབ་ཡི། དེའི་ཕྱིར་གང་ཟག་བཞི་པོ་ནི་ཚོགས་ལ ་བཤོད་པར་རུང་བ་ཡིན་ལ། གཅིག་ནི་སློབ་མ་ལ་བཤད་པའི་སྣོད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི་ཨུཏྤ་ལ་དེ་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། རྡོ་རྗེ་སློབ་དཔོན་མཁས་པས་ནི་ཞེས་བྱ་བ་ལ། དེ་དག་གི་ཤེས་པ ་དབྱེ་བ་ཡིས་ཞེས་བྱ་བ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཉེ་བར་འདྲེས་པར་འགྱུར་རོ།། བསྟོན་བཅོས་པ་དག་གི་དོན་བསྡུས་པའི་རྒྱན་བསྟན་པར་བྱ་བའི་ཕྱིར། རྒྱན་ནི་དྲུག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱན་དྲུག་པོ་མཐ ་ཕྱིན་ན་བསྟན་བཅོས་ཀྱི་ལུས་ཀྱི་རིམ་པ་གཉིས་ཕྱིན་པར་འགྱུརརོ་ཞེས་བསམས།། དེ་ཉིད་ཀྱི་ཕྱིར་དེ་ནི་རྒྱུན་གྱུར་བདུན་པ་སྟེ། ཞེས་གསུངས་སོ།། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ན་ཞེས་བྱ་བ་ནི་རང་གི་འད ་འགྲེགས་པ་ཡིན་ནོ།། ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བས་ནི་འགྲེལ་པ་བྱེད་པ་གཞན་གྱིས་རྙེད་པར་དཀའ་བའི་ཕྱིར་རོ།། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་ཡང་འདི་ཉིད་ཀྱི་བཤད་པར་རིགས་ཀྱི། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་སྒྲ་ཇི ་བཞིན་ཙམ་གྱིས་ཏེ། འདིས་ནི་རློན་ཆེན་འབྱུང་གནས་ཞི་བ་ལ་སོགས་པས་འགྲེལ་པ་བྱས་པ་སུན་འབྱིན་པ་ཡི་ནོ།། རྒྱན་འདི་དག་ཀྱང་གླེགྲོས་བམ་མཐོང་བ་ཙམ་གྱིས་ཤེས་པ་མ་ཡིན་ཏེ། འོན་ཀྱང་བླ་མའི་ཞལ་ལ་སོགས་པ་ལས ་རྙེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་གཱ་ས་རྡོ་རྗེ་སློབ་དཔོན་གྱིས་ཞེས་བྱ་བ་ལ་སྩོགས་པ་གསུངས་པོ་ཡིན་ཏེ། གླེང་གཞི་ནི་བསྐྱེད་པའི་རིམ་པའོ།། རིམ་པ་ནི་རྫོགས་པའི་རིམ་པའོ།། དེ་དག་གི་སྦྱོར་བ་ཞེས་བྱ་བར་སྦྱར་བའོ།། དྲག་ཅེས་བྱ ་བ་ནི་བྱེད་པའི་གསུམ་པའོ།། བཤད་པའི་རྒྱུད་ལ་མཁས་པ་ཡིས་ཞེ་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་ཁྱད་པར་རོ།། གཞན་དུ་ན་རྒྱན་རྣམ་པར་དབྱེ་བ་ཡོངསུ་མི་ཤེས་པའི་ཕྱིར་རོ།། འོ་ན་རིམ་པའི་སྒྲ་ནི་གཉི་གའི་ཚིག་ཡིན་ན། ཇི་ལྟར་རྫོག ་པའི་རིམ་པ་ལ་འཇུག་ཅེན། གླིང་གཞིའི་སྒྲ་ནི་ཉེ་བ་ན་ཡོ་པས་སོ།། སྤྱིའི་སྤྲིན་རིགས་པ་རྣམ་པ་གསུམ་གྱི་ཁྱད་པར་ལོ་འཇིག་པ་སྟེ། དོན་གྱིས་དང་། སྐབས་དང་སྒྲ་གཞན་ནེ་བ་ན་ཡོད་པས།། ཡང་ན་པ་ལང་ལ་གླང་གི་རི ་པས་ངེས་པ་མེད་པ་ཡང་ཡིན་ནོ།། རྒྱན་བདུན་བཤད་པའི་རིགས་པ་ཞེས་བྱ་བ་འདིས་ནི་རྒྱན་རྣམ་པ་བདུན་བསྟན་པ་ཡོང་སུ་རྫོགས་པ་ཡིན་ནོ།། ད་ནི་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དོན་བཤད་པར་བྱ་སྟེ། རྗོད་པ་དང་བརྗོད་པར་བྱ་བའི ་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ངག་འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོའི་སྤྲོས་པ་མེད་པའི་ངོ་བོ་སྒྲ་དང་དོན་གྱི་ངོ་བོར་གྱུར་ནས་སྟོན་པར་མཛད་པ་དེ། གཞན་དུ་ན་བྱེ་བྲག་དང་ལྡན་པ་ཡིན་པའི་ཕྱིར། རྡོ་རྗེ་ཉིད་དུ་མི་འགྱུར་རོ།། སྒྲོལ་པའི ་དཀྱིལ་འཁོར་ནི་སྤྲོ་བའི་དཀྱིལ་འཁོར་རོ།། རིགས་པའི་དབང་བསྐུར་བ་ནི་རིགས་པའི་པདྨའི་ནང་དུ་ཞེས་བྱ་བའི་དོན་ཏོ།། བརྟགས་པ་དང་རྫོགས་པའི་རིམ་པ་ཞེས་བྱ་བ་ལ་སོགས་པ་ལ། བརྟགས་པའི་རིམ་པ་ནི་བསྐྱེད་པའི་རིམ་པའོ།། གས ་པའི་རིམ་པ་ནི་ཡོངསུ་རྫོགས་པའི་རིམ་པའོ།། ལྷའི་རྣལ་འབྱོར་གཉིས་པ་ནི་ཡོངསུ་དག་པ་དང་། ཡོངསུ་མ་དག་པའི་ལྷའི་རྣལ་འབྱོར་རོ།། ལྡེའུ་བཅུ་དྲུག་པོའི་དོན་གཞན་དག་ཀྱང་རྙེད་པས་ཞེས་བྱ་བས་ནི། དེར་ཡང་འདི་ཉིད་ཀྱི་དོན་ལ་ལར ་གཏན་ལ་ཕབ་པ་ཡིན་གྱི་ཐམས་ཅད་དུ་ནཱི་མྦྷ་ཡིན་ནོ།། གཞོན་དུ་ལྕེའུ་བཅུ་དྲུག་པ་ལས་ནི། ལེའུ་བཞི་པོ་ལས་དཀྱིལ་འཁོར་གསུངས་པའི་རྡུལ་ཆེན་གྱི་དཀྱིལ་འཁོར་སྤྲོས་ཏེ། གསུང་སོ་ཞེས་མི་སྟོན་པར་འགྱུར་རོ།། དེ་ལྟར་རེ་ཞིག་ལྷྭ ་རྣལ་འབྱོར་རྣམ་པ་གཉིས་ཀྱིས་རྒོད་པ་ཐོབ་པར་འགྱུར་བ་དེ་བཟློག་པའི་ཕྱིར། དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཕྱིར་ལེརུ་གཉིས་པ་གསུངས་པ་ཏེ། དེ་ཉིད་ཀྱི་ཕྱིར་དེ་ལ་ལེའུ་གཉིས་པ་ལས་ནི་རྫོགས་པའི་རིམ་པ་འཕེལ ་ཞིག་ཉེ་བར་སྟོན་པ་ཡིན་ནོ།། དོན་དམ་པ་ལ་རབ་ཏུ་ཞུགས་པ་ལ་ནི་གཞན་གྱི་དོན་མེད་པས་སྨོན་ལམ་འབྲས་བུ་མེད་པའི་ཕྱིར། འདི་ཉིད་ཀྱི་ཉེས་པ་ལས་བཟློག་པའི་ཕྱིར། ལེའུ་གསུམ་པ་ལས་ནི ་ཡོངསུ་དག་པའི་ལྷའི་རྣལ་འབྱོར་གསལ་བར་བྱེད་དོ།། ཡོངསུ་དག་པའི་སྒྲ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བསྐྱེད་པའི་རིམ་པའི་ཚི་གོ། གཉིས་པ་ནི་རང་བྱིན་གྱིས་བརློབ་པའི་ཚིག་སྟེ་འདི་ནི་གཉི་གོ་ཡང་བཟུང་བ་ཡིན་ནོ།། རིག་པའི ་དབང་བསྐུར་བ་ཐོབ་ནས། ལེའུ་བཞི་པ་ལས་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའོ།། དབང་བསྐུར་བ་ཐོབ་ནས་ཀྱང་སྤྱོད་པ་བྱེད་དེ། དེ་བས་ན་སྤྱོད་པའི་ལེའུ་ལྔ་པ་ཡིན་ནོ།། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརློབ་པ་མེད་པར་ནི་སྤྱོད་པ ་མི་འགྲུབ་པས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརློབ་པ་ནི་ལེའུ་དྲུག་པའོ།། འདི་ནི་མཚོན་པ་ཙམ་ཡིན་ཏེ། གཞན་འཕྲ་བའི་རྣལ་འབྱོར་ལ་སོགས་པ་ཡང་གསུངས་ཏེ། འདིའི་རྒྱུད་ཡིན་པའི་ཕྱིར།། ལེའུ་བདུན་པ་ལ་ནི་ཁྱད་པར་ཅི་ཡང ་མེད། འོན་ཀྱང་ལེའུ་ལྔ་པ་ལས་གསུངས་པའི་སྤྲོས་པ་ཡིན་ནོ།། རྒྱ་ཆེ་བའི་དོན་ཤེས་ན་བདེ་བླག་ཏུ་རྟོགས་པར་བྱའོ།། ཞེས་བྱས་ནསོ།། དེ་ལྟར་བྱས་ཀྱང་གྲུབ་པ་མེད་ན་ཇི་སྲིད་དེ་རང་བཞིན་གྱིས་རྣམ་པར་རྟོག་པ་གཙང་བ་དང་མི ་གཙང་བ་ལ་སོགས་པྲེ་ཉེ་བར་མ་ཞི་ན། དེའི་ཕྱིར་གསང་བའི་དབང་བསྐུར་བ་ལེའུ་བརྒྱད་པའོ།། །། གསོང་བའི་དབང་བསྐུར་བ་ཐོབ་ན་དུས་དེ་ཉིད་གྲུབ་པར་བྱ་བའི་ཕྱིར། བཙན་ཐབས་ཏིང་འཛིན་བསླབ་པར་བྱ་བའི་ཕྱིར་ལེའུ ་དགུ་པའོ།། རྣལ་འབྱོར་པ་སྔགས་ལ་མོས་པ་རྣམས་ནི་གུས་དྲ་བའི་དབང་བསྐུར་བ་ཐོབ་པའི་འོག་ཏུ་སྔགས་ཡང་དག་པར་བསྐུལ་བས་རྡོ་རྗེ་འཆང་ཆེན་པོ་གྲུབ་པར་བྱ་བའི་ཕྱིར་ནི་ལེའུ་བཅུ་པའོ།། དེ་ལྟར་དགུ་པ་དང་བཅུ་པ་ནི་བརྒྱད ་བའི་ཡན་ལག་དུ་གྱུར་པ་ཡིན་ནོ།། གཙོར་བྱེད་པ་དང་གཙོར་མི་བྱེད་པའི་སློབ་མའི་བྱེ་བྲག་གིས། གང་ཡང་བཅན་ཐབས་ཀྱི་སྦྱོར་བ་དང་། སྙིང་པོས་ཡང་དག་པར་བསྐུལ་པོ་དག་གིས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པ་དེ་ལ་ནི་བྱེ་བྲག་རྣམ ་བ་གཉིས་ཏེ། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཡིན་ཏེ། དེ་སྔགས་ཀྱི་སྐུ་ནི་བསྐྱེད་པའི་རིམ་པས་སོ།། ཡེ་ཤེས་ཀྱི་སྐུ་ནི་རྫོགས་པའི་རིམ་པ་ཡིན་ཏེ། དེའི་དོན་དུ་ལེའུ་བཅུ་གཅིག་པའོ།། ཡེ་ཤེས་ཀྱི་སྐུ་ལ་རབ་ཏུ་ཞུགས་པས ་ནི་སེམས་ཅན་གྱི་དོན་ཡོད་པ་མ་ཡིན་ཏེ། དེ་བས་ན་དེའི་དོན་དུ་ཕྱག་རྒྱ་ཆེན་པོ་ཡོངསུ་གྱུར་པས་རང་བྱིན་གྱིས་བརློབ་པའི་ལེའུ་བཅུ་གཉིས་པའོ།། སྐྱེས་པའི་རྣམ་པ་ལས་སེམས་ཅན་རྗེསུ་བཟུང་བ་ཡིན་ཏེ། དེས་ཀྱང་ལས་ཀྱི ་སྦྱོར་བ་སྣ་ཚོགས་བསྒྲུབ་པ་ཡིན་ནོ།། དེའི་ཕྱིར་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་དག་ནི་ལས་ཀྱི་སྦྱོར་བའི་དོན་དུའོ།། གལ་ཏེ་ལས་ཀྱི་སྦྱོར་བའི་སྒོ་ནས་རིགས་པ་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་བས་ན་དེ་སྤང་བར་བྱའི ་ཕྱིར་སྒྱུ་མ་ལྟ་བུའི་ཏིང་འཛིན་མངོན་དུ་བྱ་བའི་ཕྱིར་ནི་ལེའུ་བཅོ་ལྔ་པའོ།། ལེའུ་བཅུ་དྲུག་པ་ནི་ལེའུ་བ་ཞི་པའི་ཡན་ལག་ཏུ་གྱུར་པ་ཡིན།། འདི་ནི་མཚོན་པ་ཙམ་ཡིན་ཏེ། ལེའུ་ཐམས་ཅད་ཀྱི་ཡན་ལག་ཏུ་གྱུར་པ་ཡིན་ནོ།། དེ ་ཉིད་ཀྱི་ཕྱིར་ཕྱི་ནས་གསུངས་པ་ནི་བདག་དང་གཞན་གྱི་དོན་དུ་གྲུབ་པ་དམ་ཚིག་དང་སྡོམ་པའི་སྒོ་ནས་ཡིན་ཏེ། དེ་བས་ན་དེའི་ཕྱིར་ལེའུ་བཅུ་བདུན་པའོ།། འདི་ལས་གཞན་པའི་བྱ་བ་མེད་པས་ལེའུ་གཞན་མེད ་དོ།། འོ་ན་ལེའུ་བཅོ་བརྒྱད་པོ་ནི་ཡོད་པ་ཁོ་ནའོ་ཞེ་ན། དེ་ནི་བདེན་མོད་ཀྱི་དེ་སྤྱིའི་འགྲེལ་པ་དང་འདྲ་བས་ཉེས་པ་མེད་དོ།། ད་ནི་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་བདུན་གྱི་བཤད་པའི་བྱེ་བྲག་སྟོན་པ་ཤིན་ཏུ་རྟོག་པར་སླའོ།། འདི་དག ་གི་དོན་ཚད་མར་བྱ་བའི་ཕྱིར་མདོའི་ཚིག་བཤད་པའི་རྒྱུད་ལས་བསྟན་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འོ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་མཐའ་རྣམ་པ་དྲུག་ཏུ་ངེས་པ་ཡིན་ནོ།། ཞེས་བྱ་བར ་ནི་མི་རིགས་ཏེ། འདི་ནི་རྒྱན་རྣམ་པ་བདུན་ཡིན་ཞེས་བརྗོད་པར་བྱ་བ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མྱེད་དེ། རེ་ཞིག་གླང་པོ་སློང་བ་དང་རིགས་པ་ནི་བསྟན་བཅོས་མཐའ་དོག་ལ་ཁྱབ་པ་ཡིན་པའི་ཕྱིར་ཚིགས་བཅུད་རེ་རེ་ལ་ནི་རྣམ ་པར་དབྱེ་བ་མ་ཡིན་ཏེ། བཱ་གླང་ལ་གླང་ཉིད་ཅེས་སོ་སོའི་སྒྲར་བརྗོད་པ་ནི་མ་ཡིན་ལ། གླང་གི་ཚོགས་མཐའ་དག་ལ། གླང་ཉིད་ཅེས་བྱ་བ་གཅིག་གིས་ཀྱང་ཁྱབ་པའི་ཕྱིར་རོ།། སྨྲ་བའི་རྒྱན་ནི་སོ་སོར་བརྗོད་པར་བྱ་བ་མ་ཡིན་ཏེ། ་ཇི་སྲིད་སྨྲ་བ་པོ་མེད་པ་དེ་སྲིད་དུ་སྒྲ་དང་དོན་བསྒྲུབ་པར་མི་ནུས་ཏེ། དེ་བས་ན་ཤུགས་ཀྱིས་སྨྲ་བ་པོའི་རྒྱན་གྲུབ་པ་ཡིན་ནོ།། དེ་ཡང་བཞི་མེད་པར་ནི་མ་ཡིན་ཏེ། མཐའ་དྲུག་ལ་དེ་བརྟེན་པའི་ཕྱིར་རོ།། མཐའ་དྲུག་ལ་བརྟེན་ནས ་བཤད་པ་རྣམ་པ་གཉིས་སྨྲ་བ་པོ་བྱེད་པ་ཡིན་ནོ།། བཤད་པ་ཞེས་བྱ་བའི་ལས་ནི་བྱེད་པ་པོ་ལ་གནས་པ་ཡིན།། ཉན་པ་པོའི་རྒྱན་ཡང་ཐ་དད་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་ཐ་དད་པར་བརྗོད་ན་ནི་སྨྲ་བ་པོ་དོན་མེད་པ་ཡིན་ཏེ། དེ ་ཡང་ཉན་པ་པོ་ལ་བལྟོས་པ་ཡིན་པའི་ཕྱིར། བསྡུས་པའི་རྒྱན་ཡང་བསྟན་བཅྡོཾས་མཐའ་དག་ལ་ཁྱབ་པར་བྱེད་པ་ཁོ་ནས། གླེང་བསླང་བ་སྔར་བསྟན་པ་འདྲ་བ་ཉིད།། དེའི་ལྷག་མ་མཐའ་དྲུག་དང་བཤད་པ་དག་ནི་ཚིགས་བཅད་རེ་རེ་ལ ་བརྗོད་པར་བྱའོ།། གལ་ཏེ་དེ་ལྟ་ན་མཐའ་དྲུག་ཅེས་བྱ་བའི་འགྲེལ་པའི་མིང་ཅིའི་ཕྱིར་རབ་ཏུ་གྲགས། མཐའ་དྲུག་དྲང་བཤད་པ་ཞེས་བྱ་བ་རེ་རིག་སོ་ཞེ་ན། དེ་ནི་ཉེས་པ་མེད་དོ།། གཉི་གས་ཀྱང་མིང་ཐོབ་པར་གྱུར་པ་དེ་ནི་གཞན་དང ་གཞན་དག་ལ་ཡང་ཐ་སྙད་ཆགས་ཏེ། དཔེར་ན་མིའོ་བུ་ཕའི་བུ་ཞེས་བྱ་བ་ལྟ་བུའོ།། གསང་བའི་བདྲག་པོ་དོན་རྒྱས་པའི་ཞེས་བྱ་བ་ནས་འདི་ནི་བསྡུས་པའི་དོན་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་མཐའ་དྲུག་མི་ཤེས་པ་སྨད ་པར་བསྟན་པ་ཡིན་ནོ།། དེ་རྗེ་སུ་བཟུང་བའི་ཕྱིར་འགྲེལ་པ་བརྩམ་པོ་ཡིན་ནོ།། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་པོའི་ཚིག་གི་ནི་བརྟགས་པའི་ལྷའི་རྣལ་འབྱོར་ནི་ཡི་གེའི་དོན་གྱི་ཕྱོགསུ་བསྟན་ཏོ།། སྤྱིའི་དོན་གྱི ་ཕྱོགས་ནི་ཕྱོགས་སྔ་མ་སེལ་བའི་སྒོ་ནས་སྐབསསྟོན་པར་བྱེད་དོ།། དགོངས་པ་གང་གིས་སྡུད་པར་བྱེད་པ་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ཉེ་བར་སྟོན་ཞེས་བྱ་བའི་བར་གྱིས།། འདི་སྐད་ཅེས་བྱ་བའི་ཡི་གེ་གཉིས་ཀྱིས་ནི ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནས། ཐིག་ལེའི་གཟུངས་ཀྱིས་གནས་པའོ།། ཞེས་བྱ་བའི་བར་གྱིས་ནི་འགྲོ་བ་ཐམས་ཅད་སྐྱེ་བའི་སྒོ་ནས་བསྡུས་པའི་དོན་ཡིན་ནོ།། ཆོས་ཀྱི་ཕུང་པོ ་བརྒྱད་ཁཱི་དང་བཞི་སྟོང་གི་ནི་གྲངས་རྙེད་ཀྱི། ཀུན་གྱི་གཞི་དང་ཕ་མ་ནི། ཡི་གེ་གཉིསུ་དེ་བཞིནྟི་བསྟན་ཞེས་བྱ་བ་སྡུ་ནི་མདོ་སྡེ་ལ་སོགས་པའི་ཉེས་པ་སེལ་བ་ཡིན་ནོ།། ཡི་གེ་ཨ་ནི་མར་གྱུར་ལ་ཞེས་བྱ་བའི་ཚིགསུ་བཅད་པ ་གཅིག་གིས་བསྟན་པ་བསྟན་ཏོ།། ཨེ་ནི་པདྨ་ཞེས་བཤད་ལ་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པོ་གཅིག་གིས་ནི་ཉེ་བའི་བསྙེན་པ་བསྟན་ཏོ།། ཨེ་ནི་ཤེས་རབ་ཉིད་གྱུར་ལ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ ་གཅིག་གིས་ནི་སྒྲིབ་པ་དང་སྒྲུབ་པ་ཆེན་པོ་བསྟན་ཏོ།། ཆ་གཉིས་པ་ནི་ཡི་གེ་ཨའོ།། དགུ་པ་ནི་ཡི་གེ་ཨོ་ཡིན་ནོ།། སུམ་ཅུ་དང་ལྔ་པའི་ས་བོན་ནི་ཡི་གེ་ཧྭ་ཡིན་ནོ།། ཆ་གཉིས་བེ་ནི་ཚེག་དྲག་གོ། ལྔ་པ་ནི་ཡི་གེ་མའོ།། དེ་ཉིད་ཀླུང ་ཀོར་རོ།། དྲུག་པ་ནི་ཡི་གེ་ཨུ་ཡིན་ནོ།། ཐིག་ལཱི་ཀླ་ཀོར་རོ།། དེ་ལྟར་ཨོཾ་ཨཱཿཧཱུཾ་ཡིན་ནོ།། ཡི་གེ་གསུམ་འབྱུང་བས་ཞུགས་ཞེས་བྱ་བར་སྦྱར་རོ།། ཁྭ་ཅིག་ནི་ཆ་གཉིས་མ་ཡིན་ཞེས་བྱ་བ་ལ་སོགས་པ་མཚམས་སྦྱར་གྱི་ཡི་གེ ་དགག་པའི་ཚིག་སུ་བྱས་ནས། ཐིག་ལེ་ཙམ་ཡིན་ནོ་ཞེས་བརྗོད་དོ།། སྦས་པའི་བཤད་པ་ནི་རྡོ་རྗེ་འཕྲེང་བའི་བཤད་པ་ཡིན་ཏེ་བཤད་པའི་རྒྱུད་ཀྱི་དེ་ཡང་ཚིགས་བཅང་དུ་ཤེས་པར་བྱའོ།། ཨེ་ནི་ཤེས་རབ་དམ་པ་ཉིད་ཅེས་བྱ་བ་ནས། ་རྣམ་ཤེས་ཉིད་ནི་ལྔ་པོའོ་ཞེས་བྱ་བའི་བར་གྱིས་ནི་སེམས་རྣམ་པར་དག་པའི་རིམ་པ་ཡིན་ནོ།། ཡེ་ཤེས་གསུམ་རྣམ་པར་འབྱེད་པ་ནི་གཅིག་ཏུ་སྦས་པའི་དོན་ནོ།། མཉམ་ཉིད་སོ་སོར་རྟོག་པ་དང་ཞེས་བྱ་བ་ནས། དེ་དང་དེར་རིགས་ལས་འབྱུང ་བལྷ་དང་ལྷ་མོ་ཐ་དད་པ་དེ་ནི་ཡོད་མིན་དེ་མེད་ཀྱང་། འགྲོ་བའི་དོན་ཕྱིར་སྟོན་པ་ཡིན་ཞེས་བྱ་བའི་བར་གྱིས་ནི། ལྷའི་སྐུ་རྣམ་པར་དག་པ་མངོན་དུ་འགྲོ་བའི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ།། དེའི་ནང་ནས་ཕྱག་རྒྱ་བཞི་ནི་རྒྱས་གདབ ་ཅིང་ཞེས་བྱ་བས་ནི་སངས་རྒྱས་སྤྱན་ལ་སྔོགས་པ་འམ་དགུག་པ་དང་ཞུགས་པ་ལ་སོགས་པ་འམ། ལས་ཀྱི་ཕྱག་རྒྱ་ལ་སོགས་པའོ།། དེ་ཉིད་འདོད་ཆགས་ཀྱི་ཆོས་སྟོན་པའི་སྦས་པའི་དོན་གཉིས་པའོ།། འདི་ལས་གཉིས་མེད་མཐོང་བའི་ཞེས ་བྱ་བ་ནས། སྦས་པའོ་ཞེས་བྱ་བའི་བར་གྱི་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་སྟེ། དེ་ཁོ་ན་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པའོ།། ཀུན་རྫོབ་ཀྱི་བདེན་པ་ལ་དེ་མི་ཐག་མངོན་པར་བྱང་ཆུབ་པའི་རིམ་པ་ནི་སྦས་པའི་དོན་གསུམ་པའོ།། ཡང ་ལྲྀང་གི་བཤད་པ་གསུངས་པོ་ནི་ཞེས་བྱ་བ་ནས་སོ། གནས་མེང་གནས་པའོ།། ཞེས་བྱ་བའི་བར་གྱིས་ནི་ཟུང་དུ་འཇུག་པའི་རིམ་པ་མཐར་ཐུག་པའོ།། དོན་གཅིག།། ན་མཁའི་རང་བཞིན་འདི་ལ་ནི་ཞུས་བྱ་བ་ནཱས། ཐུབ་པ་ཆེན་པོ་བཞུགས་པར་མཛད་ཅེས ་བྱ་བའི་བར་གྱིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ཏེ། དེ་ཉིད་འོད་གསལ་བ་ལ་འཇུག་པ་སྟེ་མཐར་ཐུག་པ་གཉིས་པའི་དོན་ཡིན།། དེ་ལྟར་དང་པོའི་ངག་གི་ཡི་གེའི་དོན་དང་སྤྱིའི་དོན་གྱི་ཡན་ལག་བསྐྱེད་པའི་རིམ་པ་བསྟན་པ་ཡིན།། ་སྨྲས་པ་དང་མཐར་ཐུག་པ་དག་གིས་ནཱི་རཱིམྱ་པ་ལྔའི་བདག་ཉིད་རྫོགས་པའི་རིམ་པ་བསྟན་ཏོ།། དྲེ་བས་ན་དྲང་པོའི་བདག་ནི་བསྟན་བཅོས་མཐའ་དག་གི་ལུས་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། དེ་ལྟར་བཞུགས་པའི ་ཚིག་ཉིད་ཀྱི་རྒྱུད་མ་ལུས་པའི་དགོངས་པ་བསྟན་ནས། ཞེས་གསུངས་སོ།། དེའི་འོག་ཏུ་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་ནས། གཞལ་མེད་ཁང་གི་དབུས་སུ་བཞུགས་པ་སྟེ། ངེས་པའི་དོན་ནོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ཕུན་སུམ་ཚོགས་པ ་བསྟན་ཏེ། དེར་ནི་དྲང་བ་དང་ངེས་པའི་དོན་གྱིས་རྒྱན་བསྟན་ཏོ།། དེ་ལྟར་སྟོན་པ་དང་གནས་དང་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་ཏེ་ངེས་པའི་དོན་ཏེ་ཞེས་བྱ་བའི་བར་གྱིས་ནི་སྤྲོ་བ་དང་བསྡུ་བའི་རིམུ་པཱ་བསྟན་ཏོ།། ད་ནི་འདོད་པའི ་ཁམས་ན་གནས་པའི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འད་འདས་པའི་འོག་ཏུ་འདོད་པའི་ཁམས་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཀྱང་། འདོད་ཆགས་དང་བྲལ་བ་མེད་དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས ་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པོའི་ཕྱིར་རོ།། དེས་ན་དེ་དག་གི་འདོད་ཆགས་སྦྱང་བའི་ཕྱིར་ལྷའི་རྣམ་པར་སྤྲོས་པ་གསུངས་པ་ཡིན་ནོ།། དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པས་འདོད་པའི་དབང་ཕྱུག་ཏུ་བསྟན་ནས་ཞེས་པ་ནས། རྡོ་རྗེའི ་སྐུ་ལ་བཞུགས་པར་འགྱུར་རོ།། ཞེས་བྱ་བ་སྟེ། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་མི་བསྐྱོད་པའི་དཀྱིལ་འཁོར་གྱི་འཁོར་ལོས་ནི་དྲང་བའི་དོན་བསྟན་ཏོ།། དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་རྣམ་པར་ཤེས་པའི་བདག་ཉིད་ཅན ་ནོ་ཞེས་པ་ནས། སྤྲུལ་པའི་སྐུ་འཛིན་པ་བསྟན་པར་མཛད་པ་ཡིན་ཏེ། ངེས་པའི་དོན་སྟོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་འོད་གསལ་བ་བསྟན་ཏེ། རྣལ་འབྱོར་པའི་བྱེ་བྲག་ལ་བརྟེན་ནས་ནང་དང་ཕྱི་རོལ་གྱི་བྱེ་བྲག ་བསྟན་ཏོ།། ད་ནི་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པའི་རིམ་པའི་དོན་དུ་དང་པོར་ཏིང་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ཏོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་ནོན་པའི་རྡོ་རྗེ་ཡིན་ནོ།། འགྲེལ་པ་བྱེད་པས་ནཱི་སྤྱིའི་དོན་བྱེ་བྲག ་གསུམ་དུ་བཤད་དོ།། དོན་དེ་ཉིད་གསལ་བར་བྱེ་བའི་ཕྱིརརོ་ཞེས་པ་ནས་སྤྱིའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རང་བཞིན་གྱི་སེམས་ཅན་གྱི་ཁམས་དཀྱིལ་འཁོར་ལ་གནས་པའི་རྣམ་པར་བསྐྱེད་པའི་རིམ་པ་བསྟན་ཏོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཞེས་པ་ནས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་འགྱུར་ཏེ། ཞེས་བྱ་བའི་དོན་ཏེ་སྤྲས་པ་ཞེས་བྱ་བའི་བར་གྱིས་ནི་འདོད་ཆགས་ཀྱི་ཆོས་བསྟན་པ་སྟེ། སྤྲས་པའི་དོན་གྱི་ཕྱོགས་གཅིག་གོ ་འདོད་ཆགས་ཀྱི་ཆོས་ནི་འདོད་ཆགས་ཀྱི་ཆོས་ཉིད་དོ།། དེ་ཡང་ལྷན་གཅིག་སྐྱེས་པའི་ངོ་བོ་ཟག་པ་མེད་པའི་དོན་ཏོ།། འདིར་རྩེ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཁོང་སྟོང་ངོ་ཞེས་བྱ་བའི་བར་གྱིས་ནི་འདིར་ཕུང་པོ་ལྔའི་བདག་ཉིད་ཀྱི་ལུས ་ལ་སྤུ་ཇི་སྙེད་པ་དེ་སྐད་ཀྱི་རྩ་ཕྲན་ཡོད་དོ་ཞེས་བསམ་པ་ཡིན་ནོ།། དེ་དག་གི་ཁོང་སྟོང་ནི་བ་སྤུའི་བུ་གའོ།། རྡོ་རྗེ་ནི་འདིར་ཐབས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མིང་ངོ་།། དེའི་ངོ་བོ་ཉིད་ནི་གནས་པར་གྱུར་ཞེས་བྱ་བ་ནི་ཁྱབ ་པར་གནས་སོ།། བསམ་པ་ནི་འདི་ཡིན་ཏེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་དུས་སུ་ཚུངས་པའི་བུ་ག་ནས་བྱང་ཆུབ་སེམས་ཀྱི་ཏིལ་མར་གྱི་ཐིགས་པས་ཆུ་ལ་ཁྱབ་པ་བཞིན་དུ་རྩ ་བྲན་ཐམས་ཅ་དུ་ཁྱབ་པར་བྱེད་དོ།། དེ་ནས་མན་ངག་དྲང་ལྡན་པའི་རྣལ་འབྱོར་པས་རྡོ་རྗེའི་རྩེ་མོར་བསྟེན་པར་བྱ་བ་མཆོག་ཏུ་དགའ་བའི་བདེ་བ་མྱོང་བར་འགྱུར་བའི་བར་དུའོ།། མཆོག་ཏུ་དགའ་བའི་བདེ་བཱ་ལ་ཡང་རྣམ་པ་གཉིས་ཏྭ། ་གཅིག་ནི་གཉིས་པའི་མིང་གི་རྣམ་གྲངས་སོ།། གཅིག་ནི་རྣལ་འབྱོར་པའོ་ལྷན་ཅིག་སྐྱེས་པའི་དགའི་བུའི་མིང་དུ་ཆགས་པ་ལ་འཇུག་གོ།། ཡང་ན་མཆོག་ཀྱང་ཡིན་ལ་དགའ་བ་ཡང་ཡིན་པས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ།། ། ་ཡང་ན་མཆོག་ནི་ཕ་རོལ་གྱི་དགའ་བ་ནི་མཆོག་ཏུ་དགའ་བ་སྟེ། ཚིག་གི་བྱེར་མི་མངོན་པར་བྱས་པ་ནི་མར་གྱི་གང་བའི་བུམྦྷ་པ་ལྟ་བུ་ཡིན་པས་ལྷན་ཅིག་སྐྱེས་པ་ལ་འཇུག།། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞེས་བྱ་བ ་སོགས་པ་ནས། མཐར་ཐུག་པར་བཤད་པའོ་ཞེས་བྱ་བའི་བུར་གྱིས་ནི་འོད་གསལ་བ་ལྔ་འཇུག་པ་དང་། ཟུང་དུ་འཇུག་པའི་རིམྦྷ་པ་བསྟན་ཏཱཾ། མཐར་ཐུག་པ་བསྟན་པ་ཡང་ཡིན་ནོ།། དེ་ལྟར་ལྷག་པར་མོས་པས་རྡོ་རྗེ་འཚོང་ཆེན ་པོ་བསྐྱེད་ནས་ཞེས་བྱ་བ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དྲང་བ་དང་ངེས་པའི་དོན་གྱི་བྱེ་བྲག་གི་ལྷའི་གཟུགས་རྣམ་པ་གཉིས་འཛིན་པར་བསྟན་པ་ཡིན་ཏེ། ཆོས་སྟོན་པ་ནི་ཆེད ་དུའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། འདུས་པ་གསང་བ་བཤད་དུ་གསོལ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྒྲལ་བའོ།། འདུས་པ་ནི་བཤད་པ ་བཞི་ལ་བརྟན་ནས་བཤད།། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ་ཞེས་བྱ་བ་ནས། དགོངས་པ་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། བསྐུལ་ནས་དགོངས་པས་བཤད་པའི་བཅོམ་ལྡན་འདས་ཀྱིས་ལན་ནོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བ་ནས། ཡང་དག་པར་སྟོན་པར་མཛད་སྟེ་མཐུར་ཐུག་པའོ།། ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་འཆད་པར་བསྐུལ་པ་ཡིན་ཏེ་བཤད་པའི་རྒྱུན ་ཡིན་ནོ།། དེ་ལྟར་གསོལ་བ་བཏབ་པ་དང་ཞེས་བྱ་བ་ནས་མཐར་ཐུག་པའོ་ཞེསྣ་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་འདུས་པ་བླ་ཆང་བ་བཞེད་ནས། སྤྲུལ་པའི་འཁོར་ལོ་སྤྲོ་བའི་ཕྱིར། དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པར་གྱུར་ཏོ།། རང་བཞིན་གྱི་འོད་གསལ་བ་ཞེས་བྱ་བ་ནས། ཡང་དག་པར་འབྱིན་པར་མཛད་པ་སྟེ། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོ་བ་བསྟན་ཏོ།། བཛྲ་དྷྲྀཀ་ཅེས་བྱ་བ་ནི་ཞེསྟྲ་བྷཱ་ནས་དེ་ལྟར་སྒོ་རྣམ་པ་བཞིར་བཀོད་ནས ་བྱ་བའི་བར་གྱིས་ནི། དྲང་བ་དང་ངེས་པའི་དོན་གྱི་རིམ་པའི་སྔགས་ཀྱི་ཚིག་གིས་དཀྱིལ་འཁོར་མཐའ་དག་གི་འཁོར་ལོ་སྤྲོ་བ་བསྟན་ཅིང་ཏིང་འཛིན་རྗེསུ་མཐུན་པ་ཡང་བསྟན་ཏོ།། ཅི་སྟེ་སྔགས་ཀྱི་ཚིག་འདི་དག་གིས་དཀྱིལ་འཁོར་བསྐྱེད་དང། ་འོན་ཏེ་བཅོམ་ལྡན་འདས་ཀྱིས་བསྐྱེད་པ་ཡིན་ཞེ་ན། བཤད་པ་བཅོམ་ལྡན་འདས་ཀྱིས་བསྐྱེད་པ་ཡིན་ཏེ། འོན་ཀྱང་ལྷ་མོའི་པདྨའི་སྙིང་པོར་ཐིག་ལེ་ལྷུང་བར་བྱས་ནས། སྔགས་ཀྱི་སྒྲའི་སྒོ་ནས་ལྷར ་གྱུར་པ་ཡིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བ་ཡིན་ནོ།། ཁ་ཅིག་ནི་ཞལ་གྱི་སྒོ་ནས་སྔགས་གསུང་སྡེ་བ་ཡིན་ཞེས་ཟེར་ཏེ། དེ་ནི་རིགས་པཱི་མ་ཡིན་ཏེ། ཡིག་འབྲུ་རྣམས་ནི་བརྗོད་མ་ཐག་ཏུ་རྣམ་པར་འཇིག ་པ་ཡིན་པའི་ཕྱིར་ལ། བདེ་བ་ཆེན་པོ་རྗེསུ་མྱོང་བའི་དུས་སུ་སྔགས་བརྗོད་ཅིང་ཡང་དག་པར་བྱུང་བ་ནི་རིགསྡེ་པ་ཉིད་དེ། དྲ་ནི་རྟག་པ་ཉིད་ཀྱི་ཕྱིར་རོ།། དེ་བས་ན་རྡོ་རྗེའི་ལམ་ནས་སྤྲོས་པ་ནི་རིགས་པ་ཁོ་ནའོ།། ཤར་ཕྱོགས་མཚམ ་ནས་བརྩམས་ཏེ་ཞེས་བྱ་བ་ནས། འདུས་པའི་དོན་ཐེ་ཚོམ་མེད་པ་ལ་འཇུག་པར་བྱ་སྟེ་ཞེས་བྱེ་བའི་བར་གྱིས་ནི། སྐུའི་དཀྱིལ་འཁོར་བཞིན་དུ་སྤྲོ་བའི་དཀྱིལ་འཁོར་དགོད་པ་བསྟན་ཏོ།། སེམས་ཀྱིས་གཞན་ནི་མི་བསམ་པར ་ཞེས་བྱ་བ་ནས་རྡོ་རྗེའི་འཕྲེང་བ་ལས་གསུང་སྷོ། ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ཚད་མར་བསྟན་པ་ཡིནོ།། རིགས་པ་འདིས་ནི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུས་པ་བསྟན་པ་ཡནྡོ།། གླེང ་གཞིའི་དབང་དུ་མཛད་ནས་ཀྱང་།། དོན་གང་ཡིན་པ་བསྟན་པ་ཡིན།། རྒྱུད་ཀྱི་དོན་ནི་ལྷག་མ་རྣམས།། ཞར་ལ་ཡང་དག་བཤད་པ་ཡིན་ཞེས་བྱ་བ་ནི་འགྲེལ་པོ་བྱེད་པ་རང་གི་ཚིགས་བཅད་ཡིན་ནོ།། འདིར་དོན་ནི་འདི་ཡིན་ཏེ།། ་གླེང་གཞི་ནི་དང་པོའི་ངག་ཡིན།། ཡང་ན་བཅོམ་ལྡན་འདས་ཀྱིས་བཀའ་ཡིན་ནོ།། དབང་དུ་མཛད་པ་ནི་རྟེན་ནསོ།། དོན་གང་ཡིན་པ་བསྟན་པ་ནི་ཡང་དག་པར་བསྟན་པ་ཡིན་ཏེ་དེ་ཉིད་དུ་རྒྱུད་ཀྱི་དྲོན་མཐའ་དག་བསྟན་པ་ཡིན་ནོ།། ་དེའི་འོག་ཏུ་ཁྱད་པར་དང་ཐ་དད་པར་བཤད་པ་དེ་ནི་ལྷག་མ་ཡིན་ཏེ། ཞར་ལྔ་བཤད་པ་དང་སྤྲོས་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཇི་ལྟར་འགྲེལ་པ་བྱེད་པས་དེ་ལྟར་ཞུགས་པའི་ཚེ་ག་ཉིད་ཀྱི་རྒྱུད་མ་ལུས་པའི་དགོས་པ ་བསྟུན་ནས་ཞེས་པ་ལྟ་བུའོ།། དེ་ལེན་ཅིང་འཛིན་པར་བྱེད་པས་ན་ཞེས་བྱ་བའི་སྒྲ་དགོད་པའི་རྒྱུ་མཚན་ཙམ་མོ།། སྒྲ་འཇུག་པའི་རྒྱུ་མཚན་ནི་གཞལ་བྱ་མཐར་ཐུག་པའི་ས་ཡིན།། གཞན་དུ་ན་ལ་འུར་བཅད་པ་ལ་སོགས ་པའི་དོན་མེད་པར་འགྱུར།། དེའི་ཕྱིར་གཞུང་དང་དྲོན་རྫོགས་པ་ལས་ལེའུ་ལ་སོགས་པར་ངེས་པར་བརྗོད་དོ།། སྒྲོན་མ་གསལ་བ་འི་ས་གཅོད་པ་ལས།། ལེའུ་དང་པོའོ།། །། དེ་ལྟར་ལྡེའུ་དང་པོར་ཐམས་ཅད་བསྐྱེད ་ནས། སྒྲ་ཇི་བཞིན་པོའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་དང་ལན་རྩོམ་པའོ།། ཁྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནཱས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བཅོམ ་ལྡན་འདས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་པར་བསྟན་ཏོ།། དེ་ལ་མན་ངག་ནི་འདི་ཡིན་ཏེ། རེ་ཞིག་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། རྩིབས་བརྒྱད་ཀྱི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་སྙིང་པོར་དེ་རྗེསུ་མྱོང་བས། དེས་ན ་དེ་ལས་དེའི་མོདདོ་ལ་དབང་པོའི་གཞུ་བཞིན་དུ་རྣམ་པར་སྤྲོ་བ་ནི་སེམས་ལུས་ལྟ་བུར་གྱུར་པ་ཡིན་ནོ།། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱིས་གནས་ན་མཁའ་ལས་ཨཱ་ལི་ཀཱ་ལི ་འབྱུང་བ་ནི་སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ཡིན་ནོ།། ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་དེར་ལུས་ཐིམ་པར་གྱུར་པ་ནི་ལུས་སེམས་ལྟ་བུ་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས ་དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་རྣམས་ཆོས་བསྟན་པ་ལ་དང་པོ་གཡོ་སྟེ། ཚིག་ཏུ་རྡོ་རྗེ་འཆང་ཆེན་པོ་ལསྭཱ་རྞྞ་སུ་ཡི་རང་བར་བསྟོད་པ་ཡིན་ནོ།། དེ་བཞིན་གཤེགས་པ་དྲུག་པོ་རྣམས་ཀྱིས་ཞེས ་བྱ་བ་ནས་མཐར་ཐུག་པའོ་ཞེས་བྱ་བའི་བར་གྱིས་རྡོ་རྗེ་འཆང་ཆེན་པོའི་བཀའ་ཡིན།། ཡི་གེའི་དོན་གྱི་ཕྱོགས་ལ་ནི་བསྒོམ་པར་བྱ་བ་ལ་མེད་པའི་ཕྱིར། ཞེས་བྱ་བའི་ཚིགས་བཅད་ཀྱིས་ནི་སྟོང་པ་ཉིད་ཙམ་དུ་སྟོན་པ་ཡིན།། སྤྱིའི་དོན ་གྱི་ཕྱོགས་ལ་ནི་རྣམ་པར་ཐར་པ་སྒོ་གསུམ་གྱི་སྒོ་ནས་མདོ་སྡེ་པའི་འགྱོད་པ་གསལ་བར་བསྟན་པ་ཡིན་ནོ།། སྦས་པའི་ཕྱོགས་ལ་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ།། མཐར་ཐུག་པའི་ཕྱོགས་ལ་ནི་མངོན་པར་བྱང་ཆུབ ་པའི་སེམས་དང་། ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཞེས་བྱ་བ་ནས། དགོངས་པ་མ་ཡིན།། ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས་སོ།། དངོས་པོ་ཐམས ་ཅད་དང་བྲལ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚོགསུ་བཅད་པ་སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པའི་འགྲེལ་པ་རིམ་པར་བཤད་པ་དེ་ལ་རྒྱ་ཆེར་བསྟན་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་ཡང་དག་པའི་མཐའོ། ་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པ་དང་པོ་མི་སྨོས་པ་ཅི་ཞེས་ན། ལུས་ལ་གནས་སེམས་དགོངསོ།། མི་བསྐྱོད་པསུ་གསུངས་པའི་ཚིགསུ་བཅད་པ་ཡིན་ཏེ། རང་བཞིན་། ་གྱི་འོད་གསལ་བའི་དོན་སྟོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཞེས་བྱ་བ་ནས། ཡང་དགོངས་པ་མ་ཡིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་གྱིས་གསུངས་པའི་ཚིགསུ་བཅད་པ་ཡིན་ཏེ། མངོན་པར་བྱང་ཆུབ་པ ་དང་རང་བྱིན་གྱིས་བརློབ་པའི་རིམ་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ནས། ཡང་དགོངས་པ་མ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ནི་འོད་དཔག་མེད་ཀྱི་གསུངས་པའི་ཚིག་སུ་བཅད་པ་ཡིན་ཏེ། ཟུང་དུ་འཇུག་པའི་དོན་དམ་པ་བསྟེན་པ ་ཡིན་ནོ།། ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནྱ། ཡང་དགོངས་པ་མ་ཡིན།། ཞེས་བྱ་བའི་བར་གྱིས་ནི་དོན་ཡོད་པར་གྲུབ་པས་གསུངས་པའི་ཚིགསུ་བཅུད་པ་ཡིན་ཏེ། དེ་ཡང་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ།། འོ་ན་དཀྱིལ ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ཡིན་པས་དེས་གསུངས་པར་རིགས་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་གཞན་རྣམས་ཀྱིས་གསུངས་ཤེ་ན་དེ་ལ་ནི་ཉེས་པ་མེད་དེ་རྡོ་རྗེ་འཆང་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ ་དེ་བཞིན་གཤེགས་པ་རྣམས་ནི་སྤྲུལ་པའི་སྐུ་ཡིན་པས་རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་དེ་ལྟར་གསུངས་པ་ཡིན་ནོ།། དེ་ཡང་མཛད་པ་གཅིག་ཡིན་པའི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཞེས ་བྱ་བ་ནས། ཆོས་སྟོན་པར་མཛད་པའི་རྣམ་པར་བསྟོད་པའོ།། ཞེས་བྱ་བའི་བར་གྱིས་ནི། བསྟོད་པའི་གླེང་བསླང་བ་བསྟན་ཏོ།། ཡང་དག་པའི་དེ་ཁོ་ནའི་དོན་ནི། འོད་གསལ་བའོ་ཞེས་བྱ་བ་ནས། རྒྱུ་དང་འབྲས་བུ་ཐ་མཱི་དད་པའི་ཕྱིར་དེ་ལྟར ་གསུངས་པ་ཡིན།། དེ་ཡང་མཛད་པ་གཅིག་ཡིན་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནས་ཆོས་སྟོན་པར་མཛད་པའི་རྣམ་པར་བསྟོད་པའོ།། སྒྲ་ཇི་བཞིན་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་ཀྱི་སེམས ་ཀྱི་ཚིགས་བཅད་གསུངས་པ་གང་ཡིན་པ་དེ་ཉིད་བསྟོད་པའི་སྒོ་ནས་མཇུག་སྡུད་པར་བསྟན་པ་ཡིན་ནོ།། དེ་བས་ན་བསྟོད་པ་དང་མཇུག་སྡུད་པར་བསྟན་པ་ནི། ཚིགས་བཅད་བཞི་བསྟན་པར་ཤེས་པར་བྱའོ།། སྒྲོན་མ་གསལ་བ་ཞེས་བྱ་བའི ་ས་གཅོད་ལས། ལེའུ་གཉིས་པའོ།། །། རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་ཕྲ་མོ་བསྒོམ་པ་རྣམ་པ་གཉིས་བྱའོ།། ཞེས་བྱ་བ་ལ། རྣལ་འབྱོར་པ་རྣམ་པ་གཉིས་ནི་བསྐྱེད་པ་དང་རྫོགས་པ་རྣམ་པ་གཉིས།། དང་པོ་སྟོང་པ་ཉིད་ཀྱིས་ཀྱང ་བྱང་ཆུབ་རྣམ་པ་གཅིག། སྐུའི་རྣམ་པ་རྫོགས་པ་དང་། སྣའི་རྩེ་མོ་ལ་སོགས་པའི་གནས་སུ་བསྒོམ་པའི་ཕྲ་མོའི་སྒོམ་པ་ནི་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའོ་ཞེས་བྱ་བ་ནས། བསྐྱེད་པའི་རིམ་པའི་ཏིང ་འཛིན་ཏོ།། ཞེས་བྱ་བའི་བར་གྱིས་ནི་བསྐྱེད་པའི་རིམ་པ་འབའ་ཞིག་བསྟནྣ་ཏྲོ།། དེ་ཡང་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་གཙོར་བྱས་བསྟན་པ་ཡིན།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་ངེས་པའི་དོན་ཏོ་ཞེས་བྱ་བའི་བར ་གྱིས་ནི་འོད་གསལ་ལ་ཞུགས་པའི་འོག་ཏུ་རང་བྱིན་གྱིས་བ་རློབ་པའི་རིམ་པ་བསྟན་ཏོ།། རིགས་ལྔའི་བྱེ་བྲེག་ལུ་བརྟེན་ནས་དེ་མ་ཐིག་རང་བཞིན་གྱིས་འོད་གསལ་བ་ལས་ལངས་པོའོ།། དཱ་ནི་རླུང་གི་སེམས་བསྙེན་པར་བྱ། ་བའི་ཕྱིར་ཞེས་བྱ་བ་ནས་མཐར་ཐུག་པའོ་ཞེས་བྱ་བའི་བཱར་གྱིས་ནཱི་ཕྲ་མོའི་སྦྱོར་བ་རྣམ་པ་གསུམ་བསྟེན་ཏོ།། སྤྱིའི་དོན་གྱི་ཕྱོགས་ལ་ནཱི་སྣའི་རྩེ་མོར་ཐིག་ལེ་བསྒོམ་པའོ།། སྦས་པའི་ཕྱོགས་ལ་ནི་རྡོ་རྗེ་དང་པདྨའི་སྙིང་པོ་ལ་ཐིག ་ལེ་བསྒོམ་པའོ།། མཐར་ཐུག་པའི་ཕྱོགས་ལ་ནི་སྙིང་གི་པདྨའི་སྙིང་པོ་ལ་ཐིག་ལེ་བསྒོམ་པའོ།། དེ་ལྟར་འདི་དག་གི་དབྱེ་བའི་རྣམ་པ་ནི་གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་ཅན་གྱི་སེམས་ཀྱིས་བསྟན་པ་ཡིན་ནོ།། རྣམ ་བར་སྣང་མཛད་ལ་སོགས་པའི་ཞེས་བྱ་བཱ་ལ་སོགས་པ་ནས། དྲུང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཕྲ་མོའི་སྦྱོར་བ་བསྟན་པར་གྱུར་ནས། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་སྤྲོ་བར་བསྟན་ཏོ།། ན་མཁའི་དབྱིངས་ནི་ནྡེ ་བྱ་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་དཀྱིལ་འཁོར་བཞི་པའི་རིམ་པས་དཀར་པོ་ལ་སོགས་པའི་འོད་ཟེར་སྤྲོ་བའི་སྔོན་དུ་འགྲོ་བས། ཞི་བ་ལ་སོགས་པ་བསྒྲུབ་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲོས ་ཤིང་བསྡུས་ནས། རང་བཞིན་གྱི་འོད་གླསལ་བ་རྟོགས་པ་བསྟན་པ་ཡིན་ནོ།། མཐའ་དྲུག་གིས་བཤད་པའི་ལེའུ་གསུམ་པའོ།། ། ལྷ་དང་དམིགས་པ་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ལྕེའུ ་སྐབས་སྟོན་པ་ཡིནོ།། དེ་ཉིད་ནས་དགྲོངས་པ་མ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ལྔས་རིགས་ལྷ་དང་རིགས་གསུམ་གྱིས་རིམ་པས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས ་པ་ནི་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའི་བར་གྱིས་ནི་སྡུད་པ་པོས་རྡོ་རྗེ་འཆང་ཆེན་པོའི་བཀའ་རྗེསུ་བརྗོད་པ་བསྟན་ཏོ།། རྡོ་རྗེ་འཆང་ཆེན་པོའི་གསུང་གིས་ཞེས་བྱ་བ་ནས། འདྲིར་ཡང་རྒྱ་ཆེར་ནི་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར ་བྱའོ་ཞེས་པོའི་བརླ་གྱིས་ནི་ཐུགས་ཀྱི་དཀྱིལ་འཁོར་ཕྱག་མཚན་དང་། སྐུ་མདོག་དང་ཕྱག་རྒྱ་དང་། ཆེདདཱ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བསྟན་ཏོ།། དཀྱིལ་འཁོར་གྱི་ཆོ་ག་ནི་རང་ཉིད་ཀྱིས་བྱས་པའོ།། རང་གི་ཕྱིར་སངས་རྒྱས་མི་ཤེས ་ཀྱི་ཞལ་སྔ་ནས་ཀྱིས་ནི་དཀྱིལ་འཁོར་གྱི་ལྷ་བཅུ་དགུར་བཞེད་པ་ཡིན་ལ། ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱིས་ནི་དཀྱིལ་འཁོར་གྱིས་ལྷ་སུམ་ཅུ་རྩ་གཉིས་སུ་བཞེད་པ་ཡིན།། རྩ་བའི་རྒྱུད་ནས་ནི་དཀྱིལ་འཁོར་གྱི་ལྷ་བཅུ་གསུམ ་ལ་བདག་ཉིད་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་ཆོ་ག་ལས་བལྟ་བར་བྱའོ་ཞེས་བསྟེན་ཏོ།། འདིར་ཡང་དཀྱིལ་འཁོར་གྱི་ཆོ་ག་གླེང་གཞིའི་དབང་དུ་བྱས་ནས་ཀྱང་དོན་འགྲེལ་པ་མཁན་གྱིས་མཛད་པ་ཡིན་པར་བལྟ ་པར་བྱའོ།། ལུས་དང་ཞེས་བྱ་བ་ནས་དྲང་བའི་དོན་ཏོ།། ཞེས་བྱ་བའི་བར་གྱིས་ནི་ངམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་། བདུད་རྩི་ལྔ་ལ་སྤྱོད་པར་བསྟན་པ་ཡིན་ཏེ། འདི་ཉིད་ནི་མཆོད་པ་རབ་མཆོག་ཡིན་ཏེ། འདི་ལྟ ་སྟེགསང་བའི་མཆོད་པ་ཡིན་པསོ།། མེ་ཏོག་དང་སྤོས་ལ་སོགས་པ་ནི་བཅོས་མའི་མཆོད་པ་དང་། དེའི་ཡན་ལག་ཡིན་པའི་ཕྱིར། གཙོ་བོ་མ་ཡིན་ཞེས་བསམ་སོ།། ལུང་གི་བཤད་པ་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས་ངེས ་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ནང་གི་དཀྱིལ་འཁོར་དང་། རང་བཞིན་གྱི་འོད་གསལ་བ་ལ་འཇུག་པའི་མཆོད་པ་བསྟན་པ་ཡིན་ནོ།། དེ་ལ་དགུ་པའི་བདག་ཉིད་ནི་ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་འབྲིང་དང་། ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སྣང་བ་དང་། སྣང་བ་མཆོད་པ་དང་། སྣང་བ་ཐོབ་པ་དེའི་བདག་ཉིད།། ཁ་གཅིག་ནི་དམ་པའི་ཆོས་གསུང་རབ་ཡན་ལག་དགུ་ཡིན་ནོ་ཞེས་འཆང་ངོ་།། སྐད་ཅིག་སོགས་ཀྱི་དུས་དབྱི ་བསབཅུ་དྲུག་ལོ་ཡི་མིང་དུ་འགྱུར།། རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་དང་། བསྙེན་པ་དང་། ཉེ་བའི་བསྙེན ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པ་པོ་ནི་སྐད་ཅིག་མ་བཅུ་དྲུག་ཅེས་བྱའོ།། ཁ་ཅིག་སྟོང་པ་བཅུ་དྲུག་ཉིད་ཡིན་ནོ་ཞེས་འཆང་ངོ་།། གང་ཡང་འཇིག་རྟེན ་པས་བརྟགས་པ་ཞེས་བྱ་བ་འདིས་ནི་དོན་དམ་པའི་ཕྱོགས་བསྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས། ཡང་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཀུན་རྫོབ་དང་དོན་དམ་པའི་སྒོ ་ནས་དཀྱིལ་འཁོར་གྱི་མཇུག་བསྡུ་བ་བསྟན་ཏོ།། མཐའ་དྲུག་གོས་བཤད་པ་ལེའུ་བཞི་པའོ།། རིམ་པ་གཉིས་པ་རྟོགས་པ་ནི་ལེའུ་ལྔ་པའི་སྐབས་སྟོན་པར་བྱེད་པ་ཡིན།། དབང་བསྐུར་བ་ཐོབ་པས་ཀྱང་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པའི་སྐབས་བསྟན་པ་ཡིན།། རྣམ་པར་མི་རྟོགས་ཅེས་བྱ་བ་ནས། དགོངས་པ་མ་ཡིན་པའོ།། ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་རྟོགས་བས་བྱང་ཆུབ་ཡིན་ནོ་ཞེས ་བསྟན་ཏེ།། རང་བཞིན་ཡོངསུ་ཤེས་པ་ཉིད་ཅེས་བྱ་བ་ནས་སྒྲ་ཇི་བཞིན་པའོ།། ཞེས་བྱ་བའི་བར་གྱིས་ནི་སྤྲོས་པའི་སྤྱོད་པ་སྟན་ཏོ།། རྒྱུད་ཀྱི་རྒྱལ་པོ་ཁྱད་པར་དུ་ཞེས་པ་ནཱ། དགོངས་པ་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྨྱོས ་པ་མེད་པའི་སྤྱོད་པ་བསྟན་ཏོ།། མ་དང་སྲིང་མོ་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས་ཅིའི་ཕྱིར་མཛད་ཅེས་བྱ་བའི་བར་གྱིས་ནི ་སྒྲ་ཇི་བཞིན་པའི་དོན་འཛིན་པ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་སྐྱོ་བར་གྱུར་པ་བསྟན་པ་ཡིན།། དེ་ནས་ཞེས་བྱ་བ་ནས་སྒོ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རྒྱན་ཁྱད་པར་བན་བསྟན་པས། བྱང་ཆུབ་སེམས་དཔའ་རྣམས ་རྒྱུཆམ་སྩལ་ད་མུན།། དུན་སྣ་སྣང་བརྡང་ཆོས་མོ་ལང་བྱནས་བྷཱ་བ་ནས། དྲང་དུ་དུན་ཏཱ་ཞེས་བྱ་བ་བར་གྱིས་ནི་ད་ཁྱེན་ད་ཧཱུཾ་བདུད་རྩི་སྦྱངས་པསྨྲ། དྷཱ་རྒྱུབ་སེམས་དཔའ་རྣམས་གཡོ་བསྐྱེད་པའོ། འཛིན་ཐོབ་པར་བསྣུན ་ཏོ།། ཡང་ལུང་གིས་བཤད་པ་ཞེས་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་པའི་ཕྱིར། རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ཟད་པར་བསྟན་པ་ཡིན།། མཁའ་དང་མཉམ་ཞིང་ཞེས ་བྱ་བ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་དབུགས་ཕྱུང་བ་དང་། རང་བཞིན་གྱིས་འོང་གསལ་བ་དང་། རང་བྱིན་གྱིས་བརླབ་པ་བསྟན་ཏོ།། དེ་ནིས་ཞེས་བྱ་བ་ནས། ལེའུ་རྫོགས་པ་དགོངས ་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ནས། དེ་བཞིན་གཤེགས་པ་ལྔ་གཙོར་བྱས་པའི་སྒོ་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ་བྱེད་པར་སྟོན་ཏོ།། མཐུའ་དྲུག་གི ་བཤད་པའི་ལེའུ་ལྔ་པའོ།། ། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བྱི་ལ་སོགས་པསྣ་ནི་ལེའུ་དྲུག་པའི་སྐབས་སྟོན་པར་བྱེད།། དེ་ནས་བྱ་བ་ལ་སོགས་པ་ཞེས་པ་ནས། དྲང་བའི་དོན་ཏོ།། ཞེས་བྱ་བའི་བར་གྱིས་ནི་སྐུ ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་གསུམ་བསྟན་ཏེ། དེ་ཡང་མགོ་ལ་སོགས་པའི་གནས་ངག་ཏུ་ལྷ་བཀོད་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པར་བྱའོ།། རྫོགས་པའི་རིམ་པའི་རྣལ་འབྱོར་པོ་རྣམས་ཀྱིས་སྐུ་དང ་གུསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབ་པཱ་བཤད་པའི་རྒྱུད་ལས་བསྟན་པ་ལ་འཇུག་པཱར་བྱ་སྟེ། ཞེས་བྱ་བ་འདིས་ནི་ལུང་གིས་བཤད་པ་བསྟན་ཏོ།། དེ་ནས་དཔལ་ཆེན་མི་སྐྱོང་བ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང ་དྲུག་ནི་མི་བསྐྱོད་པས་ཐུགས་བྱིན་གྱིས་བརླབ་པ་གུསུ་ངས་པ་ཡིན་ཏེ། ཨོཾ་ཞེས་བྱ་བ་དང་པོ་ཡིན་ཞེས་བྱ་བ་དང་པོའི་སྒྲ་ནི་དང་པོའི་སངས་རྒྱས་རྣམ་པར་སྣང་མཛད་ལྔ་འདོད་པ་ཡིན་ནོ།། སརྦ་ཏ་ཐཱ་ག་ཏ་ལ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཏྲེ། ན་མཁའི ་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། དེ་བཞིན་གཤེགས་པ་ནི་འདི་དཔག་མེད་ཡིན་ཏེ། དེ་བཞིན་ནི་ཡང་དག་པ་གསུངས་པ་ཡིན་པས་དེ་བཞིན་གཤེགས་པའོ།། ཡོན་ཏན་མིང་དུ་ཞེས་བྱ་བ་ནི་སེམས་ཅན་དང་། རྡུལ་དང་མུན་པའོ།། དེ་དང་འདྲ་བའི་མིང་ནི་རྣམ ་བར་སྣང་མཇེད་ལ་སོགས་པ་གསུམ་གྱི་དོན་ཏོ།། སེམས་ཀྱི་རྡོ་རྗེ་གཉིས་ལྡན་ཞེས་བྱ་བ་ནི་སེམས་ཀྱི་རྡོ་རྗེ་ནི་ཚིག་གཉིས་དང་ལྡན་པ་སྟེ་དེས་ན་མི་བསྐྱོད་པ་ཡིན་ཞེས་བྱའི་དོན་ཏོ།། སྭ་བྷཱ་བ་དང་ཨཱཏྨ་ཀོ་ཚིག་གཉིས་དང་ལྡན་པ་ནི་ལྔ་པོ་དོན ་པང་གྲུབ་པ་ཡིན་ཏེ། ཁམས་གསུམ་གྱི་རླུང་གི་བདག་ཉིད་ཡིན་པའི་ཕྱིརརོ།། གལ་ཏེ་ཡང་ཁམས་གྲསུམ་གྱི་འགྲོ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་ཡང་རླུང་ཉིད་ཀྱང་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། རླུང་ནི་གཟུགསུ་མེད་ཀྱང་བདེ་བ ་ཆེན་པོའི་དབང་གིས་གཟུགས་དང་ལྡན་པ་ཡིན་ནོ།། ཤིན་ཏུ་དྲང་བར་གྱུར་ན་ཆུ་བཞིན་དུ་སྲ་བ་ཡོད་པའི་ཕྱིར་རོ།། ཨ་ཧཾ་ཞེས་པ་དྲུག་པ་སྟེ་ཞེས་བྱ་བ་ནི་བདག་ཀྱང་དྲུག་པ་ཡིན་ཏེ། ཐམས་ཅད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། འདི་ཡན ་ཆུད་ནི་སེམས་བྱིན་གྱིས་བརླབ་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་བཅད་གཅིག་གིས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པ་གསུངས།། ཨོཾ་ཞེས་བྱ་བ་ཚངས་པར་བཤད་ཅེས་བྱ་བ་ལ་ཚངས་པ་གཉིས་མེད་ཅིང་གཅིག ་ཡིན་ནོ།། ཡང་ནི་ཚངས་པའི་དོན་ནི་དང་པོའི་དོན་ཏེ། དེ་ཡང་རྣམ་པར་སྣང་མཛད་ཡིན་ནོ།། སརྦ་ཏ་ཐཱ་ག་ཏཱ་ཞེས་བྱ་བ་ཚིག་གཅིག་ཡིན་ཏཽ། གཉིས་པ་ནི་རིན་ཆེན་འབྱུང་ལྡ་ནོ།། ཀྲཱྀ་ཡ་ཞེས་བྱ་བ་འདིས་ནི་འོད་དཔ་གུ་མེད་དོ།། ཚུགས་གཏོགས་དབང ་ཕྱུག་ཅེས་བྱ་བ་ནི། དེའི་ཁྱད་པར་རོ།། ཀེ་གེ་སྒྲའི་བཀོད་པས་ཀ་ཡི་དོན་ནི་ངག་གི་དོན་ཏོ།། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་འོད་དཔག་མེད་དོ།། རྡོ་རྗེ་ནི་བཞི་པ་མི་བསྐྱེད་པ་ཡིན་ཏེ་བསྟན་པའི་ཕྱིར་རོ།། རིག་བྱེད་ནི་ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད ་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུངས་ཀྱི་རིག་བྱེད་དོ།། སྭ་བྷཱ་བ་ཨཱཏྨ་ཀ་ནཱི་སྔ་མ་བཞིན་དུ་བཤད་པས་དོན་ཡོད་པར་གྲུབ་པའོ།། འདོད་པའི་ལྷ་ནི་ལྔ་སྟེ། གང་གི་ཕྱིར་མྱོས་པར་བྱེད་པ་དང་། དགའ་བར་བྱེད་པ་དང་། མོངས་པར ་བྱེད་པ་དང་། གདུང་བར་བྱེད་པ་དང་། སྐེམ་པོར་བྱེད་པ་སྟེ། འོད་པའི་ལྷའི་མདའ་ལྔ་ཡི་ནོ།། ལྔ་པོ་དེ་མཚོན་པར་བྱེད་པས་འདོད་པ་ལྔའོ།། ཡང་ན་གཟུགས་དང་། སྒྲ་དང་དྲི་དང་རི་དང་རེག་བྱོ་ནི་འདོད་པའི་ལྷོའོ།། ཨ་ཧ~ཾ་ཞེས་བྱ་བ་ནི་རྡོ་རྗེ་འཆུང་ཆེན་པོ་དྲུག ་འོ།། སྨིན་དྲག་བུ་ཞེས་བྱ་བ་ནི་གཞོན་ནུ་ལ་གདོང་དྲུག་ཡོད་པའི་ཕྱིར་རོ།། དེ་ནས་ཚེ་དཔག་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅང་གཅིག་གིས་ནི་འོད་དཔག་མེད་ཀྱི་གསུང་བྱིན་གྱིས་བརླབ་པའི་སྔགས་གསུང་བ་ཡིནོ།། ཨོཾ་ནི་སྔ་མ་བཞིན ་དུ་དང་པོའི་རྣམ་པར་སྣང་མཛད་རྟག་པ་ཡིན་ནོ།། སརྦ་ཏ་ཐཱ་ག་ཏ་ནི་རིན་ཆེན་མགོན་པོ་གཉིས་པ་ཡིན་ནོ།། བཱཀྲ་ནི་ངའི་རང་བཞིན་ཡིན་པའི་ཕྱིར། ཡོན་ཏན་གསུམ་ནི་རྡུལ་དང་། མུན་པ་དང་སྙིང་སྟོབས་གསུམ་ཉིད་པས ་གསུམ་པོ་འོད་དཔག་མེདོ།། རྡོ་རྗེ་ནི་མི་བསྐྱོད་པ་བཞི་པ་སྟེ། དུས་ནི་རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོང་པའི་དུས་སོ།། སྭ་བྷཱ་བ་ཨཱཏྨ་ཀ་ནི་ལྔ་པ་སྟེ། དོན་ཡོད་པར་གྲུབ་པའོ།། ཨ་ཧཾ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ ་སྟེ། དྲུག་པ་ཡི་ནོ།། དུས་ནི་དྲུག་སྟེ། དགུ་ནི་སྟོད་དང་། དགུན་སྨང་དང་། དཔྱིད་དང་། སོ་ཀ་དང་། དབྱར་དང་། སྟོན་གྱི་དུས་སུའོ།། གསུམ་འཆར་ཞེས་བྱ་ནཱི་སྐུ་རྡོ་རྗེ་ལྕེ་སོགས་པའོ།། རེ་རེ་ཞེས་བྱ་བ་ནི་དྲུག་གིས་ངོ་བོར་ཤེས་པར་བྱའོ།། རིམ ་པི་མིན་པ་ནི་རིམ་པ་མ་ཡིན་པ་སྟེ། སྐུ་དང་གསུང་དང་ཐུགས་ཞེས་བྱ་བར་བརྗོད་པ་ཡིན་ན། ཐུགས་སྐུ་དང་དེ་བཞིན་གསུང་ཞེས་གསུངས་བསོ།། རྒྱུ་ནི་རང་འདོད་དཔར་གླེགས་བུམ་ལ་བལྟ་བ་མོངས་པར་བྱ་བའི་དོན་ཏོ།། རྡོ་རྗེ་གསུམ ་ཞེས་བྱ་བ་ལས་ཞེས་པ་ནས། ངེས་པོའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གགྲོགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་བཞུགས་པ་བསྡུ་བ་སྟོན་ཏོ།། དེ་ལྟར་བདག་ལ་སྐུ་བྱིན་གྱིས་བརླབ་པ་ལ ་སོགས་པ་བྱས་ནས་ཞེས་བྱ་བ་ནས་དགོངས་པས་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི། ལྷ་མོའི་ལུས་ལ་དགོད་པ་དང་། དེ་ངོང་སྙོམས་པར་ཞུགས་པ་དང་རྗེ་སུ་ཆགས་པའི་སྔགས་རྣམས་དང་། མཆོད་པ་རྣམ་པོ་གཉིས་བསྟན་ཏོ།། རིམ ་ལྔའི་ཆ་ནི་དགོད་བྱས་ལ་ཞེས་བྱ་བཱ་ལ་རིགས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། དེའི་ཆ་ནི་ས་བོན་ཏེ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་དེ་དག་དགོད་པར་བྱ་བ་ཡིན་ནོ།། ཡང་ན་རིགས་ལྔའི་སྔ་བོན་གྱི་ཚོགས་ཀྱི་གོ་ཆར་བྱས་པ་གང་ལ་ཡོད་པ ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ཕྱི་དང་ནང་གི་མཆོད་པ་བསྟན་ནས། ཞེས་བྱ་བ་ནས་དགོངས་པས་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི་བསྟན་པ་དང་བཤད་པའི་རིམ་པས་རྫོགས་པའི་རིམ་པ་བསྟན་ཏོ།། དེ་ཡང་རྡོ་རྗེ་བཟླས་པ་དང་། སེམས ་རྣམ་པར་དག་པ་དང་། རང་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་དུ་སྦྱོར་བའི་ངོ་བོ་ཡིན་ནོ།། བརྟགས་པའི་རིམ་པས་ནི་བྱང་ཆུབ་རྙེད་པར་དཀའ་བར་བསྟན་ཏོ།། ད་ནི་ལེའུ་གསུམ་པ་ལས་གསུངས་པ་ཞེས་པ་ནས། ངེས་པའི ་དོན་ཏོ།། ཞེས་བྱ་བའི་བར་གྱིས་ནི་ཕྲ་མོའི་རྣལ་འབྱོར་གྱི་བསྒོམ་པ་གསུམ་ཡིན་ཏེ། དེ་ཡང་སྣའི་རྩེ་མོ་དང་། སྙིང་གི་སྙིང་པོ་དང་། གསང་བའི་སྙིང་པོ་རྣམས་ལ་རིམ་བཞིན་དུ་ཤེས་པར་བྱའོ།། ད་ནི་སྔགས་དང་རླུང ་མཉམ་པར་སྦྱོར་བ་ནི་ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ནང་གི་དཀྱིལ་འཁོར་གྱི་རིམ་པ་བཞི་བསྒོམ་པས་སྤྲོས་པའི་རིམ་པས་སེམས་ཅན་གྱི་དོན་དུ་ཞི་བ་ལྔ་སོགས་པའི་ལས་རྣམས་བསྟན་ཏོ།། ང་ནི་འདོད ་བའི་ཡོན་ཏན་ལྔའི་སྒོ་ནས་ཞེས་པ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་ཉེ་བར་སྤྱོད་པའོ།། ཉེ་བར་སྤྱད་ན་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་བསྟན་ཏོ།། རྡོ་རྗེ་ཚིག་འདི་དག་བཤད ་པའི་ཞེས་པ་ནས་ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་བདུད་རྩི་ལྔ་ལ་སོགས་རྟོགས་ན།། སངས་རྒྱས་ཀྱི་ཆོས་རྟོགས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པར་བསྟན་པ་ཡིན།། འདིར་སྐད་ཅིག་ནི་ས་གོལ་ལོ།། ་ཐང་ཅིག་ནི་ཡུངས་ཀར་ལན་ཅིག་འཁོར་བའོ།། ཡུད་ཙམ་ནི་དབུགས་འབྱུང་རྔུབ་གཅིག་གོ།། ཞག་བཅོ་ལྔ་ལ་ནི་ཟླ་བ་ཕྱེད་དོ།། དེ་གཉིས་ནི་ཟླ་བའོ།། ཟླ་བ་བཅུ་གཉིས་ནི་ལོ་གཙོག། གཟུགས་ལྷ་སོགས་པ་ནི་ཕྱག་རྒྱའི་ཡུལ་ལ་རྣམ་པར ་ཤེས་པར་བྱའོ།། འདི་སྐད་དུ་བསྟན་པར་འགྱུར་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཐོབ་པ་ནི། སྐད་ཅིག་གི་ཕྱག་རྒྱ་ཆེན་པོ་ཐོབ་པའོ་ཞེས་པའི་དོན་ཏོ།། ཤ་ཆེན་པོ་ལ་སོགས་པ ་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་ཕན་ཡོན་དང་བཅས་པ་བསྟན་ཏོ།། མཐའ་དྲུག་གིས་བཤད་པ་ལེའུ་དྲུག་པའོ།། །། དེ་ལྟར་རྣལ་འབྱོར་པ་ཐ་མལ་པ་དང་ཞེས་པས་ནི་ལེའུའི་སྐབས་སྟོན་པར་བྱེད་དོ།། དེ་ནས་ཞེས་བྱ་བ ་ནས། འདི་ཉིད་ལས་ངེས་པར་ཐོབ་པར་འགྱུར་པའོ།། ཞེས་བྱ་བའི་བར་གྱིས་ནི་སྤྲོས་པའི་སྤྱོད་པ་བསྟན་ཏོ།། ཡན་ལག་དྲུག་ཅེས་བྱ་བ་ནི། སོ་སོར་རྗེ་སུ་སྤྱོད་པ་དང་། བསམ་གཏན་དང་། དབུགས་རིང་དུ་རྔུབ་པ་དང་། འཛིན་པ་དང་། རྞོ་སུ ་དྲན་པ་དང་། ཏིང་འཛིན་ཏོ།། སྔགས་ཀྱི་སྤྱོད་པ་ནི་ཐུན་མོང་གཽ་སྒྲུབ་པ་སྟེ། བསྙེན་པ་ལ་སོགས་པའོ།། དེ་ལྟར་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ནས། ཞེས་པ་ནས། སྒྲ་ཇི་བཞིན་པའོ།། ཞེས་པའི་བར་གྱིས་ནི་སྤྲོས་པ་མེད་པའི་སྤྱོད་པ ་བསྟན་ཏོ།། དེ་ལ་རི་ལས་མཆོད་ཞིང་ཞེས་པ་ནི་སའི་རྣམ་པརརཱ་དག་པའོ།། མེར་འཇུག་པ་ནི་མེའི་ཁམས་རྣམ་པར་དག་པའོ།། སོགས་པའི་སྒྲས་ནི་ཆུར་འཇུག་པ་སྟེ། ཆུའི་ཁམས་རྣམ་པར་དག་པའོ།། ཟས་བཅད་པས་ནི་རླུང ་འཁྲུགས་པར་འགྱུར་ཏེ། རླུང་གི་ཁམས་རྣམ་པར་དག་པའི་ཕྱིར་རོ།། གཞན་ཡང་རྒས་པ་དང་། ནུ་པ་བསད་པ་ནི་ཉོན་མོངས་པ་ལས་ཐར་པར་བྱ་བའི་ཕྱིརརོ།། དེ་དག་ནི་མུ་སྟེགས་ལྟ་བ་ངན་པ་རྣམས་ཀྱི་ཡིན་ནོ།། དེ་ལྟར་ལུས་གདུང ་བའི་སྒོ་ནས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་པའི་བར་གྱིས་ནི། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏེ། དེར་ཡང་དྲང་བ་དང་ངེས་པའི་དོན་གྱི་རྒྱན་ཡིན་ནོ།། ལྷའི་རྣལ་འབྱོར་དང་མི་ཕྱེད་པའི་འདོད་པ་ཞེས་པས་ནི་ལྷ་དང ་སྔགས་གཉིས་ཐ་མི་དད་པའོ།། འདས་པའི་ཡེ་ཤེས་ཅན་ཡང་ཞེས་པ་ནས། དགྲོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྤྲོས་པ་མེད་པའི་སྤྱོད་པས་སྔོན་གྱི་སངས་རྒྱས་ཀྱང་གྲུབ་པར་བསྟན་ཏོ།། དེ་རྣམས་ཀྱིས ་རྟེན་པར་གྱུར་པ་ཞེས་བྱ་བ་ནས། སྤྲོས་པ་དང་བཅས་པའི་སྤྱོད་པའོ།། ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པས་དེ་བཞིན་གཤེགས་པ་དང་། ལྷ་མོའི་ངོ་བོར་ཤེས་ནས་རྣལ་འབྱོར་པས་ཉེ་བར་སྤྱད་པར་བྱ་བའི་ཕྱིར། སྤྲོས ་པ་བསྟན་པ་ཡིན།། གཟུགས་ལ་ཞེས་པ་ནས་འདི་ནི་སྤྲོས་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་ཡེ་ཤེས་གསུམ་རྣམ་པར་འབྱེད་པའི་ངོ་བོ་ལ་བརྟེན་ནས། རྣལ་འབྱོར་པ་གཟུགས་ལ་སོགས་པ་ཉེ་བར་སྤྱོད་པ་རྡོ་རྗེ་འཆང་ཆེན་པོའི ་གོ་འཕང་ཐོབ་པའོ།། དེ་ཉིད་སྤྲོས་པ་མེད་པའི་སྤྱོད་པར་བསྟན་ཏོ།། བརྒྱ་དྲུག་ཅུའི་ངོ་བོ་ཉིད་ཅེས་བྱ་བ་ནི་དེ་ལས་ཤེས་རབ་ཀྱི་ངོ་བོ་སུམ་ཅུ་རྩ་གསུམ་ཐབས་ཀྱི་ངོ ་བོ་བཞི་བཅུ་མ་རིག་པའི་ངོ་བོ་བདུན། དེ་དག་བསྡོམས་ན་བརྒྱ་དེ་ཅུ་སྟེ། ཉིན་ཞག་ཅིག་ལ་བརྒྱ་དྲུག་ཅུར་འགྱུརརོ།། དེ་ངག་གི་ངོ་བོ་ཉིད་ནི་འོད་གསལ་བའོ།། གཟུགས་ལ་ཞེས་བྱ་བ་ནས་མཐར་ཐུག་པའོ།། ཞེས་བྱ་བའི་བར་གྱིས་ནི་རང ་བཞིན་གྱི་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ།། ང་ནི་རྗེསུ་དྲན་པ་དྲུག་ཅེས་བྱ་བ་ནས། དགོངས་པས་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ ་པ་ལྔ་བསྟན་ཏོ།། དེ་ལྟར་རྗེ་སུ་དྲན་བླ་དྲུག་གི་སྒོ་ནས་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི་རིགས་ལྔ་གཙོ་བོར་བྱས་པའི་སྒོ་ནས་དམ་ཚིག་གི་ཕྱག་རྒྱུ་དང་སྙོམས་པར་ཞུགས་པ ་བསྟན་ཏོ།། སྤྱོད་པ་རྣམ་པ་གསུམ་ནི་འཇོ་ཉིད་ཡུན་ལག་ཏུ་གྱུར་པ་བསྟན་པའོ།། སྔར་གསུངས་པའི་རྗེསུ་དྲན་པ་དྲུག་ཅེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ལསྟེ། དེ་བཞིན་གཤེགས་པ ་ལྔའི་སྤྲོ་བ་བསྟོན་ཏོ།། དྲུག་པའི་རྗེསུ་དྲན་པ་ནི་ཏིང་ངེ་འཛིན་གྱིས་སྐྱོན་བདུད་རྩིས་ཚིམ་པར་བྱ་བར་བསྟེན་ཏོ།། སྦྱོར་བ་དང་རྗེསུ་སྦྱོར་བ་དང་ཞེས་པ་ནས། འདོད་པའི་དབང་ཕྱུག་གསལ་བར་སྟོན་པ་ཡིན་ཞེས་བྱ་བའི་བར་གྱིས་ནི ་སྐུ་ལ་སོགས་པ་རྗེསུ་དྲན་པའི་སྒོ་ནས། དོན་དམ་པའི་བདེན་པ་ལ་འཇུག་པ་བསྟན་ཏོ།། ལྔ་བཅུའི་ཕུང་པོ་ལ་སོགས་པ་བཏུང་བས་ཞེས་བྱ་བ་ལ་དོན་ནི་འདི་ཡིན་ཏེ། དེ་ལ་གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གི་རྣམ་པ་ཉི་ཤུའོ།། ཚོར་བ ་ནི་བདེ་བ་ལ་སོགས་པའི་དབྱེ་བ་དང་། གཟུགས་ལ་སོགས་པར་ཡང་དག་པར་རིག་པའི་དབྱེ་བ་བཅོ་བརྒྱད་དོ།། འདུ་ཤེས་ནི་གཅིག་འབའ་ཞིག། འདུ་བྱེད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པའི་དབྱེ་བས་གསུམ་མོ།། ཀུན་གཞི་རྣམ་པར ་ཤེས་པ་ལ་སོགས་པའི་དབྱེ་བས་ན་བརྒྱད་དོ།། དེ་རྣམས་བསྡུས་པ་ནི་ལྔ་བཅུའོ།། པདྨ་ནྡན་མ་ལ་སོགས་པ་རིགས་བཞིའོ་ཞེས་བྱ་བ་ནི་པདྨ་ཅན་ནི། པདྨ་རབ་ཏུ་ཡངས་པ་ཅན་མའོ།། སོགས་པའི་སྒྲ་ནི་དུང་ཅན་མ་ནི་པདྨ་ཡོན་པོ་ཅན་ནོ།། ་ཨུཏྤ་ལ་ཅན་མ་ནི་པདྨ་ཅུང་ཟད་མའོ།། རི་དྭགས་ཅན་མ་ནཱི་པདྨེ་ཐ་མལ་པཱ་ཅན་མའོ།། རི་དགས་མ་དང་། རྒོད་མ་མཱ་དང་། གླུང་མཱ་སྟི། བུད་མེད་ཀྱི་རིགས་རྣམ་པ་གསུམ་མོ།། སྐྱེས་པ་ཡང་རྣམ་པ་གསུམ་སྟེ། རི་བོང་དང་། ཁྱུ་མཆོག ་དང་། རྟའི་རིགས་ཏེ་རྣམ་པ་གསུམ་མོ།། འདི་ནི་འདོད་པའི་བསྙེན་བཅོས་ཀྱི་ལུགསོ།། དེར་བྱས་པའི་རབ་ཏུ་དབྱེ་བའི་ལས་ཀྱིསོ་ཞེས་བྱ་བ་ནི་དཔེཪྻ་ན་པདྨ་ཅན་མའི་པདྨ་ཡངས་པ་བཟློག་ནས། རྣལ་འབྱོར་པའི་རྟགས་ཕྲ་བ་ཡོད་ན་དོག ་པར་བྱས་ཏེ། དེ་ལྟར་ལས་བྱའོ་དེ་བཞིན་དུ་ཤེས་རབ་ཀྱི་པདྨ་ཅན་དོག་པར་ཡོད་ན་ཡངས་པར་བྱའོ་ཞེས་བརྟོགས་པར་བྱའོ།། རྗེསོ་སུ་དྲན་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཕྱིར་ཞེས་བྱ་བ་ནས། ཤཱ་བཞིན་པར་ཞེས་བྱ་། ་གྱིས་ནི་རྣལ་འབྱོར་པ་ཏིང་འཛིན་ཐོབ་པའི་བདག་ཉིད་ཆེན་པོའི་སྔགས་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་བསྟུན་པ་ཡིན་ནོ།། མཐའ་དྲུག་གིས་བཤད་པའི་ལེའུ་བདུན་པའོ།། །། དེ་ལྟར་སྤྱོད་པ་ལ ་གནས་པའི་རྣལ་འབྱོར་པས་ཞེས་བྱ་བ་ལ་སོགས་ནི་ལེའུའི་སྐབས་སྟོན་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་ལ་རིན་ཆེན་འབྱུང་ལྡན་གྱི་སྨོན ་ཏན་ཡང་དག་པའི་ཚོགས་ཡོངསུ་བརྗོད་པའི་སྒོ་ནས་བསྟོད་པ་བྱེད་པར་སྟོན་པ་ཡིནོ།། འདིར་ནི་དྲང་བ་དང་ངེས་པའི་དོན་གྱི་རྒྱན་གྱི་དོན་ཡོད་པ་ཡིན་ནོ།། དེ་བཞིན་གཤེགས་པའི་མཆོག་ཅེས་བྱ་བ་ནུས་དགོངས་པ་བཤད་པའོ་ཞེས་བྱ་བའི ་གྱིས་ནི། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཆོད་པ་གསུངས་པ་ཡིན།། དེ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས།། ཡང་དགོངས་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ཕྱག་རྒྱ་ཆེན་པོའི་བྱིན་གྱིས་བརླབ་པ་བསྟན་ཏོ།། ཤིན་ཏུ་ཡང ་འཇིག་རྟེན་ལས་འདས་པའི་ཡང་ཞེས་བྱ་བ་ལས། ཇི་ལྟ་བོར་བྱའོ་ཞེས་བྱ་བའི་བར་གྱིས་ནོ།། བསྐྱོད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་གནས་དང་ཕྱག་རྒྱའི་རྣམ་པར་དོག་པ་བསྟན་ཏོ།། ཇི་སྲིད་དེ་ལྟར་བྱས་པའི་ཞེས་པ་ནུས། སྒྲ ་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་ལྷ་མཽ་བཞིས་བསྐོར་བ་སློབ་མ་དབང་བསྐུར་བའི་དོན་དུ་གསུངས་པ་ཡིན་ནོ།། ད་ནི་རྣལ་འབྱོར་པོ་གཉི་གའི་ཞེས་པ་ནས། ངེས་པའི་དོན་ཏེ་ཞེས་བྱ་བའི་བར་གྱིས་ནི་རིམ་པ་གཉིས ་ཀྱིས་རྣལ་འབྱོར་པའི་མཆོད་པ་འདྲ་བའི་རིམ་པ་བསྟན་ཏོ།། གང་ཞིག་རླུང་ནི་བཅུར་གྲགས་པ།། དེ་ནི་པདྨ་ཨུཏྤལ་མིང་།། ཞེས་བྱ་བའི་གྲང་བའི་རེག་པ་དང་ལྡན་པའི་ཕྱིར་རོ།། དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ།། ཛཱ་ཏི་གཅིག་པོ་གསུམ་དུ་འདོད། ་ཅེས་བྱ་བ་ལྀ་ཛཱི་ཏི་ནི་སྣ་མའི་མེ་ཏོག་ཏེ། དེ་གཅིག་པོ་དྲི་ཞིམ་པས་ཡིད་འཕྲོག་པར་བྱེད་པ་དེ་བཞིན་དུ། སྐུ་ལ་སོགས་པའི་དེ་བཞིན་ཉིད་ཤེས་པ་ནི་རྡོ་རྗེ་གསུམ་ཡིན་ནོ།། དེ་བཞིན་དུ་ཀཪྵི་ཀེ་ལ་སོགས་པཱ་ནི་ལྕུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར། ་སྒེག་པ་དང་ལྡན་པའི་ཕྱིར་དང་། སྐྱེས་བུ་སྒེག་པ་རྣམས་དགའ་བར་བྱེད་པའི་ཕྱིར། སངས་རྒྱས་སྤྱན་ལ་སོགས་པའི་རྣམ་གྲངས་ཡིན་ནོ།། ད་ནི་རྣལ་འབྱོར་པ་གཉི་གའི་ཐུན་མོང་གི་ཞེས་པ་ནས་ཞེས་བྱ་བའི་བར་དུ་ཞེས་པའི་བར་གྱིས་ནི་མོས ་པའི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་བསྒོམ་པ་བསྟོན་ཏོ།། དེ་ལྟར་བླ་མའི་བྱ་བ་བསྟན་པའི་འོག་ཏུ་ཞེས་བྱ་བ་ནས། བསམ་གཏན་གྱིས་ཀྱང་ཐམས་ཅད་བསྐྱེད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཕྱི་རོལ་དང་། གསུང ་བའི་མཆོད་པ་དང་། དཀྱིལ་འཁོར་དང་སློབ་དཔོན་ལ་སློབ་ལས་བྱ་བ་གལ་ཏེ་མིང་ན་བསྒོམ་པར་བྱ་བ་བསྟན་ཏོ།། དེ་ལྟར་སློབ་མོས་མཆོད་པའི་ཡོ་བྱད་ཐམས་ཅད་བསགས་ཞེས་པ་ནས།། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་ཏེ། ཞེས་བྱ་བའི་བར་གྱིས ་ནི་དེ་ལྟར་བསྒོམ་པའི་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་རྣམས་བསྡུ་བར་བྱས་ནས་རྡོ་རྗེ་སློབ་མ་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པར་བསྟན་ནོ།། ཆགས་པ་དང་། ཆགས་པ་དང་བྲལ་བ་ཞེས་པ་ནས། སློབ་མ ་དབང་བསྒྱུར་བ་བྷྱན་ཞེས་བྱ་བའི་བར་གྱིས་ནི་སློབ་མ་ལ་གསང་བའི་དབྱུང་བསྐྱུད་བ་སྦྱིན་པར་བསྟན་པར།། དེ་བཞིན་གཤེགས་པ་ཐམས་ཅང་ཚིམ་པར་བྱའོ།། ཞེས་བྱ་བ་ནི་མཚོན་བཙམ་ཏེ། རྒྱུ་མ་བང་བརྒན། ་ཀྱང་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱི་མོ་རིས་དུ་ཞེས་བྱཱ་བ་ནི་ལུང་རྙེད་མར་བྱས་བྱ་ཡིན་ནོ།། འདོཛིན་དུ་ཞེས་བྱ་བ་ནིསྟེ། སྒང་བཛིན་པའི་ཞེས་བྱ་བའི་བུ་གྱིས་ནི་གསང་པོའི་དབང་བ་སྒྱུ་བའི་འབྲས་བུ་བསྟན་ནོ།། མཐའ་དྲུག ་བཤད་པའི་ལོའུ་བརྒྱུད་པའོ།། ། དབང་བསྐུར་བྷྲཱུཾ་རྫོགས་པའི་ཞེས་པོ་ལ་སོགས་པ་ནི་ལྕེནའི་སྐབས་སྟོན་པ་ཡིན།། དེ་ནས་ནས་བྱུ་ནས། སྐུ་དེ་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནྀ་བཅོམ་ལྡན་འངས་རྡོ་རྗེ་འཆང་ཅན་པོ ་སྟོན་པ་བརྩོན་པ་ཡིན་ནོ།། ནཱམ་བྷའི་བཞིའི་བདག་ཉིད་ཅན་གྱི་བྱིས་པ་ནི། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པའོ།། ཡང་ན་སྒྲོག་མ་ལ་སོགས་པའི་དཀྱིལ་འཁོར་བཞིརྣམས།། ཡང་ན་པདྨ ་ནི་གླནུས་པའི་རྩ་རྒྱུན་ཐེ་མོའི་རྩེ་མོའི་རྩེ་མོ་ཤར་ལ་སོགས་པའི་ཕྱོགས་ལ་རིམ་བཞིན་གནས་པའོ།། ལྷ་ཇི་ལྟར་དེར་ཡོད་པ་ཡིན་ཡང་གཅིག་ནི་ཐམས་ཅད་དུ་ཁྱབ་པའི་ཕྱིར་མཱ་རྗོད་དོ།། དེ་ཡང་ཇི་སྐད་རྡོ་རྗེ་བདུད་རྩིའི་རྒྱུད་ལས། བྷཾགྷྲ ་ཡིནི་སྟོང་པ་གང་།། ན་མཁའ་ལྔ་ཡིས་བརྒྱན་པ་ཡིན།། སྙིང་པོ་ཟེ་བ་དག་ལྡན་ཞིང་།། འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན།། ཞེས་གསུངས་པ་ལྟ་བུའོ།། ནམཁོའི་དབྱིངས་ཀྱི་དབུས་གནས་པ་ཞེས་བྱ་བན་སཾ། གནན་དུ་སྡིག ་སྡིག་པའི་ཕུལ་ཡིནོ།། ཞེས་གསུངས་པའི་གྲཝར་གྱིས་ནི་མི་བསྐྱོད་པའི་ཏིང་འཛིན་གྱི་མངོན་སྤྱོད་བསྟན་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཞེས་པ་ནས། སེར་སྣ་ཅན་འཇུངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ ་བའི་བར་གྱིས་ནི་རྣམ་པར་སྣང་མཇེད་ཀྱི་ཏིང་འཛིན་གྱིས་སྔགས་དང་། ཕྱག་རྒྱའི་རིམ་པས་གཞན་གྱི་རྫས་འགུགས་པ་བསྟན་ཏོ།། དེ་ནས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས་སྒྲུབ་པ་ཉམ་སུ་བླང་བར་བྱའོ།། ཞེས་བྱ་བའི་བར་གྱིས ་ནི་སྣང་བ་མཐའ་ཡས་ཀྱི་ཏིང་འཛིན་གྱིས། བུད་མེད་ཐམས་ཅད་ལ་འདོད་པའི་སྒོ་ནས། ཐམས་ཅད་དུ་འདོད་པའི་དབང་ཕྱུག་ཏུ་སྟོན་པ་ཡིནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས། རྟག་པར་བརྫུན་དུ་སྤྲོ་བར་བྱ་ཞེས་གསུང་། ་སོ།། ཞེས་བྱ་བའི་བར་གྱིས་ནི་དོན་ཡོད་གྲུབ་པའི་ཏིང་འཛིན་གྱིས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དྲང་བའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང་ལྡན་གྱི ་ཏིང་འཛིན་གྱིས། ངག་རྩུབ་པའི་ཐབས་ཀྱི་བདག་དང་གཞན་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒྲུབ་པ་བསྟན་པ་ཡིན།། ནུ་བི་པའི་ངག་ནི། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྙེག་པར་འགྱུར་ཞེས་པ་ཡིན་ནོ།། ཡང་བ་མ་སྤངས ་པས་འཆི་བར་མི་འགྱུར་བའི་ཕྱིར་རོ།། ངག་རྩུབ་པ་ཡིན་ན་ཡང་རྩུབ་པ་མ་ཡིན་ཏེ། ནང་ན་ཕན་འདོགས་པའི་བསམ་པ་དང་ལྡན་པ་བྱང་ཆུབ་སེམས་དཔའི་ཡོད་པས་སོ།། ལུང་གིས་བཤད་པ་བརྗོད་པར་བྱ་སྟེ་ཞེས་པ་ནས། ངེས་པའི ་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་དམ་ཚིག་བཅད་པས་བསྟན་ཏོ།། རྡོ་རྗེ་འཆང་ཆེན་པོའི་འཁོར་གྱི་ནང་དུ་ཞེས་པ་ནས་མ་གསུང་ཞིག་ཅེས་བྱ་བའི་བར་གྱི་ནི་མ་འོངས་པའི་སེམས ་ཅན་གྱི་ཁམས་རྗེསུ་བཟུང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་མ་རྟོགས་པ་ལྟ་བུའི་ཚུལ་གྱིསྐུ་རྡོ་རྗེ་འཆང་ཆེན་པོའི་བཀའ་ལ་མ་གུས་པ་སྟོན་པ་ཡིན་ནོ།། བཤད་མ་ཐག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨྲས་པ་གསན ་ནས་ཞེས་བྱ་བ་ནས། ཚེ་འདི་ཉིད་ལྔ་རང་གི་ངོ་བོ་ཉིད་རྗེ་བ་ཡིན་པས་སོ།། ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལྔ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྤྱོད་པ་བསྟན ་པ་ཡིན།། དེ་ལྟར་སྤྱོད་པ་གཉིས་ཀྱིས་བསྟན་པ་བཤད་པ་ནས་ཞེས་བྱ་བ་ནས། དེ་དག་རྗེ་སུ་རིག་པར་བྱའོ།། ཞེས་བྱ་བའི་བར་གྱིས་ནི་བདེན་པ་གཉིས་གཉིསུ་མེད་པའི་དཔེས། དམ་ཚིག་གི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པས ་བསྟན་ཏོ།། དེ་ལྟར་ཆོས་ཐམས་ཅད་ཀྱི་བདེན་པ་ཞེས་པ་ནས། རྫོགས་པ་ལ་ནི་འཇུག་པ་དང་ལྡང་བ་མེད་པའོ་ཞེས་བྱ་བའི་བར་གྱིས་ནི། གཙུག་ཤིང་དང་གཙུབ་སྟན་གྱི་དཔེས་དངོས་པོ་མེད་པར་བསྟན་ཏོ།། དེ་ལྟར་མཆོག་ཏུ་ཟབ་པའི ་ཆོས་ཉིད་ཐོས་ཤིང་ཞེས་པ་ནས་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པ་སྐྱེ་བས་དེ་ལ་ངད་པ་སྐྱེས་པའི་ཚིག་དུ་རྗོད་པ་བསྟན་ཏོ།། དོན་དམ་པ་ནི་འོད་གསལ་བའོ།། ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། ལེའུ་དོན་དང་ལྡན་པའི་མིང་བསྟན་ཏོ།། མཐའ་དྲུག་གིས་བཤད་པའི་ལེའུ་དགུ་པའོ།། །། སྒྲུབ་པ་མཆོག་དང་མཐའ་མལ་ལ་གནས་ཤིང་ཞེས་པ་ལ ་སོགས་པས་ནི་ལེའུའི་སྐབས་སྟོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཅུ་པ་ཞེས་བྱ་བ་ནས། རབ་ཏུ་བསྟན་དུ་གསོལ་བ་བཏབ་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞི་ན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་བཤ ་པར་གསོལ་བ་བཏབ་པར་བསྟན་ཏོ།། དེ་ནས་ཞེས་བྱ་བ་ནས་ཞུས་པའི་འོག་ཏུའོ་ཞེས་པ་ནས། དེ་ལ་གཞོལ་བར་མཛད་པའི་ཕྱིར་རོ།། ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བར་སྟོན་པ་ཡིན་ནོ།། ལུས་དང ་སེམས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཞེས་བྱ་བའི་བོར་གྱིས་ནི། ཏིང་འཛིན་ལ་སྙོམས་པར་ཞུགས་པའི་སྒོ་ནས་ལན་བཀའ་སྩལ་པ་བསྟན་ཏོ།། བཅོམ་ལྡན ་འདས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། འོག་ནས་བཤད་པ་འདི་གསུངས་པའོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་སྔགས་ལ་གཞོལ་བ་རྣམས་ལ། དེ་བཞིན་གཤེགས་པས་རྗེསུ་བཟུང་བའི་ཕྱིར། བཅོམ་ལྡན་འདས ་ཀྱི་སྔགས་གསུང་བར་བརྩོན་པ་བསྟན་པ་ཡིན་ནོ།། དེ་གང་ཞེ་ན་ཞེས་པ་ནས་གྱུར་པ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཀྱི་ཡི་གེ་གསུམ་གྱི་བདག་ཉིད་ཆེན་པོ་བཤད་པས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ ་རྣམས་སེམས་ཅན་རྗེ་སུ་བཟུང་བའི་དོན་དུ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དྲན་པས་བརྒྱལ་བར་གྱུར་པ་བསྟན་ཏོ།། བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་ངོ་བོ་ཉིད ་ཀྱིས་ཡི་གེ་རྣམས་ཞེས་བྱ་བ་ནི། ཨའི་ཚར་དང་། ཀྭའི་ཆེར་གྷི་ཡི་གེ་བཞི་བཅུ་རྩ་དགུ་པོའི་མཱ་མོ་དེ་ལ། སྡེ་ཚན་བརྒྱད་ལ་དབྱངས་ཀྱི་ཡི་གེ་སྡེ་ཆེན་གཅིག། ཀ་ནས་མའི་བར་ལ་ནི་སྡེ་ལྔའོ།། མཐར་གནས་དང ་ཨུ་མན་དའི་སྡེ་ཚན་ནི་གཉིས་ཏེ་བརྒྱད་དོ།། ཁ་ཅིག་ནི་དབྱངས་ཀྱི་ཡི་གེ་ལ་ཐུང་བ་དང་རིང་བའི་སྡེ་ཚན་གཉིས་ཡོད་དེ། སྡེ་ཚན་བརྒྱད་དོ་ཞེས་ཟེར་རོ།། དེ་ལ་ཆ་རྣམ་པ་བཅུ་དྲུག་ནི་ཡི་གེ་དང་པོ་ལ་བསྡུས་པ་ཡིན ་ཏེ་ཨའོ།། སྡེ་ཚན་ལྔ་ནི་དང་པོའི་ཡི་གེ་ལ་བསྡུས་ཏྲ་ཀའོ།། མཐའ་གནས་དྲང་པོ་དྲོ་བ་ནཱི་དང་པོའི་ཡི་གེ་ལ་བསྡུས་ཏེ་ཡེ་དང་ཤའོ།། ཡི་གེ་བཞི་པོ་འདི་དག་ནི། ཡི་གེ་གསུམ་གྱི་ནང་དུ་འདུས་ཏེ། ཡི་གེ་ཨ་དང ་ཀ་དང་ཡའི་ནང་དུའོ།། དེ་ལ་ཨའི་སྡེ་ཚན་གྱི་ཡི་གེ་ནི་བུད་མེད་ཀྱི་ངོ་བོའོ།། ཀའི་སྡེ་ཆེན་གྱི་ཡི་གེ་ནི་སྐྱེས་པའི་ངོ་བོའོ།། ཡ་ལ་སོགས་པ་ནི་མ་ནིང་གི་ཡི་གེའོ།། དབྱངས་ཀྱི་ཡི་གེའི་སྡེ་ཚན་ནི་ཡི་གེ་ཨ་ཡིས ་བསྡུས་སོ།། གསལ་བྱའི་ཡི་གེའི་སྡེ་ཚན་ནི་ཡི་གེ་ཧཱུཾ་གིས་བསྡུས་སོ།། ཡ་ལ་སོགས་པ་ནི་ཡི་གེ་ཨོཾ་གྱིས་བསྡུས་སོ།། འདི་ཉིད་ཀྱི་ཕྱིར་ཤེས་རབ་དང་། ཐབས་དང་གཉི་གའི་ངོ་བོ་ནི་ཡི་གེ་གསུམ་ཡིན་ནོ།། ་དེ་ནས་དྲན་པའི་འོག་ཏུ་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོས་སེམས་དཔའ་གསུམ་གྱི་བདག་ཉིད་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་སོགས་པའི་མཐུས ་བླངས་ནས། བདག་ཉིད་མཐུ་ཐམས་ཅད་དང་ལྡན་པར་བསྟན་ཏོ།། སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་ས་བོན་རང་གི་འོད་ཟེར་གྱིས་ཕོག་པ་ལྔས། དེ་ལསྔ ་བྱུང་བའི་འོད་ཟེར་གྱིས་འོད་ཟེར་ཐམས་ཅད་དྲངས་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བསྡུས་པའི་དཀྱིལ་འཁོར་མངོན་པར་བསྡུས་པ་ཞེས་པ་ནས། སྒྲུབ་པའི་ཚུལ་གྱི་ཡོངསུ་རྟོག་གོ།། ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི ་དཀྱིལ་འཁོར་ཐམས་ཅད་ཀྱི་སེམས་དཔའི་གསུམ་གྱི་བདག་ཉིད་ཐུགས་ལ་བསྐུལྔ་པའི་སྒོ་ནས། བདག་ཉིད་ཐམས་ཅད་ཀྱི་དབང་ཕྱུག་ཏུ་བསྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱེ་བས་བསྐྱེད་པའི་རིམ་པ ་དང་། བཀའ་སྩལ་པའི་འཁོར་ལོ་བསྐོར་བ་ཡང་བསྟན་པ་ཡིན་ནོ།། བསྒྱུར་བ་ནི་ཆ་བྱད་ཀྱི་བཀོད་པའོ།། གར་མཁན་ནི་གར་བྱེད་པའོ།། ཐུགས་ཡང་དག་པར་བསྐུལ་བའི་ཆོ་ག་ཞེས་པ་ནས། རྗེསུ་འཛིན་པར་མཛད་པའོ།། 9 ་བྱ་བའི་བར་གྱིས་ནི་སྒྲུབ་པ་པོ་སངས་རྒྱས་ཀྱི་དུས་ཀྱི་ཚིད་ལ་བརྟེན་ནས་རྗེ་སུ་བཟུང་བར་མཛད་པ་བསྟན་ཏོ།། རྗེསུ་བཟུང་ནས་ཅི་ཞིག་མཛད་ཅེ་ན། ཞེས་པ་ལ་སྒྲ་ཇི་བཞིན་པའོ།། ཞེས་བྱ་བའི་བར་གྱིས་ནི་སྒྲུབ་པ་པོ་ལ་འཇིག ་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་དེ་བཞིན་གཤེགས་པས་གཏང་བའི་སྒོ་ནས་བྱིན་པ་དང་། དེ་ལ་སྐད་པ་འམ། ལེ་ལོ་བྱས་དུས་འདས་པ་འབྲས་བུ་མེད་པར་སྟོན་ཏོ།། དེ་ལྟར་ཐུན་མོང་གི ་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱི་སྙིང་པོ་ཞེས་པ་ནས། དེ་ལྟར་ཐུན་མང་ག་སྒྲུབ་པ་ལཾ་ཞུགས་པ་རྣམས་ཀྱི་དེ་གང་ཞེ་ན་ཆོ་གའོ་ཞེས་བྱ་བའི་བར་གྱིས་ནི། རང་བྱིན་གྱིས་བརླབ་པ་དང་། འོད་གསལ་བའི་རིམ་པ་དག་གི་རྫོགས་པའི་རིམ ་བ་ལ་གནས་པའི་རྣལ་འབྱོར་པས་ཐུགས་བསྐུལ་བར་བསྟན་པ་ཡིན།། དེ་ལྟར་ཐབས་དང་བཅས་པ་ནི་ཞེས་པ་ནས། དགོངས་པོས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྫོགས་པའི་རྣལ་འབྱོར་པའི་སྤྲོ་བའི་རིམ་པས་འཇུག ་པར་བསྟན་ཏོ།། མཐའ་དྲུག་གིས་བཤད་པ་ལེའུ་བཅུ་པའོ།། །། དེ་ལྟར་རྣལ་འབྱོར་པ་གཉིས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་སྐབས་སྟོན་པར་བྱེད་དོ།། རྣལ་འབྱོར་པ་གཉིས་ནི་བརྟགས་པ་དང་། རྫོགས་པའི ་རིམ་པའི་རྣལ་འབྱོར་པའོ་དེ་ལ་བརྟགས་པའི་རྣལ་འབྱོར་པ་ནི་སྔགས་ཀྱི་སྐུའོ།། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། དེ་ལྟར་འདྲི་གཉིས་ཀྱི་བྱེ་བྲག་ཡིན།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཚེ་འདི་ཉིད་ལ་རྡོ ་དེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངསོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་ཉིད་དང་། གཞོལ་མང་ཁང་དང་། པདྨ་དང་ཟླ་བ་དང་། ཉི་མའི་གདན་དང་ལྷན་ཅིག་སེམས་པ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི ་གཟུགས་བསྐྲད་པའི་རིམ་པ་གསུངས།། དེ་ལྟར་རྡོ་རྗེ་འཆང་ཆེནྡྲ་པོའི་རྣལ་འབྱོར་པའི་བསྐྱེད་པའི་རིམ་པ་བསྒྲུབ་པ་ཞེས་བྱ་བ་ནས་སྐུ་རྡོ་རྗེ་འོད་བཀོད་པར་བྱའོ།། ཞེས་པའི་བར་གྱིས་ནི་རྣམ་པར་སྤྱད་མཛད་ཀྱི་སྔགས་ཀྱི་སྐུ་བསྟན་པ་ཡིན ་ནོ།། ན་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས་དམ་ཚིག་གང་དུ་འབྱུང་བའི་ཏིང་འཛིན་དེ་ལ་དེ་སྐད་ཅེས་བྱའོ།། ཞེས་བྱ་བའི་བེར་གྱིས་ནི་འོད་དཔག་མཽད་ཀྱི་སྐུ་བསྐྱེད་པ་བསྟན་པ་ཡིན་ནོ།། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་པ་ཞེས་པ་ནས། བྱེ་བ་ནི་བསྐྱེད་པའོ་ཞེས་བྱ་བའི་བར་གྱིས་ནི་མི་བསྐྱོད་པའི་སྔགས་ཀྱི་སྐུ་བསྐྱེད་པ་བསྟན་ནོ།། དེ་ལྟར་རྟག་པ་ཉིད་ཀྱིས་མཐུན་བཞིར་བསླབ་པ་བྱས་ནས་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིན་ཆེན་འབྱུང ་ལྡན་དང་། དོན་ཡོད་གྲུབ་པའི་སྔགས་ཀྱི་སྐུ་བསྐྱེད་པ་སྟེ། དེ་བཞིན་གཤེགས་པའི་སྐུར་གྲུབོ་ན་ཁམས་གསུམ་གྱི་སྟོན་པ་གྲུབ་པ་ཡིན།། དེ་ལྟར་རྟོགས་པའི་རྣལ་འབྱོར་གྱི་འབྲས་བུའི་ཚུལ་གྱིས་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས ་བྱ་བའི་བར་གྱིས་ནི་འོད་གསལ་བ་ལ་འཇུག་པའི་རིམ་པ་དང་། རང་བྱིན་གྱིས་བརླབ་པའི་རིམ་པས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་ཡེ་ཤེས་ཀྱི་སྐུར་བསྐྱེད་པ་བསྟན་ཏོ།། རྗེསུ་འབྱེད་པའི་རིམ་གྱིས་ཞེས ་པ་ལ། ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་དབུས་ཡི་གེ་ར་འབར་བར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཆོ་གས་པ་སྤུའི་བུ་ག་ཐམས་ཅད་ནས་བྱུང་ནས། ཁམས་གསུམོ་ཐམས་ཅད་བསྲེགས་ཤིང་། དེ་ནས་བདག་ཉིད ་བསྲེགས་པ་ནི་རྗེསུ་འཛིན་པའི་རིམ་གྱིས་སོ།། བཤད་མ་ཐག་པའི་རིམ་པས་ཞེས་བྱ་བ་ནས། ཏིངངེ་འཛིན་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཞེས་བྱ་བའི་བར་གྱིས་ནི་དབང་པོ་དྲུག་སྤྱོད་པར་བྱས་ནས་ས་བོན་ནི་ཅི་རིགས ་པ་བཀོད་དེ། སའི་སྙིང་པོ་ལ་སོགས་པའི་བསྐྱེད་པའི་རིམ་པ་དང་། དེའི་འབྲས་བུ་ལྷ་ལ་སོགས་པའི་མིག་གིས་ཤེས་པ་དང་། རྡོ་རྗེ་འཆང་ཆེན་པོའི་ཏིང་འཛིན་བསྟན་ཏོ།། རེག་བྱའི་དབང་པོ་ཞེས་བྱ་བ་ནི་རྡོ་རྗེའི་རྩེ་མོའི་ནང་ན་ཟླ་བ་ཕྱེད་པ་འདྲ་བ ་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་མིག་ལྔ་སོགས་པའི་བཀོད་པ་བསྟན་ནས་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ཀྱི་སྤྱན་བྱིན་གྱིས་བརླབ་པ་བསྟོན་ཏོ།། རྣམ ་བཱར་དབེན་པའི་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པའི་ཕྱི་རོལ་གྱི་གནས་དང་། དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་བསྟན་ཏོ།། དེ་ལྟར་གནས་ཕུན་སུམ་ཚིགས་པ་བསྟན་ཅིང་ཞེས་པ་ནས། སྒྲ ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་མི་བསྐྱོད་པ་དང་འོད་དཔག་མེད་པ་དང་། རིན་ཆེན་དཔལ་དང་དོན་ཡོད་གྲུབ་པ་རྣམས་ཀྱི་ས་བོན་གྱི་རྣ་བ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་ཏོ།། བསྐྱེད་པའི་རིམ་པས་ས་བོན་རྣམ་པར་དགོད ་པ་ཞེས་པ་ནས། དེ་དང་འདྲ་བར་འགྱུར་བའོ།། ཞེས་བྱ་བའི་བར་གྱིས་ནི་རང་བཞིན་གྱི་འོད་གསལ་བའི་ལམ་གྱིས་མིག་ལ་སོགས་པའི་བྱིན་གྱིས་བརླབ་བསྟན་ཏོ།། རྫོགས་པའི་རིམ་པའི་ཏིང་འཛིན་ཅེས་པ་ནས་རྡོ་རྗེ་གསུམ་གྱི་རྟོག་པ ་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་བསྡུས་པའི་སྒོ་ནས་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་བསྟན་པ་ཡིན།། སྐུ་གསུང་ཐུགས་ཞེས་བྱ་བ ་ནས། དགོངས་པ་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་སྐུ་རྣམ་པ་གཉིས་དང་ལྡན་པའི་ཕན་ཡོན་བསྟན་ཏོ།། ལེའུ་བཅུ་གཅིག་པ་མཐའ་དྲུག་གིས་བཤད་པས་བཤད་པའོ།། །། དེ་ལྟ་ར་ལས་ཀྱི་ལམ་རྣམ་པར ་དག་པ་བསྟན་ནས། ཞེས་བྱ་བ་ལ་སོགས་པས་ནི་ལེའུའི་སྐབས་བསྟན་པ་ཡིན།། དེ་ནས་ཞེས་བྱ་བ་ནས་འོག་ནས་བཤད་པའི་མཚན་ཉིད་བཀའ་སྩལ་པའོ།། ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་ནོ།། མཁའ ་ནི་གོ་འབྱེད་པའོ་ཞེས་བྱ་བ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་སྟོན་པའི་གླེང་སློང་བ་བསྟན་ཏོ།། དངོས་གྲུབ་ཐམས་ཅད་གྲུབ་པོ་ཡིན་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི་ནང་དང་ཕྱི ་རོལ་ལ་བརྟེན་པའི་གྲུབ་པའི་གནས་བསྟན་པའོ།། མཾ་ཞེས་བྱ་བའི་འོག་ནས་ཞེས་པ་ནས། དགོངས་པས་བཤད་པའོ།། ཞེས་བྱ་བའི་བར་གྱིས་ནི་འཇམ་དབུལ་གྱི་ཕྱག་རྒྱ་ཆེན་པོ་བསྟན་ཏོ།། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་ཡང་ཡིན་ནོ། ་ཞེས་བསྟན་ཏོ།། དེ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཏིང་འཛིན་ཉེ་བར་བསྟན་ནས་ཞེས་བྱ་བ་ནས། དེ་ནི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་ཏིང་འཛིན་ཏོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ལོའི་རིག་པ་འཛིན་པའི་སྐུ་བསྟན་པ ་ཡིན་ནོ།། དྲོ་བ་དུང་ངུ་བ་འཐུལ་བ་དང་རབ་ཏུ་འབྱར་བ་མཐོང་ན་ནི་གྲུབ་པར་རྗེསུ་དཔག་པར་སྦྱར་རོ།། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དེའི་བདག་ཉིད་ཅན་དུ་འགྱུར་རོ།། ཞེས ་བྱ་བའི་བར་དུའོ།། ཞེས་བྱ་བའི་བར་གྱིས་ནི། པདྨའི་རིག་པ་འཛིན་པའི་སྐུ་བསྟན་ཏོ།། འོད་ཟེར་ལྔ་དང་ལྷག་པ་དང་ཞེས་པ་ནས། ཏིང་འཛིན་ཀྱང་རལ་གྲི་ཐམས་ཅད་ཅེས་བྱ་བའི་བར་གྱིས་ནི། རལ་གྲིའི་རིག་པ་འཛིན་པའི་སྐུ་བསྟན་ཏོ།། ་དེ་ལྟར་འཁོར་ལོ་དང་རྡོ་རྗེ་ཞེས་པ་ནས། ལྗང་བའི་བདག་ཉིད་ཅན་དུ་བསམ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ།། དགོས་པ་ནི་རག་པ་ལོ་མངོན་པར་ཞེན་པ་སྤང་བར་བསྟན་ཏོ།། ད་ནི་ཕྱག་རྒྱ་ཆེན་པོ་ཞེས ་བ་ནས། རབ་ཏུ་བྱེད་པ་ཉེ་བར་སྡུད་པའོ་ཞེས་བྱེ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་དྲོང་། རིན་ཆེན་འབྱུང་ལྡན་དྲང་འོད་དཔག་མེད་དང་། མི་བསྐྱེད་པ་དང་། དོན་ཡོད་པར་གྲུབ་པའི་སྒོ་ནས་རིག་པའི་འཁོར་ལོ་སྒྱུར་བ་ལ་སོགས་པ་གྲུབ་པ་བསྟན ་ཏོ། དངོས་གྲུབ་སྒྲུབ་པའི་ཐབས་ཞེས་པ་ནས། དགོངས་བཤད་པའོ་ཞེས་བྱ་བའི་ཚིག་གིས་ནི། དམ་ཚིག་གི་སེམས་དཔའ་དང་སྙོམས་པར་ཞུགས་པའི་དོན་དུ། དམ་ཚིག་གི་ཕྱག་རྒྱའི་སྤྲོས་པ་བསྟ་ན་ཏོ།། དེ་ལྟར་ཁྱད་པར་རྟོགས ་པ་ཞེས་པ་ནས། དེའི་ལས་ནི་ཉམས་སུ་ལེན་པའི་བྱ་བ་སྟེ། དེ་བྱེད་པར་འགྱུར་བས་ན་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་གང་ལ་འོས་པའི་ཕྱོག་མཚན་སྤྲོས་པས་དགུག་པ་བསྟན་ཏོ།། དགོས་པ ་ནི་སེམས་ཅན་གདུལ་བར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ།། གནས་ལ་བྱེད་པར་འགྱུར་ཞེས་བྱའོ།། ཞེས་པ་ནས་དེ་སྐད་ཅེས་གསུངསོ་ཞེས་བྱ་བའི་སྡུད་པ་པོའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་དང་། འོད་དཔག ་མེད་དང་། མི་བསྐྱོད་པར་བྱེད་པ་དེའི་ངོ་བོ་ཉིད་ཡོངསུ་ཤེས་པ་ཙམ་བསྟན་ཏོ།། ལས་ཀྱི་དབྱེ་བ་ཉེ་བར་ཞེས་པ་ནས། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུརརོ་ཞེས་བྱ་བའི་བར་གྱིས་ནི། ཁ་ནི་མ་ཐོ་བ་མེད་པའི་གོ་ཀུ་ད་ཧ ་ནཱི་ཟས་བཟའ་བའི་ཆོ་ག་བསྟན་པ་ཡིན།། ལུས་རྒྱས་པར་བྱ་བའི་ཕྱིར། ཚིམ་པར་བྱ་བའི་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་རིགས་ཀྱི་བྱེ་བྲག་གིས་བཟའ་བོའི་བྱ་བ་དང་། བདུད་རྩིས་ཚིམ་པར་བྱ་བ་བསྟན་ཏོ།། ་རྣལ་འབྱོར་པའི་བྱ་བའི་སྒོ་ནས་ཞེས་པ་ནས། འགྱུར་བ་ནི་དོར་འགྲུབ་པར་འགྱུར་བའོ།། ཞེས་བྱ་བའི་བར་གྱིས་ནི་འོད་གསལ་བ་ལས་རྣམ་པར་འབྱུང་བར་བསྟན་ཏོ།། དེ་ལྟར་རྫོགས་པའི་རྒྱུ་འཕྲུལ་ཞེས་པ་ནས་འབྲས་བུའི་ཕྱོགསོ ་ཞེས་བྱ་བའི་བར་གྱིས་ནི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོ་གྲུབ་ན་ཆོ་འཕྲུལ་དང་། མངོན་པར་ཤེས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པར་བསྟན་ཏོ།། གཅིག་ཏུ་བཞུགས་པའི་ཚིག་ལས་བརྩམས་ནས་ཞེས་པ་ནས་སྒྲ ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་བསྒོས་པ་ལ་སོགས་པ་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པ་བསྟན་པ་དང་། བཤད་པའི་རིམ་པ་བསྟན་ཏོ།། ཇི་སྐད་དུ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ།། གཉིས་པ་ས་བོན་བསམ་པ་ཡིན།། ་གསུམ་པ་སྐུ་ནི་ཡོངས་བསྐྱེད་པ།། བཞི་པ་ཡི་གེ་དགོད་པའོ།། ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་སྦྱོར་བ་བཞིའི་རིམ་གྱིས་ཞེས་པ་ནས། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ།། ཞེས་འབྱུང་བ་དང་ཞེས་བྱ་བའི ་བར་གྱིས་ནི། ཡན་ལག་དྲུག་གི་སྦྱོར་བ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་བསྟན་པ་དང་། བཤད་པ་དང་། རབ་ཏུ་བཤད་པ་བཞིན་དུ་འགྲེལ་པ་བྱེད་པས་རྒྱ་ཆེར་དབྱེ་བ་བྱས་པ་བསྟན་ཏོ།། འོན་ཀྱང་དེའི་སོ་སོར་བསྡུས་པ ་དང་། བསམ་གཏན་གཉིས་ནི་སེམས་རྣམ་པར་དག་པའི་རིམ་པ་ཡིན་ནོ།། སྲོག་དང་རྩོལ་བ་ཞེས་བྱ་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་ཏོ།། འཛིན་པ་ཡིན་པར་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ།། རྗེསུ་དྲན་པ་ནི་རིང ་བྱིན་གྱིས་བརླབ་པའི་རིམ་པ་ཡིན་ནོ།། ཏིང་འཛིན་ཅེས་བྱ་བས་ནི་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་ཡན་ལག་དྲུག་པ་ནི་རྫོགས་པའི་རིམ་པ་བསྟན་ཏོ།། རྣམ་པར་སྣང་མཛོད་མངོན་པར་བྱང་ཆུབ་པ་ལས་ཀྱང་ཞེས་བྱ་བ་ནས། ་དགོངས་པ་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ལུང་ཚད་མར་བྱས་པ་བསྟུན་ཏོ།། དེ་ལྟར་ལྷའི་རྣལ་འབྱོར་པཾ་ཞེས་པ་ནས། ངེས་པའི་དོན་ཏོ།། ཞེས་བྱ་བའི་བར་གྱིས་ནི་ཕྱི་རོལ་དང་ནང་གི་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་གནས ་པའི་རྣལ་འབྱོར་པའི་སྒྲུབ་པའི་གནས་བསྟན་ཏེ། དེ་ལྟར་རྣལ་འབྱོར་པ་གཉིས་ཀྱིས་གནས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེའི་གཞི་པ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་བསྟན་ཏོ།། དུས་བཞི ་དག་ཏུ་ཞེས་བྱ་བ་ནས། སྦྱིན་པར་བྱའོ།། ཞེས་བྱ་བའི་བར་གྱིས་ནི་འདི་བདག་ཐམས་ཅད་ཀྱང་དམ་ཚིག་ཕྱག་རྒྱ་དང་ལྷན་ཅིག་བྱའོ་ཞེས་བསྟན་ཏོ།། དེ་ལྟར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཞེས་བྱ་བ་ནས། སྒྲ་ཇི་བཞིན ་པའོ་ཞེས་བྱ་བའི་བར་གྱིས་ནི་དུས་ངེས་པར་ཆད་པ་ལས་རྣལ་འབྱོར་པའི་གྲུབ་པ་བསྟན་ཏོ།། ཟླ་བ་ཕྱེད་ནི་ཀུན་རྫོ་བ་དང་ཞེས་པ་ནས་དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། འབྲས་བུ་ཐོབ་པོའི་གྲུབ་པ་བསྟན་ཏོ། ་བཤད་མ་ཐོག་པའི་རིམ་པས་ཞེས་བྱ་བ་ནས། སྐུ་དང་གསུང་དང་ཐུགས་མཐར་ཐུག་པས་ཞེས་བྱ་བའི་བར་གྱིས་ནི་ལོངས་སྤོང་རྫོགས་པ་དང་སྤྲུལ་པའི་སྐྲའི་སྐུ་རྡོ་རྗེ་ལ་སོགས་པ་བསྐུལ་བ་ཅོམ་གྱིས་དབང་དུ་བྱས་ཏེ། བདག ་ཉིད་ཀྱི་ལུས་བྱིན་གྱིས་བརླབ་པ་བསྟན་ཏོ།། ལྷའི་རྣལ་འབྱོར་རྒྱས་པ་ཞེས་པ་ནས་སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པ་འི་ཕྱག་རྒྱ་ཆེན་པོ་ངེས་པར་བྱའོ།། དེ་མ་བྱས་ན་ནི་དོན་མེད་དོ།། ལེའུའི་ངེས་པའི ་ཚིག་ཀྱང་བཤད་པ་ཡིནཱ་ནོ།། ལེའུ་བཅུ་གཉིས་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །། རིམ་པ་གཉིས་ལ་བསླབ་པ་ལ་ཞེས་པ་ལ་སོགས་པས་ལེའུའི་སྐབས་སྟོན་པར་བྱེད་དོ།། དེ་ནས་ཞེས་པ་ནས་སྒྲ་ཇི་བཞིན ་པའོ་ཞེས་བྱ་བའི་བར་གྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་ཀྱིས་མཆོད་པ་སྔོན་དུ་འགྲོ་བའི་སྒོ་ནས། ཆོས་བཤད་པར་བཅོམ་ལྡན་འདས་ལ་སྐུལ་བ་ཡིནོ།། ཨེ་མའོ་ཞེས་པ་ནི་ཞེས་པ་ནས ་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་ཡན་ལག་དྲུག་གི་སྦྱོར་བ་ལ་རྗེ་སུ་ཡི་རང་བའི་སྒོ་ནས། བཅོམ་ལྡན་འདས་ཆོས་སྟོན་པ་ལྔ་འཁོར་རྣམས་ཀྱིས་སྤྲོ་བ་བསྐྱེད ་པར་བསྟན་པ་ཡིན་ནོ།། དེ་ལྟར་བསྟོད་པས་ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཤེང་གསོལ་ཞེས་གསོལ་བ་བཏབོ་པའོ།། ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྡོ་རྗེའི ་བཟླས་པ་བཤད་པར་བསྐུལ་བ་བསྟན་ཏོ།། གང་གི་ཕྱིར་ལས་ཀྱི་སྦྱོར་བ་ལ་ནི་བཟླས་པསྲ་འགྲུབ་པ་ཡིན་ལ། དེའི་དེ་ཁོ་ན་ཉིད་ཡོངསུ་ཤེས་པའི་རྡོ་རྗེ་བཟླས་པ་འདི་བཞིན་གཤེགས་པ་རྣམས་གུས་པ་ཆེར་མཛད་པ་སྟེ།། ་དེཁོ་ན་ཉིད་ཤེས་པ་ལ་ནི་གྲུབ་པ་ཐམས་ཅད་ལག་ན་ཡོད་པ་ཡིན།། ཞེས་པའི་རིགས་པསོ།། དེ་ནས་ནི་ཞེས་པ་ལས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། མཆོད་པའི་རིམ་པ་དང་རྡོ་རྗེ་བཟླས་པའི་རིམ་པ ་བཅུ་བསྟན་ཏོ།། ཁྭ་ཅིག་ནི་མོས་པའི་བྱེ་བྲག་གིསོ་ཞེས་འཆད་དོ།། བདག་གི་བླ་མ་ནི་གྲོང་ནས་གྲོང་དུ་ཁྱད་པར་གྱི་གོ་འཕང་ཡིན་ནོ་ཞེས་འཆད་དོ།། དེ་ཉིད་ཀྱི་ཕྱི་མ་ནཱི་ཡཱི་གེ་བཟླས་པ་ཐ་མར་བཤད་དེ། དེ་ནི་འོད་གསལ ་བའི་ཇོ་བོ་ཡི་པའི་ཕྱིར་རོ།། གཞན་ཡང་བསམ་གཏན་ཞེས་པ་ནས་བསྒོམ་པར་བྱ་བའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དག་གི་སྔགས་ཀྱི་རིམ་པས། ནད་ལ་སོགས་པ་ཞི་བ་ལ་སོགས་པའི ་ལས་ཀྱི་སྦྱོར་བ་བསྟན་ཏོ།། འདི་ཉིད་ཀྱི་ཆོ་གའི་ལྷག་མའི་ཞེས་པ་ནས་ལས་དང་པོ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དོ།། ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་བསྒོམས་པས། དཀྱིལ་འཁོར་བཞི་ལས ་བྱུང་བའི་འོད་ཟེར་དཀར་པོའི་ཚོགས་ཀྱིས། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་ཏོ།། རྡོ་རྗེ་བཞི་པོ་དེ་དག་ཉིད་ལ་ཞེས་བྱ་བ་ནས། གསང་བའོ་ཞེས་བྱ་བར་སྦྱོར་རོ།། ཞེས་བྱ་བའི་བར་གྱིས་ནི་སྔར་བཤད་པའི་དཀྱིལ་འཁོར ་བཞིའི་སྤྲོས་པ་བསྟན་ཏོ།། ལས་རྣམ་པ་བཞིའི་ནང་ནས་ཞེས་པ་ནས་དེ་ཡོངསུ་གྱུར་པར་བྱའོ།། ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་འཛིན་སྔོན་དུ་འགྲོ་བས། ཁྲོ་བོའི་ཚོགས་སྤྲོས་པས་མངོན ་སྤྱོད་ཀྱི་ལས་བསྟན་ཏོ།། འདིར་འབྲུ་མ་རྱ་ནི་ཡུངས་མར་རོ།། དེའི་འཁོར་རྣམས་ཀྱིས་ཡང་བསྟོན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། སྒྲ་ཇི་བཞིན་པའོ།། ཞེས་བྱ་བའི་བར་གྱིས་ནི། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྲོ་བོ་འམ ་ཡོད་ན་དེ་ལས་གྱུར་པའི་ཁྲོ་བོས་བཀའི་ཚོགས་སྤྲོས་པ་བསྟན་ཏོ།། ད་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་རྣལ་འབྱོར ་པའི་མངོན་སྤྱོད་བསྟན་ཏོ།། རེངས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནས། སྦྱོར་བ་ཡང་དག་པར་སྟོན་པའོ།། ཞེས་བྱ་བའི་བར་གྱིས་ནི། ཆུ་དང་གཞན་རྒོལ་བའི་ཚིག་དང་ཕ་རོལ་གྱི་དམིགས་ཚོགས་རྣམས་ལ་རིམ་པ ་གཉིས་ཀྱི་རེངས་པ་བསྟན་ཏོ།། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཏིང་འཛིན་གང་སྟོན་པ་དེ་ལ་འདི་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཕུར་བུའི་ཆོ་ག་བསྟན་ཏོ།། དེ་ཡང་ཁྱབ་པ་ཡིན་པའི་ཕྱིར། ་བགེགས་ལ་བྱ་བ་བཞིན་དུ་དགྲ་ལ་ཡང་བྱ་བ་ཡིན་ནོ།། བདུད་ལ་སོགས་པའི་རྣམ་པར་འཚེ་བ་ཞེས་པ་ནས་ཏིང་འཛིན་དེ་ལ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་ཞི་བ་ཆེན་པོར་བསྟན་ཏོ།། བསམ་གཏན་ཞེས་བྱ་བ་ལ་སོགས་པ ་ནཱི་ཞེས་བྱ་བ་ནོས། གང་དུ་དེ་སྟོན་པ་དེ་ལོ་ཡང་དེ་སྐད་ཅེས་བྱ་བའི་བར་གྱིས་ནི་བྲག་གཱས་བསྐྲད་པ་བསྟན་ཏེ། སྔར་བཤད་པའི་སྤྲོས་པ་ཡིན་ནོ།། ཡང་ན་སྔར་བསྟན་པ་ནི་ཏིངེ་འཛིན་གྱི་ཡུལོ།། འདི་ནི་དཀྱིལ་འཁོར་གྱི་ཡུལོ།། ་ཞི་བའི་ཞེས་བྱ་བ་ལ་སོགས་པ་ནས། དེ་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་བྱས་ལ་བསྒྲུབ་བྱ་བསྡུ་བ་སྔོན་དུ་བྱས་ནས། ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་བསྟན་པ ་ཡིན་ནོ།། གཞོན་ཡང་སྔར་བཤད་པའི་ལྷ་རྣམས་ཞུས་པ་ནས། ཏིང་ངེ་འཛིན་གྲངས་མེད་པ་བཤད་པ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཞལ་དང་། ཕྱག་ལ་སོགས ་པའི་དབྱེ་བ་བསྟན་པ་ཡིན་ནོ།། ད་ནི་རྫོགས་པའི་རིམ་པའི་ལྷ་རྣམས་བསྐྲད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནས། ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོགས་པ་རང་བྱིན་གྱིས་བརླབ ་པའི་རིམ་པ་བསྐྱེད་པ་བསྟན་ཏོ།། དེ་ལྟར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རིམ་པར་བསྟན་ནས་ཞེས་པ་ནས། ངེས་པའི་དོན་ཏོ་ཞེས་བྱ་བའི་བར་གྱིས་ནི། རིམ་པ་གཉིས་ཀྱི་མཇུག་བསྡུ་བ་བསྟན་ཏོ།། རྡོ་རྗེ་ནི་དེ་བཞིན་ག ་པ་ཞེས་པ་ནས། ལེའུའོ་ཞེས་བྱ་བའི་བར་གྱིས་ནི། དོན་དང་ལྡན་པའི་ལེའུ་བསྟན་ཏོ།། ལེའུ་བཅུ་གསུམ་པ་མཐའ་དྲུག་གིས་བཤད་པའི་ས་གཅོད་པའོ།། །། ད་ནི་སྔགས་སྨྲ་བ་རྣམ་པ་བཞིའི་རྗེས་སུ་འབྲངས་ནས་ཞེས ་བྱ་བ་ལ་སོགས་པ་ནི། ལེའུའི་སྐབས་སྟོན་པ་ཡིན་ནོ།། དེ་ལ་དང་པོར་ལས་ཀྱི་ཚོགས་རྣམས་ཀྱི་གོ་རིམ་ནི་ཞེས་པ་ནས། ལས་རྣམས་བྱའོ་ཞེས་བྱ་བ་ནི། ཁྱད་པར་ཏེ་ཞེས་བྱ་བའི་བར་གྱིས་ནི་ཕྱོགས་དང་། དུས ་ཁ་དོག་དང་། སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལུང་ཚད་མ་ཡིན་པར་བསྟན་ཏོ།། བཅོམ་ལྡན་འདས་ཀྱི་ཇི་སྐད་བཤད་པའི་རྒྱུད་ལས་ཞེས་བྱ་བ་ནས། དེའི་ཚེ་དྲག་པོའི་ལས་བྱའོ།། ཞེས་བྱ་བའི་བར་གྱིས་ནི ་བཤད་པའི་རྒྱུད་ཀྱི་རིམ་པ་ཉིད་ཀྱིས་ནང་གི་དུས་ལ་དམྱིགས་ནས་ཞེས་པ་ལ་སོགས་པ་བསྟན་ཏོ།། ང་ནི་ལེའུ་ལ་འཇུག་པར་བྱ་སྟེ་ཞེས་པ་ནས། བསྡུས་པ་ལས་ཕྱུང་ཞིང་བཀའ་སྩལ་པོའོ་ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་འཆང། ་ཆེན་པོ་ཆོས་སྟོན་པ་ལས་ཞུགས་པར་མཛད་པ་ཡིནོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། སངས་རྒྱས་སྤྱན་གྱི་སྔགས་ཀྱི་དོན་དང་ལྡན་པའི་ཚིག་དང་། འོད་དང ་བཅས་པ་དང་། ནུས་པ་དང་བཅས་པ་དང་། ཕན་ཡོནྡ་དང་བཅས་པ་དང་། མྲིང་སྨོས་པ་དང་བཅས་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། མཱ་མ་ཀཱི་ནི་རིགས་གཉིས་ཀའི་ཐུན་མོང ་ཡིན་པའི་ཕྱིར་རོ།། ཞེས་བྱ་བའི་བར་གྱིས་ནི། མཱ་མ་ཀཱིའི་སྔགས་ཀྱང་སྔ་མ་བཞིན་དུ་བསྟན་ཏོ།། དེ་ཡིས་རིགས་གཉི་གའི་ཇི་ལྟ་བུ་ཞེ་ན། གྲང་གི་ཕྱིར་ཕྲོག་དྲོག་རྣམ་པར་དག་པ་ནི་རིན་ཆེན་དཔལ་ལོ།། ཡོན་ཏན་སྐྱོན་དུ ་སྟོན་པའི་མཚན་ཉིད་དོ།། དེ་ཡང་ཞེ་སྡང་གི་དབང་གིས་འབྱུང་ལ། ཕྲག་དག་ནི་ཞེ་སྡང་དུ་གཏོགས་པའི་ཕྱིར། མི་བསྐྱོད་པ་དང་རིན་ཆེན་དཔལ་གྱི་ལྷ་མོ་ནི་མཱ་མ་ཀཱི་གཅིག་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནསོ།། སྒྲུབ ་པ་པོས་བཟླས་ཤཱིང་བཏོནྡ་པ་ཙམ་གྱིས་ཀྱང་བྱེད་པར་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི། གོས་དཀར་མོའི་སྔགས་སྔ་མ་བཞིན་དུ་བསྟན་ཏོ།། ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པོ་ནས། སྡུད་པར་བྱེད་པའི ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། འཕགས་མི་སྒྲོལ་མའི་སྔགས་ཡིན་ཏེ། སྔ་མ་བཞིན་ནོ།། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། འགུགས་པའི་དོན་རྣམས་ལ་གྲངས་ཇི་ལྟ་བ་བཞིན་ནོ།། དེ་ནི་ས་ཞེས་བྱ་བ་ལ ་སོགས་པ་ལོ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོས་སོ་ཞེས་བྱ་བའི་བར་གྱིས་ནི། གཤིན་རྗེ་གཤེད་ཀྱི་སྔགས་འགུགས་པ་ལ་གཙོར་སྟོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། ངེས་པར་སྐྲོད་པར ་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བདུད་རྩི་ཐབ་སྦྱོར་གྱི་སྔགས་སྐྲོད་པའི་སྦྱོར་བ་ལྡན་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། སྔགས་བརྗོད་ན་བདེ་བར་གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ ་བོ་གཞན་གྱིས་མི་ཐུབ་པའི་སྔགས་སྲིན་པོ་ལྔ་སོགས་པ་མ་རུངས་པ་སྲེག་པར་བྱེད་པ་སྔ་མ་བཞིན་དུ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དུག་སྤེལ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནཱི། ་མགྲིན་གྱི་སྔགས་དུག་སེལ་བ་དང་ལྡན་པའི་སྦྱོར་བ་སྟན་ཏོ།། ཧ~ཾ་ཞེས་བྱ་བའི་ནི་བདུད་རྩིའི་ས་བོན་དུ་གྲགསོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འཕྲལ་དུ་འཆི་བར་འགྱུར་རོ།། ཞེས་བྱ་བའི་བར་གྱིས་ནི། ཁྲོ ་བོ་དབྱུག་སྔོན་གྱི་སྔགས་གསོད་པར་བསྟན་ཏེ། གལ་ཏེ་འཇིག་པར་མི་འགྱུར་ན་ཞེས་བྱ་བ་ནི་སྨྲས་པའི་ལས་ཀྱི་གྲོགས་བསྟན་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཀླུ་རྣམས་འཆར་འབེབས་པར་འགྱུར།། ་ཞེས་བྱ་བའི་བར་གྱིས་ནི་ཁྲོ་བོ་སྟོབ་པོ་ཆེའི་སྔགས་ཀྱི་གཙོ་བོར་འབེབས་པའི་ཆོ་ག་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དེ་རྣམས་འགུགས་པའི་བྱ་བ་བྱེད་པར་འགྱུར་རོ།། ཞེས་བྱ་བའི་བར་གྱིས་ནི། ཞྭ ་བོ་འདོད་པའི་རྒྱལ་པོའི་སྔགས་ཏེ། འགུགས་པར་བྱེད་པ་ལ་གཙོར་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དུས་གསུམ་དུ་འདས་པས་འགུགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་མི་གཡོ་བའི ་སྔགས་ཀྱི་འགུགས་པར་བྱེད་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། བུ་མོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ།། ཞེས་བྱ་བའི་བྱར་གྱིས་ནཱཾ། ཁྲོ་བོ་གནོད་མཛེས་ཀྱི་སྔགས ་ཡིན་ཏེ། སྔ་མ་བཞིན་དུ་འགུགས་པར་བྱེང་བ་བསྟན་ཏོ།། ད་ནི་ནིང་གི་ལ་མཆོག་ཏུ་གཞོལ་བ་ཞེས་པ་ནས། མཇུག་བསྡུས་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུས་ཁྲོ་བོའི་ཚོགས་རྣམས་ལ ་བསྒོ་སྟེ། ལྷའི་བུ་མོ་ལ་སོགས་པ་འགྲོགས་པར་ནང་གི་རིམ་པས་བསྟན་ཏོ།། ཕྱག་རྒྱའི་ཁྱད་པར་དང་ཞེས་པ་ནས། གནས་སྐབས་ཐམས་ཅད་དུ་དམིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་བཟླས་པ་དང་། ངག་གི ་བཟླས་པས་ངེས་པར་བྱའོ་ཞེས་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། ཀླུའི་བུ་མོ་མིགཱ་དཀྱུས་རིང་བ་དགྲ་བཀུག་ནས། ཉེ་བར་སྤྱོད་པར་བྱའོ་ཞེས་གསུངསོ་ཞེས་བྱ་བའི་བར་གྱིས་ནཱི། ཁྲོ་མོ་རལ་པ ་གཅིག་མའི་སྔགས་ཀྱི་ཀླུའི་བུ་མོ་འགུགས་པ་བསྟན་ཏོ།། ཁྲོ་མོ་ར་ལྔ་པ་གཅིག་མཱ་ནཱི་གམྦྷི་ནེརྞྞ་གྷ་ཤིད་ཀྱི་ཤེས་རབ་གཙགྣ་མྦྷ་ཡིན་ནོ།། དེ་ན་སྡེ་ཞེས་བྱ་བ་ལ་སོགས་བཱ་ནས། མནནཱ་ནཱས་སྔགས་བཟླས་ནཱ་ཁྲུགས ་པར་འགྱུར་རོ།། ཞེས་བྱ་བའི་བོར་གྱིས་ནོ།། ཁྲོ་གཉིར་མའི་སྔགས་ཀྱིས་རིག་པ་འཛིན་པའི་བུ་མོ་འགུགས་པ་བསྟན་ནོ།། ཁྲོ་གཉེར་མ་ནི་རྟ་མགྲིན་གྱི་ཤོས་རབ་མ་ཡིན་ནོ།། འགོག་པའི་རྡོ་རྗེ་ནིས་བྱ་བ་མི་སོགས ་ལ་ཞེས་བྱ་བ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་བཟླས་པས་སྔར་བསྟན་པའི་སྔགས་གྲུབ་པར་བསྟན་ཏོ།། སྔགས་ལ་མཆོག་ཏུ་གཞོལ་བ་ཞེས་པ་ནས། དོན་ཐམས་ཅད་སྒྲུབ་པར་བྱེད་པ་བཤད་དོ ་ཞེས་བྱ་བའི་བར་གྱིས་ནི། སྔར་བཤད་པའི་སྔགས་རྣམས་འབུམ་དུ་བཟླས་པ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ།། མངོན་སྤྱོད་བྱེ་བའི་ཡུལ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནས་འོག་མའི་སྡུད་བ་པོའི་ཚིག་གྲོ་ཞེས ་བྱ་བའི་བར་གྱིས་ནི། དཀོན་མཆོག་གསུམ་ལེ་གནོད་པ་བསད་པ་ཁོ་ནའོ་ཞེས་བྱ་བ་བསྟན་ཏོ།། དེ་ནས་ཞེས་བྱི་བ་ལྔ་སོགས་པ་ལ་ཞེས་པ་ནས། མྱུར་ཞིང་རྙིངས་པར་འཆི་བར་འགྱུརརོ་ཞེས་བྱ་བའི་བར་གྱིས་ནི་དེ ་བཞིན་གཤེགས་པ་ལྔའི་སྐུར་བསྐྱེད་ནས། མ་རུངས་པ་རྣམས་ལ་བདུད་རྩི་ཐབ་སྦྱོར་དང་། གཤིན་རྗེ་གཤེད་དོག་གིས་ཕུར་བུས་འདེབས་པར་བསྟན་ཏོ།། རྡོ་རྗེ་དང་པདྨ་མཉམ་པར་ཞེས་པ་ནས། སྤྱད་པར་བྱེད་པའི ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། སྙོམས་པར་ཞུགས་པའི་སྒོ་ནས་བསྒྲུབ་བྱ་འི་ལུས་ངག་ཡིད་གསུམ་ལ་ཕུ་བུས་གདབ་པར་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག ་གོ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་འཆིང་ཆེན་པོས་ལས་ཀྱི་སྦྱོར་བ་གསུངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བར་མཛད་པ་བསྟན་ཏེ། ཟུར་གྱི་མཇུག་བསྡུ་བ་བསྟན་ཏོ།། དེ ་བཞིན་གཤེགས་པ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་ལེའུ་དོན་དང་ལྡན་པ་བསྟན་ཏོ།། ལེའུ་བཅུ་བཞི་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །། བཤུད་ཟིན ་པ་དང་མ་བཤད་པའི་ཞེས་བྱ་བ་ལ་སོགས་པས་ནི། ལེའུའི་སྐབས་སྟོན་པར་བྱེད་དོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིརརོ།། ཞེས་བྱ་བའི་བར་གྱིས་ནཱི། བཅོམ་ལྡན་འདས་དང་པོའི་གནས་ལ ་བརྟེན་ནས་རིགས་ལྔའི་རྣལ་འབྱོར་པས། དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པསམཆོད་པ་བསྟན་ཏོ།། དམ་ཚིག་གི་ཕྱག་རྒྱ་ཡང་རིགས་དང་ཁ་དོག་གི་བསྟན་ཏོ།། དེ་ལྟར་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱི་སྡེ་ནི། རྫོགས་པའི་རིམ་པ་ལ་ཞུགས་པའི་རྣལ་འབྱོར་པ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དང་། རང་བྱིན་གྱི་བརླབ་པའི་རིམ་པ ་བསྟན་ཏོ།། དེ་ལྟར་རྡོ་རྗེ་འཆང་ཆེན་པོ་ཞེ་སྔོ་པ་ནས། འདི་དག་ཐམས་ཅད་རྫོགས་པར་བྱ་ཞེས་བྱ་བའི་བྱར་གྲཱྀས་ནཱི་གྲོ་ཤིནྡོ་རྗེ་གཤེད་ཀྱི་སྔགས་དང་། དེ་བསྒོམས་པས་དགྲ་བསད་པར་བསྟན་ཏོ།། ཧཱུཾ་ནི་ཞེས་བྱ་བ་ལ་སོགས ་པ་ལི་ཞེས་པ་ནིས་བསམ་གཏན་ཉིད་ཀྱི་ཐམས་ཅད་རྫོགས་པའོ་ཞེས་བྱ་བའི་བར་གྱིས་ནི། ཁྲོ་བོ་གནོད་མཛེས་ཀྱི་ཏིང་འཛིན་གྱིས། མ་ལུས་པ་འཇིགས་པར་བྱེད་པའོ།། རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། འདི ་ལ་གདོན་མི་ཟའོ་ཞེས་བྱ་བའི་བར་གྱིས་ནི་གཤིན་རྗེ་གཤེད་ཀྱི་སྐུར་བསྐྱེད་ནས། བསད་པ་བསྟན་ཏོ།། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས་ཆར་གནོན་པ་ལ་མཆོག་ཏུ་ཁྱད་པར་དུ་འཕགས་པའོ་ཞེས་བྱ་བའི་བར་གྱིས་ནི ་ཁྲོ་བོ་བདུད་རྩི་འཁྱིལ་པོ་བསྒོམས་པས་ཆར་གཅོད་པ་བསྟན་ཏོ།། དཱཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བ་ནས། ཕཊ་ནཱི་བསོད་པའོ་ཞེས་བྱ་བའི་བཱར་གྱིས་ནི་བོ་རྟ་མགྲིན་བསྒོམས་པས་རླུང་ལ་སོགས་པའི ་བགེགས་བསྐྱེད་པདྨ་བཟློག་བྱ་བསྟན་ཏོ།། ད་ནི་གསང་བྱི་ལྔའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནས།། དེ་ལ་སེམས་དཔའ་ཐམས་ཅད་བསྐྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ་ཞེས་བྱ་བའི་བར་གྱིསྭཱ་ནི་རྣལ་འབྱུང་བའི་ཕྱག་རྒྱ་བཞིས ་ཡོངས་སུ་བསྐོར་ཞིང་། སྙོམས་པར་ཞུགས་པའི་སྒོ་ནས་དེ་བཞིན་གཤེགས་པ་ལྔ་གྲུབ་པར་བསྟན་ཏོ།། ད་ནི་ཕྱག་རྒྱ་གཅིག་དང་ཡང་ལྷན་ཅི་གྲི་སྤྱོད་པ་ཞེས་བྱ་བ་ནས། ན་མཁའ་མཛོད་ཀྱི་ཏིང་འཛིན་གྱིས་སོམས་ཅན་གྱི་དོན ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ཕྱག་རྒྱ་གཅིག་པའི་རིམ་པས་རྣལ་འབྱོར་པ་རྡོ་རྗེ་འཆང་ཆེན་པོ་གྲུབ་པར་བསྟན་ཏོ།། ད་ནི་སྒྲུབ་པ་པོ་ཟླས་ཀྱི་བྱ་བ་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། སྒྲུབ ་ཇི་པོའི་ཟས་བསང་བར་བྱ་བ་ཡིན་ནོ།། འོག་ནས་བཤད་པ་ལ་བལྟོས་པ་ཡིན་ནོས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བ་འི་བར་གྱིས་ནི། རྣལ་འབྱོར་པས་རིལ་བུའི་རིམ་པས་མི་སྣང་བ་ལ་སོགས་པ་ཕན་ཡན་པ ་བཅས་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དགོངས་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནཱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ་འཆང་ཆེན་པོས་གཞལ ་བར་མཛད་པ་ལ་རྗེ་སུ་ཡིད་རང་བར་མཛད་པའོ།། ད་ནི་རིགས་ཀྱི་དབྱེ་བས་རང་གི་ལཱུ་ཞེས་པ་ནས། དེ་སྒྲུབ་ཅིང་སྐྱེད་པར་བྱེད་པའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་དང་ལྷ་མོ་དང་། ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་དབང་བསྐུར་བའི་རྟགས་ཅོད་པན་བྱ་བ་བསྟན་ཏོ།། ད་ནི་སྣོད་ལ་དབབ་པའི་ཆོ་ག་ཞེས་པ་ནས་ཆོ་ག་ལ་སོགས་པས་བསྲུང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་བསྒོམས་པས་སློབ་མ་སྣ ་བོནྡ་བཞི་རྣམ་པར་བཀོད་པའི་རིམ་པས། རྡོ་རྗེ་དབབ་པ་བསྟན་ཏོ།། འདིར་དགོས་པ་ནི་བདག་དང་གཞན་གྱི་དགོས་པ་གྲུབ་པ་ཡིན་ནོ།། དེ་ལྟར་གནོད་ལ་དབབ་པ་ཞེས་པ་ནས། འུག་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ་ཞེས་བྱ་བའི ་བར་གྱིས་ནི། སེམས་ཅན་མ་རུངས་པ་རྣམས་ལ་མངོན་སྤྱོད་ཀྱི་རྫས་གནོད་སྦྱིན་དང་། སྲིན་པོ་དུ་མ་གསོད་པར་བྱེད་པ་བསྟན་ཏོ།། སྦྲུལ་ནག་ཅེས་བྱ་བ་ལ་སོགས་པ་ཞེས་པ་ནས་རྡོ་རྗེ་འཆང་ཆེན་པོས་གསུངས་སྷོ་ཞེས་བྱ་བའི་བར་གྱིས་ནི ་རྣལ་འབྱོར་པ་གཤིན་རྗེ་གཤེད་དུ་བསྐྱེད་ནས། སྦྲུལ་ལོ་སོགས་པ་སྤྲོས་པོས་མ་རུངས་པ་གསོད་པར་བསྟན་ཏོ།། གསོད་པའི་ཡུལ་འདི་ལ་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྫོགས། ་པའི་རིམ་པ་ལ་གནས་པས་ཀྱང་། གསོད་པ་རྣམ་པར་དག་པས་ཀྱང་། གསོད་པར་བྱེད་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལཾ་ཞེས་པ་ནས། དེའི་མཚན་ཉིད་ལ་མཁས་པ་ཞེས་བྱ་བའི་བར་གྱིས་ནི། སྦྲུལ་ལ་སོགས་པ་སྤྲོས་ནས ་དུག་གི་ཟིན་པར་བྱས་ཏེ། མ་རུངས་པ་གསོད་པར་བྱེད་པར་བསྟན་ཏོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ནི། ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་བར་གྱིས་ནི་དུག་འཕོ་བར་བསྟན་པ་ཡིན།། དེ་ལ་ཞེས་བྱ་བ་ལ་སོགས ་པ་ལ་ནི་ཞེས་པ་ནས། གསང་ཆེན་དེ་སངས་རྒྱས་རྣམས་ཀྱི་གསང་བའོ་ཞེས་བྱ་བའི་བར་གྱིས་ནི། དུག་དང་ཉེ་བའི་དུག་གི་གསོ་བ་བསྟན་ཏོ།། དང་པོར་གནས་སྐབས་ཀྱི་འབྲེལ་པ་ཞེས་པ་ནས། དེ་ལྟར་བྱས་པས་ནད་ལས་ཐར ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ནད་པའི་ནད་བསྐུལ་ནས་སངས་རྒྱས་ཀྱིས་ཀྱང་བྱིན་གྱིས་བརླབ་པ་བསྟན་ཏོ།། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཞེས་པ་ནས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ་ཡིན་ནོ།། ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གནས་པ་ཡང་། ནད་ཀྱི་གསོ་བ་བྱེད་པ་འམ་གསོད་པར་བྱེད་པ་བསྟན་ཏོ།། དེ་ལྟར་ལས་ཀྱི་ཚོགས་རྣམས་བཤད་ནས་ཞེས་པ་ནས་ཡང་བ་མ་སྤངས་པས ་དུས་བྱེད་པར་འགྱུརརོ་ཞེས་བྱ་བའི་བོར་དུའོ་ཞེས་བྱ་བའི་བར་གྱིས་ནི། ཏིང་འཛིན་ལ་ཞུགས་པ་འདོད་པ་དང་། མི་འདོད་པའི་རྨི་ལམ་དུ་མཐོང་ནས། དེའི་འབྲས་བུ་བསྟན་ཏོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ལས་ཞེས་པ་ནས། དེ་ལས ་དངོས་གྲུབ་ཐམས་ཅད་རྗེས་སུ་རྟོགས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྨི་ལམ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དཔེས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་ཐེ་ཚོམ་དུ་གྱུར་པ་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གོ་སྤངས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྡུང་པར་བྱེད་པའི་ཚིག་སྟེ་ཞེས་བྱ་བའི་བར་གྱིས་ནི།། ནུས ་པའི་ལན་གྱི་སྒོ་ནས་སྟོན་པ་པོས་སྔགས་དང་། གྲུབ་པ་དང་། སངས་རྒྱས་ཀྱི་ཆོས་དང་། ལུས་ལ་སོགས་པ་ན་མཁའ་རྣམས་ཀྱི་རང་བཞིན་གྱི་འོད་གསལ་བར་བསྟན་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག ་མཆེར་དུ་གྱུར་པ་ནི། ཞེས་པ་ནས་གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་གྱུར་པའོ།། ཞེས་བྱ་བའི་བར་གྱིས་ནི་འཁོར་རྣམས་ཐེ་ཚོམ་ཆོད་པར་གྱུར་ནས་མི་སྨྲ་བར་འཁོད་པར་བསྟན་ཏོ།། རྒྱུ་བ་དང་མི་རྒྱུ་བོ་ཞེས་པ་ནས། དགོངས་པས ་བཤད་པའི་ཞེས་བྱ་བའི་བར་གྱིས་ནི་ལེའུའི་དོན་དང་ལྡན་པའི་མིང་བསྟན་ཏོ།། ལེའུ་བཅོ་ལྔ་པ་མཐའ་དྲུག་གིས་བཤད་པའི་ས་བཅད་པའོ།། །། སྔར་བཤད་པའི་མཚན་ཉིད་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ལེའུའི ་རྩོམ་པ་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱེ་བ་ལ་ཞེས་པ་ན་ས། ཞེས་བྱ་བ་ནས་ལྐོག་མའོ་ཞེས་བྱ་བའི་བར་གྱིས་ནི་མཆོད་པ་སྔོན་དུ་འགྲོ་བའི་བསྟོད་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བ་བསྟན་ཏོ།། རྡོརྗེ ་ཐམས་ཅད་ནི་ཞེས་པ་ནས། འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བའི་བར་གྱིས་ནི། ཁྲུ་བཅུ་དྲུག་དང་། ཁྲུ་ཉི་ཤུའི་སྐུ་དང་གསུང་གི་དཀྱིལ་འཁོར་གྱི་མཚན་ཉིད་དང་ལྡན་པ་དང་། མཆོད་པར་བཅས་པ་བསྟན་ཏོ།། དེ་ལྟར ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནས། གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའི་བར་གྱིས་ནི། གཞན་དེ་བཞིན་གཤེགས་པ་གཉིས་ཀྱི་གཙོ་བྱས་པའི་དཀྱིལ་འཁོར་རམ། ཡང་དེར་འདུས་པར་བྱ་བའི་ཕྱིར། དཀྱིལ ་འཁོར་གཉིས་བསྟན་ཏོ།། དཀྱིལ་འཁོར་གསུམ་གྱི་ཚིག་གིས་ནི་ལེའུ་བཞི་པ་ལསཽ་ཐུགས་ཀྱི་དཀྱིལ་འཁོར་སྨོས་པ་བརྗོད་པར་འདོད་པ་ཡིན་ནོ།། འགྲོལ་པ་བྱེད་པས་ཀྱང་ལེའུ་བཅུ་དྲུག་པའི་དཀྱིལ་འཁོར་དུ། ལེའུ་བཞི ་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྲོས་པ་ཡིན་ཞེས་རང་ཉིད་ཀྱིས་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། རིམ་གྱིས་རྣམ་པར་བརྟག་ཅིང་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་ཕྱག ་རྒྱ་དང་བཅས་པས་ཐིག་གདབ་པ་དང་། ཚོན་གྱིས་བྲི་བ་བསྟན་པ་ཡིན་ནོ།། དེ་ལྟར་ཐུན་མོང་གི་ཆོ་ག་བསྟན་ནས། ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་ལ་སོ་གས་པའི ་རྣལ་འབྱོར་དང་། རང་རང་གི་ཕྱག་རྒྱ་དང་ལྡན་པས། དཀྱིལ་འཁོར་འདྲི་ན། སངས་རྒྱས་ཀྱི་བྱིན་གྱིས་བརླབ་པ་བསྟན་ཏོ།། སྔགས་ཀྱི་སེམས་པ་ཞེས་བྱ་བ་ནས། ཚིམ་པར་བྱེད་པའོ་ཞེས་དགོངསོ་ཞེས་བྱ་བའི་བར་གྱིས་ནི་དཀྱིལ ་འཁོར་རྣམས་ལ་མཆོད་པ་བསྟན་ཏོ།། དེ་ལྟར་ལེགས་པར་བསླབས་པའི་ཞེས་པ་ནས། གསུང་གི་དཀྱིལ་འཁོར་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ།། ཞེས་བྱ་བའི་བར་གྱིས་ནཱི། ཕྱག་རྒྱ་མད་ན ་བླ་མ་དང་སློབ་དཔོན་གཉིས་ཀྱི་དཀྱིལ་འཁོར་ཐིག་གདབ་པར་བྱའོ་ཞེས་བསྟན་ཏོ།། སངས་རྒྱས་རྒྱལ་ཆེན་ལྔ་རྣམས་ནི་ཞེས་པ་ནས། བྱང་ཆུབ་ཀྱི་ཡང་དག་པར་འགྲོ་བ་དམ་པའོ་ཞེས་བྱ་བའི་བར་གྱིས་ནི་ཚོན་སྣ་ལྔའི་བསྒོམ ་པྲ་བསྟན་ཏེ།། དཀྱིལ་འཁོར་འདྲི་བའི་དུས་སུ་ཞེས་པ་ནས། བྷོ་གེགས་བྱེད་པར་མི་ནུས་སོ་ཞེས་བྱ་བའི་བཱ་རཱ་གྱིས་ནི། དཀྱིལ་འཁོར་འདྲི་བའི་དུས་སུ་བགེགས་བསལ་བ་བསྟན་ཏོ།། རྡོ་རྗེ་བུམ་པ་བཞག་བཱ་ནི་ཞེས་པཱ་ནས། སྐྲ ་ཇི་བཞིནི་པ་མ་ཡིན་པའོ་ཞེས་བཤད་པའི་བར་གྱིས་ནཱི་བུམྦྷ་བྱ་བྱིན་གྱིས་བརླབ་པ་དང་། ནང་དང་ཕྱི་རོལ་གྱི་སྦྱིན་སྲེག་བསྟན་ཏོ།། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི། ཞེས་པ་ནས། ཡི་གེའི་བདག་ཉིད་ཅན ་གྱི་སྔགས་པ་རྡོ་རྗེ་འདི་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ནི་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ལྀ་དབབ་པ་བསྟན་ཏོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། སློབ་མ་ལ་དབུགས་དབྱུང་བའོ་ཞེས་བྱ་བའི་བར་གྱིས་ནི།། ་སློབ་མ་ནང་གི་རིམ་པས་དབང་བསྐུར་བ་དོན་དུ་གཉེར་བས་དྲི་བའི་ཚིག་བསྟན་ཏོ།། དེ་ལ་རྡོ་རྗེ་སློབ་དཔོན་གྱིས་ཞེས་པ་ནས་ཞེས་ཀྱང་གསུངསོ་ཞེས་བྱ་བའི་བར་གྱིས་ནི། སློབ་མས་གསོལ་བ་བཏབ་པ་དང་། བླ་མ་དགྱེས་པས ་སློབ་མ་དེའི་ལུས་ལ་སྔགས་ཀྱི་ས་བོན་དགོད་པ་དང་། དམ་ཚིག་དབོག་པ་བསྟན་ཏོ།། སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། སྦྱིན་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཞེས་བྱ་བའི་བར་གྱིས་ནི། སློབ་མའི་བསམ ་པ་ཡོངས་སུ་བརྟ་གསེ་ཤིང་དྲི་བ་སྔོན་དུ་འགྲོ་བས་སྔགས་དང་། དེའི་ལྷའི་སྦྱིན་པ་བསྟེན་ཏོ།། སྔགས་ཀྱི་རྒྱལ་པོའི་ཏིང་འཛིན་ཞེས་པ་ནས། སྤྱན་ལ་སོགས་པར་ཡོངས་སུ་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། གསང་བའི ་དབང་བསྐུར་བ་གཏད་པ་དང་། ལྷའི་དེ་ཁོ་ན་ཉིད་བསྟན་ཏོ།། གནས་དང་གནས་པ་ཐ་མཱི་དད་པཱའི་ཕྱིར། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་མ་བསྟནཱ~ཾ་ཀྱང་བརྟག་པར་བྱ་བ་ཡིན་ཏེ། དཔེར་ནཱ་དཔལ་མཆོག་དང་པོའི་རྒྱུད་ལས།། ་མི་མཉམ་པ་མེད་པ་ནི་གྲུ་བཞིའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་ཞེས་བྱ་བ་ནི་དམ་ཚིག་སྦྱིན་པའི་དུས་སུའོ།། ཞེས་བྱ་བ་ནས་འདི་སྐད་ཅེས་ཀྱང་གསུངསོ་ཞེས་བྱ་བའི་བར་གྱིས་ནི། སློབ་མ་ལ་བདུད་རྩིའི་ཟས ་དདྲང་ཉིན་པར་ལ་སོགས་པའི་དབྱེ་བས་རིལ་བུ་བྱས་ཏེ། ལས་བྱས་པའི་ཟས་ཀྱི་ངོམ་ཚིག་སྦྱིན་ནོ།། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས་པ་ལྔའི ་རིགས་སུ་བསྐྱེད་པ་ལ་བརྟེན་ནས། མངག་གཞུག་བསྒྲུབ་པ་ཕན་ཡོན་དང་བཅས་པ་བསྟོན་ཏོ།། དེ་ལ་འདི་ནི་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི་སྔགས་ཀྱིས་ཀྱང་ལྷག་པར་མངག ་གཞུག་ལ་བསྐལ་བར་བསྟན་ཏོ།། ད་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ་ཞེས་པ་ནས། གསུངས་ཤིང་བཤད་པ་ཡིན་ཞེས་བྱ་བའི་བར་གྱིས་ནི། འཇམ་པའི་རྡོ་རྗེ་བསྒོམ་པ་ལ་བརྟེན་ནས། རྒྱལ་པོ་ལ ་སོགས་པ་དབང་དུ་བྱ་བ་བསྟན་ཏོ།། གདུལྟ་བའི་དོན་གྱི་སྦྱོར་བ་ཞེས་པ་ནཱས། སྒྲུབ་པ་པོས་མཐོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བསྒྲུབ་བྱ་ལོ་ལྷའི་མིག་བ་སྤྱད་པ་བསྟན་ཏོ།། བཀྲེས་སྐོམ་ལ་སོགས་པ་ཞེས་པ་ནས ་རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོ་ར་པའི་ཚིམ་ཞིང་བལྟ་བར་བྱེད་པའི་ཆོ་ག་བསྟན་ཏོ།། དེ་ལྀ་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནས། དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི། རིན ་ཆེནི་འབྱུང་ལྡན་སྐུ་མདོག་སོར་པོ་བསྒོམས་པས། ཞི་བོ་ལ་སོགས་པའི་ལས་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནུས། དེ་ནི་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་སྐུལ་བྱེད་མ་བསྒོམ་པས་མ་རུངས་པ ་འདུལ་བ་བསྟེན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཕྱག་རྒྱ་དྲུག་དང་སྙོམས་པར་ཞུགས་པའི་ཛམྦྷ་ལ་བསྒོམས་པས་རྒྱས་པའོ་ལྷས་གྲུབ་པ་བསྟན་ཏོ།། དེ ་ནས་ཞེས་བྱ་བ་ལ་སོགས་པ་ནི། ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ།། ཞེས་བྱ་བའི་བར་གྱིས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འ་གྲོ་མ་བསྒྲུབ་པ་བསྟན་ཏོ།། དེའི་དབང་གི་འདོད་པ་དང་ཐར ་པཔའི་འབྲས་བུ་ཐོབ་པ་ཡིན་ནོ།། དེ་ལྟར་བྱ་བ་བྱས་པའི་ཞེས་པ་ནས། སྙོམས་པར་འཇུག་པར་རབ་ཏུ་བྱའོ་ཞེས་བྱ་བྱའི་བར་གྱིས་ནི། རིགས་ཀྱི་དབྱེ་བས་བཅོས་པའི་ཆུ་བྱང་དང་། རང་དང་རང་གི་ཕྱག་རྒྱ་བྱས་ཏེ། དེ་དང་ལྡན ་ཅིག་ཏུ་གནས་པར་བྱའོ།། ཟུར་གྱིས་རོགས་པའི་བརྟུལ་ཞུགས་བསྟན་པ་ཡིན་ནོ།། སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི་ཞེས་བྱ་བ་ནས་རིགས་ཞེས་པ་སྔགས་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། ཛཾ་སྙིད་པའི་བསོད་སྙོམས ་ཀྱི་ཆོ་གྲི་ཤེས་པ་དང་། ཕྱག་རྒྱ་ཡང་བགོ་བ་བསྟན་ཏོ།། བསམ་གཏན་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། བུད་མེད་ལ་བལྟོས་པ་མེད་པ་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་བྱོར་གྱིས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ཏི ་དེ་ཉིད་ཀྱི་ཕྱིར་དེ་ལྷུར་ཞེས་པ་ནས། ལེའུ་ཉེ་བར་སྡུད་པའོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གནས་པའི་བརྟུལ་ཞུ་གས་ཀྱི་སྤྱོད་པ་ཕན་ཡོན་དང་བཅས་པ་བསྟན་ཏོ།། དངོས་གྲུབ ་ཐམས་ཅོད་ནི་ཞེས་པ་ནས། སྒྲ་ཇི་བཞིན་པའོ་ཞེས་བྱ་བའི་བར་གྱིས་ནི། ལེའུ་དོན་དང་ལྡན་པའི་མིང་བསྟན་ཏོ།། ལེའུ་བཅུ་དྲུག་པཱ་མཐའ་དྲུག་གིས་བཤང་པའི་སྣ་བཅད་པའོ།། །། རིམ་པ་གཉིས་པོ་ཁོང ་དུ་ཆུད་པས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ལེའུ་རྩོམ་པ་ཡིན་ནོ།། སྡུད་པར་བྱེད་པས་དེ་ནས་ཞེས་པ་ནས། སྒྲ་ཇི་བཞིན་པོའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟོན་པ་པོ་ལ་ཕན་ཡོན ་དང་བཅས་པའི་བསྟོད་པ་བསྟན་ཏུ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། དགོངས་པ་མ་སྦྱིན་པས་བཤད་པ་གནས་བྱ་བའི་བར་གྱིས་ནཱ། རྡོ་རྗེ་འཆུང་ཆེན་པོ་དཀྱུས་ནས་དབུནན་གན། ་བ་རྣམས་ལ་མངོན་དུ་ཕྱོགས་པར་བསྟན་ཏོ།། དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་པ་ནས། ཁྱབ་འཇུག་གི་སྒྲ་ཚིག་ཞེས་བྱ་བའི་བར་གྱིས་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཉན་ཐོས་དང་། ་ཚངས་པ་དང་། དྲག་པོ་དང་། ཁྱབ་འཇུག་གི་དམི་ཚིག་བསྟན་ཏོ།། དེ་ལྟར་ཚངས་པ་ལྔ་སོགས་པ་ཞེས་པ་ནས། གོ་སླའོ་ཞེས་བྱ་བའི་བོར་གྱིས་ནི། ཚངས་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི ་ངོ་བོར་བསྟན་ཏོ།། དེ་ལྟར་གཙོ་བོ་རྣམས་ཀྱི་ཞེས་པ་ནས། བརྩམས་པའི་དོན་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། གནོད་སྦྱིན་མོ་དང་། ཀླུ་མོ་དང་། ལྷ་མིན་མོའི་དམ་ཚིག་བསྟན་ཏོ།། རྡོ་རྗེ་མཁའ་འགྲོ་མ་མཉེས་པར་བྱ ་བའི་ཕྱིར་རོ་ཞེས་བྱ་བ་ནས། ཉེ་བར་སྡུད་པར་བྱེད་དོ།། ཞེས་བྱ་བའི་བར་གྱིས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཇི་ལྟར་འདོད་པར་ཉེ་བར་ལོངས་སྤྱོད་པར་བསྟན་ཏོ།། ཁམས་གསུམ་དུ་འབྱུང་བ་ཞེས་པ་ནས། དེ་སྐད་ཅེས་བཀའ ་སྤྲུལ་ཏོ།། ཞེས་བྱ་བའི་བར་གྱིས་ནི་རིང་བཞིན་གྱིས་འོད་གསོལ་བ་ལ་རབ་ཏུ་ཞུགས་པའི་སྒོ་ནས། ལས་ཀྱི་ལམ་རྣམ་པར་དག་པ་བསྟན་ཏོ།། ད་ནི་བསྒྲུབ་པ་རྩོན་པར་བྱེད་པོའི་སྔགས་སོ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོ ་ཉིད་དུ་བསྐྱེད་པའི་སྤྱོད་པ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། འདུས་པའི་རྣལ་འབྱོར་པའི་ཕྱག་འཚལ་བའི་བྱེ་བྲག་བསྟན་ཏོ།། བསྙེན་པ་ལ་སོགས་པ་ཞེས་པ་ནས། འདི་ནི་ཐོག་མ་མེད་པའི་དུས་ཅན་ནོ།། ཞེས ་བྱ་བའི་བྱར་གྱིས་ནི་དེ་བཞིན་གཽ་ཤེགས་པ་རྣམས་སྙོམས་པར་ཞུགས་པའི་སྤྲོས་པའི་མཚན་ཉིད་ཀྱི་དམ་ཚིག་བསྟོན་ཏོ།། དེ་ལྟར་དེ་ཁོ་ན་ཉིད་རྟོགས་པས་ཞེས་པ་ནས། དེ་བཞིན་གཤེགས་པ་མཉེས་པར་བྱེད་པའི་དམ ་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། སྤྲོ་བ་དང་བསྡུ་བའི་རིམ་པ་བསྟན་ཏོ།། དེ་ཁོ་ན་ཉིད་རྟོགས་པ་རྣམས་ཞེས་པ་ནས། སེམས་ནི་མཉམ་པར་བཞག་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི ་བདུད་རྩི་མྱང་བ་བསྟན་ཏོ།། དེ་ལྟར་ནང་གི་བདག་ཉིད་ལ་ཞེས་པ་ན་སི། དག་པ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩ་ལཱ་ཏོ་ཞེས་བྱ་བའི་བར་གྱིས་ནི་ཟས་དང་སྨྲ་བྱ་དང་། སེམས་ལ་སོགས་པཱ་ལ་རྣམ་པར་སྣང་མཛད་ལ་སྩོགས ་པའི་བསྒོམ་པ་བསྟན་ཏོ།། གིང་སྤུར་འདས་པ་དང་ཞེས་པ་ནས། ཅང་མཱི་གསུང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི། ལས་ཀྱི་སྦྱོར་བ་ཐམས་ཅད་འོད་གསལ་བ་ཉིད་ལ་འཇུག་པ་ཉིད་རྣམ་པར་དགྱི་བར་བསྟན་ཏོ། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཞེས་པ་ནས། ཞེས་སྦྱར་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔས་ཞུ་བ་བྱས་པ་ནི། རྡོ་རྗེ་འཆང་ཆེན་པོས་བཤད་པའི་སྒོ་ནས། ་དེ་དག་གི་ཐེ་ཙོས་སེལ་བ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལྱཱ་ཞེས་པ་ནས། འདྲ་བར་ཉེ་བར་གདགས་པར་མཛད་པ་ཡིན་ནོ།། ཞེས་བྱ་བའི་བུར་གྱིས་ནི་རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན ་ཉིད་ནི་རྙེད་པར་དཀའ་སྟེ། འོན་ཀྱང་འགྲོ་བ་ཐམས་ཅད་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དང་། ཞེས་པ་ནས། རྣམ་པར་བརྟགས་ན་མི་རྙེད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི།། ་བཅོམ་ལྡན་འདས་ཉིད་ཀྱི་ཏིང་ངེ་འཛིན་བསྟན་ཏོ།། དེ་ལྟར་རྡོ་རྗེ་འཆང་ཚན་པོའི་ཏིང་འཛིན་ངེས་པར་བྱས་ནས་ཞེས་པ་ནས། ངོ་མཚར་དུ་གྱུར་པའི་གནས་སྐབས་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བའི་བར་གྱིས་ནཱི། ཞུས་པ་ལ ་ལན་གདབ་པའི་སྒོ་ནུས། རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་གཏན་ལ་ཕབ་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནས། ངོ་མཚར་གྱི་རྒྱུའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཽ་ཤེགས་པས་གསུངས་པའི་དེ་ཁོ་ན་ཉིད ་ལ་འཁོར་རྣམས་ཀྱི་རྗེསུ་ཡིད་རང་བར་བསྟན་ཏོ།། དེ་ལྟར་མཚན་མ་མེད་པའི་ཏིང་འཛིན་ངེས་པར་བྱས་ནས། ཞག་བདུན་གྱིས་རྩེ་གཅིག་པ་ཐོབ་པས་ཞེས་པ་ནི་ཞེས་བྱ་བའི་བར་གྱིས་ནི། ཐུགས་རྡོ་རྗེ་བསྒོམས་པས ་དབང་པོ་གཉིས་ཀྱི་མཚོན་པས་སྙོམས་པར་ཞུགས་པ་བསྟན་ཏོ།། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ནི་ཞེས་པ་ནས། དེ་སངས་རྒྱས་ཉིད་ཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་ནི་དམ་ཆོག་ཕྱག་རྒྱ་དང ་ལྷན་ཅིག་སྙོམས་པར་ཞུགས་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མཉམ་པར་བཞག་པའི་ཞེས་པ་ནས། སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་རོལ་གྱི་ཕྱག་རྒྱ་སྤངས་ནས། སྐུ་རྡོ་རྗེ་ལ་སོགས ་པའི་དམ་ཚིག་གསུམ་བསྟན་ཏོ།། སྤྱོད་པ་གསུམ་ལ་གནས་པ་ཡི་ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་རོལ་གྱི་དཀྱིལ་འཁོར་ལ་མངོན་པར་ཞེན་པོ་བསལ་ནས། ཕུང་པི་ལ་སོགས ་པ་ཉིད་དེ་བཞིན་གཤེགས་པ་ཉིད་དུ་བསྟན་ཏོ།། དེ་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནས་དོན་དམ་པའི་བདེན་པ་ལ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་འོད་གསལ ་པ་ཉིད་ལ་བཞུགས་པར་བསྟན་ཏོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ནས། དེའི་ཕྱིར་བྱམས་པ་ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་རྡོ་རྗེ་སློབ ་དཔོན་གྱི་མཚན་ཉིད་ཞུས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རྡོ་རྗེ་སློབ་དཔོན་བསྟན་ཏོ།། དེ་ལྟར་བྱམས་པ་ཅང་མི་སྨྲ་བར་གྱུར་པས་ཞེས་པ་ནས། ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ཞུས་པའི་ལེན ་དང་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ཕན་ཡོན་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་དང་། དེ་བཞིན་དུ་རིན་ཆེ་ནི་རྒྱལ་པོ་ཞེས་བྱ་བའི་མདོ་ཆེན་པོ་དང་། དེ་བཞིན་དུ་བཅོམ་ལྡན་འོངས་མ་སྟོང་ཕྲག་བརྒྱ་པ་ཚད་མར་བྱས་ནས ་རྡོ་རྗེ་འཆང་ཆེན་པོས་གསུངསོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བའི་བར་གྱིས་ནི། མི་བསྐྱོད་པ་ལ་སོགས་པའི་སྐུ་ལྷ་མོ་བཞིས་བསྐོར་བའི་ནང་དུ ་རྡོ་རྗེ་འཆང་ཆེན་པོ་བཞུགས་པ་བསྐྱེད་ནས། སློབ་མ་ལ་དབང་བསྐོར་བ་ནང་གི་རིམ་པ་ཕན་ཡོན་དང་བཅས་པ་གསུངས་སོ།། གཞན་ཡང་གདུག་པ་ཞེས་བྱ་བ་ནས། སྦྱོར་བའི་ཕུལ་དུ་བྱུང་བའི་ཁྱད་པར་བསྟན་པའི ་ཞེས་བྱ་བའི་བར་གྱིས་ནི། རྡོ་རྗེ་མཁའ་འགྲོ་ཕྱག་དྲུག་པ་བསྒོམས་པས་མ་རུངས་པ་ཚྭར་བཅད་པར་བསྟན་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལཱྀ་ཞེས་པ་ནས། འདའ་བར་མི་བྱ་བའི་དམ་ཚིག་གོ་ཞེས་བྱ་བའི ་བར་གྱིས་ནི་ནང་གི་སྦྱིན་སྲེག་དང་ཐུན་མོང་གི་མཆོད་པ་བསྟན་ཏོ་དེ་ལྟར་ཐུན་མོང་གི་མཆོད་པ་བསྟན་ནས་ཞེས་པ་ནས། ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བདག་དང་གཞན་གྱི་ཆེ་དུ་ཐུན་མོང་གི་མཽཆོད་པ ་བསྟན་ཏོ།། དེ་ལྟར་བདག་དང་གཞན་ལ་མཆོད་པ་བསྟན་ནས། ཞེས་པ་ནས་ཕུལ་དུ་བྱུང་བའོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་གྱི་ཁམས་མཐའ་དག་ལ་མཆོད་པ་བསྟན་ཏོ།། དེ་ལྟར་མཆོད་པའི་རྣམ་པ་བསྟན ་ནས། ཞེས་པ་ནས། དམིགས་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པའི་འཇུག་པ་བསྟན་ཏོ།། དེ་ལྟར་རྣལ་འབྱོར་པས་སེམས་ཅན་རྣམས་ཀྱི་ཡུལ་ལ་རབ་ཏུ་འཇིག་པ་བསྟེན་ནས་ཞེས་པ ་ནུས། ཞེས་བྱ་བའི་ཕན་ཡོན་ནོ་ཞེས་བྱ་བའི་བར་གྱིས་ནི། རྣལ་འབྱོར་པ་སྐྱོ་བར་གྱུར་ན་བདུད་རྩིས་བདའ་ཞིང་ཚིམ་པར་བྱ་བ་བསྟན་ཏོ།། རྫོགས་པའི་རིམ་པ་རྟོགས་པར་གྱུར་པ་ཞེས་པ་ནས། མངོན་པར་ཞེན་པ་མེད་པ་ལ ་ནི་དགག་པ་ཡོད་དོ།། ཞེས་བྱ་བའི་བར་གྱིས་ནི། འདུས་པའི་རྣལ་འབྱོར་པོས་ཕྱི་རོལ་གྱི་མཆོད་རྟེན་ལ་ཕྱག་ལ་སོགས་པ་ལ་མངོན་པར་ཞེན་པ་སྤང་བར་བསྟན་ཏོ།། ལེའུ་བཅོ་ལྔ་པ་ལས་གསུངས་པ་ཞེས་པ་ནས ་དེ་ཁོ་ཟླ་ཉིད་ལ་གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། དུག་སོལ་བ་བསྟོན་ཏོ།། དེ་ལྟར་དུག་བསལ་བ་ཞེས་པ་ནས། ཀུན་ཏུ་བཟང་པོས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་ནང་གསོས་པའི་སྐྱེས་བུ་ལ་ཕྱི་ནས་ནད ་ཡང་མི་སྐྱེ་བར་བྱ་བའི་ཕྱིར། བདུད་རྩི་ཐབས་ཀྱི་སྦྱོར་བ་བསྲུང་བའི་འཁོར་ལོ་བསྟན་ཏོ།། དེ་ནས་སྡུད་པར་བྱེད་པ་ཞེས་པ་ནས་ཅང་མི་གསུང་བར་གྱུར་ཏོ།། ཞེས་བྱ་བའི་བར་གྱིས་ནི་འཁོར་གྱི་ཞུས་པོས་བཅོམ་ལྡན་འད་ཀྱི་རྒྱུད ་བདག་ཉིད་བསྟན་ཏོ།། ཞེས་བྱ་བ་ནི་དེ་ལྟར་ཐེ་ཚོ་མ་དང་བྲལ་བའི་ཞེས་པ་ན་སྭཱ། ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། སྔོན་དུ་བྱུང་བའི་སྒོ་ནས་མངོན་བྱུང་བ་རྙེད་པར་དཀའ་ལ། དེ་ལྟར་ནི་རྒྱུད ་འདི་རྙེད་པར་སླ་བར་བཅོམ་ལྡན་འདས་ཀྱིས་གསུངསོ།། གསང་བ་འདུས་པ་འདི་ལ་ཞེས་པ་ནས། དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་ལ་ཐེ་ཚོམ་དུ ་གྱུར་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེ་ཚོམ་སྤང་བ་བསྟན་ཏོ།། དེ་ལྟར་དེ་བཞིན་གཤེགས་པ་ཞེས་པ་ནས། འདིའི་དོན་ནི་བཤད་ཟིན་པའོ་ཞེས་བྱ་བའི་བར་གྱིས་ནི་དེ་བཞིན་གཤེགས ་པའི་དོན་བྱས་ཟིན་པའི་ཕྱིར། བཅོམ་ལྡན་འདས་ལ་རབ་ཏུ་ཞུགས་པར་གྱུར་ཏོ།། དེ་ལྟར་འོད་གསལ་བའི་བདག་ཉིད་ཅན་ཞེས་པ་ནས། སྲོག་རྩོལ་བས་གསོན་པར་མཛོད་ཅིག་ཅེས་བྱ་བའི་བར་གྱིས་ནི། ལྷ་མོ་བཞི་བྲོས་ཚིག ་བཅོམ་ལྡན་འདས་བཞེངས་པར་བསྟན་པ་ཡིན་ནོ།། དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་ཡང་དག་པར་བསྐུལ་བར་གྱུར་པ་དང་ཞེས་པ་ནས་ཀུན་ཏུ་བཟང་པོ་ཞེས་སྔོན་མ་བྱུང་བའི་དོན་གྱི་མིང་ཅན་དུ ་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་པ་ཡོངསུ་བཟུང་བ་ན། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་བསྟན་ཏོ།། དེ་ལྟར་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་ནས། ཞེས ་པ་ནས་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་གི་དོན་ཡིན་ནོ་ཞེས་བྱི་བིའི་བར་གྱིས་ནི་རྡོ་རྗེ་འཆུང་ཆེན་པོ་འོད་གསལ་ལས་བཞེངས་ནས་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ཏོ།། དེ་ལྟར་གསང་བ་བསྟན་པ ་ཡོངསུ་རྫོགས་ནས་ཞེས་པ་ནས། དེ་བཞིན་གཤེགས་པའི་གསུང་ཇི་ལྟ་བ་བཞིན་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་ནི། ཕྱག་ན་རྡོ་རྗེ་འོས་གྱུར་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོས་རྒྱུད་གཏད་པར་མཛད་པ ་ཡིན་ནོ།། རྒྱུད་གཏད་པའི་འོག་ཏུ་ཞེས་པ་ནས། ཞེས་མཐར་ཐུག་པ་གསུངས་པ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་ནི། རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་། མི་བསྐྱོད་བ་རྣམས ་སེམས་ཅན་གྱི་ཁམས་མཐའ་དག་གི་ལུས་དང་། ངག་དང་སེམས་ལ་དེའི་བདག་ཉིད་དུ་རྣམ་པར་ཞུ་ནས། འོད་གསལ་བ་ལ་དམིགས་པར་བསྟན་ཏོ།། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ ་དྲིན་གྱིས་རྒྱུད་ཀྱི་དོན་དང་ཚུལ་ཞེས་པ་ནུས་ཕ་རོལ་གྱི་མཐའ་ངེས་པར་བྱའོ།། ཞེས་བྱ་བའི་བར་གྱིས་ནི་འཕགས་པ་ལངྐར་གཤེགས་པ་ལས། བཅོམ་ལྡན་འདས་ཀྱིས་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པ། ་རང་གི་སློབ་དཔོན་ལ་དད་པས་ཕན་ཡོན་བསྟན་པ་ཡིན་ནོ།། ད་ནི་རྒྱུ་དཽ་ཉེ་བར་སྡུད་བར་བྱེད་དེ་ཞེས་པ་ནས། ལེའུ་ཞེས་བྱ་བའི་བར་གྱིས་ནི་སྡུད་པ་པོས་རྒྱུད་ཀྱི་མཇུག་བསྡུ་བཱ་དང་། དོན་དང་ལྡན་པའི ་མིང་ལེའུ་བསྟན་ཏོ།། བདེ་བར་གཤེགས་བྱ་གསུང་ཤིན་ཏུ་ཕྲ་བའི་རྣལ་འབྱོར་རྒྱུད་ཅེས་པ་ནས། བདེ་བ་དམྱ་པོའི་གནསྣ་མཆོག་ཟླ་བའི་བློ་དང་འགྲོ་བྱ་རྣམས་ནི་ལྡནྡ་པརཱ་ཤོ་ག་ཅེས་བྱེ་བའི ་བར་གྱིས་ནི། རང་གི་འགྲེལ་པའི་ཕན་ཡོན་དང་། བསོད་ནམས་བསྔོ་བ་བསྟན་ཏོ།། མཐའ་དྲུག་ས་གཅོད་བྱས་པ་ཡི།། དགེ་བ་བདག་གིས་གང་ཐོབ་པ།། དེས་ནི་འཇིག་རྟེན་མ་ལུས་པ། ་འཇམ་པའི་གཞོན་ནུ་འདྲ་བར་ཤོག། འཇིག་རྟེན་དབང་ཕྱུག་ལྷན་ཅིག་བདེ་བའི་ཏིང་འཛིན་གནས།། སྤུ་སྟེང་གུས་པས་བརྟནྡ་པ་འཁོར་བའི་གདུང་བ་སེལ།། གང་གི ་དྲིན་གྱི་དབང་གིས་བདག་གི་དག་འབྱོར་པ།། དྲག་གྲི་དབང་ཕྱུག་གོས་དཀར་མོ་ཉིད་རྒྱལ་གྱུར་ཅིག། སྒྲོན་མ་གསལ་བར་བྱེད་པའི་ལེའུ་བཅུ་བདུན་པའི་ས་བཅད་པའོ།། ། ་སྒྲོན་མ་གསལ་བའི་མདོར་བཤེད་པོའི་ས་གཅོད་སྙིང་གི་མེ་ལྡོང་ཞེས་བྱ་བཱ། དཔལ་ལཀྵྨཱི་ཀ་རིའི་ཞལ་སྔ་ནས་ཀྱི་སློབ་མཔཎྜི་ཏ་མཁས་པཱ་ཆེན་པོ་ཀུ་མཱ་རས་མཛད་པ ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གཞོན་ནུ་བུམ་པ་ཅན་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་མིངྒ་ཝཾ། ་