| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པྲ་དཱི་པོ་དྱོ་ཏ་ནོ་དྱོ་ཏཿནཱ་མ་པཱཉྫི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པའི་གསལ་བྱེད་ཅེས་བྱ་བའི་དཀའ་འགྲེལ། དཔལ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སློབ་དཔོན་དང་འདུས་པར།། རབ་ཏུ་བཏུད། ་ནས་བཤད་པར་བྱ།། འབྲས་ལ་མངོན་པར་བརྗོད་པའོ།། སྒྲོན་མེ་གསལ་བྱེད་གསལ་བའོ།། ཅི་ལྟར་འབྲས་བུ་དང་ལམ་མངོན་པར་བརྗོད་པ་པོར་བརྗོད་ཅེ་ན།། འདུས་པ་ཕྱི་མར་ཡང་གསུངས་པ།། རྒྱུད་ནི་རྒྱུན་ཆ་གོས་ཞེས་བརྗོད་དེ།། རྒྱུན་དེ་རྣམ་པ་གསུམ ་དུ་འགྱུར། ཞེས་སོ།། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ལ།། དཔལ་ནི་གཉི་སུ་མེད་པའི་ཡེ་ཤེས་ཏེ། དེའི་རྗོད་བྱེད་ཡིན་པའི་ཕྱིར་དང་། དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་དཔལ་ལྡན་ཏེ། དབྱེ་བ་མེད་པ་ལ་ཡང་ལྡན་པར་བརྗོད་དེ། གཟུགས་དང་ལྡན ་པ་བཞིན་ནོ།། རྒྱུད་རྒྱལ་ཞེས་བྱ་བ་ནི་འདུས་པ་ཕྱི་མར་ཡང་གསུངས་པ་ཨེ་མ་ཤིན་ཏུ་རྙེད་དཀའ་བ། ཐབས་འདི་བྱང་ཆུབ་སྒྲུབ་བྱེད་ཡིན།། གསང་བ་འདུས་པ་ཞེས་བྱའི་རྒྱུད་དོ།། རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ།། ལེགས་པར་གསུངས་པའི་རྒྱུད་འདི་ནི།། རྒྱུ ་ཀུན་གྱི་ནི་བདག་པོ་མཆོག་ཅེས་སོ།། འདིར་འཆད་པར་འགྱུར་བ་ལས་ཀྱང་གསུངས་པ། ཇི་སྲིད་ཡ་ར་ལ་ཝ་ཞེས་པ་ལ་སོགས་པས་སོ།། གསལ་བར་རྣམ་ཕྱི་ཞེས་པ་ནི། རྣམ་པར་འབྱེད་པར་བྱེད། རྣམ་པར་བཤད་པར་བྱེད་པ་ལ། འདུས་པ་ཕྱི་མ་དང་། ་དགོངས་པ་ལུང་སྟོན་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་ཀྱི་འཕྲལ་དུ་སྐབས་སུ་བབ་པར་རྣམ་པར་བཤད་པས། རྒྱུད་གསུམ་དུ་ཟད་པར་ཤིན་ཏུ་གསོལ་བ་རྣམས་ཀྱིས་འདུས་པའི་དོན་རྣམ་པར་བཤད་པར་བྱེད་པ་ཉིད ་རྩོམ་པ་ཉིད་འདི་རྣམ་པ་རབ་ཏུ་འཇུག་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཤིན་ཏུ་ལེགས་བཤད་པ་ཞེས་པ་ནི་ཡང་དག་པར་བརྗོད་པ་སྟེ། འཆང་བར་འགྱུར་བ་ཡང་།། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས།། བཤད་སྨྲ་ཤིན་ཏུ་རྙེད་པར་དཀའ ་འདི་ལྟར་དྲངས་ཏེ་བཤད་པ་ནི།། རྣལ་འབྱོར་རྒྱུད་ལས་གཞན་དུ་མིན་ཞེས་སོ།། དེའི་དགོངས་པ་ནི་འདི་ཡིན་ཏེ།། གལ་ཏེ་ཡང་མདོ་དང་རྒྱུད་དང་རྟོགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱིས་འདུས་པའི་དེ་ན་སོ་སོར་རྟོགས་པར ་བྱའོ།། དེ་ལྟར་ཡང་བཞི་པོ་འདི་ཉིད་ཀྱིས་ལེགས་པར་དྲངས་ཏེ་ཡང་དག་པར་སོ་སོར་རྟོགས་པའི་ཡུལ་དུ་རྒྱ་ཆེར་འགྲེལ་གྱིས་བཤད་པ་ནི་འདུས་པའི་རྒྱུད་ཀྱིས་བཤད་པར་བྱ་བ། རྒྱུད་དག་གི་འབྲེལ་པ་ཡང་དག་པར་གསལ་བར་བྱེད་དོ།། མཐའ་དྲུག་གི་ནི་འཆིང ་བས་བཅིངས་པ་ཞེས་པ་ནི། འཆིང་བ་ལྟ་བུས་བཅིངས་པས་རང་དབང་མེད་པ་ཅན་དུ་བྱས་པའོ།། མཐའ་དྲུག་གི་དོན་གྱི་འཆིང་བ་ནི་མཆོག་ཏུ་འདས་པ་རང་གི་དྲང་ཉིད་མ་ཡིན་པའི་དོན་གཞན་མངོན་པར་བརྗོད་པར་ནུས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གང་ཞིག་འདིར་ཇི་བཞིན ་པའི་དོན་ཙམ་དུ་འཆད་པར་བྱེད་དེ། རིམ་པ་ལྔ་རྣམས་མཐར་གྱིས་གནས་པ་མེད་པར་མཆོག་ཏུ་འདས་པའི་དོན་གཞན་སྟོན་པར་བྱེད་དེ། དེ་ནི་ཡང་དག་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་བར་ཡང་། རིམ་པ་འདི་ཉིད་ཀྱིས་ནི། བཞུགས་པའི་ཚིག་ནས་བརྩམས་ཏེ། མཐའ ་རྣམ་པ་དྲུག་ཏུ་བཤད་པ་དང་། རྣམ་པ་བཞིར་བཤད་པ་འདིས་དཔལ་འདུས་པའི་དོན་རྒྱུས་བཏབ་པོ།། དེ་མ་རྟོགས་པར་ཇི་བཞིན་པར་བཤད་པའི་སྒྲ་དོན་ཙམ་ལ་བརྟེན་ཏེ། ཡུལ་རྣམས་ལ་ཆགས་པ་རྣམས་འགལ་བ་དང་། ཤིན་ཏུ་རྨད་དུ་གྱུར་པའི་བྱ་བ་བྱས་ནས ་ལས་ཀྱི་དབང་དུ་འགྲོ་བར་འགྱུར་རོ་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ།། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས།། དེ་དག་ཉམས་པས་ཐར་པ་གྲུབ་ཡོད་མིན།། ཞེས་པ་ལ་སོགས་པའོ།། ་ཡན་ལག་བཞི་པ་ལ་སོགས་པའི་སྒྲུབ་ཐབས་བྱས་པ་དེ་སྒོམ་པ་པོ་རྣམས་ཀྱི་ཏིང་ངེ་འཛིན་སྐྱེ་བར་ཁྱད་པར་དུ་སྒྲོགས་པ་གང་ཡིན་པ་དེ་ཅི་ལྟ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་དེ་ལ་ཡང་ལ་ལ་བདག་ཏུ་མཐོང་བ་མེད་པར་ཕྱི་རོལ་ལྟ་བུར་སེམས་པར ་འགྱུར་རོ།། ཡོངས་སུ་དག་པའི་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་རིམ་པ་ཡོངས་སུ་ཤེས་པ་ལས། དེ་བྱས་པ་དེ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སངས་རྒྱས་ཉིད་དོ།། མཐའ་དྲུག་གིས་ནི་འཆིང་བ་རྣམས་ཀྱིས་ཤེས་པའི་མང་པོའི་ཚིག་ནི་དོན་དྲུག་པོ་རྣམས་ཀྱིས་མང་བའི ་ཕྱིར་དང་། གང་བཤད་པ་རྣམས་བཞི་ནི་ཉེ་བར་མཚོན་པའི་དོན་ཡང་རུང་སྟེ། མཐའ་དྲུག་གི་སྒྲ་ཉིད་ཀྱིས་དོན་དྲུག་གསུངས་པ་ཉིད་ཀྱི་ཕྱིར་རོ།། འཆིང་བ་རྣམས་ཀྱིས་ནི་དོན་བཅིངས་པ་ལྟ་བུས་རང་དབང་མེད་པར་བྱས་ནས། དེ་རྣམས་བརླིང་བ་ལ་སོགས་པ་བཞིན་ནོ།། རྒྱལ ་སྲས་ཡུལ་གྱུར་ཞེས་པ་ནི་རྒྱལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། དེ་རྣམས་ཀྱི་སྲས་པོ་ནི་ཐུགས་ལས་སྐྱེས་པའི་ཀླུ་སྒྲུབ་ཀྱི་ཞབས་དང་། དེ་དང་མཚུངས་པ་གཞན་ཡང་ངོ་།། དེ་རྣམས་ཀྱི་སྤྱོད་ཡུལ་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། རིན་པོ ་ཆེའི་གང་ཟག་ཀྱང་སྟེ། རྒྱལ་བའི་སྲས་ཀྱི་སྐལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཏེ། དེ་དག་གི་ཡུལ་ལོ།། འདུས་གང་ཡིན་ཞེས་པ་ནི་སྦྱོར་བའོ།། ཅི་རྣམས་ཀྱི་ཞེས་གསུངས་པ། རྒྱལ་བ་ཡི་སྟེ་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟེ།། འདུས་པ་ཕྱི་མར་ཡང་གསུངས་པ ་འདུས་པ་སྦྱོར་བར་རབ་གསུངས་ཏེ།། སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད།། ཅེས་སོ།། གལ་ཏེ་འདི་རྒྱལ་སྲས་ཀྱི་ཡུལ་ཡིན་ན། ཅི་ལྟར་དོན་གྱི་དངོས་པོ་རྣམས་འདིར་རྣམ་པར་བཤད་པ་རབ་ཏུ་འགྲེལ་པར་འགྱུར་ཞེ་ན། གསུངས་པ། དེ་ནི་དཔལ་ཀླུ ་སྒྲུབ་ལས་རྙེད་པ་ཞེས་པ་ནི། ཀླུ་སྒྲུབ་ཞབས་ཀྱི་རྒྱུད་པ་ལས་རྙེད་པ་སྟེ། མདོ་དང་བསྲེ་བར་བྱེད་པ་རུ་གསུངས་པ་ཡང་།། དཔལ་ཀླུ་སྒྲུབ་ཀྱི་ཞབས་ཀྱི་རྒྱུད་པ་ལས་འདུས་པའི་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་ཞེས་བྱ་བ་ལ་སོགས་པའོ།། རིམ་གཉིས་གནས་ཞེས་པ་ནི ་རིམ་པཟུང་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཏེ། དེ་དག་གི་རྟེན་ནོ།། དེ་དག་འདིར་སོ་སོར་སྟོན་པའི་ཕྱིར་ཏེ། རིམ་པ་གཉིས་ལ་བརྟེན་ནས་ནི། རྡོ་རྗེ་ཅན་གྱི་ཆོས་སྟོན་ནོ།། ཞེས་བྱ་བ་ལ་སོགས་པ་འདུས་པ་ཕྱི་མར་གསུངས་སོ།། རིམ་པ་ལྔ་ཡི་བསྡུས་པའི་དོན། ་ཤེས་ནས་མཐའ་དྲུག་ལ་འཇུག་གོ།། ཞེས་འཆད་པར་འགྱུར་བ་མ་ཡིན་ནམ། དེ་རིམ་གཉིས་ཀྱི་གནས་ཅི་ལྟ་ཡིན་ཞེ་ན། རིམ་པ་ལྔ་པོ་འདི་དག་ཉིད་བསྐྱེད་པ་དང་། རྫོགས་པའི་རིམ་པ་དག་གི་ནང་དུ་གཏོགས་པའི་ཕྱིར། དེ་ནི་རྫོགས་པ་དང་ལས་རབ་འབྱམས་ལ་སོགས ་པ་བྱེད་པ་རྣམས་ཏེ་འདིར་ཉེས་པ་མེད་དོ།། རིམ་པ་གཉིས་ཀྱི་དམིགས་པ་རྣམས་སྐུ་ལ་སོགས་པའི་རྣམ་པར་བྱས་པ་ནི་ལུས་རབ་འབྱམས་ལ་སོགས་པའི་མངོན་པར་བརྗོད་བྱའོ།། རྒྱས་བཏབ་པ་ནི་ལེགས་པར་གསུངས་པ་སྟེ། བླ་ན་མེད་ཅིང་གཞལ་དུ་མེད་པའི་ཡོན་ཏན ་གྱི་རྟེན་ཡིན་པའི་ཕྱིར།། འདུས་པ་རིན་པོ་ཆེ་ལ་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་པའོ།། སངས་རྒྱས་ཀྱིས་ཞེས་པ་ནི་ཉེ་བར་མཚོན་པ་སྟེ།། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་།། དཔལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་དཔལ་ནི་ཤེས་རབ་བོ།། ་རྡོ་རྗེ་བཞིན་དུ་སེམས་དཔའི་ཕྱིར།། རྡོ་རྗེ་སེམས་དཔའ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ།། དཔལ་ལྡན་ཡང་དེ་ཡིན་ལ།། རྡོ་རྗེ་སེམས་དཔའ་ཡང་དེ་ཡིན་པའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའོ།། བཤད་ཅེས་པ་ནི་ཇི་ལྟར། ་ཐོས་པ་དང་ཇི་ལྟར་རྟོགས་པར་བྱེད་པ་ནི་འཆད་པར་བྱེད་པ་སྟེ། རང་དབང་གིས་རྡོ་རྗེ་འཆང་ཆེན་པོ་བཞིན་ནམ། གཞན་དབང་གིས་འཕགས་པ་བཞིན་ནོ།། དེ་ཉིད་ཀྱི་ཕྱིར། རིམ་པས་ཞེས་གསུངས་ཏེ། རིམ་པ་ལྔའི་གོ་རིམ་གྱིས་སོ།། དེ་གསུངས་པ། བསྐྱེད་པའི ་རིམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པ་ནི་བསྡུས་པའི་རིམ་པ་སྟེ། རིགས་བརྒྱ་ལ་སོགས་པ་སྤྱོད་བསྡུས་སུ་གསུངས་པའི་ལུས་རྣམ་པར་དབེན་པ་ཡང་དག་པར་བསྡུས་པའོ།། དང་པོ་ཡིན་ཞེས་བྱ་བ་ནི་དང་པོ་པའི་ཡུལ་ཡིན་པའི་ཕྱིར་དང་། རགས ་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ།། གསང་སྔགས་ཀུན་ནི་རབ་སྒྲུབ་བྱེད། ཅེས་པ་འདིས་བསྐྱེད་པའི་རིམ་པའི་སྒྲ་ལ་ཡེ་ཤེས་ཀྱི་སྐུ་རྣམ་པར་གཅོད་པ་སྟེ། ཡེ་ཤེས་ཀྱི་སྐུ་ལ་ཡང་ཡེ་ཤེས་ཀྱི་རིམ་པས་བསྐྱེད་པའི་ཕྱིར་རོ།། ལུས་རྣམ་པར་དབེན་པ་མེད་པར ་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་པའི་ཕྱིར་རོ།། ཞེས་སྤྱོད་བསྡུས་སུ་གསུངས་པའི་ཕྱིར། ལུས་རྣམ་པར་དབེན་པ་ལས་གཞན་པའི་ངག་རྣམ་པར་དབེན་པའི་རིམ་པའོ།། དེའི་ཕྱིར་གསུངས་པ། སེམས་ལ་དམིགས་པ་ཙམ་ཞིག་ནཱི། ཞེས་བྱ་བ་ལ ་སོགས་པ་སྟེ། སེམས་ལ་དམིགས་པ་ནི་སེམས་ལ་དམིགས་པ་སྟེ། དེ་ཙམ་ཞིག་ན་དེའི་འབྲས་བུའོ།། གང་གསུངས་པ། ཇི་སྲིད་རླུང་ནི་མི་རྒྱུ་ཞིང་།། སྣང་བ་མི་གཡོ་བར་གྱུར་པ་ཞེས་སོ།། ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕུང་པོ ་དང་། ཁམས་དང་སྐྱེ་མཆོད་དང་། ཡུལ་ལ་སོགས་པ་རིམ་པ་དང་པོར་ལྷའི་གཟུགས་དེས་རྣམ་པར་རྟགས་པ་ལ། སེམས་ཙམ་དུ་ཀུན་ཏུ་སྣང་བ་ལ་སོགས་པ་སྣང་བ་གསུམ་པོ་ཁོ་ན་རིམ་པ་གཉིས་པ་ཞེས་བྱ་བ་འདིས་རིམ་པ ་གཞན་འདིའི་རྣམ་པར་གཅོད་པར་སྟོན་ཏོ།། ལུས་ལ་བརྟེན་པ་མེད་པར་འབྱུང་བ་དང་། འཇུག་པའི་བདག་ཉིད་ཅན་གྱི་རླུང་གི་དེ་ཁོ་ན་ཉིད་དང་། བརྗོད་པའི་བདག་ཉིད་ཅན་གྱི་སྔགས་ཀྱི་དེ་ཁོ་ན་ཉིད་དག་ཉེ་བར་དམིགས་པ་མེད་པའི་ཕྱིར་འདི་དང་པོ་མ་ཡིན་ཏེ། ་རྟོག་པའི་རྣལ་འབྱོར་པའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་བའི་ཕྱིར་དང་། འདི་སེམས་རྣམ་པར་དབེན་པར་བརྗོད་པ་ཅན་ཉིད་ཀྱི་ཕྱིར། གསུམ་པ་མ་ཡིན་ནོ།། ཡིད་འོང་རིམ་པ་གསུམ་པ་ཡིན་ཞེས་པ་ནི། གསུམ་པ་ཞེས་པ་གཉིས་པའི་ཕྱོག ་ལས་འདི་ཕྲ་བའི་ཕྱིར་དང་། བཞི་པའི་ཕྱོགས་ལས་རགས་པ་ཉིད་ཡིན་པའི་ཕྱིར་གསུམ་པའོ།། ཀུན་ཏུ་སྣང་བའི་སྣང་བ་ལ་སོགས་པ་གསུམ་པོ་ཉིད་རང་བྱིན་གྱིས་བརླབས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། རང་བྱིན་གྱིས་བརླབ་པ་ལ་སེམས་རྣམ་པར་དབེན་པ ་ཐ་མི་དད་དེ་གསུངས་པ་ཡང་། སྣང་བ་གཉི་གའི་རྒྱུར་གྱུར་པ།། བདག་གི་དངོས་པོར་རྣམ་པར་བརྟགས།། ཞེས་དང་། ཡེ་ཤེས་གསུམ་པོ་རྣམ་པ་མེད་པ་ཞེས་སྤྱོད་བསྡུས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ཡེ་ཤེས་གསུམ་གྱི་འབྲས་བུ་ཡིན ་པ་ཉིད་ཀྱི་རིམ་པ་གསུམ་པར་མངོན་པར་བརྗོད་པར་བྱ་སྟེ། ཐོག་མར་བཤད་པའི་རིམ་པ་གཉིས་པོ་དག་གིའང་དེ་འབྲས་བུ་དག་ཏུ་མངོན་པར་བརྗོད་པའི་ཕྱིར་རོ།། ཡིད་འོང་ནི་འོད་ཟེར་ལྔ་ཡང་དག་པར་མཆོག་ཏུ་འབར་བ། མཚན་སུམ་ཅུ་རྩ་གཉིས་དང ་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་སོ་སོར་སྟོན་པ་པོ་ཡིན་པའི་ཕྱིར་རོ།། ཀུན་རྫོབ་བདེན་པ་བསྟན་པ་ནི་ཞེས་པ་ནི། ཀུན་རྫོབ་པའི་ཕུང་པོ་དང་། ཁམས་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཅན་འདི་ཉིད་བདེན་པ་སྟེ། འདི་ལྟ་སྟེ། སྒྱུ་མ་ལྟ་བུ་རྣམ ་པར་རིག་པ་ཙམ་ཉིད་དོ།། བདེན་པའི་ཀུན་རྫོབ་ནི་ཀུན་རྫོབ་བདེན་པ་སྟེ། རང་བྱིན་གྱིས་བརླབ་པའོ།། རྣལ་འབྱོར་པ་སོ་སོར་དག་པ་སྟེ། འོད་གསལ་བའི་ངོ་བོ་ཉིད་རྟོགས་པ་ནི་རིམ་པ་བཞི་པ་སྟེ། རིམ་པ་ལྔ་པ་ལས་རགས་པའོ།། འདི་ཡང་ཆོས་རྣམས་ཀྱི ་ཆོས་ཉིད་དོན་དམ་པར་ཡང་བརྗོད་པར་བྱ་སྟེ། འཁོར་བའི་མཐར་ཐུག་པར་མངོན་པར་ཞེན་པ་རྣམས་ཀྱིས་འཁོར་བའི་མངོན་ཞེ་ན་སྟོང་པར་བྱེད་པའི་དོན་ནོ།། གསུངས་པ་ཡང་། གང་གིས་སྐྱེ་བ་ཡོད་མིན་ཉིད།། དེ་ཡི་མྱ་ངན་འདས་ཡོད་མིན།། ཞེས་པ་ལ་སོགས་པའོ།། ་ཡེ་ཤེས་གསུམ་པོ་རྣམ་པ་མེད་ཅིང་། ཆོས་ཉིད་ཀྱང་རྣམ་པ་མེད་པ་མ་ཡིན་ནམ། འདི་དག་དབྱེ་བ་དེ་ཅི་ཡིན་ཞེ་ན། སྤྱོད་བསྡུས་སུ་གསུངས་པ་ཡང་། ཡེ་ཤེས་གསུམ་པོ་རྣམ་པ་མེད་པ་དོན་དམ་པའི་བདེན་པ་ལྟར་རེག་པར་དཀའ་བ་ནི་བདེན་མོད་ཀྱི། འོན་ཀྱང་སྣང ་པ་དང་བཅས་པ་ཡིན་པ་དེས་ན་རྗེས་སུ་དཔག་པས་རྟོགས་པར་བྱ་སྟེ། རླུང་གི་ཁམས་བཞིན་ནོ།། ཇི་ལྟར་རླུང་གི་ཁམས་ནི་གཟུགས་ཅན་མ་ཡིན་ཡང་གྲང་དྲོའི་རེག་པ་དང་། ཤིང་ལ་སོགས་པ་གཡོ་ཞིང་འགུལ་བ་ལ་སོགས་པའི་བརྟགས་ལས་ཤེས་པར་བྱའོ།། དེ ་བཞིན་དུ་སྣང་བའི་ཡེ་ཤེས་གསུམ་མོ།། གང་ཡང་སྣང་བའི་རྟགས་ཀྱིས་ཤེས་པར་བྱ་བ་དེ་ཡང་ཟླ་བའི་སྣང་བ་ལ་སོགས་པའི་རྣམ་པའོ་ཞེས་སོ།། འོད་གསལ་བ་ནི་སྣང་བ་མེད་པ་སྟེ། སྣང་བ་དང་བཅས་པའི་ཡེ་ཤེས་རྟགས་ཅན་ཉེ་བར་སྡུད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། ་འཕགས་པས་ཐེག་པ་ཆེན་པོ་ཉི་ཤུ་པ་ལས་གསུངས་པ་ཡང་། སྒྱུ་མའི་རྣམ་པས་སྒྱུ་མ་ནི།། གང་ཚེ་ཉེ་བར་སྡུད་པ་ན།། དེ་ཚེ་སྒྱུ་མ་ཡོད་མ་ཡིན།། དེ་འདིར་ཆོས་རྣམས་ཆོས་ཉིད་དོ་ཞེས་སོ།། རྣམ་ཤེས་ནི་རང་བཞིན་གསུམ་པོ་ཉིད་ཀྱི་བསྟན་བྱ་བ་མ་ཡིན་ནམ།། ་དེ་ཅི་ལྟར་འདི་ཡིས་ཉེ་བར་སྡུད་ཅེ་ན། མ་ཡིན་ཏེ། ལངྐར་གཤེགས་པར་གསུངས་པ།། བློ་ཡིས་རྣམ་དབྱེ་བྱ་བཞིན་པའི།། གཞན་དབང་མེད་ཅི་ང་བརྟགས་པའང་མེད།། གྲུབ་པ་ཡོད་མིན་དངོས་པོ་བྲལ།། ཅི་ལྟར་བློ་ཡིས་རྣམ་པར་བརྟགས།། རང་བཞིན་མེད་ཅིང་རྣམ་རིག ་མེད།། དངོས་པོ་མེད་ཅིང་ཀུན་གཞི་མེད།། བྱིས་པ་ངན་པ་རྟོག་གེ་བ།། རོ་དང་འདྲ་བས་རྣམ་པར་བརྟགས།། ཤེས་སོ་འཕགས་པས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་ལས་སྟོང་ཉིད་བདག་ཉིད་ཚུལ་གཅིག་གིས། སེམས་འདི་ཉིད་ནི་ཀུན་བརྟགས་དང་། ་གཞན་གྱི་དབང་དང་ཡོངས་གྲུབ་པ།། ཉིད་ཅེས་བརྟགས་ནས་མངོན་པར་བརྗོད་ཅེས་སོ།། དེ་ལྟར་རིམ་པ་བཞི་པོ་དེ་དག་མཐར་གྱིས་བརྟན་པ་ནི། སྤྲུལ་པ་ལ་སོགས་པ་སྐུ་གསུམ་སོ་སོར་ཐ་དད་པ་ཡིད་དང་ངག་གི་ལམ་གྱི་ཡུལ་དུ་སོ་སོར་རྟོགས་པའི་ལམ་ཉིད་ཀྱིས་འཇིག་རྟེན ་གྱི་རྗེས་སུ་འཇུག་པའོ།། ད་ནི་སྐུ་གསུམ་རང་བཞིན་གཅིག་པ་སྐུ་བཞི་པའི་ལམ་ཉིད་ཀྱིས་མངོན་པར་བརྗོད་པ་རིམ་པ་ལྔ་པ་གསུངས་པ། ལྔ་པ་ཞེས་པ་ནི་ཕུང་པོ་ལ་སོགས་པའི་དངོས་པོ་མེད་པ་རགས་པ་ལ་མི་བལྟོས་པས་ལྔ་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་། འཁོར ་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་ཉིད་ཀྱིས། འདི་ཤེས་པ་དང་བརྗོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ཕྲ་མོ་ཉིད་ནི་བཞི་པའི་ཕྱིར་རོ།། འདིའི་མིང་གསུངས་པ། ཟུང་འཇུག་ཅེས་བྱ་ཞེས་སོ།། འདིའི་མིང་གི་བཤད་པ་ནི། བདེན་གཉིས་སྦྱོར་བ་གང་ཡིན་པ་སྟེ་དེ་ལས ་བདག་ཉིད་ཡོངས་སུ་ཤེས་པ་སྟེ། ཡོངས་སུ་ཤེས་པ་ཉིད་ནི་འདིའི་བསྒོམ་པ་ཉིད་དོ་ཞེས་སྤྱོད་བསྡུས་སུ་གསུངས་སོ།། དེ་ཉིད་ཀྱི་ཕྱིར་ཐོག་མར་མངོན་པར་བརྗོད་པའི་རིམ་པ་བཞི་པོ་གང་གི་བདེན་པ་གཉིས་པོ་ལྷུར་ལེན་པ་མངོན་པར་བརྗོད་པར་བྱའོ།། དེ་ལ་དང་པོ་རིམ ་པ་གསུམ་པས་ཀུན་རྫོབ་བདེན་པ་གསུངས་པ་མ་ཡིན་ནམ། ཀུན་རྫོབ་བདེན་པ་བསྟན་པ་ནི། ཡིད་འོང་རིམ་པ་གསུམ་པའོ།། ཞེས་གསུངས་པས་སོ་ཞེ་ན་བདེན་ཏེ། དེ་ལྟར་གསུངས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ལུས་དང་ངག་རྣམ་པར་དབེན་པ་དག ་གི་ནང་དུ་གཏོགས་ལ། ཀུན་རྫོབ་ཀྱི་བདེན་པར་བཤད་པ་ནི་སོ་སོར་ཏེ། གང་ཞིག་བཤད་པ་ནི། སོ་སོར་ཀུན་རྫོབ་ཀྱི་བདེན་པའི་ཕྱིར་དང་པོའི་རིམ་པ་ངག་གི་ཐ་དད་པ་ཉིད་ཀྱིས་སོ་སོར་སྟོན་པ་འམ། ལུས་དང་ངག་ཀྱང་འདིར་སྒྱུ་མ་ལྟ་བུ་ཉིད་དང་སེམས་ཙམ་ཉིད་དོ་ཞེ་ན་བདེན ་ཏེ། གསུངས་པ་ཡང་། གང་རྣམས་རྒྱུ་ལས་ཡང་དག་འབྱུང་།། དེ་རྣམས་དངོས་མེད་རྟག་པ་མིན།། ཅི་ལྟར་མིང་དེ་གསལ་བར་ནི།། གཟུགས་བརྙན་དང་ནི་མཚུངས་པར་འདོད་ཅེས་སོ།། གཞན་དུ་ཡང་། ཇི་ལྟར་སྒྲ་མཛོ་ལྟར་མི།། ཇི་ལྟར་བར་དོའི་སྲིད་པར་འགྱུར།། ་དེ་བཞིན་ཉིད་དུ་དཀྱིལ་འཁོར་འགྱུར།། ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་སེམས་ཙམ་ཉིད་དུའང་འགྲུབ་བོ།། བཞི་པས་དོན་དམ་པའི་བདེན་པར་གསུངས་པའི་ཕྱིར། ཁྱད་པར་སྐྱེ་བ་འགོག་པའི་དོན་དུ་གསུངས་སོ།། ལྔ་པ་སྐྱེ་བ་དང་གནས་པ་དང་འཇིག ་པ་དང་བྲལ་བ་དེ་ཁོ་ན་ཉིད་དུ་གསུངས་སོ།། དེ་ཉིད་ཀྱི་ཕྱིར་སྐྱེ་བ་དང་གནས་པ་དང་། འཇིག་པ་དང་། མངོན་པར་བརྗོད་པ་ནི་འཇིག་རྟེན་གྱི་རྗེས་སུ་འཇུག་པ་སྟེ། སྟོང་པ་ཉིད་བདུན་ཅུ་པར་གསུངས་པ། གནས་དང་སྐྱེ་དང་འཇིག་དང་ཡོད་མེད་དོམ།། དམན་དང་མཉམ་པ ་ཁྱད་པར་འཕགས་པ་ནི། འཇིག་རྟེན་ཐ་སྙད་དབང་ལས་སངས་རྒྱས་ཀྱིས།། གསུངས་སོ་དེ་ཉིད་དབང་ལས་མ་ཡིན་ནོ་ཞེས་སོ།། འདི་ནི་སྒྲུབ་པའི་ཡན་ལག་མཆོག། ཅེས་པ་ནི་ཐོག་མར་སོ་སོར་རྟོགས་པའི་ཡན་ལག་བཞི་པོ་ལ་བལྟོས་ནས་སོ།། ཅི ་ལྟར་ཞེ་ན་གསུངས་པ། རྒྱུད་ཀུན་གྱི་ནི་དོན་བསྡུས་པ་སྟེ། གང་གི་ཕྱིར་འདི་ནི་ཞེས་པའི་དོན་ནོ།། ཀུན་གྱི་ནི་འདུས་པའི་རྒྱུད་ཀྱིའོ།། འདུས་པ་ལ་སོགས་པའི་རྒྱུད་ཐམས་ཅད་ཀྱིའང་དོན་དུ་མངོན་པར་བརྗོད་པར་བྱ་བ་འདིར་ནང་དུ་གཏོགས་སོ་ཞེས་བྱས་ནས་སོ།། ཐམས་ཅད་ཉིད ་དུ་བདེན་པ་གཉིས་གཉིས་སུ་མེད་པར་སོ་སོར་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ལས་རབ་འབྱམས་ལ་སོགས་པ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་ཅན་ལས་ངེས་པར་སྐྱེས་པའི་ཕྱིར་རོ།། འདིར་བསྐྱེད་པའི་རིམ་པ་རྣམས་ཀྱི་རྣམ་པ་མང་པོ ་བལྟ་བར་བྱ་བ་མ་ཡིན་ནམ། རྒྱུད་དུ་དེ་ཅི་ལྟར་རིམ་པ་ལྔ་པོ་རྣམས་ཉིད་ཀྱིས་འདུས་པའི་དོན་མངོན་པར་བརྗོད་ཅེ་ན། གསུངས་པ། འདི་རྣམས་ཀྱི་ཞེས་པ་ལ་སོགས་པའོ།། འདི་རྣམས་ཞེས་པ་ནི་གསུངས་པའི་ལྔ་པོའོ།། རིམ་པའི་དབྱེ་བ་ནི་ཞེས་པ་ནི། དབྱེ་བས་གཞན ་དང་གཞན་གྱི་ཁྱད་པར་རྣམས་སོ།། དེ་ལྟར་སླར་ཡང་དོན་དེ་རྣམས་སླར་ཡང་རྒྱ་ཚར་འགྲེལ་པ་དང་བཤད་པའི་རྒྱུད་ཀྱིས་བསྡུས་པ་དང་། རྒྱས་པས་འཕངས་པ་དོན་གཞན་ཐོབ་པར་བྱ་བ་འདུས་པར་གསུངས་པ་རྣམས་ཁོང་དུ་ཆུད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ ་པ་ལ་བརྟེན་པ་གང་ཡིན་པ་དེ་ལ་རབ་ཏུ་འཇུག་པར་བྱེད་པ་སློབ་དཔོན་ཟླ་བ་གྲགས་པའི་ཞབས་ཀྱིས། རང་གིས་བྱས་པའི་མདོ་དང་བསྲེ་བར་བྲིས་པ། དེ་ལ་རྡོ་རྗེ་སློབ་དཔོན་ཁ་ཅིག་གིས་ལྷ་བཅུ་གསུམ་དུ་རྣམ་པར་དགོད་པར་འདོད་དོ།། ཞེས་པ་ལ་སོགས་པའོ།། རྣམ ་པར་བཞག་པའི་རིམ་པར་ཡང་མངོན་པར་བརྗོད་པ། སློབ་དཔོན་སྣ་ཚོགས་པས་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱི་དགོད་པ་ལ་སོགས་པ་འདིར་རབ་ཏུ་འཇུག་སྟེ། དེ་ལ་ཅི་ལྟར་བསྒྲུབ་པ་པོ་རྣམས་ཐེ་ཚོམ་མེད་པར་འགྱུར་ཞེས་པ་ལ་སོགས་པའོ།། དེ་བཞིན་དུ་རིམ་པ ་གཞན་གྱི་དབྱེ་བ་ཡང་རྗེས་སུ་འབྲང་བར་བྱའོ།། དེ་ལྟར་ནི་རིམ་པ་གཉིས་པར་འབྲས་བུར་གྱུར་པ་ཐམས་ཅད་དག་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པར་བལྟ་བར་བྱའོ།། སྤྱོད་བསྡུས་སུ་རིམ་པ་ལྔ་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་གསུངས་སོ།། སྤྲོས་པའི་ཆོ་ག་ནི་རབ་ཏུ ་དབྱེ་བ་བྲིས་པས་སོ།། ཡང་དག་བསྡུས་པ་ཞེས་པ་ནི་ཡང་དག་པར་བསྡུས་པའི་རབ་ཏུ་དབྱེ་བ་རྣམས་རིམ་པ་ལྔ་པོ་ཉིད་ཀྱི་ནང་དུ་གཏོག་སོ།། གང་གི་ཕྱིར་དེ་ལྟར་ཡིན་པཱ་དེའི་ཕྱིར་སྔགས་དང་སེམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཞེས་བྱ་བ་ནི ་བསྐྱེད་པའི་རིམ་པ་ཉིད་དོ།། སེམས་ཞེས་བྱ་བ་ནི་རྡོ་རྗེ་བཟླས་པ་ཉིད་དོ།། ལུས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བརྗོད་པ་ཅན་རང་བྱིན་གྱིས་བརླབ་པའི་རིམ་པ་ལས་སོ།། རྣམ་དག་ཅེས་པ་ནི་བཤད་མ་ཐག་པའི་དོན་བསྡུས་པ་གསུམ་པ་ཤིན་ཏུ ་རྣམ་པར་དག་པའི་མངོན་པར་བརྗོད་པ་ཅན་འོད་གསལ་བ་ལས་སོ།། ཟུང་འཇུག་ཅེས་པ་ནི་བཤད་མ་ཐག་པའི་རིམ་པ་བཞི་པོ་དག་གི་མངོན་པར་བརྗོད་པའི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཟུང་དང་ཟུང་དུ་དེ་དག་འཇུག་སྟེ། དེ་དག་རོ་གཅིག་པ་ཉིད ་དུ་སོ་སོར་རྟོགས་པར་བྱེད་དོ་ཞེས་པ་ཟུང་འཇུག་སྟེ། དེའི་ཕྱིར་ཟུང་འཇུག་རིམ་པ་ལས་སོ།། རིམ་མཐའ་ཤེས་པ་ནི་རིམ་པ་དང་རིམ་མཐའོ།། ལྔའི་བསྡུས་པའི་དོན་ནི་ཚིག་གི་དོན་མ་ཡིན་པའོ།། སྤྱིའི་དོན་ཉིད་ཀྱང་མ་ཡིན་པའོ།། ཤེས་ནས་ནི་དགེ་བའི་བཤེས་གཉེན ་གྱི་དྲིན་ལས་ལྷག་པར་རྟོགས་ནས་སོ།། མཐའ་དྲུག་ཅེས་བྱ་བ་ནི་ཚིག་གི་དོན་དྲུག་སྟེ། རྡོ་རྗེ་འཆང་ཆེན་པོའི་བཤད་པའོ།། འཇུག་གོ་ཞེས་བྱ་བ་ནི་ཐོས་པ་རྩོས་པར་འགྱུར་བ་སྟེ། སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཚར་བཤད ་པ་ལ་འཇུག་གོ་ཞེས་པ་བཤད་པར་བྱའོ།། མཐའ་དྲུག་གོ་ཞེས་པའི་ཚིག་ལ་འཇུག་པ་ནི་རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ལ་བལྟས་པའོ།། གཞན་དུ་ནི་དེ་རྣམས་ལ་མི་བལྟོས་པར་གལ་ཏེ་ཚིག་ཏུ་འགྱུར་ན་དེའི་ཚེ། རྒྱ་ཆེར་འགྲེལ་བྱེད་པ་པོ་དེ་རྣམས ་མི་མངོན་པས་དམྱལ་བར་ལྟུང་བར་འགྱུར་རོ།། གང་གི་ཕྱིར་དེ་རྣམས་ཉིད་ཀྱི་བཤད་པར་བྱེད་པས་སྒྲོན་མ་རྣམས་ཀྱི་གསལ་བར་བྱེད་པའི་རྒྱ་ཆེར་འགྲེལ་པར་བྱེད་དོ།། དེའི་ཚེ་བཤད་པའི་རྒྱུད་བཀབ་ནས་བྱས་པ་དེ་སྲིད་དུ་ཉེས་པར་མི་འགྱུར་རོ།། བསོད་ནམས ་ཀྱང་ཆེན་པོ་འབྱུང་ངོ་།། ད་ནི་རྒྱུད་ཀྱི་རྒྱལ་པོ་ཉིད་དུ་འདིའི་རིགས་པས་ཁོང་དུ་ཆུད་པར་བརྗོད་པར་གསུངས་པ། ཇི་སྲིད་ཅེས་པ་ལ་སོགས་པའོ།། ཇི་སྲིད་ཅེས་པ་ནི་ཕྱིས་བརྗོད་པས་བྱ་བ་འདིར་ཐོག་མར་བཀོད་པའོ།། དེ་ལ་ཀ་ཁ་གྷ་མཐའ་ཞེས་པ་ནི་འདིར་བར ་དུ་གྱུར་པའི་ག་ཡིག་བསྡུས་པའོ།། ཐ་མར་གྷ་གང་ཡིན་པ་དེ་ནི་གྷ་མཐའ་སྟེ། དེའི་ཡོན་ཏན་ཡང་དག་པར་ཤེས་པས་འབྲུ་མང་པོ་པའོ།། ཀ་ཁ་དང་གྷའི་མཐའ་དང་ནི།། ཀ་ཁ་གྷ་མཐའ་ཞེས་དང་། ཡི་གེ་ནི་ཡི་གེ་བརྗོད་པའོ།། དེ་བཞིན་དུ་ཛཱའི ་མཐའ་གང་དང་གང་ཚཛ་གང་ཡིན་པ་དེ་དག་ནི་ཛྙཱ་མཐའ་སྟེ། ཙཾ་དང་དྷེ་མཐའ་དག་དང་ནི་ཙི་ཛྷའི་མཐའ་ཅན་སྠཱ། ཙཾ་མཛཛྙཱ་རྣམ་སོ།། ཊ་དང་ཌྷའི་མཐའ་དག་ཀྱང་ཊི་ཌྷའི་མཐའ་སྟི་ཊ་ཛཊ་ཌྷ་རྣམས་སོ།། ཏ་དང་དྷའི་མཐའ་དག་ཀྱང་ཏ་དྷའི་མཐའི་སྟེ་ཏ་ཐ་དདྨ་རྣམ་སོ།། ་པ་དང་བྷའི་མཐའ་དག་ཀྱང་པ་བྷའི་མཐའ་སྟེ་པ་ཕ་བ་བྷ་རྣམས་སོ།། ཐམས་ཅད་དུ་ཕན་ཚུན་ཟླས་དབྱེ་བའི་ཕྱོགས་ལ་མང་པོའི་ཚི་གོ། དེ་ཡི་སྒྲས་ང་ཉ་ཎ་ན་མ་རྣམས་མཆོག་ཏུ་འཛིན་ནོ།། ཇི་སྲིད་ཡ་ར་ལ་ཝ་རྣམས་དང་ཧའི་མཐའ་སྟེ། གང་གི་མཐའ་མར་ཧ་སྟེ་ཤ ་ཥ་ལ་རྣམས་ཏེ། དེ་རྣམས་ནི་ཧའི་མཐའོ།། དེའི་སྒྲ་གཞན་གྱིས་དབྱངས་རྣམས་བརྗོད་དོ།། ཞེས་པ་སྣ་ཚོན་དགུའོ།། དེ་ལ་གསལ་བྱེད་རྣམས་ཀྱི་ནི།། ཨ་ཙ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ནི་དབྱངས་ཡང་དག་པར་སྦྱོར་བའི་དབྱི་བས་སོ།། དེ་བཞིན་དུ་ལྕེ་རྗེ་ཅན། ་དང་མཆུ་ཅན་གྱི་དབྱེ་བ་རྣམས་ཀྱང་ངོ་།། དབྱངས་རྣམས་ཀྱིའང་། པླ་ཏ་དང་། ཨུ་དཱཏྟཱ་དང་། སྭ་རི་ཏ་ལ་སོགས་པ་རྗོད་པར་བྱེད་པའི་དབྱེ་བས་སོ།། དབྱངས་དང་གསལ་བྱེད་འདི་རྣམས་ཀྱི་དབྱེ་བ་རྣམས་དབྱངས་དང་གསལ་བྱེད་ཉིད་ཀྱི་ནང་དུ་འདུས་སོ།། དེའི ་ཕྱིར་གསུངས་པ། དེ་དེའི་རྩ་བ་ཡི་གེ་གསུམ་སྟེ་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་གྱི་རྒྱུ་ཅན་ཡི་གེ་གསུམ་ལས་ངེས་པར་སྐྱེས་པའོ།། གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་དབྱིངས་དང་གསལ་བྱེད་རབ་ཏུ་དབྱེ་བ་དང་བཅས་པས་བསྡུས་པའི་དོན། ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ།། ཐུབ་པ་ཆེན་པོ་ནི་བཅོམ་ལྡན་འདས་སོ།། དཔལ་ལྡན་འདུས་པ་འདི་སྣོད་ཡིན་ཏེ་ནི། དཔལ་འདུས་པ་གང་གི་ཟ་མ་ཏོག་ཡིན་པ་དེ་དེ་བཞིན་ནོ།། ཉེ་བར་མཚོན་པར་བྱེད་པ་འདི་དང་དེས་རྡོ་རྗེ་ཐེག་པ་མ་ལུས་པ་དང་། ་འཇིག་རྟེན་པའི་ངག་གི་རང་བཞིན་གྱི་ཡང་དཔལ་འདུས་པ་ཟ་མ་ཏོག་ཅན་ནོ།། དེའི་བདག་ཉིད་ཀྱིས་འདི་རྣམས་ཀུན་ཏུ་གནས་པའི་ཕྱིར་རོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་དེ་ནི་སྟེ་འདུས་པ་ནི་རྒྱུད་ཀྱི་རྩེ་སྟེ། རྒྱུད་རྣམས་ཀྱི་སྣོད་དོ།། གཤིན་རྗེའི་དགྲའི་རྒྱུད་དུ་ཡང ་གསུངས་པ། རྒྱུད་ཀྱི་མཐར་ཐུགས་འདུས་པ་སྟེ། ཞེས་སོ།། མཁའ་འགྲོ་མ་དྲ་བ་སྡོམ་པ་ཕྱི་མ་ལས་ཀྱང་ཕྱི་མར། འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ། གང་གིས་དགྱེས་རྡོར་མི་ཤེས་དེ་ཡིས ་ངལ་བ་དོན་མེད་འགྱུར།། དེ་བཞིན་དུ། སྔགས་ཀྱི་ཚུལ་ནི་ཀུན་ཤེས་ནས། ཕྱི་ནས་ཀྱེའི་རྡོ་རྗེ་བརྩམ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་པ་ནི་བདེན་ཏེ། འདིར་ཡང་དག་པའི་དོན་ཁྱད་པར་དུ་མངོན་པར་བརྗོད ་དོདོ།། གལ་ཏེ་སླར་ཡང་སྡོམ་པ་དང་། ཀྱེ་རྡོ་རྗེ་ལ་སོགས་པའི་རྒྱུད་དུ་ཡང་ཀུན་ཏུ་སྤྱོད་པའི་འཁོར་གསལ་བའི་ཁྱད་པར་ཡང་དག་པར་བཟུང་ནས།། འདུས་པར་མངོན་པར་བརྗོད་པར་བྱ་སྟེ། དེའི་ཚེ་འགལ་བ་ཅུང་ཟད་ཀྱང་མེད་དོ།། ཀྱེའི་རྡོ་རྗེར་ཡང ་གསུངས་པ། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག། དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་ཉིད།། མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ་ཞེས་སོ།། དེ་བཞིན་དུ་དེ་སྲིད་དུ་ཐོག་མ་ཐ་མའི་ཚིག་གཉིས་ཀྱིས་དོན་གསལ་ལོ།། ་རྒྱུད་ཡང་དག་པར་བཅིངས་པ་རིམ་པ་ལྔའི་བསྡུས་པའི་དོན་སྟོན་པར་བྱེད་པའི་བཤད་པ་རྣམ་པར་འགྲེལ་པ་མཁས་པར་ཞེས་བྱ་བ་ལ་སོགས་པའི་ཚིག་ཡང་དག་པར་གཟུང་བའི་དོན་ཡང་རྒྱ་ཆེར་བཤད་པའི་རྣམ་པ་ཉིད་རྡོ་རྗེའི་ཚིག་དེ་དང་། དེའི་བཤད་པའི ་ཆེད་དུ་འདྲི་བར་འགྱུར་རོ།། དེ་བཞིན་དུ་ཡང་། ཚིག་གི་དོན་བཤད་པའི་ཚད་དུ་རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་དུ་འབྲི་བར་འགྱུར་རོ།། རྒྱལ་སྲས་ཡུལ་ཉིད་ཀྱང་བཤད་པ་ནི། འཕགས་པ་ལངྐར་གཤེགས་པར་གསུངས་པའི་འཕགས་པར་ལུང་བསྟན ་པ་བྲིས་པས་གསལ་བར་བྱེད་དེ། ལེའུ་བཅུ་བདུན་པོའི་བཤད་པ་མ་ལུས་པ་དེ་ནི་དཔལ་ཀླུ་སྒྲུབ་ལས་རྙེད་པ་སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱི་རྒྱས་བཏབ་པ་ཞེས་པའི་ཚིག་དེ་དང་དེ་ལ་རིམ་པ་ལྔའི་དོན་མངོན་པར་གསལ་ཞིང་ཀུན་ཏུ་གསལ་བར་བྱེད ་པར་འགྱུར་རོ།། རྣམ་པ་དེ་ལྟ་བུ་མི་ཤེས་པར་ནི་བརྗོད་པར་ནུས་པ་མ་ཡིན་ནོ།། ད་ནི་ཐེ་ཚོམ་གྱི་རྒྱུད་བརྗོད་པར་གསུངས་པ། ཉུང་ཞེས་པ་ལ་སོགས་པ་སྟེ། ཉུང་བ་ཉིད་ནི་ཐེ་ཚོམ་གྱི་རྒྱུ་སྟེ་དོན་མང་བ་ཉིད་ཀྱང་ངོ་།། དེ་ཉིད་ཀྱི་ཕྱིར་རྙེད་དཀའ་སྟེ་སྡུག་བསྔལ ་བས་བློ་ཡུལ་དུ་བྱ་བའོ་ཞེས་བྱས་ནས་སོ།། ཐེ་ཚོམ་གྱི་རྒྱུ་གཞན་ཡང་གསུངས་པ། བརྒྱན་འདུན་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱན་བདུན་ཞེས་པ་ནི། རྒྱན་དུ་བྱ་བ་དང་། མཆོག་ཏུ་སྤྱད་པར་བྱེད་པ་སྟེ། བློ་གྲོས་ཀུན་ཏུ་རྨོངས་པའི་དྲི་མ་སེལ་བར་བྱེད་པའི་རྒྱ་ནི་ཅེས་བྱའོ།། ་དེ་ལྟ་བུའི་དོན་ཉིད་དང་གཟུང་གི་འང་རྒྱུན་དུ་བྱེད་པ་ནི་རྒྱན་ནོ།། རྟོགས་དཀའ་བ་ནི་ཡང་དག་པར་མི་ཤེས་པའི་ཕྱིར་རོ།། མིང་ཅིར་འགྱུར་ཞེ་ན་གསུངས་པ། རྣམ་པར་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་སྣ་ཚོགས་པས་འཁོར་བར་བྱེད་པ། ཡོ་བར་བྱེད། རྡོ་རྗེ་འཆང་གི་དགོངས ་པ་ལས་རིང་དུ་འགྱུར་བར་བྱེད་དོ།། དེ་རྣམས་དྲི་བ་དང་ལན་རིམ་པས་བསྟན་པར་འདོད་ནས་གསུངས་པ། མིང་ནི་ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། སེམས་ཅན་གྱི་འཇིག་རྟེན་དྲང་སྣོད་ཀྱི་འཇིག་རྟེན་དང་། འབིགས་པ་དང་འཕགས་པ་མ་ཡིན་པ་དང་། རང་གཞན་གྱི་སྡེ་བར་ཡང་མིང ་གི་ཐ་སྤྱད་དུ་བྱེད་པར་མཐོང་བ་ཉིད་ཀྱི་ཕྱིར་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ལ་ཡང་དེ་དེ་བཞིན་ནོ།། དྲི་བར་བྱེད་པ་རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན་ཞེས་པ་སྟེ། གཞན་དུ་ཡང་གསུངས་པ་ཀྱེའི་རྡོ་རྗེ་ཞེས་བྱ་ཉོན་ཞེས་དང་། བཅོམ་ལྡན་འདས་མ ་སུམ་བརྒྱ་པར། ཆོས་ཀྱི་རྣམ་གྲངས་འདི་རི་མིང་ཅི་ལགས། འདི་ཅི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། འདི་དེ་ལྟར་བཟུང་བར་གྱིས་ཤིག། བྱེད་དང་བཅས ་བའི་སྟོང་ཕྲག་གཉིས་པར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུང་ཞིག། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཞིག་ཅེས་སོ།། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཅན་གྱི་དོན་དུ་བཅོམ ་ལྡན་འདས་ཀྱིས་ཐེག་པ་གསུམ་བསྟན་ཏོ།། ཆོས་འདི་རིགས་ཀྱི་ཁྱད་པར་གྱི་དོན་གྱི་མཚན་མ་མ་མཐོང་བ་ལྟ་བུར་དྲི་བར་བྱེད་པ། གང་གི་དོན་དུ་འདི་ཉིད་མཛད་ཅེས་པའོ།། ཐེག་པ་གསུམ་ལྟ་བུར་སྟོན་པ་པོ་དང་། གསོལ་བ་འདེབས་པ་པོ་དང་། བསྟན་པ་རྣམས་ཀྱི་གདུལ་བྱ་ཡང ་མཐོང་བར་ཐེ་ཚོམ་ཟ་བ་ལྟ་བུར་དྲི་བར་བྱེད་པ། བྱེད་པ་པོའང་ཅི་ཞེས་པའོ།། ཆ་ཤས་དང་སྤྱིའི་དོན་ལས་ཀྱང་ལེའུ་ལ་སོགས་པ་དང་། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་གཞུང་ཚད་མཐོང་ནས། འདི་ཚད་གང་ཞེས་པའོ།། གཞན་དུ་ཉན་པ་དང་། ཚེ་ཕྱི་མ་ལ་སོགས་པའི་འབྲས་བུའི ་དགོས་པ། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགོས་པ་ཡང་མཐོང་ནས་སྨྲས་པ། འདིའི་དགོས་པའང་ཅི་ཞིག་ཡིན་ཞེས་སོ།། གླེང་བསླང་བ་ཞེས་བྱ་བའི་རྒྱན་དྲི་བའི་བདག་ཉིད་ཅན་གྲངས་ལྔའོ།། འདིའི་ཐེ་ཚོམ་སེལ་བར་བྱེད་པ་གསུངས་པ། རྒྱུད་ཀྱི་ཞེས་བྱ་བ་ལ་སོགས ་བ་སྟེ། མིང་མཚན་ནི་ཡིན་ནོ་ཞེས་པ་མཚན་ནི་འདུས་པ་ཞེས་པ་སྟེ། མིང་ནི་ཀུན་ཏུ་ཤེས་པར་བྱེད་པ་སྟེ། འཇིག་རྟེན་མིང་གི་རྗེས་སུ་དོན་ཉིད་མཐོང་སྟེ། འདིའི་ཡང་འདུས་པ་ཕྱི་མར་དྲིས་པ།། འདུས་པ་ཞེས་པ་ཅི་ཞིག་བརྗོད།། འདིའི་ལན་ཡང་འདུས་པ་སྦྱོར་བར་རབ ་གསུངས་ཏེ་སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད་ཅེས་སོ།། གཞན་དུའང་ཐ་སྙད་འདི་མངོན་པར་གསུངས་སོ།། འདི་ལྟ་སྟེ་ཧེ་ཡིག་གིས་ནི་ཅི་ཞིག་བརྗོད།། བཛྲ་ཡིས་ཀྱང་དེ་བཞིན་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ།། བཛྲའང་ཤེས ་རབ་བརྗོད་པ་སྟེ། ཤེས་རབ་རིགས་པ་འདི་ཡིས་ནཱ།། ཧེ་བཛྲཾ་ཞེས་བྱ་བར་བརྗོད་ཅེས་སོ།། གཉིས་པའི་དཱི་བ་དང་ལན་གསུངས་པ།། སྐྱེ་བོ་འདོད་ཆགས་ཅན་དོན་དུ།། ཞེས་པའི་དོན་ནི་མཚན་མ་སྟེ་རྒྱུར་སྟོན་པའི་བྱེད་པ་པའོ།། འདོད་ཆགས་ཅན་ཞེས་པ་ནི།། ཡུལ་ལ ་ཆགས་པ་ཉིད་ཀྱིས་བྱང་ཆུབ་མངོན་པར་འདོད་པའི་སྐྱེ་བོ་རྣམས་སོ།། དེའི་ཕྱིར་ཉན་ཐོས་ལ་སོགས་པའི་འདོད་ཆགས་ཅན་མཛེས་དགའ་བོ་ལ་སོགས་པ་རྣམས་ཀྱི་དོན་དུ་འདི་མ་ཡིན་ནོ།། འདོད་ཆགས་ཅན་ཞེས་པས་ཉེ་བར་མཚོན་པ་དེས། ཞེ་སྡང་ལ་སོགས་པ་ལ ་ཞེན་པ་འདི་ཡང་དོན་དུ་སྟེ། གསུངས་པ་འདི་ཡང་། ཞེ་སྡང་གཏི་མུག་དེ་བཞིན་ཆགས།། ཡིད་བཞིན་ནོར་བུ་དམ་ཚིག་དེ།། རིགས་སྔར་གཏོགས་པ་འདི་རྣམས་ཀྱིས།། འདོད་དང་ཐར་པ་རབ་བསྒྲུབ་པའོ་ཞེས་སོ།། དྲི་བ་གསུམ་པའི་ལན་གསུངས་པ།། འདི་ཡི ་བྱེད་པོ་རྡོ་རྗེ་སེམས།། ཞེས་པ་རྡོ་རྗེ་སེམས་དཔའ་ནི་དྲུག་པའོ།། དེས་ཡང་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ལོས་སྒྱུར་བའི་གཟུགས་འཛིན་པ་སྟེ། འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས་རྡོ་རྗེ་འཆང་ཆེན་པོའི་སྐུར་བདག་ཉིད་མངོན་པར་སྤྲུལ་པར་མཛད ་དོ་ཞེས། གཞན་དུ་འཆད་པར་འགྱུར་རོ།། རྡོ་རྗེ་སེམས་དཔའི་སྒྲའི་དོན་ཉིད་ཀྱང་འཆད་པར་འགྱུར་ཏེ། གཞན་དུ་ཡང་གསུངས་པ།། རྡོ་རྗེ་མི་ཕྱེད་ཅེས་པར་བརྗོད།། སེམས་དཔའ་སྲིད་གསུམ་གཅིག་པ་ཉིད།། ཤེས་རབ་རིགས་པ་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཞེ ་བརྗོད་དོ་ཞེས་སོ།། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པའི་ལེའུ་ལ་སོགས་པའི་ཚད་གསུངས་པའི་རིམ་པས། འདི་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར། ལེའུ་ལ་སོགས་པའི་ཡང་དོན་འདིར་བརྗོད་པར་བྱའོ།། ཞེས་གསུངས ་པ། ཚད་དག་ཀྱང་ནི་བཤད་བྱ་སྟེ།། ཞེས་ཏེ་ཚད་ནི་ཡོངས་སུ་གཞལ་བ་སྟེ། དེ་ཡང་ལེའུ་ལ་སོགས་པ་རྣམས་ཀྱིས་སོ།། ལེའུ་ནི་ཡོངས་སུ་གཅོད་པ་སྟེ། ཡོངས་སུ་སྟེ་ཐམས་ཅད་ལས་གཅོད་པ་ནི་གཞལ་བྱའི་ཁྱད་པར་དེ་དང་དེའི་བརྗོད་བྱ་དང་རྗོད་བྱེད། ཐོས་པ་དང ་བསམས་པ་དང་། བསྒོམ་པ་ལ་རབ་ཏུ་ཞུགས་པས་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་རྣམ་པར་གཅོད་པའོ།། ཆོ་ག་དེ་བཞིན་ཞེས་པ་ནི་རྟོག་པར་བྱེད་པས་ན་རྟོག་པ་སྟེ། བརྟགས་པ་དང་རྫོགས་པའི་རྣལ་འབྱོར་གཉིས་ཀྱིས་བསྒྲུབ་པར་བྱ་བ། ཞི་བ ་ཅན་ལ་སོགས་པའི་ལས་གང་གིས་ཕྱིའི་ཚོགས་པས་སྒྲུབ་པར་བྱེད་པ་དེ་ནི་རྟོག་པའོ།། སྡོམ་པ་ཡང་གསུངས་པ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ།། སེམས་ཅན་དོན་དུ་ཡོངས་རྟོག་ཕྱིར།། དེས་ན་རྟོག་པ་ཞེས་བཤད་དེ།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། ་ཞེས་སོ།། དུམ་བུ་དང་ཞེས་པ་ནི་དུམ་བུར་བྱེད་པས་དུས་བུ་སྟེ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་འཇོམས་པར་བྱེད་པའོ།། དེའི་རྗོད་པར་བྱེད་པ་ཕྱི་རོལ་ལ་རྣམ་པར་འཇུག་པ་ནི་དུམ་བུའོ།། རིམ་པར་ཕྱེ་ཞེས་པ་ནི་འདིའི་དོན་རང ་ཉིད་ཀྱི་རྒྱ་ཆེར་བཤད་པའི་རྣམ་པས་སྟོན་པར་འགྱུར་རོ།། གཞུང་ཉིད་ཀྱིའང་གྲངས་ཡིན་ནོ་ཞེས་པ་ནི། གཞུང་ལེའུ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རབ་ཏུ་བཅིངས་པའོ།། ཇི་སྲིད་དེའི་བརྒྱ་ཕྲག་ཏུ་འགྱུར་བ་དེ་ནི། གཞན་དུ་ཡང་ཚད་དག་ཅེས་པ་འདིས ་བརྗོད་པར་བྱའོ།། དགོས་པ་ཡང་ནི་ཞེས་བྱ་བ་ལ་སོགས་ལ་བགྲངས་པ་ལ་ཞེས་པ་ནི་ཡོངས་སུ་བགྲངས་པའོ།། དེ་ཅི་ལྟར་ཞེ་ན་གསུངས་པ། ཞི་སོགས་བྱ་བའི་ཆོ་ག་འཆད་པར་འགྱུར་བ་རྣམས་སོ།། གྲུབ་པ་བརྒྱད་དང་ནི་རིལ་བུ་ལ་སོགས་པ་འཆད་པར ་ར་བ་རྣམས་སོ།། སངས་རྒྱས་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། རྡོ་རྗེ་འཆང་ཆེན་པོ་ཉིད་ཅེས་བརྗོད་པར་བྱ་བ་ལ་སངས་རྒྱས་ཉིད་ཅེས་བརྗོད་པའོ།། ཤཱཀྱ་ཐུབ་པའི་རྣམ་པ་དེའི་རྒྱུ་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་ལས་ཀྱང་འདི་ཉིད་ལམ ་དང་བཅས་པའི་རྒྱུ་ཐེག་པ་གཅིག་གི་རིམ་པས་འཇུག་གོ་ཞེས་སྒྲུབ་པར་བྱེད་པའི་དོན་ནོ།། འདི་ཉིད་ཀྱིས་གཤེགས་པ་སངས་རྒྱས་གངྒཱའི་དབང་བསྐུར་བ་ལྟ་བུ་ཞེས་ཟུང་དུ་འཇུག་པའི་རིམ་པར་རོ།། དེ་ཉིད་ཀྱི་ཕྱིར་མངོན་པར་བརྗོད་པ་མཆོག་ཡིན་ནོ་སྟེ།། དངོས ་གྲུབ་མ་ལུས་པ་བསྡུས་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཉིད་དོ།། འདས་ཟིན་ཏེ་གསུངས་པ། གླེང་བསླང་བ་ལ་སོགས་པ་རྣམས་སོ།། གསུངས་པ་ཡང་ཕྱག་འཆིལ་གང་དེ་གླེང་བསླང་བ་ལ་སོགས་པ་ཞེས་པ་ལ་སོགས་པའོ་དེ་ཉིད་ཀྱི་ཕྱིར་གསུངས་པ། ་གཉིས་པ་ཡང་ནི་བཤད་བྱ་སྟེ་ཞེས་པ་ནི་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་དང་། རྣལ་འབྱོར་སྤྱོད་པ་པ་ཁ་ཅིག་འདི་དག་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དེ། དེ་རྣམས་ཀྱི་རྣམ་པར་བཞག་པ་འཇོམས་པའི་དོན་དུ་གསུངས་པ། རྒྱུད་ཅེས་བྱ་བ ་ལ་སོགས་པའོ།། རྒྱུད་ལ་སོགས་པ་ཐེག་པ་གསུམ་དུ་མངོན་པར་བརྗོད་པ་འདིས་ནི། འདིར་ཡང་འདི་སངས་རྒྱས་ཀྱིས་གསུངས་པ་ཉིད་དུ་བསྒྲུབ་པར་བྱའོ།། རྒྱུད་ལ་སོགས་པའི་རྣམ་པར་འགྲེལ་པ་གསུངས་པ།། སྐྱེ་བར་འཁྲུངས་པ་ཞེས་པ་སྟེ། ་སྐྱེ་བ་ཞེས་པ་མངལ་དུ་སྐྱེ་བ་ཡོངས་སུ་བཟུང་བའོ།། འཁྲུངས་པ་ནི་མངས་ནས་ཕྱི་རོལ་དུ་བྱུང་བའོ།། མི་རྣམས་སུ་ཞེས་རྒྱུ་མཚན་གྱི་བདུན་པ་སྟེ།། མི་སྤྱིར་བཏང་ནས་དེ་སྐལ་བ་མཉམ་པར་ཉེ་བར་སྟོན་པར་བྱེད་དོ་ཞེས་པའི་དོན་ནོ།། ་མི་རྣམས་སུ་ཞེས་མང་པོའི་ཚིག་ནི་སྐྱེ་བ་ཡོངས་སུ་བཟུང་བས་གདུལ་བར་བྱ་བ་རྣམས་དེ་སྐལ་བ་མཉམ་པར་སྐྱེ་བའི་མཐར་ཐུག་པ་ཉིད་ཉེ་བར་མཚོན་པར་བྱེད་པའི་དོན་དུ་མི་རྣམསུ་ཞེས་ཉེ་བར་མཚོན་པར་བྱེད་དོ།། དེས་ན་སྣ་ཚོགས་པའི་འགྲོ་བའི་སྐྱེ་གནས ་སུ་སྐྱེ་བ་ཉེ་བར་མཚོན་པར་བྱའོ།། མི་རྣམས་སུ་སྐྱེ་བ་ཡང་གདུལ་བྱ་རྣམས་སུ་ཡོད་བཞིན་པ་ཉིད་ཀྱི་ཕྱིར་རོ།། རྒྱུད་ཅེས་བྱ་བ་བརྗོད་བྱ་སྟེ། ཞེས་པོ་ནི་བཤད་པར་བྱའོ།། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བར་བྱེད་པ་སྟེ། ཅི་ལྟར་འགྱུར་ཞེ་ན ་གསུངས་པ། བཙུན་མོའི་འཁོར་གྱི་ནང་ནས་ནི་ཞེས་པ་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུའི་ནང་ནས། བཅོམ་ལྡན་འདས་ཕྱི་རོལ་དུ་འབྱུང་བར་བྱེད་དོ།། ཞེས་རྒྱ་ཆེར་རྒྱས་པར་རོལ་པ་དེ་ནི་གླང་གཞི ་སྟེ། བྱང་ཆུབ་ཀྱི་དང་པོའི་རྒྱུའོ།། སྡོམ་པ་ཞེས་པ་ནི་སྡོམ་པར་བྱེད་པས་སྡོམ་པ་སྟེ་ལུས་ལ་སོགས་པ་རྣམས་ཀྱིས་མི་དགེ་བ་མཐའ་དག་ལས་ལྡོག་པར་བྱེད་པ་དང་། བྱང་ཆུབ་ཡན་ལག་གི་དགེ་བ་མཐའ་དག་ལ་ཡང་རབ་ཏུ་འཇུག་པར ་བྱེད་པ་ཡང་ལུས་ལ་སོགས་པ་རྣམས་ཀྱི་སྡོམ་པའོ།། འདུལ་ལས་བསྟན་པ་ནི་སེམས་ཅན་རྣམས་འདུལ་བའི་ཆེད་དུ་གསུངས་པ་སྟེ། མངོན་པར་བྱེད་པའི་གཞུང་དུ་ཡང་། བཅོམ་ལྡན་འདས་ཀྱང་བྱང་ཆུབ་ཀྱི་དང་པོ་རང་ཉིད་སྡོམ་པས་བྱང་ཆུབ ་ལྷག་པར་རྟོགས་སོ་ཞེས་མངོན་པར་བརྗོད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ངེས་པའི་ཚིག་ཅེས་བརྗོད་བྱ་སྟེ། རང་ཉིད་ངེས་ནས་ཀུན་ཏུ་གཟུང་བར་བྱ་བར་སྟོན་པར་བྱེད་པ་ནི་ངེས་པའི་ཚིག་གོ། འབྲས་བུ་འདོང་པ་ཞེས་པ་ནི། འབྲས་བུ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལ་སོགས་པ་ཀུན་ཏུ་འདོད་པའི་ངང་ཚུལ་གང་ཡིན་པ་དེ་དེ་བཞིན་ནོ།། ཆོས་སྤྱོད་པ་ནི་རྫོགས་པའི་བྱང་ཆུབ་ལ་སོགས་པ་སྒྲུབ་པར་བྱེད་པའོ།། དེ་ནི་རྒྱུ་ཞེས་པ་ནི་རྫོགས་པའི་བྱང་ཆུབ་ལ་སོགས་པས་ཀུན་ཏུ་འགྲོགས་པ་མེད་པས་རྫོགས ་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རོ།། འདོད་ཆགས་བྲལ་ཆོས་ཀྱི་ནི་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པའི་ཆོས་ཀྱིའོ།། ཚུལ་ནི་རིགས་པའོ།། འདོད་དོ་ཞེས་པ་ནི། ཆགས་བྲལ་གྱི་ཚུལ་གྱི་ཐེག་པ་ཆེན་པོར་ཡང་ངོ་།། དེ་ལྟར་དཔེ་མངོན་པར་བརྗོད་པའི་དཔེ་ཅན ་གསུངས་པ། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི་ཞེས་པ་འདོད་ཆགས་སྤྱད་པས་ལྷག་པར་རྟོགས་པའི་ཆོས་ནི་འདོད་ཆགས་ཆོས་སོ།། དེའི་ཚུལ་འཆད་པར་འགྱུར་བ་རྣམས་སོ།། དོན་གསལ་རྟོགས་ཕྱིར་ནི་གསལ་བ་ནི་གསལ་བར་བྱས་པ་སྟེ། ཐེག་པ ་གསུམ་གྱི་དོན་གྱི་དོན་གང་ཡིན་པ་དེའི་དོན་གྱི་ཚུལ་འདིར་རྟོགས་པར་བྱེད་པའོ།། སངས་རྒྱས་ལྔ་ཞེས་པ་ལ་སོགས་པ་ནི་དེའི་ངེས་པར་བསྟན་པ་སྟེ། སངས་རྒྱས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོའི་ཕུང་པོ་ལྔའི་བདག་ཉིད་ཅན་ནོ།། ་དེ་རྣམས་ཀྱི་རིགས་ནི་ཚོགས་ཏེ། དེ་ལ་བསྐྱེད་པ་ནི་ཕུང་པོ་ལྔ་ཡོངས་སུ་གཟུངས་པ་སྟེ། དེ་ནི་རྒྱུད་དོ།། ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱང་གཟུགས་ཀྱི་ཕུང་པོ་ལ་སོགས་པས་ངེས་པར་བསྐྱེད་པ་ཉིད་ཀྱིས་ལྔ་པོ་ཉིད་ཀྱི་ནང་དུ་གཏོགས་པའི ་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ན་ཡང་།། དཀྱིལ་འཁོར་འདི་དག་ལ་ཡང་བལྟོས།། ད་ནི་དད་པ་བསྐྱེད་བགྱིས་དང་།། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཞེས་སོ།། སླར་ཡང་རིགས་གཅིག ་གྱུར་པ་ནི་ཞེས་པ་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། ཞེས་གསུངས་པ་ལ་བལྟོས་ནས། སླར་ཡང་ཞེས་པའི་ཚིག་གོ། ལྔ་པོ་རྣམས་དྲུག་པ་ཡེ་ཤེས་ཀྱི་སྐུར་དེའི་བདག་ཉིད་ཀྱིས་ཞུགས་པ་ལས་རིགས་གཅིག་ཏུ་འགྱུར་རོ།། རྡོ་རྗེ་ལ་སོགས ་བཟུང་བ་ནི་རྡོ་རྗེ་ལ་སོགས་པའི་བརྟུལ་ཞུགས་འཛིན་པར་བྱེད་པ་སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ་བསྟན་པ་ནི་ངེས་པའི་ཚིག་གོ།། སྒེག་པ་ལ་སོགས་ཞེས་པའི་སོགས་ཀྱི་སྒྲས་དཔའ་བ་དང་མི་སྡུག་པ་ལ་སོགས་པ་རྣམས་བཟུང་ངོ་།། རོས་ཞེས་པ ་ནི་གསུངས་པའི་སྒེག་པ་ལ་སོགས་པའི་རོ་རྣམས་ཀྱིས་ཞེས་མང་པོའི་ཚིག་སྟེ། འདི་རྣམས་ཕན་ཚུན་འདྲེས་པའི་རོའི་ཁྱད་པར་རྣམས་བསྡུས་པའི་དོན་ནོ།། མྱང་བར་བྱའོ།། ཀུན་ཏུ་མྱང་བར་བྱའོ་ཞེས་པས་རོའོ།། དེ་རྣམས་ཀྱི་སྤྱོད་པར་བྱེད་ཚུལ་དུ་བྱེད ་པས་སྤྱོད་པ་སྟེ། སྤྲོས་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་བདག་ཉིད་ཅན་འཆད་པར་འགྱུར་བ་རྣམས་སོ།། རྒྱུ་ནི་རྡོ་རྗེ་འཆང་ཉིད་རྫོགས་པར་བྱེད་པ་ལ་མ་ཚད་པ་མེད་པའི་རྒྱུའོ།། དེ་ནི་ཚིག་གི་དོན་མ་ནོར་བར་ཡོངས་སུ ་རྟོག་ཅིང་ངེས་པས་ངེས་པར་སེལ་བའི་དོན་གསུངས་པ། རྒྱན་ནི་གསུམ་པ་ཉིད་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཅི་ཞེ་ན་གསུངས་པ། མཐའ་དྲུག་གིས་ངེས་བྱས་པ། ཞེས་པ་ནི་མཐའ་དྲུག་ཚིག་ནི་རྣམ་པ་དྲུག་གི་ཚིག་སྟེ། འདིས་དོན ་བསྟན་པར་བྱ། རྟོག་སྒྲུབ་པར་བྱ། རྟོགས་པར་བྱའོ་ཞེས་པས་ཚིག་གོ།། དེའི་ངེས་པའི་དོན་རྟོགས་པ་གང་ལ་རྒྱན་དུ་བྱེད་པ་དེ་དེ་བཞིན་ནོ།། རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པ་ཞེས་པ་ལ། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ།། བྱིན ་གྱིས་བརླབས་དང་ཡོངས་བརྟགས་དང་།། སེམས་ཀྱི་གཟུགས་ནི་རྫོགས་པ་སྟེ།། རྣལ་འབྱོར་སངས་རྒྱས་རྣམས་ཀྱི་སྔགས་ཞེས་སོ།། རྣལ་འབྱོར་རྣམ་པ་གསུམ་པོ་རྒྱུད་དུ་བྱེ་བྲག་དུ་རྟོགས་པར་བྱེད་པ་གང་ཡིན་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ།། ་འདིས་སེམས་ཅན་རྣམས་མཐོ་རིས་དང་བྱང་གྲོལ་དུ་འདྲེན་པར་བྱེད་དོ་ཞེས་པས་དེ་ཉིད་ཚུལ་ལོ།། དེར་ཡང་དག་པར་བསྡུས་པས་བརྗོད་པ་ནི་བསྟན་པའོ།། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད།། རྣལ་འབྱོར་རྒྱུད་དུ་ངེས་བརྗོད་བྱ།། ཞེས་གུར་དུ ་གྱུར་པར་གསུངས་པར་གྱུར་པ་མ་ཡིན་ནམ།། འདིར་ཡང་འཆད་པར་འགྱུར་བ་རྣལ་འབྱོར་གྱི་རྒྱུད་ནི་མཐའ་རྣམ་པ་འདི་དྲུག་ཏུ་ངེས་པ་ཡིན་ནོ་ཞེས་སོ།། ཞེས་བརྗོད་པར་བྱ་སྟེ། འདི་ཞེས་པ་འདིས་རྣལ་འབྱོར་མའི་རྒྱུད་དུ་མངོན་པར་བརྗོད་པ་ཡང ་འདུས་པའི་དོན་དུ་བརྗོད་པར་བྱའོ་ཞེས་པ་འགལ་བ་མ་ཡིན་ནོ།། གླུ་རུ་ཡང་ཛོ་ཨཱི་ཎི་ཏཱནྟ་ཛེ་ཨེ་ཧཱུ་སཾ་དྷཱནྟ་བྷ་ན་ཨཱི་ཤཱནྟི་སི་རི་ཨོཾ་ཧཱུ~ཾ་ས་མཱ་ཛཱ། མཱ་མུ་ཙེ་མཱ་མུ་ཙེ་ཀུ་ལཱི་ས་བ་རེ་ཧོ་ཞེས་པ་ལ་སོགས་པའོ།། རྒྱས་བཏབ་དོན་ཞེས་པ་ནི་ཤིན་ཏུ་སྤྲས་པའི་དོན་ནོ།། རབ ་རྟོག་བྱང་ནི་མངོན་པར་གསལ་བར་བྱེད་པའོ།། དེ་ལ་རྒྱན་གསུངས་པ།། དགོངས་པའི་སྐད་དང་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པའི་སྐད་ཅེས་བྱ་བ་ཡང་ཁ་ཅིག་ཏུ་བལྟ་བར་བྱ་སྟེ། དགོངས་པ་ཞེས་བྱ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན ་བརྒྱ་པར། འཇིགས་པ་རྗེསུ་སྒྲོལ་མ་ཞེས་བྱ་བས། ཤཱ་རདྭ་ཏིའི་བུ་དགྲ་བཅོམ་པ་ཟག་པཟང་པ་འདི་དག་བརྗོད།། ཤཱ་ར་ཏིའི་བུསྐུ་སྨྲས་པ། དགོངས་པ་ཅི་ཡིན་པ་ཡངས་དཔལ་བྲིང་བཞིན་དུ་སྟོན་པར་བྱེད་དོ།། ཞེས་པ་ལ་སོགས་པའོ།། དགོངས་སྦྱིན ་དངནས་པ་ནི་དགོ་སྣ་བ་ས་ཡིན་ནོཞེས་པར་མཛྲ་རྫྫ་ཏྱཱ་བྱ་སྷོ། ཚིག་གི་དེ་ནདྲུག་གིས་སྨྲ་བར་བྱེད་པའི་མངོན་པ་གོངས་པ་བཅོམ་ལྡན་འདས་ཀྱིས་བསྐྲུན་པ་གསུངས་པ། སྒྲས་ཏེ་ཞེས་བྱ་བ་ལ་ཕྱོགས་པ་སྤྲོ་སྡུས་པ་ནི་ཤིན་ཉིང་ཀུན་ཏུ་སྒྲིབས་པའོ།། ་སྐལ་ངན་རྣམས་ཀྱིས་ནི་སྐལ་བ་མ་རུངས་པའི་སྐྱེ་བོ་རྣམས་གང་གི་གདུལ་བར་བྱ་བ་དེ་སྐལ་ངན་སྟེ། དེ་རྣམས་ལ་བཤད་པ་གང་ཡིན་པ་པ་སྟེ། གང་གིས་ཚིག་དེས་སྟོན་པར་བྱེད་པ་དེ་ནི་དྲང་བའི་དོན་ནོ།། གལ་ཏེ་ཡང་གཞན་དུ་ཡང་ཚངས་པ་ལ་སོགས ་པའི་མུ་སྟེགས་ཀྱི་དམ་ཚིག་གཉིས་ཀྱི་མཐར་ཡང་སྐུལ་ངན་དུ་བསྟན་ཏེ། དེ་བཞིན་དུ་ཡང་འདིར་དེ་རྣམས་ཀྱི་དོན་གྱི་ཆེད་དུ། བཅོམ་ལྡན་འདས་ཀྱི་དྲང་བའི་ཆེ་དུ་བཤད་དེ། དྲང་བའི་དོན་ཡང་དེ་རྣམས་ཀྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར། ཡང་དག་པའི་དོན ་ལས་དྲངས་ཏེ། དེ་བཞིན་དུ་སྣོད་དུ་བྱེད་པ་རྣམས་ཀྱི་དོན་དུ་རྣམ་པ་གཞན་དུ་བཤད་པ་ཉིད་ཅེས་པ་དྲང་བའི་དོན་ནོ།། དྲང་བ་ཡང་དེ་ཡིན་དོན་ཡང་དེ་ཡིན་པས་དྲང་བའི་དོན་ནོ།། ཡང་དག་དོན་ནི་ངེས་པའི་དོན་ཏེ་སྟོང་པ་ཉིད་ཀྱི་དོན་ནོ་ཞེས་པ་སྲིད་པར་རོ།། ་གསུངས་པ་ཡང་བསམ་གྱིས་མི་ཁྱབ་པར་སྟོན་པ་ལས། ངེས་དོན་ཞེས་ཀྱང་བསྟན་པ་ནི།། ཆོས་རྣམས་སྟོང་ཉིད་ལས་ཕྱི་མིན།། གང་ཞིག་སྐྱེ་འགག་ལ་སོགས་དང་།། སེམས་ཅན་འཚོ་བ་ལ་སོགས་བསྟན།། མགོན་པོ་ཁྱོད་ཀྱིས་ཀུན་རྫོབ་ཏུ།། དྲང ་བའི་དོན་དུ་དེ་གསུངས་སོ་ཞེས་སོ།། ཟླ་བ་སྒྲོན་མར་ཡང་། ཇི་ལྟར་བདེ་བར་གཤེགས་པས་སྟོང་ཉིད་ཉེར་བསྟན་པ།། དེས་དོན་མདོ་སྡེ་ཁྱད་པར་ཤེས་པར་བྱེད།། གང་དུ་སླར་ཡང་གང་ཟག་སེམས་ཅན་སྐྱེས།། མདོ་སྟེ་དེ་ནི་དྲང་དོན་ཤེས་པར་བྱེད་ཅེས་སོ།། ་དེ་ཉིད་ཀྱི་ཕྱིར་རང་བཞིན་གསུམ་ལ་མངོན་པར་དགོངས་ནས་བསྟན་པ་ནི། ངེས་པའི་དོན་ནོ་ཞེས་པ་ནི་འགལ་བའི་ཚིག་གོ།། ངེས་པ་ཇི་ལྟ་བ་ཁོ་ནར་ཚིག་གི་དོན་དེ་ལྟ་བུ་ཁོ་ནར་གསལ་བར་བྱས་པའི་དོན་ནི། ངེས་པའི་དོན་ནོ།། མཆོག་འདོད་ཅེས་ཏེ། འདོད ་པ་ནི་མངོན་པར་འདོད་པའི། གལ་ཏེ་བཅོམ་ལྡན་འདས་སྲོག་གཅོད་པ་ལ་སོགས་འཇིག་རྟེན་དང་འགལ་བའི་སྒྲའི་སྦྱོར་བས། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་རབ་ཏུ་གསལ་བར་བྱེད་དེ། དེའི་ཚེ་ཆོས་ཟབ་མོའི་སྣོད་སྲོག་གཅོད་ལ་མངོན་པར་དགའ་བ་རྣམས། ་འདིར་འཇུག་པར་བྱེད་པས་སེམས་ཅན་གྱི་དོན་ཆེན་པོ་བྱས་པར་འགྱུར་རོ་ཞེས། མངོན་པར་འདོད་པ་གང་ཡིན་པ་དེ་རྣམས་ཀྱི་དགོངས་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། འགལ་བའི་ཚིག་ཅེས་པ་ནི་ཉེ་བར་མཚོན་པ་སྟེ།། སྲོག་གཅོད་པ་ལ ་སོགས་པ་འགལ་བའི་ཚིག་གི་སྦྱོར་བ་མེད་པར་ཡང་རྒྱོ་ཆེར་འགྲེལ་གྱི་རྣམ་པར་གནས་མང་པོ་རྣམས་སུ་མ་ཤས་ཀྱི་དོན་རྣམ་པ་བཤད་པར་དགོངས་པས་བཤད་པ་འཇུག་པར་འགྱུར་རོ།། དཀྱིལ་འཁོར་སོགས་སུ་ནི་རྡུལ་ཚོ་ནི་སྤྲུལ་པ་ལ་སོགས་སུ ་ལ་སོགས་ཀྱི་སྒྲ་ལས་ཐབས་དང་སྦྱིན་སྲེག་ལ་སོགས་པ་ཡོངས་སུ་བཟུང་ངོ་།། རྟོག་པ་སོགས་སུ་ཞེས་པ་ནི་སྔགས་དང་། སྨན་དང་། རིལ་བུ་ལ་སོགས་པའི་སྦྱོར་བ་རྣམས་སུའོ།། སྤྱོད་པ་ནི་འཆང་བཞིན་པ་རྣམས་སོ།། ཇི་ལྟ་ཇི་ལྟར་ནི་གང་དུ་གང ་ཞིག་མངོན་པར་གསུངས་པའོ།། དོན་རྒྱས་བཤད་པ་ནི་སྒྲ་ཇི་བཞིན་པའོ།། འཇིག་རྟེན་བསྟན་བཅོས་ལ་མང་ཅིང་ནི། ཡང་གི་སྒྲ་ཡོངས་སུ་བལྟ་བར་བྱ་བཞིན་པའོ།། སྒྲ་ང་བཞིན་པ་མིན་པ་ནི། གང་གིའང་མ་ཡིན་པ་མངོན་པར་འདོད་པ་མ་ཡིན་པའི་སྤྲུལ ་དབང་པོ་དམན་པ་ནི་རྣོན་པོ་མ་ཡིན་པ་ཟབ་མོའི་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་མཆོག་ཏུ་གསལ་བ་སྟེ། དྲང་བའི་དོན་བཞིན་སྦས་པ་མ་ཡིན་པར་བཤད་པའོ།། རྣམ་པར་ཤེས་པས་ཉེ་བར་ཉོན་མོངས་པ་ངེས་པར་སེལ་བར་འདོད་པས། རྒྱན་བཞི་པ་གསུངས་པ། ཡི་གེའི ་དོན་ཞེས་པ་ལ་སོགས་པའོ།། དང་པོ་ཞེས་པ་ལ་སོགས་པས། དེའི་དབྱེ་བ་སྟོན་ཏེ། འདིའི་རབ་ཏུ་དབྱེ་བར་མངོན་པར་དགོངས་པས་སྨྲ་བར་བྱེད་པ་གསུངས་ལ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་བསྟན་བཅོས་ནི་ལུང་དུ་སྟོན་པ་སྟེ་ད་རིག་པའོ།། བསྟན་བཅོས ་གཞན་རིག་པ་ཡང་གང་ཞིག་གང་དུ་དམ་པ་མ་ཡིན་པ་དེ་རྣམས་ཀྱང་ཕྱིའི་བསྟན་བཅོས་རིག་པ་ལྟ་བུའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྒྲ་ཙམ་ལ་ནི་རབ་གཞོལ་བའོ།། སྒྲའི་མཐའ་གཟིངས་ལྟ་བུ་མ་རིག་ནས་སྒྲའི་སྒོ་ནས་དོན་དམ་པ་རྟོགས་པར་ནུས་པའོ།། དེའི་བཀོད་པ་སྟེ་དེ ་རྣམས་མངོན་པར་ཤེས་པ་སྒྲ་དང་དོན་དག་གི་བརྗོད་བྱ་དང་བརྗོད་བྱེད་དུ་རྟོགས་པའོ།། དེའི་རབ་ཏུ་བསྟན་པ་ནི་ཡི་གེའི་དོན་ཏེ། ཡི་གེ་ལས་བསྐྱོད་པའི་དོན་ནི་ཡི་གེའི་དོན་ཏོ།། རྣམ་པ་གཞན་དུ་ན་དེ་རྣམས་གདུལ་བྱར་མི་འགྱུར་རོ།། འདོད་སོགས་ཞེས་པའི་སོགས་ཀྱི་སྒྲས་འདུལ ་པཔ་དང་། རྟོག་པ་དང་། བྱ་བའི་རྒྱུད་ལ་སོགས་པ་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་འགྱོད་པ་བཟློག་པར་བྱེད་པ་ནི། ཞེས་པ་བཙུན་མོའི་བྷ་ག་རྣམས་སུ་བཅོམ་ལྡན་འདས་བཞུགས་ཏེ། ཞེས་པ་ལ་སོགས་པ་རྡོ་རྗེའི་ཚིག་མཐོང་བ་དང་། ཐོས་པ་དང་། དད་པ་ཉེ་བར་སྐྱེས ་པའི་འགྲོ་བའི་རྒྱུ་དང་པོར་བསྟན་པའི་ཚུལ་ལ་ངེས་པར་འཇུག་པའོ།། བསྐྱེད་པའི་རིམ་པ་ནི་ལྷའི་བསྐྱེད་པའི་རིམ་པ་སྟེ། དེ་དང་ལྡན་པའོ།། ཡང་དག་པར་འགྲེལ་པ་དེ་ནི་ཡན་ལག་བསྡུས་པ་སྟེ། སྤྱིའི་དོན་ནོ།། སྦས་པ་ཞེས་པ་ལ་སྦས་པ་ཅན་ཞེས་པ་ཐོབ་པ་ལ་སྦས་པ་ཞེས་པའི ་དོན་ཏེ། ཇི་ལྟར་འཇིག་རྟེན་དུ་སྙམ་མ་མཐོང་ནས། འདི་ནི་འདོད་ཆགས་ཆོས་ཀྱི་ཀུན་ཏུ་སྤྱོད་པའི་འབྲས་བུའོ་ཞེས་རྟོགས་སོ།། དེ་བཞིན་དུ་འདིར་ཡང་རྣམ་པར་བཤད་པའི་འདོད་ཆགས་ཆོས་སུ་མངོན་པར་བརྗོད་པར་བྱ་བ་སྙིང་པོ་དང་ལྡན་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པའི ་སྙིང་པོ་ཡོད་པས་ཞེས་པ་ལ་སོགས་པའོ།། འདིའི་ཞེས་པ་ནི་འདིའིའོ།། རབ་ཏུ་དབྱེ་བས་གཞན་གཉིས་པ་གསུངས་པ་ཀུན་རྫོབ་ཅེས་པ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ནི་རིམ་པ་གསུམ་པ་སྒྱུ་མ་ལྟ་བུ་ཉིད་དོ།། དེ་རྟོགས་པ་ནི་དེ་རབ་ཏུ་གསལ་བར་བྱེད་པའོ།། ཡེ ་ཤེས་གསུམ་པོ་རྣམ་བརྟགས་པ་ཞེས་པ་ནི། རིམ་པ་གཉིས་པ་འབྲས་བུའི་ཚུལ་གྱིའོ།། རྣམ་རྟགས་པ་ནི་ལས་ཀྱི་མཐའ་རྣམ་པར་འབྱེད་པ་དང་། ཐམས་ཅད་དག་ཅིང་རྣམ་པར་དག་པའི་རིམ་པ་དང་། སྤྱོད་བསྡུས་རྣམས་སུ་གསུངས་པའི་རང་བཞིན་གྱི་སྣང་བ་ལ ་སོགས་པ་ཡེ་ཤེས་གསུམ་པོ་འདིར་སྒྲུབ་པར་བྱེད་དོ།། ཞེས་པའོ་སྦས་པའི་བཤད་པ་རྣམ་པ་གསུམ་མོ།། འོད་གསལ་བ་ནི་རབ་སྟོན་དང་ཞེས་པའི་དང་། ཟུང་དུ་འཇུག་པ་རྟོགས་པ་སྟེ་ཞེས་བྱ་བའི་བར་མ་ཆད་པར་བལྟ་བར་བྱའོ།། རྣམ་པ་གཞན་དུ་ན་རྣམ་པ་གཉིས་སུ ་བྱ་བར་འདིར་ཡང་དག་པར་བརྗོད་པར་མི་འགྱུར་རོ།། རྟོགས་པ་ཞེས་བྱ་བ་འདིས་རྒྱུ་དང་འབྲས་བུའི་དངོས་པོ་བྱས་པའི་དབྱེ་བ་གསུང་ངོ་།། དེ་བཞིན་དུ་ཡི་གེའི་དོན་དང་། སྤྱི་དང་སྦས་པ་དང་། མཐར་ཐུག་པའི་བཤད་པ་རྣམས་དང་། སྒྲ་ཇི་བཞིན་པ་ལ་སོགས་པའི་ཚིག ་དྲུག་ཐོག་མར་བཀོད་པ་རྣམས་ཀྱི་ཕན་ཚུན་རྒྱུ་དང་འབྲས་པར་རྟོགས་པ་ནི་བླ་མ་ལ་རག་ལུས་སོ།། མཐར་ཐུག་གི་སྒྲའི་བཤད་པ་གསུངས་པ།། མཐའ་ནི་མུར་ཐུག་པའི་ཚིག་ཅེས་པ་ལ། མུ་ནི་ཡོངས་སུ་སྟེ་དངོས་པོ་ཐམས་ཅད་ནས་ཐུག་པ་ནི ་མཐར་གནས་པའོ།། ཐོག་མར་སོ་སོར་བསྒྲུབ་པའི་བཤད་པ་རྣམ་པ་གསུམ་གྱི་དོན་དང་ཕུང་པོ་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པའི་མཐར་ཐུག་པ་རྣམས་ཀྱིའོ།། ཞེས་པས་མུར་ཐུག་པ་སྟེ། ཇི་ལྟར་འཚོ་བ་ནི་འཆི་བའི་མུར་ཐུག་ཅིང་འཆི་བའི་མཐར་ཐུག་གོ་ཞེས ་སོ།། དེའི་རྗོད་བྱེད་དེ་བཞིན་གཤེགས་པའི་བརྡ་སྒྲ་ཇི་བཞིན་པ་མ་ཡིན་པས་མཐའ་སྟེ། དེར་ཐ་སྙད་དུ་བྱེད་དེ། མུར་ཐུག་པའི་ཚིག་གི་དོན་གསལ་བར་བྱེད་པས་སོ།། ཞེས་པ་མཐར་ཐུག་པའི་བཤད་པ་རྣམ་པ་གཉིས་སོ།། རྒྱན་ལྔ་བའི་དབང་དུ་བྱས་ནས ་གསུངས་པ།། འདོད་པ་ཞེས་པ་ལ་སོགས་པ་སྟེ། ཡང་ནི་སླར་ཡང་གི་དོན་སྟེ། སླར་ཡང་རྒྱན་གཞན་ཞེས་བྱ་བའི་དོན་ཏོ།། དབྱེ་བ་རྣམ་པ་གཉིས་ཞེས་པ་ནི། གདུལ་བྱ་རྣམ་པ་གཉིས་ལས། ཚོགས་ལ་བཤད་པ་ནི། ཉན་པ་པོ་ཚོགས་ལྟ་བུ་ལ་འཆད་པ ་སྟེ། སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བའོ་ཞེས་པའི་དོན་ནོ།། སློབ་མ་ལ་བཤད་པའི་ཐུན་མོངས་མ་ཡིན་པ་སྟེ།། མཆོག་གི་ཡུལ་ཡིན་པའི་ཕྱིར་རོ།། བསྟན་པ་འདིའི་རྒྱས་པར་བཤད་པ་གསུངས་པ། ཇི་བཞིན་སྒྲ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ།། རྒྱན ་ལྔ་པའི་དབྱེ་བ་གཉིས་སོ།། རིམ་པ་གཉིས་ལ་ཞེས་པ་ལ་སོགས་པས་རྒྱན་འདིའི་རིམ་པ་གཉིས་ཀྱིས་བཅིངས་པས་སྟོན་པར་བྱེད་དོ།། དེ་བོཞིན་གཤེགས་པས་ཞེས་པ་ན་དུས་གསུམ་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོས་སོ།། ་དྲུག་པའི་རབ་ཏུ་དབྱེ་བ་ལྔའི་དབང་དུ་བྱས་ནས་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་ཞེས་པ་སེམས་ཅན་སྣོད་དུ་བརྗོད་པ་ལའོ།། ངེས་པར་འགྱུར་བ་ནི་ལས་ཀྱི་དབང་ལས་སྐྱེས་པའོ།། རྣམ་པ་དཔག་མེད་ཅེས་པ་ནི་ལྔ་ཉིད་ཀྱི་གཏན་ཚིགསོ།། ་དོ་དོ་ཞེས་པ་ནི་བཅོམ་ལྡན་འདས་ཞེས་པ་ལྷག་མའོ།། རིན་ཆེན་ཞེས་པ་ལ་རིན་ཆེན་ལྟ་བུ་ནི་རིན་ཆེན་སྟེ། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་བ་ཡང་སྐྱེ་བ་འདི་ཉིད་ལ་བྱང་ཆུབ་ཀྱི་སྣོད་དུ་བྱེད་བ་ཉིད་ཀྱི་ཕྱིར་རོ།། ཙནྡན་ཞེས་པ་ནི་ཙིནྡན་ལྟ་བུ་ནི་ཙན་ངན་ཏེ། ་ཇི་ལྟར་གོས་ལ་འཇུག་པ་དང་། རྣམ་པར་རྩོལ་བ་དང་། འཐག་པའི་དུས་སུ་གནས་པ་དང་། དྲི་ཤིན་ཏུ་ཆུང་བ་ཉིད་ཡིན་པ་དེ་བཞིན་དུ་འདི་ཡང་ངོ་ཞེས་པའི་དོན་ནོ།། པདྨ་ཞེས་པ་ལ་པདྨ་ལྟ་བུ་ནི་པདྨ་སྟེ།། ཇི་ལྟར་པདྨ་དགའ་བ་ལ་སོགས་པའི་ཡོན་ཏན་བསྐྱེད་པ ་དང་ལྡན་ཡང་། ཡོན་ཏན་དེ་རིང་དུ་འཛིན་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ངོ་།། པད་དཀར་ཞེས་པ་ལ་ཆུ་སྐྱེས་དཀར་པོ་ལྟ་བུར་ཆགས་པ་རྣམ་པར་དག་པ་དཀར་པོའི་ཡོན་ཏན་འཛིན་པས། གཞན་གྱི་རྒྱུད་ལ་རྟོགས་པའི་ཡོན་ཏན་འཛིན་པར་བྱེད ་ནུས་པ་ཡང་དག་པའི་དོན་དེ་འཛིན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ།། ཨུཏྤ་ལ་ཞེས་བྱ་བ་ལ་ཨུཏྤ་ལ་ལྟ་བུ་ནི་ཨུཏྤ་ལ་ཏེ། ཇི་ལྟར་ཨུཏྤལ་དྲི་མང་པོ་ལ་སོགས་པ་འཛིན་ཡང་རིང་དུ་མི་གནས་པ་དེ་བཞིན་དུ་འདིར་ཡང་ངོ་ཞེས་པའི་དོན་ཏོ།། དེ་ལྟ་བུ་འདིས་རང ་བཞིན་ཏེ་དེ་རྣམས་ཀྱི་ཆོས་ཀྱིས་སོ།། ཐ་དད་མིང་གི་ཞེས་བྱ་བ་ལ་སོགས་པ་ནི། ཡང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བརྡའི་མིང་འདི་དང་འདི་རྣམས་སོ།། ཡང་ན་རང་བཞིན་ཐ་དད་པ་མིང་གིས་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་ཏེ་དངོས་པོ་ཐ་དད་པར་འདི ་རྣམས་ཀྱི་མིང་ཐམས་ཅད་མཁྱེན་པ་སྟེ། རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཡིན་ནོ།། སླར་ཡང་འདི་རྣམས་ཀྱི་རང་བཞིན་ཅི་ཞེ་ན། གསུངས་པ། དེ་ཐོས་ནས་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་འདི་རྣམས་འཁྲུག་པས ་བརྗོད་པའི་ཚིགས་བཅད་དེས། བརྗོད་པ་ཉིད་ཀྱི་ཕྱིར། བུམ་པའི་རས་བལ་ཞེས་བྱ་བ་ལ། ཁ་ཤིན་ཏུ་ཆུང་ཞིང་ས་ལས་བྱུང་བ་ལ་སོགས་པའི་སྣོད་ནི་བུམ་པའོ།། རས་བལ་བཞིན་ཞེས་པ་ནི་རས་བལ་བཅུག་པ་མི་ཐོན་པ་བཞིན་ནོ།། ཆོས་ཐོས་པ ་རབ་ཏུ་གསལ་བར་བྱེད་པ་དེའི་འོ་ཞེས་བྱ་བའི་དོན་ནོ།། སྙིང་རྗེ་ཤེས་ཞེས་བྱ་བ་ནི་སེམས་ཅན་རྗེས་སུ་བཟུང་བའི་དབང་དུ་བྱས་ནས་སོ།། བློའི་ཁ་འབྱེ་ཞེས་བྱ་བ་ནི་སྙིང་གི་པདྨ་ཁ་བྱེ་བར་གྱུར་པའོ།། ཐོས་པའི་ཞེས་བྱ་བ་ནི་ཉན་པ་དང་འབྲེལ་བར ་ཉེ་བར་མཚོན་པར་བྱའོ།། བདུན་པའི་དོན་ཉིད་ཀྱིས་དྲུག་པའོ།། ཚིགས་མེད་འོད་མ་བཞིན་ཞེས་པ་ནི་མདུད་པ་མེད་པར་འཛག་པའི་འོད་མའི་དུམ་བུ་བཞིན་དུ་སྟེ། མདུད་པ་གཉིས་ངེས་པར་གནས་པ་ནི་ཚིགསོ།། ཚིགས་མེད་པའི་འོད་མ་དེ ་བཞིན་དུ་འདི་ཡང་འདིརི་མཚམས་ལས་འདས་པའོ།། ཇི་ལྟར་མདུད་པ་དང་བྲལ་བ་ངོས་གཉིས་ཀ་ནས་འཛག་པའི་འོད་མའི་དུམ་བུར་བཅུག་པ་ན། འོག་ལ་སོགས་པ་ངོས་གཞན་གཅིག་ནས་ལྟུང་བར་བྱེད་ཀྱི་གནས་པ་ཅི་ཡང་མེད་དོ།། དེ ་བཞིན་དུ་གང་ཟག་འདིའི་ཆོས་ཐོས་པ་ཡང་སོ་སོར་འཇུག་པར་བྱེད་པ་དང་། ངེས་པར་འགྲོ་བར་བྱེད་དོ་ཞེས་བྱ་བ་ནི་གསུངས་པའོ།། མཁས་ལ་ནི་སྦྱངས་པ་ཤེས་པའོ།། རྒྱུད་ཅིག་ནི་གྲུབ་པའི་མཐའ་གཅིག་ལ་ལྷག་པར་མོས་པ་ལ་སྟེ། ་གཞན་དང་གཞན་གྱི་གྲུབ་པའི་མཐའ་འདི་དྲང་བར་བྱ་བ་དང་། ཐེ་ཙོམ་ཟ་བ་མ་ཡིན་ནོ།། ཐམས་ཅད་དུ་ཡང་ཆོས་ཐོས་པས་བདེན་པ་གཉིས་གཉི་སུ་མེད་པར་སྦྱོར་བར་བྱེད་དོ།། རིམ་པ་གསུམ་པར་ཡང་གསུངས་པ་བདེན་པ་གཉིས་གཉིསུ་མེད་པའི་ལྷག ་མར་མོས་པས། ཐོས་པ་འཛིན་པ་ཞེས་སོ།། གང་ཟག་ལྔ་པོ་འདི་རྣམས་སྔར་གསུངས་པའི་བཤང་བ་རྣམ་པ་གཉིས་ཀྱིས་འབྲེལ་བར་བསྟན་པ་གསུངས་པ། པད་དཀར་ཞེས་པ་ལ་སོགས་པ་སྟེ། བཤད་པ་རྣམ་པ་གཉིས་ཞེས་པ་ནི་ཁྱད་པར་གྱི་འཆད་པས ་ན་རྣམ་པར་བཤད་པ་སྟེ་མན་ངག་འཆད་པའོ།། གང་ཟག་གང་མན་ངག་གི་རིམ་པ་གང་གི་སྣོད་ཡིན་པ་དེའི་ཆེད་དུ་མན་ངག་གི་རིམ་པ་དེ་བརྗོད་པར་བྱའོ།། རིན་པོ་ཆེའི་གང་ཟག་ལས་གཞན་པའི་གང་ཟག་རྣམས་ཚིག་གི་དོན་དྲུག་གསལ་བར་མི་བྱ་བ་མ་ཡིན ་ནམཿཞེ་ན་འཆད་པར་འགྱུར་ཏེ། གང་གི་ཕྱིར་རྒྱུད་ཀྱི་གཞུང་མ་ལུས་པ་ཐོས་ནས་ཀྱང་མཐའ་དྲུག་གི་ཚིག་རྣམ་པར་དབྱེ་བས་རྒྱུད་ཀྱི་དོན་ལ་ཀུནྡ་ཏུ་ཡངས་པ་མ་ཡིན་པའི་རྨོངས་པ་ཙནྡན་ལ་སོགས་པ་རྣམས་ཐོས་པ་ཞེས་པ་ལ་སོགས་པའོ།། ད་ནི་གསུངས་པའི་རྒྱན ་དྲུག་པོ་རྣམས་ཀྱི་བདེན་པ་གཉིས་སྒྲུབ་པར་བྱེང་བ་རྒྱན་བདུན་པ་གསུངས་པ་དེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། དེ་རྣམགྱིས་ཀྱིས་ཞེས་པ་ནི་སྔར་བརྗོད་པ་རྣམས་ཀྱིས་སོ།། བདེན་གཉིས་རྣམ་པ་ར་ངེས་བྱས་པ་ནི་རྣམ་པར་གཏན་ལ་འབ་པ་སྟེ། དེ་ཡང་ཐོས་པ་ལས ་བྱུང་བ་དང་། བླ་མ་རིམ་པ་ལས་ངས་པས་སོ།། བདུན་པ་ཞེས་པ་ནི་རྣམ་པར་ངེས་པ་དེའོ།། རྫོགས་པའི་རིམ་པ་བསྒྲུབ་པ་ཞེས་པ་ནི།། རྫོགས་པ་ནི་རབ་ཏུ་སྦྱོར་བ་ཉིད་མཐའ་མེད་པ་ནི་རྫོགས་པའི་དངོས་པོ་ལས་གནས་པ་དང་འཇིག་པ་ཡང་རྫོགས་པ་ལ་མེད་དོ།། ་རིམ་པ་ནི་རང་བཞིན་ཏེ་འདི་དག་བྱའོ་ཞེས་བྱ་བ་ལ་སོགས་པ་མེད་པའི་ཕྱིར་རོ།། སྒྲུབ་པའོ་ཞེས་པ་ནི་བླ་མ་རྒྱུད་པའི་རིམ་པས་སྐྱེད་པ་དང་འགོག་པ་དེང་དེ་སོ་སོར་བརྟགས་ནས། བདེན་པ་གཉིས་ཀྱི་བདག་ཉིད་ཅན་དེའི་སོ་སོར་རྟོགས ་པར་བྱེད་དོ།། གསུངས་པ་ཡང་། བྷ་བ་ཨུ་ཨེཀྟཱ་ཨ་ཁ་ཨ་ཧི་ཎི་མཛྫ་ཨ་བེ་བི་བི་བཛྲཱི་ཨཱ་ཀ་ཧི་ཨུ་ཨཛྙཱ་ཨ། བེ་བི་བི་བཛྲཱི་ཨ་ཛོ་ཊ་ཨ་ཛ་ཨ་ཨཙྪངྒ་སི་རི་གུ་རུ་ཎཱ་ཧི་ཀ་ཧིཛྫ་ཨ་ཞེས་སོ།། ཞེས་པ་ནི་ཆུང་ངུའི་རང་བཞིན་ལ་ནི་རྫོགས་པའི་རིམ་པ་སྒྲུབ་པར་བྱེད་པར ་མངོན་པར་བརྗོད་དོ།། བར་མ་ལ་ནི་སོ་སོར་སླར་ཡང་གསུངས་པ། གང་དང་གང་ཞིག་ལྷ་དང་ཉན་པར་བྱེད།། སྣོམ་བྱེད་མྱོང་བྱེད་ཀུན་ཏུ་རེག་པར་བྱེད།། ཟབ་ཅིང་རྒྱ་ཆེ་དེ་ཡི་དེ་དང་དེ།། འདིར་ནི་ཀུན་ཏུ་བཟང་པོར་སྣང་བ་ཡིན།། ཟབ་ཅིང་རྒྱ་ཆེ་དེ་ཡིན་ཞེས་པའི ་གསུང་ལས་བདེན་པ་གཉིས་ཀྱི་བྱ་བ་འདིར་དེའི་བདག་ཉིད་ཀྱིས་རིམ་པར་བྱའོ།། དེ་ནས་འདིས། སླར་ཡང་སྔར་བཞིན་རབ་ཏུ་འཇུག་པ་ནི་མ་ཡིན་ནོ།། ལྷག་པ་ཙམ་ལས་སོ་སོར་ཟབ་པ་དང་རྒྱ་ཆེ་བ་དེས། དྲན་པ་འམ་དྲན་པ་མེད་པ་ཡོད་པ་མ་ཡིན་ཏེ། རང་གི ་རང་ཉིད་ལས་བདེན་པ་གཉིས་རོ་གཅིག་པས་རྟག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ།། ཟུང་དུ་འཇུག་པའི་རིམ་པར་ཡང་གསུངས་པ།། དྲན་པ་དང་དྲན་མིན་ལས་གྲོལ་ཞིང་།། རྟག་ཏུ་འབྱུང་བའི་མཚན་ཉིད་ཅན།། ཞེས་པ་ལ་སོགས་པའོ།། རབ་ཏུ་བྱེད་པ་གསུམ་པ ་ཡང་།། ཟུང་འཇུག་གི་ལམ་དུ་བདེན་པ་གཉིས་ཀྱི་སྒྲུབ་ཐབས་ཉིད་འདིར་རྒྱུ་ཉི་དུ་ཡོད་དོ།། རྒྱན་བདུན་གྱི་བཤད་པ་ལ་རྒྱུད་ཀྱི་རང་དབང་མ་ཡིན་པ་ཉིད་དུ་བསྟན་པར་འདོད་ནས་གསུངས་པ་བཤད་པའི་རྒྱུད་ཅེས་པ་འདིས་དོན་ཁྱད་པར་གྱི་བཤད་པར་བྱང ་བྱེད་པས་ན་རྣམ་བཤད་དོ།། རྒྱུད་ནི་རང་དབང་སྟེ་གང་འགའ་ཞིག་ཏུ་འགའ་ཞིག་གི་དོན་ནོ།། འདུས་པ་ལ་སོགས་པའི་བཤད་པ་བྱེད་ཀྱི།། ཀུན་ཏུ་འདོད་པ་ཇི་སྙེད་པ་ཡི་ནི་མ་ཡིན་ནོ།། བཤད་པའི་ཚུལ་གྱི་རྒྱུད་ནི་བཤད་པའི་རྒྱུད་དོ།། བཤད་པ་ནི་ཡང་དག་པར ་གྲགས་པའི་ཡུལ་བུར་ཇོག་པར་བྱེད་པའོ།། རྣལ་འབྱོར་རྒྱུད་རྣམས་ཞེས་མང་ཚིག་ཏུ་འབྲེལ་པར་གསུངས་པ་ནི།། འདུས་པོའི་རྒྱུད་ཉིད་འབྲས་བུའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་བླ་མ་ཞེས་པ་ནི་བདེན་པོ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དང་།། རྡོ་རྗེ ་ལྟ་བུའི་ལམ་སྟོན་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རྡོ་རྗེའོ།། འཇིག་རྟེན་གསུམ་གྱི་སྟོན་པ་པོ་ཉིད་ཀྱི་ཕྱིར་བླ་མའོ།། དེ་བས་རྣལ་འབྱོར་རྒྱུད་རྣམས་ནི་རྡོ་རྗེ་དྲང་བ་ལ་སོགས་པ་འདུས་པའི་རྣལ་འབྱོར་གྱི་བཤད་པའི་རྒྱུད་རྣམས་སོ།། བཟུང་ངོ་ནི་དོན་དང་གིཞུང ་ཡིད་ལ་བྱའོ།། མ་འོངས་པའི་སེམས་ཅན་ལ་བལྟོས་ནས་གླེགས་བམ་གྱི་ཚུལ་གྱིས་ཀྱང་བཟུང་བར་བྱའོ།། ཅི་ལྟར་ཞེ་ན་གསུངས་པོ།། གླེང་གཞི་རིས་པའི་སྦྱོར་བར་བཅས་ཞེས་ཏེ། གསུངས་པའི་རྒྱུད་དང་། བསྐྱེད་པ་དང་རྫོགས་པའི་རིམ་པ་དག་ལས་སོ།། ་བླ་མ་ཇི་ལྟར་གྱུར་པ་ལས་ཞེ་ན་གསུངས་པ། བཤད་པའི་རྒྱུད་ལས་མཁས་པ་ལསྭཱ་ཏི། རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ལ་ཤིན་ཏུ་བྱང་བ་སྟེ། ཐེ་ཚོམ་ཟ་བ་ལས་ནི་མ་ཡིན་ནོ།། བཤད་པ་ནི་གསུངས་པའོ།། རིག་པ་ནི་རིམ་པའོ།། ང་ནི་རྒྱུད་ཀྱི་རྣམ་པ ་སྣ་ཚོགས་པའི་འགྲེལ་པ་བརྗོད་པར་བྱའོ།། འདུས་པ་ཕྱི་མོར་གསུངས་པ། རྒྱུད་ཀྱི་འབྲེལ་པ་ཇི་ལྟ་བུ་ཞེས་སོ།། དེ་ཡང་སོ་སོར་བསྟན་པར་བྱ་བའི་དོན་གྱི་སྒོ་ཅན་དུམ་བུའི་མཐར་ཐུག་པ་རྟོགས་པ་མངོན་པར་བརྗོད་པ་དེ་ལས་དེ་ལ་ལེའུར་གྱུར་པ་དེ་སྙེད་དུ་འབྲེལ་བ ་བསྟན་པར་འདོད་ནས་གསུངས་པ།། ད་ནི་ཞེས་པ་ལ་སོགས་པ་སྟེ། ལེའུ་བཅུ་བདུན་པོ་རྣམས་ཀྱི་ཞེས་པ་ནི། ལེའུ་བཅོ་བརྒྱད་པ་ནི་ཤིན་ཏུ་སྦས་པའི་ཚིག་གིས་བཤད་པའི་རྒྱུད་ཡིན་པའི་ཕྱིར་རོ།། བསྡུས་པའི་དོན་ནི་བསྡུས་པ་ཅན་དུ ་བྱས་པའི་དོན་ནི་བསྡུས་པའི་དོན་ནོ།། དོན་མང་པོ་རྣམས་རེ་རེར་མངོན་པར་བརྗོད་པའི་ཕྱིར་རོ།། དེ་ལ་ཞེས་པ་ནི་ལེའུ་བཅུ་བདུན་པོ་རྣམས་སུའོ།། རྗོད་པར་བྱེད་པ་དང་ཞེས་པ་ནི་གཞུང་གི་བདག་ཉིད་དོ།། བརྗོད་པར་བྱ་བ་ཞེས་པ་ནི་ལུས་ཀྱི་བདག་ཉིད་དོ།། རྡོ་རྗེ ་འཆང་ཆེན་པོ་ནི་དྲུག་པ་སྟེ་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ།། མི་བསྐྱོད་པ་ལ་སོགས་པ་རྣམས་ནི་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཡིན་པ་ཉིད་ཀྱི་ཕྱིར། དེ་རྣམས་ཀྱིས་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ།། ལེའུ་འདི ་ཉིད་དུ་གསུངས་པར་འགྱུར་བ། རྒྱུད་འདིར་སེམས་གཙོ་བོ་ཡིན་པའི་ཕྱིར། མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་སྤྲུལ་པའི་བྱ་བ་བསྟན་པའི་ཕྱིར། ཞེས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་པ་དེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལ་བལྟོས ་ནས། སེམས་གཙོ་བོ་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར་མི་འགལ་ལོ།། ལེའུ་བཞི་པའི་རྣམ་པར་བཤད་པོར་ཡང་ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་པ་ནི། སེམས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ཏེ། རྡོ་རྗེ་རིགས ་ཀྱི་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ། དེ་ཉིད་ཀྱི་ཕྱིར་འདི་དང་པོར་གསུངས་སོ།། སྤྲུལ་པའི་དཀྱིལ་འཁོར་ཞེས་པ་ནི་བསྡུས་པའི་དཀྱིལ་འཁོར་ཇི་ལྟ་བར་གནས་སུ་བཀོད་པའི་ཤིང་ལ་སོགས་པ་ལས་སྤྲུལ་པ་བཟུང་བ་ཉིད་ཀྱི་ཕྱིར་རོ།། རིག་པའི་དབང་བསྐུར་བ ་ནི། རིག་མ་སྤྱན་མ་ལ་སོགས་པ་དེ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བྱེད་པའོ།། བརྟགས་པའི་བསྒྲུབ་ཐབས་ཞེས་པ་ས་བོན་དང་མཚན་མ་ལ་སོགས་པར་བྱེད་པ་རྣམས་ཀྱིས་བསྐྱེད་པའི་སྒྲུབ་ཐབས་ཡིན་པའི་ཕྱིར། བརྟགས་པའི་སྒྲུབ་ཐབས་ཞེས་བརྗོད་པར ་བྱའོ།། རྫོགས་པའི་རིམ་པའི་སྒྲུབ་ཐབས་ཞེས་པ་ནི་སྔར་བཤད་དོ།། རིམ་པ་གཉིས་པོ་འདིའི་སྒྲུབ་ཐབས་ཀྱི་འབྲེལ་པ་གསུངས་པ། འཆད་པར་འགྱུར་བའི་ཞེས་པ་ལ་སོགས་པ་སྟེ། ལེའུ་བཅུ་དྲུག་པོ་ཡིའང་ཞེས་པའི་ཡང་གི་སྒྲས་ལེའུའི་ཕྱོགས་གཅིག་ལ ་སོགས་པ་ཡང་དག་པར་སྡུད་པརོ་བྱེད་དོ།། དོན་གཞན་རྙེད་ཅེས་པ་ནི་བརྟགས་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ལས་གཞན་པའི་དོན་ནི་དོན་གཞན་ཏེ། དེ་བཤད་པར་བྱེད་པས་སྐབས་སུ་བབ་པར་ཞེས་པའི་དོན་ནོ།། ལྷའི་རྣལ་འབྱོར་རྣམ་པ་གཉིས་པོ་ཉིད ་ལ་ཞེས་པ་ནི། རིམ་པ་གཉིས་པོ་མེད་པར་དོན་གཞན་བསྐྱེད་པར་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ།། རྣམ་པར་བཤད་པའི་དོན་དུ་གཞན་གྱི་དབང་དུ་བྱེད་པ་ཅན་གྱི་བདག་ཉིད་གསུངས་པ། རིམ་པ་གཉིས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱིས་ཞེས ་པ་ནི་མང་པོའི་ཚིག་གོ།། དུས་གསུམ་དུ་བཞུགས་པ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པར་མཚུངས་པ་ཉིད་དུ་བསྟན་པའི་དོན་ཏོ།། ཁ་ཅིག་དུ་རྡོ་རྗེ་ཅན་རྣམས་ཀྱི་ཞེས་ཀློག་སྟེ། འདིར་ཡང་མང་པོའི་ཚིག་ནི་སྔར་བཞིན་ནོ།། ཡང་ནི་གཅིག་ཉིད་ཀྱང་རྡོ་རྗེ་འཆང ་ཆེན་པོའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། མང་པོའི་ཚིག་ཏུ་བརྗོད་པར་བྱའོ།། འདུས་པ་ཕྱི་མར་གསུངས་པའི་ལྔ་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི ་འབྲེལ་པ་གཞན་དུ་བརྗོད་པ་མ་ཡིན་ནམ་ཞེ་ན་འདི་ནི་བདེན་ཏེ། དེ་ལྟར་ནི་འདུས་པ་ཕྱི་མར་ལེའུ་དང་པོ་ལ་རྒྱུད་ཀྱི་འབྲེལ་པ་མངོན་པར་བརྗོད་པ་མེད་དོ།། ལེའུ་ལྔ་པ་དང་། དགུ་པ་དང་། བཅུ་བདུན་པ་དང་། བཅུ་གསུམ་པ་རྣམས ་ཀྱིས་སྒྲུབ་པ་ཆེན་པོ་བསྟན་ནོ།། བཞི་པ་ནི་བཅུ་དྲུག་པ། བརྒྱད་པ་བཅུ་གཉིས་པའི་ལེའུས་སློབ་དཔོན་སྤྱི་ཡི་ལས་རྣམས་དང་། དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན།། ཞེས་རྒྱུད་ཀྱི་འབྲེལ་པ་མངོན་པར་བརྗོད་པར་བྱེད་དོ།། གཞན་དུ་ཡང་རིམ ་པ་འདིས་རྒྱུད་ཀྱི་འབྲེལ་པ་མངོན་པར་གསུངས་སོ།། དེ་ཡང་འདུས་པ་ཕྱི་མར་ལེའུ་བཅུ་བདུན་པ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར། རྒྱུད་ཀྱི་བཤད་པ་ལ་ལེའུ་བཅོ་བརྒྱད་པའི་ཡང་རྣམ་པར་བཤད་པ་ཉིད་ཀྱི་ཕྱིར་རྒྱུད་ཀྱི་ནང་དུ་སོང་བ་རྒྱུད་ཀྱི་འབེལ་པ ་ཡང་རྒྱ་ཆེར་འགྲེལ་གྱི་རྣམ་པར་བཤད་དེ་དེའི་ཕྱིར། རྒྱུད་ཀྱི་རྣམ་བཤད་གཞན་བརྗོད་པ་དང་། རྒྱུད་ཀྱི་འབྲེལ་པ་གཞན་ཉིད་བསྡུས་པའི་དོན་གྱིས་བཤད་པར་བརྗོད་པ་མ་ཡིན་ནོ།། གལ་ཏེ་ཡང་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་པོ་ཉིད་ཀྱི ་དེ་ཁོ་ན་ཉིད་མ་ལུས་པ་ལས་རབ་འབྱམས་ལ་སོགས་པ་དང་ལྷན་ཅིག་ཏུ་བསྟན་པར་བྱའོ།། དེ་བཞིན་དུ་ཡང་དེ་མ་ཡིན་པ་ཁ་ཅིག་ཏུ་རིམ་པ་གཉིས་དང་། ཁ་ཅིག་ཏུ་གཉིས་ཀའི་ཆ་ཤས་དང་། ཁ་ཅིག་ཏུ་ཕྱེད་མ་དང་། ཁ་ཅིག་ཏུ་ཡན་ལག་དང ་ཁ་ཅིག་ཏུ་གཅིག་ཉིད་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་མངོན་པར་རྗོད་པར་བྱེད་པར་གསུངས་པ། ལེའུ་གཉིས་པ་ལ་ནི་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་དག་པ་ཞེས་པ་ནི་དེ་བཞིན་ཉིད་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་ཉིད་ཡོངསུ ་དག་པ་མ་ཡིན་ནོ།། དབང་བསྐུར་བའི་དཀྱིལ་འཁོར་ཞེས་པ་ནི། དབང་བསྐུར་བའི་ཆེད་དུ་སྟེ། དྲི་མ་འཁྲུད་པར་བྱེད་པའི་ཆེད་དུའོ།། དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ།། རྣལ་འབྱོར་གྱི་སྤྱོད་པ་ཞེས་པ་ནི། ཤེས་རབ་དང་ཐབས་རྫོགས་པར ་བརྟག་པ་ནི་རྣལ་འབྱོར་རོ།། དེའི་གོང་མ་ལས་ཀྱང་ཆེས་གོང་མའི་རིམ་པས་འཕེལ་བར་བྱེད་པའི་དོན་དུ་ཡུལ་ལ་སོགས་པ་ཉམས་སུ་མྱོང་བའི་བྱ་བའི་ཚོགས་ནི་སྤྱོད་པའོ།། གསུངས་པ་ཡང་། ཇི་ལྟར་འདོད་པའི་ཡུལ་འདི་རྣམས་ལ་ནི།། སྤྱོད་པ་དེ་ནི་སྤྱོད་པས ་འཕེལ་བར་བྱེད།། ཡམ་ཤིང་རྣམས་ནི་སྲེག་བྱེད་མིན་པ་ཉིད།། ཤིན་ཏུ་ལྷག་པར་གནས་པ་སྲེག་བྱེད་ཡིན་ཞེས་སོ།། སྐུ་གསུང་ཐུགས་ཞེས་པ་ནི་སྒྲུབ་པ་པོའི་ལུས་ལ་སོགས་པ་གང་ཡིན་པ་དེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་དེའི ་སྐུ་ལ་སོགས་པའི་རང་བཞིན་གྱིས་སོ།། བྱིན་གྱིས་རླབ་པ་དེ་ནི་དེ་ལ་གནས་པར་བྱེད་པའོ།། སྤྲོས་པ་ཞེས་པ་ནི་གསལ་བར་བྱེད་པའོ།། གསང་བ་ཞེས་པ་ནི་ཤེས་རབ་དང་ཐབས་ངག་གི་ལོངས་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དག་གོ།། དེས་དབང ་བསྐུར་བ་ནི་ངག་གི་དྲི་མ་འཁྲུད་པར་བྱེད་པའོ།། རྨད་དུ་བྱུང་བ་ལུང་བསྟན་པ་ཞེས་པ་ནི།། མི་བསྐྱོད་པའི་ལག་དུ་གནས་པའི་རྡོ་རྗེས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ཕྱེ་མར་བྱེད་དོ་ཞེས་པ་ལ་སོགས་པ་བརྗོད་པར་བྱེད་པའོ།། སྙིང་པོ ་བསྐུལ་བར་བྱེད་པ་ནི་རབ་ཏུ་རྟོགས་པར་བྱེད་པའོ།། སྔགས་ཀྱི་སྐུ་སྐྱེད་པ་ནི། ཡི་གེ་གསུམ་ལ་སོགས་པའི་སྔགས་ཀྱི་རིམ་པས་བསྐྱེད་པའི་སྐུ་ནི་སྔགས་ཀྱི་སྐུའོ།། བསྐྱེད་པ་ནི་བསྐྱེད་པར་བྱ་བའི་རིམ་པའོ།། དེ་བཞིན་དུ་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ།། གཉིས་པོ་འདི ་དག་གཙོ་བོར་བརྗོད་པའོ།། འདིར་གཞན་ཡང་གཞལ་བར་བྱ་བར་མངོན་པར་བརྗོད་དོ།། དེ་བཞིན་དུ་འཆད་པར་འགྱུར་བ་རྣམསུ་ཡང་བསྡུས་པའི་དོན་དུ་བརྗོད་པར་བྱའོ།། ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་ཞེས་པ་ནི། མི་བསྐྱོད ་པ་ལ་སོགས་པའི་ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ།། དེ་ལེའུ་བཅུ་གཉིས་པ་ལས་གསུངས་པའི་རིམ་པས། རྡོ་རྗེའི་རིག་པ་འཛིན་པ་ལ་སོགས་པ་ཉིད་ཀྱིས་བསྐྱེད་པ་ནི་ཡོངས་སུ་གྱུར་པའོ།། ལས་རབ་འབྱམས་ཞེས་པ་ནི། ལས་རྣམས་ནི་བྱ་བ་རྣམས་སོ།། རབ ་འབྱམས་ནི་རྒྱས་པའོ།། དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་ཀྱིས་ཞེས་པ་ནི། བླ་མའི་དྲིན་ལས་སོ།། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་ཟུང་འཇུག་གི་ཏིང་འཛིན་ནོ།། དམ་ཚིག་དང་སྡོམ་པ་ཞེས་པ་ལ། དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་བསྲུང་བར་བྱ་བ་བཞི ་པོ་དང་བཟའ་བར་བྱ་བའོ།། སྡོམ་པ་ཞེས་པ་ནི་ཡང་དག་པར་ལྡན་པར་བྱ་གཟུང་བར་བྱ། ཡོངས་སུ་བསྐྱེ་ང་བར་བྱའོ་ཞེས་པས་སྡོམ་པའོ།། ད་ནི་ཚིག་གི་དོན་དྲུག་དང་བཤད་པ་རྣམ་པ་བཞིའི་འབྲལ་བ་བསྟན་པར་འདོད་ནས་གསུངས་པ། ད་ནི་ཞེས་བྱ་བ་ལ ་སོགས་པའོ།། ཚིག་རྣམ་པར་དབྱེ་བ་ཞེས་པ་ནི་ཚིག་གི་དོན་རྣམ་པར་དབྱེད་པས་ཚིག་རྣམ་པར་དབྱེ་བའོ།། བཤད་པ་རྣམ་པ་བཞིའི་རྣམ་པར་དབྱེ་བ་བྱ་སྟེ། ཚིག་གི་དོན་རྣམ་པར་བཤད་པ་ལ་ཀུན་ཏུ་རྨོངས་པ་གསལ་བའི་དོན་དུའོ།། དེ་ལྟར་ནི་བཅོམ་ལྡན་འདས ་ཀྱི་དགོངས་པ་ལྷག་པར་མ་རྟོགས་ནས། ཚིག་གི་དོན་རྣམ་པ་གཞན་མང་པོ་དེ་ཁོ་ན་ཉིད་ལས་གཞན་དུ་འཆད་པར་བྱེད་པ་དེ་ལྟ་ཡང་ཡང་དག་པར་དམིགསོ།། སྤྱི་དོན་དྲུག་བཞིན་དུ་བཤད་པ་རྣམ་པ་བཞི་ཚིག་གི་དོན་མཚུངས་པ་མ་ཡིན་ནམ། གལ་ཏེ་ཚིག་གི་དོན ་ཡིན་ན་དེའི་ཚེ་ཚིག་གིདོན་བཅུ་ཐམ་པར་འགྱུར་རོ།། རྣམ་པར་བཤད་པ་དང་བཤད་པའི་དབྱེ་བས་བརྗོད་ན་ཡང་དག་ལ་བར་འགྱུར་རོ།། ཙ་སྟེ་ཚིག་གི་དོན་མ་ཡིན་ན་དེར་ཚེ་འདུས་པའི་དོན་རྣམ་པ་བཞིའི་བཤད་པས་བཤད་པར་བྱ་བ་ནི། གཞན་མ་ཡིན་ནོ་ཞེས་པའི་ངོས་པོ ་འདི་ཅི་ལྟར་ཡིན་ཞེ་ན་བརྗོད་པར་བྱ་སྟེ། གལ་ཏེ་ཡང་གཉི་ག་ཚིག་གི་དོན་ཡིན་པ་དེ་ལྟ་ན་ཡང་། རྣམ་པར་བཤད་པར་བྱ། གཅིག་གཞན་དུ་རྣམ་པར་བཤད་པར་བྱེད་པ་ཞེས་པའི་ཉེས་པ་མེད་དོ།། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས། བཞུགས་སོ་ཞེས ་བྱ་བ་ལ་སོགས་པའི་མཐར་ཐུག་པ་ནི། དགོངས་པས་བཤད་པ་ལ་སོགས་པ་དོན་དྲུག་གི་རྣམ་པར་བཤད་བྱ་དང་། མངོན་པར་བརྗོད་པར་བྱ་བ་ཅན་དང་། སྨྲ་བྱའོ།། མངོན་པར་རྗོད་པར་བྱེད་པ་ནི་གཞུང་དུམ་བུ་ལེན་པ་ཅན་ནོ།། རྣམ་པ་བཞིའི་བཤད་པ་ནི་བཤད ་པར་བྱ་བའོ།། འདིས་དོན་དྲུག་ཅེས་བྱ་བ་བཤད་དོ།། འདིར་ཚིག་གི་དོན་མ་བྲིས་པ་ནི་རྣམ་པ་བཞིའི་བཤད་པར་བྲིས་པ་ཉིད་ཀྱི་དེའི་འབྲེལ་པ་ཡང་སོ་སོར་རྟོགས་སོ།། དེ་བཞིན་དུ་གོང་དུ་ཚིག་གི་དོན་བྲི་བར་གྱི་བ་ལ་བཤད་པ་མེད་པ་དེར་ཡང་ཚིག་གི་དོན ་བྲིས་པ་ཉིད་ཀྱི་བཤད་པའི་འབྲེལ་བ་རྟོགས་སོ།། དེ་ལྟར་ན་བརྗོད་དུ་མེད་པའི་ཡང་ཞེས་བྱ་བ་ལ་སོགས་པ་ནས་བཞུགསོ།། ཞེས་པའི་མཐར་ཐུག་པ་ནི་དྲན་པའི་དོན་དང་ངེས་པའི་དོན་ཏོ་ཞེས་གསུངས་ཏེ། འདིར་ནི་བཤད་པར་བྱེད་པ་མ་བྲིས་སོ།། དེ ་ལ་དྲང་བའི་དོན་ནི་སྤྱིའི་དོན་ནོ།། ངེས་པའི་དོན་ནི་སྦས་པ་སྟེ། འདིར་ཀུན་རྫོབ་བདེན་པ་རྟོགས་པའི་ཚུལ་ལོ།། དེ་བཞིན་དུ་ཁ་ཅིག་ཏུ་རྫོགས་པའི་རིམ་པའི་སྦྱོར་བ་ལས་སྤྱིའི་དོན་དང་། ཁ་ཅིག་ཏུ་ནི་ཡེ་ཤེས་གསུམ་བརྡ་སྤྱོད་པའི་ཚུལ་གྱིས་སྤྲས་པར ་རང་ཉིད་མངོན་པར་བརྟག་པར་བྱ་སྟེ། རྣམ་པ་བཞིའི་བཤད་པ་སྦྱར་བར་བྱ་བའི་ཡན་ལག་གི་དོན་དུ་བཤད་པར་བྱེད་པའི་རྗེས་སུ་འབྲངས་ནས་སོ།། ཐམས་ཅད་ཅེས་པ་ལ་སོགས་པ་ནི། ཏིང་ངེ་འཛིན་གསུམ་དུ་བྱིན ་པ་དེ་དག་ལ་ཀུན་ཏུ་གནས་པ་དོན་གཅིག་པ་ཉིད་ཀྱི་ཕྱིར་གཅིག་ཏུ་བསྟན་ནོ།། དེ་བཞིན་དུ་འོདོ་དྲི་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གཅིག་གཉིས་དང་། ཁ་ཅིག་ཏུ་བཅུ་གཅིག་དང་། ཁ་ཅིག་ཏུ་བཅུར་བལྟ་བར་བྱ་སྟེ། དེ ་དང་ལྡན་པའི་ཡན་ལག་གི་དོན་རྣམ་པར་བཤད་པར་བཅུ་གཉིས་པོ་ཉིད་ཀྱིས་རྣམ་པར་བཤད་པ་ཉིད་ཀྱི་ཕྱིར་དྲང་བ་དང་ངེས་པའི་དོན་ཉིད་ཀྱིས་སོ།། ཏིང་ངེ་འཛིན་འདི་རྣམས་ཐམས་ཅད་ཀྱི་འཇུག་པ་བསྡུས་པའི་དོན་དུ་ཚིག་གི་དོན་གྱི་འབྲེལ་པ་ཡང་རྣམ་པར ་བཤད་པར་འབྲེལ་ཏེ། དེ་ལ་འཇུག་པའི་ཏིང་ངེ་འཛིན་གྱི་དོན་ཉིད་ཀྱི་ཕྱིར་རོ།། སྐུ་དང་གསུང་ཞེས་བྱ་བ་ལ་སོགས་པའི་ཚིག་ལ་འདི་དག་གང་གི་དེ་དང་དེ་ལ་གནས་པ་དེའི་གཅིག་ཏུ་རྗེ་སུ་མཚུངས་པར་བརྗོད་དེ།། རྣམ་པ་བཞིའི་བཤད་པས་བཤད་པར ་བྱ་བ་ཉིད་ཀྱི་ཕྱིར། གཞན་དུ་ན་ཚིག་སོ་སོ་ལ་རྣམ་པ་བཞིའི་བཤད་པ་ཅན་ནོ་ཞེས་ཚིག་གི་འཇུག་པ་མེད་པའི་ཕྱིར། གཞུང་མང་པོར་འགྱུར་རོ།། དེ་བཞིན་དུ་རང་བཞིན་ཅན་རྣམས་རྣམ་པར་བཤད་པར་བྱ་བ་རྣམས་འདིར་མང་པོར་འགྱུར་རོ།། ཨེ་མའོ་ཞེས ་བྱ་བ་ལ་སོགས་པ་རྣམས་ཀྱིས་དགོངས་པས་ཞེས་བྱ་བ་ནི་སྤྱིའི་དོན་ནོ།། རྩ་བར་དེ་ནས་ཞེས་བྱ་བ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་མཐར་ཐུག་པ་དང་། ཡང་དག་པར་མཆོད་དེ་ཞེས་བྱ་བ་ལ་སོགས་པ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་ནི ་སྒྲ་རྔ་བཞིན་པས་སོ།། བསྟན་དུ་གསོལ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་མཐར་ཐུགས་པ་ཡང་བསྡུས་པའི་དོན་དུ་དྲང་བ་དང་། ངེས་པར་ཛིན་གྱི་སྦྱར་བར་བྱེད་པ་རྣམས། བསྡུས་པའི་དོན་བྱས་པའི་ཡན་ལག་གི་དོན་དག་ཕན་མུན ་བལྟོས་པ་དང་བཅས་པ་ཉིད་དུ་སོ་སོར་རྟོགས་པའི་དོན་ནོ།། ལེའུ་དང་པོའི་ཞེས་པ་ལ་སོགས་པ་ནི། ལེརུ་གཉིས་པ་ལ་སོགས་པ་རྣམསུ་ཡང་མཐརའ་དྲུག་གི་ཚིག་རློམ་པར་དབྱེ་བ་ཞེས་བསྟན་པའི་དོན་ཏེ། གཞན་དུ་ལེརུ་རྫོགས་པའི་མཐར་མངོན་པར ་རྗོད་པ་མེད་པའི་ཕྱིར་རོ།། དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་ཞེས་བྱ་བ་འདི་ངེས་པའི་དོན་ཉིད་ཀྱི་རྣམ་པར་ཕྱེ་བའི་ཡན་ལག་གི་དོན་རྣམ་པར་བཤད་པ་བལྟ་བར་མི་བྱ་སྟེ། དེ་བསྡུས་པའི་རྗེས་སུ་འབྲངས་པས་ཁ་ཅིག་ཏུ་ཁ་གཅིག་གིས་བཅུག་པར་བལྟ་བར ་བྱའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རྒྱ་ཚེ་འགྲེལ་དུ་བག་མེད་པ་སྟེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིས་པ་དང་། རབ་ཏུ་བསྟོད་པ་ཉིད་ལ་རྩ་བར་དྲང་བ་དང་ངེས་པའི ་དོན་ཉིད་ཀྱིས་ཡན་ལག་གི་དོན་ཉིད་ཀྱིས་ཡན་ལག་གི་དོན་དུ་རྣ་ཕྱེ་བ་སེ་དོ། དེ་ཡང་ལེའུ་གསུམ་པར་བཤད་པའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ།། སྤྱད་ཅིག་ཅེས་བྱ་བ་ལ་སོགས་པ་ནས་ཚིག་ཏུ་བརྗོད་པའི་རྣམ་པས་སོ་ཞེས་བྱ་བའི་མཐར་ཐུག་པ་ནི་དང ་བ་དང་ངེས་པའི་དོན་ཏོ་ཞེས་བྱ་བ་ནི་བག་མེད་པར་ཀློག་པ་སྟེ། སྐྱེད་ཅིག་ཅེས་བྱ་བ་ལ་སོགས་པ་ནས་ཆེད་དུ་བརྗེད་པས་ཆེད་དུ་བརྗོད་དོ་ཞེས་བྱ་བའི་མཐར་ཐུག་པ་ནི་དྲང་བ་དོང་ངེས་པའི་དོན་ཏོ་ཞེས་པ་ཡནི་ལག་གི་དོན་དུ་རྣམ་པར་བཤོང་བའི་ཕྱིར་རོ།། ཨེ་མའོ་ཞེས ་བྱ་བ་ལ་སོགས་པ་ནས་སྐྱེ་བ་འདི་ནི་རབ་ཏུ་བསྒྲགས་ཞེས་བྱ་བའི་མཐར་ཐུག་པ་ནི་དགོངས་པ་མ་ཡིན་པས་སོ་ཞེས་པ་ནི། གལ་ཏེ་བསྡུས་པའི་དོན་མ་གཏོགས་པ་དེའི་ཚེ་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། ཞེས་པའི་མཐ ་ཐུག་པ་དགོངས་པ་མིན་པས་སོ་ཞེས་ཡན་ལག་གདོན་རྣམ་པར་ཕྱེ་ནས་བཤད་པ་དེའི་བསྡུས་པའི་དོན་དུ་བསྡུས་པས་དགོངས་པ་མིན་པ་ཉིད་ཀྱིས་འགྱུར་བ་མ་ཡིན་ནོ།། ལེའུ་ལྔ་པ་རུ་རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་མ་ཡིན་པས་སོ་ཞེས ་འདར་དོན་གཞན་དགོངས་པ་ལུང་སྟོན་དུ་སྟོན་པར་བྱེད་པ་ནི། རྣམ་པར་མི་རྟོག་དོན་ལས་འབྱུང་།། ཞེ་སྡང་རབ་འཇུག་མཚན་ཉིད་དོ།། རྨོངས་པ་རང་བཞིན་མེད་པར་གནས།། འདོད་ཆགས་ལྡང་བའི་མིང་ཅན་ནོ།། འདོད་ཆགས་ཞེ་སྡང་གཏི་མུག ་བཅས།། རིགས་འདི་རྣམས་ནི་མཉམ་པར་བཤད།། དེ་རྣམས་འདིར་ནི་དངོས་གྲུབ་མཆོག། ཐེག་པའོ་མཆོག་ནི་འགྲུབ་པར་འགྱུར་ཞེས་སོ།། རིགས་ངན་ཞེས་པ་ལ་སོགས་པ་ནས། བསྒྲུབ་ཀྱང་འགྲུབ་པར་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ་ཞེས ་ཏེའདིར་ཡང་དྲང་བ་དང་ངེས་པའི་དོན་ནི་སྦྱར་བར་བྱ་སྟེ། འདི་ཉིད་ཀྱིས་བཤད་པའི་རྒྱུད་དུ།། རིགས་ངན་མྱུར་བར་ཤེས་བྱ་སྟེ།། སྨྱིག་མཁན་དག་ནི་དལ་བ་ཡིན།། མཚམས་མེད་བྱེད་པ་ག་ཉིས་ཀར་བཤད།། གསོད་དོན་དོན་གཉེར་སེམས་དཔའ ་སྟེ། ཐེག་མཆོག་འདི་ལ་འགྲུབ་པར་འགྱུར།། ཐོག་ཆེན་འདི་ནི་བླ་ན་མེད།། ཅེས་བྱ་བ་ལ་སོགས་པའི་མཐར་ཐུག་པར་རོ།། དང་པོར་ཕྱི་རོལ་བླངས་ནས་རྒྱུད་ཀྱི་རྡོ་རྗེའི་ཚིག་ཐམས་ཅད་བཤད་པའི་རྒྱུད་དུ་ཁྱད་པར་གྱི་དོན་དུ་མངོན་པར་རྗོད་པའི་ཕྱིར་རོ།། ་ལེའུ་བདུན་པར་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བའི་བར་ནི་སྒྲ་ཇི་བཞིན་པའོ།། ཞེས་པ་ནི་དགོངས་པ་ལུང་དུ་སྟོན་པར་ཡང་། ངམ་ཚིག་བཞི་ཡི་དེ་ཉིད་གང་།། འདོད་པ་ཀུན་ཞེས་དེ་བརྗོད་བྱ།། དེ་རྣམས་ལྡན་པས ་ལོངས་སྤྱོད་པ།། ཞེས་བྱ་བ་ལ་སོགས་པས་ངེས་པའི་དོན་དུ་གསུངས་སོ།། དེ་བཞིན་དུ། སྤྱོད་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་པ་ནས།། འདོད་པ་ཀུན་ལས་ལོངས་སྤྱོད་བྱེད། ཅེས་བྱ་བའི་མཐར་ཐུག་པར་དྲང་བ་དང་ངེས་པའི་དོན་ཏོ་ཞེས་པ་ནི། རྩ་བར་ལུས ་དང་ཞེས་པ་ལ་སོགས་པ་ནས།། རྟག་ཏུ་ཞེས་པའི་མཐར་ཐུག་པ་སྔོན་མ་ཅན་ཉིད་ཀྱི་དེའི་ཕན་ཡོན་སྟོན་པར་བྱེད་དོ།། ཡན་ལག་གི་དོན་རྣམ་པར་བཤད་པ་ལ་ནི་འདི་ལའང་དྲང་བའི་དོན་ཉིད་དུ་བཤད་པའི་རྒྱུད་ཀྱི་དོན་དུ་འདིར་ཡང་སྦྱར་རོ།། རྩ་བར་བརྟེན་ཞེས ་བྱ་བ་ནས་བྱང་ཆུབ་ཉི་མ་ཞེས་པའི་མཐར་ཐུག་པའི་ཚིག་རྣམ་པར་དབྱེ་བ་མེད་དེ། ཚིག་དྲུག་རྣམ་པར་དབྱེ་བ་འདི་ཡང་དྲང་བའི་དོན་ཉིད་དེ། འོན་ཀྱང་ཡན་ལག་གི་དོན་དུ་ཡང་རྣམ་པར་བཤད་པ་མེད་པརརྭ་ཁོང་དུ་ཆུ་པར་བྱའོ།། དེ་ལ་ཅི་ལྟར་ཞེས་བྱ་བ་ལ ་སོགས་པ་ནས། ཁམས་ཀྱང་མེད་ཅིང་འབྱུང་བའང་མེད་ཅེས་བྱ་བའི་མཐར་ཐུག་པ་ནི། དགོངས་པ་མི་ནི་པས་སོ།། ཡན་ལག་གི་དོན་གྱི་རྣམ་པར་བཤད་པ་ལ་འོད་གསལ་ལ་འདིར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ཤིན་ཏུ་དྲི་མ་མེད་ཅེས་བྱ་བའི་མཐར་ཐུག ་བ་ཡང་དགོངས་པ་མིན་པས་སོ་ཞེས་བསྡུས་པའི་དོན་གྱི་རྣམ་པར་བཤད་པར་འདིར་ཟུང་འཇུག་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེསུ་དྲན་པ་དང་། ཟུང་འཇིག་རྗེས་སུ་དྲན་པ་གཉིས་ཀ་ཡང་དགོངས་པ་མིན་པ་ཉིད་མིག་གི་དོན་ནོ ་ཡན་ལག་གི་དོན་རྣམ་པར་བཤད་པར་ནི་སྐྱེ་བ་མེད་པར་རྗེས་སུ་དྲན་པའི་རྣམ་པར་བཤད་པར་དགོངས་པས་གསུངས་པའོ་ཞེས་པ་ནི་བག་མེད་པར་ཀློག་པ་སྟེ། བསྡུས་པའི་དོན་དང་འགལ་བའི་ཕྱིར་དང་། དགོངས་པར་བཤད་པའི ་ཚན་ཉིད་དང་། མི་ལྡན་པའི་ཕྱིར་རོ།། ལེའུ་བརྒྱད་པར་མཆོད་པ་ཞེས་བྱ་བ་ལ་སོགས་པ་ན། རབ་ཏུ་བརྟག་ཅེས་བྱ་བའི་མཐར་ཐུག་པ་ནི་དགོངས་པས་བཤད་པའོ།། ཞེས་པ་ནི་འདིར་མཐའ་མ་ཉིད་དགོངས་པས་བཤད་པའི་ཕྱིར་འདི་བྲིས་པའོ།། ཡན་ལག ་གི་དོན་རྣམ་པར་བཤད་པར་ནི། མཆོད་པར་ཞེས་བྱ་བ་ལ་སོགས་པ་ནས་རྒྱལ་བ་འབྱུང་བ་ཞེས་བྱ་བའི་བར་དུ་ཡང་བྲིས་པ་ནི། གནས་སྐབས་གཉིས་པོ་ཡང་འགལ་བའི་ཚིག་དང་ལྡན་པའི་མཚན་ཉིད་དུ་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ལེའུ་བཅུ་གཉིས ་པར་སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར་ཞེས་པའི་མཐར་ཐུག་པ་ནི་སྒྲ་ཇི་བཞིན་པའོ་ཞེས་པ་ནི། འདིའི་གནས་སྐབས་གཉིས་པོས་བཤད་པ་ནི། ཡན་ལག་གི་དོན་རྣམ་པར་བཤད་པར་སྦྱོར་གསུམ་ཞེས་བྱ་བ་ལ་སོགས ་བ་ནས། བདུད་རྩི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ་ཞེས་པའི་མཐར་ཐུག་པ་ནི་སྒྲ་ཇི་བཞིན་པའོ་ཞེས་གནས་སྐབས་གཅིག་དང་། དེ་བཞིན་དུ་རྡོ་རྗེ་དམ་ཚིག་གསུམ་ཞེས་བྱ་བ་ལ་སོགས་པ་ནས། སྡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར་ཞེས་བྱ་བའི་མཐར་ཐུག་པར་སྒྲ་ཇི་བཞིན་པའོ ་ཞེས་པ་གཉིས་པའོ།། དེ་ལ་ད་ལྟ་ནི་བསྐྱེད་པའི་རྣལ་འབྱོར་གྱི་བྱ་བའི་སྒོ་ནས་སོ།། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནས། དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའི་མཐར་ཐུག་པ་ནི་དྲང་བ་དང་ངེས་པའི་དོན་ཏོ་ཞེས་བྱ་བ་འདི་ཡང་སྔར་བཞིན་དུ་གནས་སྐབས ་གཉིས་ཀྱིས་བཤད་དོ།། ལེའུ་བཅུ་གསུམ་པར། འདི་གསུངས་ཞེས་བྱ་བ་ལ་སོགས་པ་ནས།། དམ་ཚིག་ཅེས་བྱ་བའི་མཐའ་ཐུག་པའི་བསྡུས་པའི་དོན་ལ་ཚིག་རྣམ་པར་དབྱེ་བ་མེད་དེ། སྒྲ་བཞིན་པའོ།། དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནས། རྡོ ་རྗེ་གནོད་མཛེས་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མཐར་ཐུག་པ་ནི། གནས་སྐབས་གཉིས་ཀྱིས་ཡན་ལག་གི་དོན་དུ་སྒྲ་ཇི་བཞིན་པའོ།། རྣལ་འབྱོར་གྱི་རྒྱུད་འདི་ངེས་པ་ཡིན་ནོ་ཞེས་བྱ་བ་འདིས་སྐབས་ཀྱི་བཤད་པར་བྱ་བ་མཆོག་ཏུ་འཛིན་ནོ།། ་ངེས་པ་ནི་ངེས་པར་བཟུང་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རིམ་པ་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་བཞིན་པའི་སྒྲའི་དོན་ཞེས་བྱ་བ་ནི་སྒྲའི་དོན་ཙམ་མོ།། ཡུལ་རྣམས་ལ་ཆགས་པའི་སེམས་ཅན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི ་ཡུལ་ལ་ཤིན་ཏུ་ཞེན་པའོ།། སྒྲ་ཇི་བཞིན་པའི་ཚིག་གི་དོན་གཞན་ལ་མངོན་པར་ཞེན་པའི་རྒྱུས་ཡོངས་སུ་མི་ཤེས་པའི་ཕྱིར་རོ།། འགལ་བ་དང་རྨད་དུ་བྱུང་བའི་བྱ་བ་ཞེས་པ་ནི་འཆད་པར་འགྱུར་བའི་འགལ་བ་ནི་འཇིག་རྟེན་གཉིས་དང་འགལ་བའོ།། དེ ་ཉིད་ཀྱི་ཕྱིར་རྨད་དུ་བྱུང་བ་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། མ་ལ་སོགས་པ་ལེན་པ་དང་། ཕ་ལ་སོགས་པ་གསོད་པ་དང་། ཆོམ་རྐུན་ལ་སོགས་པ་བྱེད་པའི་མཚན་ཉིད་ཅན་གྱི་ལས་སོ།། ལས་ཀྱི་དབང་དུ་འགྱུར་རོ་ནི་བརྗོད་པའི་ལས་ལ ་བལྟོས་པའོ།། འདི་ནི་འཇིག་རྟེན་ཕྱི་རོལ་ཏུ་འགལ་བ་ཡང་གསུངས་པ། འདི་ནི་ཞེས་པ་ལ་སོགས་པ་སྟེ།། ཚུལ་མཆོག་ནི་གསང་བ་འདུས་པའི་གཞུང་གི་བདག་ཉིད་ཅན་ནོ།། གསང་བའི་བདག་པོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ།། མི་ཤེས་པ་ནི་སྒྲ་ཇི ་བཞིན་པའི་དོན་ལས་གཞན་པའི་ཚིག་གི་དོན་མི་ཤེས་པའོ།། རྒྱས་པ་ཞེས་པ་རྣམ་པར་བཤད་པ་པའོ།། ཇི་བཞིན་དོན་ནི་ལྷག་པར་རྟོགས་པར་བྱ་སྟེ།། སྒྲ་ཇི་བཞིན་པའི་དོན་ཙམ་འབའ་ཞིག་བསྟན་པར་བྱའི།། ཅང་མི་སྨྲ་བར་གནས་པར་བྱེད་པ་མ ་ཡིན་ནོ།། ཡང་ངེས་པར་བཟུང་བའི་དོན་དུ་བྱས་སོ།། དེ་རྣམས་ཀྱང་ལམ་ངན་དུ་སྟེ་ལམ་དམན་པར་རོ།། ལྟུང་བར་བྱེད་ནི་དེར་འགྲོ་བར་འགྱུར་བ་སྟེ། དམྱལ་བ་ལ་སོགས་པ་དོན་མེད་པའི་གྲོང་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ།། རྣལ་འབྱོར་པ་ནི་བདག་ཅེས་བྱ་བ་ལམ་དམན ་པའི་རྣམ་པ་སྟོན་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཚན་ཉིད་ཀྱི་རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པ་ངའོ་ཞེས་ང་རྒྱལ་བ་ནི་དམྱལ་བའི་རྒྱུ་ལྟུང་བའི་གནས་ཉིད་དུ་གསུངས་པའི་ཕྱིར་རོ།། འདིའི་ཡིད་རབ་ཏུ་དགའ་དང་ལྡན་པ་སྟེ། སེམས་ཅན་འཇུག་པའི ་བསམ་པ་མེད་པ་ཉིད་ཀྱིས་མྱོས་པ་མ་ཡིན་པ་ཉིད་དུ་ཡང་སྨྲ་བར་བྱེད་དོ།། འདི་དག་ལྟུང་བའི་གནས་མ་ཡིན་པ་ཉིད། འགའ་ཞིག་ཁོ་ནས་སྨྲ་བར་བྱེད་པ་ཅི་ཞེན་གསུངས་པ། མངོན་པའི་ང་རྒྱལ་རྟག་དགའ་བས་ནི།། གང་རིང་དུ་བསྟན་ཅིང་བསྒོམས་ལ་མང་དུ ་བྱས་པ་དེ་ནི་ལས་ལྕི་བར་འགྱུར་རོ་ཞེས་གསུངས་རབ་ཏུ་གསུངས་པའི་ཕྱིར་རོ།། སྒྱུ་ཡིས་ཤེས་པ་ནི་བརྫུན་པ་ཉིད་ཀྱིས་བྱེད་པ་ཞེས་པ་ནི་སྤྲུལ་པའོ།། ཆོས་ནི་གང་གིས་བསྟེན་པར་གྱུར་པའི་ཚུལ་ཁྲིམས་ལ་སོགས་པ་དེ་དེ་བཞིན་ནོ།། རྣམ་པ་གཞན་གསུངས། ་པ། འདུས་པ་ཞེས་པ་ལ་སོགས་པ་སྟེ། འདུས་པ་ནི་བདེན་པ་གཉིས་གཉི་སུ་མེད་པར་མངོན་པར་བརྗོད་པའོ།། དེ་ཞེས་པ་ནི་དོན་རྒྱས་པ་ལ་གཞོལ་བའོ།། དམ་ཚིག་ནི་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ།། ལ་སོགས་ཀྱི་སྒྲས་བསྲུང་བར་བྱ་བ་དང་།། ་བཟའ་བར་བྱ་བ་རྣམས་ལྔས་གཞན་ཡང་བསྙེན་པའི་ཡུལ་སྟོན་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྲུང་བར་མི་སྐྱེད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ནི་རབ་ཏུ་སྟོན་ཞུས་པ་ནི། མ་སྤྲིན་གསང་བ་སྒྲོགས་པ་དང་ཞེས་པ་ལྟུང་བའི་གན་ས ་ཞེས་པ་བསྲུང་བའི་དམ་ཚིག་རབ་ཏུ་ཕྱེ་བའོ།། མངོན་སུམ་ཞེས་པ་ནི་རྒྱུད་པ་མ་ཡིན་པའོ།། སངས་རྒྱས་འདྲ་ཞེས་རྡོ་རྗེ་འཆང་ཆེན་པོ་འདྲ་བའོ།། དེ་ལྟར་ནི་དེ་ཉིད་སངས་རྒྱས་ཡིན་པའི་ཕྱིར། འདིར་སངས་རྒྱས་དང་རྡོ་རྗེ་འཆང་ཆེན་པོའི་ནི་སློབ་དཔོན་ཡང ་ངོ།། རིང་ཞིང་རིང་དུ་ཆོས་ཀྱི་སྨིན་པའི་ཆེད་དུ་སྤྱོད་པར་བྱེད་དོ།། ཞེས་པས་སློབ་དཔོན་གཞན་གྱི་ཆེད་དུ་ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཀུན་ཏུ་སྤྱོད་པ་སྟོན་པར་བྱེད་དོ་ཞེས་པས་ཀྱང་སློབ་དཔོན་ནོ།། དེ་བཀུར་བ་ནི་ཉན་པ་པོ་ལ་སོགས་པའི ་དོན་དུའོ།། ཕྱིས་སྨོད་པར་བྱེད་དོ། སློབ་དཔོན་དེ་ཉིད་དམ་རྡོ་རྗེ་སྤུན་ལ་སོགས་པ་རྣམས་ལའོ།། སྐད་ཅིག་གིས་ནི་ཞེ་སྡང་ཞེས་པ་ལ་བགྲོད་མིན་ལ་ཡང་འགྲོ་བར་བྱེད་ཅེས་པའི་ཡང་ཡིག་ནི་ལམ་དམན་པའི་རྣམ་པ་ཀུན་བསྡུས་པར་འགྲོ་བར་བྱེད་དོ།། མ ་ལ་སོགས་པ་རྣམས་ལ་རང་གི་བུད་མེད་བཞིན་དུ་སྟེན་པར་བྱེད་ཀྱི་མ་ལ་སོགས་པའི་སྒྲ་རྣམས་འཆད་པར་འགྱུར་བའི་དོན་དུ་ཤེས་པར་བྱེད་པ་ནི་མ་ཡིན་ནོ།། ཕ་མ་གོ་སོད་ཅིང་ཞེས་པ་འདིར་ཡང་ཅིང་ཡིག་ནི་བསྡུས་པའི་དོན་དུ་སྟེ། གསོད་པ་ལ་སོགས་པ་རྣམས ་ཀྱང་འཆང་བར་འགྱུར་བའི་དྲོན་དུ་མྱི་ཤེས་པའོ།། གཞན་གྱི་ཆུང་མའི་ཡང་ཞེས་པ་འདིར་ཡང་།། ཡང་ཡིག་ནི་སྔར་བཞིན་ནོ།། འདིའི་དོན་ཡང་འཆད་པར་འགྱུར་བ་དེ་མི་ཤེས་པའོ།། གཞན་དུ་ཡང་གསུངས་པ། གང་ཕྱིར་སྐྱེ་འགྲོ་བསྐྱེད་པ་ཡི།། ཤེས་རབ་མ ་ཞེས་བརྗོད་པར་བྱ།། གང་ཕྱིར་བསྐལ་པ་སྟོན་པ་ཡི།། ཤེས་རབ་སྲིང་མོ་ཞེས་བྱ་ཉིད།། ཡོན་ཏན་འཇོ་ཕྱིར་ཤེས་རབ་ནི།། བུ་མོ་ཞེས་ཀྱང་བརྗོད་པར་བྱ།། སེམས་གཅིག་སྲོག་ཆགས་གསོད་པ་ཉིད།། གང་ཞིག་སྲོག་ནི ་སེམས་སུ་འདོད།། འཇིག་རྟེན་སྒྲོལ་བར་བྱེད་པ་ནི།། བརྫུན་གྱི་ཚིག་གི་སྒྲར་འདོད་དོ།། བྱང་ཆུབ་སེམས་ནི་མུ་བྱིན་པ།། གཞན་གྱི་བུད་མེད་རང་སྣང་མཛེས།། ཞེས་པ་ལ་སོགས་པའོ།། ཟུང་འཇུག་པ། མ་པར། ཇི་ལྟར་སྨད་འཚོང་དེ་བཞིན་མ་ཞེས ་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཉིད་ཀྱི་ཕྱིར་གསུངས་པ། ཏིང་འཛིན་རྣམས་ནི་ངོས་མི་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ཡེ་ཤེས་འབྱུང་བ་ཞེས་པ་ནི།། དེ་བཞིན་ཉིད་གང་ཡེ་ཤེས་ཀྱི་རིམ་པས་འབྱུང་བའི ་ཏིང་ངེ་འཛིན་གང་ཡིན་པ་དེ་བཞིན་ནོ།། གང་ཡང་དེ་བཞིན་ཉིད་ཁོ་ནའི་ཡེ་ཤེས་ནི་ཡེ་ཤེས་གསུམ་གྱི་གཉུག་མའི་ངོ་བོ་ཡིན་པའི་ཕྱིར། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རིམ་པས་འབྱུང་བ་གང་ཡིན་པ་དེ་ནི་སྔར་གྱི་དེ་བཞིན་ནོ།། དེ་ཉིད་ཀྱི་ཡེ་ཤེས་འབྱུང ་པཔ་ཞེས་པ་ནི། རྣམ་པ་དེ་བཞིན་གཤེགས་པ་ལས་ཀྱང་ཏིང་ངེ་འཛིན་འབྱུང་བ་མཐོང་བ་ལས།། དགེ་བ་བསྒོམ་པ་ལ་སོགས་པའི་སེམས་ཞི་གནས་ཀྱི་ཏིང་ངེ་འཛིན་བཞིན་ནོ།། དེ་བཞིན་ཉིད་ཀྱི་རྣམ་པ་ནི་རྟག་པ་མ་ཡིན་ནམ། དེ་གལ་ཏེ་ཏིང་འཛིན་གྱི་རྒྱུར ་འགྱུར། མི་རྟག་པར་འགྱུར་ན་ས་བོན་བཞིན་མྱུ་གུ་སྐྱེའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པར་ཡང་གསུངས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བཅོམ་ལྡན་འདས་སེམས་ཆོས་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས ་རྒྱས་པར་འགྱུར་ན། སྐྱེ་བ་མེད་པའི་དབྱིངས་གང་ཡིན་པ་དེ་འགག་པར་འགྱུར་རོ་ཞེས། དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཞེས་པའི་ཚིག་ནི། རྒྱུ་དང་འབྲས་བུ་སོ་སོ་མངོན་པར་ཞེན་པ་ནི་མ་ཡིན་ཏེ། བདེན་པ་གཉིས་གཉི་སུ་མེད་པར་ཅན་སོ་སོར་རིག་པ ་མེད་པའོ།། འདི་ཉིད་གསུངས་པ། དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པར་འདོགས་པ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་དུ་འདོགས་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་དངོས་པོ་མེད་པའི་དེ་བཞིན་ནོ།། དངོས་པོ ་མེད་པ་ནི་དེ་བཞིན་གཤེགས་པའོ་ཞེས་སོ།། དབུ་མར་ཡང་། སྟོང་པ་ཞེས་ཀྱང་བརྗོད་བྱས་ནས།། སྟོང་མིན་ཞེས་ཀྱང་འགྱུར་པ་ཡིན།། གཉི་ག་འམ་གཉི་ག་མིན་པ་ཞེས།། བརྟགས་པའི་དོན་དུ་གསུངས་པ་ཡིན་ཞེས་སོ།། དེ་བཞིན་དུ་དེ་བཞིན ་གཤེགས་པ་ནི་གཟུགས་བརྙན་དུ་གྱུར་པ། གང་ཟག་མེད་པའི་དགེ་བའི་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པའོ།། འདིར་དེ་བཞིན་ཉིད་མ་ཡིན། དེ་བཞིན་གཤེགས་པ་ཉིད་ཀྱང་མ་ཡིན་པ་འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་མཚུངས་པའོ་ཞེས ་སོ།། དེ་བཞིན་ཉིད་ཅེས་བྱ་བའི་ཚིག་གི་དོན་དུ་འགྱུར་བ་གང་ཡིན་པ་དེ།། རྟག་པར་ཡང་རྟོག་པར་བྱེད་དེ། དའང་སངས་རྒྱས་ཡིན་པ་དེ།། རྟག་པར་ཡང་རྟག་པར་བྱད་དུ། དེའང་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་བརྗོད་པའི་ཉེས་པ་དེ་རྣམས་འཇུག་པར་མི ་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་བདུན་བརྒྱ་པར་གསུངས་པ། དེ་བཞིན་ཉིད་ནི་རྒྱུའམ་རྒྱུ་ལས་ངེས་པར་སྐྱེས་པ་དག་པ་མ་ཡིན་ནོ་ཞེས་སོ།། ཏིང་ངེ་འཛིན་དེ་འབའ་ཞིག་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་འབྱུང་བ་ཤེས་པ་མེད་ངོ་དོ།། རྣལ་འབྱོར་རབ་སྦྱོར་དམན་པ་ཡིནའང ་ཞེས་པ་ནི། རྣལ་འབྱོར་གཉིས་པོ་ནི་བདེན་པ་གཉིས་པོ་དེའི་བདག་ཉིད་དང་། དེའི་དོན་དུ་རབ་ཏུ་སྦྱོར་བའོ།། ཡེ་ཤེས་རིམ་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ལ་དམིགས་པས་ཡང་ལྡང་བ་ནི་རབ་སྦྱོར་རོ།། དེས་དམན་པ་ནི་དེ་དག་ཉམས ་པའོ།། འགྲུབ་མི་འགྱུར་ཞེས་པ་ནི་ཇི་སྲིད་དུ་འཇིག་རྟེན་པའི་དངོས་གྲུབ་དག་གིའང་སྣོད་དུ་རུང་བར་འགྱུར་བ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྔགས་པས་ཞེས་པ་སྟེ། སྔགས་རྣམ་པ་བཞི་པོ་གང་ཡིན་པ་དེ་རྣམས་རིག་པ་དེ་དེ་བཞིན་ནོ།། སྔགས་པས་འདི་དག་ཐམས ་ཅད་སོ་སོར་སྔར་གསུངས་ཏེ། མངོན་པར་བརྗོད་པ་སྟེ་རྫོགས་རིམ་པའི་དོན་དུ་ཡང་ཇི་ལྟར་འདོད་པ་དེ་བཞིན་དུ་འཇུག་གོ་ཞེས་གསུངས་ཞེས་མངོན་པར་དགོངསོ།། ལམ་ངན་པའི་རྣམ་པ་གཞན་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། བདེན་པ་གཉིས་གཉིས་སུ ་མེད་པར་སྒྲུབ་པར་བྱེད་པའི་གཞུང་སྤེལ་བ་ནི། ཕྱི་རོལ་བསྟན་བཅོསོ།། དེ་ལ་དགའ་བ་ཞེས་པ་ལ་སོགས་པས་གཉི་སུ་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པའི་གཞུང་མཆོག་འཛིན་པ་ཡང་དེ་རྣམས་ལ་མེད་དོ་ཞེས་པའོ།། རང་གི་དམ་ཚིག་ནི་རྣལ་འབྱོར་གྱི་རྒྱུད་དུ་ལས ་ངས་པའི་བསླབ་པའི་ཆ་ཤས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ལྕགས་ཀྱུ་མེད་པ་སྟེ་རང་གི་འདོད་པས་འཇུག་པ་གང་ཡིན་པ་དེའོ།། འདི་ཉིད་ཉེ་བོར་སྟོན་པའི་ཆད་དུ་གསུངས་པ། སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ནི་སྦྲུལ་ལ་སོགས་པའོ།། ཕྱག ་རྒྱ་ནི་ལྷའི་སྐུའོ།། དེ་དག་རབ་ཏུ་ལྡན་པས་ནི་རབ་སྦྱོར་གྱིས་ཏེ། སྔགས་བཟླས་པ་དང་། ལྷ་ལ་དམིགས་པའི་དཀྱིལ་འཁོར་བྲི་བ་དང་། སྦྱིན་སྲེག་ལ་སོགས་པ་བྱེད་པས་ཞེས་བྱ་བའི་དོན་ཏོ།། སེམས་ཅན་གྱི་དོན་དུ་བཀག་པ་རྣམས་ཀྱང་གནང་བ་མ་ཡིན་ནམ་ཞེ ་ན་གསུངས་པ།། འཚོ་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཀྱི་ལྟོ་བ་འགེངས་པ་དང་། གསོ་བའི་ཆོ་གར་སྒྲུབ་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འཆད་པར་ཞེས་པ་ལ་སོགས་པའོ།། འདི་རྣམས་བཀག་པ་གཞན་དང་གཞན་བྱེད་པ་ལ་འཇུག་པ ་སྤོང་བ་ཅི་ཞེ་ན་གསུངས་པ། དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། བཟུང་བ་ནི་ཇི་ལྟར་སྐལ་བ་དང་ལྡན་པའི་ནང་དུ་གཏོགས་པར་བྱེད་པའོ།། གསང་བ་ནི་གསང་བ་འདུས་པའི་ལམ་དང་འབྲས་བུའི་བདག་ཉིད་ཅན་ནོ།། དགོངས་པས་བཤད་པ་ཡིན་ཞེས་པ ་ནི་འཇིག་རྟེན་ཕལ་བ་དང་འགལ་བའི་ཚིག་གིས་བསྟན་པའོ།། འདོད་ཆགས་ལ་སོགས་པ་མང་བས་དོན་རྒྱུས་པ་ཙམ་ལ་སེམས་ཀྱི་རྒྱུད་རབ་ཏུ་ཞེན་པར་གྱུར་པས་གལ་ཏེ་འགལ་བའི་ཚིག་གིས་ཆོས་སྟོན་པར་བྱེད་ན། ཉན་པར་མི་བྱེད་འདྲིར་རབ་ཏུ་འཇུག ་པར་མི་བྱེད་དོ།། རབ་ཏུ་མི་འཇུག་པས་ཀྱང་དེ་ལམ་བསྐྱེད་ནས་འབྲས་བུ་ཁྱད་པར་དུ་འཕགས་པ་མཆོག་གོ་མཆོག་སྐྱེད་པའི་སྣོད་དུ་གྱུར་པ་མ་ཡིན་ནོ།། རྣམ་པ་འདིས་དེ་རྣམས་རྗེས་སུ་ཟུང་ངོ་ཞེས་མངོན་པར་དགོངས་པའོ།། དེ་ཉིད་ཀྱི་ཕྱིར་རྒྱུད་འདི་ཉིད ་དུ་མངོན་པར་བརྗོད་པ་འདིས་འགུགས་པར་བྱེད་དེ། ཐམས་ཅད་དམ་ཚིག་སོ་སོ་ལ་འཇུག་གོ་ཞེས་སོ།། མདོ་སྡེ་ལ་སོགས་པ་ལ་རག་ཏུ་ཞུགས་པའི་སེམས་ཅན་དུ་མ་རྗེས་སུ་བཟུང་བའི་དོན་དུ་སྒྲ་ཇི་བཞིན་པ་ལ་སོགས་པ་རྣམས་ཀྱིས་ཀྱང་། གསང་བ་འདུས་པ ་གསུངས་པ་མ་ཡིན་ནམ། ཁྱད་པར་འདིའི་རྒྱུད་གང་ཞེ་ན་བདེན་ཏེ་འོད་ཀྱང་གཙོ་བོར་དགོངས་གསུངས་པས་ཉེ་བར་བཀོད་པའམ། དགོངས་པས་གསུངས་པ་ཉིད་འདུས་པའི་དོན་འཆད་པར་བྱེད་ཀྱི། སྒྲ་ཇི་བཞིན་པའི་དོན་ལ་སོགས་པ་རྣམས་ཀྱི་མ་ཡིན་ནོ།། དེ ་ཉིད་ཀྱི་ཕྱིར་གསུངས་པ། སྐྱེ་བོ་འདོད་ཆགས་ཅན་དོན་དུ་ཞེས་སོ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལས་ལྷག་པར་མོས་པ་དང་མ་བྲལ་བ་ལ་འགལ་བའི་ཚིག་གིས་བསྟན་པའི་ཚུལ་ལ་འཇུག་གོ།། འཆད་པས་འགྱུར་བ་ཡང ་གལ་ཏེ། བཅོམ་ལྡན་འདས་འཇིག་རྟེན་དང་འགལ་བར་བརྗོད་པའི་བདག་ཉིད་ཅན་གྱི་ཆོས་སྟོན་པར་བྱེད་དེ། དེའི་ཚེ་སེམས་ཅན་གྱི་དོན་ཆེན་པོར་འགྱུར་རོ་ཞེས་སོ།། འདིར་ཐེག་པ་འདི་ཉིད་དུ་དང་། རྒྱུད་འདི་ཉིད་འབའ་ཞིག་ཏུ་འགལ་བའི་ཚིག་གིས་བཅོམ་ལྡན ་འདས་ཆོས་སྟོན་པར་བྱེད་པ་མ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པར་ཡང་ཆོས་ཀྱི་ཚིག་ལ། མ་དང་ཕ་ནི་བསད་བྱས་ནས།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་ནས།། མི་དེ་ཆོས་དང་ལྡན་པས་འགྱུར་ཞེས་བསྟན་ཏོ།། དེ ་ལྟར་ཞེས་བྱ་བ་ནི་རྣམ་པ་གཉིས་ཀར་གསུངས་པའི་བསྡུས་པའི་དོན་ངེས་པར་བསྟན་ནས་ཞེས་པ་ནི། ལྷག་མ་མེད་པར་རྟོགས་པར་བྱས་ནས་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཆེད་དུ།། ཡང་དག་པར་བརྗོད་པའི་དོན་སྔར་གསུངས་པའི་ཡན་ལག་གི་མཐར ་ཐུག་པ་རྣམ་པར་དབྱེ་བའི་དོན་དུ་རྒྱུད་ལ་འཇུག་པར་བྱ་སྟེ་རྣམ་པར་བཤད་པར་བྱེད་པའི་དོན་དུ་འདིར་གླེང་སློང་ལ་བྲི་བར་བྱའོ།། བསྔོས་པའི་དོན་ལ་ཡང་རྒྱུད་ཀྱི་དོན་ལ་འཇུག་པ་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་ཡོད་མོད་ཀྱི་འོན་ཀྱང་ཇི་ལྟར་འདིར་དེ་དག ་མདོར་བསྟན་པ་མ་ལུས་པ་དང་བཅས་པ་དེ་རིགས་པ་དང་བཅས་པ་ཡོད་ལ། དེ་བཞིན་དུ་རྒྱུད་ལ་འཇུག་པར་བྱེད་པ་ནི་མེ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འདིར་རྒྱུད་ལ་འཇུག་པར་བྱེད་ཅེས་བརྗོད་པར་བྱ་སྟེ། དང་པོར་བརྗོད་པའི་གོ་རིམ་དང་བྲལ་བས་རྒྱུད་ལ་འཇུག་པར ་འདོད་པ་ནི་མི་ནུས་པ་མ་ཡིན་ནོ།། དེ་དང་དེ་འཇུག་པར་བྱེད་པའི་ཆེད་དུ་གནས་གསུངས་པ་འདིར་ཞེས་པ་ལ་སོགས་པ་སྟེ། འདིར་ཞེས་པ་ནི་འདུས་པ་འདིར་ཏེ། གང་ཡང་རུང་བ་ནི་མ་ཡིན་ནོ།། སྡུད་པར་བྱེད་པས་ཞེས་པ་ནི་བཅོམ་ལྡན་འདས་འཇིག་རྟེན ་གྱི་རྗེས་སུ་འཇུག་པས། ཡོངས་སུ་མྱ་ངན་ལས་འདས་ནས་མ་འོངས་པ་ན་རྡོ་རྗེ་ཐེག་པའི་སྐལ་བ་དང་ལྡན་པ་རྣམས་ལ་ཐུགས་ལ་ཡོངས་སུ་རྫོགས་པར་བགྲོད་ནས།། རྡོ་རྗེ་འཆང་རྣམས་ཀྱི་སྤྱན་སྔར་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་ཇི་ལྟར་ཐོས་པ་ཉེ་བར ་སྟོན་པར་བྱེད་པ་པོ་ནི་སྡུད་པར་བྱེད་པ་པོའོ།། དེ་ཡང་རྡོ་རྗེ་འཆང་ཇི་ལྟར་སྡུད་པར་བྱེད་པའི་རྣམ་པས་ཉེ་བར་བསྟན་པ་དེ་བཞིན་ཉིད་དུ་བྲིས་པ་ནི། དེའི་བྱིན་གྱིས་རློབ་པར་བྱེད་པ་ཉིད་དམ་གླེགས་པམ་སྐྱེད་པའོ།། གཞན་དུ་ན་སྡུད་པར་བྱེད་པ་རྣམས་ཀྱིས་མི ་མངོན་པ་ལ་ཅི་ལྟར་བཟུང་བར་ནུས། གང་དེ་ཚུ་རོལ་ཤེས་པས་བྲི་བར་འགྱུར་བ་མ་ཡིན་ནོ།། འཕགས་པ་ཕྱག་ན་རྡོ་རྗེ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་ན་གནས་པ་ཡོན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ།། བཤད ་པ་ཉིད་ཀྱིས་དོན་བསྟན་ནས་འདོད་པར་གསུངས་པ། ཇི་ལྟར་ཐོས་པ་ཞེས་པ་ལ་སོགས་པའོ།། འདི་སྐད་བདག་གིས་ཞེས་བྱ་བ་ལི་ལུང་དང་ལུང་མ་ཡིན་པ་དག་འདྲེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་བཅོམ་ལྡན་འདས་ཉིད་ཀྱི་རྗེས་སུ་གནང་བ་སྟེ། དགེ ་སློང་རྣམས་འདི་སྐད་བདག་གིས་ཞེས་པས་ངའི་ཆོས་བསྡུ་བར་བྱའོ།། གོ་རིམས་ཀྱང་བསྟན་པར་བྱའོ།། བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ལས་དྲི་བ་དང་ལནི་དག་གིས་བསྟན་པ་གང་ཡིན་པ་དང་། སྟོན་པར་བྱེད་པའི་རྩཝའི་སྤྱིལ་པོ་ལ་སོགས་པ ་གང་ཡིན་པ་དེ་ཡང་བཅོམ་ལྡན་འདས་ཉིད་དོ་ཞེས་སོ།། སྟོན་པར་བྱེད་པ་ནི་རྗོད་པར་བྱེད་པའོ།། མངོན་སུམ་དུ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྨན་སྔར་ཞེས་པར་མངོན་པར་དགོད་སོ།། གཅིག་ནས་གཅིག་ཏུ་རྒྱུད་པས ་ཡིན་ཞེས་པ་ནི་བླ་མའི་ཞལ་ནས་བླ་མ་སྨིན་ལ་དུ་རིམ་གྱིས་འང་བའི་དྲིན་ཚུ་རོལ་ཤེས་པ་ལྟ་བུ་མ་ཡིན་པའོ།། རྟོགས་པ་མ་ཡིན་པའོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་གཞག་པའི་ཕྱིར་རོ།། གཅིག་ན་ཞེས་བྱ་བ་ལ་སོ། ་པ་ནི་གཞན་གྱི་ཚེ་གཞན་ཐོས་པ་ཞེས་པའི་མཐར་ཐུག་པ་ནི་བདག་ཉིད་ཐོས་པ་མང་པོའོ།། ཡང་ཞེས་བྱ་བ་ལ་སོགས་པ་ནས་མ་ཐས་པའོ་ཞེས་བྱ་བའི་མཐར་ཐུག་པ་ན་བདག་ཉད་ཟས་པ་མང་བའོ།། ཡང་ཞེས་བྱ་བ་ལ་སོགས་པ་ནས་མ་ཐོས་པའོ།། ་ཞེས་བྱ་བའི་མཐར་ཐུག་པས་རྒྱུད་རྙེད་པར་དཀའ་བ་ཉིད་དེ། དེ་ལྟར་གྱུར་པའི་ཆོས་རིན་པོ་ཆེ་རྣམས་ནི།། འགའ་ཞིག་གི་ཚེ་ཉིད་སྟོན་པར་བྱེད་པར་འགྱུར་ཏེ། གང་གི་ཚེ་ཕྱིར་འཆང་པར་འགྱུར་བའི་ལེའུ་བཅུ་བདུན་པར་ནི་བརྗོད་དུ་མེད་པའི་ཡང་བཛྲ ་དུ་མེད་པའི་བསྐལ་པ་འདས་པ། ཇི་སྲིད་བཅོམ་ལྡན་འདས་མར་མེ་མཛད་ནས། དེ་བཞིན་གཤེགས་པ་འོད་སྲུང་གི་བར་དུ་ཡང་ཐུབ་པ་ཆེན་པོ་རྣམས་ཀྱིས་མ་གསུངསོ།། ཡང་ནུ་ཞེས་བྱ་བ་ལ་སོགས་པ་ནས་སྐད་ཅིག་གི་ཞེས་བྱ་བའི་མཐར་ཐུག ་པས་ནི་ཤེས་རབ་ཕུལ་དུ་བྱུང་བའོ།། གང་ལས་ཞེས་པ་ནི་སྟོན་པའོ།། གང་དུ་ཞེས་པ་ནི་གནས་སོ།། གང་ད་ཞེས་པ་ནི་ཉེན་པ་པོ་རྣམས་ཀྱི་ལྷན་ཅིག་པའོ།། གླེང་གཞི་ཞེས་པ་ནི་སྟོན་པར་བྱེད་པའི་དང་པོའི་རྒྱུའོ།། འདི་རྣམས་མེད་པའི ་བྱེད་པ་ལ་འཇུག་པ་མ་ཡིན་ནོ།། གང་ལས་ཞེས་དགོས་པ་ལ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་སྟོན་པ་པོ་ངེས་པར་བསྟན་ནོ།། གང་དུ་ཞེས་པ་འདིར་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ།། དེའི་བདག་ཉིད་ཅན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པས་འདི་ཉིད་མངོན་པར་བརྗོད ་པར་བྱེད་དོ།། ཤེས་རབ་ནི་དེ་བཞིན་ཉིད་དོ།། འདི་སྐད་སྟོན་སྟེ་ཞེས་བྱ་བ་ལ་སོགས་པས་གནས་ངེས་པར་བསྟན་པ་ཡང་དག་པར་བརྗོད་པའི་དོན་དུ་གསུངས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་གི་ན་ཞེས་པ་ནི་མདོར་བྱས་ཀྱི་རིམ་པར་མངོན ་པར་བརྗོད་པའི་ཁང་པ་བརྩེགས་པའི་ནང་ངུའོ།། ཡི་གེའི་དོན་ནོ་ཞེས་པ་འདི་ལ་སྒྲ་ཇི་བཞིན་པའོ་ཞེས་སྦྱར་བར་བྱའོ།། དོན་གྱི་ཁྱད་པར་བརྗོད་པར་འདོད་ནས། འདི་གསོལ་པ་ཞེས་བྱ་བ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ ་རྣམས་ལ་ཞེས་པ་ནི། དེ་བཞིན་གཤེགས་པའི་བསྟན་པའི་རྒྱུན་བསྡུས་པ་རྣམས་ལ་ཞེས་པའོ།། སྐབས་འདིར་གསུང་རབ་ཀྱི་སྐབས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མ་ལུས་པོ་སྟོན་པར་བྱེད་པ་སྨོས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར།། འདུས་པ ་སྤྱི་གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱེ་གི་ཉིད་བྱའི་ཕྱིར་དེ་བཞིན་ག་ཤེགས་པ་ཐམས་ཅང་རྡོ་རྗེ་མ་ཆེན་པོའི་དྲིའི་གསུང་རབ་རྣམས་སུ་འདུས་བརྗོད་པར་བསྟན་ཚྭ་གྱིས་བྱ་བའི་ན་མོ།། བྲེས་རབང་ང་བབས་ཤེས་བྱ་ན་བྱ་དྲང་རླུང་གྲངས ་ཉིད་ཅམ་རྒྱུ་ཤེས་རབ་དང་ཐབས་ཀྱིའོ།། སྟོན་པར་བྱེད་ཅེས་བྱ་བ་ནི་སྔར་བཞིན་ནོ།། གུང་ལ་སོགས་པར་ནི་བལྟ་བར་མ་བྷི་། ཐུལ་དུ་བྱུང་བ་ཉིད་ཀྱི་ཕྱིན་རོ།། བདག་གིས་ནས་བྱུ་བ་ལ་བདག་གིས་ནས་དྷུ་ཧྲཱ་ཝཱ་དྷཱ ་པའི་ཚིག་རྣམས་ཀྱི་འབྲེལ་པ་གཞན་དེ་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ།། ཞེས་དགོངས་པའོ།། བཙུན་པས་ཞེས་པ་ནི་མཆོད་པའི་ཚིག་གོ།། སྡུད་པར་བྱེད་པ་སོ་སོ་བ་ཉིད་དུ་མེད་དོ་ཞེས་སྒྲུབ་པོར་འདོད་ནས།། རིགས་པ་གསུངས་པ། ཀུན་དགའ་བོན་འདིར་ཞེས་པ ་ལ་སོགས་པ་སྟེ། ཀུན་དགའ་བོ་ཞེས་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། ཉན་ཐོས་ཀྱི་ཐེག་པར་ཕྱག་ན་རྡོ་རྗེ་ཀུན་དགའ་བོར་སྤྲུལ་པ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་འཆང་ཆེན་པོ་ཉིད་དེ་ཞེས་པ་ནི་སྤྲུལ་པ་ཉིད་དུ་བརྗོད་པའོ།། འདི་ལ ་རིགས་པ་གསུངས་པ། མདོའི་སྡེ་ལ་སོགས་པ་ཞེས་པ་ལ་སོགས་པའི་གསུང་ལས། མདོའི་སྡེ་ལ་སོགས་པ་ལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སྣ་ཚོགས་པར་སྤྲུལ་པས་སྡུད་པར་བྱེད་པ་པོ་ཉིད་དོ།། རྡོ་རྗེ་ཐག་པ་ཡང་ཞེས་བྱ་བ་ནི་དེའི་དབང་དུ་བྱས་ཏེ། གང་ཆོས་ཀྱི ་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་ཕྱི་རོལ་ཏུ་གྱུར་པ་དེ་ནི་རྡོ་རྗེ་ཐེག་པའོ།། དེ་བཞིན་གཤེགས་པ་ལས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རྡོ་རྗེ་མ་ཡིན་ནམ། དེ་ཡང་དེ་བཞིན་གཤེགས་པ་ལས་དངོསུ་ཐོས་ནས་ཞེས་བྱ་བར་ཡང་བརྗོད་པར ་བྱ་སྟེ། དེ་ཅི་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་ལས་ཉན་ནོ་ཞེས་བརྗོད་པའི་བརྩད་པ་འདི་མེད་དོ།། འཆད་པར་འགྱུར་བར་ནི་སངས་རྒྱས་ཀྱི་རོལ་མོ་འདི་བསྟན་པ་ཡིན་ནོ་ཞེས་སོ།། ཀུན་དགའ་བོ་ལ་སོགས་པ་ཡང་སྡུད་པར་བྱེད་པར ་བརྗོད་པར་བྱ་སྟེ། བསྟན་པ་མཐའ་ཡས་པར་འཛིན་པར་བྱེད་པ་པོར་ཡང་ངོ་།། རིམ་པ་འདི་ཉིད་ཀྱིས་དེ་རྣམས་སྡུད་པར་བྱེད་པ་པོ་ཉིད་དུ་འགལ་བ་མེད་དོ།། གསུང་རབ་ཀྱི་སྒོ་ནས་བརྗོད་པ་ཉིད་ཀྱི་དོན་རྣམས་གསལ་བར་བྱེད་པ་གསུངས་པ་ཞེས་པ་ལ་སོགས་པ ་སྟེ།། ཇི་ལྟར་འཇམ་དཔལ་ཟས་གཙང་མར་སྤྲུལ་པ་དེ་བཞིན་དུ་འཇམ་དཔལ་ཡང་ཐམས་ཅད་དུ་སྤྲུལ་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡིད་ཀྱི་སྐྱེ་མཆེད་ཀྱི་བདག་ཉིད་ཅན་ཉིད་ལས། འཇམ་དཔལ་དུའོ།། ལྷ་མོ་སྒྱུ་འཕྲུལ་ནི་དེ་བཞིན་གཤེགས་པ་ཡུམ་མོ།། ་གྲགས་འཛིན་མ་ནི་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་གོ།། འཁོར་ཞེས་བྱ་བ་ནི་འཁོར་ཞེས་བྱ་བ་ཡང་མེད་དོ་ཞེས་སྔ་མ་དང་སྦྲེལ་ལོ།། གལ་ཏེ་འཁོར་ཡང་མེད་ན་སླར་ཡང་དེ་བཞིན་གཤེགས་པས་ཆོས་སྟོན་པོར་བྱེད་པ་ཅི་ཞེ་ན་གསུངས་པ། དང་པོ ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་རོལ་མོ་འདི་ཞེས་བྱ་བ་ནི། སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ།། རོལ་མོ་མཁན་ལྟ་བུ་ནི་རོལ་མོ་སྟེ། ཇི་ལྟར་རོལ་མོ་བྱེད་པས་གཅིག་ཉིད་དབང་པོ་ལ་སོགས་པ་སྣ་ཚོགས་པའི་གཟུགསུ་སྟོན་པས་སྐྱེ་བོའི་ཡིད ་དགའ་བར་བྱེད་དོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་གཅིག་ཉིད་རང་གི་སྐུའི་ཕུང་པོ་ལ་སོགས་པ་སྡུད་པར་བྱེད་པ་དང་། འཁོར་དང་གནས་ལ་སོགས་པ་ཉིད་དུ་ཉེ་བར་བསྟན་ནས། གདུལ་བྱའི་སྐྱེ་བོའི་ཡིད་དགའ་བར་བྱས་སྟེ། སྐལ་བ་ཇི་ལྟ་བ ་བཞིན་དུ་ཆོས་སྟོན་པར་བྱེད་དོ།། འདི་ཞེས་བྱ་བ་ནི་སྔར་གསུངས་པའི་སངས་རྒྱས་ཀྱི་རོལ་མོ་མཆོག་ཏུ་འཛིན་པར་བྱེད་དོ་ཞེས་ཉེ་བར་མཚོན་པར་བྱེད་པའོ།། དེས་མི་སྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སྔར་གསུངས་པའི་རྣམས ་བཟུང་བར་བྱའོ།། འཆད་པར་འགྱུར་བ་ཡང་། རང་གི་སྐུའི་དཀྱིལ་འཁོར་ལས་རྣམ་པར་སྤྲོས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་གདུལ་བྱའི་སྐྱེ་བོ་རྣམས་དགའ་བར་བྱ་བའི་ཕྱིར་སྤྲུལ་པའི་གཞལ་ཡས་ཁང་དེའི་ནང་གི་དབུས་སུ ་བཞུགསོ་ཞེསོ།། ཉན་ཐོས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདོད་ཆགས་དང་བྲལ་བའི་ཚུལ་དུ་སོ་སོར་བསྟན་པ་མ་ཡིན་ནམ། འདིར་འདོད་ཆགས་ཀྱི་ཚུལ་ལ་ཟས་གཙང་མ་དང་། ཤཱ་ར་དྭ་ཏིའི་བུ་ལ་སོགས་པ་རྣམས་སངས་རྒྱས་ཀྱི་རོལ་མོ་ཉིད ་ཀྱིས་སྟོན་པར་བྱེད་པའི་དགོངས་པ་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཤཱ་རིའི་བུ་ལ་སོགས་པ་རྣམས་ཐེག་པ་ཆེན་པོར་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཐ་སྙད་དང་། ཉན་ཐོས་ཀྱི་ཐེག་པར་ཉན་ཐོས་སུ་སངས་རྒྱས་ཉིད་ཀྱི་སྤྲུལ་པའོ།། དེ་ལས ་གཞན་དེ་རྣམས་དེའི་འབྲས་བུ་མངོན་པར་འདོད་པས་རབ་ཏུ་བྱུང་བ་ལེན་པ་དང་། ཐེག་པ་ཆེན་པོ་ལ་ངེས་པར་སྦྱོར་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་གསུང་སོ།། དེ་བཞིན་དུ་ཚུལ་འདིར་ཡང་སྦྱར་བའི་དོན་དུ་ཟས་གཙང་མ་ལ་སོགས ་པ་རྣམས་ཉེ་བར་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་དང་པོར་རྒྱུད་ལ་སོགས་པ་དང་། མདོ་སོགས་ལ་ནི་བཞུགས་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལེའུ་བཅུ་བདུན་པར་ཡང་ཉན་ཐོས་དང་། རང་སངས་རྒྱས་དག་དང་ཚངས་པ་ལ་སོགས་པ ་ཕྱི་རོལ་པའི་ལྷ་རྣམས་ཀྱི་ཡང་དམ་ཚིག་འཆད་པར་འགྱུར་རོ།། འདིར་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་རྣམས་མ་ལུས་པར་བཟུང་བར་བྱ་བའི་འདོད་པའི་ཕྱིར་རོ།། གལ་ཏེ་རང་ཉིད་སྡུད་པར་བྱེད་པ་ལ་སོགས་པར་སངས་རྒྱས་ཀྱི་རོལ་མོ་བསྟན་པས་ཆོས ་སྟོན་པར་བྱེད་པ་ན། དེ་བཞིན་དུ་ཡང་སྡུད་པ་པོར་འགལ་ཏེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཏེ་དེའི་ཚེ་ཅི་ལས་འགྱུར་ཞེ་ན། གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་བརྗོད་པ་ནི ་འགལ་ལོ།། གང་ཞེ་ན་གསུངས་པ་སེམས་ཅན་རྣམས་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་གདུལ་བྱ་རྣམས་ཀྱི་དོན་དུ་སླར་ཡོངས་སུ་མྱ་ངན་ལས་འདའ་བར་ཅི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། གང་སྨན་པའི་བུ་ན་བ་ཡང་བདག ་ཉིད་ཀྱི་ཕ་སྨན་པ་བརྟག་པ་ཞིན་དུ་ཡོད་པར་གྱུར་ཅིང་གནས་ནས་ནད་སེལ་བར་བྱེད་པའི་སྨན་སྦྱར་བ་འཐུང་བར་བྱེད་དོ།། དེ་ཡང་སྨན་པ་དེ་བུ་ལ་བདག་ཉིད་འཆི་བར་ཉེ་བར་བསྟན་ནས། དེ་ཡང་སྨན་འཐུང་ན་ནད་དེ་ལས་གྲོལ་བ་བཞིན་ནོ།། ། ་དེ་བཞིན་དུ་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཆེན་པོས་དམ་པའི་ཆོས་ཀྱི་སྨན་གྱིས་འཇིག་རྟེན་ལོ་ཀུན་ཏུ་ཞེན་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་མེད་ལས་འདས་ནས་མྱ་ངན་ལས་འདས་སོ།། དེ་ལ་གང་བཅོམ་ལྡན་འདས ་མྱ་ངན་ལས་འདས་པའི་ཕྱིར་གསོ་བར་བྱེད་པ་མེད་པ་ལྟ་བུར་གྱུར་ཏོ་ཞེས་ནས་དེས་གསུངས་པ། སྨན་བྱེད་དེ་དེ་རྣམས་ནང་དེ་ལས་རིམ་གྱིས་མཐར་གྲོལ་བར་འགྱུར་རོ་ཞེས་གདུལ་བྱ་རྣམས་ཀྱི་དོན་དུའོ།། ཅིའི་ཕྱིར་ཞེས་པ་ལ་བརྗོད་བྱ་ཅི་ཞེས་བརྗོད ་བྱ་ལ་ཐེ་ཚོམ་ཟ་བའོ།། བདེ་བར་གཤེགས་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་ཅན་གྱི་བདེ་བར་གཤེགས་པའོ།། འདི་གསུང་ཞེས་པའི་ཚིག་གོ།། ཉན་ཐོས་ཀྱིས་བཤད་པ་ནི་ཀུན་དགའ་བོ་ལ་སོགས་པས་གསུངས་པ་སྟེ། དེ་རྣམས་ཀྱང་སྡུད་པར་བྱེད་པ ་པོ་ཉིད་དུ་གསུངས་པའི་ཕྱིར་རོ།། ཡང་ན་ཉན་ཐོས་ནི་ཕྱག་ན་རྡོ་རྗེ་སྟེ། སྡུད་པར་བྱེད་ཉན་པར་བྱེད་དོ་ཞེས་བྱས་ནས་སྡུད་པ་པོར་ཐེ་ཚོམ་ཟ་བའོ།། དམ་པས་ནི་འགྲོ་བའི་བླ་མ་རྣམས་ཀྱིའོ།། འཛིན་པར་བྱེད་པས་ན ་ཆོས་ཏེ་ངན་འགྲོའི་འགྲོ་བ་འགོག་པ་བྱེད་པ་པོ་ཉིད་ཀྱིས་དང་། བདེ་གཤེགས་སུ་གནས་པར་བྱེད་པ་པོ་ཉིད་ཀྱིས་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་སོ།། བརྗོད་པའི་རྣམ་པ་གསུམ་པོ་འཛིན་པའི་དྲོན་རྣམ་པ་གསུམ ་གསུངས་པ་རྣམས་མངོན་པར་བརྗོད་པར་བྱེད་པ་ཡིན་པ་ཉིད་ཀྱིས་གཞུང་ལ་ཡང་དམ་པའི་ཆོས་སོ།། ཡོན་ཏན?་སྨྲ་བ་ནི་ཡོན་ཏན་བརྗོད་པ་སྟེ།། དེ་རྣམས་སྨྲ་བ་ནི་སཱཾ་སྐྲི་ཏའི་བརྗོད་བྱ་དང་རྗོད་བྱེད་ཚོགས་པའོ།། དམ་པའི་ཆོས་ཀྱི་ཡོན་ཏན ་གྱི་ཁྱད་པར་ཡོངས་སུ་ཤེས་པར་མངོན་པར་དགོངས་པས། དྲིས་པའི་རྗོད་བྱེད་ལ་འཇུག་པ་ལེགས་སོ་ཞེས་པ་ནི་དེའི་དུས་སུ་ངེས་པས་སེམས་ཅན་དུ་མའི་རྒྱུ་ཉིད་དུ་དྲིས་པ་ནིའོ།། དང་པོར་ཞེས་པ་ལ་སོགས་པས་བྱེད་པ་པོར་ཐེ་ཚོམ་ཟ་བ་སེལ ་བར་བྱེད་པ་ལ། ཚིག་གི་དོན་གང་མངོན་པར་རྗོད་པར་བྱའོ།། གཽ་རིས་ཇི་བཞིན་དུ་ཞེས་པ་ནི་རྣམ་པ་མང་པོ་དེ་བཞིན་དུ་འདིའི་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ཆོས་ཀྱི་ཕུང་པོ་སྟོང་ཕྲག་རྣམས་ཞེས་པ་ལ་སོགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཐེག་པ་ངག་ཐེག་པ་ཆེན་པོ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར་ཏེ། གསུངས་པ་ཡང་ཐེག་པ་ཆེན་པོར་བྱུང་བ་ལ། ཐེག་པ་གཉིས་སུ་ཡང་བརྗོད་བྱ།། སྲིད་པའི་ལམ་གྱིས་དུབ་རྣམས་ཀྱི།། ངལ་བསོའི་དོན་དེ་དེ་ཉིད་མིན་ཞེས་སོ།། ཀུན་གྱི་གཞི་དང་ཞེས་པ ་ནི། ཐེག་པ་ཆེན་པོ་གཉིས་ཀ་མ་ལུས་པའི་དོན་བསྡུས་པ་ཉིད་ཀྱི་ཕྱིར་རོ།། ཕ་དང་མ་ཞེས་པ་ནི་ཆོས་མ་ལུས་པ་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཡི་གེ་གཉིས་པོ་འདི་དག་གི་འགྲེལ་པ་གསུངས་པ། ཨེ་ཡིག་ཅེས་བྱ་བ་ལ་སོགས་པ ་སྟེ། མཱ་ནི་ཨེ་ཡིག་བུད་མེད་ཀྱི་རྟགས་ཉིད་ཀྱི་ཕྱིརརོ།། ཕ་ནི་ཝ་ཡིག་སྐྱེས་པའི་རྟགས་ཉིད་ཀྱི་ཕྱིར་རོ།། ཐིག་ལེ་ནི་རྗེས་སུ་ང་རོའོ།། སྦྱོར་བ་ནི་ཡཽ་གེ་གཉིས་ཀྱི་མཐར་ངེས་པར་སྦྱར་བའོ།། སྦྱོར་དེ་ཤིན་ཏུ་རྨད་དུ་བྱུང་བ་ནི་གཉི་གའི་བདག་ཉིད་ཅན ་ཉིད་ཀྱི་ཕྱིར་རོ།། རབ་ཏུ་བྱེད་པ་གཞན་གྱིས་འདི་དག་འཆད་པར་བྱེད་པ་གསུངས་པ། ཨེ་ཡིག་ཅེས་པཱ་ལ་སོགས་པ་སྟེ། པདྨ་ལྟ་བུའི་ནི་པདྨ་སྟེ་ཚིམ་པར་བྱེད་པ་ཅན་ཉིད་ཀྱི་ཕྱིར་རོ།། ཅུང་ཟད་ཁ་བྱ་བ་པདྨའི་རྣམ་པ་ལྟ་བུ་ཉིད་ཀྱི་ཕྱིར་རོ།། ཝ་ཡིག ་རྡོ་རྗེ་ཞེས་པ་ནི་སྲ་བ་ཉིད་ཀྱི་ཕྱིར་དང་། རྡོ་རྗེའི་རྣམ་པ་ཉིད་ཀྱི་ཕྱིར་དང་། དབྱེ་བར་དཀའ་བ་འབྱེད་པ་པོ་ཉིད་ཀྱི་ཕྱིར། ས་བོན་ན་དེ་ལས་ངེས་པར་འཛག་པའི་སྦྲང་རྩིའོ།། འགྲོ་བ་གསུམ་པ་ནི་ལུས་ལ་སོགས་པ་ལ་དབང་བསྐུར་བ་དང་། འཇིག་རྟེན་སྐྱེ་བར ་བྱེད་པ་ལའོ།། བཏུ་བའི་གཞི་གསུངས་པ། ཨེ་ཡིག་ཅེས་པ་ལ་སོགས་པ་སྟེ། ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་བརྗོད་དུ་མེད་པའི་ཡེ་ཤེས་སྐྱེ་བའི་ཞིང་ཉིད་ཀྱི་ཕྱིར་རོ།། རབ་དགའི་བདག་བྲོ་ནི་རྗེ་སེམས་དཔའ་སྟེ། ཡོངས་སུ་ཤེས་པའི་རྣལ་འབྱོར ་ཤེས་པའི་རྣལ་འབྱོར་པ་ཡི་གནས་སྐབས་ཀྱི་ཁྱད་པར་བསྐྱེད་པའི་ཐབས་ཉིད་ཀྱི་ཕྱིར་རོ།། མི་ཤིགས་པ་ཞེས་པ་ནི་རྣམ་པར་རྟོག་པ་ཀུན་ནས་མ་མྱོངས་པ་སྟེ། དེ་ཉིད་ལས་དེའི་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ།། དེ་ལས་ཡི་གེ་ཉིད་ཀྱང་སྐྱེ་ནི་ཡི་གེ་གསུམ་པ་སྟེ། ་མི་ཤིགས་པར་བྱུང་བ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་གསུངས་པའི་གང་གིས་ཤེས་ཏེ། ཡི་གེ་གཉི་ཆོས་ཀྱི་ཕྱག་རྒྱའི་བདག་ཉིད་དུའོ།། ཆོས་ནི་སྟོན་པར་བྱེད་པའི་བདག་ཉིད་དོ།། དེའི་དོན་ཡང་ལམ་དང་འབྲས་བུའི་བདག་ཉིད་དོ།། འདི ་རྣམས་ཀྱི་ཕྱག་རྒྱ་ནི་བརྡ་སྟེ། ངག་གི་རང་བཞིན་མ་ལུས་པ་བསྡུས་པའི་ངོ་བོ་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། དེ་དེ་ཉིད་ཤེས་ཞེས་པ་ནི་ལམ་གྱི་གནས་སྐབས་སོ།། ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར་ཞེས་པ་ནི་འབྲས་བུའི་གནས་སྐབས ་སོ།། ཡི་གེ་གཉིས་ཞེས་པ་ནི་ཡི་གེ་གཉིས་ཀྱི་དོན་རྗོད་པར་བྱེད་པ་སྟེ། གཞན་རྣམས་ཀྱི་ཆེད་དུ་ཉེ་བར་སྟོན་པར་བྱེད་པོ་འམ། འཇུག་པར་བྱེད་པའོ།། སངས་རྒྱས་ཆོས་རྣམས་ལས་ཕྱི་རོལ་ཞེས་པ་ནི་སྔར་གསུངས་པ་རྣམས་ལས་སོ།། ཆོས་ཀྱི་ནོར་འདི་ལ ་ཡོད་དོ་ཞེས་པས་ནོར་ཅན་ནོ།། ལོངས་སྤྱོད་སྤངས་ཞེས་པ་ནི་ལོངས་སྤྱོད་ནི་ཆོས་ཀྱི་རོ་ཉམ་སུ་མྱོང་བའོ།། སྤངས་པ་ནི་བོར་བའོ།། ཨེ་ཝཾ་ཞེས་པ་ནི་སྔར་གསུངས་པའི་དོན་དྲན་པར་བྱེད་པའོ།། ཐམས་ཅད་མཁྱེན་པ་ནི་སངས་རྣམ་པ་གཉིས་སོ།། ཞུགས་པ་ཞེས ་པ་ནི་གསུངས་པའི་རིམ་པས་ཡི་གེ་གཡོཉིས་ཀྱི་བདག་ཉིད་དོ།། དེའི་དོན་གསུངས་པ། མངོན་པར་བརྗོད་པར་བྱ་བ་ཡི་གེ་གཉིས་སོ།། གང་གི་ཕྱིར་ཨེ་ཝཾ་གེ་གཉིས་ཡིན་པའི་ཕྱིར། དྲན་བྱ་སྟེ་གསུངས་པོའི་དོན་ཡིད་ལ་བཞག་པའི་དོན་དུའོ།། ལྷའི་བདག ་ཅེས་པ་ནི་ལྷའི་བདག་པོ་ཉིད་ཀྱི་ཕྱིར། ལྷ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་བསྟན་པ་ལའོ།། གལ་ཏེ་འདོད་ན་ནི་གལ་ཏེ་ཁྱོད་འདོད་པར་བྱེད་ནའོ།། རྟག་པ་ནི་རྟག་པ་སྟེ་སྐྱེ་བ་དང་གནས་པ་དང་འཇོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། གནས་ནི་སངས་རྒྱས ་བདག་ཉིད་ཅན་ནོ།། གཞན་རྣམས་ཀྱིའང་བླ་མར་བྱས་ཏེ། སྒྲུབ་པའི་མཆོད་པས་མཉེས་པར་བྱའོ།། བདག་གིས་ཐོས་པ་ཞེས་པ་ནི་བཅོམ་ལྡན་འདས་རྣམས་མ་ལུས་པའོ།། འཁོར་ལོས་སྒྱུར་བའི་ངོ་བོ་ལ་ཞེས་པ་ནི། འཁོར་ལོས་སྒྱུར་བའི་ཚུལ ་འཛིན་ནོ་ཞེས་པའི་དོན་ནོ།། ཅི་ཐོས་ཤེ་ན་གསུངས་པ། བོན་ངོ་བོ་ཞེས་པ་ལ་སོགས་པོ་སྟེ། ས་བོན་གྱི་ངོ་བོས་འཛག་པའི་བདག་ཉིད་ཅན། ཨོཾ་ཡིག་ལ་སོགས་པའི་ས་བོནགྱི་བདག་ཉིད་དོ།། སྤྲུལ་པ་ནི་ཕྱུང་བ་སྟེ་། བཅོམ་ལྡན ་འདས་ཀྱིས་ཞེས་པ་ལྷག་མའོ།། ལྷ་རྣམས་ཀྱི་ནི་འཁོར་ལོ་མཆོག་ནི་བླ་ན་མེད་པའི་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཏུ་དགའ་བ་ཞེས་བྱ་བ་ལགས་པའོ།། གཅིག་ནི་གཉིས་སུ་མེད་པའོ།། དུས་ནི ་ཕུང་པོ་ལ་སོགས་པ་རྣམས་འདིར་ཉེ་བར་བྱེད་དོ།། ཐིམ་པར་བྱེད་དོ་ཞེས་བྱ་བས་མ་ས་ཡ་སྟེ་ལུས་ཀྱི་ཁྱད་པར་རཱྀ།། དབང་ཕྱུག་བརྒྱད་ཅེས་པ་ནི་སྐུའི་དབང་ཕྱུག་ལྔ་སོགས་པ་རྣམས་སོ།། རྟག་པ་ཞེས་པ་ནི་མ་བཅོས་པ་ཉིད་ཀྱི་ཕྱིར་བང་བའོ།། ་རྒྱལ་བ་ཞེས་པ་ནི་དུས་གསུམ་གྱི་རྒྱུལ་བྱིའི་བདག་ཉིད་ཡིན་པོ་ཉིད་ཀྱི་ཕྱིར་རྡོ་རྗེ་འཆང་ཆེན་པོ་སྟེ།། དེ་ཉིད་ཀྱི་ཕྱིར་མང་པོ་ཚི་ག~ཾ་གོ། སྙིང་པོ་ཞེས་པ་ནི་སྙིང་པོ་རྡོ་རྗེ་སྟེ།། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ་བད་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ཆེན་པོའོ།། ལེགས་སྦྱངས་ནི་རིགས་ལྔའི་ཚོགས་པ་བཀོད་པ་ཉིད་ཀྱིས་སོ།། བྷ་ག་ནི་པདྨའོ།། ལོགས་སྦྱངས་ནི་སྒྲུབ་པའི་ཐབས་ལས་གསུངས་པའི་རིམ་པས་སོ།། ཐིག་ལེའི་དོན་གྱི་བཤད་པ་གསུངས་པ། ་ཆ་ཞེས་པ་ལ་སོགས་པ་ཞེས། ཆ་ཞེས་པ་ནི་ཨ་ཡིག་སྟེ་སྒྲ་ཇི་བཞིན་པ་མིན་པས་སོ།། འདིའི་གཉིས་པ་ནི་ཨ་ཡིག་སྟེ། ཀློག་པའི་རིམ་པས་སོ་གསུངས་པ་ཡང་། ཆ་ནི་ཐིག་ལེ་དང་བཅས་དང་པོའི་དབྱངས།། ཆ་དེ ་ཉིད་ནི་ཐིག་ལེ་གཉིས་བརྒྱན་པར།། ཤེས་བྱ་ཞེས་བྱ་དང་པོ་བར་དུ་བརྗོད།། མཐར་གནས་པ་གསུངས་པ།། དགུ་པ་ཞེས་པ་ལ་སོགས་པ་སྟེ། དགུ་པ་ཉིད་ཀྱིས་དགུ་པའི་ཡི་གེ་ཧ་ཡིག་གི་དགུ་པའོ།། འདི་ཇི་ལྟར་དགུ་པ་ཡིན་ཞེ་ན། གསུངས་པ། ་སུམ་ཅུ་བཅུ་པ་ཞེས་སུམ་ཅུ་ཡང་ཡིན་བཅུ་ཡང་ཡིན་ནོ་ཞེས་པ་སུམ་ཅུ་བཅུ་པ་སྟེ། ངེས་པའི་ཚིག་གི་ཆོ་གསོ།། བཞི་ཕྲག་བཅུ་པར་མངོན་པར་བརྗོད་པའི་སྔ་ཚན་བཞི་པོ་འདི་ཉིད་ཀྱིས་དམན་པའི་ཨཱ་ལི་ཀཱ་ལཱི་ལྔ་བཅུའི་ཡི་གེ་རྣམས་ཀྱི་ལྷག་མའི ་ཡི་གེ་དགུ་རྣམས་ཀྱི་མཐའ་མ་ཧ་ཡིག་དེས་ཀྱང་བརྗོད་དོ་ཞེས་པའི་དོན་ཏོ།། ཅི་ལྟར་ཞེ་ན་གསུངས་པ། ལྔ་པ་ཞེས་པ་ལ་སོགས་པ་སྟེ། ལྔ་པ་ནི་ལྔ་པའི་བདག་ཉིད་ཅན་ནོ།། ས་བོན་ནི་དེ་སྐྱེད་པར་བྱེད་པའོ།། ཚེའི་གཉིས་པ་ཞེས་པ་འདིས་དབུས ་སུ་སླར་ཡང་ཨ་ཡིག་གཞན་སྟོན་པར་བྱེད་དོ།། ལྔ་པ་ནི་མ་ཡིག་གོ།། དེ་ལ་མ་ཡིག་གིས་ཡི་གེ་གསུམ་པ་ཐ་དད་དུ་ལྡན་ནོ།། ཨུ་ཡིག་གི་དང་པོ་ལསཱ་ཏེ། དྲུག་པས་ཕྱེ་ཞེས་པཱ་ཨཱ་ཡིག་གོ།། དུས་ཧ་ཡིག་བྱེ་བར་བྱས་པའོ།། བྷི་ནས་རྗེ་སུ་རོ ་དང་། རིང་པོ་དང་བཅས་པ་དང་། ཡོན་ཏན་དང་ཡང་དག་པར་སྦྱོར་བ་དང་། དབྱི་བ་རྣམས་ཇི་ལྟར་རིགས་པ་བཞིན་དུ་བྱའོ།། གནས་གསུམ་དུའོ།། བྱུང་བ་ནི་ཤེས་རབ་ཐབས་དག་གི་སྦྱོར་བ་ལས་ཕྱི་རོལ་དུ་བྱུང་བའོ།། འདི་ནི་སྟེ་འདི་ལྟ་བུ་ནི་ཐིག་ལེ ་ཡིན་ཞེས་བཤད་ཅེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར།། རྡོ་རྗེ་འཆང་ཆེན་པོའོ།། ཞེས་ལྷ་མོ་བཞིས་ཞུས་པར་གསུངས་པའི་ཚིགསུ་བཅད་པ་གང་ཡིན་པའོ།། སྤྱིའི་དོན་ནི་དགོངས་པ་མ་ཡིན་པ་དང་དྲང་བའི་དོན་ནི་འདིར་ཚིག ་དོན་ནོ།། དམ་པ་ཞེས་པ་ལ་སོགས་པོ་ལ་དེ་ལྟ་བུའི་ཆོ་གའི་ཡུལ་འཆད་པར་འགྱུར་བ་ལ་ཡང་རྟོགས་པར་བྱའོ།། ཞེས་སློབ་པར་བྱེད་པའི་དོན་དུ་གསུངས་སོ།། ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་དེ་དང་དེ་མངོན་པར ་བརྗོད་པར་བྱ་བཞིན་པའི་དོན་དུ། དེ་བཞིན་གཤེགས་པའི་བརྡ་རྣམས་བསྐྱེད་པའི་དབང་དུ་བྱས་ནས་གསུངས་པ། གཅིག་དང་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ནི་སྣང་བའི་ཡེ་ཤེས་དང་སེམས་བྱུང་ལས་སྐྱེས་པས་སེམས་དང་ཟླ་བའི་སྣང་བ་བཞིན ་དུ་གསལ་བ་དང་ཆུ་ཟླ་ལྟ་བུའོ།། འདོད་ཆགས་བྲལ་སོགས་སྐད་ཅིག་བདག་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་དེ་ལ་བསྟན་ནས་འབྱུང་བའོ།། འདི་ནི་ཀུན་རྫོབ་དུ་དངོས་སུ་བུད་མེད་ཀྱི་ཚུལ་དང་། བྷ་ག་དང་པདྨ་རི་བརྡས་ལྷ་མོའི་ཚོགས་པ་དང་། ་ཤེས་རབ་ཡེ་ཤེས་སྐྱེ་བའི་ཕྱིར་རང་གི་རྡོ་རྗེ་རྐྱེན་དང་རྒྱུའོ།། འདི་ནི་ཞེས་པ་ལ་སོགས་པ་ལ་འདི་ནི་ཞེས་སྣང་བའི་ཡེ་ཤེས་སོ།། རྩ་བ་ནི་རྒྱུར་གསུངས་པའོ།། ཡོངས་སུ་སྟེ་ཐམས་ཅད་ལས་ཤེས་པའོ།། གང་ན་སྲིད་པ་གསུམ་སྟེ་འདོད་པའི་ཁམས ་ལ་སོགས་པའོ།། དེའི་བདག་ཉིད་ཅན་ནམ། ལུས་ལ་སོགས་པར་རོ།། འོད་མ་འགྲེང་བ་ནི་འོད་མའི་ལོ་མའོ།། མཛེས་པ་ནི་ཡིད་ལ་སོ་སོར་མཛེས་པའོ།། འདོད་ཆགས་ལ་སོགས་ནི་འདོད་ཆགས་ལ་སོགས་རང་བཞིན་བཞི་བཅུ་ཐམ་པ་རབ ་ཏུ་བསྐྱེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། འདིའི་རང་བཞིན་རྣམས་གསུངས་པ་ཡང་འདོད་ཆགས་དང་། རངས་པ་དང་། སྨིན་པ་དང་། དགའ་བ་དང་། དྲག་པོ་ལ་སོགས་པ་རྣམས་སོ།། ཀུན་རྫོབ་ཏུ་མངོན་སུམ་དུ་སྐྱེས་བུ་དང་། ལྷའི་ཆོ་གས ་པ་དང་། རྟགས་དང་རྡོ་རྗེ་ཅན་གྱི་བརྡའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། མིང་ནི་ཐབས་ཞེས་བྱ་བ་ཡིན་ཞེས་སོ།། རིག་པ་ཆེན་པོ་རང་ཉིད་དང་ལྷན་ཅིག་ཏུ་བྱ་བ་ཡིན་གྱི་གཞན་ལ་བལྟོས་པ་མེད་པའི་ཕྱིར་རོ།། རྩ་བ་ནི་རྒྱུའོ་མ་རིག་པ་ནི་རྒྱུ་ཉིད་དང་། ཀུན ་ཏུ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྣང་བ་ཉེ་བར་ཐོབ་པའོ།། ལུགས་ལ་ཟློག་པ་ནི་རྣམ་པར་ལྡང་བ་ལས་སོ།། འདིའི་རང་བཞིན་ནི་དེ་ཡང་འཁྲུལ་པ་དང་། སྐྱོབ་པ་དང་བརྗེད་ངས་པ་དང་། ལེ་ལོ་དང་། མི་སྨྲ་བ་དང་ཐེ་ཚོམ་ཞེས་སོ།། མ་རིག་པ་ཞེས ་པ་ལ་སོགས་པས་སྔར་གསུངས་པ་དག་གི་གོ་རིམ་གྱི་འབྲེལ་པ་སྟོན་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་འདིར་རང་བཞིན་རྣམས་མ་གསུངས་སོ།། སྔར་བཞིན་ཁོ་ནར་གསུངས་པ་ཉིད་ཀྱི་ཕྱིར་རོ།། འགོག་པ་སྟོན་བར་འདོད་ནས་གསུངས་པ། འགྲོ་ཞེས ་པ་ལ་སོགས་པ་སྟེ། ཕུང་པོ་ལྔ་རྣམས་དང་། མས་བཞིར་ཐིམ་ཁམས་རྣམས་དང་པོའི་སྣང་བའི་ཡེ་ཤེས་སུ་འགྲོའོ།། རྣམ་ཤེས་ནི་སྣང་བའི་ཡེ་ཤེསུ་བཤད་དོ།། སྣང་བ་གསལ་བ་དེ་ནི་སྟོང་པ་ཆེན་པོ་སྣང་བ་ཉེ་བར་ཐོབ་པར་རོ།། དེ་ཡང་ཞེས་པ་མ་རིག ་པའོ།། འོད་གསལ་བར་འགྲོའོ་ནི་དོན་དམ་པའི་བདེན་པར་རོ།། ཐོས་པ་ཞེས་པ་ལ་སོགས་པས་སྔར་བརྗོད་པའི་རྗེས་སུ་གསུངས་པ། སྣང་བ་གསུམ་གྱི་མཚན་ཉིད་ཅན་ཞེས་པ་ནི། གཅིག་ཅེས་བྱ་བ་ལ་སོགས་པ་ནས། མིང་ཞེས་པའི་མཐར་ཐུག ་བས་རང་གི་ངོ་བོའི་མཚན་ཉིད་བརྗོད་པར་གསུངསོ།། འགྲོའོ་ཞེས་པ་ལ་སོགས་པ་ནས། འོད་གསལ་བར་ཞེས་པ་འདིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོས་སྔར་གསུངས་པའི་འགོག་པ་བརྗོད་དོ།། ད་ནི་རང་བཞིན་གྱི་རྒྱུ་ཉིད་སེམས་ཅན་གྱི་ཁམས་རྣམས ་ཀྱིའང་རྒྱུར་ཡིན་ནོ་ཞེས་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་རྩ་བ་ཇི་ལྟར་ཞེ་ན། སེམས་ཅན་ཁམས་ཞེས་བྱ་བ་གསུངས་སོ།། ཏམ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཞེས་བྱ་བའི་བར་དུ་སྔར་གསུངས་པ་ལ་བལྟོས་པའོ།། ་འཛིན་བྱེ་དདེ་ནི་ཆུ་དང་འོ་མ་བཞིན་གཅིག་པ་ཅན་དུ་གྱུར་ནས་འཛིན་པར་བྱེད་པའི་བདག་ཉིད་བརྗོད་པར་བྱ་བར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་རླུང་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་ཤེས་ཞེས་བྱ་བ་ནི་སྣང་བ་གསུམ་མོ།། རྟག་ཏུ་ན་བྱེར་མ་ཆུད་པར་རོ།། གང ་གི་ཕྱིར་རླུང་ནི་གཞན་ལ་རག་ལས་ཏེ། ནམ་དུ་ཡང་འགོག་པ་མེད་དོ།། ལྡང་བ་ན་ཡང་ལུས་གཉིས་ཀྱིས་དེར་རིག་ལས་སོ།། འགྲོ་བ་ལ་ནི་ཁམས་གསུམ་པ་ལའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ནི་ཞེས་པ་ལྔ་སོགས་པ་སྟེ། བཞོན་པ་ཡིན་ཞེས་པ་ནི་རྣ ་ཤེས་དང་འདྲེས་པར་གྱུར་ནས་ཤིན་ཏུ་མྱུར་བ་ཉིད་ལས་ཀྱིས་འཕངས་པའི་ཡུལ་ཐོབ་པར་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྣམ་བཞག་རིམ་པར་གསུངས་པ། རྟ་ཞོན་པ་བཞིན་རྣམ་པར་ཤེས་པ་གང་ཡིན་པ་དེ་རླུང་གི་ཁམས་ཀྱི་བཞོན་པ་ལ་ཞོན་ནས་ཞེས་པ་ལ་སོགས། ་བའོ།། དེ་ཡིས་ནི་སྣང་བ་གསུམ་གྱི་ཐོག་མའི་རྒྱུ་ཉིད་དུ་གསུངས་པའི་སྣང་བ་རྣམས་སོ།། ང་ནི་དེ་རྣམས་ཀྱི་ངེས་པར་འབྱིན་པ་གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ།། ཇི་ལྟ་ཇི་ལྟར་ཞེས་པ་ནི་སྣང་བ་གང་ཡིན་པ་དེ་ལས་རང་བཞིན་གང་ཡིན་པ་དེ་རྗེས ་པར་འགྲོ་བར་འགྱུར་ཞེས་པ་མངོན་པར་དགོངས་སོ།། སྲ་བ་ཞེས་པ་ལ་སོགས་པས་སྣང་བ་གསུམ་རླུང་དང་བཅས་པ་ལྷན་ཅིག་སྤྱོད་པའི་སྤྲུལ་པའི་དབང་དུ་བྱས་ནས། སེམས་ཅན་ཁམས་ནི་མ་ལུས་པ་ཞེས་གསུངས་པ་དེ ་རྒྱས་པར་སྟོན་པར་བྱེད་དོ།། དེ་ལ་འདིར་གོ་རིམ་བཞིན་དུ་འདུས་པ་སྟེ། འཆི་བའི་འཛིན་པའི་རྣམ་པར་ཤེས་པ་འགྲོ་བ་གཞན་གྱི་རྣམ་པར་ཟུང་བར་བྱ་བ་འཛིན་པར་བྱེད་དོ།། དེ་ལ་གང་འགོག་བཞིན་པ་དེ་འགོག་པར་བརྗོད་པར་བྱའོ།། འགྲོ་བ་གཞན ་གྱི་རྣམ་པ་ལ་བརྟེན་ནས་སྐྱེ་བའི་ཆ་ཤས་ཅན་བསྐྱེད་པར་བྱ་སྟེ། སྲང་མདའི་མཐོ་དམན་བཞིན་ནོ།། སྲིད་པ་འཕོ་བའི་མདོ་ལས་གསུངས་པ།། སྲོག་གི་འཕེན་པའི་ལས་ཟད་ནས་རྣམ་ཤེས་ཕྱི་མ་འགག་བཞིན་པ་ལ་དེའི་ལས་མངོན་དུ་འགྱུར་རོ།། འདི ་ལྷ་སྟེ། གཉིད་སད་པ་ནས་ལྗོངས་ཀྱི་བུད་མེད་བཟང་མོ་ཞེས་ཏེ། གང་ཕྱི་མའི་རྣམ་ཤེས་འགག་པར་བྱ་བ་དང་། དང་པོའི་རྣམ་ཤེས་སྐྱེ་བའི་ཆ་ཤས་ཅན་བསྐྱེད་པར་བྱའོ།། གལ་ཏེ་ཡང་དབང་པོ་ལ་སོགས་པའི་ལྷ་དེ་རྣམས་ལ། ཁ་ཅིག་ཆོས་ཀྱི་དམན ་པས་འཇིག་རྟེན་འདི་ལས་འཇིག་རྟེན་ཕ་རོལ་ཏུ་འཕོ་བར་བྱེད་པ་དང་། རྣམ་པར་རིག་པར་བྱའོ་ཞེས་རབ་ཏུ་ཤེས་སོ་ཞེས་སོ།། དེ་ལ་གང་ཕྱི་མའི་རྣམ་ཤེས་འགོག་པ་དེ་འཆི་འཕྲོ་བར་བྱེད་དོ།། གྲང་དང་པོའི་རྣམ་ཤེས་རབ་ཏུ་འབྱུང་བ་དེ་སྐྱེ་བར་བྱེད་དོ།། དེ ་ལ་ཕྱི་མའི་རྣམ་ཤེས་བཞིན་འགག་བཞིན་པའི་འགའ་ཞིག་ཏུ་འགྲོ་བ་མ་ཡིན་ནོ།། དང་པོའི་རྣམ་ཤེས་སྐྱེ་བའི་ཆ་ཤས་ཅན་སྐྱེ་བཞིན་པ་ནི་གང་ལས་ཀྱང་འོང་བ་མ་ཡིན་ནོ།། དེ་ལ་ཕྱི་མའི་རྣམ་ཤེས་ནི་ཕྱི་མའི་རྣམ་ཤེས་ཀྱིས་སྤོང་ངོ་།། འཚོ་འཕོ་བ་ནི་འཆི་། ་འཕོ་བས་སྤོང་ངོ་།། དང་པོའི་རྣམ་ཤེས་ནི་དང་པོའི་རྣམ་ཤེས་ཀྱིས་སྟོང་ངོ་།། སྐྱེ་བ་ནི་སྐྱེ་བས་སྟོང་ངོ་།། ཆོས་རྣམས་ཀྱང་ཉམས་པ་དང་བྲལ་བ་འམ། རབ་ཏུ་ཉམས་པར་རབ་ཏུ་ཤེསོ་ཞེས་སོ།། དེ་ལ་འགྲོ་བ་གཞན་གྱི་རྣམ་པ་དང་ལྷན་ཅིག་འགག ་པ་དེའི་རྣམ་པས་ལྡང་བར་གྱུར་པ་དབར་དོའི་སྲིད་པའི་མིང་ཐོབ་སྟེ། འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དག་གི་བར་དུ་ཐོབ་པར་གྱུར་པ་ཉིད་ཀྱི་ཕྱིར་རོ།། དེ་ཡོངས་སུ་ཤེས་པ་དང་ལྡན་པ་རྣམས་ཀྱི་འགོག་པ་ནི་རིག་པ་ཆེན་པོ་སྟེ་བར་ངོའི་སྲེད་པའོ།། མ ་རིག་པ་ནི་རྡོ་རྗེ་འཆང་གི་རྣམ་པ་འོད་གསལ་བ་ཉིད་ལས་ལངས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། འདིའི་སྐྱེ་བའི་ཆ་དང་མཐུན་པ་དང་བཅས་པར་སེམས་ཀྱི་རྒྱུད་རབ་ཏུ་མི་འཇུག་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་རྣམ་པར་བཞག་པར་བྱའོ།། གཞན ་ཡོངས་སུ་མྱ་ངན་ལས་འདས་པར་འདི་རྣམ་པར་བཞག་པར་བྱའོ།། སྐྱེ་བའི་དབང་ལས་སེམས་ཅན་ཡོངསུ་སྨིན་པ་དང་གྲོལ་བའི་དོན་དུ་བསྐྱེད་པར་བྱའོ།། གང་ཡང་སྐྱེ་བ་མེད་པ་ཉིད་དེ། གདུལ་བྱ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ཉི་དུ་སོ་སོར་སྣང་སྟེ། ཤཱཀྱ་སེང ་གེ་བཞིན་ནོ།། ཉན་ཐོས་དང་རང་སངས་རྒྱས་དག་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ངག་གི་བག་ཆགས་གཉིས་ཡོད་ཀྱང་། འགོག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འགྲོ་བ་གཞན་ལ་མི་བལྟོས་ཀྱང་སེམས་ཀྱི་རྒྱུད་མི་འཇུག་གོ། དེ་ཉིད་ཀྱི་ཕྱིར་འཕགས་པ ་གསུ་ངས་པ། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ།། དེ་སྲིད་ཡེ་ཤེས་ལུས་དངོས་ཅན།། ཏིང་འཛིན་མྱོས་པས་བརྒྱལ་གྱུར་པའི།། ཉན་ཐོས་དེ་དག་གནས་པར་འགྱུར།། བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི།། སེམས་ཅན་དོན་ལ་ཆགས་གྱུར་ཅིང་།། ་བསོད་ནམས་ཡེ་ཤེས་ཚོགས་བསགས་ནས།། སླར་ཡང་སངས་རྒྱས་བྱང་ཆུབ་ཐོབ།། གཉིས་ཀྱི་བག་ཆགས་ཡོད་པའི་ཕྱིར།། བག་ཆགས་ས་བོན་བརྗོད་བྱ་སྟེ།། ས་བོན་དེ་དངོས་ཚོགས་པ་ལས།། སྲིད་པའི་མྱུ་གུ་སྐྱེ་བར་འགྱུར ་ཞེས་སོ།། དེ་བཞིན་དུ་ཕུང་པོའི་ལུས་ཡོད་པ་དེ་སྲིད་དུ་འཆི་འཕོ་བའི་རབ་ཏུ་དབྱེ་བ་གསུངས་སོ།། ད་ནི་དེའི་འགྲོ་བ་གཞན་དུ་སོ་སོར་མཚམས་སྦྱོར་བའི་རིམ་པ་གསུངས་ཏེ། བར་དོའི་སྲིད་པ་དེའི་མིང་གཞན་མ་རིག་པ་སྟེ། འགྲོ་བ་གང་དུ་དང་། རིགས་གང་དུ་སྐྱེ ་པ་དེ་དང་དེའི་ཆ་དང་མཐུན་པ་སླར་ཡང་འདོད་པ་ཉེ་བར་ལེན་པའི་མཚན་ཉིད་སེམས་ཀྱི་རྒྱུད་རབ་ཏུ་འཇུག་སྟེ། དེ་ལ་གལ་ཏེ་སྐྱེས་པའི་བར་དེའི་སྲིད་པ་ཡིན་ན་བུད་མེད་ལའོ།། འོན་ཏེ་བུད་མེད་ཀྱི་ཡིན་ན་དེའི་ཚེ་སྐྱེས་པ་ལའོ།། བདག་གི་བུད་མེད་འདི། བདག ་གི་སྐྱེས་པ་འདི་ཞེས་ཕྲག་དྲོག་པ་ལས་དེ་དག་བུད་མེད་དང་སྐྱེས་པ་དག་གི་རྣམ་པར་སོ་སོར་ཞུགས་པའི་འདོད་པའི་བདེ་བ་ཉམ་སུ་མྱོང་བར་འདོད་པས་འཇུག་གོ། འདོད་པ་ཉེ་བར་ལེན་པ་ནི་གཟུང་བ་དང་འཛིན་པ་གཉིས་སོ།། བདེ་བ་ཆེན་པོའི་ལེའུར ་གསུངས་པ་ཡང་།། གང་ཞིག་འོད་གསལ་མཆོག་འབྱུང་བའི།། རྣམ་ཤེས་དེ་ཉིད་སེམས་དང་ལྡན།། ཞེས་སོ།། དེ་ནི་ཆོས་ཀུན་རྩ་བ་སྟེ།། ཀུན་ནས་ཉོན་མོངས་རྣམ་བྱང་བདག། དེ་དེ་རྟོགས་པས་གཉི་སུ་འགྱུར།། རང་གི་བདག་དང་གཞན་པ་ཞེས།། རྣམ ་ཤེས་རླུང་ལ་ཞོན་པ་ནི།། རླུང་ནི་མེ་ལ་མེ་ཆུ་ལ།། དེ་ནས་ནུར་ནུར་རྣམ་པ་དང་།། མེར་མེར་ནར་ནེར་གོར་གོར་པོ་ཞེས་ཏེ།། ས་ནི་འདོད་ཆགས་སྣང་བའོ།། དེའི་ཕྱིར་འདོད་ཆགས་དང་བྲལ་བའི།། སྣང་བ་ལས་ཁྲག་གི་གོང་བུ་དང་ཡིད་ཅེས་སོ།། ཁྲག་དང་ཁུ་བ ་འདི་དག་ལས་སྐྱེའོ།། དེའི་ཕྱིར་དབང་པོ་གཉིས་སྙོམས་པར་སྦྱོར་བ་ལས་འདོད་ཆགས། འདོད་ཆགས་ལས་འདོད་ཆགས་དང་བྲལ་བ། འདོད་ཆགས་དང་བྲལ་བ་ལས་འདོད་ཆགས་པར་མ་རབ་ཏུ་སྐྱེའོ།། དེས་རྣམ་ཤེས་གསུམ་པོར་བརྗོད་པར་བྱའོ།། དེ་ལྟར་ཡེ ་ཤེས་གསུམ་གྱི་རྒྱུ་ཅན་སྲ་བ་ཞེས་པ་ལ་སོགས་པས་ཁམས་བཞི་པོ་གསུངས་སོ།། བླངས་ནས་ཞེས་པ་ལ་སོགས་པས་བརྗོད་པའི་ཁམས་བཞི་པོ་ཉེ་བར་ལེན་པས་དེ་དང་ལྷན་ཅིག་ཏུ་བྱ་བའི་ཉེ་བར་བྱེད་པའི་རྣམ་པར་ཤེས་པ་གསུངསོ།། སྲིད་གསུམ་གནས ་སྐྱེ་བར་འགྱུར་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ཅན་གྱི་སྣོད་གསུམ་བསྐྱེད་ནས། བར་མ་ཆད་པར་འདོད་པ་ཀུན་ཏུ་སྤྱོད་པ་དང་། གཟུགས་ཀུན་ཏུ་སྤྱོད་པ་དང་། གཟུགས་མེད་པ་ཅན་གྱི་ཀུན་ཏུ་སྤྱོད་པ་རྣམས་སུ་སྐྱེའོ།། ཁམས་ཀྱི་དབྱེ་བ་ལས། ་ཀྱང་ས་ལ་སོགས་པའི་ཁམས་རྣམས་ཀྱིའང་མཚོན་པར་བྱ་བར་མཐར་ཐུག་པར་བྱ་ལ། སྲ་བ་ཞེས་པ་ལ་སོགས་པ་མངོན་པོར་རྗོད་པར་བྱེད་པས་མི་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་ནས་སོ་ཞེས་ཉེ་བར་མཚོན་ནོ།། འདིར་ཞེས་པ་ལ་སོགས་པ་ནི། ་འདིར་ཞེས་པ་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པའི་ཁམས་བཞི་པོ་རྣམས་སོ།། འདུས་བྱས་མཚན་ཉིད་དེ་ཞེས་པ་ཡོངས་སུ་མ་དག་པོ་ཞེས་པའི་དོན་ནོ།། གཞན་ཡང་གསུངས་པ། ཀྱེ་བཅོམ་ལྡན་འདས་ཕུང་པོ་རྣམས་ཅིའི་ཕྱིར་འབྱུང་བ་ཆེན་པོ་ལས་འབྱུང་བ ་ལག་བཅོ་ལྡན་འདས་ཀྱིས་བཀའ་སྩལ་པ། རེག་པ་སྲ་བའི་ཆོས་ཀྱིས་ནི།། དེ་ལ་ས་ནི་སྐྱེ་བར་འགྱུར།། བྱང་སེམས་གཤེར་བའི་རྣམ་པ་ལས།། ཆུ་ཡི་ཁམས་ཀྱང་ཡང་དག་བྱུང་།། བསྐྱོད་ལས་མེ་ནི་སྐྱེ་བར་འགྱུར།། འགྲོ་ལས་རླུང་དུ་རབ་ཏུ་གྲགས།། ་བདེ་བ་ན་མཁའི་ཁམས་ཡིན་ཏེ།། ལྔ་པོ་རྣམས་ཀྱིས་ཡོངསུ་བཅིངས།། ཞེས་སོ།། དེ་བཞིན་དུ། བོ་ལ་ཀ་ཀྲོ་ལ་སྦྱོར་བས།། རེག་པ་སྲ་བའི་བག་ཆགས་ཉིད།། སྲ་བ་གཏི་མུག་ཆོས་ཉིད་ཕྱིར།། གཏི་མུག་རྣམ་པར་སྣང་མཛད ་བརྗོད།། གང་ཕྱིར་བྱང་སེམས་གཤེར་བ་ཉིད།། གཤེར་བ་ཆུ་ཡི་ཁམསུ་བརྗོད།། ཆུ་ནི་མི་བསྐྱོད་ངོ་བོའི་ཕྱིར།། ཞེ་སྡང་འདྲེན་པ་མི་བསྐྱོད་པ།། གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས།། རྟག་ཏུ་དྲོད་ནི་སྐྱེ་བར་འགྱུར།། འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། ་འདོད་ཆགས་དྲོད་ལས་ཡང་དག་འབྱུང་།། ཀ་ཀོ་ལར་ནི་གང་ཞིག་སེམས།། དེ་ནི་རླུང་གི་རང་བཞིན་ཅན།། དོན་ཡོད་རླུང་ལས་ཡང་དག་འབྱུང་།། ཕྲག་དོག་དོན་ཡོད་གྲུབ་པ་ཉིད།། བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར།། ཁྲག་ནི་ན་མཁའི་མཚན་ཉིད་ཅན།། ་སེར་སྣ་ན་མཁའི་ལས་བྱུང་བ།། ནམ་མཁའ་སར་སྣ་རྡོ་རྗེ་ཉིད།། སེམས་ནི་ཆེན་པོ་གཅིག་ཉིད་ལ།། རང་བཞིན་ལྔ་ཡིས་མཚོན་པ་ཉིད།། རིགས་ལྔ་རྣམསུ་ཡང་དག་བྱུང་།། དེ་ལ་སྟོང་ཕྲག་དུ་མའི་མཐར།། ཞེས་པ་ལ་སོགས་པའོ།། འདི་ཉིད་དུ་ནི་རྣམ་པར་ཤེས ་པ་ཁམས་བཞི་པོ་རྣམས་ཀྱང་བྱིན་གྱིས་བརླབ་སྟེ། མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ལྔ་པོ་ཡང་སྐྱེའོ་ཞེས་གསུངས་པ། མཉམ་པ་ཉིད་ཅེས་པ་ལ་སོགས་པ་སྟེ། སོ་སོ་སྐྱེ་བོའི་གནས་སྐབས་ན་ཡང་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ལྔ ་པོ་ཡོད་དོ་ཞེས་མངོན་པར་དགོངས་སོ།། རྡོ་རྗེ་འཆང་ཆེན་པོའི་ཁམས་བཞི་དང་། ཕུང་པོ་ལྔའི་ས་བོན་རྣམ་པར་ཤེས་པ་ནི་མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཞེས་སྙིང་པོའི་དཀྱིལ་འཁོར་དུའོ།། ཡིད་ཅེས་པ་ལ་སོགས་པས་སྐྱེ་མཆེད ་དྲུག་བསྐྱེད་པར་སྟོན་པར་བྱེད་དོ།། གང་ཡང་ཁམས་གསུམ་ཞེས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་གསུངས་པ་ལ། རྣལ་འབྱོར་པས་ཁྱད་པར་དང་བཅས་པ་གསུངས་པ། མི་ཤེས་ཞེས་པ་ལ་སོགས་པའོ།། འགྱུར་ཞེས་པ་ལ་སོགས་པས ་སྐྱེས་པ་ལས་ཀྱང་སླར་ཡང་རང་བཞིན་འབྱུང་ལ། དེ་ལས་དགེ་བ་དང་མི་དགེ་བའི་ལས་ཡང་དག་པར་འབྱུང་ཞིང་། དེ་ལས་ཀྱང་སྐྱེ་བ་འབྱུང་བར་སྟོན་པར་བྱེད་དོ།། འགྲོ་བ་ཞེས་པ་ལ་སོགས་པས་མངལ་ནས་ཕྱི་རོལ་ཏུ་འབྱུང་བའོ།། དེ་བཞིན་དུ་འདས་པ་དང་། ད ་ལྟོར་བ་དང་མ་འོངས་པའི་སྐྱིད་པ་གསུམ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བར་བཤད་པར་བྱ་བར་རང་ཉིད་ཀྱིས་མངོན་པར་བརྟག་གོ།། ད་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཉིད་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉི་དུ་གསུངས་པ ་ལྔ་ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་སྐྱེས་བུའི་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་སྐུལ་བའོ།། ཁམས་རྣམས་ཀྱི་དབང་དུ་བྱས་ནས་གསུངས་པ། བཱན་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་བསྟན་པ་དང་སྔར་བསྟན་པའི་ལྡན་ཞེས ་དྲག་པའི་སྒྲ་རླུང་མངོན་པར་བརྗོད་པར་བྱའོ།། ཡེ་ཤེས་གསུམ་ནི་སྣང་བ་ལྀ་སོགས་པ་གསུམ་མོ།། དེའི་བདག་ཉིད་ཅན་ཉིད་ནི་དེའི་རང་བཞིན་ཏེ། ས་ལུ་ལ་སོགས་པའི་ས་བོན་ལས་སྐྱེས་པའི་ས་ལུའི་མྱུ་གུ་བཞིན་དུ་མཐར་ཐུག་ས་ལུ་ཉིད་ལ་སོགས ་པར་བསྟན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཉིད་དོ།། ཤེས་བྱ་ནི་རང་བཞིན་དུ་གནས་པར་ཡང་རྣལ་འབྱོར་པས་རྟོགས་པར་བྱའོ།། གང་གི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྟེ། གང ་དེ་ཁོ་ན་འདོད་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སྐུ་འདི་འགྲོ་བའི་རྒྱུད་ཉི་དུ་སྐྱེས་པའོ།། ཕྱག་རྒྱ་བཞི་ནི་དམ་ཚིག་སེམས་དཔའི་སྐུ་འདི་ཉིད་དམ ་ཚིག་གི་ཕྱག་རྒྱའོ།། ཕུང་པོའི་ཟླ་མ་ཏོག་གི་ནང་དུ་སྟོན་པའི་ཡེ་ཤེས་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའོ།། མི་ཤིགས་པར་བྱུང་བའི་ཡི་གེ་ཏིང་ངེ་འཛིན་སེམས་དཔའ་ནི་ཆོས་ཀྱི་ཕྱག་རྒྱའོ།། བྱ་བ་ཐམས་ཅད་བྱེད་པ་ནི་ལས་ཀྱི་ཕྱག་རྒྱའོ།། རང་སྣང་གི་རང་གི་བུང ་མེད་དེ་ཡང་ལྷ་མོ་ཐམས་ཅད་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ།། དེ་བཞིན་དུ་ཡང་ན་གང་ཞིག་སྤྱན་མ་ལ་སོགས་པའི་རང་བཞིན། ས་ལ་སོགས་པའི་ཁམས་བཞི་པོས་བསྐྱེད་པ་ཉིད་ཀྱི་ཕྱིར། ཕྱག་རྒྱ་བཞིའི་རྒྱས་བཏབ་པའོ།། སྦས ་བའི་བཤད་པ་མ་ཡིན་ནས་བསྐྱེད་པའི་རིམ་པའི་ཕྱོགས་འཆང་བ་ཅི་ཞེ་ན། གང་བསྐྱེད་པའི་རིམ་པ་ཡི་ཕྱོགས་ལ་བལྟོས་ནས། སྣང་བ་འབྱུང་ངོ་།། འདི་ཡང་སྣང་བ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར། འདིར་བརྩད་པར་བྱ་བ་མ་ཡིན་ནོ་ཞེས་སོ།། ཟླུམ ་ཅད་དག་ཅིང་རྣམ་པར་དག་པའི་རིམ་པར་ཡང་གསུངས་པ། ཤེས་རབ་ངོ་བོ་ཉིད་འདི་ནི། ཟླ་བའི་དཀྱིལ་འཁོར་རྟོག་པར་བྱེད་ཅེས་བྱ་བ་ལ་སོགས་པའོ།། མིག་ལ་སོགས་པའི་བདག་ཉིད་ནི་དེའི་རང་བཞིན་གྱིས་སོ།། དེ་ལ་ཞེས་པ་སྐ་ལའོ།། དེ་ཉིད་ཀྱི ་ཕྱིར་སྐུ་ཞེས་པའི་ཚིག་ལས་ལུས་ཀྱི་སྐྱེ་མཆེད་དུ་གྱུར་པའི་བྱམས་པ་དང་ཀུན་ཏུ་བཟང་པོ་དག་ཁོང་དུ་ཆུད་པར་བྱའོ།། འདུལ་བ་ཞེས་པ་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཨརྠ་སརྦྦ་ཁརྦ་གརྠ་ཞེས་པ་ལ་སོགས་པ་ལ་རྒྱུན་ཆགས་པའི་དབྱིང ་ནི་འགྲོ་བ་ལ་འཇུག་སྟེ། འཚེ་བ་ལ་ཡང་ངོ་།། མ་རུངས་པའི་བགེགས་ཀྱི་བདག་པོ་རྣམས་ཕྱོགས་ཀྱི་མཐར་འདྲེན་པར་བྱེད་པའམ། འཚོ་བའི་མཐར་བྱེད་པས་འདུལ་བར་བྱེད་པའོ།། སོ་སོ་སྐྱེ་བོའི་ལག་པ་ལ་སོགས་པའི་ཡན་ལག་གིས་ཀྱང་སྡང་བ་ཟློག་པར ་བྱེད་པ་མཐོང་བའི་ཕྱིར།། རྣལ་འབྱོར་པའི་ལག་པ་ལ་སོགས་པ་རྣམས་ཁྲོ་བོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། ཤིན་ཏུ་དྲུག་པའི་གདུག་པ་ཟློག་པར་བྱེད་དོ་ཞེས་གསུམ་དུ་སྦྱོར་རོ།། དེ་བཞིན་དུ་འགྲོ་བའི་རྒྱུད་ཀྱི་སྒོ་ནས་བརྟགས་པ་འམ། རྣལ་འབྱོར ་གྱི་སྒོ་ནས་བསྐྱེད་པའི་རིམ་པ་མངོན་པར་བརྗོད་དོ།། ད་ནི་དེ་དག་ལ་མངོན་པར་ཞེན་པ་སེལ་བའི་ཆད་དུ་གསུངས་པ། དྭེ་དེ་ཞེས་པ་ལ་སོགས་པ་སྟེ། ལྷ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། ལྷ་མོ་ནི་སྤྱན་མ་ལ་སོགས་པ་རྣམས།། ་ཅིའི་དོན་དུ་སླར་ཡང་བསྟན་ཞེ་ན། གསུངས་པ། སེམས་ཅནྡྲ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟ་མོད་ཀྱི་ལྷ་ལ་དམིགས་པས་ཐོབ་པར་ནུས་པ་ཅི་ལྟར་ཞེ་ན། བཞག་པར་བྱ་སྟེ་དང་པོའི་ཡུལ་ལ་ཡང་གཟུགས་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་བཞག ་ནས་ཞེས་པ་ལྷག་མའོ།། གང་གི་ཕྱིར་ལྷའི་རྒྱུད་མེད་པ་དེའི་ཕྱིར་རྣལ་འབྱོར་པ་སྟེ། སེམས་ཙམ་གྱི་རྣལ་འབྱོར་འདི་ལ་ཡོད་དོ་ཞེས་པ་རྣལ་འབྱོར་པའོ།། གཉིས་མེད་ཅེས་པ་ནི་ཤེས་བྱ་དང་ཤེས་པ་གཉིས་ཀ་སེམས་ཙམ་གྱི་ངོ་བོས་གཉིསུ་མེད་པར ་མཐོང་བ་གང་ལ་ཡོད་པ་དེ་དེ་བཞིན་ནོ།། དམ་ནི་དང་ཞེས་པ་ལ་སོགས་པོས་ཡུལ་རྣམ་པ་གསུམ་བསྟན་པ་ཅི་ཡིན་པ་དེ་རྣམ་རིག་ཅེ་མ་ཡིན་ནོ་ཞེས་གསུངས་པ། ཡེ་ཤེས་གསུམ་ཞེས་པ་ལ་སོགས་པའོ།། འདིའི་རྒྱས་པར་བཤང་བ་གསུངས ་པ། འགྲོའོ་ཞེས་པ་ལ་སོགས་པ་སྟེ། འགྲོ་བར་བྱེད་དོ་ཞེས་པ་ཐོབ་པར་བྱ་བའི་དབང་པོ་རྣམ་སོ་ཞེས་རང་གི་སྡེ་པ་ཁ་ཅིག་རྣམས་འདོད་དོ།། དེ་དང་དེ་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་དུ་མ་ཉིད་ཀྱི་ཕྱིར་ཟློས་པའོ།། ་རང་ཉིད་ཅེས་པ་ནི་རང་བཞིན་འདི་རྣམ་སོ།། སྣང་བ་ཙམ་ཞེས་པ་ནི་ཤེས་བྱའི་དབང་གིས་ཤེས་པ་རྣམ་པར་བཞག་པའོ།། དགོངས་པ་ཅིས་དེ་ལྟར་རྣམ་རིག་ཙམ་དུ་རྣམ་པར་བཤད་པར་བྱ། ཤེས་པ་དང་ཤེས་བྱ་དག་བརྫུན་པ་ཉིད་དུ་སྒྲུབ་པའི་དོན་དུ་གསུངས ་པ་ཡང་། ཤེས་བྱ་ཡོད་ལྟར་ཤེས་པ་སྟེ།། ཤེས་དང་ཤེས་བྱ་དེ་བཞིན་ཡོད།། གང་ཚེ་གཉིས་ཀ་སྐྱེ་བ་མེད།། སངས་རྒྱས་དེ་ཚེ་ཡོད་པ་ཅི།། ཤེས་པ་མེད་བཞིན་ཤེས་བྱ་མེད།། རྣམ་ཤེས་དེ་དག་མེད་པའང་མེད།། དེ་ཕྱིར་རང་བཞིན་དེ་མ་རྙེད།། ཤེས ་དང་ཤེས་བྱ་ཉིད་དུ་བརྗོད།། ཅེས་པ་མ་ཡིན་ནམ་ཞེ་ན། ཤེས་པ་དང་ཤེས་བྱ་དག་བལྟོས་པ་མེད་པར་གྲུབ་པ་ཉིད་ཀྱི་ཕྱིར། བརྫུན་པ་ཉིད་དུ་གསུངས་པ་མ་ཡིན་ནམ། ཙམ་གྱི་སྒྲ་ལ་དགོས་པ་ཅི་ཡོད། ཙམ་གྱི་སྒྲའི་དོན་ཚིག་ཏུ་བརྟགས་པ་དོན་དམ་པ་ཉིད་ཀྱི ་དོན་དུ་དགག་པར་བྱའོ།། ཡང་ན་རྣམ་ཤེས་ལ་བལྟོས་པ་མེད་པར་ཐོབ་པའི་ལུས་ཀྱི་རྨི་ལམ་ཉེ་བར་དམིགས་པའི་དོན་ཉིད་ཀྱིས་དོན་དུ་བཀག་གོ། ཡང་ན་རྨི་ལམ་དང་བྲལ་བ་ཉིད་ཀྱི་དོན་གཟུང་བ་ལ་སོགས་པ་སྒོམ་པར་བྱེད་པའི་རྣམ་པར་ཤེས་པ་ཉིད་སོ། ་སོར་རྟོགས་པར་བྱའོ།། འདི་དག་ཅི་ལྟར་བསྒྲུབ་པར་བྱ་ཞེ་ན། དོན་བྱེད་ནུས་པ་གང་ཡིན་པ། དེ་འདིར་དོན་དམ་ཡོད་པ་ཡིན།། ཞེས་དོན་དམ་པ་ཡོད་པའི་དོན་གྱི་མཚན་ཉིད་དུ་བརྗོད་པར་བྱའོ།། རྨི་ལམ་ཡང་ཡོད་པའི་ཕྱིར་འདིས་དོན་བྱེད་དོ།། བསྲེག་པ་དང་སྨིན ་ང་། ཡན་ལག་མཆོག་ལ་རག་པ་དམིགས་ནས། བདེ་བ་ལ་སོགས་པ་རྨི་ལམ་དུ་མཐོང་ཞིང་དམིགས་བཞིན་པ་ཉིད་ཀྱི་ཕྱིར་རོ།། ཡང་ན་བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པར་འཕགས་པས་གསུངས་པ། བདག་ཏུ་འཛིན་པ་བཟློག་པའི་ཕྱིར ་ཕུང་པོ་ཁམས་སོགས་བསྟན་པ་ཡིན།། སེམས་ཙམ་རྣམ་པར་གཞག་པ་གང་།། དེ་ཡང་བདག་ཉིད་ཆེན་པོས་སྤངས། ཞེས་གསུངས་པ་དང་། སྟོང་ཉིད་བདག་ཉིད་ཚུལ་ཆེན་གྱིས།། སེམས་འདི་ཉིད་འདི་ཀུན་བརྟགས་དང་། གཞན་གྱི་དབང་དང ་ཡོངས་གྲུབ་པ།། ཉིད་དུ་ཡང་ནི་བརྟགས་པ་ཡིན་ཞེས་སོ།། སུན་འབྱིན་པས་བརྗོད་པ། དེའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་འདི་ལྟ་བུ་ཉིད། འཕགས་པས་བཞེད་དོ་ཞེས་ན་མ་ཡིན་ཏེ། གཞན་གྱི་ཕྱོགས་རྗེས་སུ་བརྗོད་ནས་སུན་འབྱིན་པ་བརྗོད་པ ་ཉིད་ཀྱི་ཕྱིར་རོ།། བདག་ཉིད་ནི་རྣམ་རིག་ཙམ་དུ་མ་ཡིན་ནོ་ཞེས་གསུངས་སོ།། དེ་དང་གཞན་གཉིས་བརྟགས་པའི་རང་བཞིན་མེད་པ་ལ་སོགས་པའི་མཚན་ཉིད་སྒྱུ་མ་ལྟ་བུ་དང་། རྟག་པ་དང་། རྟག་པ་མ་ཡིན་པ་ལ་སོགས་པའི་རང་བཞིན་དང་བྲལ་བ ་ཀུན་རྫོབ་བདེན་པའི་ངོ་བོར་གསུངས་སོ།། འདིར་དབུ་མར་ཡང་གཟུགས་ལ་སོགས་པ་རྒྱ་ཆེར་ནི།། ལྡོག་པས་རྣམ་རིག་འབྱུང་མི་འགྱུར།། བསྒྲུབ་བྱ་དབང་པོ་ལ་སོགས་རྟོགས། རྣམ་རིག་ཙམ་ཉིད་མ་གསུངས་སོ།། ཞེས་དང་། ཀླུའི་བློའི ་ཞབས་ཀྱིས་ཀྱང་། གལ་ཏེ་སླར་ཡང་གཞན་གྱི་བརྗོད་པའི་རྣམ་པར་ཤེས་པ་སྨྲ་བར་མངོན་པར་རྟོགས་པར་བྱ་སྟེ། དེའི་ཚེ་ཉེས་པ་ཅིར་འགྱུར།། དེའི་ཚེ་དངོས་པོ་མེད་པའི་དེ་བཞིན་ཉིད་དུ་འགྱུར་རོ།། དངོས་པོ་མེད་པའི་དེ་བཞིན་ཉིད་འཕགས་པས་བཞེད ་པ་ཡང་མ་ཡིན་ནོ།། གསུངས་པ་ཡང་འདིའི། དངོས་པོ་ཉིད་དང་དངོས་མེད་ཀྱང་།། མྱང་འདས་གྱུར་པ་ཉིད་མ་ཡིན།། དངོས་མེད་དངོས་དང་བསལ་བ་ལ།། དེ་ནི་མྱ་ངན་འདས་པ་བརྗོད་ཅེས་སོ།། ཐེག་པ་ཆེན་པོ ་རྣམ་པ་གཉིས་འཇུག་པར་བྱེད་པ་བསྒྲུབ་པའི་དོན་དུ་མུ་སྟེགས་དོན་སྨྲ་བ་རྣམས་ཀྱིས་སུན་ཕྱུང་བའོ།། དེ་ཡང་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་རྣམ་པར་ཤེས་པ་ཡང་དབུ་མ་པ་རྣམས་ཀྱིས་སུན་ཕྱུང་བའོ་ཞེས་པ་མི་རིགས་སོ།། དོན་ལ་སོགས ་པ་རྣམས་ཀྱིས་དངོས་པོ་མེད་པར་བྱ་བ་འམ། རང་བཞིན་གཞན་གྱིས་འགྲུབ་པ་ཡང་མ་ཡིན་ནོ།། དེའི་ཕྱིར་དེ་རྣམས་ཚད་མའི་གཞལ་བའི་བྱེད་པའི་དངོས་པོ།། འཁོར་བ་དང་མྱ་ངན་ལས་འདས་པར་རྣམ་པར་གཞག་པར་ཤེས་པར་བྱེད་པ་མ་ཡིན་པ་ཁོ་ནའོ།། དེའི ་ཚེའི་ཚིག་དག་ཉིད་ནི།། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལྔ་ཞི་བའི་ཐབས་མེད་ངོ་དོ།། དེ་དག་ཀུན་རྫོབ་དེ་ཉིད་བདུན་ལས་ཉམས།། དེ་ལས་ཉམས་པ་ཐར་པ་གྲུབ་ཡོད་མིན་ཞེས་དང་། གང་ཞིག་ཐ་སྙད་བདེན་པ་ཐབ་སུ་གྱུར།། དོན ་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།། དེ་དག་རྣམ་དབྱེ་གང་གིས་མི་ཤེས་པ།། དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས་ཞེས་སོ།། སྤྲོས་པས་ཆོག་གོ།། སྐབསུ་བབ་པ་ཉིད་བརྗོད་པར་བྱ་སྟེ། དེ་དེའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མིག་ལ ་སོགས་པའི་བདག་ཉིད་ཅན་སའི་སྙིང་པོ་ལ་སོགས་པ་དབང་པོའི་ལམ་གྱིས་ནི་ཐབས་ཀྱིས་སོ།། ཡུལ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་བདག་ཉིད་ཅན་ནོ།། ཐོབ་པ་ནི་ཡུལ་ཅན་དུ་བྱས་ནས་སོ།། སྒྲུབ་པ་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་བསྒྲུབ་པར་འདོད ་པའོ།། དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་སྒྲུབ་པ་པོའོ།། མ་ལུས་པ་ནི་གཟུགས་ལ་སོགས་པ་ལྔ་པོ་དམན་པ་དང་། བར་མ་དང་མཆོག་རྣམས་བསྡུས་པའོ།། ཚིམཔར་བྱ་ཕྱིར་ནི་ཚིམ་པའི་ཆེད་དུའོ།། ་དབུལ་བར་བྱ་ནི་ཉེ་བར་དབུལ་བར་བྱ་བ་སྟེ། སྣང་བ་གསུམ་པོ་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱ་བའོ།། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྟེ་གསུངས་པ་ཡང་། གཟུགས་མཐོང་དགའ་སྟོན་ཆེན་པོ་སྟེ།། ཐོས་ལྡན་འདོད་པས་མྱོས་པར ་སྔགས་ཀྱི་ཚིག་ནི་དྲི་ཡིན་ནོ།། རང་དབང་ཆུ་ཉིད་ཆུ་སྦྲང་རྩི།། ལྷན་ཅིག་སྐྱེས་པ་མྱོང་བར་འདོད།། ཆགས་པ་ལུས་ཀུན་བདེ་བ་ཞེས།། དཔེ་མེད་སྣ་ཚོགས་དེ་འདོད་པ།། འབྲས་བུ་འབྱུང་པ་ཁྱོད་ལ་སྦྱིན།། ལྷ་མོ་ལྕགསའི་ཡུལ་རྣམས་ལ།། གཙོ་བོ ་དོན་མེད་རྡོ་རྗེ་ཅན་ཞེས།། སྐུ་གསུམ་གྱི་རྒྱུ་ཅན་སྐུ་བཞི་པ་གསུངས་པ།། སྐུ་ཞེས་པ་ལ་སོགས་པ་སྟེ།། སྐུ་གསུམ་ནི་སྤྲུལ་པ་ལ་སོགས་པའོ།། དེ་ལ་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བཅས་པའི་ང་བཞིན་གཤེགས་པ་གང་ཡིན ་བའི་སྤྲུལ་པའི་སྐུ་ནི། མིང་དང་སྐལ་བ་མཉམ་པ་གང་དུ་གནས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའོ།། ལོངས་སྤྱོད་རྫོགས་པ་ནི་འོག་མིན་དུ་ལྷ་དང་སྐལ་བ་མཉམ་པས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པ་སྟེ། སྤྲུལ་པའི་སྐུ་བཞིན་དུ་ཤ་དང ་རུས་པ་ལ་སོགས་པ་མི་འཛིན་པ་མེ་ལོང་གསལ་བའི་གཟུགས་བརྙན་ལྟ་བུའོ།། ཆོས་ཀྱི་སྐུ་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དག་གི་དངོས་པོ་མེད་པའི་བདག་ཉིད་དོ།། འདི་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུམ་པར་གསུངས་ཏེ། ཡིད་ཀྱིས་བསམ ་གྱིས་མི་ཁྱབ་པ་ཚིག་གིས་རྣམ་པར་རིག་པར་བྱེད་ནུས་པ་སེམས་ཅན་གྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་བྱུང་བ་འཇིག་རྟེན་གྱི་མུ་འཇུག་པར་བདེན་པ་གཉིས་པའི་ཡང་རང་བཞིན་དུ་མེད་པའི་ཕྱིར་རོ།། གསུངས་པ་ཡང་། སེམ ་ཅན་དོན་ནི་གཅིག་པུ་མཛད་པ་དཔག་ཏུ་མེད་པའི་བསོད་ནམས་ཡེ་ཤེས་ཆེ་བ་རག་ལས་པའི།། ཡིད་དང་ངག་གི་ལམ་དྲང་སོ་སོར་བྲལ་བར་གྱུར་པའི་བདེ་གཤེགས་རྣམས་ཀྱི་སྐུ་ནི་གསུམ་པོ་རྣམས་ཞེས་སོ།། རྡོ་རྗེ་ཐེག་པར་ནི་སྐུ་གསུམ་ཡང་རྡོ་རྗེ་འཆང་གི་ངོ་བོ ་ཞེས་ཐ་དད་པར་གྱུར་པས་སྐྱོབ་པ་ཡིན་ཞེས་པ་རྡོ་རྗེ་འཆང་ཆེན་པོས་སོ།། གསུམ་པོ་དེ་ནི་གཅིག་ཏུ་གྱུར་པ་ནི་གཅིག་གི་ངོ་བོར་རོ།། རྫོགས་པའི་རིམ་པ་ནི་ཟུང་འཇུག་གི་ངོ་བོར།། སྦྱོར་བ་ནི་དེ་ལ་དམིགས་པ་དྲིས་སོ།། སླར་ཡང་འདི་ཅི་ལྟར་འགྱུར་ཞེ་ན ་གསུངས་པ། ཀུན་རྫོབ་སྟེ་མི་ལ་སོགས་པར་རབ་ཏུ་གྲུབ་པའི་ཕུང་པོ་ལ་སོགས་པ་ཉིད་ཀྱིས།། གང་ཞིག་བདེན་པར་ནི་རྣལ་འབྱོར་པའི་སོ་སོར་སྒྱུ་མ་ལྟ་བུ་ཉིད་དོ་ཞེས་པ་འདིས་སོ།། ། སངས་རྒྱས་རྣམས་ཀྱི་སྐ་མཚན་ཉིད་ཅེས་པ་ནི་སྤྲུལ་བ་དང་ལོངས་སྤྱོད ་རྫོགས་པ་དག་གི་ཕྱི་དང་ནང་གི་བདག་ཉིད་ཅན་དེའི་བདག་ཉིད་ཅན་དུ་གསུངས་སོ།། གསུངས་པ་ཡང་། ཇི་ལྟར་ཤིན་ཏུ་ཆེས་གསལ་མེ་ལོང་ལ།། གཟུགས་བརྙན་ཡན་ལག་ཀུན་ལྡན་གཟུགས་སྣང་བ།། དཔེ་བྱད་བརྒྱད་ཅུ་སུམ་ཅུ་རྩ་གཉིས་མཚན།། རྡོ ་རྗེ་འཆང་ལུས་རྟག་ཏུ་དེ་བཞིན་ནོ་ཞེས་སོ།། དེ་ཉིད་ཅེས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ཉིད་ཀྱི་ཕྱིར་འདིར་ཡང་སྐུ་གསུམ་ཡོངསུ་དག་ཅེས་པ་ལོངས་སྤྱོད་པའི་སྐུས་ལྷན་ཅིག་པ་དེའི་བདག་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ།། ཚིག་གི་ལམ་གྱི་ཡུལ་འདི ་ཉིང་ནི་དཔེ་གཅིག་གཉིས་ཀྱིས་བླ་མ་ལཱས། སྒྲུབ་པར་ནུས་པ་ཉིད་ཀྱི་ཕྱིར་རོ།། ཡེ་ཤེས་རང་བཞིན་ནནི་སྣང་བ་ལ་སོགས་པའི་ཡེ་ཤེས་ཀྱིས་བསྒྲུང་པ་ཉིད་ཀྱི་ཕྱིར་དང་། འོད་གསལ་བའི་ལ་ཤེས་ཀྱིས་བསྐྱང་བ་ཉིང་ཀྱི་ཕྱིར་ཡང་ངོ་།། གཙོ་བོ་ནི་ཁམས་གསུམ་པ ་དབང་ཕྱུག་ཉིད་ཀྱི་ཕྱིར་རོ།། སྣང་བ་ཡི་ནི་སྐུ་གཉིས་དང་། དེ་འགོག་པས་སོ།། འཇའ་ཚོན་བཞིན་དུ་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་ལ་སོགས་པ་གསལ་བར་བྱེད་པ་འོད་ཟེར་ལྔ་བསྐྱེད་པ་ན་མཁའི་ཁོངསུ་འཇུག་པ་དབང་པོའི་ག་ནུ་ལྟ་བུའོ།། ཕྱི ་ནས་རིམ་གྱིས་མཐར་ན་མཁའི་ཉིད་དུ་ཐིམ་པར་འགྱུར་རོ།། འདིར་ཡང་དག་པར་གསལ་བར་བྱེད་པ་ཙམ་མོ།། བཅོམ་ལྡན་འདས་སེམས་ཅན་གྱི་དོན་མཛད་པ་ན་མཁའི་ཁོངས་ལས་བཞེངས་ནས། དེ་ཉིད་དུ་ཐིམ་པའི་མྱ་ངན་ལས་འདས་པ་གདུལ་བྱ་རྣམ ་ཀྱི་ཡང་ངོ་།། མཁའ་ལ་དབང་པོའི་ཚོན་ཆའི་ཁ་དོག་དུ་མ་སྣང་།། དེ་བཞིན་འདིར་ནི་དགེ་སོགས་ལས་རྣམས་ཇི་བཞིན་དུ། རྡོ་རྗེ་འཛིན་པའང་དཀར་སོགས་ཁ་དོག་ཕུན་སུམ་ཚོགས།། མ་ལུས་དེ་དེ་འཇིག་རྟེན་འདིར་ནི་སྟོན་པར་མཛད་ཅེས་སོ།། གནས་སྐབས ་ཀྱི་དབྱེ་བ་ལ་རྟེན་ནས་གསུངས་པ། སེམས་ཞེས་པ་ལ་སོགས་པའོ།། སེམས་ལ་སོགས་པ་རྣམ་གྲངས་གཞན་གྱིས་གསུངས་པ། ཤེས་རབ་ཅེས་པ་ལྔ་སོགས་པའོ།། སླར་ཡང་གཞན་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ།། དེ་ནས་ཞེས་བྱ་བ ་ནི་དེ་ནས་སྟོང་པ་ཆེན་པོའི་རྒྱུན་ཅན་ལས་འོད་གསལ་བ་ལས་ལངས་ནས་སྤྱོད་པ་སྤྱད་པར་བྱ་སྟེ། སྤྱོད་པ་བསྡུས་སུ་གསུངས་པའི་རིམ་པས་སོ།། སྤྱོད་པ་ཅི་ལྟར་བྱ་ཞེ་ན། གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ།། སྤྱོད་པའི་འབྲས་བུ་གསུངས་པ ་ལུས་ཀྱི་འབྲས་བུ་ཞེས་པ་ལ་སོགས་པ་སྟེ། ལས་ཀྱི་ལུས་ནི་གླེ་བ་ལ་སོགས་པའི་ལས་ལས་སྐྱེས་པའི་མི་ལ་སོགས་པའི་ཕུང་པོའོ།། རྡོ་རྗེའི་སྐུ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། ཐུགས་ལས་ཞེས་བྱ་བ་ལ་སོགས་པས་སྨྲང ་པ་སྟོན་པར་བྱེད་དེ། དོན་སྤྱོད་ནི་དོན་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོ་སྤྱོད་པ་ནི་དེ་རྣམས་ཉམ་སུ་མྱོང་བའོ།། འཇིག་རྟེན་པ་ནི་འཇིག་རྟེན་འདི་ལ་ཡོད་པས་འཇིག་རྟེན་པའོ།། དེ་འདིའི་དོན་ནོ།། འཇིག་རྟེན་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ ་རྣམས་འདོད་པ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱིས། གདུལ་བར་བྱའོ་ཞེས་ཐུགས་ལ་གཞག་ནས་གསུངས་པ། སྦྲུལ་ཞེས་པ་ལ་སོགས་པ་སྟེ། སྐུ་ནི་སྤྲུལ་པའི་སྐུའོ།། ལོངས་སྤྱོད་པ་ནི་ཉམ་སུ་མྱོང་བའོ།། ཇི་ལྟར་ཇི་ལྟར་འདོད་པར་རོ།། ཉེ་བར་ལོངས་སྤྱོད་པའི ་དེན་ནི་འདོད་པ་ཉེ་བར་ལོངས་སྤྱོད་པ་མིའི་ལུས་སོ།། གསུངས་པ་ཡང་། སྤྱོད་པ་ལོངས་སྤྱོད་ལས་རབ་བརྗོད།། འཇིགས་པའི་གཟུགས་ནི་ངན་པར་བཤད།། ཅེས་མཉམ་པའི་སྤྱོད་པའོ།། སྟེར་བར་བྱེད་ཅེས་པ་ལ་སོགས་པ་ནི་དོན་གྱི་སྤྱོད་པ་ཡིད་བཞིན་གྱི་ནོར ་བུ་ཆེན་པོ་བཞིན་དུ་རྣམ་པར་རྟོགས་པ་ཉེ་བར་དགའ་བ་མ་ལུས་པ་ཡང་ངོ་།། ཞེས་པའོ།། སྟོབས་ཀྱི་ཞེས་པ་ནི་ཡིད་ཀྱི་ཀུན་ཏུ་རྟོག་པ་ཙམ་ལས་སོ།། སྟོབས་ལ་སོགས་པས་འདི་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་རང་འབྱུང་བ་ཉིད་དུ་བརྗོད་པར་བྱའོ།། མཆོག ་ཐོབ་པའི་ངེས་པར་བྱ་བ་གསུངས་པ། གང་གང་ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་གང་དུ་ཞེས་བྱ་བ་ལ་སོགས་པས་བྱ་བ་ལ་ངེས་པ་མེད་པ་ཉིད་དུ་ཡང་མཉམ་པར་གཞག་པ་ཉིད་དོ།། ཐོགས་པ་མེད་པ་ཞེས་བྱ་བ་ནི་མཉམ་པར་གཞག་པ་ཉིད་ཀྱིས་བྱེད་པའོ།། ་མཉམ་པར་མ་གཞག་སྦྱོར་བ་ཡི།། ཞེས་པ་ནི་བདུན་གྱི་མཐར་དེ་སྦྱོར་བར་བྱའོ།། གང་ཡང་གང་གི་ཕྱིར་ཐོགས་པ་མེད་པ་དེའི་ཕྱིར་མཉམ་པར་མ་གཞག་པའི་སྦྱོར་བས་དང་ལྡན་པས་ཀྱང་རྟག་ཏུ་མཉམ་པར་གཞག་པའོ།། འགྲོ་བར་གྱུར་པ་དེ་དང་དེ། དབང་པོ་ཞེས ་བ་ལ་སོགས་པས་གཡོ་ཏེ་དབང་པོ་དང་ཡུལ་དག་གི་སྣང་བ་ཙམ་ཉིད་དང་པོར་བསྒྲུབ་པ་དེ་བཞིན་དུ་དེ་ལྷ་ནི། མཉམ་པར་མོ་གཞག་པའི་སྦྱོར་བའི་དབང་དུ་བྱས་ནས་དེའི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། འདིར་ཡུལ་དུ་གསལ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས ་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་ཉེ་བར་མཚོན་པར་བྱེད་པ་སྟེ། དེས་མིག་ལ་སོགས་པའི་དབང་པོའི་སྣང་བ་ཡང་བདེ་བའི་བདག་ཉིད་ཡེ་ཤེས་གསུམ་གྱི་ཆར་རིག་པར་བྱའོ།། གོས་པ་ནི་ཡུལ་ན་ཀུན་ནས་ཞེས་པའོ།། མ་གོས་པའི་བློ་གྲོས་ནི ་ཀུན་ནས་ཞེན་པ་མེད་པའི་བློ་གྲོས་སོ།། དེར་ནི་ཞེས་པ་ནི་ཡུལ་ལ་མཆོག་ཏུ་འཛིན་པ་ཀུན་ནས་ཞེས་པའོ།། དེའི་ཕྱིར་བདེ་བས་གནས་པར་བྱའོ།། རྟག་ཏུ་ཞེས་པ་ནི་བར་སྐབསུ་བདེ་བ་དང་འབྲེལ་བར་སྐབསུ་སྡུག་བསྔལ་འབྱུང་བ་ལས་སོ།། ཞེས་པ་ལྷག་མའོ།། ་རོལ་ཞེས་བྱ་ལ་སོགས་པ་ནི། གཏནཱ་ལྔ་དབབ་པའི་གཞི་ལ་རིམ་པའི་མ་ཤེས་སྟོན་པར་བྱེད་དོ།། རོལ་པར་བྱེད་ནི་སེམས་ཅན་གྱི་དོན་དུ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱི་རྣམ་པར་འགྱུར་བར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་བདག་ཀུན་ལ་སྟེ། བརྟན ་པ་དང་གཡོ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་མཛད་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཁམས་སྣ་ཚོགས་པའི་རང་བཞིན་གྱིས་རིགས་ཀྱིས་སེམས་ཅན་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་ལ་སོགས་པའོ།། ཡང་དག་པར་ཇི་ལྟ་བར་གསུང ་པའི་ཆོ་གས་རབ་ཏུ་གསལ་བར་བྱ་བ་གང་ཡིན་པ་ཞེས་པ་ནི། གཏན་ལ་དབབ་པ་སྟེ། རྡོ་རྗེ་ལྟ་བུའི་ལམ་མོ།། དེ་ལ་གནས་པ་ནི་དེའི་བདག་ཉིད་ཀྱིས་སོ།། རྣལ་འབྱོར་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་སྐུ་ཉིད་ཀྱིས་རྣམ ་འབྱོར་གཞི་ལ་སོགས་པའི་འབྲེལ་པ་སྟོན་པར་བྱེད་དོ།། རྡོ་རྗེ་ཅན་ཞེས་པ་ལ་སོགས་པས་བརྟག་པའི་རྣལ་འབྱོར་གྱི་སྐུའི་ལུས་རྣམ་པར་དབེན་པའོ།། བཀག་པ་ཞེས་པ་ལ་སོགས་པ་སྟེ། གོས་མི་འགྱུར་ཞེས་པ་ནི། བཀག་པ་སྤྱོ་དཔའི་བྱེད་པའི ་སྐྱེ་བོ་དེ་གང་གིས་ཀྱང་ཡང་དག་པར་གནོད་པར་མི་འགྱུར་པའོ།། ངོ་བོ་ཉིད་ཤེས་ནི་ངོ་བོ་ཉིད་ཤེས་པའི་ཕྱིར་རོ་ཞེས་མངོན་པར་དགོངས་སོ།། རང་གི་འདུན་པ་འཇུག་པའོ།། ངོ་བོ་ཉིད་ཤེས་པའི་རྣལ་འབྱོར་པའི་འབྲས་བུ་གསུངས་པ། འགྱུར་ཞེ ་པ་ལ་སོགས་པ་སྟེ། ཡོན་ཏན་བརྒྱད་ནི་གྲངས་བརྒྱད་དུ་ཀུན་ཏུ་སྤྲད་པས་བགྲང་བར་བྱ་བ་རྣམས་ཞེས་པས་ཡོན་ཏན་ཏེ། སྐུའི་དབང་ཕྱུག་ལ་སོགས་པ་རྣམས་སོ།། དེ་རྣམས་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ནི་སྤྲུལ་པའི་ལུས་ཐོགས་པ་དང ་བཅས་པ་ཉིད་ཀྱི་ཕྱིར་རོ།། གང་ཡང་སྤྲུལ་པ་ཡང་མ་ནོར་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཉིད་ཀྱིས་སོ།། མ་ལུས་པར་ཞེས་པ་འདི་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་ཡང་དག་པར ་འཛིན་པར་བྱེད་དོ།། ཁྱིམ་ཞེས་པ་ལ་སོགས་པ་ལ་གང་དུ་སྤྱོད་པ་ཞེས་པ་དེ་ཉིད་འདིའི་ཁྱིམ་སྟེ། ན་མཁའ་སྟེ་ན་མཁའ་ལ་ཁྱིམ་དང་བྲལ་བར་རང་གནས་སོ།། དེ་ཉིད་ལ་ནི་རོལ་པར་བྱེད་པ་ནི་མངོན་པར་དགའ་བ་སྐྱེད་པར་བྱེད་དོ།། དེའི་དོན ་འདི་ཡིན་ཏེ། ཁྱིམ་མངོན་པར་སྐབས་ཡོད་པ་ལ་མངོན་པར་ཆགས་པས་གླེན་པ་ནི་འདི་ལ་མེད་དོ།། གང་ཕྱིར་མངོན་པར་སྐབས་ཡོད་པའི་ཁྱིམ་འཛིན་པ་ལ་ཁྱད་པར་དུ་དགའ་བར་བྱའོ།། འདི་ལ་ཞེས་པ་ལ་སོགས་པས་མཚན་མོ་ལ་སོགས ་པ་ཉིད་བསྡུས་པར་སྟོན་པར་བྱེད་དོ།། དེ་ལ་མཚན་མོ་ནི་སྣང་བའི་ཡེ་ཤེས་སོ།། ཉིན་མོ་ནི་སྣང་བ་མཆེད་པའི་ཡེ་ཤེས་སོ།། ཐུན་མཚམས་ནི་སྣང་བ་ཉེ་བར་ཐོབ་པའོ།། ཡེ་ཤེས་གསུམ་ནི་བསྟན་ཕྱིར་རོ་ཞེས་པ་ནི། ཡེ་ཤེས་གསུམ་པོ་ཉིད་ཀྱི་མ་ནོར ་བ་མཚན་མོ་ལ་སོགས་པ་ཉིད་ཀྱིས་སོ་སོར་གསལ་བར་བྱིང་བའི་ཕྱིར་རོ།། གང་ཡང་ཡེ་ཤེས་གསུམ་པོ་ཉིད་ཀྱི་དཔེ་སྟོན་པར་ཉིད་ཀྱིས་གསུངས་པའི་ཕྱིར་རོ།། གང་བླུན་པོ་དཔེ་ཉིད་ཀྱིས་རྣམ་པར་རིག་པར་སོ་སོར་སྒྲུབ་པར་བྱེད་པ་ནི་རིག་པ་མ་ཡིན་ནོ།། ། ་གསུངས་པ་ཡང་མཚན་མོ་སྣང་བའི་ཆ་སྟེ་ཞེས་བྱ་བ་ལ་སོགས་པ་སྤྱིའིའོ།། དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་ཐ་སྙད་ཀྱང་ཡེ་ཤེས་གསུམ་ལས་ལྡང་བ་ཉིད་དུ་བསྒྲུབ་པར་འདོད་ནས་གསུངས་པ། རྣམ་པ་སྣ་ཚོག་ས་ཞེས་པ་ལ་སོགས་པ་སྟེ། ་འཇིག་རྟེན་པས་ཞེས་པ་ནི་འཇིག་རྟེན་ཐ་སྙད་ཀྱི་རྗེསུ་འགྲོ་བ་རྣམས་ཀྱིས་སོ།། དུས་གསུམ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་མོ།། དབྱེ་བ་ཡིས་ནི་ཟླ་བ་དང་ཕྱོགས་དང་ལོ་ལ་སོགས་པས་སོ།། ཡེ་ཤེས་རྣམ་པ་གསུམ ་འབྱུང་ངོ་ནི།། གང་ལས་ཡོངས་སུ་བརྟགས་པ་ལས་སོ།། སྐྱེ་བ་ལ་སོགས་པ་ཡང་བསྡུས་པ་གསུངས་པ། སྐྱེ་དང་ཞེས་པ་ལ་སོགས་པའོ།། གཞལ་དུ་མེད་པ་ཉིད་ཀྱི་ཕྱིར་ཐ་སྙད་རྣམས་ཡང་དག་པར་བསྡུས་པས་བསྡུས་པ་གསུངས་པ། ཇི་སྲིད་པ་ཅེས ་པ་ལ་སོགས་པ་སྟེ། སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ་ནི།། རླུང་དང་ལྡན་པའི་སེམས་ལས་སྐྱེས་པའོ།། རྣལ་འབྱོར་པ་དང་རྣལ་འབྱོར་པ་མ་ཡིན་པའི་ཐུན་མོང་གི་བྱ་བ་ལ་སོགས་པ་སེམས་ཙམ་ཉིད་དུ་གསུངས་པ་རྒོད་དང་ཞེས་པ་ལ ་སོགས་པ་སྟེ། སྒེག་པ་ལ་སོགས་པ་གར་གྱི་རོ་དགུ་དང་ལྡན་པ་གསུངས་པ། དགུ་པ་ཞེས་པ་ལ་སོགས་པའོ།། རྣལ་འབྱོར་པའི་རང་བཞིན་གྱི་བྱ་བ་གསུངས་པ། ཕྱག་རྒྱ་ཞེས་ལ་སོགས་པ་སྟེ། ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་སོ།། སྔགས ་ནི་སྦྲུལ་ལ་སོགས་པ་རྣམས་སོ།། དེའི་ཡུལ་ལ་རྣམ་པར་རྟོག་པ་ཡང་། རྡོ་རྗེ་སེམས་དཔའ་སྤྱོད་པའི་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་གྱི་ཕྱིར།། ཡེ་ཤེས་གསུམ་གྱིའོ།། འདི་ཡང་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་དག་པའོ།། རྣལ ་འབྱོར་པའི་རྒྱུད་དུ་གཏོགས་པ་ནི་ཡོངས་སུ་དག་པ་མ་ཡིན་པའོ།། དེའི་ཕྱིར་དེ་དག་པའི་རང་བཞིན་དུ་སྒྲུབ་པར་བྱེད་པ་གསུངས་པ། རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེན་ནི་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་རིན་པོ་ཆེ་སྟེ། དེ་མ་ཡིན་པ་མེད་པ་ཉིད ་དོ།། འདི་ན་ཞེས་པ་ནི་ཁམ་གསུམ་པའི་བདག་ཉིད་ཅན་གྱི་འགྲོ་བ་ལའོ།། བདག་བྱིན་གྱིས་བརླབ་པ་མ་གཏོགས་པ་སྟེ། གཞན་ཆེན་པོ་དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ལྟ་བུ་ཉིད།། མེད་དེ་སླར་ཡང་མཆོག་ཏུ་ཟད་ཅེསོ།། གལ་ཏེ་འགའ་ཞིག་འོད ་གསལ་བ་རྣམ་པར་དག་པ་ལས་གཞན་དུ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལྷག་མའོ།། དཔེ་གསུངས་པ། མེ་ཡིས་སྦྱངས་པའི་ནོར་བུ་བཞིན་ཞེས་ཏེ། མྱ་ངན་ལས་འདས་པ་འཇིགས་ཆེན་པོ།། ཐལ་བ་དེ་ཡང་བརྗོད་བྱ་མིན།། དེ་དག་དེ་ལ་ཡོད་པ་ཡིན།། དབང ་ཐོའི་དོན་དག་ཁམས་རྣམས་མེད།། ཅེས་གསུངས་པ་མ་ཡིན་ནམ། དེ་དག་འདིའི་དཔེར་ཅི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་ཀྱི་དབྱིངསུ་བསྟོད་པར་ཡང་།། དྲི་མ་བསྲེགས་པས་གོས་མེད་ཅེས།། མི་གསུང་འོད་གསལ་མེ་ལ་ཞུགས།། ལངས་ནས་ཡོངས ་སུ་དག་པ་ཡི།། བདེ་བར་འདིར་ནི་བསྒྲུབ་པར་བྱ།། ཞེས་དཔེ་སྦྱར་རོ།། དེ་བཞིན་དུ་མེ་འོད་གསལ་གྱི་དཔེའོ།། ནོར་བུ་ཡོངས་སུ་དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། འོད་གསལ་དུ་ཞུགས་པ་ཡི་ནི་མེར་ཞུགས་པའོ།། ལངས་པ་ཡི་ནི་ལོངས་སྤྱོད་རྫོགས་པའི་ཡིའོ།། མེ ་ལས་བྱུང་བའི་ནོར་བུའི་མཆོག་སྟེ་ནོ་ར་བུ་ལས་དྲི་མ་མེད་པ་ཡོངས་སུ་དག་པའོ།། དེའི་ཕྱིར་འོད་གསལ་དུ་ཞུགས་པ་ཕུང་པོ་ལ་སོགས་པ་དངོས་པོ་མེད་པ་བསྒྲིབ་པའི་དོན་དུ་གལ་ཏེ་འདི་དཔེར་འགྱུར་ན། དེའི་ཚེ་འགལ་བར་འགྱུར་རོ་ཞེ་ན། དཔེ་དང་དཔེ་ཅན་དག་བདག ་ཉིད་ཐམས་ཅད་ཀྱིས་མཚུངས་པར་འགྱུར་བ་ནི་མ་ཡིན་གྱི་འགའ་ཞིག་ཏུ་དབྱེ་བ་ལྷག་པར་གནས་པ་ནི་ཡོད་པ་རྣམས་ཀྱིས་མཚུངས་པར་བརྗོད་པར་བྱའོ།། འདིར་མེ་དང་མྱ་ངན་ལས་འདས་པ་རྣམ་པ་ལྔས་མཚུངས་པར་སྦྱོར་བ་ཉིད་ཀྱིས་རྣམ་པར་མཚུངས་པར ་བྱ་བར་འགྱུར་རོ་ཞེས།། ཡང་འོད་གསོལ་དུ་ཞུགས་པ་ལ་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་ཐམས་ཅད་དངོས་པོ་མེད་པ་ཅན་གྱི་སྟོང་པ་ཉིད་ཀྱི་འོད་གསལ་ལས་ལྡང་བ་འམ། ཅི་ལྟར་དེ་ལ་དག་པར་འདི་དགྲ་བརྗོད་པར་བྱ་བ་མ་ཡིན་ནོ།། སྙིང་རྗེའི་བདག་ཉིད ་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་ནི།། ཐོག་མར་ཐམས་ཅད་དངོས་པོ་མེད་པ་འོད་གསལ་བ་ལས། རྣལ་འབྱོར་པས་ལྡང་བར་བྱེད་དོ།། ལངས་ནས་ཀྱང་གྲུབ་པའི་དཔེས་གསུངས་པ། ཀླུའི་བློའི་ཞབས་ཀྱིས་གསུངས་པ་ཡང་།། སངས ་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་སྟོང་པ་ཉིད་མངོན་སུམ་དུ་བྱའོ་ཞེས་སོ།། སྤྱོད་བསྡུས་སུ་ཡང་། སྔོན་ཤིན་ཏུ་བསྒོམས་པ་ཉིད་ལས་སྔོན་གྱི་རྣམ་པ་ཅན་གྱི་འབད་པས་འདི་མངོན་དུ་འགྱུར་རོ།། རྣལ ་འབྱོར་པ་ཆུང་ངུ་ནི། སོ་སོར་རྟོགས་པར་བཤད་དོ།། རྣལ་འབྱོར་པ་འབྲིང་པོ་ནི་སོ་སོར་ལོངས་སྤྱོད་རྫོགས་པའི་སྐུའི་འོད་གསལ་བ་དེ་ང་ལྟ་ན་ཅིག་པའི་དེའི་བདག་ཉིད་ཡོངས་སུ་ཤེས་པ་ཉིད་འདདི་གསལ་དུ་ཞུགས་པ་ལས་ལྡང་བ་ནི་དག་པའོ་ཞེས་སོ།། ་རྣམ་པར་བཤད་པའི་དོན་དུ་རང་དབང་ཡོངས་སུ་སེལ་བ་གསུངས་པ། བཞུགས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། བཞུགས་པའི་ཚིག་ནི་བཞུགས་པའི་མཐར་ཐུག་པའི་ཚིག་གི་བརྗོད་བྱ་ནི་བཞུགས་པའི་ཚིག་གོ།། འདི་དག་ནི་ཞེས་པ་བརྗོད ་བའི་རྣམ་པས་སོ།། དཔལ་འདུས་པ་ཞེས་པ་ནི། རྒྱུད་གཞན་དུ་ཡང་། རྣམ་པ་འདི་ལྟ་བུ་ལ་སོགས་པའི་བརྗོད་པར་བྱ་བ་ཡོད་པ་ཉིད་ཀྱི་ཕྱིར་རོ།། འཇམ་པའི་དབྱངས་ཀྱིས་ནི་རྡོ་རྗེ་འཆིང་ཆེན་པོས་སོ།། རྡོ་རྗེ་འཕྲེང་བའི་རྗེས་འབྲངས་ནས་ནི་འདུས ་པའི་བཤད་པའི་རྒྱུད་ཀྱི་རྗེསུ་འབྲངས་ནས་རྟོགས་པར་བྱའོ།། འོད་གསལ་བ་དང་རྣམ་པར་དག་པ་ཞེས་པ་ལ་སོགས་པ་བརྗོད་པའི་དབང་དུ་བྱས་ནས་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པའོ།། འདི་སྐད་ཅེས་པ་ཇི་སོ་སོར་བསྟན་པར ་བྱ་བའོ།། བདག་གིས་ཐོས་པ་ནི་ལྷག་པར་རྟོགས་པ་སྟེ། དེའི་རྣམ་པས་སེམས་བསྐྱེད་པར་འགྱུར་བ་ཞེས་པའི་དོན་ནོ།། དེ་ཉིད་ནི་འོད་གསལ་བའི་བདག་ཉིད་ཅན་གྱི་འགྲོ་བ་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་མ་བཅོས་པའི་ངོ་བོའོ།། དུས ་གཅིག་ན་ནི་གཅིག་ན་ཁོ་ན་དུས་ཏེ།། དེ་ཙམ་ཉིད་ཀྱི་ཕྱིར་དུས་རྣམས་ཐམས་ཅད་དོ།། གསལ་བ་ནི་གསལ་བའོ།། འདི་ཐོས་སོ་ཞེས་པ་འདི་སྦྲེལ་བར་བྱའོ།། བཅོམ་ལྡན་འདས་ནི་འོད་གསལ་བའི་ངོ་བོ་ཉིད་ཀྱི་རྟོགས་པ་ལ་བདུད་བཞི་པོ་ཉམས་པའི་ཕྱིར ་ཏེ། དེ་རྣམས་ཀྱང་དེ་བཞིན་ཉིད་ཀྱི་གཅིག་ཉིད་ཀྱི་ཕྱིར།། ཡོང་ན་བྷ་ག་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ་དེ་གང་ལ་ཡོད་པ་དེ་བྷ་ག་ཝན་ནོ།། དབྱེར་མེད་པ་ལ་ཡང་མ་ཏུ་པ་ཇི་ལྟ་བའི་ངོ་བོར་ལྡན་ནོ།། རྡོ་རྗེ་གསང་བ་ནི་མི་བསྐྱོད་པ་ལ་སོགས་པའོ།། དེ་ནས་སྤྲོ་བར་བྱེད ་པའི་མངའ་བདག་ཉིད་ཡིན་པའི་ཕྱིར་དབང་པོ་སྟེ་དྲུག་པའོ།། དེའི་རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ།། འོད་གསལ་བ་གང་དུ་དེ་རྣམས་ཡང་དག་པར་འགྲོ་བར་བྱེད་ཐིམ་པར་བྱེད་པས་མཆོག་སྟེ་ཕུལ་དུ་བྱུང་བའོ།། སྟོང་པ་ཉིད་ཀྱིས་གནས་པ་ལ་འདིར ་མི་འབྱུང་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་གསུངས་པའི་ཡེ་ཤེས་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ཉིད་ཀྱི་ཕྱིར་སླར་ཡང་དེ་ལ་འཇུག་པར་བྱེད་དོ།། བསམ ་མི་ཁྱབ་ཅེས་པ་ལ་སོགས་པ་ནི། དེའི་ཕྱིར་འོད་གསལ་ལས་ལངས་པ་གང་ཡིན་པའི་ཡོན་ཏན་ནི། སྟོབས་བཅུ་མི་འཇིགས་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལྟ་སྟེ་འདི་ཙ་མོ་ཞེས་པ་བསམ་པ་སྟེ། དེ་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། དེ ་རྣམས་ཕུན་སུམ་ཚོགས་པ་ལ་ནི་བསྐྱེད་པའི་གནས་ལ་སླར་ཡང་ཁྱད་པར་དུ་བྱེད་པའོ།། ཡོད་དང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་དང་མེད་པ་ལ་སོགས་པ་རྣམས་ཀྱི་འཇིག་རྟེན་གྱི་རྗེ་སུ་མཐུན་པར་འཇུག་པར་བརྗོད་པ་ཉིད་དོ།། དེའི་ཕྱིར་འདིས་འདས ་བ་ནི་བྲལ་བའོ།། བཞི་བརྒྱ་པར་གསུངས་པ་ཡང་།། ཡོད་དང་མེད་དང་ཡོད་མེད་དང་།། གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ།། ནད་ཀྱི་དབང་ལས་ཐམས་ཅད་ཀྱང་།། སྨན་ཞེས་བྱ་བར་འགྱུར་མིན་ནམ། ཞེས་སོ།། དེ་ལ་གྲངས་ཅན ་པའི་ཡོད་པར་ལྟ་བ་བཟློག་པའི་དོན་དུ་མེད་ཅེས་བརྗོད་པར་བྱའོ།། མེད་ཅེས་བྱ་བས་ཇི་སྲིད་དུ་ཤིན་ཏུ་མེད་པར་བསྒྲུབ་པར་བྱ་སྟེ། རང་གི་སྡེ་པ་དང་། གཞན་གྲངས་ཅན་གཞན་དེ་དག་གི་དོན་དུ་མེད་ཅེས་བརྗོད་པར་བྱའོ།། ཕྱོགས་ཀྱི་གོས་ཅན་རྣམས་ཀྱི ་དོན་དུ་ཡོད་པ་དང་། མེད་པའོ་ཞེས་བརྗོད་པར་བྱའོ།། ཚུ་རོལ་མཛེས་པ་པ་རྣམས་ཀྱི་དོན་དུ་རྟག་པ་མེད་པ་ཉིད་ཀྱིས་མེད་པ་མ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། འདི་རྣམས་ཀྱི་དོན་བྱས་པར་འགྱུར་བ་མ་ཡིན་པ་ཉིད་ཀྱིས་སོ།། གང་དང་གང་འདི་དགའ ་བ་ཐོག་མར་དེ་དང་དེ་ལ་མཚུངས་པར་བྱའོ།། གང་དམ་པའི་ཆོས་ཀྱི་སྣོད་ཕྱིར་གཞིལ་བར་བྱེད་པ་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་སོ།། དེའི་ཕྱིར་དེ་ཉིད་མངོན་པར་མཐོང་བ་རྣམས་ཀྱིས་སྤངས་སོ།། གནས་མེད་གནས་པ་ཞེས་བྱའོ་ནི།། འགའ་ཞིག་ཏུ་ཡང་བརྗོད ་པ་དང་།། རྗེསུ་བརྗོད་པ་མཐོང་བ་ལ་ཚོགས་པ་མེད་པ་ཉིད་ཀྱི་ཕྱིར་མི་གནས་པའི་བདག་ཉིད་དུ་གནས་སོ་ཞེས་པ་འདིའི་མིང་ངོ་།། དཔེ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པ་སྟེ།། ནམ་མཁའི་རང་བཞིན་གཅིག་པོ་འདི་དེ་དེ་བཞིན་ནོ།། སངས་རྒྱས ་པའི་མདོ་ལས། ན་མཁའ་ཉིད་དཔེ་ཉིད་ཀྱིས་བརྗོད་པ།། ཇི་ལྟར་ན་མཁའ་དེ་བཞིན་ཉིད།། ཤིན་ཏུ་རྣམ་དག་ཡེ་ཤེས་སོ།། ཞེས་བྱ་བ་ལ་སོགས་པ་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་པ་ནི། ཟུང་འཇུག་འགྲོ་བའི་རྣམ་པར་སྒོམ་པར་བྱེད་པ་དེ་གང ་ལ་སོང་བ་དང་བཞིན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འགྲོ་ཞེས་པ་ལ་སོགས་པ་སྟེ། འགྲོ་བ་རྣམས་ཀྱི་སྐྱེད་པ་དེ་དང་ང་ཉིང་དུ་བསྐྱེད་པ་ནི་འགྲོ་བའོ།། ངེས་པར་ངོས་པོ་ཐམས་ཅད་ཀྱི།། རྣམ་དགང་བཞིན་ཞིད་དུ་བརྗོད་ཅེས་གསུངས་པའི་ཕྱིར་ནས་དྲག་ཅས། ་བྱ་བའོ།། བཞུགས་པ་ནི་སྐུ་གཉིས་ཀྱིས་དེའི་བདག་ཉིད་དུ་གནས་པའོ།། ཐུབ་པ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ།། མཐར་ཐུག་པའོ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ།། སློབ་མ་ལ་བཤད་པའོ་ཞེས་པ་ནི་རིགས་དང་མཐུན་པར་རྣམ་པར་བཤད་པ་ལ་ཕྱི་མ ་གསུམ་ཡང་སྦྱར་བར་བྱའོ་ཞེས་པ། སློབ་པར་བྱེད་པའི་དོན་དུ་གསུངས་སོ།། དེ་ལྟར་བཞུགས་པའི་ཞེས་བྱ་བ་ནི་སར་བཞིན་ནོ།། བསྟན་ནས་ཞེས་བྱ་བ་ནི་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་མུ་ཏིག་ཕྲེང་བར་དེ་ལ་བཤད་པ་ལ། དང་པོའི་ངག་ཉིད་ཀྱིས་རྒྱུད་མ ་ལུས་པའི་དོན་རྣམ་པར་བཤད་པ་གང་ཡིན་པ་ཞེས་འཆད་པར་ནི་མོ་རིགས་ཏེ། རྒྱུད་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ།། དང་པོའི་བདག་ཉིད་ཀྱིས་རྒྱུད་མ་ལུས་པའི་དགོངས་པ་བཤད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ནི་མི་རིགས་ཏེ། རྒྱུད་རྒྱས་པར་རྣམ་པར་འཆད་པ ་ན་སོ་སོར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། དེ་བསྟན་པར་འདོད་ནས་གསུངས་པ། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ།། བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་ནི་གཞལ་དུ་མེད་པ་ཉིད་ཀྱི་ཕྱིར་རོ།། དཔེ་གསུངས་པ། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས ་པ་སྟེ། ཇི་ལྟར་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་རྡུལ་ཕྲ་རབ་ཀྱི་ཞིང་མཐའ་ཡས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་བསྒྱུར་བས་བརྗོད་པར་མི་ནུས་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ནོ།། གཞལ་དུ་མེད་པ་འདི་རྣམས་ཀྱིས་ལྷའི་འཁོར་ལོ་ཉིད་ཀྱི་ནང་དུ་གཏོགས་པའི་ཕྱིར ་གསུངས་པ། དེ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཉིད་ཀྱི་ཕྱིར། འདུས་པའི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། ལྷའི་འཁོར་ལོ་ཡང་ཕུང་པོ་ལ་སོགས་པའི་བདག་ཉིད་ཅན་རིགས་བརྒྱའི་དབྱེ་བས་ཤེས་པར་བྱ་བ་རྡོ་རྗེ་འཆང་ཆེན་པོ་ལ་འདུས་པ ་ཕྱིར་འདུས་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུའོ།། གང་གི་དབང་དུ་བྱས་ནས་རིགས་བརྒྱའི་རིམ་པ་སོ་སོར་རྟོགས་པར་བྱ་བར་མངོན་པར་བརྗོད་དོ།། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ངེས་པའི་དོན་དུ་ཡང་འཆད་པར་འགྱུར་བ་བརྗོད་ཀྱིས ་མེམི་ལང་བའི་ཞེས་བྱ་བ་ལ་སོགས་པ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཞིང་རྣམས་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཡན་ལག་གི་ཆ་ཤས་ཡིན་པའི་ཕྱིར་ཞེས་སོ།། དེ་ལྟར་རིམ་པ ་གཉིས་པ་ལ་སོགས་པ་བསྡུས་པའི་དོན་དུ་ཡང་འདུས་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཉེ་བར་སྟོན་པར་བྱེད་པའོ།། ཐུགས་རྡོ་རྗེ་ནི་ཕྱག་ན་རྡོ་རྗེའོ།། ཞེས་པ་ནི་ཐུགས་རྡོ་རྗེ་ནག་པོ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེ་ཁ་དོག་ནག་པོ་ལ་མི ་བསྐྱོད་པས་དབུ་ལ་མཚན་པར་འཆད་པར་བྱེད་པ་དེ་ཡང་རིགས་པ་མ་ཡིན་ནོ།། འཕགས་པའི་དགོངས་པའི་རྗེས་སུ་འཇུག་པ་མང་པོ་རྣམས་དང་ཆེན་པོའི་མཐར་ཐུག་པ་ཀླུའི་བློའི་ཞབས་ཀྱིས་རྣམ་པར་སྦྱར་བའི་དཀྱིལ་འཁོར་གྱི་ཡན་ལག་གི་མཚན་མ་དགོད་པ་མ ་མཐོང་བ་སྟེ། གསུངས་པ་ཡང་དེ་བཞིན་རིན་ཆེན་རིན་ཆེན་གསེར།། བརྟུལ་ཞུགས་ཅན་གྱི་ལྷོ་རུ་དགོད་ཅེས་སོ།། གང་གི་ཚེ་མ་མཱ་ཀཱི་རིན་པོ་ཆེའི་རིགས་འཛིན་པར་འགྱུར་བ་དེའི་ཚེ། སེར་པོ་ཇི་ལྟ་བོ་བཞིན་དུ་རྡོ་རྗེ་ཕྱག་ན་རྡོ་རྗེ་ཡང་འདིར་རིན་པོ་ཆེའི་རིགསུ་འགྱུར་རོ།། ་ཞིན་དུ་ཏིང་ངེ་འཛིན་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་འཆད་པའི་ཕྱིར་རོ།། རྣམ་པར་བཞག་པ་གསུམ་པ། ན་མཁའི་སྙིང་པོ་པདྨའི་རིགསུ་འོད་གསལ་དུ་འཇུག་པར་མངོན་པར་བརྗོད་པའི་ཕྱིར་པདྨའི་རིགས་ཅན་ཉིད་དོ།། རིན་པོ་ཆེ་དབང་པོའི་ས་ལ་བཞུགས་པས ་ན།། འདིར་རིན་ཆེན་དབང་པོའི་ཁ་དོག་དང་མཚན་མ་བྱས་པའི་ཕྱིར། གསུངས་པའི་རིམ་པ་རིན་པོ་ཆེའི་རིགས་ཉིད་དོ།། རྒྱལ་བའི་རྡོ་རྗེ་ནི་དྲུག་པ་སྟེ།། དེའི་རིགས་ཅན་བྱམས་པ་ཡང་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནོ།། ཞེས་འདིར་མདོར་བྱས་ཀྱི་རིམ་པར་རྣམ་པར་བཤད་པ ་གསུམ་པོ་རྣམས་ཁ་ཅིག་སྒྲུབ་པར་མི་བྱེད་དོ།། དེ་བཞིན་དུ་རིམ་པ་གསུམ་པར་གནས་པའི་དེ་བཞིན་གཤེགས་པ་དེ་དང་དེའི་རིགས་ཅན་དེ་དང་དེས། དེ་བཞིན་གཤེགས་པའི་མིང་དུ་མངོན་པར་བརྗོད་དོ།། ད་ནི་སྙིང་པོའི་རིམ་པར་གནས་པ་ཡིས་རབ་ཏུ་གྲགས་པའི་ས་ལ་སོགས་པའི ་སྨྲས་སྤྱན་མ་ལ་སོགས་པ་མངོན་བརྗོད་པར་བྱེད་དོ།། ཞེས་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། ནམ་མཁའི་རྡོ་རྗེ་ཞེས་པ་ནི་ཅིའི་མིང་ཞེས་བསམ་པར་བྱ་བ་འཇམ་དཔལ་གང་ཡིན་པ་ནི་མི་བསྐྱོད་པའི་རིགས་ཅན་ནོ་ཞེས་སོ།། ཕྱིས་འཆད་པར་བྱེད་པ་དཀྱིལ་འཁོར ་གྱི་མཚོན་མ་རུ་ནི་འོད་དཔག་མེད་ཀྱི་རིགས་ཅན་ཉིད་དུ་བྲི་སྟེ། དེ་བཞིན་པདྨ་པདྨར་གནས།། བརྟུལ་ཞུགས་ཅན་གྱིས་ནུབ་ཏུ་དགོད་ཅེས་ཏེ་དྲུག་པའོ།། གཟུགས་རྡོ་རྗེ་ཞེས་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་རིམ་པ་གཉིས་པར་རོ།། རེག་བྱ་ཞེས་པ་འདིས་སྙིང་པོའི་རིམ་པའི ་ནང་དུ་གཙོ་བོ་དང་རོལ་པར་བྱེད་པའི་ཡུལ་དུ་མངོན་པར་བརྗོད་དོ་ཞེས་པ་ཡུལ་ལྔའོ།། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་ཞེས་པ་ནི་བསམ་པར་བྱའོ།། ཀུན་ཏུ་བཟང་པོ་ཡང་རྡོ་རྗེ་སེམས་དཔའི་རིགས་ཅན་ནམ། མི་བསྐྱོད་པའི་རིགས་ཅན་དུ་རྗོད་པར་བྱེད་དོ།། དེ་ཡང་རིགས་པ་མ་ཡིན་ཏེ། ་དེ་བཞིན་རལ་གྲི་རལ་གྲི་ལྗང་།། དེ་ནི་དེ་བཞིན་བྱང་ཕྱོགས་དགོད། ཅེས་དཀྱིལ་འཁོར་གྱི་མཚན་མ་རུ་གསུངས་པའི་ཕྱིར་རོ།། ཞེས་པ་བྱང་ཆུབ་སེམས་དཔའ་བརྒྱད་དོ།། ནམ་མཁའི་ཁམས་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པ ་རྣམས་ཀྱང་གཞལ་དུ་མེད་པ་ཉིད་དུ་གསུངས་ཏེ། སྡེར་བཞིན་ནོ།། དེ་ལྟར་ཞེས་པ་ལ་སོགས་པས་གང་གིས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་དེ་སྲིད་ཙམ་གྱིས་མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་སྔར་གསུངས་པ་རྣམས་མཆོག་ཏུ་འཛིན་པའོ།། ལ་སོགས ་པ་ཞེས་པ་ནི་འདིར་གཙོ་བོ་ཡང་རྟོགས་པར་བྱའོ།། གཙོ་བོ་ནི་གང་འཇིག་རྟེན་དུ་བལྟ་བར་བྱ་བ་དང་། དང་པོ་ཉིད་དུ་འདུལ་བ་སྟེ། བཅོམ་ལྡན་འདས་ལ་སོགས་པའི་ཚོགསོ།། བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་བའི་འོད་སྲུངས་ལ་སོགས་པའི་དགེ་འདུན་ཞེས་ཀྱང ་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཐེག་པ་ཆེན་པོའི་མདོ་སྡེ་ལ་སོགས་པར་འདུས་པ་བརྗོད་པ་མ་ཡིན་ནམ་དེ་ལྡེ་པོ་འདི་རྣམས་ཀྱི་གཙོ་བོ་ཅི་ལྟར་ཡིན་ཞེ་ན། གསུངས་པ་ལྔ་ཞེས་བྱ་བས་ཕུང་པོ་ལྔའི་བདག་ཉིད་ཅན་དུ་གསུངས་པའི་ཕྱོགས ་བཅུ་དང་དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་ཉིད་ཀྱིས་བསྡུས་པས་སོ།། ཇི་སྲིད་ན་མཁའ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་དཔག་ཏུ་མེད་པའི་ན་མཁའི་ཁྱབ་པ་ཉིད་དུ་གསུངས་སོ།། འདི་རྣམས ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་ཕུལ་དུ་དབྱུང་དུ་མེད་པའི་རྒྱུན་ཉིད་ཡིན་པའི་ཕྱིར་འདི་བསྟན་པའོ།། དེ་ཉིད་ཀྱི་ཕྱིར་རྣམ་པ་དེ་ལྟ་བུའི་དཔེས་དོན་བརྗོད་པ་གསུངས་པ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ།། དྲང་བའི་དོན་ནོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ངེས ་དོན་འདི་གསུངས་པས་དྲང་བའི་དོན་ནོ།། དེ་ལྟར་གཞན་དུ་ཡང་བཤད་པ་འདི་རྟོགས་པར་བྱའོ།། ངེས་པའི་དོན་གྱི་དབང་དུ་བྱས་ནས་གསུངས་པ།། བརྗོད་ཀྱིས་མི་ལང་བའི་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རིགས་པ་གསུངས་པ། ལྔ་ཞེས་པ་ལ་སོགས་པའོ།། ་དེ་ལྟ་མོད་ཀྱི་གནས་དང་འཁོར་ལ་སོགས་པ་རྣམ་པར་བཞག་པ་ཅི་ལྟར་ཡིན་ཞེ་ན་གསུངས་པ། དེ་བས་ན་ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་ངེས་པའི་དབང་དུ་བྱས་ནས་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ།། ཅི་ལྟར་བྱང་ཆུབ་སེམས་དཔའ ་ལྟ་བུའི་དེ་བཞིན་གཤེགས་པ་འདི་རྣམས་སླར་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་གནས་པར་བྱེད་པ་མ་ཡིན་ནམ། སེམས་ཅན་རྣམས་ཀྱི་དོན་དུ་རང་གི་སྒྲུབ་ཐབས་གསུངས་པ་མ་ཡིན་ནམ། བཅོམ་ལྡན་འདས་བསྒྲུབས་པ་ཡང་ཅི་བྱེད་པ་ཉིད་དུ་འགྱུར། དེའི ་ཕྱིར་བརྒལ་བར་བྱ་བ་འདི་དག་ཡོད་དོ་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་ཕུང་པོ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རམ།། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་དང་། འཁོར་ལོའི་དབུས་སུ་ཞུགས་པས་སྟོན་པར་བྱེད་པས་གྲཝ་སུངས་སོ།། ད་ནི་ཞེས་པ་ལ་སོགས་པ ་འདོད་ཁམས་ཞེས་པ་ནི་རྒྱལ་ཆེན་བཞིའི་རིགས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དབ། གཞན་འཕྲུལ་དབང་བྱེད་ཅེས་པ་རྣམ་པ་དྲུག་འདོད་པའི་ཁམས་ཞེས་པས་འདིར་མཆོག་ཏུ་འདོད་པའོ།། མི་ལ་སོགས་པ ་མས་ནི་ངན་པ་ཐོབ་པས་འདོད་པའི་ཁམས་དང་མཐུན་པ་ཉིད་དོ།། དེ་རྣམས་རྟེན་པར་བྱེད་པའི་ཕྱིར་རྟེན་ཡང་འདོད་པ་ཁམས་སོ།། དེའི་ཕྱིར་གསུངས་པ། འདོད་པའི་ཁམས་ནི་གནས་པ་ཡི་ཞེས་སོ།། ཡུལ་ལ་ཆགས་པའི་སེམས་ཅན་རྣམས་ནི་གཟུགས་དང་སྒྲ ་ལ་སོགས་པ་དབང་པོས་བཟུང་བར་བྱ་བ་ལ་མངོན་པར་ཞེན་པ་རྣམས་སོ།། འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི། གཟུགས་དང་སྒྲ་ལ་སོགས་པ་ལྔ་ནི་འདོད་པ་སྟེ། འདོད་པར་བྱ་བས་འདོད་པ་ཁམས་དང་མཐུན་པས་མངོན་པར ་བརྗོད་པར་བྱའོ་ཞེས་པས་འདོད་པའོ།། བགྲང་བར་བྱ་གྲངསུ་བྱ་ཞེས་པས་ཡོན་ཏན་ནོ།། སྒོ་ནས་ནི་དེ་ལ་ཉེ་བར་ལོངས་སྤྱོད་པའི་བདེ་བས་སོ།། གྲོལ་བ་ཞེས་པ་ནི་ལྔ་པོ་དེ་རྣམས་ཉིད་ལ་རང་བཞིན་ཡོངསུ་ཤེས་པས་མངོན་པར་ཞེན་པ་མེད་པའོ།། ་གསུངས་པ་ཡང་། ཡུལ་འགའ་ཞིག་རྣམས་བཏང་བྱས་ཤིང་།། ཡུལ་འགའ་ཞིག་ལ་གནོད་བྱས་ནས།། མི་ཡི་ཁྱུ་མཆོག་འགའ་ཞིག་ནི།། ཡུལ་རྣམས་ཉིད་ཀྱིས་བྱང་ཆུབ་བྱེད།། རྒྱལ་པོའི་རིན་ཆེན་ཕྲེང་བ་ཡང་།། རྩ་བ་སྲིད་པའི་རྣམ་པར ་ཤེས།། ཡུལ་ནི་དེ་ཡི་སྤྱོད་ཡུལ་མིན།། ཡུལ་ལ་བདག་མེད་དུ་མཐོང་བ།། སྲིད་པའི་ས་བོན་འགོག་པར་བྱེད། ཅེས་སོ། ཡང་གསུངས་པ། གང་གིས་ཡོངསུ་འཆིང་འགྱུར་བ།། མཁས་པ་དེ་ཡིས་རྣམ་པར་གྲོལ།། རྣམ་གྲངས་མ་ལུངས་པ་འདི ་ནིནི། བྱང་ཆུབ་འབྱོར་པའི་ཚུལ་ཡིན་ནོ།། དེ་མ་ཐག་པའོ་ཞེས་པ་ནི་གནས་དང་འཁོར་ལ་སོགས་པ་གསུངས་པ་ལ་བལྟོས་ནས་སོ།། ཡོན་ཏན་བརྒྱད་ཅེས་པ་ནི་བགྲངས་བརྒྱད་ཀྱང་ཡིན་ལ་ཡོན་ཏན་གྱི་དབང་ཕྱུག་ཀྱང་ཡིན་པ་སྟེ།། སྐུའི ་དབང་ཕྱུག་ལ་སོགས་པ་འཆང་བར་འགྱུར་བའོ།། འཆད་པར་འགྱུར་བའི་ཆེན་པོ་ཉིད་དང་ལྡན་པའི་ཕྱིར་ཆེན་པོ་ཞེས་པའོ།། རྡོ་རྗེ་འཆང་ཆེན་པོ་རྣམ་པ་སྣ་ཚོགས་པའི་རྣམ་པས་སེམས་ཅན་གྱི་དོན་དུ་སྣང་བར་བྱེད་དོ།། གསལ་བར་བྱེད་དོ་ཞེས་པས་རྣམ ་པར་སྣང་མཛད་དོ།། རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་གཏི་མུག་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་འདི་ཉིད་མཐོང་བའི་ཕྱིར་རོ།། འདོད་ཆགས་དང་བྲལ་བའི་སྐུ་སྤངས་ནས་ཞེས་པ་ནི་འདོད་ཆགས ་དང་བྲལ་བའི་རིགས་ཀྱི་སེམས་ཅན་རྣམས་འཆོས་པར་བྱེད་པའི་དོན་དུ་ཤཱཀྱ་ཐུབ་པའི་གཟུགས་སྤྲུལ་པའོ།། སྤངས་ཏེ་ཞེས་པ་འཁོར་ལོས་སྒྱུར་བའི་གཟུགས་ཟུང་ནས་སྔ་མ་སྤངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ཆེན་པོའོ།། ཞེས་པ ་ལ་སོགས་པ་སྟེ། རྣམ་པ་གཞན་དུ་ན་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པས་དྲང་བར་བྱ་བར་མི་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་རྒྱུད་ལ་སོགས་པ་སྔར་གསུངས་སོ།། འདོད་ཆགས་དང་བཅས་པོའི་གཟུགས་སྤྲུལ་པའི་དགོས་པ་གསུངས་པ།། ། འདོད ་ཆགས་ཀྱིས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ཀྱིས་ཞེས་པ་ལ་སོགས་པ་ནི། འདོད་ཆགས་ཀྱིས་ནི་ཡུལ་ལ་ཞེན་པོའི་མཚན་ཉིད་ཀྱིས་སོ།། འདོད་ཆགས་རབ་ཏུ་སྤངས་པའི་དོན་ནི། ཐོག་མ་མེད་པའི་འཁོར་བར་གོམས་པའི་ཡུལ་ལ ་མངོན་པར་ཞེན་པ་རབ་ཏུ་ཉམས་པའི་དོན་དུའོ།། སེམས་ཅན་རྣམས་སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པ་ཉིད་ཡུལ་ལོ།། དེ་རྣམས་ལས་མངོན་པར་ཞེན་པའོ།། དེ་རྣམས་འདུལ་བར་བྱས་ནས་ཆགས་པ་ཉིད་ཀྱིས་ཉེས་པར་དམིགས་པའི་ཕྱིར་རོ།། དེ ་ཉིད་ཅེས་པ་ནི་འཆད་པར་འགྱུར་བ་ལ་བལྟོས་པས་སོ།། ཚུལ་ཞེས་པ་ནི་འདིས་ངེས་པར་བྱ།། གདུལ་བྱ་མྱ་ངན་ལས་འདས་པའི་གྲོང་དུ་འཁྲིད་པར་བྱེད་དོ་ཞེས་པས་ཚུལ་ལོ།། དེ་གང་ཡིན་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་གང་ཡིན་པ ་དེ་དེ་བཞིན་ནོ།། སྒོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི།། སྔར་གསུངས་པའི་ལྷའི་འཁོར་ལོ་མཆོག་ཏུ་འཛིན་ནོ།། ཞུགས་པར་མཛད་དོ་ཞེས་པ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ཅེས་པས་ལྷག་མའོ།། དེའི་སེམས་དཔའ ་གསུམ་གྱི་བདག་ཉིད་ཅན་ལས་སོ།། གསུངས་པ་རང་གི་ས་བོན་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ཁམས་ལ་སོགས་པ་ཞེས་པའི་སྒྲ་ལས་སྐྱེ་མཆེད་དང་ཡུལ་གྱི་ཆ་ཤས་ཀྱི་རང་བཞིན་རྣམས་ཀྱང་ཞུགསོ་ཞེས་པའི་མཐར་ཐུག་པའོ།། མཆོག་ཏུ་དགའ་བའི་བདེ་བས་ནི ་མཐར་ཐུག་པའི་བདེ་བས་ཚིམ་པར་བྱེད་པའི་དོན་དུའོ།། ཉིད་ཀྱིས་སྐུ་ནི་རང་གི་ཕུང་པོའོ།། གནས་སྐབས་སྔ་མ་ཞེས་པ་ནི་བུད་མེད་དང་། སྐྱེས་པའི་རྣམ་པར་གནས་པའི་གནས་སྐབསུ་རབ་ཏུ་ཞུགས་པའི་དཀྱིལ་འཁོར་གྱི་རབ་ཏུ་ཞུགས་པ་ལས་སྔར་གྱི་རྣམ་སྣང་ལ་སོགས ་པ། སྤྱན་མ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ།། བུད་མེད་ཀྱི་གཟུགས་ཞེས་པ་ནི་བུད་མེད་ཀྱི་གཟུགས་ཉིད་དུ་དེ་རྣམས་ཉིད་ཕྱུང་བའོ།། ཞེས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། སྐུ་ལས་ཞེས་པ་ནི་དངོས་ལས་ཕྱི་རོལ་ཡུལ་གྱི་དངོས་པོ་མེད་པའི་ཕྱིར། འབྱུང་བ་ཡང ་ལུས་ལོ་བརྟེན་པ་ཉིད་ཀྱི་ཕྱིར། བུད་མེད་ཀྱི་དབང་པོའི་ལུས་ལ་ལྷག་པར་འདུས་བྱས་པའི་བུད་མེད་ཀྱི་གསང་བ་མངོན་པར་ཀུན་ནས་བྱུང་བར་གྱུར་ཏོ་ཞེས་པ་ནི། འདས་པ་ལ་འཇུག་པའི་བཤད་པའོ།། དེ་ཉིད་ཅེས་པ་ནི་སྔར་གླེང་གཞིར་གསུངས་པའི་གཟུགས་ཡོངསུ ་གྱུར་པ་སྟེ། མི་བསྐྱོད་པ་ནི་རེག་བྱའི་ངོ་བོ་ལྟ་བུའོ་ཞེས་པའི་གསུང་ལས་སོ།། སྔར་གྱི་དཀྱིལ་འཁོར་དུ་ཞུགས་པ་གང་ཡིན་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ཀྱང་རྡོ་རྗེ་འཆང་ལྟ་བུའི་སྐུ་ལ་ཞུགས་སོ།། ཞེས་རྟོགས་པར་བྱའོ།། དྲང་བའི་དོན་ལ་དམིགས་པ་སྔོན་དུ་འགྲོ ་བའི་ངེས་པའི་དོན་གསུངས་པ། ཆེན་པོ་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ཆེན་པོ་ནི་མཐར་ཐུག་པའི་ཡུལ་ལ་ཆགས་པའོ།། དེ་ཉིད་སེམས་ཅན་གྱི་དོན་གྱི་རྒྱུར་རྟག་ཏུ་དེ་འཛིན་པར་བྱེད་བཞིན་པ་ཉིད་ཀྱི་ཕྱིར་ཆོས་སོ།། དེའི་ཚུལ་ནི་ཡོངསུ་ཤེས་པ་སྟེ། དེའི་རིམ་པ་གསུང ་བ། འདོད་ཆགས་ནིས་པ་ལ་སོགས་པ་སྟེ། འདོད་ཆགས་ནི་སྣང་བའོ།། དེ་སྐྱེ་བ་ནི་འདོད་ཆགས་རབ་ཏུ་འཇུག་པ་ལས་ཀྱང་སྐྱེ་བའི་ཕྱིར་རོ།། དེ་བཞིན་དུ་འདིད་ཆགས་དང་བྲལ་བ་ནི་སྣང་བ་ཉེ་བར་རྫོབ་པའོ།། འདོད་ཆགས་པར་མ་ནི་གཉིས་ཀ་གས་ཅན་དུ་གསུངས ་པ་ཉིད་ཀྱི་ཕྱིར་རོ།། གསུངས་པ་ཡང་གང་ཆེ་སྣང་བ་ཉེར་ཐོབ་པ། གཉིས་ཀའི་ཆ་ཤས་ཅན་ཉིད་འདི་ཉིད། ཐོག་མར་འོད་གསལ་བར་འཇུག་པ་ཉིད། ཅེས་སོ།། རིམ་གྱིས་ཞེས་པ་ནི་ཡེ་ཤེས་སྐྱེ་བའི་རིམ་པ་འདི་ཡིས་སོ།། རྣམ་པར་དག་པ་ནི་འོད་གསལ་བ་རྟོགས་པའོ།། ་མངོན་དུ་འབྱིན་པའི་ཐབས་ཞེས་པ་ནི་ཟུང་འཇུག་མངོན་དུ་འབྱིན་པའི་རྒྱུའོ།། དེ་ཉིད་ཅེས་པ་ནི་འདོད་ཆགས་ཆེན་པོའི་ཚུལ་ཉིད་བརྗོད་པའི་དོན་དུ་མིང་རབ་ཏུ་གསལ་བ་གང་ཡིན་པ་ཞེས་པའོ།། ཅི་ལྟར་བྱས་ནས་ཤེ་ན། དེ་ལ་སྙོམས་པར་ཞུགས་ནས་ཞེས་གསུངས་སོ།། ། ་དེ་དག་ཅེས་ལ་སོགས་པ་ནི།། ཕྱིའི་དཀྱིལ་འཁོར་སྐུའི་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པའོ།། སྐུའི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་སྐུ་ལའོ།། དེ་ནི་འདོད་ཆགས་ལ་སོགས་པའི་རིམ་གྱིས་རྣམ་པར་དག་པའོ།། དེ་ནས་ལྡང་བར་བྱེད་དོ་ཞེས་པའོ།། འདོད་ཆགས་ཆེན ་པོའི་ཚུལ་གྱིས་རྣམ་པར་བཤད་པ་སྔ་མའོ།། བདག་ཉིད་ཅེས་བྱ་བ་ལ་སོགས་པས་སྤྲུལ་པའི་སྐུ་ལ་བལྟོས་པའི་ཚིག་སྟེ། མདོ་དང་བསྲེས་པར་གནས་སྐབས་འདིར་སྦྱར་བའི་ཕྱིར་རོ།། ཀུན་ཏུ་འཛིན་པར་བྱེད་པར་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན ་ཉིད་ཀྱི་ཕྱིར་རོ།། དཔའ་བོ་ཉིད་དམ་མཆོད་འོས་ཉིད་དང་མཁས་པ་ཉིད་དོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ཞེས་བྱ་བ་ནི་དྲང་བའི་དོན་གྱི་བཤད་པར་ལྷ་མོ་རྣམས་བྱུང་བ་སྔར་བཞིན་དུ་འདིར་ཁོང་དུ་ཆུད་པར་བྱའོ།། དྲང་བ་དང་ངེས ་པའི་དོན་གྱི་བརྗོད་དུ་མེད་པའི་ཡང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཉིད་དུ་གནས་དང་། འཁོར་ནས་བརྩམས་ནས། འདིར་དེ་བཞིན་གྱི་མཐར་ཐུག་པའི་བཤད་པ་ལ་བརྟེན་ནས། སླར་ཡང་དྲང་བ་དང་ངེས་པའི་དོན་དག་ལ་ཀུན་ཏུ་འཇུག་པར་བྱེད་དོ།། གཟུངས་ཀྱི ་དཀྱིལ་འཁོར་ཞེས་པ་ནི་ལྷ་མོའི་འཁོར་ལོའོ།། འདོད་པའི་དབང་ཕྱུག་ཅེས་པ་ནི་འཁོར་ལོའི་གཟུགས་དང་སྒྲ་ལ་སོགས་པ་འདོད་པ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དེ་ལ་དབང་ཕྱུག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཉིད་དོ།། བསྟན་ནས་ཞེས་པ་ནི་ཡུལ ་ལ་ཉེ་བར་ལོངས་སྤྱོད་པའི་གདུལ་བྱ་རྣམས་ཀྱི་དོན་དུའོ།། ང་ནི་ཞེས་བྱ་བ་ལ་སོགས་པ་ནི། ལྷ་མོའི་བྷ་གར་དབང་བསྐུར་བ་ལ་སོགས་པས་བསྡུ་བར་བྱ་བ་འམ། འགྲོ་བའི་རྒྱུད་ཀྱི་རིམ་པ་ལས་འདས་པ་བསྐྱེད་པར་བྱའོ་ཞེས་པས་བསྡུས་པའོ།། དེ་ཉིད་ཀྱི་ཕྱིར ་གསུངས་པ། སྤྲུལ་པའི་བྱ་བ་ནི་སྤྲུལ་པར་བྱུང་བའི་བྱ་བའོ།། མི་བསྐྱོད་པའི་ཞེས་པ་དང་། བསྟན་པར་བྱ་བའི་ཕྱིར་ཞེས་སྦྲེལ་ལོ།། བྱིན་གྱིས་བརླབ་པ་མཛད་དོ་ཞེས་པ་ནི།། བསྐྱེད་པར་བྱས་པ་དང་ལྡན་པའོ།། སྔ་མ་བཞིན་ཏེ་ཞེས་པ་ཚིག་དང་པོའི ་རྣམ་པར་བཤང་བ་བཞིན་ནོ།། ཤེས་རབ་ནི་བཙུན་མོའོ།། གནས་ནི་བྷ་ག་ལའོ།། དེར་ཆུད་པ་ནི་གནས་དེར་སོན་པའོ།། གྲུ་བཞི་ལ་སོགས་པ་ཞེས་པ་ནི།། ཁང་པ་བརྩེགས་པ་མངོན་པར་བརྗོད་པའོ།། དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ།། དེའི ་དཀྱིལ་འཁོར་ནི་མི་བསྐྱོད་པའི་སྤྲུལ་པའི་བྱ་བའོ་ཞེས་སྔར་གསུངས་སོ།། གསལ་བ་ཞེས་པ་ལ་སོགས་པ་ཡང་ཁང་པ་བརྩེགས་པའི་ངོ་བོ་སྟོན་པར་བྱེད་པའོ།། བདག་ཉིད་ཅེས་པ་ནི་མི་བསྐྱོད་པའི་རང་བཞིན་ནོ།། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི ་འོ།། དེ་ཉིད་ཀྱི་ཕྱིརགསུངས་པ། རིགས་ལྔ་ཞེས་པ་ལ་སོགས་པའོ།། འཁོར་ལོ་ཞེས་པ་ནི་ཕྱུང་བའི་དཀྱིལ་འཁོར་གྱི་ལྷའི་འཁོར་ལོའོ།། སླར་ཡང་ཞེས་པ་ནི་སྔར་རབ་ཏུ་ཞུགས་པར་བརྗོད་པ་ལ་བལྟོས་ནསོ།། བཞུགས་པའི་གནསུ་མཛད་པ་ནི་དེའི ་བདག་ཉིད་ཀྱིས་སོ།། བྷ་ག་ནི་ཡེ་ཤེས་ཏེ་ཡེ་ཤེས་ནི་གཉུག་མའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། སར་གྱུར་ཞེས་པ་ལ་སོགས་པ་ནི། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་ས་བཅུ་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། དེ་བཞིན་གཤེགས་པའི་ས་ནི་ཀུན་ཏུ་འོད་ཅེས་བྱ་བ་འདིས་ས་བཅུ་གཅིག་པར་ཐེག་པ་ཆེན་པོ་ལས་གསུངས་སོ།། ཐམས་ཅད་དག་ཅིང་རྣམ ་པར་དག་པའི་རིམ་པ་ཡང་། དང་པོ་ལས་ཀྱི་སྦྱོར་བ་ཡིས། ས་བརྒྱད་པ་ནི་ཐོབ་པར་འགྱུར།། སྣང་བ་གསུམ་པོ་མཐོང་བ་ཡིས།། ས་བཅུ་པ་ལ་རབ་ཏུ་གནས།། མངོན་པར་བྱང་ཆུབ་ལེགས་ཐོབ་ནས།། གཙང་མའི་གནས་སུ་ཉེ་བར་འགྲོ།། སངས་རྒྱས ་ཞིང་ནས་མི་ལྡོག་པའི།། ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན་ཞེས་སོ།། སྤྱོད་བསྡུས་སུ་ཡང་། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་གོམས་པས། ས་བརྒྱད་པ་ཐོབ་པ་ནས་སླར་ཡང་བདེ་བར་གཤེགས་པ་ཉེ་བར་བསྐྱད་པར་བྱ་སྟེ། ཇི་སྲིད་དུ་རྫོགས་པའི ་རིམ་པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་ལ་གུས་པར་བྱའོ།། སྐུ་དང་གསུང་དང་ཐུགས་ལྷག་པར་རྟོགས་ཤིང་ས་བཅུ་པ་ཐོབ་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལྷག་པར་རྟོགས་ཏེ། སྣང་བ་རྣམ་པར་དག་པ་ཐོབ་པར་བྱའོ།། ་ཞེས་རྟོགས་ཏེ་ས་བཅུ་གཅིག་པར་མངོན་པར་བརྗོད་དོ།། སྤྱོད་བསྡུས་ལེའུ་དང་པོར་ཡང་གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་བོ།། དབུ་མ་ལ་འཇུག་པར་ཡང་། ཀུན་ནས ་སངས་རྒྱས་རྣམས་ལ་དབང་བསྐུར་དམ་པ་དེ་ཐོབ་སྟེ། བཅུ་པ་ཞེས་བྱ་བ་ལ་སོགས་པ་དང་། ས་བཅུག་ཅིག་པ་ཉིད་ཅེས་པ་ནི།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དུ་ཡང་།། དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ།། བྱང་ཆུབ་སེམས་ནི་འོད་གསལ་བ།། ཀུན་ཏུ་འོད་ཀྱི་ས་ཆེན ་པོ། ཉི་མའི་དཀྱིལ་འཁོར་གཟི་འོད་ལྡན།། གཉིས་པ་བདུད་རྩི་འོད་ཅེས་པ།། ཤིན་ཏུ་འོད་གསལ་ཟླ་བ་འདྲ།། གསུམ་པ་ན་མཁའ་འོད་ཅེས་པ།། མཁའ་བཞིན་ལེགས་པར་རབ་ཏུ་གནས།། ས་བཞི་པ་ནི་གང་ཡིན་དེ།། རྡོ་རྗེའི་འོད་མཐའ་ཡིད་དུ་འོང ་བསམ་པ་བསྟན་པའི་སྦྱོར་བ་ཡིས།། རྡོ་རྗེ་ཞེས་ནི་ཡོངསུ་བསྒྲགས།། ལྔ་པ་རིན་ཆེན་འོད་ཅེས་བྱ།། དབང་བསྐུར་བ་ལ་རབ་ཏུ་གནས།། དྲུག་པ་པདྨོ་འཆང་ཞེས་བྱ།། པད་བཞིན་རབ་ཏུ་རྣམ་པར་སྣང་།། རང་བཞིན་དག་པའི་ཆོས་ཉིད་དེ།། དྲི་མ་མེད་ཅིང་ཡོངས་གཟུང ་མེད།། བདུན་པ་ལས་ཀྱི་འོད་ཅེས་བྱ།། སངས་རྒྱས་ཕྲིན་ལས་བྱེད་པར་འདོད།། བརྒྱད་པ་དཔེ་མེད་པ་ཞེས་བྱ།། འདི་ལ་དཔེ་ནི་ཡོད་མ་ཡིན།། དགུ་པ་དཔེ་བྲལ་ཞེས་བྱ་སྟེ།། ཐམས་ཅད་དཔེ་ནི་སོ་སོར་རྟོགས།། བཅུ་པ་ཤེས་རབ་འོད་ཅེས་བྱ།། སངས་རྒྱས་ས་ནི་བླ ་ན་མེད།། བཅུ་གཅིག་ཐམས་ཅད་མཁྱེན་ཞེས་བྱ།། ས་ཆེན་པོ་ནི་འོད་གསལ་བ།། བཅུ་གཉིས་སོ་སོའི་བདག་ཉིད་རིག། རྣལ་འབྱོར་ཡེ་ཤེས་རབ་རྫོགས་པ།། ས་ཆེན་པོ་ནི་འདི་དག་ལྡན།། སངས་རྒྱས་རྣམས་ནི་དོན་དམ་ལས།། སངས་རྣམས་དང་སངས ་རྒྱས་ཆོས།། རྣལ་འབྱོར་པ་དང་ཡེ་ཤེས་སྤྱོད།། ཅེས་སོ།། དེ་བཞིན་ཉིད་དུ་དགོངས་པ་ལུང་སྟོན་དུ་ཡང་།། སར་འགྱུར་དེ་ནི་བཅུ་གསུམ་པ་ཞེས།། དེ་ཡང་ཞེས་པ་ནི་དེ་དག་ཀྱང་ནུ་མ་དང་སྐེར་ལྡན་པ་མ་ཡིན་ནོ།། དེ་ཆོས་ཞེས་པ་ནི། དེའི་ཆོས་ནི་དེ་ཆོས་ཏེ་ཉོན་མོངས ་འཇོམས་པར་བྱེད་པ་དེ་ལས་བཟློག་པ་མ་ཡིན་ཡང་།། དེའི་རང་བཞིན་དེ་ཉིད་བྷ་གའོ།། དེ་བཞིན་ཉིད་ལ་དམིགས་པ་ལ།། སྔར་བསགས་པའི་ཉོན་མོངས་པ་མ་ལུས་པ་འཇིག་པའི་ཕྱིར་དང་། ད་ལྟར་དངོས་པོ་རྣམས་ཀྱི་སྐྱེ་བ་རབ་འབྱམས་འཇིག་པའི་ཕྱིར་རོ།། དྲི ་མ་མེད་པ་ནི་ཉོན་མོངས་པའི་རྡུལ་མ་ལུས་པ་དང་ཀུན་ཏུ་འདྲེས་པ་མ་ཡིན་པའོ།། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ།། དེའི་ངོ་བོ་ཉིད་སྟོན་པར་བྱེད་པ་གསལ་བ་ཞེས་བྱ་བ་ལ་སོགས་པའོ།། གསལ་བ་ནི་ཚོགས་བསགས་པའི ་འགྲོ་བ་རྣམ་པར་ཤེལ་ལྟ་བུའོ།། སྣང་བའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ལས་ལངས་པ་སྣང་བ་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ།། འོད་ཟེར་ལྔ་ནི་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན ་ཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། དེའི་བདག་ཉིད་ཅན་ཡིན་པས་ན་དེ་རྣམས་དེའི་བདག་ཏུ་བྱེད་པས་དེའི་བདག་ཉིད་དོ།། སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ་ནི་ཁྱབ་པའོ།། རབ་ཏུ་ཞུགས་པར་གྱུར་ཏོ་ནི་དེ་བཞིན་ཉིད་ཀྱི་བདག ་ཉིད་འཛིན་པར་གྱུར་པའོ།། སྙིང་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དང་། ལྟ་བ་དང་བཅས་པའི་དྲི་མ་མ་ལུས་པ་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ།། འདོད་ཆགས་ལ་སོགས་པའི་ཉོན་མོང་པ་ལ་ཕྱིར་ཕྱོགས་པ་ལུས་སོ།། སྙིང ་རྗེ་ཞེས་པ་ལ་སོགས་པ་ནི་དེའི་ཕྱིར་མེ་ལྟ་བུའི་འོད་ཟེར་འཕྲོ་བ་མང་པོ་འཁྲུག་པ་ནི་སྒྱུ་མའི་སྤྲུལ་པ་ནི་མའི་ཕུང་པོ་ཆེན་པོ་བཞིན་ནོ།། སྣང་བ་ཞེས་པ་ལ་སོགས་པ་ནི་གསལ་བ་ཞེས་པ་ནི་སྣང་བ་གསུམ་པོ་རྣམས་ཏེ་ཟླ་བ་ལ་སོགས་པ་བཞིན་དུ་གསལ ་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་རྣམས་ཀྱིས་ཞེས་པ་མང་པོའི་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་བཞིན་གཤེགས་པ་ཀུན་འདི་དེ་རྣམས་ཀྱི་གནས་ནི ་རྟེན་ནོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དེ་རྣམ་པར་འབྱེད་པའོ།། རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རིགས་ལྔའི་རང་བཞིན་ནོ།། བདག་ཉིད་ཅེས་པ་ནི་འདི་བཞག་པར་གྱུར་ཏོ་ཞེས་པ་ནི་བྱ་བ་ལ་བལྟོས་པ་མེད་པ་ལས། ་ཉིད་དོ།། དོན་དམ་པའི་བདེན་པ་ལས་ནི་འོད་གསལ་བ་ལས་སོ།། བཞེངས་ནས་ཞེས་པ་སྔར་གྱི་རྟོགས་པའི་ནུས་པ་ལས་སོ།། སྲིད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ།། མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པའོ།། དེ་དག་རོ་གཅིག་པ་ནི་ཨ་རུ ་རའི་ཕྱེ་མ་དང་སྦྱར་བ་རོ་གཞན་ལ་ཞུགས་པ་བཞིན་ནོ།། འདིས་ནི་རང་བཞིན་གཅིག་པ་ཉིད་ཀྱིས་བཞག་པར་གྱུར་ཏོ་ཞེས་བརྗོད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ།། འཇིག་རྟེན་གསུམ་ཞེས་པ་ལ་སོགས་པ་སྟེ།། འདོད་པ་ལ་སོགས་པའི་ཁམས ་གསུམ་དུ་ཡང་སྣ་ཚོགས་པའི་སྤྲུལ་པ་ལ་སོགས་པས་སེམས་ཅན་མ་ལུས་པ་ཡོངས་སུ་སྨིན་པ་དང་། གྲོལ་བ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པའི་མངའ་བདག་ཡིན་པའི་ཕྱིར་རོ།། ན་མཁའ་ཀུན་ཞེས་པ་ལ་སོགས་པ་ནི། ཀུན་ཀྱང་དེ ་ཡིན་ལ།། གོ་སྐབས་སུ་གྱུར་པའི་ནམམཁའ་ཡང་དེ་ཡིན་ནོ་ཞེས་པས་ན་མཁའ་ཀུན་གྱི་སྐབས་ནི་འཇིག་པའི་དུས་སུ་སྐྱེས་པའོ།། དེའི་ཕྱིར་རྫོགས་པ་ཉིད་ལས་ཁམས་བཞི་པོ་རྣམས་ན་མཁའི་ཀུན་གྱི་སྐབས་དེར་ན་མཁའི་གོ་སྐབས་ཀུན་སྤྱོང་པ ་བཞི་པོ་དེར་རོ།། བདེ་མཆོག་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཏུའོ།། ཕུང་པོ་ལ་སོགས་པ་རྗེསུ་ཞུགས་པས་ཞེས་པ་ནི། ཤིན་ཏུ་རྣལ་འབྱོར་གྱི་རིམ་པས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དོན་འདི་ཞེས་པ ་ལ་སོགས་པ་སྟེ།། གསལ་བ་ཉིད་ཀྱི་ཕྱིར་ཡི་གེའི་དོན་ནཱི་མ་བྲིས་སོ།། འདས་པ་ཞེས་བྱ་བ་ཌོཾ་ལ་སོགས་པ་ནི། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཟླ་བ་ལ་སོགས་པ་ཙམ་ཉིད་ཀྱི་ཕྱིར་རོ།། ཟིལ་གྱིས་གནོན་པ་ནི་ཨ་བྷི་བྷ ་བ་ནཾ་ཏེ། ཨ་བྷི་ཀུན་ནས་བྷཱ་བ་ནི་འབྱུང་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ།། དོན་དེ་ཉིད་ནི་རྡོ་རྗེ་ལྔས་རྡོ་རྗེ་འཆང་དུ་བསྐྱེད་པའོ།། འདིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ལས་རྫོགས་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུངས་སོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རྫོགས་པའི་ཤིན་ཏུ་རྣལ་འབྱོར་རོ།། སྤྱིའི་དོན་གྱི་རྒྱུ་ཅན་གྱིས་སྦས་པའི་དོན་གསུངས་སོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྣམ་པས་ནི་ཀུན་རྫོབ་ཏུ་རྣམ་པར་འཇུག་པའི་ངོ་བོསོ་སོ།། ་གཅིག་ཏུ་མཛད་དེ་ནི་དེའི་དུས་སུ་ཕུང་པོ་ལ་སོགས་པ་རྣམས་དེ་ཙམ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ནི་ཏིང་འཛིན་ཉིད་དོ།། དེ་ལྟར་ནི་དེའི་དུས་སུ་བཞུགས་པའི་སེམས་ཉིད་དབྱེ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ།། ཏིང་འཛིན་ནི་དེ་ལྟ་བུར་གྱུར་པའི ་སེམས་རྩེ་གཅིག་པ་ཉིད་དོ།། སྙོམས་པར་ཞུགས་པ་ནི་སེམས་དེའི་རྣམ་པའི་སྣོད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ནམ་མཁའི་དབྱིངས་འདི་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཐབས་ཀྱི་ཡེ་ཤེས་ནི་སྣང་བ་མཆེད་པའོ།། ནང་དུ་གྱུར་པར་རབ ་ཏུ་ཞུགས་པའོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་ཞེས་པ་ནི།། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པ་ཙོམ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་ཞེས་པ་ནི་ཐབས་ཀྱིས་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའི ་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ།། དེའི་ཕྱིར་བྱིན་གྱིས་བརླབས་པ་ནི་ཤར་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་ནི་བསྐྱོད་པ་ལ་སོགས་པ་རྣམས་སོ།། བདེ་བ་ཞེས་པ་ལ་སོགས་པ་ལ་ཞུ་བར་གྱུར་ནས་ཞེས་པ་དང་ཐབས ་ཀྱི་ཡེ་ཤེས་དང་ལྷན་ཅིག་གྱུར་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ།། མཆོག་ཏུ་དགའ་བའི་བདེ་བ་ཉམསུ་མྱོང་བར་གྱུར་ཏོ་ཞེས་སོ།། སྦས་པའི་བཤད་པའི་རྒྱུ་ཅན་མཐར་ཐུག་པ་གསུངས་སོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཕུང་པ་ལྔ་ན་ཀུན ་རྫོབ་གྱ་བདན་པའི་བདག་ཉིད་ཅན་ན།། དན་དམ་པའི་བདེན་པས་གཅག་ཏུ་མཛད་ནས་ན་ངན་དམ་པའི་བདེན་པའི་བདག་ཉིད་ཀྱིས་སོ།། ང་ཉིད་ཀྱི་ཕྱར་གསུངས་པ། སྣང་པ་ཞེས་པ་ལ་སོགས་པའོ།། བཤད་པ་རྣམ་པ་བཞིའ།། དེ་ལྟར་ཞེས་པ་ལ་སོགས་པ་ལ ་ཕུང་པོ་ལྔ་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ནོ།། དོན་དམ་པའི་བདེན་པས་གཅིག་ཏུ་མཛད་ནས་ནི་དོན་དམ་པའི་བདེན་པའི་བདག་ཉིད་ཀྱིས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ།། བཤད་པ་རྣམ་པ་བཞིའོ།། དེ་ལྟར་ཞེས་པ་ལ་སོགས་པ་ལ ་ལྷག་པར་མོས་པར་བྱ་བ་ནས་ལྷག་པར་མོས་པའོ།། ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འཇིག་རྟེན་པའི་དངོས་གྲུབ་ལ་ལྷ་ལ་སོགས་པའི་རྣམ་པ་མཆོག་ཏུ་འཛིན་ནོ།། རྡོ་རྗེ་འཆང་ཆེན་པོར་བསྐྱེད་ནས། ཞེས་པ་ནི་སྐབསུབབ་པ་གསུངས་པའི་རིམ་པས་སོ།། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ་དེ་ཉིད་ཀྱི་ཕྱིར། འདོར་བར་མི་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་གོ།། དེ་ཉིད་ཅེས་པ་ཡི་གེ ་གསུམ་མོ་སྐྱེས་པ་ཞེས་པ་ནི་བྱུང་བ་རེ་གསུངསོ།། དེ་ཉིད་ནི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཚོན་པོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། ཏིང་འཛིན་དེ་ལ་ནི་རྣམ་པ་དེ་ལྟ་བུའི་སེམས་རྩེ་གཅིག་པ་ལའོ།། རིག་པ་ཆེན་པོ་ཞེས་པ་ལ་རིག་པ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ ་སྤྱད་པར་བྱེད་པ་པོ་ཉིད་ཀྱིས་སོ།། རིག་པ་ཆེན་པོ་ནི་གསང་སྔགས་ཀྱི་ཡི་གེ་རྣམས་ནི་ཡི་གེ་གསུམ་མོ།། དེས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའོ།། སྐྱེས་བུའི་གཟུགས་ནི་སྐྱེས་བུའི་རྣམ་པའོ།། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནི་རྣམ་པར་སྣང་མཛ ་ལ་སོ་གསོ་པ་རྣམས་སོ།། སྔགས་ནི་བསྐྱེད་པའི་སྒྱུ་སུ་མ་ཅུས་གཉིས་ཀྱི་གྲངས་པོ། སྒྲུབ་པའི་ཐབས་ལས་གསུངས་པོའི་ཚུལ་གྱིས་ནི།། མདོང་བྱས་ཅན་གྱི་རིམ་པའི་སྦུབས་ཐེབ་སུ་གསུངས་པའི་རིམ་པས།། ནལ་འབྱོར་རྗེས་རྣལ་འབྱུར་དག་གི་རྫོགས ་ལོངས་སྤྱོད་རྫོགས་པའི་སྐུ་ལ།། ཨོཾ་ཡིག་ལ་སོགས་བཀོད་པས་ཤིན་ཏུ་རྣལ་འབྱོར་རྫོགས་པ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་བྱས་པའི་རྣལ་འབྱོར་ཆེན་པོའི་མཐར་ཐུག་པ་ཇི་སྲིད་དུ་སྐྱེད་པར་གྱུར་པའོ།། གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ ་ཞལ་གསུམ་པའི་རྣམ་པས་ཞེས་པོ་ནི། འདིར་རྣལ་འབྱོར་བཞིའི་མཐར་ཐུག་པར་ཞལ་གསུམ་པ་ཉིད་དུ་རྟོགས་པར་བྱའོ།། རྣམ་པར་བཞག་པ་དང་། མདོ་དང་བསྒྲེ་བ་གཉིསུ་ཤིན་ཏུ་རྣལ་འབྱོར་གྱི་མཐར་ཐུག་པར་ཞལ་གསུམ་པ་ཉིད་ལ་འདི་ཉིད་དུ་ཞུགས་པའི་ལུང ་དུ་བཤད་དོ།། ཇི་ལྟར་རྣམ་པར་བཞག་པའི་དང་པོར་བཤད་པ་དེ་བཞིན་ཉིད་དུ་འདིར་ཡང་འཆད་པར་བྱེད་པ་རྣལ་འབྱོར་བཞིའི་མཐར་ཐུག་པ་ཞེས་འདིར་གསུངས་པའི་ཕྱིར།། རྣལ་འབྱོར་བཞིའི་མཐར་ཐུག་པར་རྡོ་རྗེ་འཆང་ཆེན་པོ་གསལ་བར་རྗེ་སུ་འཇུག་པར་བཤད་པར ་བྱའོ།། ཞེས་པ་ནི་མི་འགལ་ལོ།། གལ་ཏེ་རྣམ་པ་གཞན་དུ་ན་རྗེ་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་མཐར་རམ། རྣལ་འབྱོར་ཆེན་པོའི་མཐར་རང་གི་འདོད་པའི་ལྷ་མི་བསྐྱོད་པ་ལ་སོགས་པ་རབ་ཏུ་འཇུག་པར་འགྱུར་ན། དེའི་ཚེ་དྲང་བའི་དོན་དུ་གསུངས་པ ་དང་། གསུང་བར་འགྱུར་བའི་ངེས་པའི་དོན་དག་གིས་རྣམ་པར་བཞག་པ་ལ་སོགས་པ་རྣམས་དང་འགལ་བར་འགྱུར་རོ།། གདུལ་བྱ་རྣམས་ཀྱིས་མཐོང་བར་གྱུར་ཏོ་ཞེས་པ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་ནི་གདུལ་བྱ་མ་ཡིན་པས་ཀྱང་མཐོང ་བར་ཅི་ལྟར་འགྱུར་ཏེ། ཤཱཀྱ་སེང་གེ་བཞིན་ནོ།། ཡོངས་སུ་སྨིན་པ་དང་། གྲོལ་བའི་སྣོད་ཀྱི་གདུལ་བྱའི་དབང་དུ་བྱས་ན། བཅོམ་ལྡན་འདས་བསྐྱེད་པ་ལས་གདུལ་བྱ་རྣམས་ཀྱི་ཞེས་བརྗོད་པར་བྱའོ།། སླར་ཡང་གཞན་གྱིས་མཐོང་བ་ནི་མ་ཡིན་ནོ།། ཡང ་ན་དངོས་དང་རྒྱུད་པས་ཐམས་ཅད་ཁོ་ནས་གདུལ་བྱས་དེ་བཞིན་དུ་མཐོང་བ་དང་། རེག་པ་དང་། ཐོས་པ་དང་། དྲན་པས་བཅོམ་ལྡན་འདས་རྣམས་དགའ་བས་ཡིད་ཀྱི་རིགས་ཡང་དག་པར་ཤེས་པར་བྱེད་དོ།། རྫོགས་པའི་རིགས་རྣམས་ཀྱིས་དེ་དག་འཕེལ་བར ་བྱེད་དོ།། སོ་སོར་འཇོམས་པ་རྣམས་ཀྱིས་ཡང་བདུད་ལ་སོགས་པ་སོ་སོར་འཇོམས་པར་ནུས་པ་རྣམས་ཀྱི་འཇིགས་པས་འཇིགས་པར་གྱུར་པ་རྣམས་དེ་ལ་སྐྱབསུ་འགྲོ་བའི་ཕྱིར་རོ་དྲང་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཐམས་ཅད་ཞེས་པ་ལ་སོགས ་པ་སྟེ་དམ་ཚིག་གི་ནི་ཡང་དག་པར་འགྲོ་བར་བྱེད་དོ།། རྣམ་པར་ཐིམ་པར་བྱེད་དོ་ཞེས་པས་དམ་ཚིག་གོ། དེ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་རིམ་པས་ཞེས་དྲང་བའི་དོན་ལས་ཁྱད་པར་རོ།། ཆེན་པོ་ཞེས་པ་ལ་སོགས་པ་ལ་མཆོག་ཅེས་པ་ནི། འགྲོ་བའི་མཆོག ་ཉིད་ཀྱི་ཕྱིར་རོ།། ཚང་མེད་པ་དང་ཞེས་པ་ནི་ཡོན་ཏན་དང་། ཡེ་ཤེས་དང་། གཟུགས་དང་། སེམས་ཅན་གྱི་དོན་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བཅད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། མཁས་ཞེས་པ་ནི་རིགས་པར་གནས་མ་ལུས་པ་ཐམས་ཅད ་ལསོ།། བརྩོན་འགྲུས་ནི་བྱ་བ་རྣམས་ཐམས་ཅད་ལ་ཀུན་ཏུ་ཞུམ་པ་མེད་པར་ཉིད་དོ།། སྤྲོ་བ་ནི་ལྷག་པར་སྤྲོ་བའོ།། ལས་བདག་ཉིད་ནི་སེམས་ཅན་གྱི་དོན་ལ་སོགས་པ་ལ་རབ་ཏུ་འཇུག་པའི་ཕྱིར་རོ།། དེ་དང་དེ་ནི་ཤིན་ཏུ་རྨ་དུ་བྱུང་སྟེ་ཤིན་ཏུ་ངོ་མཚར་བའོ།། ་དེ་དག་ལས་བསྐྱེད་པ་ནི་དེའི་བདག་ཉིད་དུ་ཡོངས་སུ་ཤེས་པས་དམིགས་པར་གྱུར་པའོ།། རྣམ་པ་ཐམས་ཅད་ཀྱིས་མཆོག་ནི་ལག་པ་ལ་སོགས་པ་འཁོར་ལོ་ལ་སོགས་པ་དང་བརྒྱན་གྱི་རྣམ་པའོ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ ་ཉིད་ནི་སྔགས་སོ།། དེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ན་དེའི་རང་བཞིན་ཉིད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། དྲང་བ་དང་ངེས་པའི་དོན་དག་ལས་ཡོངསུ་མ་དག་པ ་དང་། ཡོངས་སུ་དག་པའི་ལྷ་རྣམས་དག་བསྟན་ཏོ།། ངེས་པའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་མ་དག་པ་དང་ཡོངས་སུ་དག་པའི་རིམ་པས་བསྐྱེད་པ་དང་། སེམས་ཅན་གྱི་སྤྲུལ་པའི་སེམས་ཅན་གྱི་དོན་དུ་སོ་སོ་མི་བསྐྱོད་པ ་ལ་སོགས་པ་སྤྲོ་བ་སྟོན་པར་བྱེད་དོ།། དགའ་བའི་ཐུགས་ཀྱིས་ནི་མཆོག་ཏུ་དགའ་བ་ཚིམ་པར་གྱུར་པའི་ཐུགས་ཀྱིས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྔར་ཞེས་པ་ལ་སོགས་པ་སྟེ། སྔར་གསུངས་པའི་ཐུགས་ཀ་ལས་ནི་ལྷོ་མོའི ་པདྨ་ལས་སོ།། ཆེད་དུ་བརྗོད་པ་ནི་དགའ་བས་ཚིག་ལ་ཆེད་དུ་བརྗོད་པ་ཞེས་བརྫུར་བྱས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཨེ་མའི་གང་ཞེས་པ་ལ་སོགས་པ་སྟེ། རྣམ་པ་གཉིས་ཞེས་པ་ནི་ལྷའི་གཟུགས་རྣམ་པ་གཉིསོ།། དེ་བཞིན་གཤེགས ་པ་ཐམས་ཅད་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། སྦ་བར་བྱ་བས་ན་གསང་བའོ་ནི་སྣོད་མ་ཡིན་པ་རྣམས་ལའོ།། རྟོག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་པ་ནི་རང་བཞིན་ཉིད་ལས་འདིའི་རྣམ་པར་རྟོག་པར་བྱེད་མི་ནུས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས ་པརབ་ཏུ་མི་རྟོག་གོ།། ཁམས་གསུམ་པ་ཞེས་པ་ལ་སོགས་པ་ནི་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ལ་མི་གནས་པའི་ཕྱིར་གནས་པ་ཞེས་སོ།། སློབ་དཔོན་དང་སློབ་མའི་འབྲེལ་པོ་ཞེས་པ་ནི། ཇི་ལྟར་མ་འོངས་པའི་གདུལ་བྱ་རྣམ ་བཅོམ་ལྡན་འདས་སྟོན་པར་བྱེད་པའི་དུས་སུ་མི་གནས་པ་རྣམས་ཀྱི་སློབ་མ་རྣམས་ཀྱིས་ཇི་ལྟར་སློབ་དཔོན་དང་བླ་མ་ལ་ཇི་ལྟར་བྱ་བ་དེ་བསྟན་པར་བྱ་བའི་དོན་དུའོ།། འདུས་པ་མཛད་ནས་ཞེས་པ་སློབ་མ་རྣམས་ཀྱིས་འདུས་པ་ཉིད་ཅེས་བྱ་བའི་དོན་ནོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་བླ་མ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེའི་མཆོད་པ་སྤྲོས་པ་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དམ་ཚིག་གོ།། དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད ་རིན་པོ་ཆེའོ།། འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་སྟོན་པར་བྱེད་པའི་དུས་ལ་བལྟོས་པའི་ཚིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ལ་སོགས་པ་རྣམས་ཞེས་པ་ནི། གཟུགས་དང་སྒྲ་ལ་སོགས་པ་རྣམས་རྣམ་པར ་སྣང་མཛད་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། དེ་རྣམས་ཞེས་པ་ནི་འདོད་པ་ལྔ་གསུངས་པ་རྣམས་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ།། དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། བླ་མ་ཡང་དེ་བཞིན་གཤེ ་པ་ཐམས་ཅད་དོ།། དེའི་མཆོད་པ་སྨོས་པ་ནི།། དངོས་དང་བསྒོམས་པས་སོ།། དམ་ཚིག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཀྱང་འདའ་བར་བྱ་བ་མ་ཡིན་པ་ཉིད་དོ།། ཡུལ་ལྕེ་ལ་རེག་བྱའི་མཆོད་པའི་དབང་དུ་བྱས་ནས་གསུངས་པ། དེ་ཉི་བྱེསྩ ་ལ་སོགས་པ་སྟེ། བུད་མང་རིན་པོ་ཆེ་རྣམས་ཞེས་མང་པོའི་ཚིག་ནི་སློབ་མ་རྣམས་མང་བ་ཉིད་ལ་བལྟོས་པའོ།། གང་ཡང་ལྷ་མོ་ཐམས་ཅད་ཀྱི་བདོག་ཉིད་ཅན་ཉིད་ཀྱང་འདའ་བར་ཚིག་ཏུ་བརྗོད་པར་བྱའོ།། དེ་རྣམས་ཞེས་པ་ལ་སོགས་པ་མང་པོའི་ཚིག ་ཏུ་ཡང་བརྗོད་པར་བྱའོ།། དེ་ལྟར་མཆོད་པ་བྱས་ནས། སློབ་མ་རྣམས་ཀྱི་བྱ་བ་བསྟན་པར་བྱ་བའི་ཕྱིར་བཤད་དུ་གསོལ་ཞེས་པ་ལ་སོགས་པས་གསོལ་བ་འདེབས་ཏེ། བྱུང་བ་ཞེས་པ་ནི་ཡང་དག་པ་མ་ནོར ་པ་དེ་བཞིན་དུ་བྱུང་བའི་ཚུལ་གྱི་ངོ་བོའོ།། རྡོ་རྗེ་ལྟ་བུའི་སྙིང་པོའི་སྟོབས་གང་ཡིན་པ་དེ་རྣམས་རྡོ་རྗེ་སྙིང་པོའོ།། འདུས་པ་ཞེས་པ་ནི་ཡང་དག་པར་བསྡུ་བར་བྱ་བ་དང་། བསྡུས་པའི་ཕྱིར་དེའི་བདག་ཏུ་བྱེད་པ་ས་འགྲོ་བར་བྱེད་པ་གང་དུ་བྱུང་བའི ་ཚུལ་གྱིས་བདག་ཉིད་ཅན་དུ་འདུས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། གཅིག་ཏུ་གྱུར་ཞེས་པ་ལ་སོགས་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དེ་ཉིད་དོ།། གས་ང་བ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཡོངསུ ་དག་པ་དང་། ཡོངས་སུ་མ་དག་པའི་རྡོ་རྗེ་འཆང་ཆེན་པོའི་སྐུའོ།། སྦ་བར་བྱ་བ་ནི་སྐལ་ཡང་རྣམས་ལའོ།། འདུས་པ་ཕྱི་མར་གསུངས་པ། གསང་བ་ཞེས་འདི་ཅི་ལ་བརྗོད།། འདི་རུ་གསུངས་པ་སྐུ་དང་གསུང་།། ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུ ་གསང་བ་ཞེས་ནི་མངོན་བརྗོད་བྱ།། ཞེས་སོ།། གསང་ཆེན་ལས་ཞེས་པ་འོད་གསལ་ལསོ།། ལྷའི་སྐུ་འོད་གསལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ།། གཉིས་ཞེས་པ་ནི་བརྗོད་པར་བྱ་བ་ཤེས་རབ་དང་ཐབས་ངག་གོ། གསུང་པ་ཡང་། འདུས ་པ་ཞེས་པ་ཅི་ཞིག་བརྗོད།། ཅེས་པ་ལ། འདུས་པ་སྦྱོར་བར་རབ་གསུངས་ཏེ། ཤེས་རབ་དང་ཐབས་གཉིས་ཀའི་འཁོར་ལོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། འདུས་པ་ཕྱི་མེང། སངས་རྒྱས་ཐམས་ཅད་མངོན་བརྗོད་བྱེད་ཅེས་སོ།། ཡི་གེའི ་དོན་ནོ་ནི་ཡི་གེའི་དོན་ལ་བརྟེན་ནས་སྤྱིའི་དོན་གསུངས་སོ།། རྡོ་རྗེ་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་དང་པདྨ་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དག་ཡང་དག་པར་སྦྱོར་བའོ།། བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་སྤྱིའི་དོན་ཏེ། སྤྱིའི་དོན་ལ་བརྟེན་ནས་སྦས ་པའི་དོན་གསུངས་སོ།། ཤེས་རབ་དང་ཐབས་ནི་ནང་གི་བདག་ཉིད་ཅན་གྱི་སྣང་བ་དང་སྣང་བ་མཆོད་པར་དག་གོ།། ཡང་དག་པར་སྦྱོར་བ་ནི་སྣང་བ་ཉེ་བར་ཐོབ་པོ་སྟེ་འདུས་པའོ།། སྦས་པའི་དོན་ལ་བརྟུན་ནས་མཐོར་ཐུག་པ་གསུངས་པའོ།། ཀུན་རྫོབ་ནི ་སྒྱུ་མའི་སྐུའོ།། དོན་དམ་པའི་བདེན་པ་ནི་དངོས་པོའོ།། དེ་དག་འདྲེས་པ་ནི་དེའི་བདག་ཉིད་ཡོངསུ་ཤེས་པའོ།། གསང་བ་ཞེས་པ་ལ་སོགས་པའི་བཤད་པ་ནི་གསང་བ་ཞེས་པ་ལ་སོགས་པའི།། མཐར་ཐུག་པའོ་ཞེས་པ་རྣམ་པ་གཉིས་སོ། ་མངོན་པར་འདོད་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་མངོན་པར་བཞེད་པར་གྱུར་པ་ཉིད་ལསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་འདིའི་བཤད་པ་ནི་འདིར་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པས་གཞན་ལས་ཁྱད་པར་དུ་བྱེད་པའི་དོན་དུ ་གསུངས་སོ།། ལྟ་ཅི་སྨོས་ཞེས་པ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཡོངསུ་གཟུང་བའི་དོན་དུ་རིམ་པ་གཉིས་ལ་བརྟེན་ནས།། འདི་བསྟན་པར་སྒྲུབ་པར་འདོད་པ་ཉིད་ཀྱི་ཕྱིར། རིན་པོ་ཆེ་དང་ཙན་དན་ལ་སོགས་པ་གཉིས་ཀྱི་མངོན་པར་བརྗོད་དོ། ་སྤྲོ་བ་མེད་པ་ནི་འདུས་པའི་དོན་ལ་གུས་པ་མེང་པ་ཉིད་དུ་སྨྱོན་པར་འདོད་པའོ།། བརྡ་སྤྲོད་པར་བྱེད་དེ་ནི་གསོལ་བ་འདབས་པ་པོ་རྣམས་ཀྱི་རྒྱུ་ལ་།། དགོངས་པས་བཤད་པོའོ་ནས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའང་། ཡུལ་མ་ཡིན། ་པ་ནི་འགྲལ་བའི་ཚིག་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཐམས་ཅད་ཅེས་པ་ལ་སོགས་པས་སླར་ཡང་གསོལ་བ་འདེབས་པར་བྱེད་དེ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་ལས ་སྐུ་ལ་སོགས་པ་ཡོངས་སུ་གྱུར་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། དམ་ཚིག་དང་སྡོམ་པ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའོ།། དེ་ལ་ངོམ་ཚིག་ནི་བསྲུང་བར་བྱ་ལ་སོགས་པའོ།། སྡོམ་པ་ནི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས ་པ་རྡོ་རྗེ་ཐེག་པའི་སྡོམ་པའོ།། སོགས་པའི་སྒྲ་ལས་སྦོམ་པོ་དང་། རྩ་བའི་ལྟུང་བ་ལ་སོགས་པ་དང་། དེ་ལས་ལྡང་བའོ།། ཐབས་གསུངས་པ་དང་ལྡན་པ་བཟུང་ངོ་།། དེ་སྔོན་དུ་འགྲོ་བའི་སྐུ་དང་གསུང་དང་ཐུགས་ཀྱི་རིམ་གསུམ་ཡོངས་སུ ་གྱུར་པ་སྐྱེད་པ་སྟེ། མི་བསྐྱོད་པ་ལ་སོགས་པ་རྣམས་དང་། དེའི་རིགས་ཅན་རྣམས་ཀྱང་སྐུ་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། ཡི་གེའི་དོན་ནོ་ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་གི་བར་དུ་ཕན་ཚུན་བལྟོས་པ་དང་བཅས་པས ་དདུ་ལྟར་གསུངས་པའི་རྗེས་སུ་འབྲང་ནས་རྟོགས་པར་བྱའོ།། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་པོ་དེ་བསྐྱེད་པའི་ས་བོན་ཉིད་ཀྱི་ཕྱིར་རོ།། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་ནི་འགྲོ་བའི་རྒྱུད་ནི་སྐུ་ལ་སོགས ་ཀྱི་ཡེ་ཤེས་གསུམ་གྱི་ལྷ་བསྐྱེད་པའོ།། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ནི་ཡོངསུ་དག་པ་དང་ཡོངས་སུ་མ་དག་པའི་སྐུ་དག་སྟེ། སྐུ་ལ་སོགས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། འདིར་འོད་གསལ་བ་དང་། ཟུང་། ་འཇུག་ཏུ་མངོན་པར་དགོངས་ནས་བསྟན་པ་ཉིད་ཀྱི་ཕྱིར། མཐར་ཐུག་པ་ཞེས་ཏེ་རྣམ་པ་གཉིས་སོ།། ཐམས་ཅད་མཁྱེན་པ་ཅེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པར་གནས་པ་སྟེ ་དེ་ཉིད་ཀྱི་ཕྱིར་གསུངས་པ། སྐུ་ལ་སོགས་པར་ཞུགས་པར་མཛད་དོ།། འདིར་སོགས་པའི་སྒྲ་ལས་ངག་དང་ཡིད་ལ་ཡང་ཞུགས་ཤིང་རབ་ཏུ་ཞུགས་པའོ།། རབ་ཏུ་ཞུགས་པ་རྣམས་ཀྱང་རྣམ་པར་རྟོགས་པ་ལ་སོགས་པས་བྱ་བ་ལ་བསྐྱོད་པ་ཇི་སྲིད ་དུ་ཀུན་ཏུ་གནས་པའི་ཕྱིར་རོ།། བྱིན་གྱིས་རློབ་པ་དེ་མཛད་ནས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་སྦྲེལ་ལོ།། སྐུ་རྡོ་རྗེ་ལ་སོགས་པ་སྟེ་ནི་ལྔ་པོ་དེ་བསྐྱེད་པའི་ས་བོན་གྱི་ཡི་གེ་ཨོཾ་ཡིག་ལ་སོགས་པ་དེ་རྣམས་ཀྱིས་དེ་རྣམས་ཀྱི་སྐུ་ལ ་སོགས་པ་བསྐྱེད་པར་མཛད་ནས་ཞེས་སྔར་གསུངས་པ་ལ་སྦྲེལ་ལོ།། དབང་པོ་གཉིས་ནི་བུད་མེད་དང་སྐྱེས་པའི་དབང་པོའོ།། དེ་སྙོམས་པར་ཞུགས་པ་ནི་བསྐྱེད་པའོ།། བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་ཀུན་རྫོབ་བོ།། དེས་ནི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རང་བཞིན་རྣམས་ཀྱིས་སོ།། དབང་བསྐུར་བ་ནི་ཇི་ལྟར་རིག་པར་བུམ་པའི་དབང་བསྐུར་པོ་དང་། གསང་བའི་དབང་བསྐུར་བའོ།། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་གསུམ་པོ་དེ་རྣམས་ཀྱིས་དབང་བསྐུར་བ་ནི་ཡིད་ཀྱི་དྲི་མ་འཁྲུད ་པར་བྱེད་པ་སྟེ། དེ་མཛད་ནས་བསྟན་དུ་གསོལ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་དམ་ཚིག་ནི་འོད་གསལ་བའོ།། ཞེས་པ་ནི་མཐར་ཐུག་ལ་རབ་ཏུ་ཞུགས་པའོ།། ལྡང་བར་བྱེད་པ་གསུངས་པ། དེ་ལས་བྱུང་བའི་ཚིག་ཅེས་པ་ནི། ་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྣམ་པ་གཉིས་ཞེས་པའི་སྐུ་རྣམ་པ་གཉིས་ཞེས་ཏེ། ཡོངས་སུ་དག་པ་དང་ཡོངསུ་མ་དག་པའི་སྐུའོ།། གསལ་བར་མཛད་པ་ནི་རང་གིས་ཡང་དག་པར་རིག་པར་བྱེད་པའོ།། མཐར་ཐུག་པའོ།། ་ཞེས་པ་ནི་མཐར་ཐུག་པ་གཞན་ནོ།། ཡང་ན་བཤད་པ་ནི་མཐར་ཐུག་པ་ཇི་ལྟར་ཡིན། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་མཐར་ཐུག་པ་ནི་སྟོང་པ་གསུམ་མོ།། སྟོང་པ ་གསུམ་གྱི་མཐར་ཐུག་པ་ནི་འོད་གསལ་ལོ་ཞེས་སོ།། ཡང་ན་རྒྱུད་འདི་ཉིད་དུ་གསུངས་པ། མཐའ་ནི་མཐའ་དྲུག་འོད་གསལ་བ་སྟེ། ཡང་དག་པའི་ཚུལ་ལོ་ཞེས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། འོད་གསལ་བ་དེའི་བདག་ཉིད་དུ་འཇུག་པ ་ཉིད་ཀྱི་ཕྱིར་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་ནོ།། གལ་ཏཱཾ་དེ་ལྟར་རྣམ་པར་མ་དག་པའི་ལྷ་ཉིད་ཇི་ལྟར་མཐར་ཐུག་པའི་བཤད་པས་བཤད་པར་བྱ་བ་ཅི་ལྟར་ཡིན་ཞེས་ན། འདི་འོད་གསྔལ་བར་ལས་ཡང་དག་པར་བྱུང་བ་ས་བོན་དང་། ་མཚན་མ་ལ་སོགས་པའི་རིམ་པས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ།། རིན་པོ་ཆེ་དང་ཙན་དན་ལ་སོགས་པའི་དབྱེ་བས་གདུལ་བྱ་གཉིས་དང་། བྱ་བ་ལས་བཤོད་པར་བྱའོ།། སླར་ཡང་རང་གི་ངོ་བོ་ཉིད་ཡོངས་སུ་མ་དག་པའི་ལྷ་ཞི་ས་བྱ་བར་ཡོད ་པ་མ་ཡིན་ནོ།། འོད་གསལ་བ་ལས་ཡང་དག་པར་བྱུང་བ་ཡེ་ཤེས་གསུམ་པོ་རོ་གཅིག་པའི་རང་བཞིན་ས་བོན་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་བསྐྱེད་པ་ཉིད་ཀྱི་ཕྱིར། ལྷ་ཉིད་ཀྱི་མཆོག་ཏུ་དགའ་བའི་བདེ་བ་ཉམ་སུ་མྱོང་བ། ཐིག་ལེའི ་གཟུགས་ཀྱིས་སྐྱེ་གནས་ཀྱི་དབུས་སུ་ངེས་པར་བྱེད་དོ་ཞེས་པའི་གསུང་ལས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་འཁོར་ལོ་ན། འགྲོ་བ་ཡང་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་གྱི་འོད་གསལྔ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ།། རྣམ་གཞག ་རིམ་པར་གསུངས་པའི་རིམ་པས། རིགས་བརྒྱར་རིམ་པས་ལྷའི་གཟུགས་ཉིད་ཀྱང་ཡོངས་སུ་དག་པ་ཉིད་དོ།། གཞན་དུ་ཡང་སླར་ཡང་དངོས་པོ་ཐམས་ཅད་ཀྱི།། རྣམ་དག་དེ་བཞིན་ཉིད་དུ་བརྗོད།། ཕྱི་ནས་རེ་རེའི་དབྱེ་བ་ཡིས།། ལྷ་རྣམས ་ཀྱིས་ནི་བརྗོད་པར་བྱ་ཞེས་སོ།། དེ་ལྟར་ཞེས་པ་ལ་སོགས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་རྣམ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར། མི་བསྐྱོད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་མི་བསྐྱོད་པ་གཙོ་བོར་ཡོད་པ་གང ་ཡིན་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། སྒྲོན་མ་ཞེས་པ་ལ་སྒྲོན་མ་ལྟ་བུ་ནི་སྒྲོན་མའོ།། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་ཞེས་པ་ལྷག་མའོ།། བག་ཆགས་དང་བཅས་པའི་མི་ཤེས་པའི་མུན ་པ་རྣམ་པར་འཇོམས་པར་བྱེད་པ་ལ་རང་གི་རང་གིས་རབ་ཏུ་འཇུག་པར་བྱེད་པ་ཉིད་ལས་རང་གི་ངོ་བར་སྟོན་པར་བྱེད་དོ།། སྒོམས་པས་ཤེས་དེའི་ཕྱིར་འཛིན་པར་བྱེད་པ་པོ་སློབ་དཔོན་གྱི་ཡེ་ཤེས་ཀྱང་རྡོ་རྗེ་ལྟ་བུའི་ལམ་གྱི་བདག་ཉིད་ཅན་གྱིས ་མི་ཤེས་པའི་ཀུན་ཏུ་སྦྱོར་བ་ལས་མི་ཤེས་པའི་མུན་པ་རྣམས་དེའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་དེ་ལྟ་བུར་གྱུར་པའི་དོན་གཞན་གསུངས་པ། ཡེ་ཤེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྒྱུད་ལ་ཞེས་པ་ལ་སོགས་པའོ།། ་སྤྱིའི་དོན་ཏོ་ཞེས་པ་ནི། མི་བསྐྱོད་པའི་བསྐྱེད་པ་འདིར་རྣམ་པར་འཆད་པར་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ།། ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་གང་ཞིག་གསུངས་པ། འདུས་པ་ཕྱི་མ་རུ། ཞེ་སྡང་སྡང་བའི་བདག་ཉིད་སྦྱོར།། ཞེས ་སྡང་དགའ་དང་ཡང་དག་ལྗོན།། ཞེ་སྡང་རྒྱུན་གྱི་དབང་བསྐུར་ནས།། ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར་ཞེས་སོ།། ཡི་གེའི་དོན་དང་། སྤྱིའི་དོན་གསུངས་པས་ཞེ་སྡང་རྡོ་རྗེ་སྐུ་ལ་སོགས་པར་བཞུགས་པ་ལ་སོགས་པའི་རིམ་པས། རབ་ཏུ་ཞུག་ས་པའི་སློབ ་མི་དབང་བསྐུར་བའི་དོན་དུ་སྣང་བ་འཆེར་བར་བྱའོ།། ཞེས་པའོ།། དེ་སྟོན་པར་བྱེད་པ་ཕྱོགས་བཅུར་སྣང་བར་མཛད་པས་ཡེ་ཤེས་ཀྱི་གཟུགས་ཉིད་དོ།། དེའི་ཕྱིར་གསུངས་པ། སྒྲོན་མ་དང་འདྲ་བས་ན་ཞེས་པ་ནི་རབ་ཏུ་སྣང་བ་ཙམ་གྱི་ཆོས་ངེས་སོ།། རབ ་ཏུ་སྣང་བར་བྱ་བ་དང་། རབ་ཏུ་སྣང་བར་བྱེད་པ་པོ་དང་། རབ་ཏུ་སྣང་བའི་ངོ་བོ་ཉིད་ཀྱིས། ཡེ་ཤེས་གསུམ་པོ་ཉིད་ཀྱི་གནས་སྐབསུ་རབ་ཏུ་གསལ་བར་བྱེད་པས་རབ་ཏུ་སྣང་བར་བྱ་བ་དང་། རབ་ཏུ་སྣང་བའི་ངོ་བོ་རྣམས་ཀྱིས་དབྱེ་བར་འདོད་དོ།། དེའི་བདག ་ཉིད་ཅེན་གྱི་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ནོ།། དེ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་འདི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་སྟོན་པར་བྱེད་པ་ཛྙཱ་ནི་རྟོགས་པར་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དུ་ན་བྱང་ཆུབ་ཀྱི་སེམས་འདི ་ཡོངསུ་མ་དག་པའི་ཕྱིར་དབང་བསྐུར་བར་མི་འོས་སོ།། འདིས་ནི་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ཆ་ཤས་རྣམ་པར་བཞག་པ་ལས་ཕྱི་རོལ་ཏུ་གྱུར་པའམ། ནང་དུ་ཡོངས་སུ་མི་དག་པའི་ཕྱིར། སློབ་མ་དབང་བསྐུར་བར་ཡང་བརྗོད་པར ་འགྱུར་བ་མ་ཡིན་ནོ།། ཡེ་ཤེས་གསུམ་གྱི་སྣང་བ་ཉིད་སྣང་བ་མ་ལུས་པ་སྟེ་ཟིལ་གྱིས་མནན་པ་ནི། ཕྱོགས་བཅུར་སྣང་བར་བྱས་པའོ།། གཞན་དུ་ཉི་མ་ལ་སོགས་པའི་སྣང་བ་རྣམས་ཀྱིའང་སོ་སོར་ངེས་པའི་ལུས་ཀུན་ཏུ་སྣང་བར་བྱང་ནུས ་བར་མཐོང་བར་ཉིད་ཡིན་ན། སླར་ཡང་དོན་དམ་པའི་བདེན་པ་ལ་སྣང་བ་མཱ་ལུས་པཾ་ཟིལ་གྱིས་གནོན་པ་འཇོག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱེད་པ། ཅི་ལྟར་མི་འགྱུར། སྒྲོན་མོ་ཞེས་པ་ནི་སྔར་བཞིན་དུ་སྒྲོན་མ་དང་འདྲི་བའོ།། རྡོ་རྗེ་ཞེས ་པ་ནི་རྟག་པ་ཉིད་ངེ་འཇིག་རྟེན་གང་གིས་ཀྱང་གནོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། མཐར་ཐུགས་པའོ་ཞེས་པ་ནི་རབ་ཏུ་དབྱེ་བ་གཅིག་གོ་གཉིས་པ་གསུངས་པ། འོད་གསལ་བ་དང་ཞེས་པ་ལ་སོགས་པ་སྟེ། བཞེངས་ནས་ཞེས་པ་ནི་ཡེ་ཤེས ་ཀྱི་རིམ་པས་སམ། ས་བྱོན་དང་མཚན་མ་ལ་སོགས་པའི་རིམ་པས་སོ།། ཉོན་མོངས་པ་ལྔ་ནི་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། ཕྲག་དྲོག་གི་མཚན་ཉིད་རྣམསོ།། དེ་རྣམས་ཀྱིས་ཁྱབ་པ་ནི་བཀྲབ་པའོ།། ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་ནོ།། ཉོན་མོངས་པ་གསུངས་པ། དེ་རྣམས་ཀྱི་རང་བཞིན་ཡོངསུ་ཤེས་པ་ཉི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་རྣམ་པའི་རྒྱུན་ཕྱིན་ཅི་མ་ལོག་པར་ཡོངསུ་ཤེས་པ་ཉིད་ཀྱི་དེ་ཉིད ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་འཆང་ཉིད་དོ།། གསུངས་པ་ཡང་རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། དེ་ཉིད་ཁྱོད་ནི་སྤྱོང་པར་བཞེད།། དེ་བཞིན་སྣ་ཚོགས་དམ་པའི་ཆོངས།། དེ་དང་མཉམ་པ་དེ་བཞིན་གཤེགས།། དེ་ཉིད་ངས ་པའི་དོན་དུ་ཡང་།། དེ་བཞིན་ཉིད་ཀྱི་རྫ་སུ་འདོད།། དེ་ནི་ཡང་དག་མི་བསླུ་བ།། དེ་རྟོགས་པ་ལ་སངས་རྒྱས་བརྗོད།། སངས་རྒྱས་རྣམས་དང་སེམས་ཅན་ཁམས།། དེ་ཡིས་ཐ་དད་མིན་ཉིད་དོན་ཞེས་སོ།། དེའི་རང་བཞིན་ནི ་བྱང་ཆུབ་ཀྱི་རང་བཞིན་ནོ།། གདུལ་བྱ་རྣམས་ནི་ཉོན་མོངས་པ་ལྔས་ཁྱབ་པའོ།། ཞེ་སྡང་ཞེས་པ་ཉེ་བར་མཚོན་པ་སྟེ།། རྒྱུད་འདི་ལ་སེམས་གཙོ་བོ་ཡིན་པའི་ཕྱིར། ཐོག་མུར་མི་བསྐྱོད་པ་སྟོན་པར་བྱེད་དོ།། སྦྱང་བའི་ཕྱིར་ཞེས་བྱ་བ་ནི་མ ་བསྐྱོད་པའི་གཟུགས་ལ་སོགས་ཉིད་ཀྱི་ཞེ་སྡང་གི་རིགས་རྣམས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ཞེས་པ་ལ་སོགས་པ་སྟེ། ཐུགས་ནི་དེ་སྐུལ་བར་བྱེད་པ་པོ་ཉིད་ཀྱིས་རང་གི་སྐུ་ལས་ངེས་པར་བྱུང་བས་སོ།། གསུང་རྡོ་རྗེ་ལས་བཛྲ ་དྷྲྀཀ~ཾ་ཙས་བྱ་བའི་སྔགས་ཕྱུང་བས་སོ།། བློ་ལེ་བཞག་ནས་ཞེས་པ་ནི་བློས་དམིགས་པར་གྱུར་པའོ།། ཐུགས་རྗེ་ཆེན་པོ་ནི་འཆད་པར་འགྱུར་བའི་ཐབས་གང་ཡིན་པའི་རྡོ་རྗེ་འཆུང་ཆེན་པོ་དེ་དེ་བཞིན་ནོ།། དེའི་ཁྲོ་བོ་ནི་འདིའི་དོན་གྱི་ཞེ་སྡང ་སྟོ། ཞེ་སྡང་ཅན་རྣམས་ཞེ་སྡང་ལ་ཕྱིར་ཕྱོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་འཆང་ཆེན་པོ་དེའི་རིགས་ནི་མི་བསྐྱོད་པ་སྟེ། ལྷ་མོའི་བྷ་གར་ལུས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པར་བྱེད་དོ་ཞེས་པས་བཛྲ་དྷྲྀཀ་ཙས་བྱས་ནས་སོ།། དེ་ཉིད་ཀྱི ་ཕྱིར་གསུངས་པ། སྙོམས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་ཇི་བཞིན་པའོ།། ལྔ་ཞེས་པ་ལ་སོགས་པ་ལ་རྣམ་པ་ལྔ་ཞེས་པ་ནི། མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ག ་བ་ལྔའི་རང་བཞིན་གྱིས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་ཚུལ་འདའོ།། དེ་སྟོན་པར་བྱེད་པའི་རྡོ་རྗེ་ནི་མཚན་མའི་ལུས་ལ་འཆད་པར་བྱེད་དོ་ཞེས་པ་བཛྲ་དྷྲྀཀ་གོ།། རྡོ་རྗེ་འཆང་ཆེན་པོ་དེའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར། མི ་བསྐྱོད་པ་ཡང་ངོ་།། ད་ལྟར་ཛི་ན་ཇིག་ཅེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱང་རྣམ་གཞག་རིམ་པ་དང་། རྣམ་བཤད་ལས་བཤད་པའི་ཕྱིར་རང་བཞིན་གཉིས་ཉིད་དུ་རྟོགས་པར་བྱའོ།། དྲང་བའི་དོན་ཏོ།། བདེན་པ་ཞེས་བྱ་བ་ལ་སོགས་པ ་ནི་འཛིན་པར་བྱེད་དོ་ཞེས་བྱ་བ་ནི་མངོན་དུ་བྱ་བ་ཉིད་དོ།། རྡོ་རྗེ་འཆང་ཆེན་པོ་དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ཡང་ངོ་།། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་བཤད་པ་འདིའོ།། ངེས་པའི་དོན་ནོ།། དེ་ཉིད་ཅེས་བྱ་བ་ལ་སོགས ་པས་དྲུག་པས་མངོན་པར་བརྗོད་དེ་དྲུག་པའི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པོ་འདིའི་ཞེས་སྤྱོད་བསྡུས་སུ་གསུངས་པ། སྤྲུལ་པའི་བདག་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོ་སྟེ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ལོངས་སྤྱོད་རྫོགས ་པའི་སྐུའི་རྒྱུ་ཉིད་ཀྱི་ཕྱིར་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ།། མི་བསྐྱོད་པ་ཞེས་པ་ནི་ལྔ་པའོ།། ཞལ་ནག་པོ་ལ་སོགས་པའི་བདག་ཉིད་ཅན་ཞེས་པ་ནི་དྲུག་པ་ནི་ཞལ་དཀར་པོ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ།། དེ་རྣམས་ཞེས་པ་ནི་ཞལ་ནག་པོ་ལ་སོགས ་པ་བདག་ཉིད་ཅན་མོ་བསྐྱོད་པའི་ཕྱག་རྒྱ་རྣམ་སོ།། གཅིག་ཏུ་གྱུར་ནས་ཞེས་པ་ནི་དྲུག་པའི་ཕྱག་རྒྱ་ཆེན་པོ་རྣམས་སོ།། ནག་པོ་ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་ནཱཾ་ཞེས་པ་ཐོག་མ་དང་། གཞན་དྲ་ཞལ་ནག་པོ་ལ་སྲོགས་པ་མངོན་པར་བརྗོད་པ ་ཉིད་ཀྱི་ཕྱིར་རོ།། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་བཞུགས་པ་ཞེས་པ་ནི་མི་བསྐྱོད་པའོ།། རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དྲུག་པ་ལས་དབྱུང་བ་ནི་རྡོ་རྗེ་སེམས་དཔའ་དབྱུང་བའོ།། རྡོ་རྗེ་སེམས་དཔའ ་འམ། མི་བསྐྱོད་པ་དབྱུང་བ་ལ་རྡོ་རྗེ་སེམས་དཔའ་དབྱུང་བའོ།། དང་པོའོ་ཞེས་པ་ནི་གཉིས་པ་ལ་སོགས་པ་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། སྒྲ་ཇི་བཞིན་པའོ།། དང་པོ་སྦྱོར་བ་ཞེས་པ་ནི་དང་པོའི་སྒྲ་ནི་ཐོག་མའི་རྣམ་གྲངས་ཏེ། དང་པོ་སྦྱངས ་རྒྱས་དྲུག་པ་ཉིད་ཀྱིས་ལྷན་ཅིག་ཏུ་སྦྱོར་བ་ནི་དང་པོའི་སྦྱོར་བའོ།། མདོ་དང་བསྲེ་བར་བྱེད་པར་ཡང་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ་ཞེས་རྣལ་འབྱོར་བཞི་དེ་མ་ཐག་ཏུ་གསུ་ངས་སོ།། དང་པོ་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་བའི་དཀྱིལ་འཁོར ་སྟོན་པར་བྱེད་པས་ཞེས་པ་ནི། གསུངས་པ་ཡང་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་གནས། དཀྱིལ་འཁོར་ཐམས་ཅད་རབ་དབྱུང་བྱ་ཞེསོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཞེས་པ་དྲུག་པའོ།། ཐུགས་ལས་ཞེས་པ་ལྷ་མོའི་བྷ་གཱ་ལས་སོ།། ་དོན་ནི་བཤད་ཟིན་ཏོ་ཞེས་པ་ནི་ཐོག་མར་རོ།། སེམས་ཅན་རྨོངས་པ་ནི་གཟུགས་ལ་ཆགས་པའོ།། ཞི་བའི་ཚུལ་ནི་ཡིད་བདེ་བ་སྐྱེས་པར་བྱེད་པའོ།། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། རྣམ་པ་བཅུ་གཉིས་ཞེས་པ་ནི་སྡུག ་བསྔལ་ལོ།། ཡོངསུ་ཤེས་སོ།། སླར་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ།། ཀུན་འབྱུང་ངོ་།། སྤང་བར་བྱའོ་སྤངས་སོ།། སླར་ཡང་སྤང་བར་བྱར་མེད་དོ།། འགོག་པའོ།། མངོན་དུ་བྱའོ།། བདོན་དུ་བྱ།། སླར་ཡང་མངོན་དུ་བྱར་མེད་དོ།། ལམ་མོ། བསྒོམ་པར་བྱའོ།། ་བསྒོམས།། སླར་ཡང་བསྒོམ་པར་བྱར་མེད་དོ་ཞེས་པ་རྣམ་པ་བཅུ་གཉིས་སོ།། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འོད་གསལ་བའི་བདག་ཉིད་ཅན་གྱི་སེམས་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གིས་དབྱེ་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ།། འདིར་ཕུང ་བོ་དང་ཉོན་མོངས་པ་དང་། འཆི་བ་དང་། ལྷའི་བུ་ཞེས་བྱ་བ་རྣམས་ཟིལ་གྱིས་གནོན་པར་ཅན་དོ།། ས་པའི་དོན་ཏོ། དེ་ཉིད་ཅེས་པ་རིག་པའི་སྐྱེས་བུ་ཉིད་དོ།། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ནི། དཀར་པོ་ནག་པོ་དམར་པོ་ཡི་ཞལ་ལ་སོགས་པའི་བདག་ཉིད་ཅན་ནོ།། དེའི ་ལྷན་ཅིག་གཅིག་ཏུ་གྱུར་པ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་ཕུང་པོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། སྒྲ་ཇི་བཞིན་པའོ།། ཀུན་རྫོབ་བྱང་ཆུབ ་ཀྱི་སེམས་ནི་འཇིག་པའི་བདག་ཉིད་ཅན་རྣམ་པར་ཤེས་པའི་སྟོབས་ཅན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པ་སྟེ། ཕྱག་རྒྱ་ཆེན་པོ་མཉམ་པ་ཉིད་ནི་མཉམ་པ་ཉིད་ཀྱི་ཡིས་ཀྱིསག་ཉིད་ཅན་རིན་ཆེན་འབྱུང་བའི་རང་བཞིན་ནོ།། དེའི་ཕུན ་སུམ་ཚོགས་པ་ནི་བསྐྱེད་པའོ།། གང་ཡིན་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། དྲང་བའི་དོན་ལ་བརྟེན་ནས་ངེས་པའི་དོན་གསུངས་སོ།། ཐམས་ཅད་ཅེས་པ་ལ་སོགས་པ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་དྲན་ནོ།། དེ་ལས་བྱུང་བ་ཞེས ་པ་ནི་རིན་ཆེན་འབྱུང་ལྡན་ཡང་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཕྱིར་གསུངས་པ། རྡོ་རྗེ་དཔལ་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་པའི་དོན་ཏོ།། རཏྣ་ཞེས་བྱ་བ་ལ་སོགས་པ་ལ་གཅིག་ཏུ་གྱུར་པ་ནི་དྲུག་པའི་ཚོར་བའི་ཕུང་པོའི་བདག ་ཉིད་ཅན་ཉིད་ཀྱི་ཕྱིར་རིན་ཆེན་གྱིའོ།། གོས་པ་མེད་པ་ཞེས་པ་ནི་མི་མཉམ་པ་མེད་པསོ།། གལ་ཏེ་གང་གི་ཕྱིར་མི་མཉམ་པའི་ཤེས་པས་གོས་པར་གྱུར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དོར་བར་འགྱུར་རོ།། ན་མཁའི་གནས་ཞེས་པ་ནི ་ན་མཁའི་གནས་ལྟ་བུ་ཡིན་པས་ན་མཁའ་གནས་ཞེས་བརྗོད་པར་བྱའོ།། ནོར་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ནི་ཡིད་ཅན་རྣམས་སོ།། དུལ་བ་ན་ཡང་ཅན་རྣམས་སོ།། དུལ་བ་ནི་ང་རྒྱལ་འཇིག་པའོ།། ང་རྒྱལ་རྣམ་པར་དག་པའི་གནས་ནི་རིན་ཆེན ་དདབང་པོ་སྟེ་དེ་ལའོ།། སྒྲ་ཇི་བཞིན་པའོ།། འདོད་ཆགས་ཀྱིས་ནི་ཡུལ་ལ་ཆགས་པའི་མཚན་ཉིད་ཀྱིསོ།། འདོད་ཆགས་སྤང་བའི་དོན་ནི་འཁོར་བ་སྐྱེད་པར་བྱེད་པར་ཡུལ་ལ་ཆགས་པ་བཟློག་པའི་དོན་དུའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མཆོག་ཏུ་དགའ་བའི ་མཆོག་ཏུ་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་སྣང་བ་གསུམ་མོ།། བྱང་ཆུབ་སེམས་དཔའ་ཞེས་པ་ནི་བྱང་ཆུབ་ཡེ་ཤེས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་འཛག་པའི་བདག་ཉིད་ས་ཏེ། དེ་འབྱུང་བ་ནི་བྱང་ཆུབ་ཀྱི་སེམས་འབྱུང་བ་ཨོཾ་ཡིག་གོ། དེ་ལས་བྱུང་བ་ནི་འོད་དཔག་ཏུ ་མེད་པ་སྟེ། དྲང་བའི་དོན་ནོ།། འདོད་ཆགས་ཆེན་པོ་ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་པར་མོ་ལ་བལྟོས་ནས། འོད་གསལ་བ་སེམས་དཔའ་ཆེན་པོའི་འདོད་ཆགས་ལ་འདོད་པ་ཉིད་ཀྱི་ཕྱིར་རོ།། དྲང་བ་དང་ངེས་པའི་དོན་ནོ།། ། ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ལ་ཀུན་ཏུ་ཆགས་པ་ནི་རྟག་ཏུ་དེ་རྗེས་སུ་འབྲེལ་བའོ།། རྡོ་རྗེ་འདོད་ཆགས་ཞེས་པ་ནི་དྲང་བ་དང་ངེས་པའི་དོན་གྱིས་སོ་སོར་ཀུན་ཏུ་རྟོག་པ་ནི། དབྱེ་བར་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་མེ་ལོང་ལ་སོགས་པའི ་ཡེ་ཤེས་བཞི་པོ་རྣམས་ལ་ཡང་ཇི་ལྟར་འབྱུང་བ་བཤད་པ་འདིའོ།། ཨཱ་ཞེས་བྱ་བ་འདིའི་བཤད་པ་ནི་ཀུན་ནས་སོ།། རོ་ཞེས་བྱ་བ་འདིའང་འཁོར་བ་སྟེ། ཕུང་པོ་དང་ཁམས་ལ་སོགས་པ་ལྷ་ཉིད་དུ་ང་རྒྱལ་བྱེད་པའོ།། ལིཀ་ཅེས་པ་ནི་འདིའི་བཤད་པ ་ནི་དེ་ལས་འགྲོ་བར་བྱེད་དོ་ཞེས་པའོ།། ཡེ་ཤེས་གསུམ་མོ་ཞེས་པ་ལྷག་མ་སྟེ་དེ་ཉིད་ཀྱི་ཕྱིར་གསུངས་པ། རོ་ཞེས་བྱ་བ་ལ་སོགས་པའོ།། དྲང་བ་དང་ངེས་པའི་དོན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ། ་དོན་ཡོད་པ་ནི་གདོན་མི་ཟ་བར་གྲུབ་པ་གང་དུ་ཡིན་པ་དེ་ལ་དེ་བཞིན་ནོ།། དྲང་བའི་དོན་ཏོ།། མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ནི་རྒྱུ་མེད་པ་ཡིན་ཏེ། གང་དེ་བཞིན་ཉིད་ནི་ཁ་ཅིག་གི་རྒྱུ་དང་རྒྱུ་མ་ཡིན་པ་ཉིད་དུ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས ་པའོ།། ངེས་པའི་དོན་ནོ།། ཕྲག་དོག་ནི་བུད་མེད་དང་སྐྱེས་པ་དག་གི་ཕན་ཚུན་མི་བཟོད་པ་བྱེད་པའོ།། དེ་ཉིད་ཉོན་མོངས་པ་སྟེ་ཉོན་མོངས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། དེ་སྦྱོང་བར་བྱེད་པས་དོན་ཡོད་པའི་གཟུགསོ།། འགུགས་པ་ཞེས་པ་ནི་མི ་བཟོད་ཅིང་མི་ཆགས་པའོ།། དམ་ཚིག་ཉམས་པ་ནི་ཕྲག་དོག་མི་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་བཀའི་དམ་ཚིག་གོ། དེ་ལས་ཉམས་པ་ནི་དེའི་བཀའ་ལས་འདས་པའི་ཕྱིར་རོ།། སོགས་པའི་སྒྲ་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་གཟུང་ངོ་།། ་ཉེས་པ་སེལ་བ་བྱེད་པའི་དོན་ནི་གསུངས་པའི་ཉེས་པ་ལས་ཉེ་བར་འདའ་བར་བྱེད་པའི་དོན་དུའོ།། རིགས་ནི་རིགས་ཀྱི་གཙོ་བོ་སྟེ། དམ་ཚིག་ཉམས་པས་དོན་ཡོད་པའི་བདག་ཉིད་ལ་དམིགས་པ་ལས་དེ་སེལ་བར་བྱེད་པར་འགྱུར་རོ།། དྲང་བའི་དོན་ནོ།། ་གཞན་དེ་སེལ་བར་བྱེད་པའི་དོན་དུ་ངེས་པའི་དོན་གསུངས་པ། དམ་ཚིག་ཅེས་པ་ལ་སོགས་པ་སྟེ། འདི་ཉེ་བར་བྱའོ་གཟུང་བར་བྱའོ།། ཞེས་པ་དམ་ཚིག་གོ།། ཁམས་ཕྲ་བ་ནི་རླུང་གིསོ།། དེས་ཞེས་པ་རླུང་གིས་སོ།། ཐབས ་ཀྱི་ཡེ་ཤེས་ནི་འོད་གསལ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། འགུགས་པ་ཞེས་པ་འདིའི་བཤད་པ་ནི།། མཆོག་ཏུ་ཞེས་པ་ལ་སོགས་པ་སྟེ་སྔ་མོ་བཞིན་ནོ།། ཡོངས་སུ་སྦྱོང་བར་བྱེད་པ་ཞེས་པ་ནི་འོད་གསལྔ་པ་ཉིད་དུ་ལྟུང་བར་ཡོངས་སུ་ཤེས་པའོ།། བླ་ན ་མེད་པའི་མཆོད་པའི་རང་བཞིན་ནི་རིགས་ཏེ་རིགསུ་བྱ་བུ་ཤེས་པར་བྱའོ་ཞེས་བྱས་ནས་སོ།། ངེས་པའི་དོན་ནོ།། རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་རྣམ་པོར་དཔྱོད་པའི་རྣམ་པ་སྟེ། དེ་བཞིན་གཤེགས་པའི་གནས་སྐབས་ན་ཡང་འདི་ལྷུན ་གྲུབ་ཏུ་ཡོད་བཞིན་པ་ཉིད་ཀྱི་ཕྱིར།། རྣལ་འབྱོར་པའི་སྐབས་ནི་བསྒོ་བར་བྱེད་པའི་ཡིས་ཉིད་རབ་ཏུ་རྣར་འབྱེད་པི་བདག་ཉིད་དེའི་ཕྱིར་དེ་ཡང་པྲེ་ཛྙཱ་དྷྲྀཀ་གོ། དྲོང་བའི་དོན་ནོ།། ཟླ་བར་སྣང་བ་ཞེས་པོ་ནི་ཉེ་བར་མཚོན་པར་བྱེད་པ་སྟེ། སྣང་བ་མ་ཚད་པ་དང་། སྣང་བ་ཉེ་བར་ཐོབ་པ ་ངག་ཉེ་བར་མཚོན་པར་བྱེད་དོ།། དེ་ཁམས་ཕྲ་བས་ནི་རླུང་གིས་སོ།། མཁའ་ལ་ཞེས་པ་འོད་གསལ་བའོ།། འཛིན་པར་མཛ་དེ་དོ་ཞེས་པ་སེམས་ཅན་གྱི་རྒྱུད་ལི་ཏེ་རྣལ་འབྱོར་པ་ལ་ཡང་སྔ་མ་བཞིན་ནོ།། ངེས་པའི་དོན་ཏོ།། ཟག་པ་མེད་པ་ནི་ཉོན་མོངས ་པའི་ཟག་པ་མེད་པའི་ཕྱིར་རོ།། འདོད་པ་ལ་ཉེ་བར་ལོངས་སྤྱོད་པ་ནི་འདོད་པ་ལ་ཡོངས་སུ་ཤེས་པས་ཉེ་བར་ལོངས་སྤྱོད་པའོ།། ཐར་པ་རབ་ཏུ་བསྒྲུབ་པ་མི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྐྱེ་བའོ།། ཡུལ་ལ་མངོན་པར་ཞེན་པ་མེད་པས་སླར་ཡང ་སྐྱེ་བ་མེད་པར་ལྔ་པོ་ལ་རྟོགས་པ་འཁོར་བ་ལས་ཐར་པའོ།། ཡང་ནཱ་ཞེས་པ་ནི་ཕྱོགས་གཞན་ནོ།། འདོད་པ་ནི་མངོན་པར་འདོད་པ་སྟེ་བདག་གི་དོན་དང་གཞན་གྱི་དོན་ལ་སོགས་པའི་མཚན་ཉིད་དོ།། ཐར་པ་ནི་ཟག་པ་མེད་པའི་བདེ་བའི་མཚན་ཉིད་དོ།། ་བཤད་པའི་རྒྱུད་ལས་ནི་དགོངས་པ་ལུང་སྟོན་དུའོ།། ཕུང་པོ་ཞེས་པ་ནི་གཟུགས་ལ་སོགས་པའོ།། འདི་དག་ཅེས་པ་ནི་འདི་ཉིད་དུ་ཐོག་མར་མངོན་པར་བརྗོད་པ་ལ་བལྟོས་ནསོ།། སངས་རྒྱས་འགྱུར་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ།། ་བྱང་ཆུབ་ནི་འོད་གསལ་བའི་ཡེ་ཤེས།། དོན་ནི་སྣང་བ་ལ་སོགས་པའོ།། དེ་དག་གི་རྐྱེན་དག་གོ།། བྱུང་བ་ནི་སྐྱེས་པ་གང་ཡིན་པའོ།། དེ་ཡང་ཞེས་པ་ནི་སྔར་གསུངས་པའི་ངེས་པའོ།། དེ་བཞིན་ཞེས་པ་ལ་སོགས་པ་ནི། སྔར་གསུངས་པའི་ནུས ་པའི་འབྲས་བུའོ།། དེ་བཞིན་གཤེགས་པ་ལྔ་པོ་དབྱུང་བའོ།། ངེས་པའི་དོན་ཏོ།། སླར་ཡང་ཞེས་པ་དེ་བཞིན་གཤེགས་པ་དབྱུང་བ་ལ་བལྟོས་ནས་སོ།། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ལྔ་པོ་རྣམས་ཀྱིའོ།། ཉེ་བར་ལོངས ་སྤྱོད་པའི་ཕྱིར་ནི་གཟུགས་ལ་སོགས་པ་དེ་དང་དེ་ཉམསུ་མྱོང་བར་བྱེད་པའི་དོན་དུའོ།། གཟུགས་ལ་སོགས་པ་རྣམ་པར་དག་པ་སྒྲུབ་པར་བྱེད་པ་མཆོག་ཏུ་གྱུར་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་དང་། སྤྱན་མ་ལ་སོགས་པའི་སྐུར་གྱུར་པ་གཟུགས ་ལོ་སོགས་པའི་ཡུལ་རྣམས་ཏེ། དེའི་ངོ་བོ་ཉིད་མེ་ལོང་ལ་སོགས་པའི་མཚན་མའི་དཔེ་སོ།། རྣམ་པར་བཞག་པའི་རིམ་པར་གསུངས་པ་ཡང་གཟུགསུ་བྱའོ།། སོ་སོར་རྣམ་པར་བརྟག་པར་བྱའོ།། གཟུང་བར་བྱའོ་ཞེས་པ་གཟུགསོ།། རྡོརྗེ ་སྦྲུ་ལས་གཟུགས་རྣམ་པར་དགུ་བ་སྟོན་པར་བྱེད་དོ།། དེ་བཞིནྡ་དུ་སྒྲ་ལཱས་གས་པ་ཡང་དེང་བ་ཤང་བར་དྨོ་གས་པར་བྱའོ།། འོན་ཇི་ལྟར་དེ་བཞིན་གཤེགས་པ་ལཱ་ལཱ་ཉེ་བར་ལོངས་སྤྱད་པར་བྱ་བའི་ལྷ་མ་བླུན་པ་ཡན ་ཞེ་ན། མཱ་མ་ཀཱི་ནཱི་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་ངག་གི་སྒྲོན་མོངས་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ།། དྲུག་པ་ལ་ནི་ཕུང་པོ་ལྔ་པོ་ལྡན་པ་ཉིད་ཀྱི་ཕྱིར། ཐམས་ཅད་ཀྱིས་འབྲེལ་ལོ།། རྡོ་རྗེ་འཛིན་ནི་འདིར་མི་བསྐྱོད་པའོ།། དེའི་རྗེས་སུ ་མཉེས་པར་བྱེད་པ་ནི་བདེ་བ་སྦྱིན་པ་ཉིད་དོ།། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེ་སྡོང་ནི་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཞེ་སྡང་དང་མི་བསྐྱེད་པའི་སྒྲ་དག་རྣམ་གྲངས་ཉིད་དུ་རྟོགས་པར་བྱའོ།། དྲང་བའི ་དོན་ཏོ་ཞེ་སྡང་ཉིད་ཉོན་མོངས་པ་སྟེ། དེ་དག་ཡེ་ཤེས་ཀྱི་རིམ་པས་དེ་བཞིན་ཉིད་དུ་ཡོངསུ་ཤེས་པའོ།། དེ་ལ་དགའ་བ་ནི་ཀུན་ཏུ་ཆགས་པའོ།། ངེས་པའི་དོན་ཏོ།། དེ་ཉིད་ཅེས་པ་ནི་དྲུག་པོའོ།། དེའི་ཁམས་ཡིན་པ་ཉིད་ཀྱི་ཕྱིར་མཱ་མ་ཀཱི་སྟེ། སེམས ་གཙོ་བོ་ཡིན་པའི་ཕྱིར་ཐོག་མར་མཱ་མ་ཀཱི་བྱུང་བའོ།། རྗེས་སུ་མཉེས་པར་བྱེད་པ་ནི་བདེ་བ་རབ་ཏུ་སྦྱིན་པས་ཡོངསུ་དགྱེས་པ་སྐྱེད་པར་བྱེད་པ་སྟེ། སྒྲ་ཇི་བཞིན་པའོ།། མོ་ཧ་ནི་མི་ཤེས་པ་སྟེ་སྲིད་པ་དེ་རྣམ་པར་དག་པ་ནི་སྔ་མ་བཞིན་ནོ།། འདོད་ཆགས་ནི ་བུད་མེད་དང་སྐྱེས་པ་དག་གི་ཕན་ཚུན་བདེ་བ་ལ་ཆགས་པའོ།། དེའི་རྣམ་པར་དག་པ་སྔ་མ་བཞིན་ནོ།། དྲང་བ་དང་ངེས་པའི་དོན་ཏོ།། སྐུ་ཞེས་པ་ལ་སོགས་པ་ལ་མི་རྟག་པའོ་ཞེས་པ་ནི་འཇིག་རྟེན་དུ་ལུས་ལ་སོགས་པ་མི་རྟག་པ་ཉིད་ཀྱིས་སླུ་བར ་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་ཡང་རང་གི་སྡེ་བ་རྣམས་ལུས་ལ་སོགས་པའི་ཕུང་པོར་གནས་པ་མི་རྟོག་པར་སྟོན་པར་བྱེད་དོ།། སོ་སོའི་ལུས་ལ་སོགས་པ་ཀུན་ནས་འཆི་བའི་མཐར་ཐུག་པ་དང་། མདོ་སྡེ་བ་ཡང་ཕུང་པོ་ལ་སོགས་པའི་རང་བཞིན ་གྲུབ་པར་བརྗོད་པ་ན། སྐད་ཅིག་ཅན་ཉིད་དུ་རྗེད་པར་བྱེད་དོ།། དེ་ལ་གལ་ཏེ་དངོས་པོ་སྐད་ཅིག་མ་གཅིག་མི་གཅིག་ཉིད་དུ་གྲུབ་ན། སྐད་ཅིག་ཕྱི་མ་སྐྱེ་བ་དང་། སྐད་ཅིག་སྔ་མ་འགག་པར་འགྱུར་བའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་རོ།། དབུ་མ་རུ ་གསུངས་པ་ཡང་། ཡོད་གང་རང་བཞིན་བྲལ་བ་ཡིས།། མེད་དེ་མེད་ཅེས་རིགས་པར་འགྱུར།། ཡོད་པ་ད་ལྟར་མ་བྱུང་བས།། སྔ་མ་ཆད་པར་ཐལ་བར་འགྱུར་ཞེས་སོ།། ཡི་གེའི་དོན་ནོ།། སྟོང་པ་ཞེས་པ་ལ་སོགས་པ་ལ་ཕུང་པོ་ལ་སོགས་པ ་རྣམས་ལ་སྟོང་པ་ཉིད་དུ་མངོན་པར་ཞེན་པ་མཆོག་ཉིད་ཀྱི་ཕྱིར། འཇིག་རྟེན་དབང་ཕྱུག་གི་ལུས་ལ་སོགས་པ་སླུ་བར་བྱེད་པ་སྟོང་པ་ཉིད་དོ།། སྤྱིའི་དོན་ནོ་ཞེས་པ་སྟོང་པ་ཉིད་ལ་དམིགས་པས་རང་བཞིན་གྱིས་ཡོད་པ་གསལ་བ་བསྐྱེད་པར་འདོད་པ ་ཉིད་ཀྱི་ཕྱིར་རོ།། སྣང་བ་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་སྐུ་ལ་སོགས་པ་སྣང་བའི་རང་བཞིན་ཉིད་ཀྱིས། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིདས་ཉིད་དུ་རླུང་གི་ཁམས་ཀྱི་དབང་གི་ཕྱིར་བསྒྲུབ་པར་བྱའོ།། ལུས་ལ་སོགས་པ་སྣང་བ་ལ ་རབ་ཏུ་ཞུགས་ནས་སྐད་ཅིག་སྐད་ཅིག་ལ་སླར་ཡང་རང་གིས་ཡང་དག་པར་རིག་པར་གྱུར་པ་སྣང་བ་གསུམ་པོ་རང་གིས་ཡང་དག་པར་རིག་པར་བྱས་ནས་ནི་བདག་ཉིད་དམ་སློབ་མའོ།། དངོས་པོ་མེད་པ་ནི་དམིགས་པ་ནི་འོད་གསལ་བ་ལ་དམིགས ་པ་སྟེ། རྟག་པ་མ་ཡིན་པ་དེ་ནི་སྐུ་ལ་སོགས་པ་སླུ་བར་བྱེད་པ་སྟེ། རྣམ་པར་ཉམས་པར་བྱེད་པའོ།། སྦས་པའོ་ཞེས་པ་དང་ལྷག་མ་བལྟོས་ནས་གསུངས་པ་ཉིད་ཀྱི་ཕྱིར་རོ།། ཕུང་པོ་ལ་སོགས་པ་རྣམས་དཔེ་གཅིག་གཉིས ་ཀྱི་བླ་མའི་དྲིན་ལས་ལོངས་སྤྱོད་རྫོགས་པ་ཉིད་དུ་རྟོགས་ནས། རིལ་པོར་འཛིན་པ་ལ་སོགས་པས་སྣང་བ་མེད་པ་ཉིད་ནི་སླུ་བར་བྱེད་པ་སྟེ། སྔ་མ་བཞིན་ནོ།། མཐར་ཐུག་པོའོ།། དེ་རྣམ་པོ་ཞེས་བྱ་བ་ནི་ཡི་གེའི་དོན་ལ་སོགས་པ་བཤད་པ་རྣམ ་པ་བཞིའི་བཤད་པའི་དོན་གྱི་རྣམ་པར་དམན་པ་ལ་སོགས་པའི་གདུལ་བྱའི་དོན་དུ་སེམས་རྩེ་གཅིག་པ་ཉིད་དུ་མཛད་པར་གྱུར་ཏོ་ཞེས་བྱ་བའི་དོན་ནོ།། སྒྲ་ཇི་བཞིན་པའོ།། བཛྲ་ར་ཏི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཉིད་ཀྱི་དོན་དྲང་བ་དང་ངེས ་པའི་དོན་དག་གིས་བསྟན་པར་གྱུར་པའོ།། འདི་རྣམས་ནི་སྤྱན་མ་ལ་སོགས་པ་རྣམས་ཏེ། ལྷན་ཅིག་སྤྱོད་པ་ཞེས་མངོན་པར་བརྗོད་པའི་ཕྱིར་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་རྗེ་སུ་སྤྱོད་པ་ཉིད་དུ་ཀུན་ཏུ་རྟོགས་པར་བྱའོ།། འདོད་པའི་དབང ་ཕྱུག་ཅེས་པ་ནི་འདོད་པའི་ཡུལ་སྤྲུལ་པ་དང་། དེ་ལ་ལོངས་སྤྱོད་པ་ལ་མངའི་བདག་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་གང་གལ་ཏེ་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་གདུལ་བྱ་འབྱུང་བར་གྱུར་པ་དེའི་ཚེ་གཅིག་དང་ཉེ་བའི་རིམ་པས་རྟོག ་པོ་འམ། རྟོག་པ་ལས་གཞན་འདོད་པ་མངོན་པར་སྤྲུལ་པ་བསྟོན་པར་བྱ་སྟེ། གདུལ་བྱ་མཐའ་ཡས་པ་རྣམས་ལ་འདོད་པའི་བུད་མེད་འབུམ་ཕྲག་རེ་རེ་སྦྱིན་པར་བྱེད་དོ།། སྒྲ་ཇི་བཞིན་པའོ།། དབང་བསྐུར་བའི་ངོ་བོ་ཉིད་ཅེས་པ་ནི་མངོན་པར་འཐོར་བར ་བྱེད་དོ།། ལུས་དང་ངག་ག་དྲ་མ་འཁྲུད་པར་བྱེད་དོ།། ཞེས་པས་དབང་བསྐུར་བ་སྟེ། བླ་མ་རྣམ་པར་སྣང་མཛད་དོ།། དེའི་ངོ་བོ་ནི་རྒྱུ་དང་འབྲས་བུ་དག་དབྱེར་མེད་པར་ཉེ་བར་བརྟགས་པ་ལས་རྡོ་རྗེ་སྟེ་མི་ཕྱེད་པའོ།། གང་ཡིན་པ་ཞེས་པ་ནི་གཤིན་རྗེ་གཤེད་དོ།། དེ་ཞེས་པ་གཤིན། ་རྗེ་མཐར་བྱེད་དོ།། དེ་ལ་དམིགས་པ་ནི་གཤིན་རྗེ་མཐར་བྱེད་ལ་དམིགས་པའོ།། དྲང་བའི་དོན་ནོ།། རྣམ་པ་སྣ་ཚོགས་པའི་རྣམ་པས་སྣང་བར་བྱེད། སྒྲིབ་པ་མ་ལུས་པ་བསྲེག་པས་སེམས་ཅན་རྣམས་ལ་སྣང་བར་བྱེད་དོ།། ཞེས་པས་རྣམ་པར་སྣང་མཛད་དེ་འོད་གསལ་ལོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། དྲིའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་དོ།། དེ་རྣམས་ཀྱི་དཀྱིལ་འཁོར་ནི ་རྟེན་དང་བརྟེན་པའི་བདག་ཉིད་ཅན་རྣམ་པ་བརྒྱད་དོ།། དེ་བསྐྱེད་པ་ནི་བགེགས་རབ་ཏུ་འཇོམས་པ་པོ་ཉིད་ཀྱིས་དེ་བསྐྱེད་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་གསུངས་པ། བྱིན་གྱིས་རློབ་པ་ཞེས་པ་ལ་སོགས་པའོ།། སྒྲ་ཇི་བཞིན་པའོ།། གཤིན་རྗེ་གཤེད་ནི་དམྱལ ་བའོ་དམྱལ་བའི་བདག་པོ་ཡིན་པ་ཉིད་ཀྱི་ཕྱིར་ཡང་ན་དམྱལ་བའི་ལས་ནི་གཤིན་རྗེ་སྟེ། དེའི་རྒྱུ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་རྣམ་པར་སྣང་མཛད་ཀྱི་ཏིང་འཛིན་ལ་ཞུགས་པའི་དྲུག་པའོ།། ཆེན་པོ་ཡང་དེ་ཡིན་ལ་ཁྲོ་བོ་ཡང་ཡིན་པའི་ཏིང་ངེ ་འཛིན་སྟྭ~ཾ། སེམས་ཀྱི་ཁྱད་པར་གང་ཡིན་པ་དེ་དེ་བཞིན་ནོ།། དྲང་བའི་དོན་ནོ།། མ་རིག་པ་ཞེས་པ་ནི་ཡེ་ཤེས་གསུམ་གྱིས་བསྐྱེད་པའི་རྣམ་པར་མ་དག་པའི་ལོངས་སྤྱོད་རྫོགས་པའི་སྐུའོ།། ངེས་པའི་དོན་ནོ།། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཉམ་པ ་ཉིད་ཀྱི་ཡེ་ཤེསོ།། དེ་ལ་དམིགས་པ་ཞེས་པ་ནི་ཐོག་མར་སྦས་པའི་དོན་ལ་དམིགས་ནས་དེ་ལ་དམིགས་པར་བྱའོ་ཞེས་པའི་དོན་ནོ།། ངེས་པའི་དོན་ནོ།། ཤེས་རབ་ཀྱིས་ཞེས་པ་ནི་སོ་སོར་རྟོག་པའི་བདག་ཉིད་ཅན་གྱིས་ཉོན་མོངས་པ་རྣམས ་ལ་སོ་སོར་རྟོག་པ་ལས་སོ།། དྲང་བའི་དོན་ནོ།། རྣམ་པར་རྟོག་པའི་བདག་ཉིད་ཅན་ཞེས་པ་ནི་མ་རིག་པའོ།། དེའི་ཕྱིར་གསུངས་པ། འོད་གསལ་ཞེས་པ་ལ་སོགས་པ་སྟེ། ངེས་པའི་དོན་ནོ།། རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་གི་བཀའོ།། འཇིག ་རྟེན་པ་ཞེས་པའི་ཚིག་ནི་རྡོ་རྗེ་མཁའ་འགྲོ་མ་རྣམ་ལས་བཟློག་པ་གཞན་པའོ།། སྒྲ་ཇི་བཞིན་པའོ།། ཆོས་རིན་པོ་ཆེ་ཞེས་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྟོན་པར་བྱེད་པའི་དབང་ཕྱུག་ཡིན་པ་ཉིད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱིས་མངོན་པར་དབང་བསྐུར་བའི་ཕྱིར་རོ།། རིགས་ནི་བསྐྱེད་པའི་གནས་ཞེས་པའོ།། དྲང་བའི་དོན་ནོ།། བསྡུས་པའི་དཀྱིལ་འཁོར་ནི་འོད་གསལ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པ་ཉིད་ཀྱི་རྟ་མགྲིན་ཡང་དེ་ལས་སྐྱེས་པ ་ཉིད་ཀྱི་ཕྱིར་རོ།། ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཀྱིས་སོ།། དྲང་བའི་དོན་ནོ།། དབང་པོ་གཉིས་ནི་བུད་མེང་དང་སྐྱེས་པའི་དབང་པོའོ།། དེ་དག་སྙོམས་པར་འཇུག་པ་ནི་བསྐྱོད་པའོ།། ཐབས་ངེས་མཆོག་ཏུ ་དགའ་བའི་བདེ་བ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་མཚན་ཉིད་སྐྱེད་པར་མཛད་ཅེས་པ་བསྐྱེད་ནས་ཀྱང་དེའི་མཐར་འོད་གསལ་བ་མངོན་དུ་བྱེད་དོ་ཞེས་པའོ།། དེ་ངེས་པའི་དོན་ནོ།། ཐམས་ཅད་ཅེས ་བྱ་བ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཉིད་ཀྱི་ཕྱིར་རོ།། དེ་ཉིད་རྡོ་རྗེ་བླ་མའོ།། དྲང་བའི་དོན་ནོ།། ཐམས་ཅད་ཅེས་བྱ་བ་ལ་སོགས ་པ་ལ། སྐུ་དང་གསུང་དང་ཐུགས་རྣམས་ནི་དགོངས་པ་དེའི་ངོ་བོ་ཉིད་རྣམས་སོ།། དེ་རྣམ་པར་དག་པའི་གནས་ནི་རྡོ་རྗེའོ།། ངེས་པའི་དོན་ནོ།། ལུས་གཟིར་བའི་ཕྱིར་ནི་དགེ་བའི་དབང་པོའི་ལུས་ལས་མ་ཡིན་པ་ཉིད་འབྱུང་བའི་ཕྱིར་ཡང་བགེགསོ།། ་ཐབས་ཀྱི་ཡེ་ཤེས་ཤར་བས་ནི། དོན་དམ་པའི་བདེན་པ་ཐོབ་པའི་ཐབས་ལོངས་སྤྱོད་རྫོགས་པའི་མཐར་འཇིགས་པ་སྟེ། འོད་གསལ་དུ་བྱེད་དོ་ཞེས་ངེས་པའི་དོན་ནོ།། དཀྱིལ་འཁོར་ནི་རྟེན་བརྟེན་པའི་བདག་ཉིད་ཅན་དང་། ཡང་དག་པར་མཉེས ་པར་བྱེད་པ་ནི་སེམས་རྣམ་པར་གཡེང་བ་ཉིད་ཀྱིས་སོ།། སེམས་དཔའ་ནི་ཁྲོ་བོའོ།། དེའི་ཕྱིར་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འདིར་སྒྲུབ་པའི་ཐབས་ཀྱིས་རྗེ་སུ་འབྲངས་ནས། ཁྲོ་བོ་བཞི་པོ་རིགས་ཀྱི་དབང་པོར་བཤད་དོ།། ་དེ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་དང་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དང་། གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་ལྔ་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དོ།། བཞུགས་སོ་ཞེས་པ་འདི་ལ་ཡང་དྲུག་པ ་མངོན་པར་བརྗོད་པས་དྲུག་པའི་རང་བཞིན་འདིའི་དཀྱིལ་འཁོར་ལ་ལྷ་ཉི་ཤུ་རྩ་གཉིས་མངོན་པར་བརྗོད་པར་བྱས་སོ།། ད་ནི་དཀྱིལ་འཁོར་འདི་ལས་གཞན་པའི་དཀྱིལ་འཁོར་པ་གང་ཡིན་པ་འདིར་མ་གསུངས་པ་རྣམས་བཤད་པའི་རྒྱུད་དཔལ ་རྡོ་རྗེ་འཕྲེང་བ་ལས་ཀྱང་བརྗོད་ལྔ། དེ་རྣམས་གསུངས་པ། ཤྭར་ཕྱོགས་ཞེས་པ་ལ་སོགས་པ་སྟེ། རང་གི་རྒྱུད་ནས་ཡོངས་སུ་བསྡུ་བའི་དོན་དུ་འདིར་གསུངས་པ་རྣམས་ལ་འཇུག་པར་བྱའོ་ཞེས་རྣམ་པར་བཤད་པས་གསུངས ་པ། ཤར་ཞེས་པ་ལ་སོགས་པའོ།། ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའི་སོགས་པའི་སྒྲས་ཕྱག་དང་། ཞལ་དང་ཁ་དོག་དང་། མཚན་མ་ལ་སྩོགས་པ་གཟུང་ངོ་།། སླར་ཡང་དགོངས་པ་གང་གིས་བཅོམ་ལྡན་འདས་འདིར་ཡང ་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མི་གསུང་ཞེ་ན་གསུངས་པ།། སློབ་དཔོན་མེད་པར་ཞེས་བྱ་བ་ལ་སོགས་པའོ།། གཞན་དུ་ཞེས་པ་ནི་རྒྱུད་གཞན་དུའོ།། གལ་ཏེ་གང་སློབ་དཔོན་མེད་པར་འཇུག་པར་གྱུར་ན་ཉེས་པ་ཅིར་འགྱུར། གྲུབ་པར་མི ་འགྱུར་ཏེ། གཞན་ལ་བལྟོས་པ་མེད་པའི་བྱིས་པར་བྱས་པ་མ་ཡིན་གྱི། འདིར་གཞན་ལ་མ་བལྟོས་པར་འཇུག་པ་ནི་དམྱལ་བར་འགྲོ་བར་འགྱུར་རོ།། ཡོངས་སུ་རྫོགས་པར་བརྗོད་པ་ལ་རིགས་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ་དཔེ ་རིགས་པ་དང་ལྡན་པར་བྱེད་པ་གསུངས་པ། སྐུའི་ཞེས་བྱ་བ་ལ་སོགས་པ་བརྒལ་བའོ།། འདིའི་ལན་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་ཞེས་པ་ནི་དྲུག་པའི་འོ།། སྐུའི་རྡོ་རྗེ་ཞེས་པ་ལ་སོགས་པ ་ནས་རྣམ་ཤེས་ཕུང་པོར་ཡང་དག་བཞུགས་ཞེས་པའི་མཐར་ཐུག་པས་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱང་ཕུང་པོའི་བདག་ཉིད་ཀྱིས་མངོན་པར་བརྗོད་དོ།། ཤ་སོགས་ཞེས་པའི་སོགས་ཀྱི་སྒྲ་ལས་རུས་པ་ལ་སོགས་པ་བཟུང་ངོ ་ཁྲག་སོགས་ཞེས་པའི་སོགས་ཀྱི་སྒྲས་བད་ཀན་ལ་སོགས་པའོ།། དྲོ་བ་ལ་སོགས་ཞེས་པ་ནི་འདིར་བལྟོས་པའི་མེ་ལ་སོགས་པའོ།། བསྐྱོད་པ་ལ་སྔོགས་ཞེས་པ་ནཱི་འདིར་དབུགས་འབྱུང་དང་རྔུབ་པ་ལ་སོགས་པའོ།། མིག་གི་དབང ་གཉིས་ལ་ཞེས་པ་ནི། སྤྱོད་སྡུས་སུ་མིག་གི་སྐྱེ་མཆེད་ཀྱི་ཚོགས་ནི་སའི་སྙིང་པོའོ་ཞེས་གསུངས་པ་མ་ཡིན་ནམ་ཞེས་ན། དབང་པོ་སྐྱེ་མ་ཚང་ཉིད་ཡིན་པའི་ཕྱིར། མིག་ལ་སོགས་པའི་ཚོགས་ཀྱང་དབང་པོའི་སྒྲས་བརྗོད་པར་བྱའོ།། ་དེ་ཉིད་ཀྱི་ཕྱིར་གསུངས་པ། སྣ་ལ་བཞུགས་ཞེས་པ་ལ་སོགས་པའོ།། ཁམས་བཞིའི་རང་བཞིན་ཞེས་པ་ལ་སོགས་པས་ལུས་ཐམས་ཅད་རེག་བྱའི་དབང་པོའི་བདག་ཉིད་ཅན་ཉིད་ལ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མངོན་པར ་བརྗོད་པར་བྱའོ།། མཛོད་ལས་ནི་གང་ཡང་ཕོའི་དབང་པོ་མཐེ་བོའི་རྣམ་པ་གསང་བ་ལ་གནས་པར་གསུངསོ།། མོའི་དབང་པོ་ལམ་དུ་གནས་པ་རྔའི་སྦུབས་ལྟ་བུར་གསུངས་སོ།། སྒྲུབ་པའི་ཐབ་སུ་ཡང་སྐྱེས་པའི་གནས་གསུམ་དུ་སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བ་བསྐྱེད་ཅིང་དགོད་དོ།། བུད་མེད་ལ་ཡང་རེག་བྱ་རྡོ་རྗེ་མའོ།། གཙོ་བོ་འདི་ནི་དབང་པོའི་གནས་ལ་ཞེས་མངོན་པར་མཚམས་སྦྱར་བས་འདིར་ས་བོན་དགོད་ཅིང་གནས་གཞན་ལ་ཡང་གཙོ་བོས་ཁྱབ་པ་ཡིན་ནོ་ཞེས་པ ་འདི་འགལ་བ་ནི་མ་ཡིན་ནོ།། དེ་བཞིན་དུ་དབང་པོ་གནན་རྣམས་ལ་ཡང་བཤད་པ་ཇི་ལྟར་འབྱུང་བ་འདིའོ།། རྩ་རྒྱུས་ནི་མགོ་བོའི་འོ།། དཔུང་པ་ཞེས་པ་ནི་ཉེ་བའི་དབང་དུ་བྱས་ནས་བདུན་པ་སྟེ། ཇི་ལྟར་ག་ག་ན་ཕྱུགས་ལྷས་ཇི་ལྟ་བ་བཞིན་ནོ།། ་དེ་ནས་དཔུང་པ་དང་ཉེ་བར་འཇུག་པའི་གཞོག་སུ་མཱི་གཡོ་བ་དང་། འདོད་པའི་རྒྱལ་པོ་གཉིས་དགོད་ངོ་།། འོག་ཅེས་པ་རྐང་པ་གཉིས་ཀྱི་འོག་ཏུའོ།། དེ་ལྟར་བྱས་ནས་ཀུན་ཏུ་ལ་ཞེས་པ་ལ་སོགས་པ་དང་། ལུས་ཞེས ་པ་ལ་སོགས་པ་སྟེ། ཞེས་པ་ཐ་དད་པའི་རིམ་པའོ།། ཞེས་ནི་གསུངས་པའི་རིམ་པས་སོ།། སྐུའི་དཀྱིལ་འཁོར་དུ་བརྗོད་དོ།། ཅི་ཞེས་ན་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སློབ་དཔོན་གྱི་ལུས་ལ་བརྟན་པའི་དཀྱིལ་འཁོར ་གསུངས་པ། ལུས་ཞེས་པ་སྟེ་རྡོ་རྗེ་འཆང་གི་སྐུའི་ཐ་སྙད་དུ་བྱེད་པའི་ལྷའི་འཁོར་ལོ་ཕུང་པོ་ལ་སོགས་པ་ལ་སངས་རྒྱས་ཉིད་ལ་སོགས་པར་རྣམ་པར་བཞག་པ་མངོན་པར་གསུངས་པ་སྟེར་བར་བྱེད་དོ།། ཞེས་པ་ལུས་ཅན་ནོ།། འདི་རྣམས ་ཀྱིས་དགོས་པ་གཞན་གསུངས་པ། འདི་དག་ཅེས་པ་ལ་སོགས་པ་སྟེ། སྤྲུལ་པར་བྱེད་པ་ཞེས་པས་སྤྲུལ་པའི་སྐུའི་བདག་ཉིད་ཅན་ནོ།། རྣམ་པ་གཉིས་པར་ཁ་ཅིག་ཏུ་མྱ་ངན་ལས་འདས་ལ་ཞེས་པར་ཀློག་སྟེ། ཕྱོགས་འདི་ལ་མྱ་ངན ་ལས་འདས་པ་ནི་མི་དང་སྐལ་བ་མཉམ་པ་དང་ལྷ་དང་སྐལ་བ་མཉམ་པ་དང་ལོ་ངས་སྤྱོད་རྫོགས་པའི་སྐུའི་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་རོ་ཞེས་པའི་དོན་གཅིག་ཉིད་དོ།། རྡོ་རྗེ་ཅན་ནི་རྡོ་རྗེ་དང་ལྡན་པ་བརྗོད་པར་བྱའོ་ཞེས་པ་འདིས་ལེགས ་པར་སྦྱངས་པ་ནི་རྒྱུ་དང་རྐྱེན་དག་གིས། ལེགས་པར་འདུས་བྱས་པ་ལས་སྐྱེས་པའི་ཁམས་གསུམ་པ་ཅན་ནོ་ཞེས་བསྟན་པའི་ཚུལ་གང་ཡིན་པ་དེ་ལ་དེ་བཞིན་ནོ།། འཇུག་པའི་དོན་དུ་གསོལ་བ་འདེབས་པར་བྱེད་པ་གསུངས་པ། མྱུར་དུ་ཞེས ་པ་ལ་སོགས་པ་སྟེ། མྱུར་དུ་ཞེས་པ་སྐྱེ་བ་འདི་ཉིད་ལའོ།། མྱ་ངན་ལས་འདས་པ་ཞེས་པ་དེ་རྫས་ཀྱི་ངོ་བོ་མེད་པའི་ཁྱད་པར་མྱ་ངན་ལས་འདས་པས་ཉེ་བར་བསགས་པའི་དགེ་བ་ཡོངས་སུ་སྨིན་པ་ཡོངསུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས ་གསུངས་པ། ཁྱོད་ཀྱི་དགེ་བ་ཡོངསུ་སྨིན་པ་ཞེས་སོ།། དེ་བས་ཞེས་པ་ལ་སོགས་པ་ཉེ་བར་སྡུད་པ་སྟེ། རྗོད་པའི་དོན་ཡོངསུ་ཤེས་པ་དུས་ཇི་ལྟ་བ་བཞིན་དུ་འཇུག་པའི་སློབ་དཔོན་མཆོག་ཏུ་འཛིན་པ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། ་བསྐྱེད་པའི་རིམ་པ་ལྟོས་ནས་གསུངས་པའི་བཤད་པ་འདིའོ་ཞེས་གསུངས་པ། དང་པོའི་ཞེས་པ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ལ་སོགས་པ་ནི་དགའ་བ་ནི་ཐེ་ཚོམ་གསལ་བས་མ་འོངས་པ་ན་འདུས་པའི་དོན་ལ་ལྷག་པར་མོས་པ་རྣམས་ཀྱིས ་ཐེ་ཚོམ་གསལ་བར་འཇུག་པ་སྟོན་པ་རྣམས་ཀྱི་མགུ་བར་ཡིད་ལ་བྱས་ནས་སོ།། མགུ་བ་ནི་འཇིགས་པས་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ།། འཇིགས་པའི་རྒྱུ་གསུངས་པ། ཕྱག་འཚལ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་གཞག་པའི་རིམ ་པར་གསུངས་པ་ཡང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མ་ལུས་པའི་ཚོགས་འཛིན་པའི་སངས་རྒྱས་རྣམས་འདིར་སོ་སོའི་སྐྱེ་བོའི་ལུས་ལ་དགོད་པ་ནི། འགལ་བའི་བཤད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། འགལ ་བའི་བཤད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། འགལ་བར་བཤད་པ་བསྒོམས་པས་དམྱལ་བར་འགྲོ་བར་འགྱུརརོ་ཞེས་འཇིགས་པ་དང་དུ་བདག་གི་རྒྱུའོ།། མཉམ་པར་གཞག་པ་ཡང་འདིར་རྣམ་གཞག་རིམ་པར་གསུངས་པ་གང་ཡིན ་པ་དེ་ཇི་ལྟ་བ་བཞིན་དུ་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ།། ཞེས་གསུངས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོས་སོ།། སྐུའི་དཀྱིལ་འཁོར་འདི་ཉིད་ལྷ་སུམ་ཅུ་རྩ་གཉིས་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས་ཕྱུང་བའི ་དཀྱིལ་འཁོར་ལ་ཡང་ལྷ་སུམ་ཅུ་རྩ་གཉིས་བདག་ཉིད་ཅན་ཉིད་དུ་གསུངས་སོ།། སྐུའི་དཀྱིལ་འཁོར་ལ་གནས་པ་ཉིད་གང་ཡིན་པ་དེ་ཕྱུང་བ་ལས་ཕྱུང་བའི་དཀྱིལ་འཁོར་དུ་འགྱུར་རོ།། ད་ནི་བྲི་བར་བྱ་བའི་དཀྱིལ་འཁོར་ལ་ཡང་ལྷ་སུམ་ཅུ་རྩ་གཉིས་ཀྱི ་བདག་ཉིད་ཅན་ཉིད་དུ་བཤད་པར་བྱའོ།། ཞེས་གསུངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྟེ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཉིད་ཀྱི་གཏན་ཚིགས་འདིས་སོ།། ཕྱུང་བའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས། རིགས་པ་ཉེ་བར་བརྗོད་པ་མ་ཡིན་ནམ། དེ་ཅི ་ལྟར་འདིས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་ཞེ་ན། གསུངས་པ། གླེང་གཞི་ཞེས་བྱ་བ་ལ་སོགས་པས་རིག་པ་གསུངས་ཏེ། གླེང་གཞི་ནི་དང་པོའི་རྒྱུ་ཕྱུང་བའི་དཀྱིལ་འཁོར་རོ།། དེའི་དབང་དུ་བྱས་པའི་དོན་ནོ།། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད ་མཚོན་པའོ།། དེ་ཉིད་དུ་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་དོ།། རྒྱུད་ཀྱི་དོན་ནི་བཤད་པའི་རྒྱུད་ཀྱི་དོན་ནོ།། ལྷག་མ་ཞེས་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་པའོ།། སྐབསུ་བབ་པ་མ་ཡིན་ནོ་ནི་སྐབསུ་འོངས་པ་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་དེ། རྡུལ ་ཚོན་གྱི་དཀྱིལ་འཁོར་ཉིད་ཀྱིས་མངོན་པར་བརྗོད་པར་བྱ་སྟེ། དེའི་ཕྱིར་བྱུང་བའི་དཀྱིལ་འཁོར་གསུངས་པའི་རིགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡང་ཐལ་བར་འགྱུར་རོ་ཞེས་པ་སྐབསུ་བབ་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ང ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་རྣམས་སྣོད་ཀྱི་བདག་ཉིད་ཅན་མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་སྐུ་ལ་སྩོགས་པ་དེ་ཉིད་གསང་བ་སྟེ་གསང་བ་ལ་ཞེས་པ་གསང་བ་ལ་སྟེ། ལག་པ་ཕྱིས་པ་ལ་ལྔ་པའོ།། དེའི་ཕྱིར ་གསུངས་པ་གཟིགས་ཤིང་ཞེས་པ་འདིའི་དོན་འཆད་པར་བྱེད་པ་ཁོང་དུ་ཆུད་ནས་ཞེས་པ་ནི་དེའི་བདག་ཉིད་དུ་སྐྱེས་པར་གྱུར་ནས་སོ།། དེའི་ཕྱིར་གསུངས་པ། མཛད་དེ་ཞེས་པ་ལ་སོགས་པ་སྟེ། སྟོན་པ་པོ་དང་། བསྟན་པ་དང་། བསྟན་པར་བྱ་བའི་བདག ་ཉིད་གདུལ་བྱ་རྣམས་ཀྱི་རྒྱུད་ལ་བྱེད་པའི་ཕྱིར་རོ།། གསང་བ་འདུས་པ་ཞེས་པ་ནི་གསང་བ་རྣམས་སྦྱོར་བར་བྱེད་པའོ།། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་པ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་བྱའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པར་གསུངས། ་པ་དེ་དེ་བཞིན་ནོ།། དྲང་བ་འདོན་དང་། ངེས་པའི་དོན་གྱི་བཤད་པ་ནི་འདིར་བལྟ་བར་མི་བྱའོ།། གླེ་གས་བམ་ལས་བསྡུ་བའི་དོན་གྱི་ཚིག་རྣམ་པར་དབྱེ་བའི་རྗེསུ་འབྲངས་ནས་རྣམ་པར་བཤད་པས་བཅུག་པར་བལྟ་བར་བྱའོ།། འདི་ལྟ་སྟེ། ཐམས་ཅད ་ཅེས་བྱ་བ་ལ་སོགས་པ་སྟེ། གསང་ཆེན་ལས་ཞེས་པ་སྟེ། འདིར་ཡང་གསང་ཆེན་ནི་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་པོའི་མཚན་ཉིད་ཟུང་འཇུག་གི་ངོ་བོར་གཟིགས་ཤིང་ཁོང་དུ་ཆུད་ནས་དེའི་བདག་ཉིད་ཀྱི་མཐར་ཐུག་པར་བཞུགས་པ ་འབྲས་བུའི་ངོ་བོར་གྱུར་པའོ།། ཕྱུང་བ་ནི་ཐུགས་ལའོ།། འདིར་ཞེས་པ་སྔར་བཞིན་ནོ།། ཡོངས་སུ་དག་པ་དང་ཡོངསུ་མ་དག་པའི་ཞེས་པ་ནི་འདིར་བཤད་པ་ལ་ཡོངས་སུ་དག་པ་ཙམ་བཤད་དེ། དྲང་བའི་དོན་ལ་ནི་ཡོངས་སུ་མ་དག་པའི་བཤད་པ ་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་ཡོངས་སུ་མ་དག་བསྡུས་པ་སྟོན་པར་བྱེད་པའི་དོན་དུའོ།། རྫོགས་པ་འདི་ཉིད་ཀྱིས་རྣམ་པར་དག་པ་ནི་བདེན་ཏེ་ཡོངསུ་རྫོགས་པའི་ངོ་བོ་ཉིད་ཀྱུ་ཕྱིར་རོ།། ཐོགས་མར་གསུངས་པ་ཡང་། ་སྐུ་གསུམ་དག་ནི་ཐ་དད་པར།། སྐྱོབ་པ་ཡིས་ནི་གང་བསྟན་པ།། རྫོགས་པའི་རིམ་པའི་སྦྱོར་བ་ཡིས།། གཅིག་ཏུ་ཡང་ནི་འགྱུར་བ་ཡིན་ཞེས་སོ།། གང་ཡང་ལའི་དོན་ཉིད་ལ་འདྲི་དེ་ལ་བལྟོས་ནས་འདི་གསུངསོ།། གང་འདིར་བཤད་པ་མ་ཡིན་པ་དེའི། ་དེ་བང་དུ་བྱས་ནས་གསུངས་པ། ལྷག་མ་ནི་སྔ་མ་བཞིན་ནོ།། གོས་ནི་ཇི་ལྟར་བདག་ཉིད་ནི་ལུས་སོ།། ཅི་བྱེད་ཅེས་གསུངས་པ། མཆུ་སྦྲང་ཞེས་བྱ་བ་ལ་སོགས་པའོ་དེ་བཞིན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཞེས་པ་གལ་ཏེ་ཡང་སྔར་བཤད ་པའི་དོན་མཆོག་ཏུ་འཛིན་པ་དེ་བཞིན་དུ་རྒྱུད་ཀྱི་དོན་ཞེས་མངོན་པར་བརྗོད་པའི་ཕྱིར། ཞེས་འཆད་པར་འགྱུར་བ་ཡང་འདིར། གསལ་བར་བྱེད་པས་ཡང་དག་པར་བདག་ཉིད་ཉེ་བར་སྐྱོབ་བོ།། ཙོ་བྱེད་ཅེ་ན་གསུངས་པ། ཉོན་མོངས་པ་ཞེས་པ་ལ་སོགས ་སྟེ། འདིས་དེའི་ཆོས་ཅན་འདིས།། གོས་དང་འདྲ་བས་གོས་ཞེས་པ་ནི་རྒྱུད་ཀྱི་དོན་ནོ།། འཛིན་པར་བྱེད་དོ།། སྦྱིན་པར་བྱེད་དོ།། ཞེས་པ་ལམ་གྱི་བདག་ཉིད་ཅན་ནུམ། འབྲས་བུའི་བདག་ཉིད་ཅན་དེ་དག་གི་རྗོད་པར་བྱེང་བ་པོ་ཞེས་གསལ་བར་རོ།། ་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་ལ་སྒྲོན་མ་དང་འདྲ་བས་སྒྲོན་མ་སྟེ། བཤད་པའི་རྒྱུད་ཀྱི་དོན་གྱིས་གདུལ་བྱའི་བློའི་མུན་པར་གསང་བ་འདུས་པར་གསལ་བར། བྱེད་པ་པོ་ཡིན་པ་ཉིད་ཀྱི་ཕྱིར་རོ།། བ་པའི་རྒྱུད་ཀྱི་དོན་དེ་ནི་འདུས་པའི་དོན ་གསལ་ཞིང་འབྲེལ་བར་རབ་ཏུ་སྟོན་པར་བྱེད་པས་གསལ་བར་བྱེད་དོ་ཞེས་བྱས། སྒྲོན་མ་གསལ་བར་བྱེད་པ་འདི་རྒྱ་ཚར་བཤད་པའོ།། དྲང་པོའི་སྒྲ་ནི་འདི་གཙོ་བོའི་དོན་ནོ།། མཐའ་དྲུག་གིས་བཤད་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ཚིག་གི་དོན ་དྲུག་དང་བཤད་པ་རྣམ་པ་བཞི་གསུངས་པོ་འདིས་འདིར་གསལ་བར་བྱས་སོ།། ཞེས་འབྲེལ་པ་སྟོན་པར་བྱེད་དོ།། བསྐྱེད་ནས་ཞེས་པ་འདིས་སོ་སོར་བསྐྱེད་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་གསུང་མཐར་ཐུག་པར་བྱས་པ་ལ་བལྟོས་པའི་ཚིགོ། ་རྫོགས་པའི་རིམ་པ་ཞེས་པ་རྫོགས་པའི་རིམ་པ་ཞེས་པ་རྫོགས་པ་རིམ་པ་ཉིད་ཀྱིས་གསལ་བར་བྱེད་པའི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པའི་ལེའུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའོ།། བཅོམ་ལྡན་འདས་ལ་ཞེས་པ་ནི་རྡོ་རྗེ་འཆང་ཆེན ་པོ་ལྔའོ།། གསོལ་ཏོ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམསོ།། ཇི་ལྟར་ཅི་ཞིག་གསོལ་ཞེ་ན་གསུངས་པ་སྐུ་ཞེས་པ་ལ་སོགས་པ་སྟེ་མཆོད་པ་ཞེས་པ་ལ་སོགས་པས་མ་འོངས་པའི་སློབ་མ་དང་སློབ་དཔོན་གྱི་ཐ ་དད་ཀྱི་འབྲེལ་པ་འདི་བསྟན་པས་སྟོན་པར་བྱེད་དོ།། སྙིང་པོ་ནི་ཉམས་པ་མེད་པའོ།། འདིར་རྒྱུ་གསུངས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག་ལས་བསྐྱེད་པར་བྱ་བ་དང་། སྐྱེས་པ་གང ་ཡིན་པ་ནི་རྣམ་པར་ཉམས་པར་འགྱུར་རོ།། སླར་ཡང་སྒྲིབ་པ་གཉིས་པོ་མེད་པ་གང་ཡིན་པ་དེ་ནི་སྐྱེས་པ་དང་འགགས་པ་མེད་དོ།། དེའི་ཕྱིར་སྙིང་པོ་བརྗོད་པར་བྱའོ།། དེ་ཡང་བྱང་ཆུབ་ཀྱི་སེམས་ནི་སྐུ་དང་གསུང་དང་ཐུགསོ།། འདིར་རིག་པ ་གསུངས་པ། མི་ཕྱེད་པ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཁ་ཉིད་དམ་ལུས་ལ་བརྟེན་ནས་སེམས་དང་ཚིག་འཇུག་པ་དེའི་ཚེ་ལུས་ལ་སོགས་པ་རྣམས་མི་ཕྱེད་པ་ཉིད་དུ་མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་ཕྱིར ་ཞེས་པའི་གསུང་ལས་ཡེ་ཤེས་ཀྱི་སྐུ་ནི་འདིར་ཕྱག་གཉིས་པ་ཞལ་གཅིག་པ་སྟེ། དེ་དང་འདི་དག་བྱང་ཆུབ་ཀྱི་སེམས་མཆོག་སྟེ། རྒྱུན་འོད་གསལ་ལོ།། འབྲས་བུར་ཉེ་བར་གདགས་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་ཉེ་བར་གདགས་པ་ལ ་ཏེ། འོད་གསལ་བའི་ཕྱིར་རོ་ཞེས་མངོན་པར་དགོངས་སོ།། བྱ་བ་ལ་སོགས་པ་ཞེས་པ་ལ་སོགས་པའི་སྒྲ་ལས་རྟོག་པ་ལ་སོ་གས་པ་ཡོངསུ་གཟུང་སྟེ། རྣམ་པར་རྟོག་པས་བསམས་པར་གྱུར་པའོ་སྒྲ་ཇི་བཞིན་བའོ།། སེམས་ཞེས་བྱ ་བ་ལ་སོགས་པས་རྟོག་པའི་རྣལ་འབྱོར་དུ་གསུངས་པའི་ཞལ་གསུམ་པ་ཕྱག་དྲུག་པ་འམ། འགྲོ་བའི་རྒྱུད་དུ་སྐྱེས་པ་འམ། སྐུ་ལ་སོགས་པའི་རྡོ་རྗེ་ཉིད་ཀྱིས་ངེས་པ་འམ། སྤྲུལ་པའི་སྐུར་མངོན་པར་བརྗོད་པའོ།། ད་ནི་མངོན་པར་བརྗོད་པ་འདིའི ་སྐུ་ལ་སོགས་པ་རྣམས་སྟོང་པ་ཉིད་ཀྱི་རྣམ་པར་དམིགས་པར་བྱ་བ་ཡོངསུ་དག་པ་ཉིད་བསྐྱེད་པའི་དོན་དུ་གསུངས་པ། སྐུ་ཞེས་པ་ལ་སོགས་པ་སྟེ་དྲང་བའི་དོན་ནོ།། ཡེ་ཤེ་ས་ཀྱི་སྐུའི་དབང་དུ་བྱས་ནས་གསུངས་པ། སྐྱེད་ཅིག་པ་ནི ་ཡིད་ཀྱི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ལས་བྱུང་བ་རྣམས་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཉིད་ཀྱི་ཕྱིར། སེམས་བྱུང་ཡང་སེམས་ཀྱི་སྒྲས་བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། སེམས་གསུམ་པོ་ཞེས་པ ་ལ་སོགས་པའོ།། ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པས་ནི་ཡོང་སུ་དག་པསོ།། སེམས་ཉིད་ཡིན་ནོ་ཞེས་པ་ནི་གང་སེམས་རང་བཞིན་མེད་པ་དང་། ཕུང་པོའི་རྣམ་པ་བཞིན་ནོ་ཞེས་པ་དེའི་ཕྱིར་ལུས་སེམསུ་འགྱུར་བ་མ་ཡིན་ནོ།། ལུས་སེམས་ཀྱི་རྣམ ་བས་ཞེས་པ་ནི་སྤྲུལ་པའི་སྐུ་ཡོང་རུས་པ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པའི་འབྲས་བུས་ཉིད་ཀྱིས་རྣམ་རིག་ཙམ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། མེད་ཅེས་པ་ལ་སོགས་པ་སྟེ། དོན་བཞིན་དུ་ཡུལ་རྣམ་པར་གནོན ་པ་ལ་ཉེ་བར་དམི་གས་པ་ཡང་ཚིག་ཏུ་བརྗོད་པ་སེམས་ཉིད་དེའི་རྣམ་པ་ཡིན་པའི་ཕྱིར་སེམསོ།། དག་པའི་རབ་ཏུ་སྦྱོར་བ་འདི་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། གཅིག་ཏུ་བྱས་ནས་ཞེས་པ་ནི་རྟག་ཏུ་དེ་སྐྱེ་བ་དང་། འགག་པར་སོ། ་སོར་བརྟག་པར་བྱས་པས་སམ། བླ་མའི་མན་ངག་ལས་སོ།། ཁམས་གསུམ་པ་ལ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་འམ། དེའི་བདག་ཉིད་ཅན་གྱི་སྐུ་ལ་སོགས་པ་ནའོ།། རང་སྲོག་ནི་བརྗོད་པའི་མཚན་ཉིད་ཀྱི་རྨི་ལམ་རྣམ ་ཤེས་སོ།། མཐོང་བར་འགྱུར་ཞེས་པ་ནི་ཏིང་ཏིང་མ་ཡིན་པར་འགྱུར་རོ་ཞེས་པས་ཏིང་ལ་ཨ་པྱ་ཏྱ་ཡཿའོ།། རང་གྲོང་ནི་རང་གྲི་ཕུང་པོའོ།། སྣང་བ་ནི་འོད་ཟེར་ལྔ་དང་ལྡན་པའོ།། སྐྱེས་བུ་ཞེས་པ་སྐྱེས་བུའི་རྣམ་པའོ།། རླུང་ཞེས་པ་རླུང་གི་ཁམས་དང་ལྡན ་པའོ།། ཁམས་གསུམ་པ་ནི་འདོད་པ་ལ་སོགས་པའི་ཁམས་གསུམ་གྱི་བདག་ཉིད་ཅན་ནམ། ལུས་ལ་སོགས་པའི་བདག་ཉིད་ཅན་ནོ།། ཁམས་གསུམ་པ་ཞེས་པ་ལ་སོགས་པ་ནི། གཞན་ནི་རྣམ་ཤེས་ལ་ས་ཐ་དད་པ་གཞན་ནོ།། མཆོག ་ཏུ་ནི་ཚུལ་དུ་བྱུང་བའོ།། དེ་ནི་སྙིང་པོར་གྱུར་པ་ཡོངསུ་དག་པར་ཡོད་དོ།། རྨི་ལམ་ནི་རྨི་ལམ་དང་འདྲ་བས་ཏེ་རྨི་ལམ་ནི་ཇི་ལྟར་རླུང་ལ་བརྟེན་ནས་རྨི་ལམ་ནས་གཞན་དུ་སོང་སྟེ་མིའི་རིས་མཐུན་པའི་ཕུང་པོ་དང་ལྷའི་གནས་དང ་ཡུལ་གཞན་དུ་སོང་སྟེ། རྣམ་པར་བཀྲ་ཞིང་རྣམ་པ་སྣ་ཚོགས་པའི་ནང་དུ་མཐོང་བར་བདག་ཉིད་མཐོང་བར་བྱེད་དོ།། དེ་བཞིན་ཉིད་དུ་རྨི་ལམ་རླུང་ནི་རྣམ་པར་ཤེས་པ་རླུང་ངོ་།། ཁམས་གསུམ་པཱ་ལུས་ལ་སོགས་པའི་བདག་ཉིད་ཅན་དུ་རྣལ་འབྱོར་པས ་མཐོང་བར་བྱེད་དོ།། ཁམས་གསུམ་པ་ལས་ནི་སྣང་བ་གསུམ་པ་ལསོ།། གཞན་ནི་གཞན་པའོ།། དེ་ཉིད་ནི་འོད་གསལ་བའོ།། གཅིག་ཏུ་སྟེ་སྐད་ཅིག་གཅིག་ཏུའོ།། མྱུར་དུ་སྟེ། དེ་ཉིད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་ལ་བལྟོས ་པས་སོ།། དངོས་གྲུབ་ནི་ལྡང་བར་བྱེད་པའོ།། ངེས་པའི་དོན་ཏོ།། དོན་འདི་ཉིད་བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་སྒོ་ནས་གསུངས་པ། ཀུན་ཏུ་ཞེས་པ་ལ་སོགས་པ་སྟེ། ཀུན་ཏུ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དུའོ།། དེ་དག་ཏུ་ཡང ་གནས་པ་དང་། འགྲོ་བར་བྱས་ནས་རབ་ཏུ་འཇུག་པ་ལ་ཚར་གཅོད་པ་དང་རྗེསུ་འཛིན་པ་ལ་སོགས་པ་མཛེས་པས་ན་བཟང་པོའོ།། དགོངས་པ་མ་ཡིན་པའོ།། དེ་བཞིན་གཤེགས་པ་དྲུག་གི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལྔའི ་བདག་ཉིད་ཅན་ཉིད་ཀྱི་ཕྱིར་བདག་ཉིད་ཀྱི་ལུས་སོ།། དངོས་པོ་མེད་ཅེས་བྱ་བ་ལ་སོགས་པའི་ཚིག་སུ་བཅང་བ་འཆད་པར་འགྱུར་བ་རྣམས་ཀྱིས་སྟོན་པར་བྱེད་པ་གང་ཡིན་པ་དེའོ།། ཏིང་ངེ་འཛིན་འོད་ཉིད་གསལ་བར་བྱང་ངོ་ཞེས་ཟེར་བ་ནི། ཐོག་མེ ་དང་ཐ་མར་མངོན་པར་བརྗོད་པའི་གནས་སྐབས་ཀྱི་བཤད་པ་ཉིད་ཀྱི་ཕྱིར་རོ།། སླར་ཡང་དགོངས་པ་མ་ཡིན་པའོ།། བརྟན་པ་དང་གཡོ་བ་ཞེས་པ་ལ་སོགས་པའི་བཤད་པ་ནི་དགོངས་པ་མ་ཡིན་པའི་དོན་ལ་བཤད་པ་རྣམ་པ་བཞིས་འཆད་པར་འདོད ་ནས་གསུངས་པ། དངོས་པོ་མེད་པ་བསྒོམ་པ་མེད་ཅེས་བྱ་བ་ལྔ་སོགས་པ་ནི། འཇིག་པའི་དུས་བཞིན་དུ་ཡོད་བཞིན་པ་ཉིད་ཀྱི་ཕྱིར་དང་། ཡོང་སུ་རྫོགས་པར་གནས་པའི་དུས་ལྟ་བུར་དེ་ཡོད་པ་མ་ཡིན་ནོ།། དེའི་སྒོམ་པ་ངོ་བོ་ཉིད་ཀྱིས་ཉེ་བར་སྐྱེས་པར་གྱུར ་པ་མེད་པའི་ཕྱིར་རོ།། ཡི་གེའི་དོན་ནོ།། བསལ་ནས་ཞེས་པ་ནི། རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་སྒོམ་པར་བྱེད་པའི་རང་བཞིན་གྱིས་ཀྱང་ངོ་།། འདུས་བྱས་ནི་རྒྱུ་དང་རྐྱེན་ལས་སྐྱེས་པ་ལམ་གསུམ་པ་ཅན་གྱི་ཕུང་པོ་དང་ཁམས་ལ་སོགས་པ ་རྣམས་སོ།། འདུས་མ་བྱས་ནི་ནམ་མཁའ་དང་འགོག་པ་ལ་སོགས་པ་རྣམས་སོ།། སྟོང་པ་ཉིད་ལ་མངོན་པར་ཞེན་པོ་ལྟ་བ་ཡིན་ནོ་ཞེས་པ་ནི། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད།། ལྷ་ཀུན་ངེས་པར་འབྱུང་བར་གསུངས། གང་དག་སྟོང་པ་ཉིད་ལྟ་བ།། དེ ་ནི་སྒྲུབ་པ་མེད་པར་གསུངས་ཞེས་གསུངས་པའི་ཕྱིར་རོ།། དེའི་ཕྱིར་འདི་ལས་མངོན་པར་ཞེན་པར་བཏང་བར་བྱའོ།། འདིས་དོན་དམ་པའི་བདེན་པ་གསུངས་སོ།། བསྐྱེད་པའི་རིམ་པའི་དབང་དུ་བྱས་ནས་གསུངས་པ། མཚན་མ་ཞེས་པ་ལ་སོགས་པ་སྟེ ་མཚོན་མ་ནི་རྒྱུའོ།། འབྲས་བུའི་སྐྱེད་པར་བྱེད་པ་པོ་ནི་རྒྱུ་ནི་དོན་ངོམ་པར་གསུངས་པ་ལས་གཞན་མ་ཡིན་ནོ།། འབྲས་བུ་ནི་གཟུགས་དང་ལུས་གཉིས་སོ།། དེ་དག་ལ་མངོན་པར་ཞེན་པ་ནི་མངོན་པར་ཆགས་པའོ།། རྒྱུ་དང་འབྲས་བུ་གཉི་སུ་མེད་པའི ་ཕྱིར་རོ་ནི་དངོས་པོ་དེའི་རྒྱུ་དང་འབྲས་བུ་དག་ཐ་དད་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། འདིས་བསྐྱེད་པའི་རིམ་པ་ལ་ཡང་རྒྱུ་དང་འབྲས་བུ་དག་གཉི་སུ་མེད་པ་ཉིད་དུ་སྟོན་པར་བྱེད་དོ།། སྨོན་ལམ་ནི་ལྷ་མཆོད་པ་སྔོན་དུ་འགྲོ་བས་དེའི ་མངོན་པར་འདོད་པའི་དོན་འདོད་པ་རྣམས་ཀྱི་སྨོན་ལམ་མོ།། སྒོམ་པ་ཐམས་པའི་ཁྱད་པར་མངོན་པར་འདོད་པས་འཇུག་པ་འམ། སྦྱིན་པ་ལ་སོགས་པའི་འབྲས་བུ་ཁྱད་པར་མངོན་པར་འདོད་པས་འཇུག་པ་ཡང་རུང་སྟེ། སྦྱིན་པ་ལ་སོགས་པ་ལ་སྨོན ་པར་བྱེད་པའོ།། འདིར་ཡང་གང་སྦྱིན་པ་ཉེ་བར་བརྗོད་པ་གསུངས་པ་ཉིད་ཀྱི་ཕྱིར་རོ།། གསུངས་པ་ཡང་། ཉི་མ་སྟོངས་པར་མི་བྱ་བར།། ཆུང་ངུ་ཅན་ཡང་སྦྱིན་པ་ཉིད། ཅེས་པ་ལ་སོགས་པའོ།། འདིས་བསྐྱེད་པའི་རིམ་པ་ཡོ་དུ་སྨོན་པ་ལ་སོགས་པ ་མེད་པར་སྟོན་པར་བྱེད་དོ།། གང་ཞིག་མཚན་མ་ལ་སོགས་པ་ལ་མངོན་པར་ཞེན་པ་དེས་ཞེས་པ་ལ་སོགས་པའི་སྟེ། བསགས་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་སེམས་ཏེ་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར། དེ་བཞིན་དུ་གང་རང་དང་རང ་ཉིད་སྟོང་པར་རྟོག་པར་བྱེད་དོ།། དེའི་ཕྱིར་ས་བོན་ལ་སོགས་པའི་རིམ་པས་ལྷའི་བདག་ཉིད་ཅན་གྱི་བདག་ཉིད་དོ།། སྤྱིའི་དོན་ཏོ།། སེམས་ཙམ་དེ་དངོས་པོ་མེད་དེ་རྣམ་པར་མ་དག་པ་ནི་དངོས་པོར་མངོན་པར་ཞེན་པ་ཡོད་པ་ཉིད་ཀྱིས་རྣམ་པར་མ་དག་པ་སྟེ། ་ཀུན་ཏུ་འཁོར་བར་བྱེད་པའི་རྒྱུ་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་གསུངས་པ། རྟག་ཏུ་མེད་པ་ཉིད་ཡིན་པའི་ཕྱིར་ཞེསོ།། གཞན་དུ་ཡང་གསུངས་པ། ཅིའི་ཕྱིར་གཟུགས་ལ་སོགས་པ་རྣམ་པར་མ་དག་པ་ལགས། བཟུང་བ་དང་འཛིན་པ་ཡོད ་པའི་ཕྱིར་རོ།། དེ་རྣམས་ཀྱི་གཟུང་བ་དང་འཛིན་པ་ཅི་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་གིས་གཟུང་བར་བྱ་བ་ནི་གཟུགས་སོ།། རྣ་བ་ལ་སོགས་པ་རྣམས་ཀྱིས་སྒྲ་ལ་སོགས་པ་ལ་གཟུང་བར་བྱ། བརྟེན་པར་བྱའོ།། འདི་དག་དྲུག ་མེད་པོ་ཅན་དུ་བྱས་ནས་བརྟེན་པས་དག་པར་གྱུར་པའོ།། ཞེས་སོ།། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་རྣམ་པར་ཤེས་པར་བརྗོད་པར་བྱ་བ་མ་ཡིན་ནམ། དེ་ཅི་ལྟར་གཟུང་བ་ལ་སོགས་པ་ཡོད་པས་རྣམ་པར་མི་དག་པ་ཡིན་ཞེ་ན་བདེན་ཏེ། འོན ་ཀྱང་དེའང་སྣང་བ་གསུམ་དུ་སྣང་བས་མིག་ལ་སོགས་པ་ལྔ་པོ་ལ་བརྟེན་པ་གཟུགས་ལ་སོགས་པ་ལ་དམིགས་པའོ།། དེ་ལྟ་མོད་ཀྱི་སྣང་བ་གསུམ་རྣམ་པར་དྲག་པས་གཟུགས་ལ་སོགས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་དང་། མིག་ལ་སོགས ་བ་སྣང་བ་ལྔ་པོ་རྣམས་ཀྱི་ས་བོན་མ་ཡིན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ།། གསུངས་པ་ཡང་། ཡེ་ཤེས་གསུམ་ལ་ལྔ་ཡང་དག་པར་བསྟེན་ཞེས་སོ།། དེ་ལྟ་མོད་ཀྱི་གཟུང་བ་ལ་སོགས་པ་མེད་པ་ཉིད་ཀྱི་རྣམ་པར་དག་གོ། གསུངས་པ་ཡང་། རྩ་བ་སྲིད ་པའི་རྣམ་ཤེས་སྟེ།། ཡུལ་ནི་དྭེ་ཡི་སྤྱོད་ཡུལ་ལོ།། ཡུལ་ལོ་བདག་མེད་དུ་མཐོང་ལ།། སྲིད་པའི་ས་བོན་དགག་པར་བྱ།། ཞེས་སོ།། འདིའི་དོན་འདི་ཡིནྡ་ཏཾ། རང་གི་ངང་ཉིད་ཀྱིས་མིག་ལ་སོགས་པ་དང་། སྣང་བ་ཡིད་ལ་བྱེད་པ་དང་། ཡུལ་ཕན་ཚུན ་ཉེ་བར་བྱས་པ་ལ་བལྟོས་ནས་མིག་ལོ་སོགས་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེའི་ཕྱིར་གང་རྣམས་རྟེན་ཅིང་འབྲེལ་པར་འབྱུང་།། དེ་རྣམས་རང་བཞིན་ཅུང་ཟད་མེད།། དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་མངོན་པར་ཞེན ་པ་མེད་ན། བཟུང་བ་ལ་སོགས་པ་མེད་པ་དེའི་ཕྱིར། སྲིད་པའི་ས་བོན་འགག་པར་འགྱུར་རོ།། གཟུང་བ་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་ན། སྐྱེ་བའི་ལས་ཉེ་བར་ལེན་པ་མེད་པའི་ཕྱིར་དང་། བྱས་པ་ཡང་ཟད་པའི ་ཕྱིར་དེའི་སྐྱེ་བ་ཟད་དོ་ཞེས་སོ།། ཉེར་ལེན་མེད་པའི་མེ་བཞིན་དུ་ཉེར་ལེན་མེད་པས་མྱ་ངན་འདའ་ཞེས།། ད་ནི་རྣམ་པར་མ་དག་པའི་སྣང་བའི་རྒྱུར་སྒྱུ་མ་ལྟ་བུ་ཤེས་པའི་དབང་དུ་བྱས་ནས་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་མ ་དག་པ་ཉིད་ཡིན་པའི་ཕྱིར་ནི་ཐེ་ཚོམ་གྱི་བག་ཆགས་གསལ་བ་ཉིད་མ་ཡིན་པའི་ཕྱིར་རོ།། བསྒོམ་པ་མ་ཡིན་པར་འགྱུར་ནི་དོན་དམ་པ་རང་བཞིན་བརྫུན་པ་ཉིད་ཡིན་པའི་ཕྱིར་རོ།། སྒྱུ་མ་ལྟ་བུ་དེ་ནི་ཞེས་པ་དོན་དམ་པའི་བདག་ཉིད་དོ།། གཉིསུ ་དབྱེར་མེད་པའི་ཕྱིར་རོ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཉིད་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པའི། མཐའ་དག་ཅེས་བྱ་བ་ནི་བླ་མ་མཉེས་པར་ཐོས་པ་དང་། བསམ་པ་ལ་སོགས་པ་བྱ ་དཀའ་བ་དུ་མ་ལ་སོགས་པས་ལྷག་པར་རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། གང་གི་སྟོབས་ཙམ་ཉིད་ཀྱིས་ཀྱང་དཔག་ཚད་སྟོང་ཕྲག་ཀྱང་དེ་ལྟ་བུར་རབ་ཏུ་རྟོགས་པ་ནི་འོད་གསལ་དང་ཟུང་འཇུག་གི་ཏིང་ངེ་འཛིན་གྱིས་བསྐྱེད་པར་བྱ་སྟེ། དེ་ལྟ་བུ ་ཡང་དཔལ་བླ་མ་རྡོ་རྗེ་འཆང་གི་སྤྲུལ་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ལྷག་པར་རྟོགས་ཤིང་། ལུང་བསྟན་པའི་སྐྱེས་བུའི་ཁྱད་པར་གུས་པར་བསྟན་པའི་ཞབས་ཀྱི་པདྨ་ལས་ཀྱང་ངོ་།། ད་ནི་དོན་དམ་པའི་བདེན་པ་ལ་མངོན་པར་ཆགས་པ་རྣམས ་ཀྱིས་མངོན་པར་ཞེན་པ་དོར་བར་བྱ་བའི་དོན་དུ་གསུངས་པ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པར་ཞེན་པ་ཡོངསུ་སྤང་བའི་རྒྱུ་ཞེས་པ་བདེན་པ་གཉིས་གཉི་སུ་མེད་པ་སྒྲུབ་པར་བྱེད་པའི་དོན་དུ་སླར་ཡཱ ་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པར་བྱེད་པ་མངོན་པར་ཞེན་པ་ཡོངས་སུ་སྤང་བའི་རྒྱུར་ཞེས་བྱའོ།། འདིས་ནི་ཞེས་པ་ལ་སོགས་པས་བདེན་པ་གཉིས་ཀྱི་རྒྱུ་ཅན་ཟུང་འཇུག་ལ་མངོན་པར་ཞེན་པ་ཡོངསུ་སྤངས་པའོ།། བདེན་པ་གཉིས་ཞེས་པ ་ལ་སོགས་པས་མངོན་པར་ཞེན་པའི་ཉེས་པ་ཞར་ལ་ཀུན་ཏུ་སྐྱེད་པར་བྱེད་དོ།། དེ་བས་ན་ཞེས་བྱ་བ་ལ་སོགས་པས་མངོན་པར་ཞེན་པའི་ཉེས་པ་ཟད་པའི་ཟུང་འཇུག་བཤད་པའོ།། མཐར་ཐུག་པའོ།། སྣོད་དུ་གྱུར་པའི་ཞེས་བྱ་བ་ལ་སོགས ་ས་བདེན་པ་གཉིས་པོ་དེ་དག་གཉིསསུ་མེད་པས་ཀྱང་དེ་ཁོ་ན་ཉིད་ཀྱི་རིགས་པ་གསལ་བར་བསྟན་ཏོ།། མཐར་ཐུག་པ་ཞེས་པ་ཐོག་མ་དོན་དམ་པའི་བདེན་པ་འཆད་པར་བྱེད་པའོ།། ཐོག་མའི་རབ་ཏུ་དབྱེ་བས་ཟུང་འཇུག་གཉིས་པའི་འདིའོ།། ་མིག་ཙམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།། ཞེས་པ་ནི་མེ་ལོང་གི་གཟུགས་བརྙན་བཞིན་ནོ།། སྒྱུ་མའི་རྣམ་པར་སྤྲུལ་པའི་མེ་ལོང་དུ་འོད་ཟེར་ལྔས་འབར་བཞིན་པ་ཉིད་ཀྱི་ཕྱིར་རོ།། ཆོས་ཉིད་ཀྱང་མེད་ཅེས་པ་འདིས་འོད་གསལ་བ་ལ་མངོན ་པར་ཞེན་པ་མེད་པར་སྟོན་པར་བྱེད་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བདེན་པ་གཉིས་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། ད་ནི་ཞེས་བྱ་བ་ལ་སོགས་པས་འདི་ནི་ཐུགས་ལ་གནས་པའོ།། བྱང་ཆུབ་ཚུལ་ནི་བདེན་པ་གཉིས་སུ་མེད་པའི ་མཚན་ཉིད་དོ།། བྱང་ཆུབ་ཀྱི་ཐབས་ནི་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་ཐབ་སོ།། བརྟན་པ་ནི་མི་ཕྱེད་པ་དང་ལྡན་པ་སྟེ། དེ་ཉིད་སྙིང་པོ་སྟེ་བདག་མེད་པའི་མཚན་ཉིད་འོད་གསལ་བའི་རང་བཞིན་ནོ།། དགོངས་པ་མ་ཡིན ་བྱའོ།། མཚན་མ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། དངོས་པོ་མེད་པའི་རྒྱུ་ཡོད་པ་ཉིད་ཀྱི་ཕྱིར་རོ།། ཟག་པ་ནི་ཉོན་མོངས་པས་རབ་ཏུ་བསྐྱེད་པའི་རྒྱུ་ཅན་གྱི་འདུ་བྱེད་དོ།། དེ་དང་ལྷན་ཅིག་འཇུག་གོ་ཞེས་པས་ཟག་པ་དང་བཅས་པའོ།། ཟག་པ་མེད་པ ་ནི་ཉོན་མོངས་པ་བཅོམ་པ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་བུའི་འདུ་བྱེད་དོ།། ཆོས་ཞེས་པ་ལ་སོགས་པ་ནི། མ་གྲུབ་ནུ་ནརྀ་དངོས་པོ་ཞེས་པ་ལྷག་མའོ།། འདི་དག་ཉིད་ཀྱི་དོན་དམ་པའི་བདེན་པ་གསུངས་སོ།། ་འོ་ན་ཇི་ལྟར་ཞེས་པ་ལ་སོགས་པས་དེ་ལས་བཞེངས་པ་གསུངས་པ། བདག་བྱིན་གྱིས་བརླབ་པ་ཙཱ་ཨཽ.ོཾ་རཱི་པ་གསུམ་པར་གསུངས་པས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྔོན་གྱི་ཞེས་པ་ལ་སོགས་པ་སྟེ། འཕེན་པ་ནི་རང་བྱིན་གྱིས་བརླབ ་པས་བཞིག་པའི་འདུ་བྱེད་དེ། གརྦྷེའི་སྒྲ་བྱིན་གྱིས་བརླབ་པ་བཞིན་ནོ།། གསུངས་པ་ཡང་། དེ་ཉིད་ཀྱིས་ནི་ཐམས་ཅད་དུ་སྤྱོད་ཉིད་མངོན་དུ་མི་བྱའོ།། སངས་རྒྱས་ཀུན་བདག་རྣལ་འབྱོར་ལྡན། ཞེས་སོ།། དགོངས་པ་མ་ཡིན་པའོ།། ་ཡེ་ཤེས་ཀྱི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཀྱི་འོད་ཟེར་ནི་འོད་གསལ་བའི་ཡེ་ཤེས་ནི་གཉུག་མའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། སྣང་བ་དང་འདྲ་བས་སྣང་བ་སྟེ་མི་ཤེས་པའི་མུན་པ་འཇོམས་པ་ཉིད་ཀྱིས་སོ།། འདུས་བྱས་ཞེས་པ ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། དེ་ལྟར་དོན་དམ་པའི་བདེན་པ་མངོན་པར་བརྗོད་ནས། དེ་ལས་ལྡང་བྱེད་པ་གསུངས་པ། འོ་ན་ཞེས་པ་ལ་སོགས་པ་སྟེ། དགོངས་པ་མ་ཡིན་པའོ།། རང་བཞིན་ཞེས་པ་ལ་སོགས་པས་བདེན་པ་གཉིས་མངོན ་པར་སྦྱར་བའི་ཆེད་དུ་དེ་དག་གཉིསུ་མེད་པ་ཕྱི་དང་ནང་གི་བདག་ཉིད་ཅན་ཚིག་གི་དོན་དུ་གསུངས་ནས། གདོད་ནས་དག་པར་སྟོན་པར་བྱེད་དོ།། གདོད་ནས་དག་ཕྲ་ཉིད་ལ་དཔེ་གསུངས་པ།། ན་མཁའ་བཞིན་ཞེས་པ་སྟེ། ཇི་ལྟར་ན་མཁའ་དང་པོ་ཉིད ་ལས་སྔར་དག་པར་མ་གྱུར་པ་ཕྱིས་ཀྱང་དག་པར་གྱུར་པ་མ་ཡིན་ནོ།། ཟུང་འཇུག་གི་བདག་ཉིད་ལ་ཡང་རྣམ་པ་དེ་བཞིན་ཉི་དུ་ཡང་ངོ་།། དེ་ལྟར་རང་བཞིན་གྱི་གདོད་ནས་དག་གི་དེ་བཞིན་ཉིད་ལ་མ་དག་པ་དག་པར་འབྱུང་བ་ནི་མ་ཡིན་ནོ།། གསུངས ་པ་ཡང་ཡོད་ཅེས་པ་དང་མེད་ཅེས་པ། 2་ཡང་ནི་མཐའ་ཡིན་ཏེ།། ངག་དང་མ་དག་པའདྲ་མཐའ།། དེ་ཕྱིར་མཐའ་གཉིས་རྣམ་སྤངས་ནས།། མཁས་པ་བར་ལའང་གནས་མི་བྱེད་ཞེས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ལེགས་པར་ཡོངས་སུ ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ནི་དོན་དམ་པའི་བདེན་པ་འབྲས་བུའི་ངོ་བོ་སྟེ་རང་བྱིན་གྱིས་བརླབ་པའི་འབྲས་བུ་ཡིན་པ་སྲིད་ཀྱི་ཕྱིར་རོ།། དེའི་ཕྱིར་གསུངས་པ། མངོན་རྟོགས་ནི་དེ་ཐོབ་པར་བྱེད་པའི་རྒྱུའོ།། བདེན་པ་གཉིས་ལ་མངོན་པར ་ཞེན་པོ་མེད་པས་ཟུང་འཇུག་གསུངས་པ། རྒྱུ་ཞེས་པ་ལ་སོགས་པའོ།། འདིའི་ལམ་ཉིད་གསུངས་པ། རྒྱུ་དང་འབྲས་བུ་དག་གི་ཞེས་པ་ལ་སོགས་པའོ།། དགོངས་པ་མ་ཡིན་པའོ།། རྒྱུ་དང་འབྲས་བུ་གཉི་སུ་མེད་པ་ལ་བརྟེན་ནས་ངོ་མཚར་བ ་དང་རྨ་དུ་བྱུང་བར་བརྗོད་པར་དག་གི་སྨྲ་མི་ནུས་པ་ཉིད་ཀྱི་ཕྱིར་ངོ་མཚར་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པསོ།། རྨད་དུ་གྱུར་པ་ནི་དོན་ངས་པའི་བདེན་པསོ།། བདེན་པ་གཉིས་ལ་ཡང་རང་བཞིན་གྱིས་མེད་པའི་ཕྱིར།། ་པ་གཉིས་ཀྱིས་བསྟོད་པའོ།། ཞེས་པ་ནི་རྣམ་པ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་ཞེས་པ་ལྷག་མའོ་བསྟོད་པའོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལའོ་ཞེས་ཁོང་དུ་ཆུད་པར་བྱའོ།། ཕུན་སུམ་ཚོགས་པ་ཐམས་ཅད་ཅེས་པ་ནི་བསོད་ནམས ་ཕུན་སུམ་ཚོགསོ་ཞེས་པ་སྟེ། བསོད་ནམས་ཕུན་སུམ་ཚོགས་པ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་སོ།། དེའི་ཕྱིར་ཡོང་སུ་དག་པའི་ལྷ་རྡོ་རྗེ་འཆང་ཆེན་པོ་ལྔ ་སྤྲུལ་པའི་རིམ་པས་སམ། རྫོགས་པའི་རིམ་པས་མི་བསྐྱོད་པ་ལ་སོགས་པའི་ལྷའི་འཁོར་ལོ་སྤྲོས་པའི་ཕྱིར་རོ།། བྱང་ཆུབ་སེམས་ནི་རབ་བསྐོར་བ་ནི་དྲུག་པ་སྟེ། ཡེ་ཤེས་ཀྱི་རིམ་པས་སམ་རིལ་པོར་འཛིན་པ་དང་རྗེ་སུ་གཞིག་པའི་རིམ་པས་དེ ་བཞིན་ཉིད་འོད་གསལ་བ་ཉིད་དུ་གྱུར་པའོ།། དེའི་རང་བཞིན་ཉིད་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་དུ་རིམ་པ་དེས་གཤེགས་པས་ན་དེ་བཞིན་གཤེགས་པའོ།། དེ་ཉིད་ཀྱི་ཕྱིར་དག་པ་ཞེས་པ་ལ་སོགས་པའོ།། རྡོ་རྗེ་གསུམ་གྱི་རྣམ་པས་ཤེས ་པ་ནི་ལུས་ལ་རྟེན་ཅིང་། ཡིད་ལ་སེམས་དཔའ་དང་། ཚིག་དག་ཉེ་བར་དམིགས་བཞིན་པ་ཉིད་ཡིན་པའི་ཕྱིར་རོ།། སྐུའི་རྡོ་རྗེའི་ཞེས་པ་ལ་སོགས་པ་འདིས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པའི་རྗེསུ་སྟེ་གཅིག་གི་ཚིག་ལ་མང་པོའི་ཚིག ་གོ། སུས་ཕྱིན་ཅི་ལོག་གང་གི་སྒྲུབ་པར་བྱེད་དོ།། སངས་རྒྱས་བྱང་ཆུབ་ཐོབ་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིའི་བཤད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་པ་རྟག་སོ།། ་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་སྟོནཱ་པ་ཞེས་པ་ལ་སོགས་པའོ།། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་བཤུད་པར་དེ་སྟོན་པར་བྱེད་པ་ནི་རབ་ཏུ་སྣང་བར་བྱེད་པའོ།། ལེའུ་ཞེས་པ་ནི་སྔར་བཤད་དོ།། །། རྣལ་འབྱོར་པ་གཉིས་ཀྱིས་པ་ནི ་བསྐྱེད་པ་དང་རྫོ་གསུ་བའི་རྣལ་འབྱོར་གྱི་དབྱེ་བའོ།། རྣམ་པ་གསུམ་ཞེས་པ་འཆང་པར་འགྱུར་བའི་དོན་ནོ།། རྡོ་རྗེ་འཚང་ཆེན་པོ་ནི་དྲུག་པའོ།། མྀ་བསྐྱོད་པ་ལ་སོགས་པ་རྣམས་ནི་ལྔའོ།། དེ་རྣམས་ནི་དྲུག་པོ་རྣམས་ཀྱིའོ།། དེའི་ཕྱིར་ཡང་ན་ལྔ ་པོ་དེ་རྣམ་སོ།། དེའི་ཕྱིར་བཤད་པའི་སྒོ་ནས་སོ་ལྷ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷ་དྲུག་གོ།། སྔགས་ཞེས་པ་ནི་མ་ཏྲི་གསང་བའི་སྐད་ལའོ།། གསུངས་པ་ཡང་།། ལྕེ་རྩེ་གལ་བ་ཡོད་མིན་ཞིང་།། ས་དང་མཆུ་གཉིས་ཡང་དག་སྦྱར་ཞེས་པ ་ལ་སོགས་པ་སྔགས་ཀྱི་བཟླས་པའི་མཚན་ཉིད་དོ་ཞེས་སོ།། སྔགས་ནི་ཡིད་སྐྱོབ་པར་བྱེད་པའི་དོན་ཏེ། ངན་འགྲོའི་འཇིག་པ་རྣམས་ཀྱིས་སྐྱོབ་པར་གྱུར་པ་ཉིད་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་ཉིད་ཡིན་པའི་ཕྱིར།། འཆད་པར ་འགྱུར་བའི་གསང་སྔགས་ཞེས་བྱ་བ་འཆད་པར་འགྱུར་རོ།། གསུངས་པ་ཡང་ག་གང་དབང་པོ་ཡུལ་རྣམས་ཀྱིས།། བརྟེན་ནས་བསྐྱེད་པར་བྱ་བའི་ཡིད།། ཡིད་དེ་མན་ན་ཞེས་དང་བཤད།། ཏྲ་ཡིག་སྐྱོབ་པར་བྱེད་པའི་དོན།། ཞེས་པ་དང་། སྔགས་ནི་འབོད་པ ་ཞེས་བཤད་དེ།། དེ་ཉིད་བསྐུལ་བར་སྒྲུ་བདྨོ།། ཞེས་གསུངས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱང་སྡུག་སུ་འཆང་བར་གྱུར་རོ།། རྡོ་རྗེ་དང་པདྨ་འདུ་བྱས་པ་ནི། ཆོས་འབྱུང་སྟེ་ཆོས་ཕུང་ལ་སོགས་པ་རྣམས་འདིར་འབྱུང་ངོ་།། ཞེས ་བྱ་ནས་སོ།། དེ་དག་འདིར་འགགས་པ་དང་། སྐྱེ་བོ་ཞེས་དེ་ལ་གནས་པའི་རྟེན་དང་བརྟེན་པའི་བདག་ཉིད་ཅན་གྱི་ལྷའི་འཁོར་ལོར་འགྱུར་རོ།། དེ་ལ་ལྷའི་འཁོར་ལོའི་དབང་དུ་བྱས་ནས་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་དང ་དཾ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་དེ་དང་དེའི། རང་གི་བདག་པོ་ཞེས་པ་ནི་གང་གི་བདག་པོ་གང་ཡིན་པ་ནི་རང་གི་བདག་པོའོ།། ཁ་དོག་ལྔ་པའི་སའི་ཆ་དང་ལྡན་པ་ནི་ལྔའི་བདག་ཉིད་ཀྱི་ལྷའི་འཁོར་ལོ་འདི་ཉིད་ཀྱི་ཁ་དོག ་གིས་སའི་ཆའི་ཁ་དོག་ལྔ་ཉིད་ཡིན་པའི་ཕྱིར་རོ།། ཁ་དོག་ལྔའི་སའི་ཆ་ཞེས་པའི་གསུང་ལས་ལྷ་མོའི་བྷེ་གར་ཁང་པ་བརྩེགས་པ་ཡང་བསྒོམ་པར་བྱའོ་ཞེས་མཚོན་པར་བྱའོ།། ཕྱི་རོལ་ཏུ་ཡང་ཡེ་ཤེས་ཀྱི་གཞི་ཁང་པ་བརྩེགས་པ་བསྒོམ་པ་རྗོད་པར་བྱེད་པ་མ ་ཡིན་ནམ་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། ཟུར་གསུམ་རྣམསུ་རྣམ་བསྒོམ་བྱ་ཞེས་འདུས་པ་ཕྱི་མར་གསུངས་པ། གསང་བའི་ནད་ལྔ་བལྟོས་པ་ལ།། རྨོངས་ནས་ཕྱི་རོལ་ཏུ་ཡང་རྗོད་པར་བྱེད་དེ་འཇིག་རྟེན་དང་འགལ་ལོ།། གང་འཇིག་རྟེན་ན ་ཕྱི་རོལ་གྱི་ཁྱིམ་དང་ཁང་བཟང་ལ་སོགས་པ་རྣམས་བྱེད་པ་གསང་བའི་ནང་གི་གནས་ལ་བལྟོས་པར་བྱ་བ་མ་ཡིན་ནོ།། རྣམ་པར་གཞག་པའི་རིམ་པར་ཡང་ཁང་པ་བརྩེགས་པའི་རི་དང་གཞལ་མེད་ཁང་ལ་སོགས་པའི་རྣམ་པར་གནས་པར་གསུངས་པའི ་ཕྱིར་རོ།། ལྔ་ཞེས་པ་ལ་སོགས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་སྟེ་གཟུགས་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། གསུངས་པ་གཟུགས་ཞེས་པ་ལ་སོགས་པའོ།། མཆོད་པ་རྣམ་པ་ལྔ་ཞེས་པ་ནི་ལྔ་པོ་རྣམས ་ཀྱིས་ཉེ་བར་སྡུད་པར་བྱ་ཉེ་བར་འབུལ་བར་བྱེད་དོ།། ཞེས་པས་ལྔ་ཡང་དེ་ཡིན་ལ་མཆོད་པ་ཡང་དེ་ཡིན་པས་ཏེ་གཟུགས་དང་སྒྲ་ལ་སོགས་པ་རྣམསོ།། མདོར་ན་ཞེས་པ་ནི། དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའི་ལྷ་མོ་དང་བླ་རཾས་ལ་སོགས་པས ་རྒྱ་ཆེར་མངོན་པར་བརྗོད་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ།། ལྷའི་འཁོར་ལོ་ཞེས་པ་ནི་ལྷ་རྣམས་ཀྱི་འཁོར་ལོ་བཞིན་དུ་གནས་པའི་ཁྱད་པར་རམ་ལྷ་རྣམས་ཀྱིའང་འཁོར་ལོ་ཁང་པ་བརྩེགས་པ་སྟེ་ལྷའི་འཁོར་ལོ་བསམས་ནས།། འཁོར་ལོའི་དབུས ་སུ་ནི། རྟེན་དང་བརྟེན་པའི་འཁོར་ལོའི་དབུས་སུ་གསང་བའི་ཁང་པ་བརྩེགས་པའི་བདག་པོར་གྱུར་པ་ཉིད་ཀྱིས་ནི་མི་བསྐྱོད་པ་ཉིད་ཀྱིས་སོ།། ཕྱི་རོལ་གྱི་ཁང་པ་བརྩེགས་པའི་དབུས་སུ་ནི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སོ།། དེ་ཉིད་ཀྱི་ཕྱིར ་གསུངས་པ་རྡོ་རྗེ་འཆང་ཆེན་པོའི་གཟུགས་བཞིན་དུ་ཞེས་དང་། སླར་ཡང་གསུངས་པ་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པར་གྱུར་པ་ཞེས་དང་སླར་ཡང་གསུངས་པ། སྡུད་པར་བྱེད་ཅེས་པ་ལ་སོགས་པའོ།། དེ་དང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་ངོ་།། མི ་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་གསང་བའི་འཁོར་ལོ་ལས་ཕྱི་རོལ་ཏུ་བྱས་པའོ།། དེ་བཞིན་དུ་ཞེས་བྱ་བ་ལཾ་ས་གས་པ་ལིཾ། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། དཀོན་མཆོག་དཔལ་ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་དོན་ཡོད་གྲུབ་པ ་ལ་སོགས་པའི་ཕྱག་རྒྱ་ཆེན་པོར་བསྡུས་སོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དྲུག་མངོན་པར་བརྗོད་པ་ནི། བདག་པོ་ཉིད་ཀྱིས་གསང་བའི་འཁོར་ལོའི་ནང་དང་ཕྱི་རོལ་ཏུ་བསྒོམ་པར་བྱ་བ་དག་གོ། གང་ཡང ་གཞན་དུ་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་རྡོ་རྗེ་འཆང་ཆེན་པོ་དང་། གཅིག་ཏུ་སྦྱོར་བས་བདག་པོ་ཉིད་དུ་འདོད་དེ་དེ་ཡང་དེ་བཞིན་གཤེགས་པ་ལྔའི་རིགསུ་བསྡུས་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་ཉིད་དོ།། སོགས་ཀྱི ་དོན་གྱི་བཤད་པ་ལ་རང་དབང་མ་ཡིན་པའི་བདག་ཉིད་གསུངས་པ། གང་ཡིན་པའི་ཞེས་བྱ་བ་ལ་སོགས་པའོ།། ཁྲོ་བོ་ནི་མི་བསྐྱོད་པའོ།། འདོད་ཆགས་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེའི་ཞེས་པ་སྔར་བརྗོད་པ་ཡིའོ།། ་ཕྱག་གི་གཙོ་བོས་འཁོར་ལོ་བསྟན་པ་ཞེས་པ་ནི་ཕྱག་གཞན་ན་གནས་པའི་མཚན་མ་སྒྲུབ་པའི་ཐབསུ་གསུངས་པ་ལ་བལྟོས་པ་དང་བཅས་པའི་ཚིག་གོ། ཛསྠུ་ནཱ་དེ་ཞེས་པ་ལ་སོགས་པས་རིན་ཆེན་འབྱུང་ལྡན་ལ་སོགས ་པས་རན་ཚུན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཕྱག་གིས་གཙོ་བོའི་མཚན་མ་སྟོན་པར་བྱེད་དོ།། དེ་བཞིན་དུ་དྲུག་པ་ཡི་ཡང་ཕྱག་གི་གཙོ་བོའི་གཡས་ན་དེ་བསྐྱེད་པའི་རྒྱུད་རྡོ་རྗེ་དཀར་པོ་སྟེ། དེ་བཞིན་གཤེགས་པ་ལྔ ་པོ་བསྐྱེད་པའི་མཚན་མེ་ལྔ་པོ་བཞིན་ནོ།། འདི་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་རྣམས།། དང་པོའི་སྦྱོར་བ་ནི་ས་བོན་དང་མཚན་མ་ལ་བལྟོས་པསའོ།། དྲིལ་བུ་ནི་ཐམས་ཅད་དུ་ཕྱག་གཡོན་ཉིད ་ནའོ།། ཆོས་ཀྱི་དབྱིངས་ཞེས་པ་ནི་སེམས་ཙམ་ཉིད་ཀྱིས་འགྲོ་བ་འཛིན་པར་བྱེད་དོ་ཞེས་པས་ཆོས་ཀྱི་དབྱིངས་ཏེ་རྣམ་པར་རིག་པ་ཙམ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་འདིས་ཞེས་བྱ་བ་ལ་སོགས་པ་སྟེ། དྲང་བའི་དོན་ནོ།། དེ་བཞིན་གཤེ ་པ་འོད་དཔག་ཏུ་མེང་པ་ལ་སོགས་པ་ལྷ་ནི། འོད་ཟེར་ལྔ་སྟེ་དམར་པོ་ལ་སོགས་པའི་འོད་ཟེར་ལྔའི་རང་བཞིན་ནོ།། སྟེང་གི་སྒོ་ནས་ནི་སྣའི་བུ་ག་ནས་སོ།། བྱུང་སྟེ་རང་གི་དང་ཉིད་དོ།། རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ཁྱབ་བྱེད་ཀྱི་རླུང་ནི་སྟེང ་ནས་འབྱུང་བ་མ་ཡིན་ནམ་ཞེས་ན་དེ་ལྷ་མོད་ཀྱི་འོད་ཟེར་རིའི་འབྱུང་བ་ན་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་བར་བྱེད་དོ།། ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱི་ང་ཁམས་བཞི་ཅར་ལ་ཁྱབ་པོ་ཞེས་སྤྱོང་བསྡུས་སུ་གསུངས་སོ།། གང་དུ་གཅིག ་ཡོད་པར་དེ་ལ་བཞི་པོ་ཞེས་པའི་རིགས་པ་ལས་སོ་ཞེས་པས་མི་འགལ་ལོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་སྤྲིན་ཞེས་པ་ལ་སོགས་པ་སྟེ། དཀར་པོ་ལ་སོགས་པ་ཞེས་བྱ་བ་སྟེ། སོགས་ཀྱི་སྒྲས་དམར་པོ་དང་སེར་པོ་དང་ནག་པོ་རྣམས ་བསྡུས་པའོ།། ཨཱ་ལཱི་ཀཱ་ལི་རྣམས་ནི་ཡི་གེ་གཅིག་གིས་དམན་པའི་ལྔ་བཅུ་པོ་འདྲི་རྣམས་སོ།། མ་ནིང་ལ་སོགས་པ་ཞེས་པའི་སོགས་ཀྱི་སྒྲ་ལས་བུད་མེད་དང་སྐྱེས་པ་རྣམས་བསྡུསོ།། དེ་ལ་ཐུང་ངུའི་དབྱངས་ནི་ཉིན་མོར་བརྗོད།། རིང ་པོ་ཞེས་པ་མཆེན་མོར་བཤང་།། དབྱངས་དང་གསལ་བྱེད་དབྱེ་བ་ཡིས།། མིང་གི་དེ་ཉིད་སྦྱར་བ་བྱ།། ཞེས་དགོངས་པ་ལུང་སྟོན་དུ་བཤད་དོ།། ང་ཉ་ཎ་ན་མ་རྣམས་ལ་ནི་ཞེས་པ་མ་ནིང་གི་ཡི་གེའོ།། མཉམ་པར་བཞག་ཅིང་ནི ་ཡིད་ལ་བཀོད་ནས་སོ།། དེ་ཞེས་པ་ཡི་གེ་གསུམ་མོ།། ཨོཾ་ཞེས་དང་པོ་གཅིག་ཅེས་པ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པ་ལ་འོད་ཟེར་ལྔའི་རང་བཞིན་དང་དྲུག་པ་དཀྱིལ་འཁོར་གྱི་བདག་པོ་ཡི་གེ་གསུམ ་གྱི་བདག་ཉིད་དུ་གསུངས་སོ།། དྲུག་པོ་འདི་རྣམས་རླུང་གི་དེ་ཉིད་དང་སྔགས་ཀྱི་དེ་ཉིད་ཀྱི་བདག་ཉིད་ཅན་རྡོ་རྗེ་གསུམ་དུ་བསྡུས་པར་བསྟན་པའི་འདོད་ནས་གསུངས་པ། ཨོཾ་ཤཱུ་ནྱ་ཏཱ་ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད ་གསུམ་དུ་འདིར་བརྟགས་པའོ།། དེ་ལ་རླུང་གི་དེ་ཉིད་ནི་འཇུག་པ་དང་གནས་པ་དང་ལྡང་བ་གསུམ་མོ།། སྔགས་ཀྱི་དེ་ཉིད་ནི་ཡི་གེ་གསུམ་མོ།། རྡོ་རྗེ་བཟླས་པའི་འབྲས་བུ་དེ་ཉིད་གསུམ་པོ་སྣང་བ་གསུམ་དང་མིག་ལ་སོགས་པའི་རྣམ་པར་ཤེས ་པ་རྣམས་ཀྱིའང་དེ་ཉིད་དོ།། དེ་ལ་ཇི་ལྟ་བསྐྱེད་པའི་རིམ་པསྣ་སྔགས་ཀྱིས་དང་པོའི་མགོན་པོ་བསྐྱེད་པ་ལ་ཡི་གེ་གསུམ་གཅིག་ཏུ་གྱུར་པ་ཉིད་དོ།། སྤྱོད་བསྡུས་སུ་ཡང་ལུས་རྣམ་པར་དབེན་པའི་མཐར་ཐུག་རྡོ་རྗེ་གསུམ་པོ་རྣམས་རང ་བཞིན་གྱིས་གྲུབ་པ་ངའོ་ཞེས་གཅིག་ཉིད་དུ་བསྟན་ནོ།། དེ་བཞིན་དུ་རྡོ་རྗེ་བཟླས་པའི་འབྲས་བུ། སྣང་བ་གསུམ་པོ་ཉིད་ཀྱི་བདག་ཉིད་ཅན་ཉིད་ཡེ་ཤེས་ཀྱི་སྐུ་བསྐྱེད་པར་འགྱུར་རོ།། གསལ་བ་ནི་མ་བཅོས་པ་ཉིད་ཀྱིས་ཉེ་བར་དམིགས་པའི ་ཕྱིར་རོ།། མི་གསལ་བ་ནི་ཤ་དང་ཁྲག་དང་རུས་པའི་ཁམས་ལ་སོགས་པ་རྣམས་ཀྱིས་ཀུན་ཏུ་མི་འཁྲུགས་པའི་ཕྱིར་རོ།། གསུངས་པ་ཡང་ཇི་ལྟར་ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་གྲིབ་མ་སྐྱེས་བུའི་རྣམ་པར་སྣང་བ་དེ་ནི་ཁམས་རྣམས ་ཀྱིས་རྣམ་པར་འཁྲུགས་པ་མེད་དོ།། འདི་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པར་རྟོག་པ་ཀུན་ཏུ་དམིགས་པར་འགྱུར་བ་ཡང་མེད་དོ་ཞེས་པ་ལ་སོགས་པའོ།། ད་ནི་གསུངས་པའི་དོན་འདི་ཉིད་བསྟན་པར་འདོད་ནས་གསུངས ་པ། ན་མཁའ་ཞེས་པ་ལ་སོགས་པ་སྟེ། ནམ་མཁའི་དབྱིངས་ནི་དེ་བཞིན་ཉིད་དོ།། སངས་རྒྱས་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཡང་དག་པར་སྦྱོར་བ་གསུམ་གྱི་སྐུ་ནི་སྐུ ་ལ་སོགས་པ་གསུམ་པོ་རྣམས་ཀྱི་རང་གི་ངོ་བོ་སྣང་བ་གསུམ་པོ་རྣམས་ཡང་དྲག་པར་སྦྱོར་བ་སྟེ་འདུས་པའི་སྐུ་གང་ཡིན་པ་དེར་རོ།། བསམ་པ་ནི་མན་ངག་ཇི་ལྟ་བ་བཞིན་དུའོ།། སྣང་བ་ཞེས་པ་ལ་སོགས་པས་རང་གི་ངོ་བོ་སྟོན་པར ་བྱེད་དོ།། དངོས་པོ་ཐམས་ཅད་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཕྱི་དང་ནང་གི་བདགཉིད་ཅ་ནི་དེ་དག་གྲོ། ངོ་བོ་ཉིད་ནི་གཟུགས་དང་སྒྲ་ལ་སོགས་པའི་འདོད་པ་ལྔའོ།། ལྡང་བི་ལ་སོགས་པ་ཞེས་པ་ནི། ལྡང་བ་ལ་སོགས་པའི ་རླུང་རྣམས་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། མ་ལུས་པར་མཐོང་བ་ཉིད་ཡིན་པའི་ཕྱིར་ནི་དབང་པོ་མཐའ་དང་ལྡན་པའི་ཕྱིར་རོ།། འོད་གསལ་བར་འཇུག་པ་ཞེས་པ་ནི་སྦྱོར་བའི་དོན་དུའོ།། འདིའི་ལྡང་བ་གསུངས ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། སྐད་ཅིག་གི་ཞེས་པ་ནི་གསུངས་པ་ཡང་། ཡེ་ཤེས་སྐད་ཅིག་གིས་རྫོགས་པ། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ་ཞེས་སོ།། ལངས་པའི་རང་གི་ངོ་བོ་གསུངས་པ། དབུས་ཞེས་པ་ལ་སོགས ་བསྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ནི་འཁོར་བ་ཞེས་པས་སེམས་ཅན་གྱི་དོན་དུ་སྣ་ཚོགས་པའི་འགྲོ་བ་རྣམས་ཀུན་ཏུ་འགྲོ་བར་བྱུང་།། སྨྲ་བར་བྱེད་དོ་ཞེས་པས་འཁོར་བ་སྟེ་འགྲོ་བའི་རྣམ་པ་ལོངས ་སྤྱོད་རྫོགས་པའི་སྐུའོ།། དེ་ནུབ་པར་གྱུར་པ་ནི་མྱ་ངན་ལས་འདས་པའོ།། དབུས་སུ་ནཱི་བར་སྐབ་སུའོ།། འཇུག་པ་དང་ལངས་པ་གཉིས་པོ་དག་ལ་མངོན་པར་ཞེན་པོ་མེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པར་བྱའོ་ཞེས་པ་ནི་ཡོངསུ་ཤེས་པ་ཉིད་སྒོམ་པར་བྱེད་པའོ་ཞེས་མངོན་པར་དགོངསོ།། འདི་ཉིད་ཀྱི་ཞེས་བྱ་བ་ནི་གསུངས་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་རྫོགས་པར་བསྐྱེད ་པའི་རིམ་པ་འདི་ཉིད་ཀྱིས་སོ།། རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ལ་སོགས་པས། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཡོངས་སུ་དག་པས་བསྐྱེད་པར་སྟོན་པར་བྱེད་ཀྱི་བསྐྱེད་པ ་རིམ་པས་ནི་མ་ཡིན་སྟེ། ཐམས་ཅད་ཀྱི་བསྐྱེད་པ་སྔར་གསུངས་པ་ཉིད་ཀྱི་ཕྱིར་རོ།། སླར་ཡང་རྣམས་ལ་ཡིང་བསྐྱེད་པའི་རིམ་པ་འདི་བཤད་པའི་དོན་ཅི་ལྟར་ཡིན་ཞེ་ན་གསུངས་པ། བསམ་པ་ཇི་ལྟ་བ་ཞེས་པ་ལ་སོགས་པ་སྟེ། གླུང ་གི་བསམ་པ་རྨོངས་པ་ལ་སོགས་པའི་སེམས་ཉིད་གང་ཡིན་པ་དེའི་དབྱེ་བོས་ཁྱད་པར་གཏི་མུག་ལ་སོགས་པོ་ལ་མངོན་པར་དགའ་བའི་སེམས་ཅན་གཏི་མུག་ལ་སོགས་པའི་རིགས་ཅན་རྣམས་སྔར་གསུངས་པའི་བསྐྱེད་པའི་རིམ་ས ་སྒོམ་པར་བྱེད་པ་རྣམས་ཀྱི་རྫོགས་པའི་རིམ་པ་ལ་ཡང་རྣམ་པར་སྣང་མཛད་ལ་སྩོགས་པའི་གཟུགས་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་གཟུགསུ་བསྐྱེད་པ་བསྟན་ནོ་ཞེས་པས་བསམ་པ་ཇི་ལྟ་བས་ཞེས་པ་འདི་མངོན་པར་དགོངས ་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་རང་གི་དོན་བྱའོ་ཞེས་ཏེ། རང་གི་དོན་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྐུ་བཞི་པའོ།། རྣམ་པར་སྣང་མ་ཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྣམ་པར་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའོ།། སྐུ་གསུང་ཐུགས་ཀྱི ་མཚན་པ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་ཧཱུ~ཾད་དུ་ཤེས་པར་བྱའོ།། དེ་ཉིད་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་སྔར་གསུངས་པར་རྡོ་རྗེ་འཆང་ཆེན་པོའི་ཏིང་ངེ་འཛིན་མཆོག་ཏུ་འཛིན་པར་བྱེད་དོ།། ཨོཾ་དྷརྨཱ་དྷཱ་ཏུ་ཞེས་བྱ་བ་ལ་སོག ་པ་སྔར་བསྐྱེད་པའི་རིམ་པ་གསུངས་པ་ལས་ད་ནི་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། ཅི་ལྟར་བྱས་ནས་ཞེས་གསུངས་པ། དྷརྨཱ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། རང་དབང་ཡོངསུ་སྤང་བྲཝ་གསུངས་བཱ། ཨོཾ་དྷརྨྨ་དྷཱ་ཏུ་ཞེས་བྱ་བཾ་ལ་སོགས་པ་འདིས ་དེ་བཞིན་གཤེགས་པ་དྲུག་པོ་གསུངས་སོ།། དེ་ཉིད་གསུམ་དུ་གཅིག་ཏུ་གྱུར་པ་འདིར་བཤད་པས་ནི་འོད་གསལ་དུ་གཞུག་པ་མངོན་པར་བརྗོད་པར་བྱ་བཞིན་པ་ཉིད་མ་ཡིན་པའི་ཕྱིར་རོ།། དེའི་དོན་ཉིད་ཡིན་པའི་ཕྱིར། དེ་ཉིད་གསུམ་པོ་གཅིག་ཉིད་དོ།། ་ངེས་པའི་དོན་ནོ།། ད་ནི་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའི་ཕྲ་མོའི་རྣལ་འབྱོར་བཤད་པ་ལ་འཇུག་པར་བྱེད་དོ།། བརྟན་པོར་བྱ་བའི་དོན་ནི་མི་བརྟན་པ་བརྟན་པར་བྱེད་པའི་དོན་དུའོ།། རྣམ་པ་གསུམ་ཞེས་པ་ནི་དམིགས་པའི་དབྱེ་བ ་ལས་སོ།། ཕྲ་མོ་ཞེས་པ་ནི་ལྷའི་རྣལ་འབྱོར་ལ་བལྟོས་པའོ།། ཁ་དོག་ལྔ་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ལྔ་སྟེ། སོ་སོ་རེ་རེས་ནག་པོ་ལ་སོགས་པའི་འོད་ཟེར་ལྔ་པོ་རྣམས་ཀྱིས་ཐ་སྙད་དུ་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས ་པ། རིགས་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེ་བ་ཉིད་ཡིན་པའི་ཕྱིར་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་གཞལ་དུ་མེད་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉིད་ལས་སོ།། ཡུངས་ཀར་ཞེས་པ་ནི་ཕྲ་མོ་ཉིད་སྟོན་པར་བྱེད་དོ།། ་སྣའི་རྩེ་མོར་ནི་རྡོ་རྗེ་སྣའི་རྩེ་མོར་ཏེ་སྐྱེས་བུ་ལ་བལྟོས་ནས་གསུངས་པ་ཉིད་ཡིན་པའི་ཕྱིར་རོ།། ཉིན་དང་མཆིན་དུ་ཞེས་པ་འདིས་རྒྱུན་མི་འཆད་པར་གོམས་པར་སྟོན་པར་བྱེད་དེ། གཞན་ན་སེམས་བརྟན་པར་མི་འགྱུར་བའི་ཕྱིར་རོ།། གང་གི་ཚེ་ཞེས་བྱ་བ་ལ་སོགས ་བས་སེམས་བརྟན་པར་གྱུར་པར་ཡོངསུ་ཤེས་པའི་མཚན་མ་སྟོན་པར་བྱེད་དོ།། མཐོང་བ་ཉིད་ནི་དངོསུ་ཕྱི་རོལ་གྱི་དངོས་པོ་ཞེས་པའོ།། མཚན་མ་ནི་རྒྱུའོ་སེམས་བརྟན་པར་གྱུར་པའི་གཟུང་བ་ནི་མངོན་པར་ཞེན་པ་སྟེ་ཕྱོགས་དང་པོ་ལ་སོགས་པར་མཚན་མར ་དམིགས་ནས་དམིགས་པ་གཞན་ལ་མི་འཇུག་པའོ།། དེ་ལྟར་སེམས་བརྟན་པར་གྱུར་པ་ཤེས་ནས་དབང་དུ་གྱུར་པ་ཉིད་བསྐྱེད་པའི་ཆེད་དུ་གསུངས་པ། དེའི་ཚེ་ཞེས་པ་ལ་སོགས་པ་སྟེ། སྤྲོ་བར་བྱ་ཞེས་པ་མཚན་མ་སྒོམ་པ་ལ་སློབ་བཞིན་པ་ཉིད་མཚན་མ་ལས ་མཚན་མར་སྤྲོ་བར་བྱའོ།། འོད་ཟེར་ལས་སྐྱེས་པའི་འོད་ཟེར་དང་བཅས་པའོ།། བརྟན་པར་མ་གྱུར་ཞེས་པ་ལ་སོགས་པོ་ནི་བསྒོམ་པ་ལ་སློབ་བཞིན་པའི་སྒོམ་པར་བྱེད་པའི་བརྟན་པར་མི་གྱུར་པའོ།། སྤྲོ་བར་མི་བྱའོ་ནི་རྣམ་པར་གཡེང་བའི་ཕྱིར་སེམས་བརྟན ་པར་ཡང་ག་ལ་འགྱུར།། སླར་ཡང་ཡང་དག་པར་བསྒོམས་ནས་སྤྲོ་བར་བྱའོ།། ཕྱག་རྒྱ་ཆེན་པོ་ནི་ལྷའི་སྐུའོ།། ལྷ་གཅིག་གི་སྐུ་ལ་སྤྲོ་བ་དབང་དུ་གྱུར་པའི་དེ་མ་ཐག་ཏུ་མཐའ་ཡས་པ་ཡང་སྤྲོ་བར་བྱའོ་ཞེས་གསུངས་པ། རབ་མཆོག་ཅེས་བྱ་བ་ལ་སོགས ་པ་སྟེ། དཀར་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྲོས་པའི་སངས་རྒྱས་ཀྱི་ཚོགས་རྣམས་རིགས་ལྔ་ཉིད་དུ་སྟོན་པར་བྱེད་ཀྱི་རིགས་གཅིག་པ་ཉིད་དུ་ནི་མ་ཡིན་ནོ།། འཁོར་ལོ་ཞེས་པ་ལ་སོགས་པས་མཚན་མ་དང་བཅས་པ་ཉིད་དོ།། བྱང ་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་རིགས་ལྔ་ལ་སྐྱེས་པར་སྟོན་པར་བྱེད་དོ།། ཉེ་བར་མཚོན་པས་ཞེས་པ་ལ་སོགས་པས་དཀྱིལ་འཁོར་དུ་གནས་པ་མ་གསུངས་པ་རྣམས་དང་། དཀྱིལ་འཁོར་དུ་གནས་པ་མ་ཡིན་པ་གཞན་ཡང་སྟོན་པར་བྱེད་དོ།། སྤྲོ ་བའི་བདག་ཉིད་ཅན་ནི་སྤྲོ་བར་བྱེད་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ན་མཁའ་ཁྱབ་པར་ཞེས་པ་ནི། ན་མཁའི་གོ་སྐབས་སྟེང་དང་འཕྲེད་དང་འོག་ཏུའོ།། སྤྱིའི་དོན་ནོ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དག་བསྐྱེད་པའི་རིམ་པས་བསྡུས་པ་ཉིད་ཡིན་པའི ་ཕྱིར་རོ།། རིན་ཆེན་པོ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སེམས་ཏེ་དེ་བཞིན་ཉིད་རྟོགས་པའི་རྒྱུད་ཉིད་ཡིན་པའི་ཕྱིར་རོ།། ཡུངས་ཀར་ཞེས་པ་ནི་སྔ་མ་བཞིན་ཏེ། གང་ཡང་འགྲོ་བར་བྱེད་དོ་འཇུག་པར་བྱེད་དོ་ཞེས་པ་སྟེ། ་རླུང་གི་ཁམ་སོ།། ཁམས་གསུམ་དང་ལྡན་པ་དེའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། ཡུངས་ཀར་ཏེ་དེའི་འབྲས་བུའི་ཚང་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཚད་ནི་ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་མོ།། རྡོ་རྗེའི་ཁར་ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ ་སྔར་གསུངས་པ་སྒོམ་པར་བྱེད་པའི་སྟོབས་ལས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་བྱས་ནས་སོ།། གཞན་དུ་ན་རྡོ་རྗེའི་ཁ་ཉིད་དུ་གནས་པར་མ་འགྱུར་རོ།། སྐུར་ཡང་དེ་བཞིན་གཤེགས་པ་ལྔ་སྒོམ་པར་བྱེད་པའི་བདག ་ཉིད་ཅན་ཉིད་ཀྱིས་སྒོམ་པར་ག་ལས་འགྱུར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་ཞེས་སོ།། སྤྱན་མ་ལ་སོགས་པ་དང་ཁྲོ་བོ་གནོད་མཛེས་ལ་སོགས་པའི་མཐར་ཐུག་པ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། བརྟན ་དའི་ཞེས་པ་ལ་སོགས་པས་ཕྱག་རྒྱ་མཉེས་པར་བྱེད་པ་དང་རང་གི་དོན་ཕུན་སུམ་ཚོགས་པ་མངོན་པར་གསུངས་སོ།། ཇི་ལྟར་གསུངས་པའི་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བའི་རྒྱུད་དུ་གསལ་བར་རོ།། དཀྱིལ་འཁོར་གྱི་འཁོར་ལོ་ཡང་། བུ་ནི་དྲུག་པའི ་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་དཀྱིལ་འཁོར་གྱི་དབང་ཕྱུག་ཉིད་དུ་རྫོགས་པ་ལྔ་པོ་རྣམས་ཀྱང་དྲུག་པ་ཉིད་ཀྱིས་རྒྱས་འདེབས་པར་འཚོད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ།། དཀྱིལ་འཁོར་པ་གང་ཡིན་པ་ཉིད་ནི་ཆུ་བོ་ཉིད་དེ་དེ་ལྟར་ན་སྤྱན་མ་ལ་སོགས ་པ་རྣམས་ཆེ་བོ་ཉིད་ཁོ་ནའོ།། སྦས་པའོ།། ལྔ་ཞེས་པ་ལ་སོགས་བ་ལཱ། སངས་རྒྱས་ཀྱི་རིན་པོ་ཆེ་བསྐྱེད་པའི་ཕྱིར་ཞེས་པ་ནི་མི་ཤིགས་པར་སྒོམ་པར་བྱེད་པ་འོད་གས་ལཱྀ་དུ་འཇུག་པ་དང་ལྡན་པའིརི་རྒྱུད་ཡིན་པའི་ཕྱིར་རོ།། ཐིག་ལེའི་གཟུ་གས་ཅན་ཡིན ་པ་ཉིད་ལས་ནི་ཏིང་ངེ་འཛིན་སེམས་དཔའ་ལ་གནས་པ་ཉིད་དོ།། ཏིང་འཛིན་སེམས་དཔར་ཉིད་ཐིག་ལེར་གྱུར་པ་མི་ཤིགས་པ་མ་ཡིན་ནོ་ཞེ་སུ་ཞིག་འདོད་།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྙིང་གའི་པདྨའི་ལྟེ་བར་ནི་ཡེ་ཤེས་སེམས་དཔའི་སྙིང་གའི ་པདྨའི་ལྟོ་བར་རོ།། འཇུག་པ་ཞེས་པ་ལ་སོགས་པས་མི་ཤིགས་པས་འཇུག་པ་ལ་སོགས་པ་གསུམ་པོ་སྟོན་པར་བྱེད་དོ།། བསྡུ་བ་ཞེས་པ་ལ་སོགས་པ་གསུམ་པོ་རྣམས་འགྲོག་པའོ།། ཉིན་དང་མཚན་མོར་ཞེས་པ་འདིས་རྣམ་པར་མ་ཆད་པར་གོམས ་པར་བྱེད་པའོ།། རྟག་ཏུ་ཞེས་པ་ནི་འགོག་པའི་རང་བཞིན་གྱི་ངོ་བོ་ཉིད་ཀྱིསོ།། མི་ཤིགས་པ་ནི་རྣམ་པར་རྟོག་པའི་དྲ་བ་ཐམས་ཅད་བཅོམ་ནས་མེད་པར་གྱུར་པའོ།། སླར་ཡང་འདི་ལྷུང་བར་བྱེད་པ་རླུང་གི་སྒོ་ནས་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས ་པ་སྟེ། བརྟན་པར་མ་གྱུར་པ་ནི་བརྗོད་པའི་མཚན་ཉིད་ཀྱི་རྟག་པར་མ་གྱུར་པའོ།། གང་གི་ཚེ་མི་ཤིགས་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་དུ་གྱུར་པ་དེའི་ཚེ་མི་ཤིགས་པའི་ཐིག་ལེའི་གཟུགས་སྟོང་པ་ཉིད་གསལ་བར་བྱེད་པ་པོ་དེའི་ཁོ་ན་ཉིད་སྟོང ་པ་ཉིད་དེ། དེ་རྟོགས་པ་ཉིད་དོ།། ཐིག་ལེ་སྒོམ་པར་བྱེད་པའི་མཚན་ཉིད་དོ།། དེ་དང་འདྲ་བའི་འོད་ནི་འོད་ཟེར་ལྔའི་བདག་ཉིད་ཅན་གྱིས་སོ།། དཀྱིལ་འཁོར་ཞུས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། སྤྱན་མ་ལ་སོགས ་པའི་ལྷ་མོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། འཚོད་པར་འགྱུར་བར་ཡང་། གཡས་པ་ནས་ནི་བྱུང་བའི་རླུང་།། མཾ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ།། ཁ་དོག་དམར་ཞིང་གསལ་བ་འདིར།། པདྨ་མགོན་པོ་རྒྱུ་བའོ།། ཞེས་པ་ལ་སྲོགས་པའོ།། བཞི་པོ ་རྣམས་ཀྱིས་ནི་མེ་དང་རླུང་དང་དངང་ཚན་དང་ཆུ་རྣམས་ཀྱིས་སོ།། གཡས་པ་ལ་སོགས་པ་ཞེས་པའི་སོགས་པའི་སྒྲས།། གཡོན་དང་སྟེང་དང་འོག་དང་དབུས་རྣམས་གཟུངས་སྟེ།། སྣའི་བུ་ག་རེ་རེ་ལའོ།། སྤྲོ་བར་བྱ་ཞེས་པ་ནི་རང་གི་ངང་ཉིད་ཀྱིས་ངེས་པར་འགྲོ ་བ་འམ་མཛེས་པར་བཟླས་པར་འདོད་པ་ལ་བལྟོས་ནས་སྤྲོ་བར་བྱའོ་ཞེས་གསུངས་སོ།། དེ་བཞིན་གཤེགས་པའི་སྤྲིན་གྱིས་ཞེས་པ་ནི། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དཀྱིར་བཞི་བ་སྟ་གང་མས ་གི་བསྒོམ་པ་དབང་དུ་གྱུར་པ་ཐོབ་པ་ནི་དེ་བཞིན་གཤེགས་པའི་སྤྲིན་གྱིས་ཆོས་ཀྱི་ཆུའི་ཆར་འབེབས་པར་འགྱུར་རོ།། སྤྲིན་རྣམས་ཀྱིས་ཞེས་པ་མང་པོའི་ཚིག་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་མང་པོ་ཉིད་དོ།། དེའི་ཕྱིར་གསུངས་པ། ་ནམ་མཁའ་ཞེས་པ་ལ་སོགས་པའོ།། མཐར་ཐུག་པའོ་ཞེས་པ་འོད་གསལ་དུ་ཞུགས་པ་དང་ལྡང་བ་དག་གི་མཐར་ཐུག་པ་རྣམ་པ་གཉིས་ཀྱི་བཤད་པ་ཉིད་ཀྱི་ཕྱིར་རོ།། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ་བསྐྱེད་པའི་རིམ་པ ་ཞེས་པ་རྫོགས་པའི་རིམ་པས་བསྐྱེད་པ་ནཱི། སྔར་བསྟན་པ་ཉིད་ཀྱི་ཕྱིར་བསྐྱེད་པ་ཞེས་པ་ལྔ་སྔོགས་པས་ཁྱད་པར་དུ་བྱེད་པའོ།། སྦྱོར་བའི་དཀྱིལ་འཁོར་ཞེས་པ་རྟེན་དེ་སྒྲུབ་པ་པོ་ལ་སྦྱོར་བར་བྱེད་དོ།། ཞེས་པ་སྦྱོར་བ་སྟེ་དེ་ཉིད་ཀྱི ་དཀྱིལ་འཁོར་ཏེ་ནི་བ་ཅན་ལ་སོགས་པའི་ལས་ཀྱི་ཚོགས་ཀྱིས་ངེས་པརོ་བསྐོར་བ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་སྣ་ཚོགས་། དེ་ལས་ཞེས་བྱ་བ་ལ་སོགས་པས། དེ་རྡོ་རྗེ་ལས་བྱུང་བ་ཞེས་པར་མ་ཆད་པར་སྦྱར།། འདི ་ངག་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བ་སྐུ་ཞེས་པ་ལ་སོགས་པ་སྟེ། སྐུ་ལ་སོགས་པ་རྣམས་ཀྱི་སྒྲུབ་པ་ནི་བསྒོམ་པའོ།། འདི་ནི་སྐུ་ལ་སོགས་པ་རྣམས་ཀྱིས་སོ་སོར་རེ་ལས་འབྲེལ་པའི་ཕྱིར་མང་པོ་ཉིད་དེ་དེ་ཉིད ་ཀྱི་ཕྱིར་སྒྲུབ་པ་རྣམས་ཀྱིས་ཞེས་གསུངསོ།། ཐུགས་སྒྲུབ་པ་ལ་སྐུ་དང་གསུང་ཡང་ཐུགས་ཀྱི་ནང་དུ་སོན་པ་ཉིད་ཀྱིས་ཡོན་ཏན་དང་ལྡན་པར་གྱུར་པར་བསྒྲུབས་པའི་ཕྱིར་རོ།། སྐུ་ཉིད་དཀྱིལ་འཁོར་ཡིན་པས་སྐུའི་དཀྱིལ་འཁོར་རོ།། དེ་གང་ཞེ་ན ་ཞེས་པ་ནི་དཀྱིལ་འཁོར་ལ་བལྟོས་པ་དང་བཅས་པའོ།། རྡོ་རྗེ་ལས་བྱུང་བ་ཞེས་པ་ནི་རྡོ་རྗེའི་མཚན་མ་ལས་བྱུང་བའོ།། དེ་རྣམས་ཞེས་སྔར་གསུངས་པ་འདིར་སྒྲོལ་ལོ།། རབ་ཀྱི་མཆོག་ནི་རབ་ཏུ་ཕུལ་དུ་བྱུང་བ་དང་མཆོག་དེ་གཙོ་བོའོ།། ་དྲང་བའི་དོན་ནོ།། དེ་ལྟར་བསྐྱེད་པའི་རིམ་པའི་སྒོ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་ཀྱི་བསྐྱེད་པ་མངོན་པར་བརྗོད་ནས་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་གསུངས་པ། ནམཁའི་དབྱིངས་ཀྱི་ཞེས་པ་ལ་སོགས་པ་ཟླ་བའི ་དཀྱིལ་འཁོར་ལྟ་བུ་ནི་ཟླ་བའི་དཀྱིལ་འཁོར་ཏོ་དཀར་པོ་ཉིད་ཡིན་པའི་ཕྱིར་དང་ཟླུམ་པོ་ཉིད་ཡིན་པའི་ཕྱིར་རོ།། མི་བསྐྱོད་པའི་ངོ་བོ་ཞེས་པ་ནི་མི་བསྐྱོད་པ་ནི་བདག་པོ་ཉིད་ཡིན་པའི་ཕྱིར་གསུངསོ།། ཁ་དོག་དཀར་པོ་ནི་འདི་ལ་ལྡན་པར་གསུངས ་པ་ཆུའི་ཁམས་རྒྱུ་བ་ཉིད་ཡིན་པའི་ཕྱིར་རོ།། ཆུའི་ཁམས་ཀྱི་ངོ་བོ་ཉིད་མཱ་མ་ཀཱི་ནཱ་ག་མོའོ།། ཡང་ནཱ་རླུང་གི་དེ་ཉིད་ཀྱི་ཁ་དོག་གཞན་ཉིད་མཱ་ཡིན་ནམ་ཞེ་ན། གལ་ཏེ་དེ་ལྟར་ནི་མའི་དཀྱིལ་འཁོར་གྱི་རང་བཞིན་འོད་དཔག་མེད་དང་གོས ་དཀར་མི་དག་ཅིའི་ཕྱིར་ཁ་དོག་དམར་པོ་ཉིད་ཡིན་གྱི་ཁ་དོག་ནག་པ་ཉིད་དུ་མི་འགྱུར་བ་ཅི་ཞེས་པའོ།། དེའི་ཕྱིར་ཆུའི་ཁམས་རྒྱུ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་བསམ་པར་བྱའོ།། ཐམས་ཅད་གཞོགས་འགའ་ཞིག་ཏུ་ཀུན་ཏུ་ཞུས་པ་མ་ཡིན་པ ་ཉིད་ཀྱི་ཕྱིར་འཇིག་རྟེན་དུ་ཡང་འགའ་ཞིག་དེ་མ་ཡིན་པར་མི་འགྱུར་བ་གང་ཡིན་པ་དེ་དང་དེ་ཞེས་བརྗོད་པར་བྱ་བ་ཡིན་ནོ།། འབྱུང་བར་འགྱུར་བཞིན་པ་ནི་རང་གི་ངང་ཉིད་དོ།། ཤེས་པར་བྱའོ་ཞེས་པ་ནི་ཡོངསུ་ཤེས་པ་ཉིད་རྒྱུན ་ཆགས་པར་འདི་དང་དེ་བཞིན་དུ་གཞན་དུ་ཡང་བསྒོམ་པ་ཉིད་དོ།། ཁ་དོག་སེར་པོ་དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་ནི་སའི་ཁམས་ཀྱི་རང་བཞིན་སྤྱན་མ་དཀར་མོ་མ་ཡིན་ནམ། དེ་ཅི་ལྟར་འདིར་སེར་པོ་ཉིད་ཡིན་ཞེས་བསམ་པར་བྱའོ།། ཐད་ཀར་གཞོགས ་གཉི་སུ་དང་སྟེང་དང་འོག་རྣམ་པ་གཉིས་ལས་ལྷོ་རེ་རེ་རྒྱུ་བའི་ཕྱིར་གཉིས་ཀ་ལས་འབྱུང་བར་འགྱུར་བཞིན་པའོ།། ཁ་དོག་ནག་པོ་དོན་ཡོད་གྲུབ་པ་ཞེས་པ་ནི། ཁ་དོག་ལྗང་སེར་ལྟ་བུ་སྟེ། ལས་ཀྱི་མགོན་འདིར་ལྷ་ཉིད་དོ་ཞེས་གསུངས་པའི་ཕྱིར། ་ལྗང་གུ་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། སྔོ་བས་ངས་ཀྱི་སྒྲ་འདི་ནག་པོའི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་ཉེས་པ་མེད་དོ།། ལུས་ལ་སོགས་པ་རྣམས་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་གསུངས ་པ་སྐུ་ནུས་པ་ལ་སོགས་པ་སྟེ། ལྷའི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་ཐམས་ཅད་མཁྱེན་པའི་གོ་འཕང་གིས་ཐུག་པར་བཞུགས་པ་འབྲས་བུའི་ངོ་བོའོ།། ཐོབ་པར་འདོད་པ་ནི་ལམ་ལ་གནས་པ་ཞེས་བྱ་བའི་དོན་ནོ།། སྐུ་ཞུས ་བྱ་བ་ནི་བཤད་པ་བྱེད་པ་རྣམས་ཀྱི་སྐྱེ་ཞེས་མངོན་པར་བརྗོད་པར་བྱ་བ་འདིས་ནི་གཅིག་པོ་འདིའི་སྐུ་གཅིག་ཁོ་ནའོ།། གསལ་བར་ཞེས་པ་ནི་བྱ་བའི་ཁྱད་པར་རོ།། ཐོག་མ་དང་ཐ་མ་མེད་པ་ནི་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ།། རྣལའི་བྱོར ་ནི་རྫོགས་པའི་རིམ་པའི་ངོ་བོའོ།། ཕྲ་མོ་ཞེས་པ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་པོ་དང་། དམིགས་པར་བྱེད་པ་ལ་སོགས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། མི་གསལ་བ་ནི་དེ་བཞིན་ཉིད་ཅན་ཉིད་ཀྱིས་སོ།། གསལ ་བར་ཡང་དག་སྦྱོར་ནི་གསལ་བ་གཟུགས་ཀྱི་རྣམ་པ་བཞིན་དུ་དེ་ཉིད་སྦྱར་བར་བྱའོ།། ཞེས་པ་གསལ་བ་ཡང་དག་སྦྱོར་རོ།། ངོ་བོ་ཉིད་མེད་ཞེས་པ་ལ་སོགས་པས་ཡོངསུ་དག་པའི་གཟུགས་འདི་གསུངས་སོ།། རང་བཞིན་གྱིས་ཞེས་བྱ་བ ་ལ་སོགས་པ་ས་དུས་ཐམས་ཅད་དུ་འདི་ཉིད་གཉུག་མའི་རྣམ་པ་ཡིན་གྱིས་གང་གིས་ཅུང་ཟད་ཀྱང་བྱ་བ་མ་ཡིན་གྱི་རྣལ་འབྱོར་པས་ཡོངསུ་ཤེས་པར་བྱ་བ་དེའོ་ཞེས་སྟོན་པར་བྱེད་དོ།། དང་པོ་གཅིག་ནི་དང་པོ་ཉིད་བདེན་པ་གཉིས་པོ་གཅིག་གི ་ངོ་བོར་གྱུར་པའོ།། གཅིག་དང་ནི་གཉིསུ་མེད་པའི་ངོ་བོས་སོ།། དུ་མས་ནི་བདེན་པ་གཉིས་ཀྱི་ངོ་བོས་སྤངས་པའོ།། རྟེན་ཅིང་འབྲེལ་འབྱུང་བའི་ཆོས་ཞེས་གྲགས་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་རང་བཞིན་ཆུ་ཟླ་ལྟ་བུ་སྟེ། ་རང་གི་ངོ་བོ་ཆུ་ཟླ་ལྟ་བུ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། ཡང་ན་རྙོག་མ་མེད་པའི་ཆུ་ཡོད་པ་དང་ན་མཁའི་སྤྲིན་དང་བྲལ་བར་ཟླ་བ་ཡང་དྲག་པར་ཉེ་བར་སྐྱེས་པའི་བདེན་པའི་ཟླ་བ་ལྟ་བུས་སོ་སོར་རྟོགས་ཏེ། ཐམས་ཅད་དུ་ཡང་དེ་ནི ་གཉུག་མའི་ངོ་བོ་ཉིད་ཀྱིས་གདོད་མ་ནས་སྐྱེ་བ་མེད་དོ།། དེ་ལྟར་ཡོངས་སུ་དག་པའི་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་ཟླ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོསུ་རབ་ཏུ་བརྟག་པར་བྱའོ།། དངོས་པོ་ཀུན་གྱི་འབྱུང་གནས་གཅིག་ནི་དངོས་པོ་ཀུན་ནི་སེམས ་ཅན་དང་སྣོད་དུ་གྲགས་པ་རྣམསུའོ།། གཅིག་ཞེས་པ་ནི་འབྱུང་གནས་གཅིག་ཁོ་ནའོ།། ཟླ་བ་གཅིག་ཁོ་ན་ཁ་དོག་ལ་སོགས་པ་སྣ་ཚོགས་པའི་ཆུའི་སྣོད་གཅིག་ཏུ་ཤར་བའི་གཟུགས་བརྙན་བཞིན་ནོ།། བདག་ཉིད་ཞེས་པ་ལ ་སོགས་པ་ལ་འདི་ལྟར་ཞེས་པ་ནི་གསུངས་པའི་མཚན་ཉིད་དུའོ།། བྱས་ནས་ནི་བསྐྱེད་ནས་སོ།། ཅི་ལྟར་བྱ་ཞེ་ན་གསུངས་པ། བྲི་བར་བྱ་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ནི་ཨཱ་ལི་ཀཱ་ལིའི་རང་བཞིན་ཉིད་ཡིན་པའི་ཕྱིར། བསྟན་པའི་ཆོས་རྣམས ་ནི་ཆོས་སོ།། དཀྱིལ་འཁོར་བཞིའི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀྱིལ་འཁོར་རོ།། འདིའི་རྒྱས་པར་བཤད་པ་གསུངས་པ། དམར་པོ་ཞེས་པ་ལ་སོགས་པ་སྟེ། འདིས་མེའི་དཀྱིལ་འཁོར་ལ་སོགས་པ་མངོན་པར་བརྗོད་དོ།། བཞི་ཞེས་པ་ལ་སོགས ་བས་དཀྱིལ་འཁོར་རེ་རེ་ལ་དཀྱིལ་འཁོར་བཞི་པོ་བྲི་བར་ཤེས་པར་བྱའོ།། གོས་དཀར་ལ་སོགས་པའི་རང་བཞིན་མེའི་དཀྱིལ་འཁོར་ལ་སོགས་པའོ།། རང་གི་ལྷ་ནི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་ཡི་གེ་གསུམ་རང་གི་ལྷ་ཉིད་དོ།། འདིའི་གཞི་ནི ་དཀྱིལ་འཁོར་བཞིའི་སྦྱོར་བའོ།། ཡང་དག་པར་སྦྱོར་བ་ཉིད་གོ་འཕང་ན་ཆོ་ག་སྟེ་མཆོག་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། སྟེང་ཞེས་པ་ལ་སོགས་པས་རྒྱུའི་གནས་མངོན་པར་བརྗོད་དོ།། མེ་ཞེས་པ་ལ་སོགས་པས་མེ་ལ་སོགས་པའི་དཀྱིལ་འཁོར་ལ ་བརྟེན་ནས་དབང་ལ་སོགས་པའི་ལས་མངོན་པར་བརྗོད་དོ་ཞེས་གསུངས་སོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་ལུང་སྟོན་དུའོ།། །། ལྷ་ཞེས་བྱ་བ་ལ་སོགས་པས་ལྷ་ལ་དམིགས་པས་སྐྱེ་བ་མེད་པར་གྱུར་པའོ།། ཁྱད་པར་ཅན ་དག་ནི་འཆད་པར་འགྱུར་བའི་ཅི་ཡང་མི་བྱའོ་ཞེས་སློབ་པར་བྱེད་པའོ།། བསྒྲུབ་པའི་ཁྱད་པར་ཅན་རྣམས་ལ་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་བསྒོམས་པ་ལས་སྐྱེས་པ་སེམས་ཀྱི་ཁྱད་པར་རྣམ་པ་གསུམ་ཐོབ་པའོ།། རྡུལ་ཚོན་གྱི་དཀྱིལ་འཁོར ་ཞེས་པ་ནི། ཡིད་ལ་སོགས་པའི་དཀྱིལ་འཁོར་བདུན་པོ་རྭ་ནི་མ་ཡིན་ནོ།། དབང་བསྐུར་བའི་ཕྱིར་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་རྣམ་པ་གསུམ་བསྒོམས་པ་ལས་བསྐྱས་པས་ཐོབ་པ་བྱེ་བྲག་རྣམ་པ་གསུམ་གྱི་རྗེ་སུ་མཐུན་པར་དབང་བསྐུར ་བའི་དོན་ནོ།། གསོལ་བ་འདེབས་པ་ཞེས་པ་ནི་སློབ་དཔོན་དང་སློབ་མར་གྱུར་པ་དག་གིས་བསླབ་པའོ།། སྒྲ་ཇི་བཞིན་པའོ།། རྒྱུད་འདི་ལ་ནི་སེམས་གཙོ་བོའི་ཕྱིར་ཐོག་མར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ལ། དེ་ནས་གཟུགས་ཀྱི་ཕུང་པོ ་རགས་པ་ཉིད་ཡིན་པའི་ཕྱིར་ཞི་བ་ཞེས་པ་ལ་སོགས་པ་གསུངས།། འདུ་ཤེས་ཀྱི་ཕུང་པོ་ལ་བལྟོས་ནས་ཚོར་བའི་ཕུང་པོ་རགས་པས་ངའི་ལག་པར་ཚོར་བ་དང་ངའི་རྐང་པར་ཚོར་རོ་ཞེས་སྨྲ་བར་བྱེད་པས་རགས་པར་བསྟན་པའི་ཕྱིར།། དེའི་འོག་ཏུ་དེ ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདུ་བྱེད་ཀྱི་ཕུང་པོ་ལ་བལྟོས་ནས་འདུ་ཤེས་རླགསོ་ཞེས་པས་ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཞེས་པ་ནི་ཕུང་པོ་བསྟན་པའི་རིམ་པས་གསོལ་བ་འདེབས་པའོ།། ་རིགས་གསུམ་གྱི་ངོ་བོ་ཉིད་ཀྱིས་ནི། དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་དང་རིགས་གསུམ་མོ།། ངོ་བོ་ཉིད་ཀྱིས་ཞེས་གསུངས་པའི་ཕྱིར་དེ་བཞིན་གཤེགས་པས་དྲུག་པའི་བསྟོད་པ་གསུངས་པ་དེ་དྲང་བར་བྱའོ།། གསོལ་བ་འདེབས་པའི ་དོན་གང་ཞེ་ན་དེ་གསུངས་པ། ཐམས་ཅད་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་ཞེས་བྱ་བ་གསུངས་པས། ཐམས་ཅད་ཞེས་བྱ་བ་ལ་སོགས་པའོ།། ཇི་སྐད ་བཤད་པ་ནི་ལེའུ་འདི་ཉིད་དུ་འཆད་པར་འགྱུར་བ་དང་། དེ་ཉིད་བསྡུས་པའི་རྒྱུད་ལ་སོགས་པར་རོ།། ཀུན་ཏུ་བཟང་པོ་ཞེས་པ་ནི་གལ་ཏེ་ཡང་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པ་ཡང་འདིར་དེ་བཞིན་དུ་ཡང་དྲུག་པར ་ཡང་དག་པར་རྟོགས་པར་བྱེད་དོ།། སྐུའི་མཆོག་ནི་སེམས་ཅན་གྱི་འཇིག་རྟེན་མ་ལུས་པའི་སྐུ་ལ་བལྟོས་ནས་དེ་བཞིན་གཤེགས་པའི་སྐུ་མཆོག་ཉིད་ཡིན་པའི་ཕྱིར་དང་། དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་སྐུའི་མཆོག ་ཉིད་དོ།། དམ་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ཕུལ་དུ་བྱུང་བའོ།། ཞི་བ་ཞིས་པཱ་ལ་སོགས་པ་ནི་དཀྱིལ་འཁོར་དང་སྦྲུལ་ལོ།། དཀྱིལ་འཁོར་ཡང་དེ་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་ཏེ། འོད་གསོལ་བ་ལས་ཡང་དག་འབྱུང་།། རྡོ ་སེམས་དཔའ་བདེ་ཆེན་པོ།། གཟུགས་བརྙན་ལྟ་བུ་ཡང་ཉིད་དེ།། དཀྱིལ་འཁོར་ཡང་ན་དེ་དང་མཚུངས་ཞེས་གསུངས་པའི་ཕྱིར་རོ།། སླར་ཡང་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བཤད་པས་བསྟོད་པ། དེའི་སྤྱོད་པ་ཞེས་པ་ནི་ཡེ་ཤེས་གསུམ་པོ ་དེའི་སྤྱོད་པ་སྟེ། སྤྱད་པར་བྱའོ་རྟོགས་པར་བྱའོ་ཞེས་བྱས་ནས་སྤྱོད་པའོ།། འདོད་ཆགས་ལ་སོགས་པ་ནི་རང་བཞིན་བརྒྱ་དྲུག་ཅུའོ།། སྣང་བ་གསུམ་གྱི་རྟགས་ཉིད་ཡིན་པའི་ཕྱིར། རང་བཞིན་རྣམས་སྤྱོད་པར་མཛད་དོ།། ཞེས་པ། རང ་བཞིན་སྐྱེ་བ་དང་དུས་མཚུངས་པ་ཁོ་ནར་ཐོག་མ་མཱང་ཅིང་བླ་མ་མེད་པའི་མངོན་པར་བྱང་ཆུབ་པ་དྲན་པས་རང་གི་སེམས་སོ་སོར་རྟོགས་ཏེ་བདེན་པ་གཉིས་གཉིསུ་མང་པ་ཉིད་དུ་ཡོངསུ་ཤེས་སོ།། དེའི་སྒོ་ནས་ཞེས་པ་ནི་དེའི་བདག་ཉིད་ཀྱིས། སྙིང་པོ་ནིམ ་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་གསུངས་པོ་དེ་ཞེས་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་རང་གི་ངོ་བོ་སྟོན་པར་བྱེད་པ་དེའི་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ནི་འདིར་རང་བཞིན་ནི་ནོ་ཞེས་པ་རྟེན་པའོ།། སྒྲ ་ཇི་བཞིན་པའོ།། ཚིག་གི་སྐབས་འབྱེད་པ་ནི་འཆད་བཞིན་པའི་ཚིག་གི་སྐབས་དེ་ཉིད་ཀྱི་ཕྱིར་གསུངས་པས་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་གཙོ་བས་ན་འདིའི་སེམ་སུ་བརྗོད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ ་སོགས་པ་སྟེ། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་ཉིད་རིག་སོ།། དེ་གཙོ་བོའི་ཕྱིར་དམ་པའོ།། མི་བསྐྱོད་པ་ནི་དེ་དང་གཉིསུ་མེད་པར་གྱུར་པས་གནས་སྐབས་ལས་གཙོ་བོ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་རླུང་གི་དེ་ཉིད་དུའང་དཀྱིལ་འཁོར་བཞི་ལ་ཡི་གེ་གསུམ་གཙོ་བོར ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པ་ཆུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ནི་ཆུའི་དཀྱིལ་འཁོར་ཉིད་འདི་ཡང་རྡོ་རྗེ་མགོན་པོ་འདིར་ལྷའི་ཞེས་བྱ་བ་ལ་སོགས་པས་དེའི་བདག་ཉིད་ཅན་དུ་གསུངས་སོ།། གཡོ་བར་མི་ནུས་པས་ན་ཞེས་པ་ནི་རྟེན་དང ་བརྟེན་པར་བཅས་པའི་དཀྱིལ་འཁོར་ནི། དེ་ལ་མཚན་མ་དང་བྱ་བས་ཀྱང་འགལ་བར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ།། སྐུ་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་བདེན་པའི་རང་བཞིན་ཉིད་རྟེན་གྱི་དཀྱིལ་འཁོར་དུ་མངོན་པར་བརྗོད་དོ།། གཞན ་མི་འཐད་པའི་རིགས་པས་དཀྱིལ་འཁོར་ལ་སོགས་པའི་ཐིག་སྐུང་བཀལ་བའི་ཆོ་ག་ཉིད་ཀྱང་གཞན་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ།། ཚད་དང་ལྡན་པ་ཞེས་པའི་གསུང་ལས་ཐིག་སྐུད་གཞན་གྱིས་ཁྲུ་ལ་སོགས ་པའི་ཆེད་ཀྱི་དབྱུ་གུ་ཕྲ་མོ་ལ་སོགས་པས་དཀྱིལ་འཁོར་འབྲི་བར་བྱེད་པ་ནི་འགལ་ཏེ་དེ་བཞིན་གཤེགས་པའི་བཀའ་ལ་དགོངས་པས་དམྱལ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། སྒོའི་ཉི་ཤུ་ཚད་ལ་བལྟོས་ནཱས་ཧ་ཙང་ཞེས་བྱ་བ་ལ་སྔོགས ་བའོ།། སྐུ་ཞྭ་ས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཡང་དག་པར་བཞག་པ་སྟེ་ལྷ་ལ་དམིགས་པས་དཀྱིལ་འཁོར་བྱ་བ་ཉིད་དོ།། རང་གི་འདོད་པའི་ལྷའི་རྣལ་འབྱོར་རྗེསུ་དྲན་ཞིང་སེམས་དཔའ་རྣམས་ཀྱི ་རིམ་པས་ཐིག་གདབ་པོ་ཞེས་པའི་དོན་ནོ།། བཅུ་གཉིས་ཞེས་པ་ནི་སྙིང་པོའི་དབུས་ནས་རྒྱ་ཁྱོན་ཏྲཾ། ངོས་རེ་རེར་ཁྲུ་དྲུག་ཡིན་པའི་ཕྱིར་རོ།། ཕྱི་རོལ་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་རོ།། དེ་ནས་གྲུ་བཞི་པ་ལ་སོགས་པ་སྔར ་གསུངས་པའི་ཁྱད་པར་གྱི་ནུས་པ་ལས་སོ།། གང་ནང་གི་དཀྱིལ་འཁོར་ནི་གྲུ་བཞི་པ་ལ་སོགས་པ་ཉིད་ཀྱིས་རྣམ་པར་ཕྱི་བ་མ་ཡིན་ནམ་ཞེ་ན་དེ་ནི་ཟླུམ་པོ་ཉིད་ཡིན་པའི་ཕྱིར་རོ།། རིམ་པ་གཉིས་པ་དང་གསུམ་པའི་དཀྱིལ་འཁོར ་དག་གྲུ་བཞི་པ་ཉིད་ཡིན་པའི་ཕྱིར་གསུངས་པ། ཀུན་ནས་ཡོངས་སུ་ཟླུམ་པོའི་རྣམ་པར་ཞེས་པའོ།། ཕྱག་རྒྱ་དགོད་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི་འཆད་པར་འགྱུར་བ་དང་སྦྲུལ་ལོ།། ཆོ་ག་ཞེས་བྱ་བ་ལ་སོགས་པ ་ཕྱིའི་དཀྱིལ་འཁོར་དང་འབྲེལ་པ་ཉིད་ཀྱི་ཕྱིར་ཐོག་མར་བཤད་པའི་ཕྱིར་གསུངས་པ། ཆོ་ག་ཉི་ཤུ་ཞེས་པ་ནི་ཀླུའི་བློའི་ཞབས་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར་གསུངས་པའི་ས་སྦྱངས་པ་ལ་སོགས་པ་རྣམསོ།། དེའི་འོག་ཏུ་ཞེས ་པོ་ནི་གནས་ནི་བསྐྱེད་པ་སྔོན་འགྲོ་བས།། རྡོ་རྗེ་གསུམ་བསྐྱེད་པསྒོམ་པར་བྱ། ཞེས་གསུངས་པའི་ཕྱིར་མཚན་མར་བྱའོ།། ཤེས་པར་བྱའོ།། བསྐྱེད་པར་བྱའོ་ཞེས་པ་འདིའི་ཕྱིར་མ་ཚན་མ་སྟེ་དེ་ཉིད་ཕྱག་རྒྱའོ།། དེ་བཞིན་གཤེགས ་པའི་རྣམ་པའི་བཛྲའོ།། ཆོས་རྣམས་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བརྡའི་ནི་ཆོས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་གཉིས་ལ་བལྟོས་ནས་ཆེན་པོ་ཡ་ང་དེ་ཡིན་ཕྱག་རྒྱ་ཡང་ཡིན་ནོ།། ཕྱག་རྒྱ་ཆེན་པོའོ།། ལྷ་རྣམས་ཉིད་ཕྱག་རྒྱ་བཞིའི ་བདག་ཉིད་ཅན་ཡིན་པ་ཉིད་མ་ཡིན་ནམི་ཕྱག་རྒྱ་རྣམ་པ་གསུམ་ནི་ལྷ་སོ་སོ་རེ་རེའི་གཅིག་ཉིད་ཀྱི་གཟུགསུ་བསྒོམ་པའི་ཕྱིར་ཅི་ལྟར་འདི་དག་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སླར་ཡང་དེ་དག་ཅི་ལྟར་འགྱུར་ཞེས་བསམ་པར་མི་བྱ་སྟེ། ་དཀྱིལ་འཁོར་སྒྲུབ་པ་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཕྱག་རྒྱ་རྣམ་པ་གསུམ་གྱི་རྒྱས་གདབ་པར་མི་ནུས་མངོན་པོར་འདོད་པསྔ་སོ་སོར་སེམས་ཀྱི་རྒྱུད་གཞན་དང་ལྡན་པའི་ཕྱིར་རོ།། ཡང་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ ་གཏི་མུག་རྡོ་རྗེ་ལ་སོགས་པའི་རིགས་ཅན་ཉིད་དོ།། སོགས་པའི་སྒྲ་ལས་ནུས་པ་ལ་སོགས་པ་གཟུང་ངོ་།། བལྟོས་ནས་ཞེས་པ་ནི། དེ་ལ་སེམས་ཅན་ཐམས་ཅད་གང་གང་གི་རིགས་ཡིན་པའི་དེའི་རིགས་ཀྱི་བདག་པོ་ཉིད་དང ་མཐུན་པའི་ཕྱག་རྒྱ་དགོད་པར་བྱའོ་ཞེས་པའི་དོན་ནོ།། དེ་ལ་ཉེ་བར་མཚོན་པའི་དོན་དུ་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དག་དགོད་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུའོ།། དེའི་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར ་གྱིའོ།། སེམས་ཅན་འཇིགས་པའི་རྒྱུ་ལས་འཇིགས་པ་སྐྱེད་པར་བྱེད་པ་པོ་ཡང་ངོ་།། རྡོ་རྗེ་ཞེས་པ་ནི་གཙོ་བོའི་མཚན་མའོ།། རེག་བྱ་རྡོ་རྗེ་མའི་མཚན་མ་ལ་རེག་བྱ་རྡོ་རྗེ་མའི་མཚན་མ་དགོད་པ་འདིར་མ་གསུངས་པ་ནི་གཙོ་བོའི་མཚན་མ་དགོད་པ་ལ་བལྟོས་པས ་ཐོབ་པ་ཉིད་ཡིན་པའི་ཕྱིར་དང་། བཙུན་མོ་དམ་པ་ཡིན་པ་ཉིད་ཀྱིས་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་སོ།། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་འོད་ཟེར་ཞེས་པ་དཀར་པོ་ལ་སོགས་པ་རྣམསོ།། འཁོར་ལོ་ཞེས་པ་ནི་རྩིབས ་བརྒྱད་པ་དཀར་པོའོ།། འོད་ཟེར་གྱི་ཚོགས་ནི་སེར་པོ་ལ་སོགས་པ་ལྔའི་བདག་ཉིད་ཅན་གྱི་ཕུང་པོའོ།། རིན་ཆེན་ཞེས་པ་ནི་སེར་པོ་ཆེ་དགུ་པའོ།། ཆེན་པོ་ཉིད་ཞེས་པ་ནི་ཡང་ན་ཇི་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་ཀྱིས་པདྨ་ནི ་ཆེན་པོ་ཉིད་ཡིན་པ་དེ་བཞིན་དུ་མེ་ལོང་དང་མཉམ་པ་ཉིད་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་འཁོར་ལོ་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱང་ཆེན་པོ་ཉིད་དུ་བསམ་པར་བྱའོ།། པདྨ་རཱ་ག་ནི་རིན་པོ་ཆེ་ཆེན་པོའི་བྱེ་བྲག་ཁ་དོག་དམར་པོའོ།། ། ་དམར་པོ་འབར་བ་ལ་སོགས་པ་འོད་ཟེར་ལྔའི་འབར་བའོ།། འོད་འཕྲོ་བ་ནི་འོད་ཟེར་ལྔའི་གཙུག་ཕུང་རབ་ཏུ་གསལ་བའམ། ཟླ་བའི་ཕྱི་རོལ་ཏུ་སྤྲོས་པའི་སྣང་བའོ།། སྤྱན་ཞེས་པ་ནི་སྤྱན་ཟུང་ངོ་།། འཁོར་ལོ་ཡང་དཀར་པོ་ལ་སོགས་པའི་འོད་ཟེར ་ལྷ་དང་ལྡན་པའོ།། རྡོ་རྗེའི་རིགས་ཞེས་པ་ནི་མི་བསྐྱོད་པའི་རིགསོ།། བལྟོས་པ་ཞེས་པ་ནི་རྡོ་རྗེ་ལ་རག་ལས་པ་ཞེས་མངོན་པར་དགོངསོ།། རྩ་བར་བཅས་ཞེས་པ་ལ་སོགས་པས་གོས་དཀར་མོ་ལ་སོགས་པའི་མཚན་མ་མངོན་པར་བརྗོད་དོ།། སྔོན ་ས་པ་ལ་སོགས་པས་སྒྲོལ་མ་ཡིའོ།། ལྔ་ཞེས་པ་ལ་སོགས་པ་ཐོ་བ་དང་སྦྲེལ་ལོ།། སྔོན་པོ་ཞེས་པ་ལ་སོགས་པ་རྒྱུ་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ།། རྡོ་རྗེ་བཞིན་དུ་ཐོགས་པ་མེད་པའི་སྔོན་པོ་ལ་སོགས་པའི་འོད་ཟེར་ལྔ་འབར ་བའོ།། དེ་བས་ན་འོད་ཟེར་བཟང་བ་སྟེ། མཆོག་ཏུ་གྱུར་པའི་འོད་དོ།། རལ་གྲི་བཞིན་དུ་རྣོ་བས་བགེགས་གཅོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། སྣ་ཚོགས་རྡོ་རྗེ་ཞེས་པའི་མཐར་ཐུག་པས་མཚན་མ་གཅིག་གསུམ་མངོན་པར་བརྗོད་དོ།། རྒྱ་ཆེར་ཞེས ་པ་ལ་སོགས་པས་དགོད་པ་གཞན་ལ་བལྟོས་པའི་འབྲེལ་པ་བསྟན་ཏེ། དེ་ཡང་ཀླུའི་བློ་ཡིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལའོ།། ལུས་ལ་སོགས་པ་ཞེས་པ་ལ་སོགས་པའི་སྒྲ་ལས་ངག་དང་སེམས་དག་གཟུང་ངོ་།། དེ་ལ་བཟའ་བ་གང་གིས ་ལུས་དང་ངག་ཚིམ་པར་བྱ་བ་ནི་མཆོད་པའོ།། ནང་གི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་གྱུར་པའི་སེམས་ཀྱི་མཆོད་པ་སྟོན་པར་བྱེད་དོ།། ན་ཚོད་གཞོན་པ་ལ་ཤིན་ཏུ་དགའ་བ་དང་སྡུག་བསྔལ་འབྱུང་བའི་ཕྱིར་དང་ཁུ་བ་མི་འབྱུང ་བའི་ཕྱིར་རོ།། ན་ཚོད་རྒན་པ་ལ་ཡང་རྣམ་པ་དེ་བཞིན་དུ་རེག་པའི་དངོས་པོ་མེད་པའི་ཕྱིར་བཅུ་དྲུག་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རང་གི་རིགས་ཀྱི་ཡན་ལག་ཞེས་པ་ནི་རིགས་གཞན་བསྒོམས་པས་དངོས་གྲུབ་འགྲུབ་པར ་ཡང་མི་འགྱུར་རོ་ཞེས་རྒྱུད་གཞན་དུ་གསུངས་པའི་ཕྱིར།། བུ་མོ་ཞེས་པ་ལ་སོགས་པས་གཟུགས་ལ་སོགས་པ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བར་སྟོན་པར་བྱེད་དོ།། དེའི་དབུས་སུ་ཞེས་པ་ནི་ཉེ་བའི་དབང་དུ་བྱས་ནས ་བདུན་པ་སྟེ། དེ་བས་ན་བྲིས་པའི་རྡུལ་ཚུན་གྱི་དཀྱིལ་འཁོར་དེའི་དྲུང་དུ་རེ་ལྔ་དང་གོས་ལ་སོགས་པ་ལ་སྐྱེ་བོ་དང་བྲལ་བར་བྱས་པ་དང་བྲིས་པའི་དཀྱིལ་འཁོར་དང་འདྲ་བ་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ཡང་འདོད་པར་བྱའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཚིམ་པར་བྱའོ་ཞེས་པ་ནི་ཚིམ་པ་བསྐྱེད་ནས་བྱིན་གྱིས་བརླབས་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་དེ་ལ་རོལ་པར་བྱེད་པའི་རིམ་པ་གསུངས་པ། ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་རིང་མིན་ཐུང་བ་མིན།། སྦོམ་པ་མ་ཡིན ་ཕྲ་བ་མིན་ཞེས་བྱ་བ་ལ་སོགས་པ་མཱ་མ་ཀཱིའི་ཡོན་ཏན་རྣམས་ཀྱིའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་པ་ནི་རང་བཞིན་ཉམསུ་མྱོང་བའི་མཆོད་པ་དེ་མི་ཐག་པར་རོ།། ཕྱི་རོལ་ཏུ་བྱའོ།། ཞེས་པ་ནི ་སངས་རྒྱས་ལྔའི་བདག་ཉིད་ཅན་དུ་བསམས་ནས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཅི་ལྟར་ཞེས་པ་ལ་སོགས་པའོ།། ནམ་མཁའ་ཞེས་པ་ལ་སོགས་པ་ནི་ནཱ་མཁའ་ནི་ལྷ་མོའི་མཁའོ།། དབྱིངས་ནི་བུ་ག་མཛེས་པར་བྱེད་པའོ།། འདིའི་དོན་གསུངས ་བ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པའི་བཀོད་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ།། བྱང་ཆུབ་ཀྱི་སེམས་ཙམ་གྱིས་ནི་ཀུན་རྫོབ་པ་ཡིས་སོ།། མཆོད་པ་བྱ་བ་ཞེས་པ་བདུད་རྩི་མྱང་བར་བྱེད་པའོ།། ་དེའི་ལྷག་མས་ལྷའི་འཁོར་ལོ་བསྐྱེད་པ་འགྲོ་བའི་དོན་དུ་བྱའོ།། ལྔ་ཞེས་པ་ནི་བཤང་བ་དང་གཅི་བ་དང་ཁྲག་དང་ཁུ་བ་དང་རྐང་མར་ཞེས་བྱ་བ་རྣམས་ཀྱིས་སོ།། ཙཱ་རུ་ནི་སྔགས་ལ་སོགས་པས་བསྒྲུབས་པའི་ལྷ་རྣམས་ཀྱིས་བཟའ་བ་ལྟ ་བུའོ།། དཀྱིལ་འཁོར་གྱི་འཁོར་ལོ་ཞེས་པ་ནི་ཕྱི་དང་ནང་གི་རང་བཞིན་གྱིས་གནས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཀྱིས་ཞེ་བྱ་བ་ལ་སོགས་པའོ།། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ།། དེའི་རང་བཞིན་ཉིད ་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་སོ།། སྔ་མ་བཞིན་དུ་ས་ལ་སོགས་པའི་ཁམས་རྒྱས་པ་ལས་འབྱུང་བ་ལས་གྱུར་པ་རྣམས་རྒྱས་པར ་འགྱུར་རོ་ཞེས་པའི་དོན་ནོ།། སྤྱོད་པ་བཟང་བ་ནི་ཡིད་དུ་འོང་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྟེ། དྲང་བའི་དོན་ནོ།། ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ།། རྡོ་རྗེ་ཡེ་ཤེས་ནི་དོན་དམ ་པའི་བདེན་པའོ།། རབ་འདྲ་བ་ནི་དེ་དང་མཚུངས་པའོ།། སྐུ་ལ་སོགས་པ་གཅིག་པ་ཉིད་ཀྱིས་སེམས་པ་ཡིན་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཕུང་པོ་དང་ཁམས་ཀྱིས་གྲངས་དགུ་སྟེ་དེ་ཙམ་ཉིད་པའི་ཕྱིར། དགུའི་བདག ་ཉིད་དོ།། མཆོག་ནི་སྒྲ་ཇི་བཞིན་པར་བསྟན་པའི་རྣམ་པ་ལ་བལྟོས་ནས་སོ།། ལེགས་བསྒྲིལ་ནི་བདེན་པ་གཉིས་པོ་དག་གོ།། སྣ་ཚོགས་ནི་རྣམ་པ་སྣ་ཚོགས་པའོ།། དེས་ལུང་དུ་རབ་ཏུ་བསྟན་པ་ཉིད་ཡིན་པའི་ཕྱིར། སྣ་ཚོགས་ལུང་གི ་བརྡར་གྱུར་པ་སྟེ་སྣ་ཚོགས་པའི་ལུང་ཉིད་ཀྱིས་ཀྱང་འདིར་བརྡར་གྱུར་པ་སྟེ། གཞུང་དུ་སྨོས་པ་ལ་ཡང་འདུས་པ་ལ་སོགས་པའི་ཐ་སྙད་འདོགས་པའི་ཕྱིར་རོ།། ཚད་མ་བཟང་པོ་ནི་དོན་དམ་པའི་བདེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། ་ཀུན་རྫོབ་ཞེས་པ་ལ་སོགས་པ་ནི་གང་གི་ཕྱིར་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་གཉི་སུ་མེང་པོ། འདོད་མའི་ངོ་བོའོ།། ཐིག་གི་སྦྱོར་བ་གསུངས་པ་ཤེས་རབ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ནི་དོན་དམ་པའི་བདེན་པའོ།། ཤེས་རབ་ནི ་ངན་དམ་པའི་བདེན་པའོ།། ཐབས་ནི་ཀུན་རྫོབ་ཀྱི་བདེན་པའོ།། འདི་ཤེས་རབ་ལ་རབ་ཏུ་ཞུགས་པས་ཤེས་རབ་དང་ཐབས་ཞེས་བྱ་བ་ལ་སོགས་པས་ངོ་བོའོ།། ཆོས་ཞེས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཤེས་རབ་བོ།། ལོངས་སྤྱོད ་རྫོགས་པ་ཞེས་པ་ནི་སྔ་མ་གཉིས་པོ་རྟོགས་པ་འདི་དག་མངོན་པར་བརྗོད་པའོ།། དེ་ནི་མཆོག་ནི་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ།། ཐིག་གདབ་བྱ་ཞེས་པ་ནི་བསྟན་པའོ།། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔར་རབ་ཏུ་བསྟན་པ་དང་དོན་མཚུངས་སོ།། ། ་གང་ཡང་རིམ་པས་འདིས་བཤད་པ་འདི་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་ཐིག་བཏབ་པའོ།། རྟེན་ཅིང་ཞེས་གསུངས་པོ་ནི། རྟེན་ཅིང་འབྲེལ་པོར་འབྱུང་བའི་རིམ་པས་སོ།། ཡན་ལག་གཅིག་གཉིས་ཞེས་པ་ནི་མེ་རིག་པ་ལ་སོགས་པའི་ཡན་ལག་གཅིག ་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པས་འགྲོ་བའི་རྒྱུད་ལ་གྲུབ་པའི་དོན་ཏེ་གཞོན་ནུ་བཞིན་ནོ།། ཇི་ལྟར་སླར་ཡང་འཇིག་རྟེན་ན་གྲགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་བསྡུས་པའི་ཕྱིར་དེ་བཞིན་དུ་བརྗོད་པར ་བྱའོ།། གང་གི་ཕྱིར་གསུངས་པ། འཇིགས་པ་དང་ནི་བསྐྱེད་པའི་རྒྱུ།། ཚིག་དོན་བརྒྱད་དུ་ཤེས་པར་བྱ་ཞེས་སོ།། འོད་གསལ་ལས་ཀྱང་སྟོང་པ་ཆེ།། ཞེས་པ་ལ་སོགས་པ་བསམས་པར་བྱ་སྟེ། གང་ཡང་ཡན་ལག་བཅུ་གཉིས་ཉིད་ཚིག ་དོན་བརྒྱད་ཀྱི་ནང་དུ་རྟོགས་པ་འདི་མི་འགལ་ལོ།། གྲུ་བཞི་པ་ལ་སོགས་པ་ཡང་སྦྱར་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསུངས་པ། འཕགས་པའི་བདེན་པ་ཞེས་པ་ལྔ་སོགས་པ་སྟེ། འཕགས་པའི་བདེན་པ་སྟེ། སྡུག་བསྔལ་ཀུན་འབྱུང ་དང་འགོག་པ་དང་ལམ་གྱི་ངོ་བོའོ།། གང་གི་ཕྱིར་མི་མཉམ་པ་མེད་པ་དེའི་ཕྱིར་ངོས་བཞི་པའོ།། ཀུན་རྫོ་པ་དང་དོན་དམ་པའི་བདེན་པ་གཉིས་ཡང་དག་པར་བསྡུས་པ་ཉིད་ཡིན་པའི་ཕྱིར་འདི་རྣམས་གཉིས་པོ་དེ་དག་གཉི་སུ་མེད་པ་ཉིད་ཀྱི་ཕྱིར ་བཅོམ་ལྡན་འདས་སོ།། མི་མཉམ་པ་ནི་སྐྱེ་བ་དང་འགག་པའོ།། ཡོངས་སུ་ཤེས་པ་ནི་འབྲས་བུའོ།། འདིར་བདེན་པ་གཉིས་པོ་བདེ་བའི་བདག་ཉིད་ཅན་མ་ཡིན་ནམ་ཅི་ལྟར་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་དེ་དག་བདེན་པ ་གཉིས་ཀྱི་ནང་དུ་གཏོགས་ཞེ་ན་བདེན་ཏེ་འོན་ཀྱང་འདི་དག་ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་རིགས་ཅན་རྣམས་ཀྱི་རང་བཞིན་གྱི་བདེན་པ་ཡིན་ཡང་ཕུང་པོ་ལ་སོགས་པར་མཆོག་ཏུ་ཤེས་པའི་དོན་དུ་སྡུག་བསྔལ་ལ་སོགས ་པ་ཉིད་དུ་མངོན་པར་བརྗོད་དོ།། ལོངས་སྤྱོད་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྤྲུལ་པ་ཡང་ངོས་བཞི་ལ་སོགས་པ་ཉི་དུ་བཤད་དེ། རྣམ་པར་བཞག་པའི་རིམ་པར་ཚངས་པའི་ཐིག་ནས་ཡང་དག་བརྩམ། གྲུ་བཞི་པ་ཡི་ངོ་བོ་ཉིད་།། ཁང་པ ་བརྩེགས་པ་ལྟར་སྣང་བ།། རྣལ་འབྱོར་པའི་སྐུའི་དཀྱིལ་འཁོར་ཞེས་སོ།། ཚངས་པ་ཞེས་པ་ནི་བྱམས་པ་ལ་སོགས་པ་ལ་དམིགས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་ཚངས་པའི་འཇིག་རྟེན་བསྐྱེད་པའོ།། ་དེའི་ཕྱིར་བྱམས་པ་ལ་སོགས་པ་ནི་ཚངས་པ་རྣམས་ཀྱི་གནས་ཏེ་གནས་ཉིད་གནས་པའོ།། བཞི་པོ་དེ་དག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་གྲཝ་བཞིའོ།། སྒོ་ཞེས་པ་ནི་སྒོ་བཞིའོ།། བསྡུ་བའི་དངོས་གྲགས་ནི་སེམས་ཅན་རྣམས ་འདིར་བསྔོ་བར་བྱའོ།། ཞེས་རྣམ་པར་གྲགས་བཞིན་པའི་སངས་རྒྱས་ཀྱི་བདག་ཉིད་ཁང་པ་བརྩེགས་པ་ལའོ།། སྦྱིན་པ་དང་ཚིག་སྟོན་པར་སྤྱོད་པ་དོན་མཐུན་པའི་དངོས་པོ་བཞི་པོ་འདི་རྣམས་ཀྱིས་སོ།། གནས་པར་བྱེད་པའི་དོན ་བྱ་བར་གསུངས་པའི་མཚན་ཉིད་དོ་ཞེས་པས་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་ཉིད་སྒོ་ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱའོ།། རེ་རེ་ཞེས་པ་ནི་བསྡུ་བ་བཞི་པོ་རྣམས་དང་སྒོ་བཞི་པོ་རྣམས་དང་རེ་རེ་སྟེ་སོ་སོ ་རྀ་རྀ་ལ་གྲངས་ཇི་ལྟ་བ་བཞིན་དུ་མིང་ཅན་གཉིས་པོ་དག་གི་མིང་གི་བྱེད་པའོ།། ཆོས་དབྱིངས་ནི་དེ་བཞིན་ཉིད་དེ་དེའི་དོན་དུ་བྱའོ།། བསྟན་པར་བྱའོ།། ཞེས་པ་དེ་ཆོས་ཀྱི་དབྱིངས་ཀྱི་དོན་གྱི་བརྡ་སྟེ་འཁོར་ལོའི་རྣམ་པ་ནུང་གི་དཀྱིལ ་འཁོར་ནི་འཁོར་ལོ་ནང་གི་དཀྱིལ་འཁོར་རོ།། མི་ཕྱེད་པ་ནི་རྒྱུ་དང་འབྲས་བུ་གཉིསུ་མེད་པའོ།། ཡེ་ཤེས་ནི་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེས་ཤེས་པ་དེའོ།། དེ་ཉིད་མཚན་མས་ཏེ་དབྱེ་བར་བྱ་བ་མ་ཡིན་པས་རྡོ་རྗེའོ།། ཨིནྡྲ ་ནཱི་ལ་ཞེས་པ་ནི་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་སྟེ། མི་བསྐྱོད་པའི་གཟུགསུ་འབྱིན་པ་དང་རབ་ཏུ་འཇུག་པ་ནི་ཡེ་ཤེས་སྐུའི་ངོ་བོ་ཉིད་དུ་གནས་པ་ཡིན་པའི་ཕྱིར་རོ།། ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའི་རང་གི་ངོ་བོའོ།། རྣམ་པ་ལྔ་རུ་སྟེ་བཤད་པའི ་རྩེ་མོ་གྲངས་ལྔ་པོ་དབུས་མའི་རྩེ་མོའི་གཉིས་ཀཱའི་ངོས་སོ་སོའི་གྲངས་ལ་བལྟོས་པ་མེད་པར་རྩེ་མོ་དེའི་ཆོས་ཅན་གྱིས་འཁོར་བ་འཇིག་པར་བྱེད་པའོ།། ཤར་ཞེས་པྲ་ལ་སོགས་པས་ཤོར་ཏེ་ཐོག་མ་རུ་མེ་ལོང་སྟེ་གཟུགས་བརྙན་གྱི་རྣམ ་པས་ཉེ་བར་དམིགས་བཞིན་པ་ཉིད་ཀྱི་ཕྱིར་དེ་ཉིད་མངོན་པར་བརྗོད་པར་བྱའོ།། རིན་ཆེན་ལ་སོགས་པ་ལ་ཡང་དེ་བཞིན་དུ་དྲུག་པ་སྦྱར་བར་བྱ་སྟེ། མཉམ་པ་ཉིད་ལ་སོགས་པའི་ཡེ་ཤེས་ནི་དེའི་ཕུང་པོའི་ལྡོག་པས་གནས་པ་ཉིད་ཀྱི ་ཕྱིར་རོ།། དེའི་ཕྱིར་གསུངས་པ་ཀུན་ནས་ཞེས་བྱ་བ་ལ་སོགས་པའོ།། བྱམས་པ་ལ་སོགས་པ་ཡང་དེའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་གསུངས་པ། ཤར་ལྷོར་ཞེས་བྱ་བ་ལ་སོགས་པའོ།། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམས ་ཀྱང་དེའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གསུངས་པ། ཤར་ལྷོར་ཞེས་བྱ་བ་ལ་སོགས་པའོ།། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམས་ཀྱང་དེའི་ཡེ་ཤོས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གསུངས་པ། སྦྱིན་པ་ཞེས་བྱ ་བ་ལ་སོགས་པའོ།། ཇི་བཞིན་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་རྣམ་པས་ཡེ་ཤེས་ཀྱི་སྐུ་མཆོག་ཏུ་འཛིན་ནོ།། ཡང་དག་གནས་པོ་ནི་དེ་ལ་མ་ནོར་བར་དམིགས་པར་བྱེད་པའོ།། དེ་བཞིན་གཤེགས་པ་མཐའ་ཡས་པ་ལ་སོགས་པ ་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་འདིའི་དམིགས་པའོ་ཞེས་མཆོད་པར་འགྱུར་བ་ཡིན་ནོ།། སླར་ཡང་དམིགས་པ་འདི་ཅི་ལྟར་འགྱུར་ཞེ་ནུ་གསུངས་པ། རྣམ་གསུམ་བསྒོམས་པ་སྟེ་སྣང་བ་ལ་སོགས་པ་རྣམ་པ་གསུམ ་བསྒོམས་པ་རྣམས་ཀྱིས་ཞེས་མང་པོའི་ཚིག་ནི་དེ་བཞིན་ཉིད་ལ་དམིགས་པ་དང་། དེ་ལས་ལྡང་བ་ལ་དམིགས་པ་དག་ཉེ་བར་མཚོན་པའི་དོན་ནོ།། ཆེན་པོ་ཉིད་ཞེས་པ་ནི་འཆང་བཞིན་པའོ།། དང་པོར་ཞེས་པ་ནི་འདི་ལ་དང་པོ་ཉིད་དུ་ལྡན ་པའི་ཕྱག་རྒྱར་སོ་སོར་སྟོན་པར་བྱེད་དེ་འདི་དག་ཞེས་དང་པོར་བསྟན་པ་ནི་བཅོམ་ལྡན་འདས་ཀྱི་སྐུའོ།། ཕྱག་རྒྱ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའོ།། དཀྱིལ་འཁོར་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཉིད་དཀྱིལ་འཁོར་དུ་མངོན་པར་བརྗོད་པར་བྱའོ་ཞེས ་ཡང་དག་པར་བརྗོད་པའི་དོན་ནོ།། སྐད་ཅིག་ཅེས་པ་ལ་སོགས་པ་ནི། རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང་མཚན་ཉིད་དང་བྲལ་བའོ།། སོགས་པ་ལ་སོགས་པའི་སྒྲ་ལས་དགའ་བ་བཞིའོ།། འདི་དག་རེ་རེ་ལ་བཞི་བཞིའི་ངོ་བོ་ཉིད ་ཀྱི་ཕྱིར་རོ།། མིང་དུ་འགྱུར་ཞེས་པ་ནི་ཕྱོགས་གཅིག་རྒྱུད་གཞན་དང་ཉན་ཐོས་ཀྱི་ཐེག་པར་ཡང་ལམ་སྙིད་ཅིག་བཅུ་དྲུག་ཏུ་བསྟན་ནོ།། མ་སྐྱེས་པ་ནི་དེ་བཞིན་ཉིད་དོ།། དེ་བསྟེན་པ་ནི་དེའི་བདག་ཉིད་ཀྱི་སྟེན་པར་བྱེད་པ་ཕྱག་རྒྱ་ཆེན་མོ་ལ་བུ་མོ ་ལས་བརྗོད་པར་བྱའོ།། དེའི་ཕྱིར་རྒྱུ་ལས་ཞི་བ་ཞེས་བྱ་བ་མངོན་པར་བརྗོད་པར་བྱ་སྟེ་ལངས་པའོ།། རྟེན་འབྲེལ་ཞེས་བྱ་བ་ལ་སོགས་པས་ལྡང་བར་བྱེད་པའོ།། བག་ཆགས་ཞེས་པ་སྔོན་གྱི་འཕེན་པའོ།། ཡེ་ཤེས་ཁ་ཕྱེ་མེ་ཏོག་གོ་ཞེས ་བྱ་བ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་པོ་རབ་ཏུ་གསལ་བར་བྱེད་པའོ།། དེའི་ཕྱིར་གསུངས་པ། དངོས་པོ་མེད་པ་རྒྱུན་ཤེས་བྱ་ཞེས་པ་ལ་སོགས་པའོ།། མཉེས་པར་བྱ་ནི་རྟག་ཏུ་དེ་ལ་དམིགས་པར་བྱའོ།། འདི་འདྲ་ནི་གསུངས ་པའི་མཚན་ཉིད་དོ།། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། མ་ཡིན་ཞེས་པ་ལ་སོགས་པ་དེ་དག་རབ་ཏུ་མི་གནས་པ་ཉིད་དུ་སྟོན་པར་བྱེད་དོ།། ཕྱག་རྒྱ་ཆེན་པོ་འདི། མཱ་མ་ཀཱི་ཞེས་བྱ་བའི་བདག་ཉིད་ཅན་གཉུག་མའི་རང ་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ནོ།། དེའི་ངོ་བོ་ཉིད་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ།། ནམ་མཁའ་ནི་དེ་བཞིན་ཉིད་དོ།། གནས་པ་ནི་དེའི་བདག་ཉིད་དུའོ།། དེ་བས་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་སྐུ་འདི་ལའོ།། སྡུད་པའི་ཕྱིར་ནི་སྦྱོར་བའི་ཕྱིར ་རོ། བཤད་པས་ནི་ཡུལ་དུ་མངོན་པར་བརྗོད་པར་བྱའོ།། གཅི་བའི་བཤད་པ་བསྟན་པའི་ཕྱིར་གསུངས་པ་གཅི་བ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་དང་དབང་པོ་ལྔ་ནི་ཡེ་ཤེས་དབང་པོའོ།། བསྟན་པ་ནི་གསུངས་པའོ།། ཁྲག་ནི་སེམས་ཅན ་གྱི་དོན་དུ་གང་ལ་ཆགས་པའོ།། ཞེས་པ་ཡུལ་ལ་སོགས་པ་རྣམས་སོ།། རྒྱུ་དེའི་ཕྱིར་ལྷ་རྣམས་ཞེས་བྱའོ།། དངོས་མེད་པ་ནི་རང་བཞིན་ཅེས་ཉིད་དོ།། འབུལ་བ་ནི་ཉེ་བར་འབུལ་བར་བྱེད་པའོ།། འཇིག་རྟེན་པས་ནི་འཇིག་རྟེན་ལ་རབ་ཏུ་གྲགྣ ་པས་སོ།། བརྟགས་པ་ནི་ཡུལ་ལ་སོགས་པར་ཡོངསུ་བརྟགས་པའོ།། དེ་རྣམས་ནི་བསྐྱེད་པའི་རིམ་པ་སྤྱོད་པ་རྣམས་གང་ཡིན་པ་དེ་རྣམས་ཇི་སྐད་གསུངས་པ་ནི། བསྐྱེད་པའི་རིམ་པའི་བཤད་པར་རོ།། ངེས་པའི་དོན་ཏོ།། ། ་རྟོགས་པ་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་མཆོག་ཏུ་གསལ་བར་གྱུར་པའི་ཡེ་ཤེས་ཀྱི་མེ་སྤྱད་པ་སྤྱོད་པར་བྱེད་དོ།། ཞེས་སྟོན་པར་བྱེད་དོ།། འཇིག་རྟེན་པ་ཞེས་པ་ནི་ཁམས་གསུམ་པ་སྟེ་ཉོན་མོངས་པ་ལ་དེས ་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ།། འཇིག་རྟེན་ལས་འདས་པ་ནི་གྲོལ་བ་སྟེ་ཉོན་མོངས་པ་ལས་ངེས་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ།། རྫུ་འཕྲུལ་ནི་ལུས་ལ་སོགས་པའི་རྣམ་པར་འཕྲུལ་པའོ།། སོགས་ཀྱི་སྒྲས་སེམས་ཅན་གྱི་དོན་དང་། ཡེ་ཤེས ་དང་། ཤེས་རབ་དང་། སྦྱིན་པ་ལ་སོགས་པ་རྣམས་བསྡུས་པའོ།། ས་འོག་དང་ས་སྟེང་དང་མཐོ་རིས་རྣམས་ནི་མཐོ་རིས་དང་བར་སྣང་དང་ས་འོག་རྣམསོ།། བདག་ཞེས་པ་ནི་ཉན་ཐོས་ལ་སོགས་པའོ།། གཞན་ཞེས་པ་ནི་ཕྱི་རོལ་མུ་སྟེགས་ཅན་སྤྱོད་པས ་གྲོལ་བའི་དོན་དུ་ལུས་ལ་སོགས་པའི་བྱ་བ་ལ་ནན་ཏན་དུ་བྱེད་པའོ།། སྤྱོད་པ་ཀུན་གྱིས་ནི་གཉིསུ་མེད་པའི་ལམ་གྱི་རང་བཞིན་རྣམས་ཀྱིས་སོ།། གལ་ཏེ་སྤྱོད་པ་ཐམས་ཅད་གཉི་སུ་མེད་པའི་ལམ་གྱི་རང་བཞིན་ཡིན་ན་དེའི་ཚེ་ཆོས་ཀྱི་དོན་མཆོག་ཅི་ལྟར ་མངོན་པར་ཐོབ་པར་མི་འགྱུར་ཞེ་ན་རང་རང་སོ་སོ་ཐ་དད་པའི་ལམ་དུ་བསྡུས་པའི་ཕྱིར་སྤྱོད་པ་རྣམས་ཀྱིས་ཐ་དད་པ་ཉིད་ཐོབ་པར་འགྱུར་རོ།། སྤྲོས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཐམས་ཅད་དུ་རྣམ་པ་དེ་ལྟ་བུའི་ཐུན་མོང་གི་སྤྱོད་པ་རྣམ་པ ་གསུམ་གསུངས་སོ།། འདིར་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་གཉིས་པོ་ཉིད་གསུངས་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་སུ་ཆགས་པས་སྤྱོད་པར་བྱེད་དོ།། འགྲོ་བར་བྱེད་དོ་ཞེས་འཆད་པར་འགྱུར་བཞིན་པའི་བྱ་བ་ལ་འདི་དག་སྤྱོད་པར ་བྱུང་ང་ཞེས་པསད། བྱེད་དོ་ཞེས་པས་དེ་ཉིད་སྤྱོད་པའོ།། སྒྲ་ཇི་བཞིན་པའོ།། སྤྱད་པའི་མཚན་ཉིད་མངོན་པར་བརྗོད་པ་གང་གིས་སྤྱོད་པ་བྱ་བ་དེའི་མཚན་ཉིད་གསུངས་པ། རྣམ་པར་མི་རྟོགས་ཞེས་པ་ལ་སོགས་པའོ།། མཆོག་ཅེས་པ་ལ་སོགས་པས ་ངའི་འབྲས་བུ་སྟོན་པར་བྱེད་དོ།། མཆོག་ཅེས་པ་ལ་སོགས་པས་དེ་ལ་སྤྱོད་པ་དང་དེའི་འབྲས་བུ་དག་ཐེག་པ་ཁྱད་པར་དུ་འཕགས་པའི་གནས་ལས་འབྱུང་བ་ཉིད་དོ།། དགོངས་པ་མ་ཡིན་པའོ་སྐྱེ་གནས་ལ་སོགས་པ་མ་ཡིན་ནོ་ཞེས་པ་ནི་ཚུལ ་འདི་ཉིད་སངས་རྒྱས་ཉིད་ཀྱི་རྒྱུ་མ་ཡིན་ནོ།། དེ་བཞིན་དུ་ཉན་ཐོས་ཀྱི་ཐེ་ག་པར་ཡང་གདོལ་པ་ལ་སོགས་པས་དགྲ་བཅོམ་པ་ཉིད་དུ་གསུངས་སོ།། བླ་མ་ལ་འཁུ་ཞེས་བྱ་བ་ལ་སོགས་པ་ནི་འགྲུབ་པར་འགྱུར་རོ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས ་གྲུབ་ཞེས་པ་ལྷག་མའོ།། རློ་བས་དང་འཁྲུལ་འཁོར་དང་གྲིབ་མའི་འཁྲུལ་འཁོར་དང་། འཕགས་པ་གསོད་པའི་ཐབས་ཉིད་ལོངས་སྤྱོད་པའོ་ཞེས་རབ་ཏུ་གྲགས་སོ།། སྐུ་གཟུགས་ནི་ངན་སེམས་ཀྱིས་ཁྲག་འབྱིན་པ་འབྱུང་བར་གསུངས་པ། སྟངས ་རྒྱས་ཞེས་པ་ལ་སོགས་པའོ།། སྤོང་བ་ནི་སངས་རྒྱས་ཀྱིས་གསུངས་པ་འདི་དག་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ།། དམྱལ་བར་ལྟུང་བར་འགྱུར་རོ་ཞེས་པ་ནི་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ཉེ་བའི་མཚམས་མེད ་པ་ཞེས་པ་ནི་འདིས་མཚམས་མེད་པ་ལས་ཉེ་བའི་མཚམས་མེད་པ་མཚུངས་པ་དང་དམན་པ་ཉིད་དུ་བསྟན་ནོ།། བཞི་ཞེས་བྱ་ནི་མི་གསོད་པ་དང་བུད་མེང་འཛིན་པ་དང་། ཕ་རོལ་གྱི་རྫས་པ་ཎི་བཞི་ཆའི་རིན་ཐང་ལེན་པ་དང་ལྷག་མཐོང་ངོ་།། ལྷ ་རྣམས་ཉེ་བར་འོང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་བླ་མཱ་ཀློག་པར་མངོན་པར་བརྗོད་པ་རྣམས་ནི་རྩ་བའི་ལྟུང་བ་བཞི་པོ་རྣམས་ཞེས་བརྗོད་པའོ།། རྩ་བ་ནི་བརྟུལ་ཞུགས་ཅན་རྣམས་ཀྱི་བརྟུལ་ཞུགས་སོ།། སྡོམ་པ་དེའི ་ལྟུང་བ་ནི་འཇིག་ཅིང་གཅོད་པ་སྟེ། ཏཱུ་ལ་བཅད་པ་བཞིན་ཞེས་པ་ནི་ཏཱ་ལའི་མགོ་བཅད་པ་བཞིན་ནོ།། སླར་ཡང་འབྲས་བུ་རྣམ་པ་བརྒྱད་རྣམས་ལས་གཞན་དུ་འབྲས་བུ་ཐོབ་པར་མ་ཡིན་ནོ་ཞེས་གསུངས་པ་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ།། ་རྣལ་འབྱོར་གྱི་རྒྱུད་དུ་གསུངས་པའི་རྡོ་རྗེ་སློབ་དཔོན་རྣམས་ལ་སྨོད་པ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་ལྟུང་བ་དང་ལྡན་པ་རྣམས་ནི་དེ་རྣམས་ཀྱང་འདིར་ཞེས་པ་ལ་སོགས་པའོ།། སངས་རྒྱས་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། ཟང་ཟིང་ཞེས་པ་ནི ་བཟའ་བ་དང་ཆོས་གོས་ལ་སོགས་པའོ།། སོགས་པའི་སྒྲས་དགོད་པ་དང་སྒེག་པ་དང་ཀུན་ཏུ་སྨྲ་བ་དང་ལྷན་ཅིག་ཚོགས་པ་ལ་སོགས་པ་བསྡུས་སོ།། སྨོད་པར་བྱེད་པ་ནི་རྨི་ལམ་དུ་ཡང་ཞེས་པས་ཡང་སྒྲས་ངེས་པ་ཁོ་ནའི་དོན་ནོ།། རྨི་ལམ་ཉིད ་ནི་རྡོ་རྗེ་འཆད་དེ་སྲིད་དུ་མཐོང་བར་འགྱུར་བ་མ་ཡིན་ན་སླར་ཡང་འདི་ལ་དངོས་གྲུབ་འབྱུང་བ་ལྟ་ག་ལ་ཡོད། སླར་ཡང་འདི་དག་ཉིད་ཅི་ལྟར་འགྱུར་ཞེ་ན། གང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ་སྒྲ་ཇི་བཞིན་པའོ།། རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནི་འདུས་པའོ།། ། ་ཁྱད་པར་དུ་ནི་རྟོན་ནོ།། སློབ་དཔོན་མེད་པར་ཞེས་པ་འཆད་པར་འགྱུར་བཞིན་པའི།། སྲོག་གཅོད་པ་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ།། གཏུམ་པ་ལ་སོགས་པའི་བྱ་བ་འདི་ལ་ལྡན་བཞིན་པ་ཉིད་ཀྱི་ཕྱིར་རོ།། འདིའི་དོན་ཞེས་པ་ནི་དགོད ་བྱས་བཤད་པའི་བདག་ཉིད་ཅན་ནོ།། བཤད་པའི་རྒྱུད་དུ་ནི་དགོངས་པ་ལུང་སྟོན་དུའོ།། སྲོག་གཅོད་བྱེད་པ་ཞེས་པ་ནི་སྲོག་གཅོད་པར་བྱས་པ་ཡང་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ།། འཇིག་རྟེན་དུ་ཕྱི་རོལ་ལ ་སོགས་པ་ཕུང་པོ་ལ་སོགས་པ་རྣམས་བདེན་པ་ཉིད་ཀྱི་ཐ་སྙད་དུ་སྒྱུ་མ་ལྟ་བུར་བདེན་པ་ཉིད་ཀྱིས་དེ་རྟག་ཏུ་སྟོན་པར་བྱེད་པའི་ཕྱིར་བརྫུན་དུ་སྨྲ་བ་ལ་དགའ་བའོ།། རྫས་ནི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་ཟུང་འཇུག་གོ།། དེ་འཕྲོག་པའི་ངང་ཚུལ ་ནཱི་གཞན་གྱིས་མ་བྱིན་པ་དེ་ལ་རྟག་ཏུ་དམིགས་པ་ཉིད་ཀྱིས་སོ།། དེ་བ་བཞིན་ཉིད་ནི་བུད་མེད་ཏེ་རྐྱེན་གྱིས་མངོན་པར་བརྗོད་པའི་ཕྱིར་དང་། ཆོས་དང་ཆོས་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། མངོན་པར་འདྲིད་པ་མ་ལུས་པའི་རྒྱུ་ཉིད་ཡིན་པའི ་ཕྱིར་དང་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་འདི་ལ་དམིགས་པ་ནི་མཆོག་ཏུ་འདོད་ལ་དགའ་བའོ།། གཅི་བ་ཞེས་པ་ནི་དབང་བའི་སྒྲ་རོ་བརྗོད་པར་རྟོགས་པར་བྱ་སྟེ་བརྗོད་པ་ཕྱིན་ཅི་ལོག་ཞེས་བྱ་བ་ལ་སོགས་པས་གཅི་བའི་སྒྲ་སྒྲུབ་པའོ།། ནི་བ་མཐར ་ཐུག་ཞེས་པ་ནི་ཡུལ་དང་དབང་པོ་དག་གཟུང་བ་འཛིན་པའི་དངོས་པོས་རབ་ཏུ་འཇུག་པ་དག་ཤེས་པ་དང་ལྷན་ཅིག་པ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་རྟག་པར་བྱའོ་ཞེས་པ་ཐེག་པ་ཆེན་པོ་བསྒྲུབ་པ་ལོ་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པ ་འདི་ལའོ་ཞེས་པ་དེ་འདིར་གསུངས་སོ།། དགོངས་པས་བཤད་པའོ།། མཉེས་པར་བྱ་ཞེས་པ་ནི་རང་བཞིན་ཡོངས་སུ་ཤེས་པས་སོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ནི་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའོ།། གང་ལ་བལྟོས་ནས་རྒྱ་ཆེ་ཞེས་ན། གསུང ་པ་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་ཆེན་པོའི་མཆོག་གི་ཆོས།། མདོ་སྡེ་མངོན་པར་བརྗོད་པ་འམ།། བསྐྱེད་པའི་རིམ་པས་མངོན་པར་བརྗོད་པའོ།། སླར་ཡང་དགོངས་པ་གང་གིསྔ་མ་ལ་སོགས ་པ་བརྗོད་པ་རྗེ་སུ་མཐུན་པ་དང་ལྡན་པ་ཉིད་ཀྱིས་ཕྱག་རྒྱ་མངོན་པར་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི། རྗེསུ་མི་མཐུན་པ་ཞེས་བྱ་བ་ལ་སོགས་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་དེའི་རང་བཞིན་ནོ།། སྙིང་ལ་གནས་པ ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ལ་གནས་པའོ།། འོན་ཀྱང་འདི་ནི་སྐུ་མདོག་དམར་པོ་ཕྱག་གཉིས་པ་ཡང་སྟེ། ཕྱི་རོལ་གྱི་བུད་མེད་ལས་སྐྱེས་པའི་མ་མོ་ཡང་དེ་དག་རྣལ་འབྱོར་པའི་ཡིད་ལ་བུད་མེད་ཀྱི་རྣམ་པ་དེ་ཡང་ཕྱག་གཉིས ་པའོ།། རྣམ་པ་གཞན་དུ་ཡང་རྣལ་འབྱོར་པའི་སྙིང་ལ་གནས་པ་གང་ཡིན་པ་དེ་བསམ་པར་བྱའོ།། གསུངས་པའི་ཕྱིར་ཞེས་པ་ནི་ཐམས་ཅད་གསང་པོར་རོ།། ལུང་གི་བཤད་པ་ནི་དགོངས་པ་ལུང་བསྟན་པར་མངོན་པར་བཤད་པ་ཉིད་ཡིན ་པའི་ཕྱིར་རོ།། དེ་བཞིན་ཉིད་ནི་མངོན་པར་བརྗོད་པའོ།། ལྷན་ཅིག་གཉིསུ་མེད་པར་སྦྱོར་བ་ནི་ལོངས་སྤྱོད་རྫོགས་པ་དེའོ།། དེའི་ཕྱིར་གསུངས་པ། ལོངས་སྤྱོད་རྫོགས་པ་ཞེས་པ་ལ་སོགས་པའོ།། སྔགས་ཀྱི་སྐུ་ཞེས་པ་ནི་མདོར་བྱས་ཀྱི ་རིམ་པར་མངོན་པར་བརྗོད་པ་གང་ཡིན་པའོ།། ལོངས་སྤྱོད་རྫོགས་དང་མཉམ་གངོ་ཞེས་པ་ལ་སོགས་པ་སྔ་མར་སྦྱར་བར་བྱའོ།། གང་ཡང་ཡེ་ཤེས་ཀྱི་སྐུས་བསླང་བ་མི་བསྐྱོད་པ་རྗེ་སུ་ཞུགས་པས་མངོན་པ་ར་བརྗོད་པ་གང་ཡིན་པ་དེ ་རང་སྟེ་བདག་ཉིད་གང་ཡིན་པའི་ལྷག་པའི་ལྷའི་རྣལ་འབྱོར་དེ་དང་ལྡན་པའོ།། སྒྲུབ་པ་པོ་ཞེས་པ་ལ་སོགས་པས་སྔགས་ཀྱི་སྐུ་ཉིད་མངོན་པར་བརྗོད་དོ།། མཉེས་པར་བྱ་ནི་དམིགས་པར་བྱའོ།། འདི་འདྲ་ནི་ཆོས་ལ་སོགས་པའི་སྐུ་གསུམ་གྱི ་མཚན་ཉིད་ཅན་སྲིང་མོ་ཞེས་པ་ལ་སོགས་པས་དྲང་བའི་དོན་དུ་གསུངས་པ། སྲིང་མོ་ལ་སོགས་པའི་ཡང་དག་པའི་དོན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། དེ་རྣམས་འཕགས་པར ་གྱུར་པ་ནི་རྗེ་བོར་གྱུར་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཏེ་རིན་པོ་ཆེའི་གང་ཟག་གོ། མ་རྫོགས་པ་ནི་པདྨ་དཀར་པོ་ལ་སོགས་པ་རྣམསོ།། དོན་ནི་བཤད་ཟིན་ནོ་ཞེས་པ་ནི་དང་པོར་བརྗོད ་པའི་དེ་མ་ཐིག་ཏུའོ།། ཡིད་རྩེ་གཅིག་པ་ཉིད་ཞེས་བྱ་བ་ལ་སོགས་པ་ནི་ལྷོག་པར་རྟོགས་པའི་རང་གི་ངོ་བོའོ།། འགགས་ཤིང་ཞེས་བྱ་བ་ལ་སོགས་པས་ཡིད་རྩེ་གཅིག་པ་ཉིད་ལ་སོགས་པའི་དོན་བཤད་པ་སྟེ་རྣམ་པ་གཞན་དུ་ནཱ་ཡིད ་རྩེ་གཅིག་པ་ཉིད་དུ་འབྱུང་བའི་ཕྱིར་རོ།། མི་གཡོ་བ་འདི་ཞེས་བྱ་བ་འདི་གང་དུ་ཡང་ཀུན་ཏུ་ཆགས་པ་མེད་པའི་ཕྱིར་བདེན་པ་གཉིས་པོ་ཡང་རང་བཞིན་གྱིས་དངོས་པོ་མེད་ཅིང་དེའི་འབྲས་བུ་ལ་ཡང་མི་གནས་པའོ།། གསང་བ་ནི་སྐལ ་པ་མེད་པ་རྣམས་ལའོ།། ཞི་བ་ནི་དེ་བཞིན་ཉིད་དང་ལྷན་ཅིག་གཅིག་ཏུ་གྱུར་པའོ།། མ་བཅོས་པའི་མཆོག་གི་བདེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་བདེ་བའི་མཆོག་ཞེས་པ་བདེ་བ་གཞན་ལ་བལྟོས་ནས་སོ།། དགོངས་པས་ཞེས ་པ་ནི་དགོངས་པས་གསུངས་པས་སོ།། འདི་ནི་ཞེས་པ་ལམྦྷ་གྱི་ངོ་བོའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ཡང་དག་ཞེས་པ་ལ་སོགས་པའོ།། ན་མཁའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་ཉིད་རྨད་དུ་བྱུང་བ་སྟེ་གཟུག ་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་རྒྱུ་མཐའ་ཡས་པ་བཞིན་དུ་མཐའ་ཡས་པ་ཉིད་དུ་སྟོན་པར་བྱེད་དོ།། དེ་རྣམས་ཉིད་ནི་གཟུགས་ལ་སོགས་པ་རྣམ་སོ།། དེ་བཞིན་གཤེགས་པར་བཤད་ནི།། དེ་བཞིན་ཉིད་ལས་འོངས་པ་ཉིད་ཡིན་པའི ་ཕྱིར་དང་སྐྱེ་བ་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། བྱང་ཆུབ་སེམས་དཔའང་སྐྱེ་མཆེད་ལ་སོགས་པ་དེ་རྣམས་ཉིད་དོ།། དེ་བཞིན་གཤེགས་པ་ནི་གསུངས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད ་པར་བྱའོ།། རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་སོ།། དེ་བཞིན་དུ་ཁམས་ལ་སོགས་པ་རྣམས་ཀྱང་བཤད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཞེས་བྱ་བ་ལ་སོགས་པའོ།། འདི་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས ་པ་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོ་བཤད་མ་ཐག་པ་ནི་དཀྱིལ་འཁོར་དེའོ།། རང་ལུས་གང་ཡིན་པ་ཞེས་པ་ནི་རྟེན་རང་གི་ལུས་དང་བརྟེན་པས་གཟུགས་ལ་སོགས་པ་བྱས་པ་ཉིད་ཡིན་པའི་ཕྱིརརོ།། གཟུགས་ལ་སོགས་པ ་གང་ཡིན་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་དབྱེ་བས་འཇིག་པ་ཉིད་དུ་འདིར་རྟོག་པར་བྱེད་དོ་ཞེས་པ་གང་ཡིན་པ་དེ་རྣམས་འཇིག་ཚོགསོ།། བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་མཚོན་པ་གཟུགས་ལ་སོགས་པའི་ཕུང་པོ་ལ་སོག ་པའི་རང་བཞིན་རྣམས་ཀྱང་དེ་བཞིན་ཀཱ་ཀྵ་ཡ་ཏེ། དེ་ཆེ་ཡིད་གཉིས་ལ་བལྟོས་པའོ།། དེ་ལྟའི་ནི་གསུངས་པའི་རིམ་པས་གཟུགས་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པའོ།། གང་ལས་མ་ཤེས་ཞེ་ན་གསུངས་པ། བདེ ་བ་ཞེས་བྱ་བ་ལ་སོགས་པ་སྟེ་བདེ་བ་ནི་འཇིག་རྟེན་པའི་བདེ་བའི་དོན་ནོ།། བརྒྱལ་བ་ནི་རྣམ་པར་གཡེངས་པའོ།། རྨོངས་པ་ནི་ཐུན་པར་བྱས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་མི་ཤེས་པ ་འབྲས་བུའོ།། ངེས་པའི་དོན་ནོ།། བདེན་པ་གཉིས་གཉི་སུ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། གཉི་སུ་མེད་པ་མ་ཡིན་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རྣམ་པ་གཞན་དུ་ན་འཇིག་རྟེན་དང་འབྱུང་བ་གཉིས་པོ་ཉིད་དུ་མི་འགྱུར་རོ།། ་སྙོམས་པར་ཞུགས་སོ་ཞེས་པས་བཅོམ་ལྡན་འདས་ཞེས་པ་ལྷག་མའོ།། དོན་ནི་བཤད་ཟིན་ནོ་ཞེས་པ་དེ་མ་ཐག་ཉིད་དུའོ།། ན་མཁའ་ཞེས་པ་ལྔ་སོགས་པས་དེ་ལྟ་བུར་གྱུར་པའི་ཞེས་པའི་དེ་ལྟ་བུའི་སྒྲ་སྔར་གསུངས་པ་དང་སོ་སོར་སྦྱར ་རྀ།། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བའི་དོན་སྟོན་པར་བྱེད་པ་དྲན་པ་སླར་ཞེས་བྱ་བ་ལ་སོགས་པ་སྟེ། བསྐྱད་བུའི་རིམ་པ་ལ་བལྟོས་ནས་གསུངས་སོ།། དྲང་བའི་དོན་ནོ།། ན་མཁའ་ཞེས་བྱ་བ་ལ་སོགས ་པའི་དོན་བཤད་པའི་ཕྱིར་གསུངས་པ། ནི་མཁའ་ཞེས་པ་སྟེ། ནམཁོ་ལྟ་བུ་ནི་ནི་མཁའོ་སྤྱི་བོནི་མེད་པའི་ཕྱིར་དངོ་གཞན་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ།། སྤྱོད་པ་གིསུ་མ་ནི་སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོའོ།། དྲིའུ་མྱ་བྱམ་པྲ་པྱིད་ནི ་འོད་གསལ་ལ་ཞུགས་པའོ།། དེའི་འོག་ཏུ་ལྡང་བའི་ཕྱིར། དེ་དག་ཞེས་བྱ་བ་ལ་སོགས་པ་གསུངསོ།། མི་གཡོ་བ་ཞེས་བྱ་བ་ལ་སོགས་པས་ཕྱི་དང་ནང་གི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པའི་བདག་ཉིད་ཅན་ཉིད་དུ་གསུངས ་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རང་གི་བདག་ཉིད་དུ་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་ཉིད་དུའོ།། བདག་ཉིད་ཞེས་པ་ལྡང་བའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི ་གཟུགས་སོ།། ཐོབ་པར་གྱུར་ཏོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། དེའི་དོན་འདྲི་ཡིན་ཏེ་རྡོ་རྗེ་འཆང་ཆེན་པོའི་སྤྱན་ལ་སོགས་པའི་རང་བཞིན་ནི་བྱང་ཆུབ་སེམས་དཔའ་རྣམསོ།། དེ་སྟོང་པ་གསུམ་གྱི་རིམ་གྱིས་འོད་གསལ་དུ་ཞུགས་པ་ན། དེ་རྣམས ་ཀྱང་འཇུག་པར་བྱེད་དེ། འདི་རྣམས་ལོངས་སྤྱོད་རྫོགས་པ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་རོ།། སླར་ཡང་རྡོ་རྗེ་འཆང་ཆེན་པོ་དེ་ལངས་པ་ན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ལྡང་བར་འགྱུར་རོ་ཞེས་པའོ།། བརྗོད་པའི་དོན་འདི་ཉིད་གསུངས་པ། དེ་མ་ཐག ་དུ་ཞེས་པ་ལ་སོགས་པ་སྟེ། སྙོམས་པར་ཞུགས་པ་ཞེས་པ་འོད་གསལ་ལས་ལངས་པོ་ཙམ་གྱིའོ།། འདི་ཉིད་ཀྱི་དོན་གསུངས་པ། བྱས་པ་ཞེས་པ་ལ་སོགས་པ་སྟེ་འོད་ཀྱི་ཞེས་པ་བྱ་བ་ལ་སོགས་པས་ལྡང་བའི་རིམ་པ་ཉིད་སྟོན་པར་བྱེད་དོ།། སྣང ་བའི་ཚོགས་ཀྱིས་ཞེས་པ་ནི་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་དོ།། དེ་ལ་རླུང་གི་བདག་ཉིད་གསུངས་པ་རེག་པ་ཞེས་བྱ་བ་ལ་སོགས་པའོ།། འདི་རྣམ་པར་ཤེས་པ་དང་འབྲལ་པར་གསུངས་པ། ཁམས་ཕྲ་བ་ཞེས་པ་ལ་སོགས་པའོ།། རང་རང་གི ་ཞེས་བྱ་བ་ལ་སོགས་པ་ནི། འདིར་གནས་པར་བྱ་དམིགས་པར་བྱ། བཞག་པར་བྱའོ་ཞེས་པས་བསྟན་ཏེ་ཡུལ་རྣམ་པ་ལྔའོ།། དེ་ཉིད་ཀྱི་ཕྱིར་རང་གི་འཇིག་རྟེན་གྱི་ཁམས་ཇི་ལྟ་བར་ང་རྣམ་སུ་གནས་པ་ནི་ལྷའི་མིག་ལ་སོགས་པའི་རང་བཞིན་ནོ།། སེམས ་ཅན་རྣམས་ནི་དེ་དང་དེའི་རིགས་དང་ཁམས་དང་རང་བཞིན་དང་དགེ་བ་དང་མི་དགེ་བ་ལ་སོགས་པས་ཉེ་བར་དམིགས་ཏེ་འདི་རྣམས་ཀྱི་དོན་བྱ་བ་ནི་ཡོངསུ་སྨིན་པ་དང་གྲོལ་བ་ལ་སོགས་པ་རྫོགས་པར་བྱེད་པར་ནུས་སོ།། ཡང་དག་པར་སྐྱེས་པ་ཞེས་བྱ ་པ་འདིས་བཅོམ་ལྡན་འདས་ཉིད་ཀྱི་ནུས་གསུངས་སོ།། ཡང་ན་མི་གཡོ་བའི་ཏིང་འཛིན་ལ་གནས་པའི་འཁོར་དུ་གྱུར་པའི་སེམས་དཔའ་རྣམས་ནི་རྡོ་རྗེའི་ཆང་ཆེན་པོའི་རྣམ་པར་འཕྲུལ་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དོ།། བདག ་ཉིད་ཐོབ་པར་གྱུར་ཏོ་ནི་ལྡང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའོ།། དེའི་བདག་ཉིད་དུ་ལྡང་བར་བྱས་པ་ནི་གྱུར་པའོ།། དེའི་མན་ངག་སྦྱིན་པ་ནི་རང་གི་བདག་པོའམ་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམསོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ད་ལྟར ་ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པོ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ་དེས་པའི་ངོ། ནོ།། སྟོན་པ་ཞེས་པ་ནི་བཅོམ་ལྡན་འདས་རང་གི་ངོ་བོར་བྱས་ནས་སོ་སོར་བསྟན་པ་ཉིད་གདུལ་བྱ་རྣམས་ལ་སྟོན་པར་བྱས་པ་ཉིད་དུ་མངོན་པར ་བརྗོད་པའི་ཕྱིར་རོ།། རྨང་དུ་བྱུང་བ་ཞེས་པ་ནི་ཆོག་པར་མ་ཕྱིས་པ་དང་ངེས་པའི་ཚིག་གིས་ཐུང་ངུ་ཉིད་དོ།། ཀུན་ཏུ་འཁོར་བ་ནི་ཡང་དག་པར་སྔར་གནས་པའི་བདེ་བོས་གནས་སྐབས་དེ་གཡོ་བར་བྱེད་ཅིང་འཁོར་བར་བྱེད་པའོ།། བཀའ་སྩལ་པ་ཞེས་པ ་ལ་སོགས་པ་ནི་གཡོ་བའི་རྒྱུའོ།། སྦྱར་གྱི་གནས་སྐབས་རྣམ་པ་ཅི་ལྟ་བུ་ལས་རྣམ་པ་གཞན་ཉིད་དུ་འགྱུར་ཞེ་ན་གསུངས་པ། འདི་སྐད་ཅེས་བྱ་བ་ལ་སོགས་པས་འཆང་བཞིན་ནོ།། དེ་འབྱུང་བ་ནི་རྗོད་བྱད་དང་བརྗོད་བྱ་ཐོས ་བུ་དང་བསྡམ་པ་ལ་དམིགས་པ་ལས་སྐྱེས་པའི་ཡིད་ལ་བྱེད་པའོ།། དེ་གང་ཡིན་ཞེས་པ་ལ་སོགས་པས་དེའི་རང་གི་ངོ་བོ་སྟོན་པར་བྱེད་དོ།། རྡོ་རྗེ་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ།། བདག་པོ ་ནི་དེ་དག་བྱིན་གྱིས་རློབ་པར་བྱེད་པས་ཕུང་པོ་ལྔ་བསྐྱེད་པ་དང་དེ་དག་མྱ་ངན་ལས་འདའ་བར་བྱེད་པས་དེ་རྣམས་ལྡོག་པའི་ཕྱིར་རོ།། ཕྱག་འཆིལ་བ་ནི་ངེས་པར་བརྗོད་པ་ལ་གཉིས།། སྐུ་ལ་སོགས་པ་རྣམས་བསྐྱེད་པའི་ཕྱིར་གྱུར་པ་ལུས ་ནི་སེམས་ཀྱི་རྣམ་པས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཐ་དད་པ་ཉིད་མེད་པ་ཡིན་པའི་ཕྱིར་རོ།། ཕན་ཚུན་ནི་རྡོ་རྗེ་འཚོང་ཆེན་པོའི་སྐུ་ལས་སོ།། དེའི་ཞེས་བྱ་བ་ལ་སོགས་པ་ལ། གང་ཡིན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད ་ཅན་ནོ།། སྐྱེ་བ་དང་འགག་པ་དག་གི་རྣམ་འགྱུར་ཡིན་པའི་ཕྱིར་གསུངས་པ། སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས ་པའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་རབ་ཏུ་གྲགས་པ་རྣམས་བསགས་པ་དང་ངེས་པར་བསགས་པ་རྣམས་ཀྱིས་ཐུགས་སོ།། དེ་བཞིན་གཤེགས་པ་རྣམས་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམས།། ཡེ་ཤེས་ཀྱི་སྐུའི་དབྱིངས ་བསྡུས་པའི་བར་མ་ཆད་པའི་བསྐྱེད་པའོ།། དེ་བཞིན་གཤེགས་པ་རྣམས་གསུངས་པ་དང་པོར་གྱུར་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ།། འདས་པ་དང་མ་འོངས་པ་རྣམས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་དུས་གསུམ་ཞེས ་བྱ་བ་ལཱ་སོགས་པ་གསུངསོ།། ང་ཉིད་ཀྱི་ཕྱིར་འདི་ལ་རྒྱུད་གསུངས་པ། ཐམས་ཅད་ཞེས་བྱ་བ་ལ་སོགས་པའོ།། སྟོང་པ་གསུམ་སྣང་བ་ལ་བལྟོས་པ་གསུངས་པ། ཆེན་པོ་ཞེས་པ་ལ་སོགས་པའོ།། འདོད་པ་ལ་སོགས་པའི་ཁམས་ཀྱི་རང ་བཞིན་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པོའོ།། ནམོ་ཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པའི་ཕྱིར་གསུངས་པ་ན་མཁའ་ཞེས་པ་ལ་སོགས་པའོ།། ནམ་མཁའ་བཞིན་ཞེས་པ་ནི་དང་ཞིང་ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་དང་འགྲོ་བ་རྣམས ་ཀྱང་གཅིག་ཏུ་སྣང་པོའི་གོ་སྐབས་སྦྱིན་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ན་མཁའ་ནི་ཐམས་ཅད་དུ་མཉམ་པ་ཉིད་དང་ཐུན་མོང་པའི་སྤྱི་ཡིན་པས་ན་མཁའི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། མ་ལུས་པ་ཞེས་བྱ་བ་ལ་སོགས་པས ་ལ་གནས་ཟློས་པ་ནི་བཞི་སྟེ་བསྐྱེད་པའི་རྒྱུའོ།། བྱ་བ་སྒྲུབ་པས་ནི་རང་བཞིན་མེད་པར་བསྐྱེད་པའོ།། འདི་རྣམས་ཀྱི་ཞེས་པ་ལ་རིགས་ལྔའི་བདག་ཉིད་ཅན་རྣམས་ཀྱིས་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ ་སོགས་པའི་བདག་ཉིད་ཅན་ཉིད་ཀྱིས།། བདག་དོང་གཞན་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་མཆོག་ནི་སྤྱོད་པ་གཞན་མ་ལུས་པ་ལ་བལྟོས་ནསོ།། བདག་ཅེས་བྱ་བ་ལ་སོགས་པ་ལ་བདག་ནི་བདག་ཉིད་དོ།། བྱིན་གྱིས་བརླབས་པ་ནི་སྒྱུ་མ ་ལྟ་བུའི་ལྷ་དང་བདག་པན་རྒྱུན་དུས་སྨིན་པའི་ལུས་པ་ལ་ཕགས་པ་ཡངས་སུགས་ཅན།། བསྒྱང་བ་རྣམ་པ་སྒོམ་པ་པའི་དབང་དུ་བྱས་ནས་གསུངས་པ། སྦྲུ་ལ་སོགས་ནས་པ་ལ་སོགས་པ་སྟེ་ལུས་དངག ་ཀྱང་རྣམ་ཤེས་ཀྱི་ཕུང་པོ་ལ་ཕལ་པའི་དངོས་པོས་ཡོད་པ་ཉིད་ཀྱི་ཕྱིར་གསུངས་པ་ཐམས་ཅད་ཞེས་པ་ལ་སོགས་པ་ལའོ།། གསང་བ་ནི་སྐལ་བ་མེད་པ་རྣམས་སྨྲ་བར་བྱའོ།། དེར་བྱིན་གྱིས་རློབ་པར་བྱེད་པའི། རྣལ་འབྱོར་པའི་རྒྱུད་ལ་དེའི་བདག ་ཉིད་ཀྱིས་མི་བསྐྱོད་པ་སྐྱེད་པར་བྱེད་པའོ།། སྔགས་ནི་ཡིད་དྲན་འགྲོའི་འཆིང་བ་ལས་གྲོལ་བ་ཉིད་ཀྱི་ཕྱིར་ཡིད་སྨྱོས་པའོ།། རྫོགས་པའི་རིམ་པ་པ་རྣམས་ཀྱིས་སོ་སོར་གཉི་སུ་མེད་པའི་ལམ་སྦྱིན་པ་ནི་སྔགསོ།། དེ་ཉིད་ཐོགས་པ་མེད་པ་ཉིད ་ཀྱི་ཕྱིར་རྡོ་རྗེ་ཐུགས་ནི་རྣལ་འབྱོར་པའོ།། བྱིན་གྱིས་རློབ་པ་ནི་མི་བསྐྱོད་པའི་བདག་ཉིད་དུ་བསྐྱེད་པར་བྱ་བ་གང་ཡིན་པ་དེ་དེ་བཞིན་ནོ།། ཡིད་ཅེས་བྱ་བ་ལ་སོགས་པ་ནི་བཤད་པའོ།། དོ་ཞེས་བྱ་བ་ནི་གསུངས་པའི་སྔགས་ཀྱི་དོན་གྱི་བཅཝ ་ཨོཾ་ནས་བྱེ་བ་ལ་སོགས་པ་ལོ་སོགས་པ་ལ། དེའི་ཉེ་བར་བཤད་པ་ནི་གསུམ་ཞེས་བྱ་བ་ལ་སོགས་པའི་དོན་མདོར་བྱས་ཀྱི་རིམ་པར་འཕགས་པས་གསུངས་སོ།། གནས་ནི་ལུས་སོ་ཞེས་པ་ནི་རྣལ་འབྱོར་པ་ཡིའོ།། མི་བསྐྱོད་པ་ལ ་སོགས་པོའི་རང་བཞིན་ནི་མི་བསྐྱོད་པ་ལ་སོགས་པ་ལ་དམིགས་པ་གང་ལས་མི་བསྐྱོད་པ་ལ་སོགས་པའི་གཟུགས་ཀྱི་ལུས་སུ་འགྱུར་རོ།། སྔགས་ཞེས་པ་ལ་སོགས་པས་མི་བསྐྱོད་པ་ལ་སོགས་པའི་བཀོད་པ་གསུམ་སྟོན་པར་བྱེད་དོ།། ་དེ་དག་ཉིད་ཀྱིས་ཞེས་པ་ནི་སྤྱན་མ་ལ་སོགས་པའི་ངང་མི་བསྐྱོད་པ་ལ་སོགས་པ་དང་མི་བསྐྱོད་པ་ལ་སོགས་པའི་བཀོད་པ་གསུམ་མོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོགས་རིམས་པའི་བྱིན་བརླབས་མདོར་བསྟན་ན།། རེ་རེ་ནང ་ཞེས་པས་རྣམ་པར་སྣང་མཛང་ལ་སོགས་པ་དྲུག་ཀྱང་གསུམ་པར་བཤད་དེ། སྐུ་ལ་སོགས་པའི་རྡོ་རྗེ་ཉིད་ཀྱིས་སོ།། རིམ་པ་ཞེས་པ་ནི་སྐུ་གསུང་ཐུག་སོ།། རིམ་པ་མིན་པ་ནི་ཐུགས་དང་སྐུ་དང་གསུང་ཞེས་གྲུབ་པའི་མཐར་གསུངས་སོ།། ་བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་ཞེས་བྱ་བ་ལ་སོགས་པ་ནི་བདག་པོ་ནི་མི་བསྐྱོད་པའོ།། དེའི་ཡོན་ཏན་དུ་གྱུར་པ་ཉིད་ཀྱིས་འདིར་སྐུ་དང་གསུང་རེ་རེ་བ་ཉིད། དེའི་ཆོས་ཅན་ཏེ་དེའི་དབང་དུ་བྱས་པའི་ཕྱིར་རོ།། འདིའི་རྒྱས་པར་བཤད་པ ་གསུངས་པ།། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣལ་འབྱོར་པའི་ལུས་ལ་བརྟེན་ནས་སྐྱེས་པ་འམ། སངས་རྒྱས་ཀུན་གྱིས་ཉེ་བར་བསྟན་པ་ཕན་ཚུན་བལྟོས ་པའོ།། བསྐྱེད་པའི་ཞེས་བྱ་བ་ལ་སོགས་པའོ།། གང་འདིར་ཡེ་ཤེས་གསུམ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིའང་སྤྱོད་ཡུལ་མ་ཡིན་པ་མ་ཡིན་ནམ་བདག་ལ་བྱིན་གྱིས་བརླབ་པའི་ང་རྒྱལ་སྔོན་དུ་འགྲོ་བས་སྤྱོད་པ་བྱའོ་ཞེས ་བྱ་བ་དེ་ཇི་ལྟར་གསུངས་ཞེ་ནི། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་གསུངསོ་ཞེས་བྱེ་བ་ལ་སོགས་པའོ།། འདི་ཉིད་དུ་གསུངས་པའི་སྔགས་དང་པོའི་བཤད་པར་སྤྱོད་པ་དེ་དང་དེ་བྱས་པ་དེ་དང་དེ་ཉིད་ཡིད་ལ་མཆོག་ཏུ་གསོལ་ལོ།། རྒྱུད ་གཞན་དུ་གསུངས་པ་ཅུང་ཟད་དྲོད་ནི་ཐོབ་པ་ན། སྤྱོད་པ་བྱ་བར་རྟོགས་པར་བྱ།། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས།། འཇིགས་པའི་གཟུགས་ཅནྡ་ཞེས་བྱ་མིནྡ་ཞེས་སོ།། བརྗོད་པར་བྱ་སྟེ་བསྐྱེད་པའི་རིམ་པ་སྤྱོད ་པ་རྣམས་དེ་ཁོ་ན་ཉིད་མ་རིག་པ་རྣམས་ལའང་གསུངས་པ་ཡིན་ནོ།། འདིར་སྤྱོད་པ་དེ་ལོངས་སྤྱོད་ཀྱི་རྒྱུ་མ་ཡིན་ཏེ་དམྱལ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཡང་ན་དུས་གསུམ་པའི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དང་། རྣམ ་འབྱོར་པ་རྣམས་མཉེས་པས་བསོད་ནམས་ཀྱི་ཚོགས་ཆེས་རྒྱ་ཆེ་བསྒྲུབ་པའི་དོན་ནོ།། ཕྱི་རོལ་གྱི་མེ་ཏོག་ལ་སོགས་པའི་མཆོད་པ་ཡང་ལྷ་མཉེས་པའི་མཆོད་པ་བྱེད་པར་མངོན་པར་འདོད་པའི་འབྲས་བུས་མངོན་པར་འབྲེལ་བར་བརྗོད་པར ་བྱའོ།། དེ་ལ་ཡང་གལ་ཏེ་དེ་ལྟར་གྱུར་པས་མཆོད་པ་མཆོད་པ་དེ་འི་ཕྱིར་རྣལ་འབྱོར་པ་ལྷ་ལ་རབ་ཏུ་དང་བསོད་ནམས་ཀྱི་ཚོགས་པས་ལྷག་པ་ཡེ་ཤེས་ཚོགསུ་མངོན་པར་འདོད་དེ། དེའི་ཚེ་དེ་དང་དེའི་དྲིན་ལས་རྫོགས་པའི་རིམ་པ་རྟོགས ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ།། དེའི་ཚེ་འགལ་པ་ཅུང་ཟད་ཀྱང་མེད་དོ།། སྣང་བ་གསུམ་པོ་ནི་འཇུག་པའི་རིམ་པས་རབ་ཏུ་བསྟན་པར་གྱུར་པའི་ཕྱིར་དང་། རྟེན་པར་གྱུར་པ་ཉིད་ཀྱི་ཕྱིར་དེའི་བདག་ཉིད་ཀྱིསོ།། ཀུན ་རྫོབ་ཀྱི་བདེན་པ་བསྐྱེད་པར་བྱེད་པའི་རྒྱུའི་སྒོ་ནས་སློར་ཡང་དོན་དམ་པའི་བདེན་པ་གསུངས་པ། དེ་གསུངས་ཞེས་པ་ལ་སོགས་པའོ།། ཡེ་ཤེས་གསུམ་ནི་དོན་དམ་པའི་བདེན་པའི་རྟེན་ཉིད་ཡིན་པའི་ཕྱིར་རོ།། དེ་ལས་རྫོགས་པའི་ཀུན་རྫོབ་ཀྱི་བདེན་པ ་ཡང་ངའི་འོག་ཏུ་བསྐྱེད་པར་བྱ་བའོ་ཞེས་སོ།། དེ་བསྐྱེད་པ་ཉིད་མང་བར་གསུངས་པ་དེ་དག་གིས་ཞེས་པ་ལ་སོགས་པའོ།། སྔགས་ཞེས་བྱ་བ་ལ་སོགས་པ་ནི། འདི་རྣམས་ཀྱིས་མཚོན་པར་བྱའོ།། ཤེས་པར་བྱའོ་ཞེས་པས་མཚན་ཉིད་རྣམས་སོ།། འོད ་ཟེར་ལྔ་ནི་དཀར་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སྟེ། འདི་རྣམས་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར།། དེ་རྣམས་ཀྱིས་ཤེས་པ་ལ་སོགས་པ་ལ་ཡུལ་དུ་གྱུར་པ་ནི་དཔེའི་སྒོ་ནས་སོ།། རྡོ་རྗེའི་སྐུ་ནི་ཡོངས་སུ་དག ་བའི་ཀུན་རྫོབ་ཀྱི་བདེན་པའོ།། བསྐྱེད་པར་བྱའོ་ནི་དམིགས་པར་བྱའོ།། ངེས་པའི་དོན་ནོ།། དེ་ལྟར་ཞེས་པ་དྲང་བ་དང་ངེས་པའི་དོན་གསུངས་པ་བཤད་མ་ཐག་པ་འདིས་གཞན་ལ་སྐྱེའོ།། བདག་ཉིང་ཞེས་པ་ནི་སྤྲུལ་པའི་བདག་ཉིད་ཅན་གྱི་སྤྲུལ་པ་ཀུན ་རྫོབ་པའི་སྐུ་འདོད་པ་ལ་ལྗོངས་སྤྱོ་པ་སྟེ། ཇི་ལྟར་ཇི་ལྟར་ཞེས་གསུངས་པའི་ཕྱིར་རྣལ་འབྱོར་པ་གཉིས་ཀའི་ཐུན་མོང་ངོ་།། སྐུ་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་གསུང་དང་ཐུགས་དག་གོ། རང་གི་རིགས་ཀྱི་ཡུམ་ཞེས་པ་ནི་མི་བསྐྱོད ་པ་ལ་སོགས་པ་རང་གི་རིགས་གང་ཡིན་པ་དེའོ།། རིགས་ལྔ་དགོད་པ་བྱས་ནསོ་ཞེས་པ་ནི་སྒྲུབ་ཐབ་སུ་གསུངས་པའི་རིམ་པསོ།། གཉིས་ཀའི་འཁོར་ལོ་ཞུས་པ་ནི་ལྷ་མོའི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་འཁོར་ལོའོ།། རྗེ་སུ་མཉེས ་པ་ཞེས་པ་ནི་དེ་ཉིད་ཀྱི་ཕྱིར་འདི་ཉིད་སུམ་ཅུ་རྩ་གཉིས་ཀྱང་ཤེས་རབ་དང་ཐབས་ཁ་སྦྱོར་བ་ཉིད་ཡིན་གྱི། སླར་ཡང་གཙོ་བོ་བཞིན་དུ་དཀྱིལ་འཁོར་བ་ལ་སོ་སོར་ནི་མ་ཡིན་ནོ།། འདི་རྣམས་ཆ་ཤས་ཀྱི་བདག་ཉིད་ཅན་ཉིད་ལྕི་བའི་ཕྱིར་གང་ཆ་ཤས་ཀྱི ་བདག་ཉིད་ཅན་མ་ཡིན་པ་སྐྱེས་པ་དང་བུད་མེད་སོ་སོར་རེར་ངེས་པར་སྦྱར་བར་བྱའོ།། དོན་ནི་བཤད་ཟིན་ནོ་ཞེས་བྱ་བ་ནི་བར་མ་ཆད་པ་ཉིད་དུའོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ ་སོགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་བྱམས་པ་ལ་སོགས་པ་རྣམས་དང་གཤིན་རྗེ་གཤེད་ལ་སོགས་པ་རྣམསོ།། དེ་རྣམས་རྗེསུ་མཉེས་པར་བྱེད་པ་ནི་མགུ་བར་བྱེད་པའོ།། དེ་ཉིད་རྡོ་རྗེ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི ་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། རང་ཞེས་བྱ་བ་ལ་སོགས་པ་ནི་བདེ་འི་ཚེར་བཱི་རང་བཞིན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཅན་ངའོ་ཞེས་བྱ་བའི་དོན་ནོ།། འདི་དག་གིའང་ཞེས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། སརྦ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། མཆོད ་པ་ལས་རྣམ་པར་སྣ་ཚོགས་པའི་བདུད་རྩི་མྱང་བ་དང་ཕྱུང་བའི་དཀྱིལ་འཁོར་སྤྲུལ་པ་སེམས་ཅན་གྱི་དོན་བྱེད་པའོ།། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཞེས་པ་འདིས་བསྐྱེད་པའི་རིམ་པའི་མཆོད་པས་རྫོགས་པའི་རིམ་པ་ལ་ཡང་འབྲེལ། ་བབར་སྟོན་པར་བྱེད་དོ།། བྱིངས་རྣམས་དོན་དུ་མ་ཉིད་ཡིན་པའི་ཕྱིར་རྣམ་པར་ཞུ་བར་གྱུར་པ་ནི་ཁྱད་པར་གྱིས་ཞུ་བ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཅན་དེ་བཞིན་གཤེགས་པ་དྲུག་གི་སྐུའོ།། ལྔ་ཞེས་པ་ནི་ཕུང་པོ་ལྔ་ལ་སོགས་པའི་བདག་ཉིད་ཅན་གྱི་དེ ་བཞིན་གཤེགས་པ་སྤྲུལ་པར་གྱུར་པ་རྣམསོ།། ཁམས་ལ་སོགས་པ་རྣམས་ཀྱང་ལྔའི་བདག་ཉིད་ཀྱིས་ཞུ་བའི་ཕྱིར་རོ།། བར་མ་ཆད་པར་ལྔ་ཞེས་བྱ་ལ་སོགས་པ་ལས་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་དེ་བཞིན་གཤེགས་པ་ལྔའི་རང ་བཞིན་ཉིད་དུ་བཤད་དོ།། གང་ཡང་རིམ་པ་འདི་སྦྱར་བས་སྤྲུལ་པའི་སྐུ་ལ་གནས་པའི་ཕུང་པོ་ལྔའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ལྔ་ཡང་གནས་ཏྭ་དེའི་རང་བཞིན་མ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་པོ་རྣམས་ཀྱིས་རྒྱུར་གྱུར་པ་ཞེས་པ་འོད་གསལ ་རྟོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་འོད་གོསལ་ནུས་པ་ལ་སོགས་པའོ།། དེ་རྣམས་ཀྱིས་ཤེས་པ་ལ་སོགས་པ་ལ་དེ་རྣམས་ཀྱིས་ཤེས་མང་པོའི་ཚིག་ནི་མཆོད་པ་ཆེ་བ་ཉིད་བཤད་པའི་དོན་ནོ།། གང་ལ་འོད་གསལ་ནི་ལྷག་པར་རྟོགས་པའི་རྒྱུ་ལ ་མེ་ལོང་ལ་སོགས་པ་ལྔ་པོ་འདི་རྣམས་སོ་སོ་རེ་རེར་ཏེ་ཇི་ལྟར་རང་གི་འོད་གསལ་ལྷག་པར་རྟོགས་པ་ལ་བལྟོས་པསོ།། གཟུགས་ཤེས་པ་ལ་སོགས་པ་ནི། དེ་དག་དངོས་པོ་མེད་ཅེས་པ་གཟུགས་ལ་སོགས་པ་དེ་དག་ཡེ་ཤེས་དབང་པོ་རྣམསུ་གསུང ་བའི་རིམ་པས་དངོས་པོ་མེད་པ་ཉིད་དོ།། གཟུགས་ལ་སོགས་པ་རྣམས་ནི་ཉེ་བར་མཚོན་པ་ལས་མིག་ལ་སོགས་པ་ཞེས་པའི་སོགས་པ་དེ་གསུངས་པ། མིག་སོགས་ཡེ་ཤེས་འདི་ལ་བྱུང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཡེ་ཤེས ་ཀྱི་དབང་གིས་ཤེས་བྱར་རྣམ་པར་བཞག་སྟེ་ཉེ་བར་སྤྱོད་པའི་ཕྱིར་དང་། དེ་ལས་བྱུང་བའི་ཕྱིར་ཞེས་བརྗོད་པར་བྱའོ།། མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པས་ཡུལ་ཉམ་སུ་མྱོང་བ་འབྲས་བུར་གྱུར་པའོ།། མངོན་པར་ཤེས་པ་དེ་རྣམས་ཀྱིས་ཉེ ་བར་མཛེས་པར་བྱས་པ་ནི་ཡུལ་དུ་བྱས་པའོ།། འདིས་ཤེས་པ་ནི་མིག་ལ་སོགས་པ་རྣམས་ཀྱིས་སོ།། སངས་རྒྱས་ཐོབ་འགྱུར་ནི་འོད་གསལ་ལ་དམིགས་པ་ལས་སོ།། དགོངས་པས་བཤད་པའོ།། ཉེ་བར་མཚོན་པ་ཞེས་པ་ནི། སྐུ་དང་ཐུགས་དང ་བྲལ་བའི་སྔགས་མང་བའི་ཕྱིར་རོ།། ཡི་གེ་གསུམ་ཁོང་དུ་ཆུད་པ་ལས་ཞེས་པ་ནི་བསམས་ནསོ།། དེ་སྔོན་དུ་འགྲོ་བའི་འཇུག་པ་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བའོ།། རྡོ་རྗེ་བཟླས་པའི་སྒྲུབ་ཐབས ་གྱུར་པ་ཞེས་པ་བསྐྱེད་པའི་རིམ་པ་ལ་ཀུན་ཏུ་གནས་པ་ཞེས་པའོ།། རིམ་པ་གཉིས་པར་མངོན་པར་གསུངས་པའི་ཕྱིར་གཙོ་ཆེ་བར་ཡིད་ཆེས་པས་ཡིད་ཅེས་བྱ་བ་སྙིང་གར་གནསོ་ཞེས་གསུངས་པ། ཡིད་སྙིང་གར་གནས་པ་ཞེས་པ་ནི་ཡང་དག ་པར་ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པས་ཡུལ་དུ་བྱས་པ་རང་བཞིན་དང་སྣང་བའི་བདག་ཉིད་ཅན་དེའོ།། བཞི་ཞེས་པ་ནི་རྡོ་རྗེ་བཟླས་པའི་འབྲས་བུ་ཉིད་དོ།། རྡོ་རྗེ་བཟླས་པའི་གནས་སྐབས་ནི་ན་མཁའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་བཟླས་པ ་རྟོགས་པར་འགྱུར་བའི་ཕྱིར་མགུ་བ་ཞེས་པའོ།། རྡོ་རྗེ་འཆང་ཆེན་པོའི་སྐུ་ཞེས་པ་ནི་ཡོངས་སུ་དག་པའོ།། རྡོ་རྗེ་བཟླས་པའི་ཕན་ཡོན་ཞེས་པ་ནི་རྡོ་རྗེ་བཟླས་པའི་འབྲས་བུར་གྱུར་པ་ཉིད་ཀྱི་ཕྱིར་གནས་སྐབས་བཞི་པའོ།། སེམས་ཞེས་པ་ལ་སོགས། ་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཞེས་པ་དེ་གང་ཞེ་ན་གསུངས་པ། སེམས་ཞེས་པ་ལ་སོགས་པ་སྟེ། སེམས་ཀྱི་བདག་མེད་པ་ཞེས་པའོ།། སྤྱོད་བསྡུས་སུ་གསུངས་པ་ཡང་བདེན་ཏེ་རྣམ་པར་ཤེས་པ་གསུམ་དོན་དམ་པའི།། ་བདེན་པ་ལྟ་བུ་རེག་པར་དཀའ་ཞེས་པ་ལ་སོགས་པའོ།། ངག་དང་ལུས་ཀྱང་བདག་མེད་པར་ཞེས་པ་ནི་སེམས་རྣམ་པར་དབེན་པའི་ནང་དུ་གཏོགས་པས་འོད་གསལ་བ་ལས་དམིགས་པའི་ཕྱིར།། སེམས་སོ་སོར་རྟོགས་པར་ནི་སེམས ་ཡོངསུ་ཤེས་པའོ།། འདིས་ཞེས་བྱ་བ་ལ་སོགས་པས་བཤད་པ་བསྡུས་པའི་དོན་བརྗོད་པར་བྱེད་།། ལུས་ལ་སོགས་པ་རྣམས་རྣམ་པ་དང་བཅས་པ་ཉིད་ཀྱི་ཕྱིར་རང་ཤེས་རབ་ལ་སོགས་པ་རྣམས་རྣམ་པ་མེད་པ་ཉིད་ཀྱི་ཕྱིར་ཅི་ལྟར་ལུས་ལ ་སོགས་པ་རྣམས་ཤེས་རབ་ལ་སོགས་པ་ཉིད་ཡིན་ཞེ་ན་གསལ་བ་དང་བཅས་པའི་སྣང་པོ་གསུམ་ཞེས་པ་འདི་མི་འགལ་ལོ།། ལུང་དུ་ཡང་སླར་ཡང་ཆ་ཤས་མེད་པར་གྱུར་ནས་ཆ་ཤས་དང་བཅས་པར་ཅི་ལྟར་འགྱུར་ཞེས་སོ།། དེ་ཉིད ་ཀྱི་ཕྱིར་གསུངས་པ། གསུམ་པོ་ཞེས་པ་ལ་སོགས་པའོ།། རྡོ་རྗེ་བཞི་པོ་ཞེས་པ་ནི་བསྙེན་པ་སྒྲུབ་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ།། སངས་རྒྱས་པ་ཉིད་མང་དོ་ན་ཡོངསུ་རྫོགས་པའི་མཚན་ཉིད་དོ།། གང་གི་ཕྱིར་ཞེས་པ་ལ་སོགས། ་པས་འདི་ལ་རིགས་པ་གསུངས་སོ།། དེ་སྒོམ་པ་ཡང་མེད་དོ་ནི་དངོས་པོ་དེ་བསྒོམ་པའོ།། སླར་ཡང་ཀུན་ཏུ་ཐ་སྙིང་ཡོད་པ་ཡིན་ནོ།། སྤངས་པ་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་རྟག་པ་དང་ཆད་པའི་ངོ་བོ་ཉིད་དོ།། ཡང་ན་དབུས་མར་གསུངས།། ་པ། ཡོད་གང་རང་བཞིན་གྱིས་མེད་གང་། དེ་ནི་མེད་ཅེས་རིག་པར་འགྱུར།། དེ་ལྟ་ཡོད་པར་མ་གྱུར་ན།། སྔ་མ་ཆད་པ་ཐལ་བར་འགྱུར་ཞེས་སོ།། དབུ་མ་ལ་འཇུག་པར་ཡང་།། བདེན་པ་གཉིས་པོའང་རང་བཞིན་མེད་པའི་ཕྱིར་ཞེས་གསུངས།། ་སོ།། གང་ཞིག་ཅིག་མིན་དུའང་མིན་ཞེས་བྱ་བ་ལ་སོགས་པས་ཀྱང་། སྐུ་གསུམ་པོ་ཉིད་ཆད་པ་དང་རྟག་པ་མ་ཡིན་ནོ།། བསོད་ནམས་ཡོངསུ་གྱུར་པས་སོ་སོར་རྟོགས་པ་གང་ཡང་མིན།། ཡིད་དང་ངག་གི་ལམ་དང་བྲལ་བ་གསུམ་པོ ་རྣམས་ཞེས་གསུངས་པའི་ཕྱིར་འདི་རྣམས་ཡོངསུ་སྤང་བ་ཉིད། དེ་ཅི་ལྟར་ཡིན་ཞེ་ན། གལ་ཏེ་ཡང་འདི་ལྟར་སྐྱེ་བ་དང་འགག་པ་གནས་པ་དེ་བཞིན་དུ་ཡང་མངོན་པར་ཞེན་པའི་འཇིག་རྟེན་རྣམས་སྐུ་གསུམ་པོ་འདི ་རྣམས་ཀྱིས་བྱས་པ་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་རྗེ་སུ་འཇུག། སྟོང་པ་ཉིད་བདུན་ཅུ་པར་ཡང་།། གནས་དང་སྐྱེ་དང་འཇིག་དང་ཡོད་མདོ་དང་། དམན་དང་མཉམ་དང་ཁྱད་པར་འཕགས་པ་རྣམས།། འཇིག་རྟེན་ཐ་སྙད་དབང་ལ་སངས། ་རྒྱས་ཀྱིས།། གསུངས་ཀྱི་དེ་ཉིད་དབང་ལས་མ་ཡིན་ནོ།། ཞེས་ཀྱང་གསུངསོ།། གང་ཚེ་སྐྱེ་མེད་གང་ཡིན་པ།། དྲི་ནི་གནས་མེད་ཟློག་མེད་འགྱུར།། འགྲོ་བ་སྒྱུ་མ་ལྟ་བུ་ཉིད།། གདོད་ནས་ཞི་བ་དེ་ཉིད་དོན། ཞེས་དེ་ཁོ་ན་ཉིད་ལ ་སེམས་པ་དེའི་ཚེ།། སྐྱེ་བ་དང་འགག་པའི་བདག་ཉིད་དང་གནས་པ་འདི་རྣམས་ག་ལ་འགྱུར། གང་གིས་འདི་རྣམས་སྤངས་པ་ཉིད་མ་ཡིན་ནོ།། ཚུལ་འདི་ས་འཕགས་པའི་ལུགས་དབུ་མར་ཡང་། སྐུ་བཞི་སྟོན་པར་བྱེད ་པ་ལ་བལྟོས་པ་མ་ཡིན་པོ་འདི་རྣམས་ཀྱི་ཅི་ཞིག་བྱ་ཞེ་ན་འཕགས་པས་གསུངས་པ། དེ་རྣམས་ཀྱིས་གསུངས་པ་དང་དེ་རྣམས་ཀྱིས་བྲིས་པར་ཡོངས་སུ་བརྟག་གོ།། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སྣ་གསུངས་པའི་ཚིག་སུ་བཅད ་པར་ཡང་།། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་།། ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ།། ཞེས་བྱ་བ་སྤྱོད་བསྡུས་སུ་ཟུང་འཇུག་གི་དོན་དུ་བཤད་དོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་། མྱ ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཀྱང་གསུངས་སོ།། དེ་ལྟ་མོད་ཀྱི་ཐེག་པ་ཆེན་པོ་གཉིས་པོ་དག་གི་ཐབས་ཀྱི་དབྱེ་བ་གཉིས་བྱས་ཞེས་སྟོན་པར་བྱེད་དོ།། ཐབས་སྦྱིན་པ་གསུངས་པ་མཉམ་པ་ཞེས་པ་ལ་སོགས་པ ་སྟེ། མཉམ་པ་ཞེས་པ་ནི་འོད་གསལ་ལོ།། དགོངས་པས་བཤད་པའོ།། ཐམས་ཅད་ཅེས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པའོ།། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐམས་ཅད་མཁྱེན་པ་ཞེས ་གསུངས་པའི་ཕྱིར། ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་དྲུག་པ་རྡོ་རྗེ་འཆང་ཡོངསུ་གྱུར་པའོ།། དང་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་གསུངས་པའི་ཕྱིར་དང་། ཕྱི་ནས་ཕུང་པོ་ལ་སོགས་པ་རྗེསུ་ཞུགས་ཞེས་གསུངས་པའི་ཕྱིར་ལོངས་སྤྱོད ་རྫོགས་པའི་སྐུ་ཉིད་ཨཾ་ཡིག་ལ་སོགས་པོའི་ས་བོན་རྣམས་ཀྱིས་ཕུང་པོ་ལ་སོགས་པ་རྗེསུ་ཞུགས་པོ་ཞེས་པ་མི་བསྐྱོད་པ་ལ་སོགས་པ་རྗེ་སུཾ་ཞུགས་པ་དང་མ་བྲལ་བ་ཉིད་ཀྱིས་ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱའོ་ཞེས་ངེས་པོར ་བྱའོ།། རྫོགས་པའི་རིམ་པ་ལ་གནས་པས་ནི་ས་བོན་དགོད་པ་དང་བྲལ་བ་ཉིད་ཀྱིས་ལྗོངས་སྤྱོད་རྫོགས་པའི་སྐུ་ལ་མི་བོ་སྐྱོད་པ་ལ་སོགས་པ་རྗེས་སུ་ཞུགས་པས་ཕྲ་མོའི་རྣལ་འབྱོར་བྱའོ་ཞེས་པའོ།། ཐ་མལ་པའི་སེམས་ཅན་རྣམས ་ཀྱི་སྐྱེ་བ་དང་ཞེས་པ་དང་། རྟགས་པའི་ཞེས་པ་ལ་སོགས་པ་དེ་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ།། རྡོ་སྟེར་རླུང་གི་དེ་ཁོ་ན་ཉིད་ལ་སོགས་པ་སྔོན་དུ་འགྲོ་བ་ནི་ཕྱིས་གསུངས་པ་ལ་བེལྟོས་པའོ།། ནང་གི་བདག་ཉིད་ཅན་ནུས་པ་ནི་ཕུང་པོའི་ནང ་དུའོ།། ཤེས་རབ་དང་ཐབས་ཞེས་པ་ནི་རྡུལ་དང་ཁུ་བ་ཡང་དག་པར་སྦྱོར་བ་ལས་སོ།། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་ཀྱི་ངོ་བོའོ།། ཡེ་ཤེས་ལྔ་ནི་མེ་ལོང་ལ་སོགས་པའོ།། འབྱུང་བ་ལྔའི་རང་བཞིན་ནི་ས་དང་ཆུ ་དང་མེ་དང་རླུང་དང་རྣམ་པར་ཤེས་པའོ།། གོང་བུའི་གཟུགས་ཀྱིས་ནི་བསྡུས་པའི་གཟུགས་ཀྱིས་སོ།། གསུངས་པའི་ཕྱིར་ཞུས་བྱ་བ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བས་གསུངས་པསོ།། བརྟག་ཅེས་པ་ནི་མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ། ལྷ་ལ ་གོམས་པུས་སོ།། དྲང་བའི་དོན་ནོ།། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་ནས་བཤད་ཅེས་བྱ་བའི་མཐར་ཐུག་པས་རླུང་གི་དེ་ཁོ་ན་ཉིད་གསུངས།། རང་སྟེགས་ཤེས་པ་ལ་སོགས་པ་ནས་གོ་རིམ་བཞིན་དུའོ་ཞེས་པའི་མཐར་ཐུག་པས་ལྷ་དང ་སྔགས་ཀྱི་དེ་ཁོ་ན་ཉིད་དང་གསུངས་སོ།། དེའི་ཕྱིར་གསུངས་པ་འདིས་ནི་ཞེས་བྱ་བ་ལ་སོགས་པའོ།། རྟེན་དང་བརྟན་པར་གྱུར་པ་ནི་རླུང་གི་ཁམས་ནི་རྟེན་ནོ།། ཡི་གེ་གསུང་ནི་བརྟེན་པའོ།། གཉིས་པོ་དེ་དག་རྒྱུ་བ་དང་མི་རྒྱུ་བ་ཇི་ལྟ་བ་བཞིན་དུ ་སྦྱོར་བ་དེས་ལྷན་ཅིག་འཇུག་གོ་ཞེས་པ་རྒྱུ་དང་བཅས་པ་ནི་མི་རྒྱུ་བའོ།། རྣམ་པར་ཤེས་པ་གསུམ་པོ་ནི་སྣང་བ་ལ་སོགས་པའོ།། རྣམ་པར་ཤེས་བྱ་ནི་བསྐྱེད་པར་བྱ་བཞིན་པའོ།། ཡེ་ཤེས་གཞན་ཞེས་པ་ནི་བསྐྱེ་ང་པ་ལ་བརྟེན་པ་ཡིན ་པོའི་ཕྱིར་རླུང་དང་རྣམ་པར་ཤེས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པའོ།། གཅིག་ལ་ཡང་ཞེས་པ་ནི་གཅིག་ཉིད་ལའོ།། སྒྲའི་ཁྱོན་ལ་ནི་སྒྲ་འཇུག་པའི་ལམ་ལ་སྟེ་ཕྲ་ཞིང་ཤིན་ཏུ་ཕྲ་བ་ཉེ་བར་མཚོན་པ ་ཉིད་ལས་སོ།། དེ་བཞིན་ཉིད་དུ་སངས་རྒྱས་རྣམས་མང་པོའོ།། གང་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ།། བཞུགས་ཞེས་བྱ་བ་ལ་སོགས་པ་ནི་གངྒཱའི་ཀླུང་གི་བྱེ་མ་གང་ཇི་སྙེད་པ་དེ་སྙེད་དུ་ཞེས་བྱ་བའི་དོན་ཏོ།། ངེས་པའི་དོན་ནོ།། ཐ་མི་དད་པའི་ཡན ་ལག་ནི་ལྷའི་ཡན་ལག་ཐ་དད་མ་ཡིན་པའོ།། ནམ་མཁའི་ཁམས་ཀྱི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞི་པོ་འཆར་བ་དེ་སྙེད་གསུངས་པ་འོད་ཀྱི་ཚོགས་པ་ནི་དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། གནས་ནི་བསྐྱེད ་པའི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ།། འཇུག་ཅིང་གནས་པ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་ནོ།། སྟེང་དུ་གནས་ཞེས་པ་ནི་དེ་དག་གི་བར་མ་ཆད་པར་རོ།། འོད་དཔག་མེད་ཀྱིས་བཟླས་པ་ཞེས་པ་ནི། འདི་དག་མེའི་དཀྱིལ་འཁོར།། པདྨ་མགོ་ནུ ་པོ་འདི་ལ་ལྷ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་གཞན་དུ་སྤྱན་མའི་རྣམ་པ་ཨོཾ་ཡིག་ཁ་དོག་དཀར་པོ་ཞེས་པའི་དོན་ཏོ།། གཞན་ཞེས་པ་སྔར་བཤད་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་ཕྲ་མོའི་རྣལ་འབྱོར་ལ་བལྟོས་པས་སོ།། ནས་འབྲུའི ་ཚད་ཅེས་པ་ནི་སྔར་ཡུངས་ཀར་གྱི་འབྲུའི་ཆེད་དུ་གསུངས་པ་ལས་ཁྱད་པར་དུ་གསུངས་པའོ།། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ་ཐོབ་པར་བྱེད་པ་ཞེས་པ་ནི་ཕན་ཚུན་ནོ།། གང་ཞིག་སེམས་བརྟན་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ ་ཏུ་སྐྱེད་པར་བྱེད་དེ་སེམས་གནས་པའི་རྒྱུ་ནི་མཚན་མ་ལ་དམིགས་པའོ།། སེམས་བརྟན་པ་དང་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་པོས་བྱང་ཆུབ་ཐོབ་པར་བྱེད་དོ།། དེ་ལ་ཞེས་བྱ་བ་ལ་སོགས་པས་མཚན་མ་བསྒོམ་པར་གསུངས ་པ་རྒྱས་པར་བཤད་དོ།། བྱང་ཆུབ་གནས་ཤེས་པ་ལ་སོགས་པས་བྱང་ཆུབ་ལ་གནོལ་བ་ཞེས་པ་འདི་རྒྱས་པར་བཤད་དོ།། སྤྲུལ་པའི་སྐུ་ལ་གནས་པར་སྤྲུལ་པའི་སྐུ་ལ་དམིགས་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་ཕྲ་མོའི ་རྣལ་འབྱོར་བསྒོམ་པར་གསུངས་པའི་བཤད་པ་ཉིད་དོ།། ཡེ་ཤྲཱིས་ཞེས་བྱ་བ་ལ་སོགས་པ་ནི། སྦྱོར་བས་གནས་པར་བྱས་ནས་ཤེས་པ་གཟུགས་ཕུང་གཏོགས་པ་མེ་ལོང་དང་ཞེས་པའི་རིམ་པསོ།། དེའི་འོག་ཏུ་ཇི་ལྟར་བྱེ་ཞེ་ན་གསུངས་པ་དེ་ལ་ཞེས ་བྱ་བ་ལ་སོགས་པའོ།། སྐུ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི། སྐུ་གསུམ་རོ་གཅིག་པའོ།། འཆད་པར་འགྱུར་བཞིན་པའི་རྡོ་རྗེ་འཆང་ཆེན་པོར་བཞེངས་པ་འདིའི་ཁྱད་པར་རོ།། ཅི་ལྟར་སྐུ་གསུམ་རོ་གཅིག་པ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་ཞེ་ན ་གསུངས་པ། ཆོས་ཞེས་པ་ལ་སོགས་པའི་ཆོས་ནི་གསུངས་མ་ཐག་པའི་སྤྲུལ་པ་དང་། ཡེ་ཤེས་གསུམ་གྱི་ངོ་བོ་ལོངས་སྤྱོད་རྫོགས་པ་དག་གིས་འཇུག་པའི་རྟེན་ནོ།། དེ་ཉིད་ཀྱི་ཕྱིར་སྐུ་བཞི་པ་འདི་ལ་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་ལྟ ་འབྱུང་བར་འགྱུར་རོ།། དགོངས་པས་བཤད་པའོ།། ང་ནི་ཞེས་བྱ་བ་ལ་སོགས་པ་ལ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ཡང་འདོད་པ་ལྔ་ཉམ་སུ་མྱོང་བ་ལ་བལྟོས་པ་དང་བཅས་པ་དེའི་ཕྱིར་གསུངས་པ། རྫོགས་པའི་ཞེས་པ་ལ་སོགས་པའོ།། ཕྲ་མོ་ཞེས ་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་ལ་བལྟོས་པ་དང་བཅས་པའི་རྫོགས་པའི་རིམ་པོ་གསལ་བར་བྱེད་པར་རྟོགས་པར་བྱ་སྟེ་ཆུང་ངུ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ ་བཤང་གཅི་ཞེས་པ་ནི་བྱའོ།། ཞེས་འཆད་པར་འགྱུར་བ་འདི་དང་སྦྲེལ་ལོ།། གཤང་གཅི་ལ་སོགས་པའི་ངོ་བོ་དམིགས་པས་ཡོངསུ་སྦྱོང་བའི་ཕྱིར་དང་བཤང་བ་དང་གཅི་བ་ཟ་སུ་སྟེ་ཀུན་ནས་བསྡུ་བར་བྱའོ།། བཟའ་བར་བྱའོ་ཞེས་པས་ཟ་སོ།། བཤད་པ ་དང་གཅི་བ་དང་དེ་ཡིན་ལཾ་ཟས་ཀྱང་དེ་ཡིན་པས་གཤང་གཅི་ཟསོ།། དེའི་བྱ་བ་ནི་ཟ་བར་བྱེད་པའོ།། དེའི་དོན་ནི་དགོངས་པ་སྟེ། ལུས་གནས་པའོ།། དེའི་ཕྱིར་གསུངས་པ་ལུས་ཤེས་པ་ལ་སོགས་པའོ།། ཡུལ་ལྔ་ཉེ་བར་མཚོན་པ་སྟེ་བཤང་བ་དང ་གཅི་བ་ཞེས་བྱ་བ་འདིས་བསྡུས་པས་ཡུལ་དང་དབང་པོ་མངོན་པར་བརྗོད་པའི་ཕྱིར་རོ།། འདིར་ཕུང་པོ་གནས་པ་ཅི་བྱ་ཞེ་ནི་གསུངས་པ། དངོས་གྲུབ་ཀྱི་འབྲས་བུའི་དོན་དུ་ཞེས་བྱ་བ་ནི་སུས་ཕྱིན་ཅི་ལོག་གིས་བརྡ་སྤྲོད་པའོ།། དངོས་གྲུབ་ཀྱི་འབྲས་བུའི ་དོན་དེས་ཅི་ཞིག་ཅེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་འབྲས་བུ་ཉེ་བར་བསྟན་ནོ།། ཟས་སུ་ཞེས་བྱ་བ་ལ་སོགས་པས་ཁོ་བོ་རྣམས་ཤེས་པ་ནི་མ་རུངས་པའི་ལས་ཅན་རྡོ་རྗེ་མཁའ་འགྲོའི་གཟུགས་འཛིན་པ་ཉིད་ཀྱི་ཕྱིར་རོ།། རྣལ་འབྱོར་པ་ལྔ་པོ་རྣམ ་ཀྱི་ལྷ་བཤོས་ཀྱི་དོན་དང་བཟའ་བའི་དོན་དུ་གསང་བ་ཞེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་རྗེསུ་མཐུན་པ་རླུང་ལ་སོགས་པ་རྣམས་ཀྱིས་ཟིལ་གྱིས་མ་མནན་པ་ཉིད་ཀྱི་རྗེ་སུ་མཐུན་པའོ།། ད་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེའི་རིགས ་ཀྱི་ཁྲོ་བོ་རྣམས་ཤེས་པ་ལ་འདི་ལྟར་གཙོ་བར་གྱིས་ཤིག་ཅེས་བྱ་བ་གང་ཡིན་པའི་བཀའ་ལུང་ཐོབ་པ་རྣམསོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཤ་རྣམ་པ་བནི་པི་ཞེས་པ་ནི་འདིར་བྲིས་པའི་རྟ་དང་ཁྱིའི་ཤ་དང་ལྷན་ཅིག་པ་རྣམས ་སངས་རྒྱས་རྣམ་སུ་ཡོང་སུ་རྫོགས་པ་ནི་ཤ་རྣམ་པ་བནི་པོ་ཞེས་བྱའོ།། རང་གི་རིགས་ཤེས་པ་ནི་དེ་དག་སྒོམ་པར་བྱེད་པས་མཆོད་པ་བྱས་པས་ཚིམ་པར་བྱེང་བའི་ཕྱིར་རོ།། ཡོངས་སུ་རྫོགས་པའི་སྤྱན་མ་ལ་སོགས ་པ་རྣམས་དང་ལྡན་པ་ནི་བློ་ཅན་ནོ།། གཏོར་མ་རབ་ཏུ་སྦྱིན་པའི་སྦྱོར་བས་ཞེས་པ་ནི། ནཱང་གི་བདག་ཉིད་ཅན་ཕྱིའི་གཏོར་མ་རབ་ཏུ་བྱིན་པས་སོ།། འདོད་པ་ཡོན་ཏན་བརྒྱད་དུ་བཤད་ཅེས་གསུངས་པའི་ཕྱིར་འདོད་པར་འཛིན་པར་བྱེད་དོ་ཞེས་པས ་འདོད་པའི་ཁམས་ཏེ་བུད་མེད་ཐམས་ཅད་དོ།། སྣ་ཚོགས་པའི་དགའ་བས་ཤེས་པ་ནི་ཕྱག་རྒྱ་གཅིག་གིས་པདྨ་གཏོགས་པའི་རེག་པ་ཉམས་མྱོང་བ་ལྟ་བུར་ཕྱག་རྒྱ་ཐམས་ཅད་ཀྱི་པདྨའི་རེག་པ་ཉམསུ་མྱོང་བའི་ཕྱིར་ཕྱག་རྒྱ་གཅིག་པོ་ཉིད ་ལ་ཡང་ངོ་།། གང་ཡང་སྟོབས་ལྟ་བུ་ཉིད་ཡིན་པའི་ཕྱིར་ཤའི་བཟའ་བ་དུ་མ་ཡང་བུད་མེད་པ་འདོད་པ་འདོད་པ་ཟིང་པར་མི་འགྱུར་རོ།། དེའི་ཕྱིར་གསུངས་པ་དབང་ཕྱུག་ནི་མངའ་བདག་གོ། སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པ་ལ་འདི་ཉིད་དུ ་ཞེས་པ་ནི་འདུས་ལེའུ་གཅིག་གཉིས་པར་རོ།། བརྒྱད་ཀྱིས་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དང་། བསྟོད་པ་དང་སྨད་པ་དང་། རྙེད་པ་དང་མ་རྙེད་པ་དང་གྲགས་པ་དང་མ་གྲགས་པ་ཞེས་བྱ་བ་བརྒྱད་པོ་དེ་རྣམས་ཀྱིས་སོ།། མཐོང་བ་ནི ་ཁོང་དུ་ཆུང་བའོ།། ཞེས་བྱ་བ་ནི། ལྟ་བ་ལ་གཟུགས་དམིགས་སོ་ཞེས་གསུངས་པའི་ཕྱིར་མཐོང་བ་ཙམ་གྱིས་ཡང་དགེ་སྨྲས་པ་ཞེས་པ་འདིར་གསུངས་པའི་རྣལ་འབྱོར་བའོ་ཞེས་པ་ལྷག་མོའོ།། རྣམ་གྲངས་ནས་པ་ནི་ལི་རིའི་གནས་སུ ་བྷ་ཊ་མངོན་པར་བརྗོད་པ་ཏེ་རྣམ་གྲངས་ནི་ངེས་པའི་ཚིག་གི་བྱ་བའི་རྒྱུ་མཚན་མེད་དོ་ཞེས་པའོ།། སྐྱེ་བ་དང་གནས་པ་འཇིག་པའི་ཉེས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཏིང་ངེ་འཛིན་ནི། རྩ་བའི་མདོ་རུ་སྤྱོད་པ་ཐམས་ཅད ་ཀྱི་མཆོག་ཡོངསུ་དག་པ་ཞེས་བྱ་བ་གསྡང་བ་བཞིའི་ཁྱད་པར་རོ།། དྲང་བའི་དོན་ལ་བརྟེན་ནས་བཤད་པའོ།། དེ་ལ་ངེས་པའི་དོན་སྟོན་པར་བྱེད་པ་བཤདང་པོའི་རྒྱུད་དུ་གསུངས་པ་ལ་ཡང་སྤྱོད་མཆོག་དག་པ་ཀུན་ཞེས་པ་ནི་བཅོམ་ལྡན་འད ་ཀྱིས་ཁྱད་པར་ཏེ། བཅོམ་ལྡན་འདས་ནི་སྤྱོད་པ་ཐམས་ཅད་ཀྱི་མཆོག་ཀུན་ནས་དག་པ་ཉིད་ཡིན་པའི་ཕྱིར་རོ།། སྐད་ཅིག་ཐང་ཅིག་ཞེས་པ་ལ་སོགས་པ་ལེ་སྐད་ཅེས་བྱ་བ་སེ་གོལ་གཏོགས་པའི་གནས་སྐབསོ།། ཐང་ཅིག་ཡུངས ་ཀར་སྐོར་རོའོ།། ཡུད་ཙམ་ནི་ལག་པ་བརྡབས་པའོ།། གྲངས་གསུམ་ནི་བསྐལ་པའི་གྲངས་ཀྱི་ངོ་བོ་གསུམ་མོ།། གཅིག་ནི་བསྐལ་བའི་གྲངས་གང་ཡིན་པ་དེ་ང་བཞིན་ནོ།། སྐད་ཅིག་གཅིག་ནི་མངོན་པར་བྱང་ཆུབ་པའི་སྐད་ཅིག་གཅིག་ཅེས་པ་རྟ་(་ ་དྲ། ད་བ་རྒྱ་སྟེསྐད་ཅིག་གཅིགས་པ་ལྡ་བརྗོད་པར་བྱ་བའོ།། དེ་ཉིད་ཡིན་ན་མངོན་པཱར་བྱང་ཆུབ་པའི་སྐད་ཅིག་གཅིག་ནི་ཟླ་བ་དྲུག་ཏུ་བཤད་པར་འགྱུར་བའོ།། སྐད་ཅིག་དེ་ཉིད་ཡང་དག་པར་སྦྱར་བར་བྱ་སྟེ་སློར་ཡང་མཱ་ཡིན་ནོ་ཞེས་པའོ།། ་དངོས་མེད་རྫོགས་པར་ལོངས་སྤྱོད་པ་ནི་དངོས་པོ་མང་པོའི་ངོ་བོ་ཉིད་ཀྱིས།། གང་གི་ཕྱིར་སྟོད་ཅིག་གཅིག་ཉིད་དུ་གསུངས་པའི་སྐད་ཅིག་ལ་སོགས་པ་དུས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་མངོན་པར་བྱེང་ཆུབ་པའི་རྒྱུ་ཉིད་ཡིན་པའི ་ཕྱིར་རོ།། བསྔགས་པ་ནི་རབ་ཏུ་བསྔགས་པའོ།། འདས་པ་ལ་སོགས་པའི་དུས་གསུམ་འདས་པའི་རང་བཞིན་ནོ།། དེ་ལྟར་གྱུར་པའི་སྐད་ཅིག་གཟུགས་ལ་སོགས་པ་དང་ལྡན་པར་འགྱུར་རོ།། བྱེད་པ ་པོ་ནི་དགེ་བ་སྒོམ་པར་བྱེད་པ་པོ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་མཆོད་ཆེན་དེ་ནི་བྱས་ན་སུའོ།། འདིར་ཅི་བྱས་ནས་ཤེ་ན། གསང་བའི་ཞེས་བྱ་བ་ལ་སོགས་པའོ།། ཡུལ་ཞེས་བྱ་བ་ལ་སོགས་པས་ག་སང་བའི་མཆོད ་པ་སྟོན་པར་བྱེད་དོ།། ཡུལ་དང་དབང་པོ་ཞེས་པ་ཉེ་བར་མཚོན་པ་སྟེ། དེའི་འོག་ཏུ་རྣམ་ཤེས་ཀྱང་ཉེ་བར་མཚོན་སྟེ་གསུམ་པོ་འདི་རྣམས་སེམས་པ་མེད་པ་ཉིད་ནི་རང་བཞིན་མེད་པ་ཉིད་དོ།། ཅི་ཞེ་ན་གསུངས་པ། བཤད་ཞེས ་པ་ལ་སོགས་པ་སྟེ་དེ་འདྲ་ནི་དྲོན་དམ་པའི་རང་བཞིན་ནོ།། དངོས་གྲུབ་ནི་ཟུང་འཇུག་གི་བདག་ཉིད་ཅན་ཉིད་དོ།། བཟའ་བ་ནི་ཟུང་འཇུག་གི་བདག་ཉིད་ཅན་ཉིད་ཀྱིས་བདག་ཏུ་འཛིན་པ་ཟ་བར་བྱེད་པའོ།། རྣམ་རྟོག་མེད་པ་ནི་ཟུང་འཇུག ་ལ་མངོན་པར་ཞེན་པ་བོར་བ་ཉིད་ཀྱི་ཕྱིར། རྣམ་རྟོག་མེད་པ་ཅན་ཞེས་པས་ཟུང་འཇུག་གི་ཁྱད་པར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ཉིད་ཅེས་པ་ལ་སོགས་པའོ།། བྱང་ཆུབ་སེམས་གཅིག་ལས་བྱུང་བ་ནི་དེ་བཞིན་ཉིད་གཅིག ་ལས་བྱུང་བའོ།། ཞེས་པ་གསུངས་པའི་རིམ་པས་འགྲུབ་པར་འགྱུར་ཞེས་པ་ལ་སོགས་པའོ།། བཤང་གཅི་ལ་སོགས་པ་བཤད་པའི་ཕྱིར། ཤ་རྣམས་དགོངས་པས་བཤད་པའི་ཕྱིར་གསུངས་པ། མཱ་ནི་ཞེས་པ་མཱ་མ ་ཀཱིའི་སྒྲ་ལ་མཐའི་ཡི་གེ་གཉིས་པོ་ཕྱིས་ནས་རྗེ་སུ་དྲ་རོ་འོངས་པར་བྱས་པའོ་ཞེས་པ་ནི་མིག་གི་སྒྲས་མཱ་མ་ཀཱིའི་གསུངས་ཏེ། ངེས་པའི་ཚིག་གི་ཆོ་གསོ།། དེ་བཞིན་དུ་སའི་སྒྲས་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ནི་རྡོ་རྗེ་སེམས ་དཔེའོ།། བསམ་གཏན་དེ་ནི་ཤེས་རབ་དང་ཐབས་ཀྱི་བསམ་གཏན་ནོ།། དགའ་བ་ཞེས་པ་ནི་བདེ་བ་ཟག་པ་མེད་པའི་ཟས་སོ།། ནུང་མངོན་པར་བརྗོད་ནས་ཕྱིའི་དབང་དུ་བྱས་ནས་གསུངས་པ་ནཽ་མཁའ་ཞེས་པ་ལ་སོགས་པ་སྟེ། ་དེ་ཉིད་བདེ་བའི་ངོ་བོའི་བསམ་གཏན་ནོ།། ནམ་མཁའ་བཞིན་དུ་བརྟན་པ་དང་གཡོ་བའི་འགྲོ་བ་དུ་མ་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཉིད་ཐོབ་པའོ།། ཤ་ཆེན་པོ་ཞེས་གསུངས་པའི་རིམ་པས་ཤ་ཆེན་པོ་བཟའ་བ་དེ་ཡིས་གཞིན ་ཅི་ལྟར་འགྱུར་ཞེ་ན་གསུངས་པ། འགྲུབ་པར་འགྱུར་ཞེས་པ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་གོ་འཕང་མཆོག་གོ།། ཤ་བཞི་པོའི་དབང་དུ་བྱས་ནས་གསུངས་པ། ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཁྱི་ལ་སོགས་པའི ་སོགས་ཀྱི་སྒྲ་ལས། བ་ལང་གི་ཤ་གཟུང་ངོ་།། གྲངས་ཀྱི་དགོངས་པ། གསུངས་པ་ཕུང་པོ་ཞེས་པ་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ།། གྲངས་མཉམ་པའོ་ཞེས་པ་ནི་ཤ་དང་ཕུང་པོ་དག་གོ། ཕུང་པོ་དེ་རྣམས་སྦྱོར་བར་ནི་རྣལ ་འབྱོར་གངཞིག་གོ།། དེས་གཉིསུ་མེད་པར་གྱུར་པའི་བསམ་གཏན་གང་ཡིན་པ་དེ་ནི་ཟས་སོ།། དགའ་བ་ཞེས་བྱ་བ་གཅིག་ནི་དགའ་བའི་ངོ་བོ་ཟས་སོ་ཞེས་པའི་དོན་ནོ།། གང་ཞིག་ཁམས་ཀྱིས་ཐུན་མོང་དུ་ཟ་བ་དེ་ནི་འཇིག་རྟེན་པའོ།། ་དགའ་བའི་ཟས་ཀྱང་འཇིག་རྟེན་ལས་འདས་པར་བྱེད་དོ།། འཇིག་རྟེན་པ་གང་ཡིན་པ་དེ་ཉིད་ནི་དགའ་བར་འགྱུར་རོ།། འཇིག་རྟེན་ལས་འདས་པའི་མཆོག་གང་ཡིན་པ་ནི་དེ་བཞིན་དུ་རང་བཞིན་གཅིག་པའི་ཟུང་འཇུག་གཱི་ཏིང ་འཛིན་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འཁོར་བ་ཞེས་བྱ་ལ་སོགས་པའོ།། བརྟུལ་ཞུགས་བཟང་པོ་ནི་རྡོ་རྗེ་ཐེག་པའི་བརྟུལ་བཞུགས་མཛེས་པའོ།། བློ་ཅན་ནི་ཤེས་རབ་རྣམ་པ་གཉིས་དང་ལྡན་པའོ།། འདོད་པ་ཁམས་ཀྱི་དབང ་ཕྱུག་ནི་འདོད་པ་ལ་ཆགས་པ་རྣམས་ཀྱི་མགོན་པོའོ།། དམ་ཚིག་ཡིན་ཕྱིར་ཞེས་པ་ནི་དྲང་པོའི་དོན་དུ་བཤད་པའི་ཕྱིར་རོ།། དམ་ཚིག་མཆོག་ནི་གཉིས་སུ་མེད་པའི་ལམ་ངོ་བོའོ།། །། ཐུན་མོངས་པ་ཞེས་པ་ནི་དྲང་བའི་དོན་གྱིས ་བསྐྱེད་པའི་རིམ་པ་དང་ལྡན་པའོ།། རྣལ་འབྱོར་པ་མཆོག་ནི་རིན་པོ་ཆེའི་གང་ཟག་རྫོགས་པའི་རིམ་པ་གནས་པ་རྣམ་སོ།། ཡང་དག་པར་བསྟན་ནས་ཞེས་པ་ནི། ཇི་ལྟར་རིགས་པར་རྟུལ་པོ་ལ་སོགས་པའི་ཐུན་མོང་གིས་ཀྱང་ངོ་།། སྔགས ་ཀྱི་སྤྱོད་པ་ཞེས་པ་སྔགས་པ་ནི་ལྷ་རུ་བརྗོད་པར་བྱ་ཞེས་པའི་རིག་པས་སྔགས་ནི་བསྐྱེད་པའི་རིམ་པའོ།། དེའི་སྒོ་ནས་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ་ཐུན་སོང་གི་ཞེས་པ་ལ་སོགས་པའོ།། ཐམས་ཅད་ཅེས ་བྱ་བ་ལ་སོགས་པ་ནི་འདོད་པ་ལྔ་པོ་བརྟེན་པ་ལ་རང་གི་ངང་གིས་འཇུག་པ་ཉིད་ནི་འདོད་པའི་ཁམས་དང་མཐུན་པའོ།། དེའི་ཕྱིར་རྣལ་འབྱོར་པས་སེམས་ཀྱི་ཁྱད་པར་ཡོངས་སུ་བཟུང་སྟེ་གོམས་པ་ཡིད་ལ་བྱས་ནས་དེ་རྣམས་བརྟེན་བཞིན ་པར་ཞེས་པ་ལ་སོགས་པའོ།། སྤྲོས་པ་དང་བཅས་པའི་སྤྱོད་པ་ཞེས་པ་ནི། སྤྱོད་བསྡུས་སུ་གསུངས་པའི་རིམ་པས་སོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་བསྡུ་སུ་འདིར་དཔལ་གསང་བ་འདུས་པར་སྤྲོས་པ་མེད་པ་དང་ཤིན་ཏུ ་སྤྲོས་པ་མེད་པ་འབའ་ཞིག་ངེས་པར་བསྟན་ནོ་ཞེས་གསུངུས་པ་མ་ཡིན་ནམ་དེ་དག་ཅི་ལྟར་སྤྲོས་པ་དང་བཅས་པ་ཞེས་བྱ་ཞེ་ན་འདིར་བརྗོད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའི་འགྲོ་མ་སྒྱུ་མ་བདེ་ལ ་སོགས་པའི་རྒྱུད་གཞན་དུ་གསུངས་པའི་སྤྲོས་བཅས་ཀྱི་སྤྱོད་པ་ལ་བལྟོས་ནས་སྤྱོད་བསྡུས་སུ་གསུངསོ།། འདིར་ནི་སྨོས་པ་ཙམ་དུ་བསྟན་པས་རྒྱུད་གཞན་དུ་རྒྱས་པར་གསུངས་པ་འདིར་བལྟོས་པར་བསྟན་པའི་དོན་དུ་སྤྲོས་པ ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བདག་ཉིད་འདོད་པ་དང་རྗེསུ་མཐུན་པ་ཞེས་པ་ནི་རྣམ་པ་གཞན་དུ་སྡུག་བསྔལ་བར་འགྱུར་བའི་ཕྱིར་དེ་དག་ཀྱང་འོདིར་བཀག་པའོ།། བདག་སྟེ་རང་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དོ།། གཞན་ལ ་ཡང་ནི་གདུལ་བྱ་རྣམས་ལའོ།། ཚིམ་པར་བྱའོ་ནི་བདེ་བས་མགུ་བར་བྱ་བའོ།། རང་གི་ལྷ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པ་གང་གི་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔར་ལྷ་གང་ཡིན་པ་དེ་ལ་དམིགས་པའི་སྤྱོད་པ་བྱའོ་ཞེས་ཉེ་བར་བསྟན་ཏོ།། ་སྤྲུལ་པ་ཀུན་རྫོབ་པ་ཡི་སྐུ། ཇི་ལྟར་ཇི་ལྟར་འདོད་ལོངས་སྤྱོད་ཅེས་གསུངས་པའི་ཕྱིར་རོ།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ཞེས་བྱ་བ་ནི། འོད་གསལ་ལས་ལངས་པ་སྤྲུལ་པའི་སྐུ་ཞུགས་པས་སྤྲུལ་པའི་སྐུ་ཡང་ཡེ་ཤོས་ཀྱི་སྐུ་དང་གཉིསུ ་མེད་པ་ཉིད་ཀྱིས་སྒྱུ་མ་ལྟ་བུ་ཡོངསུ་དག་པའི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་དབྱེ་བ་ཡང་ངོ་།། དེ་བཞིན་དུ་ནི་འཕགས་པས་ཤཱཀྱ་སེང་གེ་ལ་བསྟོད་པར། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ་དང་རུས་པ་ཁྲག་མེད་ཀྱང་།། ན་མཁའ་འན་ནི་འཇའ་ཚོན་ལྟར།། ཁྱོད་ཀྱི་སྐུ་ནི་སྦྱིན་པར་མཛད།། སྐྲ་ལ་སྙན་མེད་མི་གཙང་མེད།། བཀྲེས་དང་སྐོམ་པ་བྱུང་མེད་ཀྱང་།། ཁྱེད་ཀྱི་འཇིག་རྟེན་རྗེས་འཇུག་དོན།། འཇིག་རྟེན་བྱ་བ་སྟོན་པར་མཛད་ཅེསོ།། ་དེ་ཉིད་ཀྱི་ཕྱིར་སྐུ་གསུམ་ཡང་དབྱེ་བ་དང་དབྱེ་བ་མེད་པ་དག་ཏུ་གསུངས་པ་ནི་རྣམ་གྲངས་པ་སྟེ་གདུལ་བྱའི་རྗེསུ་མེ་ཐུན་པས་ཀྱང་དབྱེ་བ་ཉེ་བར་བསྟན་ནོ་ཞེསོ།། ལུས་ཞེས་བྱ་བ་ལ་སོགས་པ་ལ། གཙུག་ལག་ཁང་དུ་འཁྱམས་པ་ལ་སོགས་པ་ལུས ་ང་བར་བྱེད་པའི་རྒྱུའོ།། སོགས་པའི་སྐུ་ལས་གཅེར་བུ་ལ་སོགས་པ་བས་སོ།། ཤིང་དྲུང་པ་ཞེས་བྱ་བ་ལ་སོགས་པ་ལ། བཅུ་གཉིས་ཞེས་པ་ནི་ཤིང་དྲུང་དང་བླ་གབ་མེད་པ་དང་། གཞི་ཇི་བཞིན་པ་དང་སྟན་གཅིག་པ་དང་ཅོག་བུ་བ་དང་། དུར་ཁྲོད ་པ་དང་། ཕྱག་དར་ཁྲོད་པ་དང་། འཕྱིང་བ་པ་དང་། ཆོས་གོས་གསུམ་པ་དང་། བསོད་སྙོམས་པ་དང་། དགོན་པ་པ་དང་། ཡང་ཕྱིས་མི་ལེན་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོ་དེའི་ཚུལ་ཁྲིམས་ནི་ཤིང་དྲུང་དུ་གནས་པ་ལ་སོགས་པ ་རྣམསོ།། སྒྲ་ཇི་བཞིན་པའོ།། སློང་མོ་ཞེས་བྱ་བ་ལ་སོགས་པ་ལ་སློང་མོ་ཟ་བར་བྱེད་པ་ཉིད་ཀྱི་ངང་ཚུལ་གང་ཡིན་པ་དེ་ནི་སློང་མོ་ཟ་བའོ།། དེས་བརྗོད་པར་མི་བྱའོ་ཞེས་པ་ནི་ངག་གི་བཟླས་པ་ལ་བལྟོས་ནས་བཤད་པའོ།། དམན་པ་ལ་འཇུག་པ ་རྣམས་ཀྱིས་ནི་ལོ་མ་དང་རྩ་བ་དང་འབྲས་བུ་ལ་སོགས་པ་རྣམས་ཀྱིས་སོ།། སྤྲོས་པ་མེད་པའི་སྤྱོད་པ་ནི་སྡོང་བུ་དང་རྩ་བ་དང་འབྲས་བུ་རྣམས་ཀྱི་ཐམས་ཅད་ལ་ལོངས་སྤྱོད་ཅིང་ཟའོ།། མཉམ་པར་སྤྱད་པར་བྱ་ཞེས་པ་ནི་འཆང་པར་འགྱུར་བ་དང་འདི་ལ་འགལ ་བ་མེད་དེ། འདིར་སྤྲོས་པ་དང་བཅས་པའི་སྤྱོད་པའི་སྐབས་ཡིན་པའི་ཕྱིར་རོ།། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བཟླས་པ་སྟོན་པར་བྱེད་དོ།། ཡང་བ་ནི་དམྱལ་བར་ཉེས་པའོ།། དེ་རྣམས་མ་སྤངས་པས་ཏེ་མ་བཏང་བས་སོ།། དུས་བྱས་ནས ་ནི་འཆི་བར་བྱས་ནས་ཞེས་དེ་དག་ཉེ་བར་རྟོགས་བུར་བྱའོ།། དྲང་བའི་དོན་ནོ།། ཐ་དད་ཅེས་བྱ་བ་ལ་སོགས་པ་ལ་ཐ་དད་ནི་ལྷ་དང་རྣམ་པ་སོ་སོའོ།། ཡི་གེ་ནཱི་ཡི་གེ་གསུམ་མོ།། རྣམ་པ་ཐ་དད་ཀྱང་ཡིན་ལ་ཡི་གེའང་ཡིན་པས་ཐ་དད་རྣམ་པའི་ཡི་གེའོ།། ་རྣམ་པ་དང་ཡི་གེ་དག་ཐ་དད་དུ་རྣམ་པར་རྟོག་པ་ནི་སློང་མོའོ།། དེ་འདོན་པ་སྟེ་བརྗོད་པས་བཟླས་པར་བྱེད་པ་ནི་ཟ་བའོ།། དེ་དག་ཅེས་པ་བཤད་པ་རྣམསོ།། མི་འདོད་ནི་རྡོ་རྗེ་འཆང་ཆེན་པོས་ཞེས་པ་ལྷག་མའོ།། རྡོ་རྗེ་ཐེག་པའི་དབང་དུ་བྱས་ནས ་གསུངས་པ། དབུགས་འབྱུང་ཞེས་པ་ལ་སོགས་པ་སྟེ། དབུགས་འབྱུང་བ་ནི་ཕྱིར་འབྱིན་པའོ།། ནུབ་པ་ནི་སྡུད་པའོ་ཞེས་པ་ལྕུག་མའོ།། རྣལ་འབྱོར་ནི་བརྟགས་པའི་རྣམ་པ་སྟེ། དེ་གང་ལྔ་ཡོད་པ་དེ་རྣལ་འབྱོར་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ ་བཞི་ཞེས་པ་ལ་སོགས་པའོ།། ཤེས་རབ་ཐབས་ཀྱི་གཞིར་ཞེས་པ་ནི་ཕྱི་དང་ནང་གི་བདོག་ཉིད་ཅན་དག་གིར་ཏེ། བསྒོམ་པའི་གནས་ལ་ངག་གི་བཟླས་པ་ཡང་དག་པར་བསྟེན་པའོ།། འདིར་གྲངས་ཀྱང་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཁྲི་ཕྲག ་ཅེས་པ་ལ་སོགས་པ་སྟེ་ངེས་པའི་དོན་ཏོ།། ཆོས་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ཕུང་པོ་ལ་སོགས་བླ་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། མི་གཡོ་ནི་མི་འཇིགས་པ་ཉིད་ཀྱི་ཕྱིར་དོན་དམ་པའི ་བདེན་པའོ།། མཉམ་པར་འཇོག་པར་བྱེད་པ་ཉི་དུ་མི་འགྱུར་བའི་ཕྱིར་ཞེས་པ་ནི་ཟབ་མོ་ལ་ལྷག་པར་མོས་པ་འདོད་པོ་ལྔ་ལ་ཞེན་པ་རྣམས་སོ།། དགོངས་པ་མ་ཡིན་པའོ།། གཉི་སུ་མེད་པའི་ཡེ་ཤེས་དོན་དུ་གཉེར་བ་འདོད་པ་ཉེར་བར་ལོངས་སྤྱོད་པ་ཙམ ་དོན་དུ་གཉེར་བའོ།། སྤྱོད་ལམ་ཐམས་ཅད་ངུ་ནི་དབང་པོ་དང་ཡུལ་དག་གཟུང་བ་ལ་སོགས་པའོ།། རྟག་ཏུ་སྒོམ་པར་གསུངས་པ་རྟག་ཏུ་ཞེས་པ་ལ་སོགས་པའོ།། མཉེས་པར་བྱའོ་ཞེས་པ་ནི་ཡུལ་དང་ཤེས་པ་དག་བདག་མེད་པའི་བདེ་བསོ།། རྣམ་པ ་གཞན་དུ་ན་ཡུལ་གྱི་དབང་པོ་རྣམས་ཚིམ་པར་ག་ལ་འགྱུར།། དེའི་ཕྱིར་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་ཚིམ་པར་བྱེད་པར་ཉིད་དུ་བཤད་པའི་ཕྱིར་གསུངས་པ། དེས་སའི་སྙིང་པོ་ལ་སོགས་པ་རྣམས་ཤེས་པ་ལ་སོགས ་པའོ།། དེ་རྣམས་དང་ལྡན་པའི་ཞེས་པ་ནི་འཆད་པར་འགྱུར་བཞིན་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། བྱང་ཆུབ་ཉི་མ་ཞེས་པ་ནི་དྲུག་པ་ཕྱིན་ཅི་ལོག་ཏུ་གསུངས་པ་ནི་ལུང་ཉིད་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པའོ།། རྣམ་པ་གསུམ་ནྡེ ་བྱ་བ་ལ་སོགས་པས་སོ་སོར་སྡུད་པའི་ཡན་ལག་སྟོན་ཏོ།། དེ་ཉིད་ཅེས་པ་ལ་སོགས་པས་བསམ་གཏན་གྱི་ཡན་ལག་སྟེ་བཞི་པ་འོད་གསལ།། དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ལ་ཡང་ཡན་ལག་གཉིས་པོ་སྦྱར་བར་བྱའོ།། གསང་བ་ཞེས ་བྱ་བ་ལ་སོགས་པ་མངོན་པར་བརྗོད་པའི་ཕྱིར་རོ།། གསུངས་པའི་བསམ་གཏན་གྱི་ཡན་ལག་ནི་རང་གི་སེམས་རྩེ་གཅིག་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡན་ལག་དྲུག་ཀྱང་སྲོག་རྩོལ་ལ་སོགས་པའི་ཡན་ལག་བཞི་འཆང་པར་འགྱུར་བའི་སྦས་པ་ལ་སོགས ་པའི་བཤད་པའི་ཕྱིར་སྦྱར་བར་བྱའོ་ཞེས་གསལ་བར་བྱེད་དོ།། དེ་ལྟར་ཞེས་པ་ལ་སོགས་པ་ལ་གཟུགས་པ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ལའོ།། ཐབས་ཀྱི་ངོ་བོ་ཉིད་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ ་བོས་སོ།། སླར་ཡོང་དེ་རྣམས་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཉིད་དོ།། སྤྱན་མ་ལ་སོགས་པ་ཞེས་པ་ལ་སོགས་པ་གཟུགས་སྒྲ་ལ་སོགས་པ་སྤྱན་མའི་ངོ་བོ་ཉིད་དོ་ཞེས་སྟོན་པར་བྱེད་དོ།། རྒྱུ་མཚན་དེའི་ཕྱིར་གཟུགས ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ།། ཤེས་རབ་སྤྱན་མ་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ་ཞེས་པ་ནི་གཟུགས་ལ་སོགས་པ་སྤྱན་མ་ལ་སོགས་པ་ཉིད་དོ་ཞེས་ངེས་པར་བྱའོ།། སྤྱན་མོ་ལ་སོགས་པ་བཞི་ཡིན ་ལ་ཡུལ་རྣམས་ཀྱང་ལྔ་སྟེ་དེ་དག་ཅི་ལྔར་ཡོངསུ་གྱུར་པས་མི་མཉམ་པོར་འགྱུར་བ་མ་ཡིན་ནམ་ཞེ་ན། མཱ་མ་ཀཱི་ནི་རིགས་གཉིས་ཀྱི་ཐུན་མོང་བ་ཉིད་ཀྱི་ཕྱིར། སྒྲ་དང་རེག་བྱ་ཉིད་ཡོངསུ་གྱུར་པ་མཱ་མཱ་ཀཱིའོ་ཞེས་པ་འདི་ལ་ཉེས་པ་མེད་དོ།། རྣམ་པ་དེ ་ལྟ་བུ་ཡོངསུ་གྱུར་པར་བརྗེད་པས། ཕྱི་རོལ་གྱི་སྐྱེས་པ་དང་བུད་མེ་དུ་རྟོགས་པའི་གཟུགས་རྣམས་སྒོམ་པར་གསུང་སོ།། ང་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པས་དེ་རྣམས་ཤིང་མིག་ལ་སོགས་པའི་གཟུང་བར་བྱ་བ་གཟུགས་རྡོ་རྗེ་ལ་སོགས་པ ་རྣམས་ཞེས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་རང་གི་ངོ་བོ་རྣམ་སོ།། རིགས་ཀྱི་དབྱེ་བས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔ་པའི་དབྱེ་བས་སོ།། ཡོངསུ་གྱུར་པ་ཞེས་པ་ནི་གཟུགས་རྡོ་རྗེ་ལ་སོགས ་པ་བུད་མེད་དུ་གསལ་བའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་བདེ་བའི་ངོ་བོར་དམིགས་པར་བྱ་བ་སྟེ་བསྒོམ་པར་བྱའོ།། གཟུགས་ལ་སོགས་པ་རྣམས་ཐམས་ཅད་ཀྱིས་སྦྱར་བར་བྱའོ་ཞེས་སོ།། རྣལའི་བྱོར་ཐམས་ཅད་བཅོམ་ལྡན་འདས་ཞེས་པ་ནི། ་བཅོམ་པ་འདི་ལ་ཡོད་དོ་ཞེས་པས་བཅོམ་ལྡན་ཏེ། ཕྱག་རྒྱ་དང་ལྡན་པའི་ཕྱིར་དང་ཡེ་ཤེས་དང་ལྡན་པའི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པའི་བདག་ཉིད་ཅན་དྲུག་པ་སྟེ། ཡུལ་ལ་ལོངས་སྤྱོད་པའི་གནས་སྐབས ་ཀྱི་སྐབསུ་བབ་པ་ཉིད་ཡིན་པའི་ཕྱིར་རོ།། བདེ་མཆོག་ཅེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཏུའོ།། ཡིད་དུ་འོང་བ་ཞེས་པ་ལ་སོགས་པས་བསམ་གཏན་གྱི་ཡན་ལག་གི་རབ་ཏུ་དབྱེ་བ ་ལྔ་པ་སྟོན་པར་བྱེད་དོ།། ཡིད་དུ་འོང་བ་ནི་ཡིད་ལ་འཐད་པའོ།། ཡིད་དུ་མི་འོང་བ་ནི་དེ་ལས་ཅིག་ཤོས་སོ།། ལུང་དུ་མ་བསྟན་པ་ནི་བཏང་སྙོམས་ཀྱི་བདག་ཉིད་ཅན་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བྱ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་ལུང་དུ་མ ་བསྟེན་པའོ།། རྣམ་པ་གསུམ་ཞེས་པ་ནི་སྔར་བརྗོད་པའི་ངོ་བོའོ།། སྣང་བ་གསུམ་ནི་སྣང་བ་ལ་སོགས་པའོ།། དེ་ལས་བྱུང་བ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ཡིད་དུ་འོང་བ་ལ་སོགས་པའི་ཡུལ་ལ་དམིགས ་པར་བྱའོ།། ཡུལ་དུ་གྱུར་པས་ཞེས་པ་ནི་ཡུལ་ལོ།། མིག་གིས་ཞེས་པ་ནི་མིག་དག་གོ།། རྣམ་པར་ཤེས་པར་བྱས་པ་ཞེས་པ་ནི་རྣམ་པར་ཤེས་པའི་ཉམ་སུ་མྱོང་བའི་མཚན་ཉིད་སྣང་བ་ཙམ་ཉིད་དུ་གསུངས་པའོ།། མཆོད་པ་ཞེས་པ་ལ་སོགས ་པས་མཆོད་པ་ལ་སོགས་པ་སྣང་བ་ཙམ་ཉིད་དུའོ།། དེ་བས་ན་ཞེས་བྱ་བ་ལ་སོགས་པས་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡང་རིགས་ཐམས་ཅད་ཀྱི་བདག་ཉིད་ཙནྡྲ་ནི་དྲུག་པའོ།། བརྟནྡ་པ་དང་གཡོ་བའི་བདག་ཉིད་ཅན་ཞེས་སངས ་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་དྲུག་པ་སྟོན་པར་བྱེད་དོ།། གསུངས་པ་ཡང་། ཡེ་ཤེས་གསུམ་ནི་ལྔ་ལ་བརྟེན་པ་དང་ཞེས་སོ།། ཡེ་ཤེས་ལྔའི་རང་བཞིན་གྱི་བདག་ཉིད་ཅན་ཉིད་དུ་བསྟན་པར་བྱའོ།། སྤྲུལ་པའི་སྐུ་ཡང་དག ་པར་གཟུང་བ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ལྔ་པོ་རྣམས་ཀྱང་སྣང་བ་གསུམ་གྱི་ནང་དུ་གཏོགས་པར་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པ་སངས་རྒྱས་ནི་དྲུག་པ་ཉིད་དོ།། ་ཐིམ་པར་གྱུར་པ་ནི་གང་དུ་དེའི་བདག་ཉིད་ཀྱིས་གནས་པར་བྱེད་དོ།། ཞེས་བྱས་ནུས་སོ་དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ།། དེ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལས་ཐ་དད་པའི་རྣལ་འབྱོར་པ་གཞན ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ།། དེ་བཞིན་ཉིད་དུ་ནས་པོ་ནི་སྔར་བརྗོད་པའི་གཟུགས་བཞིན་དུ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་གཟུགས་བཞིན་དུ་འདིར་སྒྲ་ལ་སོགསོ་པ་རྣམས་ལ ་ལ་ཡང་སྦྱར་བར་བྱའོ་ཞེས་པའི་དོན་ནོ།། དབུལ་བར་བྱའོ་ནི་སྣང་བུ་གསུམ་ཉིད་ཀྱིས་ཤེས་པར་བྱའོ།། འདི་ལས་ཤེས་པ་ནི་སྣང་བ་གསུམ་པོ་ལས་སམ་དེའི་བདག་ཉིད་ཅན་ལས་ཀྱང་རུང་སྟེ་རྡོ་རྗེ་འཆང་ཆེན་པོ་ལསོ།། ་སྣ་ཚོགས་པའི་བདག་ཉིད་ཅན་ནི་སྣོ་ཚོགས་དང་འབྲེལ་བའི་སྒྲའི་བདག་ཉིད་ཅན་ནོ།། འདོད་ཆགས་ནི་སྐྱེས་པ་དང་བུད་མེད་དག་ཕན་ཚུན་རྒྱགས་པའོ།། དེ་ཉིད་གཟུང་བར་བྱའོ་ཞེས་པས་ཆོ་སོ།། དེའི་ངོ་བོ་འོད་དཔག་མེད་དོ།། རང་གི་རིག ་ཀྱི་ཡེ་ཤེས་གསུམ་གྱི་བདག་ཉིད་ཡེ་ཤེས་གསུམ་ཉིད་དབུལ་བར་བྱའོ།། རང་གི་ཡེ་ཤེས་ཀྱིས་རང་གི་ཡོས་ལ་ཤྭེ་བ་བྱའོ།། ཞེས་པའི་དེ་ན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། མི་བསྐྱོད་པ་ཞེས་པ་ལ་སོགས་པ་སྟེ། མི་བསྐྱོད་པ་ནི་སྣང་བ ་སྟེ། དེ་རྟག་ཏུ་སྣང་བས་གཡོ་བ་མེད་པའི་སྣང་བའོ།། དེ་ཉིད་ཅེས་པ་རྣལ་འབྱོར་པ་དེ་ཉིད་དོ།། རྣམ་པར་ཤེས་པ་གསུམ་ལ་སྦྱར་བར་བྱའོ།། ཞེས་པ་ནི། རྣམ་པར་ཤེས་པ་གསུམོ་དམིགས་པར་བྱེད་པའི་དོན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས ་པ། གཟུགས་ལ་སོགས་པ་ཞེས་པའོ།། འདི་ཞེས་པ་ལ་སོགས་པ་ནི་མ་འོངས་པའི་སློབ་པ་སྟེ། བླངས་ནས་ནི་བཀུག་ནསོ།། བསོག་པ་ནི་གཅིག་པོ་འདིར་ཡེ་ཤེས་གསུམ་དུ་གྱུར་པ་དེའི་བདག་ཉིད་ཀྱི་ཕུང་པོར་བྱས་པའོ་ཞེས་པའོ།། ་སྤྱོད་བསྡུས་སུ་རྣམ་ཤེས་ནི་ཕུང་པོ་འམ། བསགས་པར་མེད་དེ་གཞི་མེད་པའི་ཕྱིར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན་ཤེས་བྱ་དང་ཤེས་པའི་བདག་ཉིད་ཅན་ཤེས་པ་ནི་འདིར་སོ་སོར་བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར་འདི་ལ་ཉེས ་པ་མེད་དོ།། གང་ཡང་ཕུང་པོ་ལྟ་བུ་ནི་ཕུང་པོའོ།། གཅིག་ཀྱང་འགྲོ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་པའོ།། གསུངས་པ་སྔགས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་གསུམ་གྱི་ནི་ཡིད་དུ་འོང་བ་ལ་སོགས་པ་རྣམས་ཀྱིས།། ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལྷ་ཉིད་དོ།། ཡིད་དུ་འོང་བ་ལ་སོགས་པའི་ཡུལ་གསུམ་རིག་པའི་ཕྱིར་ཡེ་ཤེས་གསུམ་མོ།། དེ་བཞིན་དུ་གོང་ཕྱི་ལ་ཡིད་དུ་འོང་བའི་ཡུལ་ལ་ཆགས་པའི་རང་བཞིན་ནོ།། ཡིད་དུ་མི་འོང་བའི ་ཡུལ་ལ་འདོད་ཆགས་དང་བྲལ་བའི་རང་བཞིན་ནོ།། བཏང་སྙོམས་པའི་ཡུལ་ལ་གཏི་མུག་གི་རང་བཞིན་སྐྱེ་སྟེ་རང་བཞིན་སྐྱེ་བའི་དབང་གིས་ཡེ་ཤེས་གསུམ་ཡང་རྟོག་སོ།། དེའི་ཕྱིར་གསུངས་པ། ཤེས་པར་བྱའོ་ཞེས་སོ།། ངོ་བོ་ཉིད་དུ ་ཤེས་པ་ནི་ཡེ་ཤེས་གསུམ་གྱི་ངོ་བོའོ།། དེ་བླ་མའི་མན་ངག་ལས་འོད་གསལ་དུ་ཤེས་པ་སྟེ། རྣམ་པ་གཞན་དུ་ན་རྣམ་པར་རིག་པར་བྱེད་པ་མེད་པ་དང་ཤེས་པ་མེད་པ་དང་། ཉམ་སུ་མྱོང་བ་མེད་པ་ཉིད་ཀྱིས་གནོད་པའི་ཕྱིར་རྣམ་པར་རིག ་པར་ག་ལ་འགྱུར།། དེ་རང་བཞིན་གྱིས་ཡོངསུ་གྱུར་པའོ།། དེ་ཉིད་ཅེས་པ་ནི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ནི་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེའི་ཞེས་པ་ལ་དིས་ཡོང་སུ་དག་པའི་རྡོ་རྗེ་འཆང་ཆེན་པོ་ལ་འོད་གསལ ་བ་རྡོ་རྗེ་འཆང་ཆེན་པོའི་ཐ་སྙད་བཏགས་པ་ལ་བཏགས་པའི་རྒྱུ་མཚན་སྟོན་པར་བྱེད་དོ།། བཤད་པའི་རྒྱུད་ཅེས་པ་ནི་དགོངས་པ་ལུང་སྟོན་དུའོ།། ནང་ནི་ཡེ་ཤེས་གསུམ་མོ།། ཕྱི་རོལ་ནི་དབང་པོའི་ཤེས་པའོ།། གཉིས་ཀ་ནི་རྗེ་སུ་དམིགས་པར ་གྱུར་པ་ཀུན་ཏུ་འབྱུང་བའི་ཕྱི་ལ་སོགས་པ་རྣམས་སོ།། གཟུགས་སོགས་ཤེས་པ་ནི་རང་བཞིན་མེད་པ་ཉིད་གཟུགས་སོགས་རྣམ་གསུམ་གྱི་སྒྲས་བརྗོད་པར་བྱའོ་ཞེས་མངོན་པར་དགོངསོ།། རང་བཞིན་མེད་པ་ཉིད ་ཡོངསུ་ཤེས་པ་ཉིད་ལ་ལྷ་རྣམས་ལ་དབུལ་བ་སྟེ། འོད་གསལ་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ཞེས་པ་ནི་འདོད་པ་ལྔའི་སྤྲོས་པ་རྣམས་ཡེ་ཤེས་གསུམ ་གྱི་རང་བཞིན་ཉིད་ཀྱིས་སམ་ཡེ་ཤེས་གསུམ་པོ་ཉིད་ཀྱིས་འོད་གསལ་གྱི་མཐར་ཐུག་པར་ཉེ་བར་ཞི་བའི་ཕྱིར་རོ།། མཐར་ཐུག་པའོ།། ཕྱིས་གཅིག་ཏུ་བྱས་པ་ནི། གསུམ་པོ་རྣམས་ཀྱང་མཚན་མ་ཉིད་ལས་སོ།། ཐབས་ཀྱི་ཡེ་ཤེས་ནི་འོད་གས ་ཐོབ་པའི་ཐབས་ཡིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ཉིད་ཀྱི་ཕྱིར་ལྷ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཆུ་ཟླ་ཞེས་བྱ་བ་ལ་སོགས་པས་དཔེ་བཅུ་གཉིས་ཀྱིས་གསུངས་པའི་ཡེ་ཤེས་ཀྱི་སྐུ་ནི་ལྷའི་བདག་ཉིད་ཡོངསུ་ཤེས ་པའོ།། བདེ་བ་ཆེན་པོ་གཅིག་ཅེས་བྱ་བ་འདིས་ཟུང་འཇུག་ནི་བདེ་བ་ཆེན་པོའི་ངོ་བོ་ཉི་དུ་བསྟན་ནོ།། གསུངས་པ་ཡང་། བདེ་དང་སྡུག་བསྔལ་ཞེས་པ་གཉིས་གཉིས་ཀ་སྦྱིན་པར་བྱེད་པར་བརྟགས་དམིགས་པ་མེད་པ་མ་བརྟགས་པ། དམིགས ་མེད་བདེ་བ་ཆེན་པོའོ་ཞེས་སོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀུན་གྱི་བརྟེན་ནི་སངས་རྒྱས་རྗེསུ་དྲན་པ་ལ་སོགས་པའི་རིམ་པས་སངས་རྒྱས་ཀུན་གྱི་དེའི་བདག་ཉིད་ཀྱིས་བསྙེན་པ་སངྱས་ཀུན་གྱི་གནས་འོད་གསལ་བའི ་བདག་ཉིད་ལའོ།། ཉམས་དགའ་ནི་ཡིད་དུ་འོང་བའོ།། བྷ་ག་ལ་ནི་བདུད་བཞི་འཇོམས་པའི་སྒྲུབ་པ་ལའོ།། ཞི་བ་གཅིག་པུའི་མིང་ཞེས་པ་ནི་ཞི་བ་ནི་ཉེ་བར་ཞི་བའོ།། གང་དུ་གཅིག་ལ་སོགས་པའི་མིང་ངོ་ཞེས་པས་གཅིག་པུའི་མིང་ངོ་།། གང ་དུ་ཞེས་པ་ཡང་དྲག་པར་སྐྱེས་པ་དེར་གཅིག་དང་དུ་མ་ལ་སོགས་པའི་མིང་བཞག་པ་གང་དུ་སྐྱེས་པ་ཞེས་མངོན་པར་དགོངསོ།། རང་གི་དེ་ཉིད་ནི་འོད་གསལ་ལོ།། དེའི་ཕྱིར་གཉིསུ་མེད་པ་ཉིད་ཀྱིས་ནི་བདག་ཉིད་གཅིག་པུ་ཉིད་ཀྱིསོ།། བྱུང ་ཞེས་པས་རང་གིས་ངོ་བོ་སྟོན་པར་བྱེད་དོ།། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ།། སྦྱར་བར་བྱ་ནི་ཞེས་པར་བྱ་བའོ་ཞེས་པའོ།། སངས་རྒྱས་རྗེ་སུ་དཱན་སྦྱོར་བས་ཏེ་ནི་ཀུན་ཏུ་སྦྱོར་བར་བྱེད་པའོ།། ལྗོངས་སྤྱོད་རྫོགས་པའི་སྐུ་འོད་གསལ་དུ་འཇུག་པར ་བྱེད་པ་ནི་བྷ་ག་ལིངྒ་ཡིན་པར་བསྒྲགས་ཏེ། རྡོ་རྗེ་འཆང་ཆེན་པོ་བདག་གིས་གསུངས།། གཞུག་པ་ཞེས་པ་ནི། གང་དུ་ཡོངསུ་སྦྱོར་བའི་དོན་དུ་གཞུག་པ་སྟེ། དེ་བཞིན་ཉིད་དེས་གཉིས་མོ་དེ་སྦྱར་བ་སྟེ་གཉིསུ་མེད་པའི་ཏིང་འཛིན་ནོ།། ་ཅི་ཡིན་ཞེ་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ།། དེ་ལས་ཞེས་པ་རྡོ་རྗེ་འཆང་ཆེན་པོ་གཉི་སུ་མེད་པའི་བདག་ཉིད་ཅན་གསུངས་པ་ལས་སོ།། རྣམ་སྤྲོ་བྱ་ནི་རྣམ་པ་སྣ་ཚོགས་པའི་རྣམ་པས་སྤྲོ་བར་བྱ་སྟེ་ཕྱི་རོལ་ཏུ་སྤྲོ་བར་བྱའོ།། སངས་རྒྱས ་གཟུགས་བློ་ལྡན་ནི་སྤྲོ་བར་མངོན་པར་ཤེས་པའོ།། སྤྲོ་བའི་སྒོ་གསུངས་པ་བ་སྤུ་ཞེས་བྱ་བ་ལ་སོགས་པའོ།། རྫོགས་པའི་ཏིང་ངེ་འཛིན་དང་ལྡན་པ་ནི་འདིར་རབ་ཏུ་བསྟན་པ་ཉིད་ཀྱི་ཕྱིར་བ་སྤུའི་སྒོ་རུ་གནས་ཞེས་བརྗོད་པར་བྱ་སྟྭ~ཾ། གཅིག་སྤྲོ་བའི ་དབང་ཉིད་ཀྱིས་བ་སྤུའི་བུ་ག་ལའོ།། བཞིན་སངས་རྒྱས་སྦྱིན་རྣམས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དགོངས་པས་བཤད་པའོ།། རྣལ་འབྱོར་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། བསྐྱེད་པ་དང་རྫོགས་པའི་རིམ ་བལ་གནས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པོའི་རྣལ་འབྱོར་བའོ།། ཇི་ལྟར་སྣང་ངའི་གཟུགས་ནས་བྱ་བ་ནཱི།། འདིས་གཞན་གསུངས་པའི་མགྲིན་པ་སྨན་པ་ལ་སོགས་པ་ལ་འདི་རངས་པར་བལྟོས་པར་བྱ་བ་མོ་ཡིན་ན་ནས་སྟོན་པ ་བྱེད་དོ།། ཡན་ལག་མ་ཉམས་པ་ཙམ་ལ་ནི་བལྟོས་པར་བྱའོ་ཞེས་གསུངས་ལ་ཡན་ལག་མ་ཉམས་པ་ཉིད་ཀྱིས་ཤེས་སོ།། གཟུགས་ལ་སོགས་པའི་ཡུལ་གྱི་མཚན་ཉིད་ཀྱིས་ནི་གཟུགས་ལ་སོགས་པའི་ཡུལ་ཉམ་སུ་མྱོང་བའི་མཚན ་ཉིད་དེ། གང་ཡང་བདག་ཉིད་མཆོད་པ་ཞེས་པ་འདིའི་ཁྱད་པར་རོ།། ཡུལ་གྱི་མཚན་ཉིད་ཅེས་པ་ནི་ཡུལ་གྱི་མཚན་ཉིད་གང་ཡིན་པ་མཆོད་པ་ཞེས་བྱ་བའི་དོན་ནོ།། བྱིན་གྱིས་བརླབས་པས་ཞེས་པ་ནི་དམིགས་པའོ།། ཡུལ་དུ་ཞེས་པ་ནི། ་ཡི་འོང་བ་ལ་སོགས་པ་རྣམ་པ་གསུམ་རྣམས་ལའོ།། རིམ་པ་ཇི་ལྟ་བར་དེ་ལ་དམིགས་པས་རྫོགས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་རང་བཞིན་གསུམ་མོ་ཞེསོ།། རྡོ་རྗེ་འཆང་ཆེན་པོའི་ཞེས་པ་ནི་རྣལ་འབྱོར་བཞིས་རྫོགས་པའི ་སྐད་ཅིག་གིས་རྫོགས་པའོ།། རེག་རྡོ་རྗེ་ཞེས་པ་ནི་འདིར་ཇི་ལྟར་སྙེད་པའི་གཟུགས་ལ་སོགས་པ་ཞེས་སྔར་གསུངས་པ་འདིར་སྦྲེལ་ལོ།། རྣམ་པར་སྣང་མཛད་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རབ་ཏུ་གྲགས་པའོ།། དེ་བཞིན་ག ་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་རིགས་ལ་སོགས་པ་ངེས་པར་སྟོན་པར་བྱེད་དོ།། ཕྱག་རྒྱ་གཞན་རྣམས་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལ་སོ་སོའི་སངས་རྒྱས་རྣམས་ཉིད་ཀྱིའོ།། སྔགས་མཆོག་ཏུ་གཞོལ་བའི་ཞེས ་གསུངས་པའི་ཕྱིར་ནང་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་གཞན་དུ་འདིའི་ཆོ་ག་གཞན་དུ་མངོན་པར་འདོད་དེ་རྒྱ་ཆེར་བཤད་པ་མེད་པ་ཞེས་མཚོན་པར་བྱའོ།། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པ་ཞེས་པ་ནི་བདེ་བའི་བདག་ཉིད་ཚོར་བའི ་ཕུང་པོ་ལའོ།། རྣལ་འབྱོར་བརྟན་པར་བྱ་བའི་དོན་དུ་རིགས་པར་བྱ་བའི་དོན་དུ་ཧཱུཾ་གི་ཡི་གེའི་གླུ་དང་དགའ་བ་ཉིད་དུ་འགྱུར་རོ།། འདིའི་འབྲས་བུ་གསུངས་པ། རང་གི་ཕྱག་རྒྱ་ཞེས་པ་ལ་སོགས་པ་གསུངས་སོ།། ཡི་གེ་ཕཊ་ཀྱི་ཞེས ་གསུངས་པ་ཡང་ཕཊ་ཡོཾ་གེ་སྔགས་བརྗོད་པར་བྱའོ་དེ་ཞེས་པའོ།། སྙོམས་པར་འཇུག་པས་ཞེས་བྱ་བ་ལ་སོགས་པས་དབང་པོ་གཉིས་ཐ་མལ་པའི་འདུ་བྱེད་གསལ་བའོ།། འདི་ནི་ཉེ་བར་མཚོན་པ་སྟེ་ཞེས་པ་ཟླ་བའི་འོད་ལྟ་བུ་ཞེས ་པ་ལ་སོགས་པས་སྤྱན་མ་ལ་སོགས་པ་རྣམས་སོ།། དེས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡང་ཟླ་བའི་འོད་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་རོ་ཞེས་མངོན་པར་དགོངསོ།། གང་ཡང་འབར་བཅས་ཞེས་པ་ལ་སོགས་པའི་ཁྱད ་པར་ཉེ་བར་མཚོན་བའོ།། འདི་ནི་མཱ་མ་ཀཱི་ལ་སོགས་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ།། དགོངས་པ་མ་ཡིན་པའོ་ཞེས་པ་ནི་གསལ་བར་གསུངས་པ་ཉིད་ཀྱི་ཕྱིར་རོ།། གཙོ་བོ་ཕྱག་རྒྱ་དང་སྙོམས་པར་འཇུག་པ་གསུངས།། ་པ་ནི་དེའི་ཐབ་སོ།། དོན་གྱི་བྱེ་བྲག་སྟོན་པར་བྱེད་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་སྦྱར་བར་བྱ་བ་ཉིད་དེ། སྙོམས་པར་འཇུག་པ་འདི་གསུངས་པའི་ཕྱིར་ཏེ། རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་དུ་ཞེས ་གསུངས་པའི་ཕྱིར་རོ།། བ་སྤུའི་བུ་གའི་རྩེ་བར་ནས་ཞེས་པ་ནི། མང་པོ་ཉིད་དུ་བཤད་པའི་ཕྱིར་གསུངས་པ། བ་སྥུ་ཞེས་པ་ལ་སོགས་པ་སྟེ་བ་སྤུའི་བུ་ག་ལས་དང་། བ་སྤུའི་རྩེ་མོ་ལས་དང་། བ་སྤུའི་བར་ལྀས་སྤྲོ་བར་བྱའོ།། ངོ་བོ་ཉིད་ཅེས ་པས་སྤྲོ་བར་བྱའོ་ཞེས་པ་ལྷག་མའོ།། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། གསུངས་པའི་འོད་དཔག་མེད་ནི་སྤྲོ་བ་དང་བསྡུ་བ་གསུངས་པ། ཆོས་ཀྱི་སྤྱན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། རྡོ་རྗེ་སེམས་དཔའ་ནི་དྲུག་པ་རྡོ་རྗེ་འཛིན ་པ་ཉིད་ངོ་།། མི་བསྐྱོད་པར་གསུངས་པ་ནི་སྔ་མ་བཞིན་དུ་སྐྱོ་བ་དང་བསྡུ་བར་གསུངས་སོ།། རྡོ་རྗེའི་སྤྲིན་ཞེས་བྱ་བ་ལ་སོགས་པས་སླར་ཡང་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དྲུག་པ་ཉིད་དོ།། དོན་ཡོད་གྲུབ་པར་གསུངས་པ་ནི་སྔ་མ ་བཞིན་དུ་སྤྲོ་བ་དང་པོ་སྡུ་བར་གསུངས་སོ།། ཁྲོ་བོའི་སྤྲིན་ཞེས་པ་ལ་སོགས་པའོ།། དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དྲུག་པའོ།། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་སྤྲོ་བ་དང་བསྡུ ་བའི་དོན་དུ་བར་ཆད་པའི་གནས་ལྔར་ཀུན་ཏུ་གཞུག་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའོ།། དེའི་ཞེས་བྱ་བ་ནི་དྲུག་པའི་གནས་ན་བཞུགས་པ་དེའི་འོ།། ཐིགས་པ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་ལ་སོགས་པས་སྤྲུལ ་པའི་སྐུའོ་ཞེས་པ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཞལ་གསུམ་པ་ཕྱག་དྲུག་པ་རྣམ་པར་སྣང་མཛད་ལྟ་བུ་སྟེ་འོན་ཀྱང་ཕྱག་གཡས་ཀྱི་གཙོ་བོས་རྡོ་རྗེ་དཀར་པོ་འཛིན་པའོ།། དེ་རྒྱས་པའི་དོན་ཞེས་པ་ཡེ་ཤེས་ཀྱི་སྐུ་སྟེ་འཆད་པར་འགྱུར ་པའི་རྣམ་པ་འདིས་རྒྱས་པ་ལ་འབྱུང་བའི་ཕྱིར་རོ།། ལྕེའི་རྡོ་རྗེ་ནི་བདུད་རྩི་མྱང་བ་འདིར་བདུད་རྩི་མྱང་བའི་ཆོ་ག་ལ་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་ལྕེའོ།། རྒན་གྱི་པདྨ་ཞེས་པ་ནི་པདྨ་ལྟེ་བུ་ནཱི་པདྨ་སྟེ་བྱང་ཆུབ ་ཀྱི་སེམས་ཕྱུང་བ་ང་འཛིན་པ་དང་བསྐྱོད་པ་གཉིས་ཀའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ།། གླང་རྒྱས་ཞེས་པ་ནི་གླ་ང་རྒྱས་དེ་ཉིད་དེ་གཞན་ནི་ཟད་པའི་ཕུང་པོ་དང་ཁམས་ལ་སོགས་པའི་བདག་ཉིད་ཅན ་ཡིན་པའི་ཕྱིར་རོ།། སྙིང་གར་ཞེས་པ་གསང་བ་རུའོ།། དེ་བཞིན་ཉིད་དུ་འདིར་ཡང་སྙིང་གར་དཀྱིལ་འཁོར་ཞེས་པ་ནི་ལྷ་སུམ་ཅུ་སཽ་གཉིས་ཀྱི་བདག་ཉིད་ཅན་ནོ།། བུ་དང་ཞེས་པ་ནི་སློབ་མ་དང་ཡང་སློབ་མ་ལ་སོགས་པའི་རང་བཞིན ་ཏེ་འཇིག་རྟེན་ན་ཡང་བུ་དང་ཚ་བོ་ལ་སོགས་པར་རབ་ཏུ་གྲགས་པས་སོ།། འདིར་བསྐྱེད་པའི་རིམ་པ་ལ་གནས་པ་སོ་སོར་ཕན་ཚུན་རྒྱུར་གྱུར་པའི་ཚོགས་ནི་དཀྱིལ་འཁོར་རོ།། དགོངས་པས་བཤད་པའོ་ཞེས་པ་ནི་རང་གི་རྡོ་རྗེ་ཞེས་པ་ལ ་སོགས་པས་ལྷག་པར་ཆགས་པའི་འབྲས་བུ་ཉིད་ཀྱིས་འགལ་བའི་ཚིག་གིས་གསུངས་པའི་ཕྱིར་རོ།། སྐུ་གང་ཞིག་ཅེས་བྱ་བ་ནི་ཕྱོགས་བཅུར་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་སྐུ་ཐུན་མོངས་པ་ནི་སྐུ ་གྲང་ཞིག་ཅེས་བྱ་བ་འདི་བརྗོད་པར་བྱ་བའོ།། རྣམ་པ་གཞན་དུ་ན་སྐུ་གང་ཞེས་པར་འགྱུར་རོ།། གང་ཡང་སྐུ་གང་ཞིག་ནི་སྐུའི་ངོ་བོའོ།། ཕུང་པོ་ཉེ་བར་མཚོན་པའི་དོན་དུ་སྐུའི་སྒྲ་དེ་ལ་བལྟོས་པ་ཉིད་ལ་གང་ཞིག་ཅེས་བརྗོད། ་པར་བྱ་སྟེ་སྐུ་གང་ཞིག་ནི་ཕུང་པོ་གང་ཞིག་ཅེས་བྱ་བར་མངོན་པར་དགོངསོ།། སངས་རྒྱས་སྐུའི་ངོ་བོ་ཡིས་ནི་ཕྱོགས་བཅུར་དུས་གསུམ་དུ་བ་ཞུགས་པའི་རྣམ་པར་སྣང་མཛད་ཀྱི་སྐུར་སྒྲུབ་པ་པོའི་ལུས་གཅིག་པུས་རྒྱུར་གྱུར་ཅིག་ཅེས ་པའོ།། སངས་རྒྱསུ་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་འགྲེལ་པས་སྐུའི་དབང་དུ་བྱས་ནས་གསུངས་པ་ནི། གསུང་དང་ཐུགས་དག་ལ་ཡང་ཇི་ལྟར་འབྱུང་བ་བཞིན་དུ་སྦྱར་བར་བྱའོ།། ཀུན་ཏུ་བཟང་པོ་ནི་མི་གེ་སྤྱོད་པའོ།། སྒྲ་ཇི ་བཞིན་པའོ་ཞེས་པ་ནི་སེམས་ཀྱི་རང་བཞིན་ཉིད་ལ་སོགས་པ་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ།། ད་ནི་ཞེས་བྱ་བ་ལ་སོགས་པས་མཆོག་སྒྲུབ་པ་ལ་གནས་པ་ནི། རྫོགས་པའི་རིམ་པ་ལ་གནས་པའོ།། རྫོགས་པ་དང་མ་རྫོགས་པ་རྣམས་ཀྱི་རབ་བཞི ་ཡོངསུ་ཤེས་པསོ།། སྒོ་ང་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་མ་ལུས་པ་མངོན་པར་བརྗོད་དེ། སྐྱེ་གནས་ལས་མ་བྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ།། འདི་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་དུ་གྲགས་པའི་སྐུ་ལ་སོགས ་པའི་བྱེད་པ་བསྟན་པའོ།། བརྟན་པོའི་གཞིར་གྱུར་པ་ཞེས་པ་ནི་ལུས་ལ་སོགས་པ་ནི་སེམས་ཅན་གྱི་གཞི་མེད་པ་ལའོ།། གཅིག་པུ་གང་ཡིན་པ་ཞེས་པ་ལ་སོགས་པས་སེམས་ཀྱི་ངོ་བོ་ཉིད་ཀྱིས་གཅིག་པུ་ཉིད་དོ།། གང་ཅི་འདྲ་བ་ཞེས་པ་ནི ་རང་གི་ངོ་བོ་གང་ཞིག་གཉུག་མའི་བདག་ཉིད་དོ།། བདག་གི་ཞེས་བྱ་བ་ནི་སྒྲུབ་པ་པོ་ཡིའོ།། དེ་འདྲ་བར་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཇི་འདྲ་བར་བརྗོད་པའོ།། ཅི་ལྟར་བྱས་ནས་ཤེ་ན་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ཅི་ཞིག ་བརྗོད་པར་འགྱུར་ཞེ་ན། འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིར་བྱིན་གྱིས་བརླབས་པ་ནི་སྐུ་ལ་སོགས་པའི་ཐུགས་ཀྱི་རང་བཞིན་ཉིད་དུ་འདོད་པ་ཉིད་ཡིན་པའི་ཕྱིར་ཐུགས་བྱིན་བརླབས་ཐོག་མར་གསུངསོ།། གསུང་ཞེས་བྱ་བ་ལ་སོགས ་པ་ལ་སྔགས་ཤེས་པ་ནི། འདོན་ཅིང་ཞེས་བྱ་བ་ནི་མི་ལ་སོགས་པའི་མངོན་པར་བརྗོད་པ་རྣམསོ།། སྐུ་དང་གསུང་དག་ཐུགས་ཀྱི་ནང་གཏོགས་པའི་དོན་དུ་གསུངས་པ་སྐུ་ཞེས་བྱ་བ་ལ་སོགས་པས་སོ།། སྐུ་ལ་དམིགས་པས་སྐུའོ།། སྐ་ཞེས་བྱ་བ་འོག ་སའཆེད་པ་ནི་སྐུ་ཞེས་བྱ་བའི་སྒྲ་ནི། གང་ཞིག་སེམས་པར་བྱེད་པ་སྟེ་དེ་ཉིད་ཀྱི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡོང་སུ་གྱུར་པ་ནི་དེ་ངོ་བོས་རྫོགས་པ་སྟེ་ད་ནི་སྐུ་དང་གསུང་དང་ཐུག་སོ།། ཐུགས་དེ་ཉིད་སྐུ་དང་གསུང་དང་ཐུགསུ་མངོན་པར ་བརྗོད་པར་བྱའོ།། ཞེས་མངོན་པར་དགོངས་སོ།། སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་སྐུ་ཞེས་པ་སྔར་བརྗོད་པ་ནི་འདིར་སྦྲེལ་ལོ།། སྔགས་ཀྱི་སྐུ་ནི་ངག་གི་ཚོགས་དང་། སྐུ་དང་གསུང་དང་ཐུགས་ཀྱང་སྔགས་ཀྱི་སྐུ ་སྟེ། སྐུ་དང་གསུང་དང་ཐུགས་ལས་ཚིག་དང་སེམས་ངག་དང་། ཚིག་དང་ལུས་ངག་ཏུ་མངོན་པར་བརྗོད་དོ།། དེ་ཉིད་ཕྱིར་དེ་དག་ཅེས་བྱ་བ་གསུངས་ཏེ། སྒོ་ང་ལས་སྐྱེས་པ་རྣམས་ཀྱི་སྒྲ་ནི་སྔགས་ཏེ་གསུང་ཡིན་ནོ།། དེའི་རང་གི་ངོ་བོ་ཉིད་དེ་ཉིད་རྡོ། ་རྗེའོ།། སྐུ་གང་ཡིན་པ་ཞེས་པ་ནི་སྐུའི་སྒྲས་གསུང་དང་ལྡན་པའི་ཕུང་པོའོ།། གསུང་བྱིན་གྱིས་བརླབ་པ་མངོན་པར་བརྗོད་ནས་སྒྲ་བྱིན་གྱིས་བརླབ་པ་གསུངས་པ། གསུང་ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ཚིག་ཏུ ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཚིག་ཏུ་བརྗོད་པ་ནི་དག་ཏུ་རབ་ཏུ་འབྱུང་བ་ཉིད་དོ།། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སྒྲའི་ཚོགས་རབ་ཏུ་འཇུག་པ་སཽ་ཞེས་བྱ་བའི་དོན་ནོ།། གང་ཞེས་པ་ནི་བརྡར་བཏགས་པར་གྱུར་པའོ།། སྒོ་ང་ལས ་པ་ལ་སོགས་པའི་ཕུང་པོའི་ཚོགས་པ་ལ་སྒོ་སྒོ་ང་ལས་སྐྱེས་པའི་ཕུང་པོའི་རྣམ་པར་རང་རང་སོ་སོ་དེ་དང་དེའི་སེམས་སྨྲསོ།། དེ་ལྟ་བུ་ཞེས་པ་ནི་སྔགས་བྱིན་གྱིས་རློབ་པར་བྱེད་པ་ལ་བལྟོས་པའི་ཚིག་སྟེ། ཇི་ལྟ་བུ་ཞེས་པ་ལ་སོགས་པ་ལ ་འཆད་པར་འགྱུར་བ་ལ་བར་མ་ཆད་པར་སྦྲེལ་ལོ།། གང་ཞེས་པ་ལ་སོགས་པའི་བཤད་པས་སྔར་གྱི་དང་སྦྲེལ་ལོ།། གང་ཞེས་པ་ལ་སོགས་པའི་བཤད་པས་སྔར་གྱི་དང་སྤྲུལ་ལ།། དེ་ཉིད་ཀྱི་ཕྱིར་བཤང་མ་ཐག་པའི་ཞེས་བྱ་བ་ལ ་སོགས་པ་གསུངསོ།། སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནི་སྔར་གསུངས་པའི་མི་རྣམས་དང་ཕྱིས་འཆང་པའི་སྒོ་ང་ལས་སྐྱེས་བུ་ལ་སོགས་པ་རྣམས་སོ།། མི་དང་སྒོ་ང་ལ་སོགས་པ་སྐྱེས་པ་རྣམས་ཉིད་ནི་དེ་རྣམས་ཉིད་ཀྱིའོ།། རྡོ་རྗེའི་སྐུ ་ཡང་ཞེས་པ་ནི། རང་བཞིན་ལས་དེ་མི་དང་སྒོ་ང་སྐྱེས་ལ་སོགས་པ་རྣམས་ཀྱི་སྔགས་ཀྱི་སྐུ་དག་གཉིསུ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ།། བདག་ཀྱང་དེ་དང་འདྲ་ཞེས་པ་ནི་སྐུ་བྱིན་གྱིས་རློབ་པར་བྱེད་པ་ལ་བལྟོས་ནས་འདིས་བདག་མེད་དེ་རྣམས ་ཀྱི་སྔགས་ཀྱི་སྐུ་དག་རོ་མཉམ་པ་ཉི་སོ་སོར་རྟོགས་པ་ཉིད་དུ་བསྟན་ནོ།། སླར་ཡང་མི་ལ་སོགས་པ་རྣམས་སྔགས་ཀྱི་སྒྲ་དག་སོ་སོ་སྐྱེ་བོའི་གནས་སྐབས་ན་ཡང་མྱོང་བ་མ་ཡིན་ནམ་གཉིསུ་མེད་པ་ཉིད་ཅི་ལྟར་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱི་གསུམ ་ལྔ་འབྱུང་བ་གང་ཡིན་པ་དེ་ཚད་མར་བསྟན་པའི་ཕྱིར་རབ་ཏུ་འབྱུང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་འབྱུང་བ་ད་ལྟར་བའོ།། རྟག་པ་ཉིད་ཞེས་པ་ནི་འདས་པ་དང་མ་འོངས་པའི་དུས་གཉིས་སྟན་ནོ།། ངོ་བོ་ཉིད་ནི་བདེ་བ་གཉིས་པོརོ་བདག ་ཉིད་ཀྱི་མཚན་ཉིད་དོ།། རྣམ་པ་གཞན་རིམ་པ་ལས་བརྒལ་བར་བྱ་བ་མ་ཡིན་ནོ་ཞེས་འདའ་བར་དཀའ་བའོ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བསྟན་ཏོ་ཞེས་བྱ་བ་ནི་ལུང་དུའོ།། སྔགས་འཛིན་པ་དང་མཉམ་ཞེས་བྱ་བ་ལ་སོགས་པས་འབྲས་བུར་གྱུར ་པ་རྡོ་རྗེ་འཆང་ཆེན་པོ་ཇི་འདྲ་བར་མཱི་ལ་སོགས་པའི་སེམས་ལ་སོགས་པའི་རོ་མཉམ་པ་ཉིད་ཡིན་པ་དེ་བཞིན་ཉི་དུ་དེ་རྣམས་ཀྱི་བདག་སྒྲུབ་པོའི་ཡང་སེམས་ལ་སོགས་པ་རོ་མཉམ་པ་ཉིད་དོ་ཞེས་པས་རྫོགས་པ་དང་མ་རྫོགས་པ་དག་གིས་དངོས་པོ ་དེ་དག་གཞན་དུ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ།། དགོངས་པས་བཤད་པའོ་ཞེས་པ་ནི་རྣམ་པར་བཤད་པ་དོན་ནི་རྒྱས་པའི་དོན་དང་འགལ་བ་ཉིད་ཀྱི་ཕྱིར་རོ།། རྣལ་འབྱོར་པ་ཐམས་ཅད་ཀྱི་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པའི ་རིམ་པ་གཉིས་ཀྱི་རྣལ་འབྱོར་པའོ།། དོན་དམོ་པའི་བདེན་པ་ཉིད་ཀྱིལ་འཁོར་རོ།། དེ་ལ་འཇུག་པའི་རིམ་པ་འམ་རྟོགས་པའི་རིམ་པ་ངེས་སོ།། ཡང་དག་པའི་མཐའ་ཞེས་པ་སྟེ། ཡང་དག་པའི་སྒྲས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཕུང་པོ་ལ ་སོགས་པ་ཉེ་བར་མཚོན་པར་བྱའོ།། མཐའ་ནི་དེ་རྣམས་མཐར་ཐུག་པ་དང་། དེ་རྣམས་འགོག་པ་ཞེས་པའི་དོན་ནོ།། ཡང་དག་པའི་མཐའི་རང་གི་བའི་དབང་དུ་བྱས་ནས་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངསོ།། བསྲུང ་པ་ཞེས་པ་ནི། སངས་རྒྱས་ཀྱི་སྐུ་ནི་སྤྲུལ་པའི་སྐུའོ།། དེ་གཟུགས་ཕུང་རྟོགས་པ་མེ་ལོང་དྲང་ཞེས་བྱ་བ་ལ་སོགས་པའི་རིམ་པས་དོན་དམ་པའི་བདེན་པ་རྟོགས་ཤིང་ལྤག་ས་རང་བཞིན་དུ་སྣང་བ་ཞེས་བྱ་བ་ལ་སོགས་པ་རྣམ་བཞག་རིམ་པར་གསུངས ་བའི་རིམ་པསོ།། དེ་རྗེ་སུ་དྲན་པ་ནི་འོད་གས་ལ་རྟོགས་པའོ།། རྒྱས་པར་བཤད་པ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པའི་བྱ་རོག་གི་མིག་བཞིན་དུ་སྔ་མས་ཕྱི་མར་འཇུག་པས་སྦྲུལོ།། བྱིས་པ་ཞེས་པ ་ལ་སོགས་པས་མངལ་དང་ཕྱི་རོལ་ཏུ་བྱུང་བའི་རང་གི་ངོ་བོ་སྟོན་པར་བྱེད་དོ།། གནས་པ་ཞེས་པ་ནི་འཇིག་རྟེན་དུ་དང་དཀྱིལ་འཁོར་དུ་རྡོ་རྗེ་འཆང་ཆེན་པོ་དང་དེ་ལྷན་ཅིག་གཉི་སུ་མེད་པར་གྱུར་པས་རེག་བྱའི་ཡུལ་ཉམསུ་མྱོང་བར་བྱེད་དོ།། འཇིག་རྟེན་དུ ་ཡང་གསལ་ལོ།། བསད་ན་ནོས་པ་ལ་སོགས་པའི་དོན་བཤད་པ་ནི། ཇི་ལྟར་ཞེས་པ་ལ་སོགས་པ་རྣལ་འབྱོར་པ་ལ་འདི་དག་སོ་སོར་གསུངས་སོ།། སྲོག་རྩོལ་གནས་པ་ནི། དབུགས་འབྱུང་བ་དང་། རྔུབ་པའི་དབང་གིས་ཕུང་པོ་ལ་སོགས་པའི་ཚོགས ་ཀྱང་གནས་པའི་ཕྱིར་དང་། དེ་དག་བཅད་ནས་སྲོག་རྩོལ་འགོག་པས་དོན་དམ་པའི་བདེན་པ་འཆིང་བ་གཉུག་མའི་ངོ་བོའོ།། འཇུག་པར་བྱའོ་ཞེས་པ་རླུང་དབུགས་འབྱུང་བ་དང་རྔུབ་པའི་བདག་ཉིད་ཅན་ནི་སྣང་བའི་ཡེ་ཤེས་ལ་རབ་ཏུ་ཞུགས་མ་ཐག་ཏུ་ཀུན་ཏུ ་སྣང་བ་ལ་སོགས་པའི་སྣང་བ་གསུམ་འོད་གསལ་དུ་ཞུགས་པ་སོ་སོ་རང་གི་རིག་པས་ཤེས་པར་བྱའོ།། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་གྱིས་བསྡུས་པའི་དོན་སྟོན་པར་བྱེད་དོ།། ཞིང་ལས་དང་ཚོང་ལས་དང་འབྱོར་པ་མ་ཚང་བ་ལ ་སོགས་པ་གལ་ཏེ་བརྟུལ་བ་ཅན་གྱི་བརྩོན་འགྲུས་མ་ཡིན་ན་རྟག་ཏུ་དེ་ལ་སྤྲོ་བའོ།། འགྲོ་བའི་རྒྱུད་དུ་སྟེ་འཁོར་བ་པའི་སྐྱོ་བ་དང་གནས་པ་དང་འཇིག་པའི་རིམ་པས། དུས་ཀྱི་བྱ་བ་བྱེད་པ་ནི། འཆི་བ་ཞེས་བྱ་བ་ལ་སོགས་པའོ།། ཞེས་པ་ནི་རབ ་ཏུ་གསལ་བའོ།། རྣམ་པར་རྟོགས་པས་འཆིའོ་ཞེས་བརྗོད་པའོ།། དངོས་པོ་དེ་ནི་འདིར་བསྟན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མངོན་པར་བརྗོད་དེ། འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྐྱེ་བ་ཡང་སྟེ་བསྐྱེང་བར ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་རྣམ་པར་འཇུག་པའི་ཕྱིར་སྐྱེ་བའོ།། གནས་པ་ནི་འདོད་པའོ།། དྲན་པ་ནི་ཡེ་ཤེས་ཏྭ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བྱང་ཆུབ་སངས་རྒྱས་ཉིད་ཀྱང་ངོ་།། ཀུན་གཞི་ཐོམ་པ་ནི་ཕུང་པོ་ལ་སོགས་པའི ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ངོ་བོ་རྣམས་དེའི་བདག་ཉིད་ཀྱིས་སོ།། གྲོལ་བ་ནི་སྡུག་བསྔལ་མ་ལུས་པར་ངེས་པར་ཐར་པའི་རྒྱུ་ཡིན་པའི་ཕྱིར་རོ།། བསམ་པ་ཐམས་ཅད་ནི་མངོན་པར་འདོད་པ་ཐམས་ཅད་རྫོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བསམ ་པ་ཐམས་ཅད་རྫོགས་བྱེད་པ་སྟེ་ཆོས་ཀྱི་སྐུའོ་ཞེས་པ་ལྷག་མའོ།། གནས་སྐབས་ཐ་དད་པས་བཤད་པའི་ཕྱིར་སླར་ཡང་དེ་གོངས་པས་བཤད་པའོ།། མཐའ་ནི་མཐར་ཐུག་པ་སྟེ་དངོས་པོ་མེད་པ་ཞེས་པ་ཇི་སྲིད་པར་རོ།། ཕྱིན་པ་ནི་སོང་བར ་གྱུར་པ་སྟེ། འདི་དེ་དང་དེའི་དངོས་པོ་མེད་པའི་བདག་ཉིད་ཅན་ཉིད་ཡིན་པ་ཕྱིར། འདའ་བར་བྱ་བ་མ་ཡིན་པས་ཞེས་པ་ནི། བརྟེན་ནས་སྐྱེས་པ་དང་འཇིག་པ་ལས་འདའ་བར་བྱེད་ནུས་པ་གང་ཡང་མེད་དོ།། གསུངས་པ་ཡང ་མ་སྐྱེས་པ་ལ་འཆི་བ་མེད་ཅེས་སོ།། རྗེསུ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ནི་འོད་གསལ་བ་ལ་དམིགས་པའི་ཕྱིར་ཐོག་མར་དམིགས་པར་བསྟན་ནོ།། འཇུག་པའི ་བད་ག་ཉིད་ཅན་འོད་གསལ་བའི་ངོ་བོ་གསུངས་པ། རང་བཞིན་ཞེས་པ་ལ་སོགས་པའོ།། ཐམས་ཅད་སྟོང་པ་ཉུང་ལ་རཱག་ལས་པའི་ཕྱིར་དང་། དེ་ལས་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་དང་། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རུ་ཞེས་པ་ཇི་སྲིད ་པར་རོ།། སྒྱུ་མ་ལྟ་བུ་ཞེས་པ་ནི་ཡོངསུ་དག་པའི་སྒྱུ་མ་ལྟ་བུའི་ལུས་ལེན་པའོ།། མ་ངག་པའི་སྣང་བ་མེད་པའི་ངོ་བོ་ཉིདེ་ཡིན་པའི་ཕྱིར་ཟག་མེད་པའོ།། བྱང་ཆུབ་ནི་འོད་གསལ་བའི་ཡེ་ཤེས།། འབྲས་བུ་ནི་རང་བྱིན་གྱིས་བརླབས་པའི ་ཐོབ་བྱ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་མངོན་པར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདི་དག་ཅེས་པ་ལ། རྟོག་པ་གཉིས་པོ་ཞེས་བྱ་བ་ནི་བཤད་པ་ཐིག་པའི་འབྲས་བུ་དང་རྒྱུའི་རྟོག་པ་གཉིས།། འོད་གསལོ་བྱ་ལ་འཇུག་པ་ཞེས་པ ་ནི་འདི་ལ་འཇུག་པར་བྱའོ་བས་འཇུག་པའོ།། དགསལ་བ་ནི་དྲི་མ་མེད་པའོ།། འོད་གསོལ་བ་ཡང་དེ་ཡིན་ལ་འཇུག་པ་ཡང་ཡིན་པས་འོད་གསལ་བ་འཇུག་པ་ཞེས་པའོ།། རང་བཞིན་ཞེས་བྱ་བ་ལ་སོགས་པས་འཇུག་པའི་རང་གི་ངོ་བོ་སྟོན་པར་བྱེད་དོ།། དགོངས ་པ་མ་ཡིན་པའོ།། རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་དུ་འཇུག་པ་མངོན་པར་བརྗོད་ནས་དེའི་འོག་ཏུ་ལྡང་བ་བསྟན་པའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟུང་དུ་འཇུག་པའི་རིམ་པས་ནི་ཡོང་སུ་དག་པའི་སྐུ་ཡིས་སོ།། འཛིན།། ་པའི་ཡནྡ་ལག་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཐམས་ཅད། དེའི་བདག་ཉིད་ཀྱིས་འཛིན་པའི་ཡན་ལག་ནི་རྒྱུ་སྟེ། ཡན་ལག་དྲུག་ལ་བལྟོས་ནས་ཡན་ལག་བཞི་པ་ཉིད་ཡིན་པའི་ཕྱིར། ཡན་ལག་གཉིས་ཡན་ལག་གཉིས་པ ་འཛིན་པའི་ཡན་ལག་གོ། དེའི་འོག་ཏུ་ལྔ་པ་རྗེ་སུ་དྲན་པའི་ཡན་ལག་རྗེས་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུང་སྔོ།། ལྒང་བ་ནི་འཛིན་པའི་ཡན་ལག་ཉིད་ཡིནྡྲ་པའི་ཕྱིར་ཡེ་ཤེས་ཀྱི་རིམ་པས་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ལ་དམིགས ་བསྒོས་པར་བྱེད་པ་དེའི་རང་གི་ངོ་བོ། བདེན་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ནས་ཀྱི་སྒྲ་ནི་ཐ་མྱི་དང་པོའི་རིམ་པ་ཞེས་པ་ནི་སྐྱེ་བ་མེད་པའི་སྒྲ་འཛིན་པའི་ཡན་ལོག་གི་དོན་ལས་བར་མ་ཆ་བྱིད་པར་སྦྱར་བར་བྱའོ།། དེ་ཉིད་ཀྱི་ཕྱིར། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རང་བཞིན་ནོ།། ཀུན་རྫོབ་ཀྱི་བདེན་པ་ནི་རྒྱུའི་གནས་སྐབསོ།། ནམ་མཁའ་ཞེས་བྱ་བ་ལ་སོགས་པས་ན་མཁའ་དང་འོད་གསལ་དཔེ་དང་དཔེ་ཅན་ནོ།། འོད ་ཟེར་ལྔ་དང་ལྡན་པ་དབང་པོའི་གཞུའི་གནས་རྡོ་རྗེ་འཆང་ཆེན་པོའོ།། མཚན་མ་མེད་པ་ལས་ངེས་པར་བྱུང་བ་ནི་རྒྱུ་སྟེ། རྒྱུ་དང་འབྲས་བུ་དག་གི་རྣམ་པར་དབྱེ་བ་མང་བའི་ཕྱིར་རྒྱུ་གང་གི་འབྲས་བུ་འདིའོ་ཞེས་བྱ་བ་དང་བྱེད་པ་པོ་ཐ་སྙད་ག་ལས ་འགྱུར་འཇིག་ཅིང་ཟད་པས་ན་ཞེས་པ་ནི་ཀུན་ཏུ་གཡོ་བ་སྐུ་རང་གི་གནས་སྐབས་ལས་འགྱུར་བར་བྱེད་།། འཇིག་པར་བྱེད་དོ།། གཡོ་བར་བྱེད་ངོ་ཞེས་པ་ངན་ནོ།། རེག་བྱའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ནུས་པ་ན། ང ་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན་མཁའ་ལྟ་བའོ།། ཟག་པ་མེང་པ་ཡིན་པའི་ཕྱིར། འདོད་པའི་ཟག་པ་དང་། སྲིད་པའི་འགྲོ་བ་དང་། ལྟ་བའི་ཟག་པ་དང་། མ་རིག་པའི་ཟག་པ་ཉིད་རྣམས་དང་བྲལ་བ་ཉིད་ཕྱིན་པའི་ཕྱིར་རོ།། དགོངས་པ་མ་སྨིན ་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ནི། རྒྱུ་ཉིད་དུ་གསུངས་པའི་སྐུ་བཞི་པའི་རྒྱུ་ཡིན་པས་སྐུ་ཉི་དུ་གསུངས་པ་སྐུ་བཞི་པ་ནི་གཉི་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ད་ནི་སྐུ་བཞི་པའི ་རྒྱུར་གྱུར་པ་སྤྲུལ་པའི་སྐུ་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པའོ།། མི་བསྐྱོད་པ་ཞེས་པ་ནི་ལྷའི་འཁོར་ལོ་ཕྱུང་བ་ཙམ་ལ་ཐུགས་རྡོ་རྗེའོ་ཞེས་བྱས་པ་ཉིད་ཀྱི་ཕྱིར་དེ་ཞེས་གསུངས་པ་ཡང་ཞེ་སྡང་རྡོ་རྗེ་ཏིང་འཛིན་གནས། དཀྱིལ་འཁོར ་ཐམས་ཅད་རབ་དབྱུང་བྱ་ཞེས་སོ།། རྣམ་པར་སྣང་མཇེད་ཆེན་པོ་རྡོ་རྗེ་འཆང་ཆེན་པོའོ་དྲུག་པ་མི་བསྐྱོད་པ་དེའི་བདག་ཉིད་ཀྱིས་གནས་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་ཉིད་དུ་ཞེས་བྱ་བ་ནི་ལྕེ ་དང་པོར་རོ།། དེས་ཞེས་བྱ་བ་ནི་ལྷའི་འཁོར་ལོས་སོ།། བླ་ན་ཡོད་པ་དང་བཅས་པའི་ཞེས་པ་ནི་གོང་མ་དང་ལྷན་ཅིག་ཏུ་འཇུག་པ་ཞེས་པ་ནི་བླ་ན་ཡོད་པ་དང་བཅས་པ་སྟེ། ཕྱི་དང་གསང་བ་དང་། ནང་གི་བདག་ཉིད་ཅན་ནོ་ཞེས་མངོན་པར་དགོངསོ།། ། ་གསུངས་པ་དེ་རྗེསུ་དྲན་པ་ཞེས་བྱ་བ་ལ་སོགས་པའོ།། པདྨ་ཅན་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་གླང་ཚན་མ་དང་དུང་ཅན་དང་། རི་མོ་ཅན་མ་རྣམས་བསྡུསོ།། པདྨ་ཅན་ནི། པདྨའི་དྲི་བྲོ་བ་དང་། གླ་རྩིའི་དྲི་དང་ལྡན་པ་ཡང་གླང་ཆེན་མའོ།། ་ཤའི་དྲི་དང་ལྡན་པ་ན་རི་མོ་ཅན་མའོ།། འགྱུར་བྱེད་ཀྱི་དྲི་དང་ལྡན་པ་ནི་དུང་ཅན་མའོ།། སྔ་དྲོ་ནི་པདྨ་ཅན་ནོ།། ཕྱི་དྲོ་ནི་དུང་ཅན་མའོ།། ཐུན་དུ་གྱུར་པ་ལ་ནི་རི་མོ་ཅན་མའོ།། མཚོན་མོའི་ཞི་བ་ལ་ནི་གླང་ཚན་མར་འདོང་ངོ་།། དེའི་རབ་ཏུ་དབྱེ་བས་ཤེས་པ་ནི་རྡོ་རྗེ ་བདུད་རྩིའི་རྒྱུད་དུ་གསུངས་པ་ཡང་དབང་པོ་ཐམས་ཅད་ལ་དམ་དུ་འཁྱུད་བར་བྱས་ལའོ་བྱའོ།། མ་མཆུ་སོས་གཟུང་འོ་བྱས་ནས།། སཱི་ཏ་ཡོག་སྔགས་ནི་བརྗོད་པར་བྱ།། དགོང་བྱས་དེ་འོག་སྔགས་པ་ནི།། རྡོ་རྗེ་བཅིངས་པས་ནུ་ཨ་བཟུང་།། པདྨར་རྡོ་རྗེ་དགོད ་བྱ་ཞིང་།། ཁྲོག་ལ་ཆགས་པས་མཉེས་པར་བྱ།། ཤི་ཏ་ཡིག་སྒྲ་ནི་སྙན་པ་ཡི།། གླིང་བུའི་སྒྲ་ཡི་ཙ་ཅོར་ལྡན།། ནུ་མ་བཟུང་ངག་མཉེ་བྱ་ཞིང་།། སེན་མོའི་རི་མོ་སྦྱིན་པར་བྱ།། གོས་བྲལ་མཐའ་ནི་རྣམ་འགྱུར་བྱ།། འོག་དང་སྟེང་དུ་རྟག་པར་བྱ།། པདྨ ་ཡངས་པར་འོ་བྱ་ཞིང་།། དགའ་བའི་ངག་ནི་བརྗོད་པར་བྱ་ཞེས།། ཟླ་གསང་ཐིག་ལེར་ཡང་།། རྐང་པས་རྐང་པ་གནན་བྱས་ནས།། འོག་ཏུ་ཁ་བལྟས་བཞག་པར་བྱ།། ལོག་པ་དག་ནི་སྦྱར་བར་བྱ།། མགོ་ལ་མགོ་ནི་སྦྱིན་བྱ་ཞིང་།། སེན་མོའི་རྩེ་མོས་རི ་མོ་བྲི།། ལག་པོ་གཡོན་པས་པདྨ་དེ།། མཉེས་ནས་དྲོང་གཤེར་འབབ་པར་བྱ།། དེ་འོག་སོར་མོ་གསུམ་གྱིས་ནི།། རྡོ་རྗེ་དྲིལ་བུ་ལེགས་བྱས་ནས།། པདྨའི་དབུ་སུ་རབ་གཞུག་བྱ།། ག་ཡ་ཏེ་མཐོང་ན་གདུག་པ་ཉིད།། དེ་ཚེ་སོར་མོ་རྡོ་རྗེས་བསྐྱོང་།། དེ ་ནས་གསིལ་བ་དེ་ཡི་ཚེ།། གཡོ་བ་མེད་པར་བཞག་པར་བྱ།། དེ་དོག་སོ་ལ་སི་ཡི་དང་།། མཆུ་ལ་མཆུ་ཡིས་ལྕེ་ཡི་ལྕེ།། གཟུང་བྱ་ཇི་སྲིད་ཐིག་ལེ་ཡིས།། འོ་མ་རྒྱུ་བ་ད་སྲི་དུ།། རྡོ་རྗེ་བཞག་པར་བྱ་བའོ།། དེ་ནས་ལངས ་ནས་ཙོག་པུར་བྱས།། དེ་དག་བཅིང་བ་དེ་རྣམས་ཀྱིས།། འཛིན་ཅིང་འཁྱོག་དང་གྲུ་མོའི་རྩ།། བརྡེག་ཅིང་འཕངས་ལ་རབ་ཏུ་བརྐྱང་།། བྱེད་པ་བཅིང་བའི་སྦྱོར་བ་ཡིས།། ས་གསུམ་པོ་ནི་བསྒྲུབ་པར་བྱ་ཞེས་སོ།། ཁུ་བ་ཞེས་པ་ནི། དེ་ནས ་སྟེང་འོག་ཁ་བལྟས་ནས།། དེ་དག་ལག་པའི་ནོར་བུ་དང་།། ལྕེ་ཡི་རྡོ་རྗེས་བཟའ་བར་བྱ།། ཇི་སྲིད་སོ་མ་ལྟུང་བྱེད་པ།། ལྕེ་ཡི་གཡོ་བ་བྱས་ནས་ནི།། ཁ་ཡིས་པདྨས་གཟུང་བར་བྱ།། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། དེ་ནས་མྱུར་དུ་བསྒྲུབ་པར་བྱ།། ་དེ་ནས་སྔགས་པ་ལངས་ནས་ནི།། མ་ནོར་བའི་དགའ་བ་ཞེས།། ཀུན་རྫོབ་བདེན་པའི་དོན་དང་ལྡན་པའི་སྦས་པའི་བཤད་པའོ།། རྣམ་པར་འགྲེལ་པའི་ངོ་བོའི་དབང་དུ་བྱས་ནས་གསུངས་པ། ཤུ་ཀྲ་ཞེས་བྱ་བ་ལ་སོགས་པ་སྟེ། གཅོད་པར ་བྱེད་དོ་ཞེས་པ་ནི་མཆོག་ཏུ་དགའ་བ་འཆ་ན་མྱང་ན་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་རོ།། མཆོག་ཏུ་དགའ་བ་ཞེས་པ་ནི་མཆོག་ཀྱང་དེ་ཡིན་ལ་དགའ་བ་ཡང་ཡིན་པས། མཆོག་ཏུ་དགའ་བ་སྟེ་འོད་གསལ་ལོ།། གཞན་དུ་དགའ་བ་གཉིས་པ་ལ ་མཆོག་ཏུ་དགའ་བ་ཞེས་བརྗོད་པ་མ་ཡིན་ནམ་ཇི་ལྟར་དེ་མཆོག་ཡིན་ན་མོ་ཇི་ལྟར་དེ་མཆོག་ཡིན་པ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་མཆོག་ཏུ་དགའ་བ་ཞེས་བརྗོད་དོ།། ཞེས་མི་འགལ་ལོ།། འདིས་ནི་ཞེས་བྱ་བ་ལ་སོགས ་པས་དེའི་འོག་ཏུ་མཆོག་ཏུ་དགའ་བ་ལས་ལྡང་བ་སྟོན་པར་བྱེད་དོ།། རྗེ་སུ་དྲན་པ་བཅུ་དྲུག་ཅེས་པ་ནི་སངས་རྒྱས་རྗེསུ་དྲན་པ་ལ་སོགས་པའོ།། རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། རྣམ་པར་སྣང་མཛད་ཀྱི ་རང་བཞིན་ཞེས་པར་བརྗོད་དོ།། མཐོང་བའི་ཆོས་ལ་ཡང་ཞེས་བྱ་བ་ནི་སྐྱེ་བ་ནི་འདི་ཉིད་ལའོ།། མྱ་ངན་ལས་འདས་པ་ནི་གང་ཞིག་བྱ་བ་དེ་བྱས་པ་དེ་སླར་ཡང་བྱ་བ་མེད་པའི་ཕྱིར་རོ།། བདེན་པ་མཐོང་བས་ནི་ཁམས་གསུམ་པ་བདེན་པ་མཐོང་བའི ་བདག་ཉིད་ཡིན་པའི་ཕྱིར། ཟུང་འཇུག་གི་ཏིང་འཛིན་ནོ།། དེའི་ཕྱིར་མོ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཕྱག་རྒྱའི་དོན་གཞོན་དབང་དུ་བསྟན་པའི་དོན་དུ་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ།། །། འདི ་ལ་ཡང་ཚོགས་གཉིས་ཡོངསུ་རྫོགས་ལ་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་ཐུགས་ལ་བཞག་ནས་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངསོ།། གསུངས་པ་ཡང་། ཆོས་གང་གིས་ནི་བྱིས་པ་རྣམས།། འཁོར་བའི་སྐྱེ་བ་འཕེལ་བར ་འགྱུར།། རྣལ་འབྱོར་པ་ཡི་ཆོས་དེས་ནི།། ཚོགས་ཀྱི་སྐྱེ་བ་འཕེལ་བར་འགྱུར་ཞེས་སོ།། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ཞེས་སོ་ནི་བྱང་ཆུབ་ཀྱི་སེམས་ནི་གཉིསུ་མེད་པའི་ཡེ་ཤེས་སོ།། དེས་ཡིད་ཀྱི་དྲི་མ་འཁྱུད་པ་ནི་དབང་བསྐུར ་བའོ།། བྷ་གར་ཞུགས་པའི་ཕྱིར་ཞེས་པ་ནི་བྷ་གར་ཏེ་ཕྱག་རྒྱའི་གསང་བར་གནས་ནས་ཐལ་མོ་སྦྱར་བ་བྱས་ཏེ་བླ་མ་ལ་སློབ་མས་གསོལ་བ་འདེབས་པར་བྱེད་དོ། ཞེས་པ་བསྒོམས་པའི་སློབ་མ་དང་སློབ་དཔོན་གྱི་ཐ་སྙད་བསྟན་པའི ་དོན་དུ་འདི་བརྗོད་དོ།། ཞེས་མིང་དུ་གྲག་གོ།། དྲུག་པ་ནི་འདིར་གསོལ་བ་གདབ་པར་བྱ་བ་ཡིན་པའི་ཕྱིར་དང་དེ་ཡང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངསོ།། ་དེ་ཉིད་ཀྱི་ཕྱིར་དམ་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། རིན་ཆེན་དབང་པོ་ལ་བལྟོས་པ་འདིས་ཞེས་པ་ནི་བསྟོད་པའོ།། བསྟོད་པར་བྱེད་ཞེས་ཀླག་པར་བལྟ་བར་བྱ་སྟེ་དེ་ལ་ཕྱོགས་བཅུར་བཞུགས་པ་རྣམས་ཀྱིས་འཆད་པར་འགྱུར་པ ་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རྣམས་བསྟོད་པར་བྱེད་པ་བསྟོད་པའི་རྒྱལ་པོ་གང་ཡིན་པ་དེས། རིན་ཆེན་དཔལ་ལ་གསོལ་བ་བཏབ་པོ།། དེ་ལྟ་བུའི་བཤད་པ་ནི་ལུང་གི་ཚིག་ལ་བརྟེན་ནས་སྦྱར་བར་བྱ་སྟེ། རྒྱ་ཆེར་འགྲེལ ་བའི་ཚུལ་གྱིས་དགོངས་པ་འདི་ལྟ་བུའོ་ཞེས་འདུད་པར་བྱེད་ཅི་བསྟན་པར་ཉེ་བར་འགྲོའོ་ཞེས་སོ།། རྡོ་རྗེ་ལྟ་བུར་བདེན་པ་གཉིས་དབྱེར་མི་ཕྱུང་བའི་ངོ་བོ་གཉིས་མཛེས་པར་བྱའོ།། གསལ་བར་བྱའོ་ཞེས་པ་ནི་དེ་དེ་བཞིན་ནོ།། ཆེ་བ་ཞེས ་པ་ལ་སོགས་པས་འདི་ལམ་ཧྲི་དུ་སྟོན་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་ན་མཁའ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། རྡོ་རྗེ་ལྟ་བུའི་ལམོ་ཉིད་ནི་རྣལ་འབྱོར་པའི་རྒྱུད་རྣམ་པར་སྦྱོང་བར་བྱེད་ངོ་།། ནམ་མཁའ་ཞེས་བྱ་བ་ལ་སོགས་པའོ།། དེ་རྣམ་པར ་དག་པ་ཞེས་པ་ནི་དེའི་ངོ་བོ་ཉིད་ཀྱི་སྤྱོད་པ་སྟེ། ཡོངསུ་ཤེས་པའི་ཕྱིར་རོ།། དེ་བཞིན་དུ་ངེས་ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱེད་དོ།། ཞེས་པ་རྡོ་རྗེ་འཆ་བོ་ཆེན་པོ་འམ་ད་ལྟ་ནི་དེའི་ངོ་བོ་ཉིད་ཀྱི་བླ་མའོ།། ཚངས་པ་ལ་སོགས་པའི་མཐར ་ཟུག་པ་ལས་རྒྱལ་བར་གྱུར་པ་ཞེས་སོ།། མཐར་ཐུག་པའོ།། འདིས་ཞེས་པ་ནི་ལམ་གྱིས་སོ།། ཐེག་པ་གསུམ་ནི་ལམ་མངོན་པར་བརྗོད་པར་བྱེད་དོ།། བདག་པོ་ཉིད་ནི་བདག་པོ་དྲུག་པའོ།། རང་གི་དོན་ལ་ཏཱ་ལའོ།། དེས་དེ་དག་པའི་བདག་ཉིད ་ནི་འོད་གསལ་ལྷག་པར་རྟོགས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ནོ།། རྒྱས་པ་ཞེས་པ་ནི་ཞལ་གསུམ་ལ་བལྟོས་ནས་འདི་མང་པོའི་ཚིག་ཉེ་བར ་ལྡན་པའོ།། ཆོས་ཀྱི་འཁོར་ལོ་ཞེས་པ་ནི་ཉོན་མོངས་པ་གཅོད་ཅིང་ཞི་བར་བྱེད་པས་རྣམ་པ་བཅུ་གཉིས་ཤེས་པ་སྡུག་བསྔལ་ལོ།། ཡོངསུ་ཤེས་པར་བྱའོ་ཡོངསུ་ཤེས་སོ།། སླར་ཡང་ཡོངསུ་ཤེས་པར་བྱར་མེད་དོ།། ཀུན་འབྱུང་བའོ།། ་སྤང་བར་བྱའོ།། སྤངས་སོ།། སླར་ཡང་སྤང་བར་བྱར་མེད་དོ།། འགོག་པའོ།། མངོན་དུ་བྱའོ།། མངོན་དུ་བྱསོ།། སླ་ར་ཡང་མངོན་དུ་བྱར་མེད་དོ།། ལམ་མོ་བསྒོམ་པར་བྱའོ།། བསྒོམ་སོ།། སླར་ཡང་བསྒོམ་པར་བྱར་མེད་དོ་ཞེས་པ་ནི ་མ་པ་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོའོ།། རྡོ་རྗེ་གསུམ་ནི་སྭ་ལ་སོགས་པའི་རྡོ་རྗེའོ།། དེ་དབྱེར་མི་ཕྱེད་པའི་མཚན་ཉིད་ཏེ། རང་བཞིན་གང་ཡིན་པ་དེ་དེ་བཞིན་ནོ།། དྲང་བའི་དོན་ཏོ།། ཡེ་ཤེས་གསུམ་གྱི་སྒོ་ནས་ཞེས་པ་ནི། འདོད་ཆག་ལ་སོགས ་པའི་རང་བཞིན་རྣམས་ནི་ཡེ་ཤེས་གསུམ་གྱི་རྒྱུ་དང་། སྣང་བ་རྣམས་ནི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ།། འདོད་ཆགས་ཞེས་བྱ་བ་ལ་སོར་གསུངས་ཏེ་ཞེ་སྡང་ཞེས་པ་འདོད་ཆགས་དང་བྲལ་བའོ།། དེ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བར ་བྱེད་དོ་ཞེས་པ། རང་བཞིན་དང་སྣང་བ་ལ་སོགས་པའི་རིམ་པས་དོན་དམ་པའི་བདེན་པ་ལ་དམིགས་པས་ཟུང་འཇུག་ལྷག་པར་རྟོགས་པར་བྱེད་དོ་ཞེས་པའི་དོན་ནོ།། འདིས་ཞེས་པས་ནི་འོད་གསལ་བས་སོ།། དེ་ཉིད་ཀྱི་ཕྱིར་རྡོ། ་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི་འོང་གསལ་བར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་དང་རང་བཞིན་དང་སྣང་བའི་རིམ་པས་གསུངས་པས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ།། དབང་པོའི་མཆོག་ནི་ཡིད་ཀྱི་དབང་པོའོ།། ཙམ་གྱི་སྒྲས་དབང ་པོ་གཞན་ནི་གཟུང་བར་བྱ་བ་མ་ཡིན་པ་ཉིད་དགག་པའི་དོན་ནོ།། གཟུང་བར་བྱ་བ་ཉིད་ཡིན་པས་ན་ཞེས་པ་ནི། བླ་མའི་བྱིན་གྱིས་བརླབས་ལས་དགོངས་པ་ཙམ་གྱིས་ཟུང་དུ་འཇུག་པ་ཉམསུ་མྱོང་བ་ཉིད་ཀྱི་ཕྱིར་དང་སོ་སོ་རང་གི་རིག་པར་བྱ་བ་ཉིད་ཀྱི ་ཕྱིར་རོ།། ཐམས་ཅད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཟུང་འཇུག་གི་སྐུ་ནི་ལྷ་མོའི་སྙོམས་པར་འཇུག་པ་ལས་མ་བྱུང་བའི་ཕྱིར་རྡོ་རྗེའི་སྐུའི་སྒྲས་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུ་ལ་འདིར་བཤད་དོ།། མཆོག་ཏུ་དགའ་བ་ནི ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ།། དབང་ཕྱུག་བརྒྱད་ཅེས་པ་ནི་སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། དེ་བཞིན་ཉིད་དུའང་ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་འདོད་པ་བྱེད་པོ་ཡོན་ཏན་བརྒྱད་པ་རྣམས་ཞེས ་དེ་ཉིད་ཅེས་པ་ཡེ་ཤེས་ཀྱི་སྐུའོ།། ཤ་ཞེས་བྱ་བ་ལ་སོགས་པ་ནི། ཤཱ་ར་དྭ་ཏིའི་བུ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ།། ཇི་སྲིད་དུ་སྟོང་གསུམ་གྱི་སྟེང་ཆེན་པོ་མཐོང་བ་ཡོད་ངོ་།། ལྷའི་མིག་གིས་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ ་རྣམས་ཀྱི་ལྷའི་མིག་ནས་ཇི་སྲིད་དུ་འོག་མིན་གང་ཡིན་པ་དེ་རབ་ཏུ་ཤེས་པ་ཡོད་ཀྱི། བྱང་ཆུབ་སེམས་དཔའ་ལྷའི་མིག་ནི་ལྷ་རྣམས་གང་གིས་ཀྱང་མི་ཤེས་སོ།། ལྷའི་མིག་དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད ་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས།། ཇི་སྲིད་དུ་ཕྱོགས་བཅུ་རྣམས་སུའོ།། ཤེས་རབ་ཀྱི་མིག་གིས་འདུས་བྱས་སམ་འདུས་མ་བྱས་སམ། དགེ་བ་འུ་མྱ་མི་དགེ་བའི་ཆོས་ཅིའང་མི་ཤེས ་ཏེ། དེ་ལྟ་བུ་ལ་སོགས་པའི་དབྱེ་བ་དུ་མས་ཡང་དག་པར་བསྡུས་པའི་ཆོས་རྣམས་ལ་མཐོང་བ་ཐོས་པ་རྣམ་པར་མ་ཤེས་སོ་ཞེས་པ་འདི་ནི་ཤེས་རབ་ཀྱི་མིག་གོ། བྱང་ཆུབ་སེམས་དཔེའི་ཡོང་སུ་དག་པའི་ཆོས་ཀྱི་སྤྱན་གང་ཡིན་པ་དེ། གང ་ཟག་འདི་ནི་ངང་པའི་རྗེསུ་འབྲང་པོའོ།། འདི་ནི་ཆོས་ཀྱི་རྗེ་སུ་འབྲང་བའོ།། འདིའི་དབང་པོ་ལྔ་རྣམས་སྐྱེད་པར་འགྱུར་ཏེ།། དབང་པོ་འདི་རྣམས་ཀྱི་བར་ཆད་མེད་པའི་ཏིང་ངེ་འཛིན་རབ་ཏུ་འཆད་པར་བྱེད་པ་ཆོས་ཀྱི་སྤྱན་གྱིས་དེ་ལྟ་བུ་ལ་སོགས་པ་རབ ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱན་གང་གིས་མ་མཐོང་ངམ་མ་ཐོས་པ་འམ། མི་དྲན་པ་འམ་མི་ཤེས་པ་ཅུང་ཟད་ཀྱང་མེད་དོ།། རྣམ་པ་ཀུན་གྱི་ཡོངསུ་དག་པ་འདི་ནི་སངས་རྒྱས་ཀྱི་མིག་སྟེ་ཡང་དག་པར ་རྫོགས་པའི་སངས་རྒྱས་ནི་འདིར་རྡོ་རྗེ་འཆང་ཆེན་པོ་ཡང་ངོ་།། ཡོངས་སུ་ཤེས་པ་རྒྱས་པའི་ཕྱིར་རྒྱས་པའོ།། འདུས་མ་བྱས་ནི་ན་མཁར་དང་སོ་སོར་རྟོག་པའི་འགོག་པ་ལ་སོགས་པ་རྣམསོ།། ངེས་པའི་དོན་ནོ།། མི་འགྱུར་བ་ནི ་འཇིག་པ་མེད་པ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། ཐམས་ཅད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ།། སེམས་ཅན་ཐམས་ཅད་ཅེས་པ་ནི་དོན་དུ་གཉེར་བ་དང་ཆོས་ལ ་སོགས་པ་དོན་དུ་གཉེར་བ་རྣམས་སོ།། དེའི་ངོ་བོ་ཉིད་ཀྱི་ནི་འོད་གསལ་བའི་ངོ་བོ་ཉིད་ཀྱིས་སོ།། དགོངས་པ་མ་ཡིན་པའོ།། དེ་ལྟར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱིས་དེ་ཉིད་དུ་མཆོད་པ་བསྟན ་བའི་ཕྱིར་མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་བཞུགས་པ་ཞེས་པ་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་གསུངས་སོ།། དེ་དང་འབྲེལ་པ་ནི་ཁམས ་གསུམ་པའི་ཞེས་པ་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ནི་རང་གི་སྐུ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པར་གསུངསོ།། རང་གི་སྐུ་ཞེས་བྱ་བ་ལ་སོགས་པོ་ནི། རྒྱལ་བས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས ་འདིར་སླའི་སྒྲ་ཕྱིས་པ་སྟེ། བཅོམ་ལྡན་འདས་མངོན་དུ་གྱུར་པ་ལ་འདིའི་མཆོད་པ་བསྟན་པ་ཉིད་ཀྱི་ཕྱིར་རོ།། དགོངས་པས་བཤད་པའོ།། རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་གཟུགས་དང་ལང་ཚེ་དང་སྐལ་པ་བཟང་པོ་ལ་སོགས་པ་དང་ལྡན་པ ་ཐམས་ཅད་ཀྱི་འདོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་ཞེས་བྱ་བ་ལ་སོགས་པ་གསུངས།། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་ངོ་བོའོ།། དེའི་བདག་ཉིད་ཅན་ན་དེའི་རང་གི་ངོ་བོའོ།། ཐམས་ཅད་ཡོངསུ་ཤེས་པར་བྱ་བའི་ཡུལ་ཡིན། ་པ་ཉིད་ཀྱི་ཕྱིར་དེ་སྤངས་པའོ།། མིག་རེ་རེའང་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལྔ་རྣམས་རེ་རེའང ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་དེའི་བདག་ཉིད་ལས་སོ།། ཞེས་ཤེས་པར་བྱེད་དོ།། ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་སྤྱན་མ་ལ་སོགས་པ་རྣམས་མེ་ལོང་ལ་སོགས་པའི་ཡེ་ཤེས་ཉིད ་རོ་མཉམ་པ་ཉིད་ཡིན་པའི་ཕྱིར་དྲི་རྣམས་འདིར་སོ་སྦྱོར་མ་བགྲངས་པ་ཉིད་དོ་ཞེས་པའོ།། བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཉིད་ཕྱག་རྒྱ་ཆེན་པོའོ།། བརྟག་པར་བྱ་བ་ནི་རྟག་ཏུ་དེ་ཡིད་ལ་བྱའོ།། སེམས་ཅན་རྣམས་ཀྱིའང ་རྒྱུད་ལ་བསྐྱེད་པར་བྱའོ།། འོང་ཉིད་བླ་ན་མེད་པའི་མཆོད་པ། དུས་གསུམ་པ་སངས་རྒྱས་ཐམས་ཅད་ཀྱིའོ།། བསོད་ནམས་མ་ལུས་པ་ཉེ་བར་བསགས་པ་ལ་སོགས་པ་འཁོར་བ་སྤངས་པ་དང་སྡིག་པ་ཟང་པོ་དག་གི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ་བྱོལ་སོང་ཞེས་བྱ་བ་ལ་སོགས་པ་ནི་ལོགས་ན་ཞེས་པ་དཀྱིལ་འཁོར་གྱི་བདག་པོའི་ཤར་ལ་སོགས་པའི་ལོགས་ན་བཞུགས་པ་ཉིད་ཀྱི་ཕྱིར་རོ།། གཞན་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་བའི་ལྷའི་སྐུ་སྟེ་དེའི་གནས ་སུ་བྱ་བས་དང་། དེ་ལ་སྦྱར་བྱ་བས་དང་། དེ་སྲེག་པར་བྱའོ།། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ནི་རྡོ་རྗེ་འཆང་ཆེན་པོའོ།། ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་ཀྱི་དམིགས་པར་བྱ་བ་དེ་བཞིན་དུ་འདོད་པའི་དབང་ལ་སོགས་ན་བཞུགས་པ་དེ་དག་ཀྱང ་དམིགས་པར་བྱའོ།། རྡོ་རྗེ་འཆང་ཆེན་པོའི་རྣམ་འཕྲུལ་ཡིན་པའི་ཕྱིར་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱི་གནས་པ་ཉིད་ཡིན་པའི་ཕྱིར་རོ།། ཞེས་མངོན་པར་དགོངསོ། ་དགོངས་པས་བཤད་པའོ།། གཙང་ཞིང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཡན་ལག་ཏུ་གསུངས་པའི་ས་སྦྱོང་བའི་རིམ་པས་ཡོངསུ་དག་པ་ཉིད་ཡིན་པའི་ཕྱིར་རོ།། གང་ཡང་ས་སྦྱང་བར་མི་ནུས་པ་དེའི་ཚེ་ས་ལ་ལག་པ་རེག་ནས་སྔགས་བཟླས ་པར་བྱ་སྟེ་བསྒོམས་པས་ཡོངསུ་དག་པ་ཉིད་ཡིན་པའི་ཕྱིར་རོ།། གཙུག་ལག་ཁང་ལ་སོགས་པ་ལེགས་པར་འདུས་བྱས་པའམ་ས་ཕྱོགས་ནི་མཆོག་ཏུ་གྱུར་པའོ།། ས་ཡི་ཆུ་ཀླུང་དང་། གླིང་དང་། རི་བོར་ཡང་ངོ་།། རྒྱལ་ཉིད་སྐྱེས ་པ་ནི་རྒྱལ་བའི་བདག་ཉིད་ལ་སྐྱེས་པ་ཉིད་ཀྱི་ཕྱིར་དང་། རྒྱལ་བ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་རྒྱལ་ཉིད་སྐྱེས་ཏེ། རྡོ་རྗེ་ཐེག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བརྡར་བཏགས་པ་སྟེ། སྐྱེ་བོ་དམ་པ་གང་ཡིན་པ་ལའོ་ཞེས ་པའི་དོན་ནོ།། རབ་ཏུ་དང་བ་དང་མཉམ་པའོ།། བའི་ལྕི་བ་ནི་སྲོག་ཆགས་མེད་པའི་བའི་ལྕི་བའོ།། དྲི་ན་ཙིན་ངན་ལ་སོགས་པའི་དྲིའི་རྫས་ཀྱི་ཤུན་པ་ཕྱེ་མར་སྦྱར་བའོ།། སོགས་པའི་སྒྲས་གུར་ཀུམ་ལ་སོགས་པ་གཟུང་བར་བྱའོ།། ས་ཕྱོགས ་སུ་ནི་མཐིལ་མཉམ་པར་ལེགས་པར་བརྡུང་ཞིང་སྒྲ་ལ་སོགས་པ་གསལ་བར་རོ།། མེ་ཏོག་ལ་སོགས་པ་ཡོངསུ་གཟུང་ངོ་ནི་ས་ལ་གཅལ་དུ་བཀྲམ་པའི་དོན་དུ་ཡང་།། སོགས་པའི་སྒྲས་བདུག་པ་དང་ལྷ་བཤོས་ལ་སོགས་པ་ཡོངསུ་བཟུང་ངོ་། ་བརྟགས་པ་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷ་མཉེས་པར་བྱ་བའི་དོན་དུ་ནི་དེ་ལ་མངོན་པར་བརྗོད་པའི་ས་ཕྱོགསུ་བཤད་པ་ལ་སོགས་པ་རྣམས་ཀྱིས་ཁྲུ་གཅིག་པ་ལ་སོགས་པའི་ཆེད་ཀྱིས་གྲུ་བཞི་པའི་དཀྱིལ་འཁོར་བྱས་ནས་བསྒོ ་བཞི་པ་ལ་སོགས་པ་དང་ལྡན་པ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཀྱང་མཚན་མ་ལ་སོགས་པ་བརྟགས་ཏེ། ཡིད་ཀྱིས་དམིགས་ནས་ཇི་ལྟར་བར། ཨོཾ་ཨཱཿབཛྲ་དྷྲྀཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་དབུས་སུ་སྤྱན་དྲངས་ཏེ། འདུས་པར ་བསམས་ནས་མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་བྱིན་ཏེ། མཆོད་པའི་ཆོ་གར་གསུངས་པའི་རིམ་པས་མཆོད་པར་བྱའོ།། དེ་བཞིན་དུ་དབུསུ་ཛི་ན་ཛིག་ལ་སོགས་པས་མེ་ཏོག་ལན་གསུམ་དབུལ་བར་བྱའོ།། སྤྱི་བོའི་གཙོ་བོ ་ཨོཾ་ཨཱཿམ་ཧཱ་བཛྲ་དྷྲྀཀ་བཛྲ་པུཥྤཾ་བྱཱ་ཏཱི་ནཱཾ་ཧཱུ~ཾ། ཞེས་པས་མེ་ཏོག་ཕུལ་ཅིག། དེ་བཞིན་དུ་གཙོ་བོ་ལ་ཤར་ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ཉིད་དུ་དམིགས་ནས་ཨོཾ་ཨཱཿཛ་ན་ཛཾ་གོ་བཛྲ་པུཥྤཾ་པྲ ་ཙྪ་ཧཱུཾ། དེ་བཞིན་དཱ་རཱདྷ་དྷྲྀཀ་ལ་སོགས་པས་མཆོད་ནས། ཨོཾ་ཨཱཿབཛྲཱ་དྷྲྀཀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཧཱུཾ་གིས་རྣམ་པར་སྣང་མཛོད་ལ་སོགས་པ་བཞི་པོ་རྣམས་ཀྱི་སྤྱི་བོའི་བླ་མ་མི་བསྐྱོད་པ་མཆོད་པར་བྱའོ།། ཨོཾ་ཨཱཿམོ་ཧཱ་ར་ཏི་བཛྲ་པུཥྚ ་པྲ་ཏཱིཙྪ་ཧཱུཾ་གིས་གོ་རིམ་བཞིན་ལྷ་མོ་བཞི་པོ་མཆོད་ནས། དེ་དང་དེའི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པས་བཞི་པོ་རྣམས་སྔར་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་མེ་ཏོག་དབུལ་བའི་སྔགས་ཀྱིས་མཆོད་པར་བྱའོ།། ་ཨཱཿརུ་བ་བཛྲ་པུཥྤ་པྲ་ཏཱིཙྪ་ཧཱུཾ་ཞེས་པས་གཟུགས་རྡོ་རྗེ་ལ་སོགས་པ་ལྔ་པོ་མཆོད་ནས་རིམ་པ་ཇི་ལྟ་བར་དེ་དང་དེའི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་མཆོད་པར་བྱའོ།། བྱམས་པ་ལ་སོགས་པའི ་བྱང་ཆུབ་སེམས་དཔའ་བརྒྱད་ལ་ཡང་ཨོཾ་ཨཱཿམཻ་ཏྲི་ཡ་བཛྲ་པུཥྤཾ་པྲ་ཏཱཙྪི་ཧཱུཾ། ཞེས་བྱ་བས་གོ་རིམ་བཞིན་དུ་མཆོད་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ ་བཞི་པོ་རྣམས་མཆོད་པར་བྱའོ།། གཤིན་རྗེ་གཤེད་ལ་སོགས་པ་བཞི་པོ་ལ་ཨོཾ་ཨཱཿཡ་མཱནྟ་ཀྲྀཏཾ་བཛྲ་པཱུཥྤཾ་པྲ་ཏཱིཙྪ་ཧཱུཾ། གིས་མཆོད་པར་བྱའོ།། དེ་རྣམས་ཀྱི་སྤྱི་བོའི་རྣམ་པར་སྣང་མཛོད་ལ་སོགས་པ་བཞི་པོ་ལའང་དེ་བཞིན ་དུའོ།། མི་གཡོ་བ་ལ་སོགས་པ་དྲུག་ལ་ཨཾ་ཨཱཿ་ཙ་ལ་བཛྲ་པུཥྤ་པྲ་ཏཱིཧྱཾ་ཧཱུཾ་གིས་མཆོད་པར་བྱའོ།། མི་གཡོ་བ་ལ་སོགས་པ་གྲཱན?་གནས་པ་རྣམས་ཀྱི་སྤྱི་བོའི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་རྣམས་ལའོ།། ་འོག་དང་སྟེང་དུ་བཞུགས་པའི་ཁྲོ་བོ་གཉིས་ནི་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་དག་གི་རྒྱབ་དང་མདུན་དུའོ།། སྐབས་གཞན་ཉིདདུ་སྒོ་སྐྱོང་བར་བྱེད་པ་དང་འཁྲུལ་མར་འགྱུར་ཏེ། རྒྱབ་དུ་ཞུགས་པ་ཉིད་ཀྱང་ཁང་པ་བརྩེགས ་པའི་ནང་དུ་ཞུགས་པ་ཉིད་ཡིན་པས་མི་འགལ་བ་ཉིད་དོ།། གྲཱ་རུ་ཟུར་གྱི་འགྲམ་པ་གཉིས་སུ་དང་། སྒོའི་སྒྲོ་འགྲམ་གཉིསུ་ཡང་གཙོ་བོའི་སྔགས་ཀྱིས་མེ་ཏོག་དབུལ་བར་བྱའོ།། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཟླ་བའི་སྣམ་བུ་ལ ་མཆོད་པའི་ལྷ་མོ་བཅུ་དྲུག་མཆོད་པར་བྱ་སྟེ། ཨོཾ་ཨཱཿབཛྲ་པུཥྤཾ་པྲ་ཏཱིཙྪ་པཱུ་ཛ་ཧཱུཾ། ཞེས་རང་རང་གི་མིང་ཡིག་དང་པོ་ལ་ཟླ་བ་དང་ཐིག་ལེར་ལྡན་པ་དང་སྤེལ་ནས་སྒོའི་ལོགས་གཉི་སུ་ལྷ་མོ་གཉིས་ལ་མཆོད་པར་བྱའོ།། དཀྱིལ་འཁོར་དུ ་གཙོ་བོའི་སྔགས་ཀྱིས་བྱང་ཆུབ་སེམས་དཔའ་གཉིས་ཀྱི་གཞོགསུ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བུམ་པ་གཉིས་གཉིས་ལ་ན་ཆོད་པར་བྱའོ།། རིམ་པ་འདི་ཉིད་ཀྱིས་ཡི་གེ་གསུམ་དང་སྤེལ་བའི་ལྷ་བཤོས་དང་། སྤྲོས ་ལ་སོགས་པ་དབུལ་བར་བྱའོ།། ཀླུའི་བློ་ཡིས་བྱས་པ་དེ་ཉིད་ཀྱི་ཆོ་གར་གསུངས་པའི་སངས་རྒྱས་མཉེས་པར་བྱེད་པ་ལེའུ་དང་པོའི་རྗེསུ་འབྲངས་ནས་ཕྱག་འཚལ་བ་ལ་སོགས་པ་རིག་པར་བྱའོ་ཞེས་སོ།། དཀྱིལ་འཁོར་གྱི་ཡན ་ལག་ཏུ་གསུངས་པ་དང་། སྦྱིན་སྲེག་གི་ཡན་ལོག་གསུངས་པའི་རིམ་པས་འགྲོ་བ་རྣམས་རང་བཞིན་གྱིས་གྲུབ་པའི་རྡོ་རྗེ་འཆང་གི་ངོ་བོ་ལྷག་པར་མོས་ལ། ཨོཾ་ད་ཤ་རི་ཀ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་དབུལ ་བར་བྱའོ།། འདི་ཉིད་མདོ་དང་པོ་སླུ་བར་བྱེད་པར་གང་གསུངས་པ། གང་གི་འདོད་པའི་ལྷའི་མདུན་དུ་མཆོད་ཡོན་ཕུལ་ནས། དེ་ཉེ་བར་བལྟས་ལ་ཞེས་སོ།། སྒྲུབ་པའི་ཐབསུ་གསུངས་པ་ཞེས་པ་ནི་མདོར་བྱསུ་གསུངས་པའི་རིམ་པར ་ལྕུག་མོས་ཀྱི་དཀྱིལ་འཁོར་གྱི་དྲི་མ་ཐག་ཏུ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའི་མཆོད་པའི་བྱེ་བྲག་གསུངས་པའོ།། རྣལ་འབྱོར་བྱས་ལ་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་གྱི་བདག་ཉིད་ཅེས་གསུངས་པའི ་ཕྱིར་མི་བསྐྱོད་པ་བཞུགས་པ་དང་བྲལ་བ་ཉིད་རྣལ་འབྱོར་པ་གཉིས་པོ་རྫོགས་པ་ཡེ་ཤེས་ཀྱི་སྐུ་ཁོ་ན་ཤིན་ཏུ་རྣལ་འབྱོར་དུ་གསུངས་པའི་རིགས་ལྔ་ཚོགས་པ་བསྐྱེད་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པའི་རིམ ་པ་བཞིན་དུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་འདིའི་ཤིན་ཏུ་རྣལ་འབྱོར་ལ་མི་བསྐྱོད་པ་ཞུགས་པ་བསྡུས་སོ།། ཕྱག་རྒྱ་ཞེས་གསུངས་པའི་ཕྱིར་ཕྱག་རྒྱའི་རྣས་མྱོས་ཨུ་ལ་ཁྱོ་བྱལ་ལ་ཞེས་པ་ལ་སོགས་པ་ནས་དཔག་ཚད་ཅེས་བྱ ་བའི་མཐར་ཐུག་པའོ།། ནུ་མའི་བར་ཞེས་པ་ནི་ནུ་མ་ངག་གིས་དབུས་སུའོ།། བར་ཞེས་པ་ནི་མགྲིན་པའི་འོག་སྙིང་གའི་མཐར་ཐུག་པར་ཧཱུཾ་གི་ཡི་གེ་ལས་སྐྱེས་པའི་མི་བསྐྱོད་པའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་མངོན་པར་དགོངས། ་ཇི་སྲིད་དུའི་སྒྲ་ནི་རིགས་ཤེས་པ་འདིས་མཱ་མ་ཀཱི་དང་རེག་བྱ་རྡོ་རྗེ་མ་དག་ཀྱང་དགོད་པར་བསྟན་ནོ།། འཇམ་པའི་དབྱངས་དག་ཀྱང་རིགས་ཤེས་པའི་རྗེསུ་འཇོག་པར་བྱའོ།། ཇི་སྲིད་དུ་སྒྲའི་མཐར་ཞེས་པ་ནཱི། ཀླད་པ་མཐའ་དག་ལ་ཁྱབ ་པའི་རྣམ་པར་སྣང་མཛད་སྤྱན་མ་དང་ལྡན་པ་དགོད་པར་བྱའོ།། ཁའི་དཀྱིལ་འཁོར་ནི་མཐའ་དག་གོ།། དེར་ཡི་གེ་ཨཱཿལས་བྱུང་བའི་འོད་དཔག་ཏུ་མེད་པ་དེའི་ངོ་བོ་ཉིད་དགོད་པར་ཤེས་པར་བྱའོ།། ཇི་སྲིད་དུ་རྐང་པ་གཉིས་ཞེས་བྱ་བ ་ལ་སོགས་པས་རྐང་པ་གཉིས་ཀྱི་བརླའི་རྩ་བར་ཧ་ཡིག་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་རང་བཞིན་ནོ།། ལྟེ་བར་ཞེས་བྱ་བ་ལ་སོགས་པས་གནས་གསུམ་དུ་སྭཱ་ལས་བྱུང་བའི་རིན་ཆེན་དབང་པོའི་རང་བཞིན་ནོ།། གལ་ཏེ་ཡང་འདིར ་དབང་བཞིན་ནོ།། གལ་ཏེ་ཡང་འདིར་གནས་ངེས་པ་བྱས་པ་དེ་བཞིན་དུ་ཡང་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱིས་ལྔའི་བདག་ཉིད་ཅན་ནི། དེ་རྣམས་རེ་རེ་ལ་རིག་པར་བྱའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི། དེའི་དབུསུ་ཞེས ་པ་ཡེ་ཤེས་རྒྱ་མཚོ་ཡེ་ཤེས་ཐམས་ཅད་ཀྱི་ཆུ་གཏེར་ལྟ་བུ་རླབས་རྣམས་བསྐྱེད་པའི་གནས་སོ།། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་དོན་དམ་པ་གཉིསུ་མེད་པའི་བདག་ཉིད་ཅན་ནོ།། བདག་ཉིད་ནི་རྣལ་འབྱོར་པས་བདག་ཉིད་ཀྱི་རང ་གི་ངོ་བོས་ཏེ། དེ་བཞིན་གཤེགས་པ་རྣམས་ཞེས་གསུངས་པའི་ཕྱིར་རོ།། ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་བདག་ཉིད་བསྒོམས་ནས་མཁས་པས་ཏེ། རིགས་པས་གང་སླར་ཡང་འདིའི་ཞི་བ་རྡོ་རྗེ་འཛིན་པ་སྟེ། བསྡུ་བ ་དག་ཀྱང་རབ་ཏུ་བྱ་ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པའི་གནས་ནི་འདིར་འབྲེལ་ལོ།། སྤྲོ་བ་དང་བསྡུ་བ་ལ་གལ་ཏེ་འདོད་ན་ཞེས་གསུངས་པའི་ཕྱིར། གལ་ཏེ་བརྟན་པས་གང་ཡང་སེམས་སྤྲོ་བ་ལ་སོགས་པ་འདོད་པ་མེད ་པ་ན་དེ་ཉིད་དུ་སེམས་ངེས་པར་འཆིང་དུ་གཞུག་པར་བྱའོ།། ཞི་བ་རྡོ་རྗེ་འཛིན་ཞེས་པ་ནི་སྔར་མ་བཤད་པ་ཉིད་ཀྱི་ཕྱིར་དེ་བཤད་པའི་དབང་དུ་བྱས་ནས་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ།། ལུས་རྟེན་གྱི་དབང་དུ་བྱས་ནས ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་རྒྱ་མཚོ་ཞེས་པ་ནི། ཁྱད་པར་གྱི་ངོ་བོ་ནི་ཁྱད་པར་གྱི་བདག་ཉིད་ཅན་ཞེས་ཁྱད་པར་དུ་བྱེད་པར་འདིར་གྲངས་ལ་སྦྱར་བར་བྱའོ།། དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས ་པ་ཁྱད་པར་དུ་བྱེད་པའི་ངོ་བོ་ཁྱད་པར་དུ་བྱེད་པའི་བདག་ཉིད་ཅན་དེའོ།། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་རྐང་པ་ཉིད་སྦྲེལ་བའི་དོན་དུ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རང ་གི་ལུས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ནི་མཆོད་རྟེན་ནོ།། སྔར་བཤད་པར་ཞེས་པ་ནི་ལེའུ་བདུན་པར་གསུངས་པ་བཞིན་ནོ།། བསྐྱེད་པའི་རིམ་པ་ལ་བྱང་བ་ཞེས་བྱ་བ་འདིས་བསྐྱེད་པའི་རིམ་པ་ལ་གནས ་པས་ཀྱང་བ་སྤུའི་བུ་ག་དང་བར་ནས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱེད་དོ་ཞེས་པའི་མཐ་རེ་ཐུག་པའོ།། སྒྲ་ཇི་བཞིན་པའོ།། རྣལ་འབྱོར་པ་གཉིས་ཀའི་ཞེས་པ་ནི། བསྐྱེད་པར་དང་རྫོགས་པའི་རིམ་པ་དག་གི་རྣལ་འབྱོར་པས་སོ།། ་རིགས་ཀྱི་དབྱེ་བས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབྱེ་བོས་སོ།། ཛཱ་ཏི་ནི་ཛཱི་ཏཱིའི་མེ་ཏོག་གོ། རྣམ་པ་གསུམྦྷ་ནི་ལུས་ལོ་སོགས་པ་རྣམ་པ་གསུམ་གྱི་དབྱེ་བས་ཁ་དོག་གསུམ་དུ་བྱས་ནས་སོ།། དྲང་པོའི་དོན་ཏོ།། ཀརྞ ་ཀ་ར་ལ་སོགས་པ་རྣམ་པ་རེ་རོ་ཉིད། དབང་ཆེན་ལ་སོགས་པ་ནི་དྲལ་བ་ལ་སོགས་པ་དང་། ས་ཕྱོགས་ས་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་ལ་སྦྱར་བར་བྱ་བ་སྟེ་བསྒོམ་པར་བྱའོ།། ཅི་ལྟར་སྦྱར་བར་བྱ་ཞེས་ན། དངོས་མེད་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ལྷ་རྣམས་ཀྱི་སྐུར་སྦྱོར་བའི་རྒྱུ་ནི་དངོས་མེང་གོ་འཕངས་སྦྱོར་བ་ཞེས་གོ་རིམ་བཞིན་དུ་སྦྱར་རོ།། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དངོས་པོ་མེད་པས་འགོག་པའི་ཡན ་ལག་དེ་ཉིད་གོ་འཕང་སྟེ་གནས་ཡེ་ཤེས་ཀྱི་སྐུའི་སྐྱེད་པའི་རྒྱུའོ།། དབང་ཆེན་ལ་སོགས་པ་ནི་གང་ལས་འབྱུང་བར་འགྱུར་བ་དེ་ལས་སྦྱར་བར་བྱའོ་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་དེ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དུས ་ཞེས་པ་སྒྲ་ཇི་ལྟ་བར་མངོན་པར་ཞེན་པའོ།། དངོས་གྲུབ་ཅེས་པ་ནི་བཤད་མ་ཐག་པའི་རྫོགས་པའི་རིམ་པའི་ངོ་བོའི་དངོས་གྲུབ་མ་ཐོབ་པར་གྱུར་པའོ།། ཅི་བྱས་པས་ཞེ་ན། སྐལ་མིན་ནས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད ་སྨོད་པའོ།། ཅིར་འགྱུར་ཞེ་ན། དེ་བཞིན་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཅེས་པ་ནི་ལས་དང་པོ་པས་ཏེ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། གསུངས་པ་ཡང་འགྲོ་བ་འདི་ཀུན ་སངས་རྒྱས་མངའ་བདག་ཉིད་ཞེས་སོ།། སངས་རྒྱས་རྣམས་ལ་སྨད་པའི་འབྲས་བུ་བསྟན་པའི་ཕྱིར། སྐུད་པར་གྱུར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་ནས་གཞན་ཏེ་དམྱལ་བ་ལ་སོགས་པ་གཞན་དེ་དག་ཏུ་འགྲོ་བར ་འགྱུར་རོ་ཞེས་བྱ་བའི་དོན་ནོ།། དེའི་ཕྱིར་སྒྲ་ཇི་བཞིན་པར་གསུངས་པའི་དོན་ལ་མཁས་པ་བསྐྱེད་པའི་རིམ་པས་དགོངས་པ་དང་ལྡེམ་པོར་དགོངས་པ་ཡོངསུ་ཤེས་པ་ལ་འབད་པར་བྱའོ།། བདག་ཉིད་སྨད་པ་ནི་ཐམས་ཅད་ཀྱི་ཚེ་རྣམ ་པ་ཐམས་ཅད་དུ་མི་བྱའོ་ཞེས་ངེས་པར་དགོངས་སོ།། ངེས་པའི་དོན་ཏོ།། གསང་བ་ལས་སྐྱེས་པས་དབང་བསྐུར་བ་ནི་གསང་བའི་དབང་གིས་ངག་གི་དྲི་མ་འཁྲུད་པར་བྱེད་པའོ།། དེའི་དོན་གྱི་དཀྱིལ་འཁོར་ནི་གསང་བའི་དབང་བསྐུར ་བའི་དཀྱིལ་འཁོར་རོ།། ངོས་རེ་རེ་ཞིང་ཞེས་པ་ནི་དཀྱིལ་འཁོར་གྱི་ལྟེ་བར་བཙུགས་པའི་ཕུར་བུ་ནས་བརྩམས་ནས་ངོས་རེ་རེ་ལ་དཔག་ཚད་ཉི་ཤུ་རྩ་ལྔ་པའི་ཐིག་ལ་དཔག་ཚད་བརྒྱ་པའི་དཀྱིལ་འཁོར་དུ་འགྱུར་རོ།། 1 ་བར་མཚོན་པས་ཞེས་པ་ནི་རྒྱུ་ལ་འབྲས་བུས་བཏགས་པའི་ཕྱིརརོ།། ཡིད་ཀྱིས་ཞེས་བྱ་བ་འངས་ཡིད་ཀྱི་དཀྱིལ་འཁོར་ཡང་གསང་བའི་དབང་བསྐུར་བའི་ཕྱེདུ་བྱའོ།། ཞེས་བསྟེན་ཏོ།། ཤརརཱ་ལ་སོགས་པའི་ཕྱོགསུ་ཞེས་པ་ནི། རྣམ་པར་སྣང ་མཛད་ཀྱི་དཀྱིལ་འཁོར་ལ་བལྟོས་ནས་ཤཪྵ་ལ་སོགས་པའི་རོ།། དུས་ཐམས་ཅད་བག་ཡོད་པས་ཞེས་པ་ནི། ལྷ་རྣམས་དགོད་པ་ལ་དྲན་པ་མ་རྗེད་པའོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་བཤད་པའི་དཔེས། དཔེ་ཅན་དཀྱིལ་འཁོར་གཞན ་སྟོན་པར་བྱེད་དོ།། དེ་བཞིན་དུ་ཞེས་པས་དཀྱིལ་འཁོར་གཞན་ཉེ་བར་བསྟན་ནོ།། ཆོ་ག་ཞེས་ཤེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་དང་། ཡིད་ཀྱི་དཀྱིལ་འཁོར་བསྒོམ་པ་ལ་མཁས་པའོ།། མཆོད་རྟེན་ཞེས་བྱ་བ་ནི་དེ་བཞིན་གཤེགས ་བའི་གནས་ཡིན་པ་ཉིད་ཀྱིས་ཏེ། རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་ཡིན་པ་བཞིན་དུ་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་མཆོད་རྟེན་དང་འདྲ་བའོ།། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཞེས་པ་ནི། ལེའུ་བཞི་པར་གསུམ ་བའི་དོན་དེ་ནས་བཤད་བགྱི་བ་ཞེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཞིང་ངོ་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། པདྨ་རཱ་ག་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་ཨིནྡྲ་ནཱི་ལ་དང་། ཤོལོ་དང་གསར་དང་། མ་ར་ཀ་ཏ་ལ ་པ་བསྡུས་སོ།། དར་དང་བལ་ལ་སོགས་པ་ཞེས་པ་ནི་འདབ་མ་ལས་བྱུང་ཞིང་སྐྱེས་པ་ནི་དར་ལ་སོགས་པའོ།། བལ་ནི་ལུག་ལ་སོགས་པའི་སྤུ་ལ་སོགས་པ་ལ་བྱས་པ་ཡིན་པའི་ཕྱིར་དར་དང་བལ་ལ་སོགས་པ་ཞེས་བརྗོད་པར་བྱའོ།། མིག་གི ་དབང་པོའི་ཡུལ་བསྟན་ནས་ཞེས་པ་ནི། བཛྲ་རཱ་ག་ལ་སོགས་པ་རྣམས་མིག་གི་ཡུལ་ཡིན་པའི་ཕྱིར་རོ།། སོགས་པའི་སྒྲ་ལས་རེག་པའི་དབང་པོ་གཞན་རྣམས་གསུངས་པོ་རྣ་བ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ཅེས་པ་ལ་སོགས ་པ་ནི་རྙོག་མའི་དྲི་མི་ཞེས་ཏེ། རྙོག་མཱ་ནི་རྩོད་པའི་དུས་སུ་ཉེ་བར་བསགས་པའི་སྒྲིབ་པ་ནི་རྙོག་མོའི་དྲི་མའོ།། དེ་འཁྲུད་བར་བྱེད་པ་ནི་སེལ་བར་བྱེད་པས་སོ།། ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་ཡེ་ཤེས་འདུ་བར་བྱེད་པའི ་རྒྱུ་ཡིན་པའི་ཕྱིར་རོ།། དབང་བསྐུར་བ་ཉིད་ནི་བྱང་ཆུབ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ།། མཆོད་པ་རྣམ་ལྔ་ཞེས་པ་ནི་ཉེ་བར་སྡུད་པར་བྱའོ།། ཉེ་བར་དབུལ་བར་བྱའོ་ཞེས་པ་ནི་མཆོད་པ་སྟེ། ལྔ་ཡང་དེ་ཡིན་ལ་མཆོད་པ་ཡང་དེ ་ཡིན་པས་མཆོད་པ་རྣམ་པ་ལྔའོ།། མེ་ཏོག་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་བདུག་པ་དང་། མར་མེ་དྲང་དྲྀ་བྱུག་པ་རྣམས་གཟུང་བར་བྱའོ།། མེ་ཏོག་ལ་སོགས་པས་ཁྱད་པར་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར་དེ་རྣམས ་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་པ། ལང་ཚོ་མ་ཉམས་པ་ནི་ལང་ཚོ་ཉམས་པ་ཡིད་དུ་མི་འོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། མཆོག་ཅེས་བྱ་བ་ལ་སོགས་པ་ནི་ཟུང་འཇུག་བཤད་དོ།། རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན ་ཡིན་པ་ཉིད་ཀྱི་ཕྱིར་བླ་མ་ཞེས་བྱ་བ་ལ་སོགས་པ་གསུངསོ།། འབྲས་བུ་ཐ་མལ་པ་ནི། བསྐྱེད་པའི་རིམ་པའི་འབྲས་བུ་འགྲུབ་པ་དང་། ཕྲ་མོའི་དངོས་གྲུབ་ལ་སོགས་པ་གྲུབ་པའོ།། སངས་རྒྱས་ཉིད་ནི་ཡོངསུ་དག་པའོ།། ་འདི་ཉིད་ལ་ཞེས་སྤྲུལ་པར་བསྟན་པའི་དོན་དུ་གསུངས་སོ།། འབྲས་བུ་དྲོན་དུ་གཉེར་བས་ནི་སྦྱིན་པ་ལ་འཇུག་ཐོས་པས་འབྲས་བུ་དང་པོར་བཤད་ནས་དེའི་རྒྱུ་སྦྱིན་པ་འགྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངསོ།། མཐར་ཐུག་པའི ་ཡེ་ཤེས་དང་ལྡན་ཞིང་ཞེས་བྱ་བ་ནི། ངལ་བས་སངས་རྒྱས་པ་ལ་གཉིསུ་མེང་པའི་ཡེ་ཤེས་སོ་སོ་རྟོག་པའི་གདོན་མི་ཟ་བར་འགྱུར་རོ་ཞེས་མངོན་པར་དགོངས་པས་མཐར་ཐུག་པའི་ཡེ་ཤེས་དང་ལྡན་ཞེས་མངོན་པར་བརྗོད་དོ།། ་མོ་གི་ཆོ་ག་གསུངས་པ། བསམ་གཏན་གྱིས་ཀྱང་ཞེས་བྱ་བ་ལ་སྩོགས་པཱ་སྭཱ། བདག་པོའི་ཞེས་བྱ་བ་ལ་སོགས་པས་འབྲས་བུའི་དབ་ལཱས་བདག་པོ་རྣམས་དམྱིགས་པ་ལའོ།། རྡོ་རྗེ་འཆིང་ཆེན་པོ་དང་ལྷ་ཐམས་ཅད་ལ ་དམིགས་པ་ལ་ཐམས་ཅད་དབུལ་བ་མ་ཡིན་ནོ་ཞེས་སྟོན་པོར་བྱེད་དོ།། དེ་བཞིན་གཤེགས་པའི་འཁོར་ལོའི་དབུས་སུ་ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར།། ་གང་གི་ཞེས་པ་ནི་ཚོགས་ཀྱི་དཀྱིལ་འཁོར་ལ་གནས་པ་རྣམས་དང་། དཀྱིལ་འཁོར་གྱི་དབང་ཕྱུག་གི་སྐུ་ལ་གནས་པ་རྣམས་སོ།། བཀོད་པའི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་ཕུང་པོའོ།། ཉོན་མོངས་པ་ཞེས་པ་ནི། འདིར་ཉོན་མོངས ་བ་འདོད་ཆགསོ།། དེ་རྣམ་པར་དག་པའི་ནི་འོད་གསལ་ལོ།། དེ་མངོན་དུ་བྱེད་པའི་ཐབས་ཉིད་ཡིན་པའི་ཕྱིར། འདི་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་སྦྲེལ་ལོ།། ཁུ་བ་བླངས་ནས་ཞེས་པ་ནི་མཐེ་བོང་དང་མིང་མེད་དག་གིས་སོ།། བླ་མས་བྱིན་པ ་བླངས་ནསོ།། ཁ་ཡིས་ཞེས་པ་ལ་སོགས་པ་ནི་སློབ་མའི་བྱ་བའོ།། གཞན་འགའ་ཞིག་ཏུ་མཐེ་བོང་མིང་མང་དག་གིས་རྡོ་རྗེ་ཉིད་བཙིར་ནས་སྦྱིན་པར་བྱའོ།། དེ་ཉིད་ཀྱིས་ཞེས་པ་འགའ་ཞིག་ཏུ་ཀ་ཀོ་ལར་ལྟུང་བ་གང་ཡིན་པ་དེ་བཀྲ་ཤཱི ་ཀྱི་ཚིགསུ་བཅད་པ་ནི་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་དྲུག་ཀླུའི་བློ་འི་ཞབས་ཀྱི་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར་གསུངས་པ་ལ། ཚོགསུ་བཅད་པའི་སྒྲས ་བརྗོད་པར་བྱའོ།། ལུས་བསྐམས་པ་ནི་གཟུགས་གཅིག་པུ་དང་ལྡན་པའོ།། གང་གི་ན་གསུངས་པ། རྒྱལ་བ་རྣམས་ཀྱི་ཞེས་ཏེ། རྒྱལ་བ་མཐའ་དག་གི་གཟུགས་གཅིག་པུར་ལུས་བསྐམས་པའོ་ཞེས་མངོན་པར་དགོངསོ།། དབང ་བསྐུར་བ་ཞེས་པ་ནི་སློབ་པར་བྱེད་པའོ།། སྤྱི་བོར་དྲི་མེད་སངས་རྒྱས།། རིན་པོ་ཆེའི་ཆར་ནི་རབ་ཏུ་འཇུག་པ་གང་ཡིན་པ་དེ་རྣམས་ནི་དེ་བཞིན་དུའོ།། རྣམ་དག་ཅེས་པ་ལ་སྔོགས་པའི་རྒང་པ་ནི་འདི་དག་གི་ཁྱད་པར་རོ།། སྔགས ་ཀྱི་དངོས་གྲུབ་བྱེད་པ་ནི་སྦྲུལ་ལ་སོགས་པ་འི་སྔགས་རྣམས་ངག་གི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིརརོ།། གསང་བའི་དབང་བསྐུར་བ་ནི་དེ་དག་དྲི་མ་འཁྲུད་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། ངག་རྣམ་པར་དག་པ་ནི་གང ་ཇི་ལྟར་བརྗོད་པ་དེ་བཞིན་ཉིད་དུ་འགྱུར་རོ།། དེ་བཞིན་དུ་གང་ཕྱི་རོལ་དྲང་སྲོང་ངམོད་པའི་མངས།། ཆེན་པོ་རྣམས་ཀྱང་བཙམ་ཞེས་ཐོས།། གང་ཡང་འདིར་ནི་ངག་དྲག་པ།། དངོས་གྲུབ་བྱེད་པའི་ཚིག་མི་འགྱུར ་ཞེས་སོ།། བྱ་བའི་རྒྱུད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས། རྟོག་པ་དང་སྤྱོད་པ་ལ་སོགས་པའི་རྒྱུད་རྣམས་བསྡུསོ།། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་སྦྱང་བར་བྱེད་པ་ཉིད་ཡིན་པའི་ཕྱིར། མི་འཇིགས་པའི་ཞེས ་བྱ་བ་ལ་སོགས་པ་གསུངས་པ་ཡང་ཐོག་མར་རྣམ་པར་དག་པའི་གནས་མངོན་དུ་བྱེད་པ་འི་ཐབས་ཉིད་ཡིན་པའི་ཕྱིར་ཞེས།། སྒྲ་ཇི་བཞིན་པའོ།། །། རྨད་དུ་བྱུང་བ་ཞེས་པ་ནི་སྔོན་མ་བྱུང་བ་བྱུང་བ་ནི་རྨད་དུ ་བྱུང་བའོ།། འགལ་བའི་ཚིག་གིས་ངེས་པ་དང་དྲང་བ་དང་ངེས་པའི་དོན་དག་གི་དུས་ཚིག་ལྟ་སྟོན་པར་བྱེད་པའོ།། དེའི་བྱ་བ་ནི་དྲིན་རྫོགས་པར་བྱེད་པའོ།། ནམ་མཁའ་བཞིའི་བདག་ཉིད་ཅན་ཉིད་ཀྱིས་ནི་སྟོང་པ་བཞིའི་བདག་ཉིད ་ཅན་གྱིས་ཡེ་ཤེས་ཀྱི་སྐུ་ནི་ཐམས་ཅད་ན་མཁའོ།། དེ་ཉིད་ཀྱི་ཕྱིར་མི་འགྱུར་ཆེ་སྟེ། ཆེན་པོ་ཡང་དེ་ཡིན་ལ་མི་འགྱུར་བ་མི་འཇིགས་པ་ཡང་ཡིན་ཞེས་པས་མི་འགྱུར་ཆེ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བའི་ཕྱིར། ་ཞེས་པའི་དོན་ཏོ།། བྱ་བོའི་རྒྱུད་ལ་སོགས་པ་ཞེས་བྱ་བའི་སོགས་སྒྲ་ལ་སྤྱོད་པ་དང་གཉིས་ཀའི་རྒྱུད་དུ་གསུངས་པའི་སྤྱོད་པ་རྣམས་ཡོངསུ་བཟུང་ངོ་།། དུས་གསུམ་དང་ཡང་དག་པར་བྱུང་བའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད ་ཡིན་པའི་ཕྱིར། བསྔགས་པ་གསུངས་པ། དུས་གསུམ་པའི་ཞེས་པ་ལ་སོགས་པའོ།། བསྒོམ་པར་བྱ་ཞེས་བྱ་བ་འདིས་འདིར་བསྒོམ་པ་གཙོ་བོ་ཡིན་གྱི་ལག་པའི་རབ་ཏུ་སྦྱོར་བ་ནི་མ་ཡིན་ནོ།། རྡོ་རྗེ་གསང་བ་འདི་ཉིད་ཀྱིས་ནི། རབ་ཏུ ་གསལ་བའི་མི་བསྐྱོད་པའི་ཏིང་འཛིན་གྱིས་སོ།། སེམས་ཅན་ཐམས་ཅད་ཅེས་པ་བདག་མ་ཡིན་པ་ཉིད་ངོ་།། མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་རྒྱལ་བའི་སྲསུ་ནི་མི་བསྐྱོད་པའི་རྒྱུད་ངུའོ།། སྐྱེ་བ་དང་འགག་པས་དམིགས ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་འདིར་རང་དབང་སྤངས་པའི་ཕྱིར་འདིར་གསུངས་པ་ཞེས།། གཞན་དུ་ཞེས་པ་ལ་སོགས་པས་བྱ་བ་མ་ཡིན་པར་བྱེད་དོ།། མ་རིག་པ་ཞེས་བྱ་བ་ལ་སོགས་པས་ནི། མི་ཤེས་པ་ནི་ཕ་རོལ་གྱི་རྫས ་འགུགས་པའོ།། དེར་ཐར་པོ་རབ་ཏུ་སྒྲུབ་པ་སྟེ། ཐར་པ་རློབ་ཏུ་གྲུབ་པར་འཆད་པར་འགྱུར་བའི་རིམ་པས་སོ།། སེམས་ཅན་གྱི་རྒྱུ་དུ་ཞེས་བྱ་བ་ལྀ་སོགས་པ་འཆད་པར་འགྱུར་རོ།། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ ་ཡང་སངས་རྒྱས་ཐམས་ཅད་མི་རྟག་ཅེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིརརོ།། སྒྲུབ་ཐབས་ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས་ཞེས་པ་ནི་ཉེ་བར་མཚོན་པའོ།། དེས་ཞེས་བྱ་བ་ནི་རིན་ཆེན་ཀུན་གྱི་སྦྱོར་བའི་རྒྱུད་ངས་སོ།། འདིའི ་དོན་གསུངས་པ་གང་དང་གང་ཞེས་བྱ་བ་ལ་སོགས་པའོ།། སྐུ་ཞེས་བྱ་བ་ལ་སོགས་པའི་དོན་འཆད་པར་བྱེད་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། བ་སྥུ་ཞེས་བྱ་བ་ལ་སོགས་པས། སྐུའི་བྱ་བ་བསྒོམ་པའོ།། གསུང་གི་རབ ་ཏུ་སྦྱོར་བར་སྒོམ་པར་བྱེད་པ། རང་གི་ལྕེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཡིད་ཀྱི་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་རབ་ཏུ་སྦྱོར་བ་སྟེ། སྐུ་དང་གསུང་གི་རབ་ཏུ་སྦྱོར་བ་དག་ཀྱང་ཡིད་ཀྱི་བྱ་བ་ཡིན་པའི་ཕྱིར ་སྐུ་དང་གསུང་དང་ཐུགསུ་རྣམ་པར་བསྒོམ་པར་བྱའོ་ཞེས་གསུངསོ།། འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་མཚུངས་པར་བརྗོད་པར་རྒྱས་པར་བྱ་ཤད་།། འགུགས་པའི་དྲི་མ་ཐག་ཏུ་གང་གིས་བྱས་པ་དེའི་ཚེ་དུ་བླ་ན་མཽད་པའི ་བསོད་ནམས་ཀྱི་ཞིང་གི་ཕྱིར་ནོར་སྦྱིན་པ་ལ་ངེས་པར་སྦྱར་བ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་མར་གསུངས་པ་ཡང་བདག་གི་ཡོ་བྱད་བྱེད་པ་གང་ཡིན་པ་དེ་ཕྲོགས་ན་དེ་སྦྱིན་པ་སྦྱིན་པར་གྱུར་ཅིག། བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པ་ཡོངསུ་རྫོགས་པར་འགྲོ་བྱར་འགྱུར་རོ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ནོར་གྱི་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ཡང་ལེགས་པར་གནས།། རྫས་ཀྱི་བདག་པོ་གང་ཡིན་པ་གང་གི་རྫ་སོ་ཕྲོག་པའོ།། ཕྱིས་དེ་བཞིན་གཤེགས་པར་འགྱུར་རོ། ་ཞེས་པ་ནི་གསུངས་པ་ཡང་ཐོག་མར་སངས་རྒྱས་བྱང་ཆུབ་སྐྱེད་པོ་པོ་ཞེས་བྱ་བ་ལ་སོགས་པའོ།། མི་བསྐྱོད་པ་ལ་སོགས་ཞེས་པའི་སོགས་པའི་སྒྲ་ལས་རིན་ཆེན་དབང་པོ་ལ་སོགས་པ་གསུམ་གཟུང་ངོ་།། བཞི་པོ་འདི་རྣམས་ཀྱིས ་དཀྱིལ་འཁོར་དུ་རིགས་ངེས་པ་རྣམས་ཀྱང་། རི་གོས་རེ་རེ་ལོའང་ཆིང་མེད་པོ་ཉིད་ཡིན་པའི་ཕྱིར་རིགས་ཀྱི་རྒྱ་མཚོའི་དབུས་སུ་ཞེས་གསུངས་ཏེ། གཏི་མུག་ཞེས་བྱ་བ་ལ་སོགས་པས་ལྷའི་འཁོར་ལོའི་ཞེས་པ་འདིར་རྒྱ་མཚོ་རབ་ཏུ་སྦྱར ་བའི་ཕྱིར་དཀྱིལ་འཁོར་ལ་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན། སྤྱན་མ་ལ་སོགས་པའི་ལྷའི་འཁོར་ལོ་དྲི་ཉིད་འདིར་གསུངས་སོ་ཞེས་རྟོགས་པར་བྱའོ།། གསུངས་པ་འདིའི་དགོངས་པ་འདི་ཡིན་ཏེ་སྤྱན་མ་ལ ་སོགས་པ་རྣམས་ཀྱི་རྫས་འགུགས་པ་དེ་ཉིད་བྱའོ་ཞེས་བྱའོ།། དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་འབྱུང་བར་སྦྱར་བར་བྱའོ།། དེ་ཉིད་ཅེས་པ་ནི་དྲུག་པ་ཉིད་དོ།། རང་གི་རང་བཞིན་བསྒྱུར་བས་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པ་རྣམས ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་དེའི་ཕྱིར་དེ་དག་བསྒྱུར་བས་རྣམ་ཤེས་ལས་དེའི་རྣམ་པ་འཛིན་པ་ཉིད་ཀྱི་ཕྱིར་རྣམ་ཤེས་མེ་ལོང་ལྟ་བུ་དའི་ནང་དུ་གཟུགས་པ་རྙན་ལྟ་བུ་དང་། མངོན་པར་ཞན་པའི་ཕྱི་གས་པར་བྱེད་དོ་ཞེས་བརྗོད་པར་བྱའོ།། གཟུགས་ལ ་སོགས་པའི་ཆགས་པའི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ།། དེ་བས་ན་ཞེས་པ་ནི་འདོད་ཆགས་ཉམ་སུ་མྱོང་བ་ཉིད་ཀྱི་སོ་སོ་ཐར་པ་འདོད་པ་རྣམས་ལ་ཡིན་གྱི་གཞན་རྣམས་ལ་མ་ཡིན་ནོ།། དམ་ཚིག་གི་འཁོར་ལོ་ཞེས ་པ་ནི་དམ་ཚིག་འདོད་ཆགས་ཏེ། དམ་ཚིག་དེ་རྫོགས་པར་བྱེད་པ་ནི་འཁོར་ལོའོ།། འོད་དཔག་མེད་གཙོ་བོར་གྱུར་པས་དཀྱིལ་འཁོར་གྱི་འཁོར་ལོའོ།། བུད་མེད་དང་སྐྱེས་པ་ལྟ་བུ་རྣམས་ནི་འཆད་པར་འགྱུར་བའི་གནས་ཡོངསུ་གྱུར་པའོ། ་སྐྱེས་པ་རྣམས་ཞེས་བཤད་པར་བྱ་བ་མ་ཡིན་བུད་མེད་ཀྱི་གཟུགས་ཀྱིས་ཡོངསུ་གྱུར་པར་འདོད་པ་ཉིད་ནི་མ་ཡིན་ནོ་ཞེས་ན་བུད་མེད་རྣམས་ཀྱང་ཁྱད་པར་དུ་ཡོངས་སུ་གྱུར་པར་བྱེད་ཀྱི་དང་པོ་ནས་ཡོངས་སུ་གྱུར་པར་འདོད་པ་བཞིན་པ་མ་ཡིན ་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་བཞི་ཞེས་པ་ལ་སོགས་པ་གསུངས་པ། རྣལ་འབྱོར་དང་རྗེསུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའོ།། སྟོང་པ་ཉིད་ལ་ཞུགས་ནས་ལངས་ཏེ། རིགས་ལྔ ་དགོད་པར་བྱས་ནས་བྱིན་གྱིས་བརླབས་ཏྱཻ། རྡོ་རྗེ་དང་པདྨ་འདུས་བྱ་བ་ཡང་བྱས་ནས། དེ་ལྟར་སྒོམ་པ་གང་ཡིན་ཝཱ་ན། དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་སུམ་ཅུ་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་བུད་མེད་ལ་སྣ་ཚོགས ་དགའ་བའི་བྱ་བ་བྱེད་ཅིང་བུད་མེད་སྣ་ཚོགས་ལ་རོལ་པས་མཉམ་པ་ཉིད་དུ་དམིགས་པའི་ཕྱིར་དང་། དེའང་སྐད་ཅིག་གཅིག་ཙམ་ཉིད་ཡིན་པའི་ཕྱིར། སྐད་ཅིག་གཅིག་ཉེ་བར་ལོངས་སྤྱོད་པར་བྱའོ་ཞེས་བརྗོད་།། སྒྲུབ་པ་པོ་ཐམས་ཅད་ནི་འདོད ་ཆགས་ཀྱི་རིགས་ཅན་རྣམས་ཀྱིའོ།། སྤྲུལ་པའི་སྐུ་ལ་དམིགས་ནས་ཡུལ་ཉམསུ་མྱོང་བའི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ཆོས་ཀྱི་སྐུ་ལ་དམིགས་པའི་ཕྱིར། དེའི་འོག་ཏུ་ཡ་རིང་ལྡང་བའི་ཕྱིར་ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ ་ལ་སོགས་པ་གསུངསོ།། དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པ་ཞེས་བྱ་བ་ལ་སོགས་པོ་གསུངསོ།། དེ་ཉིད་ནི་དྲུག་པ་ཉིད་དོ།། དེ་ཉིད་གནས་པར་ཞེས་པ་ནི། སྒྱུ་མ་ལྟ་བུ་ལ་གནས་པ་སྒྱུ་མ་ལྟ་བུ་རྣམས་ཞེས་པའི་དོན་ནོ།། རྒྱལ་བ་ཀུན་གྱི་ཞྭ ་པ་ནི་ཡོངསུ་རྫོགས་པའོ།། དེ་བཞིན་དུ་རྒྱལ་བ་ཐམས་ཅད་ཀྱི་གནས་ཞེས་པ་ནི་འཆད་པར་བྱེད་པ་རྒྱལ་བ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ནི་ལོང་ཀར་གཤེགས ་པའི་སྙིང་པོ་བཅོམ་ལྡན་འདས་ཀྱི་སྔགས་ཏེ། དེ་ཡང་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་གདོད་ནས་དག་པ་ཉིད་རྗེ་སུ་སྔག་སོ།། མཚན་སུམ་ཅུ་རྩ་གཉིས་འཆང་བ། ཐམས་ཅད་ཀྱི་ལུས་ཀྱི་ནང་དུ་སྟོན་པ། རིན་པོ་ཆེ་རིན་ཐང་ཆེན ་བོ། གོས་དྲི་མ་ཅན་གྱིས་ཡོངསུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངསུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངསུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་དང ་བརྟན་པ་དང་། ཐེར་ཟུག་པར་གསུངས་ནས། བཅོམ་ལྡན་འདས་དེ་ཅི་ལྟར་མུ་སྟེགས་བྱེད་པ་བདག་ཏུ་སྨྲ་བ་དང་། འདི་ཇི་ལྟར་སྨྲ་བ་མ་ལེགས་བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་། རྟག་པར་བྱེད་པ་པོ། ཡོན་ཏན་མེང་བ། ཁྱབ ་བདག། མི་འཇིགས་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ། དེའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ ་འོན་ཀྱང་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། སྐྱེ་བ་མེད་པ་དང་། མཚན་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ར་ཉེ་བར་བསྟན་པར་བྱས་ན ་བྱིས་པ་རྣམས་བདག་མེད་པས་འཇིགས་པའི་གནས་ཡོངས་སུ་སྤངས་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་སྟོན་པར་བྱེད་དོ་ཞེས་པས་སེམས་ཅན་རྒྱལ་བའི་གནས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ།། ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་སྒྲ་ནི་ཉེ་བར་ལྡན་པ་མ་ཡིན་པའི་ལས་རྣམས་ལ་འཇུག་པ་ཉིད་བཤད་དོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ནི་རྟེན་པ་དང་གཡོ་བའོ།། ་ཚིག་བརྗོད་པར་བྱ་ཞེས་པ་ནི་བརྫུན་དུ་སྨྲ་བོས་འདུལ་བ་རྣམས་འགུགས་པའི་དོན་དུའོ།། བསྒོམ་མོ་ཞེས་བྱ་བ་ནི་སྒྱུ་མའི་དོན་དུ་གསུངས་པ་རྣམས་ཀུན་ནས་ཀུན་ཏུ་རྟོགས་པར་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་ཡང་གསུངས་པ་ཞེས་པ་ནི་བདེན ་པ་གཉིས་ལ་འཇུག་པའོ།། གཉི་སུ་མེང་བའི་ཡེ་ཤེས་ནི་སྒྱུ་མ་ལྟ་བུ་སྟེ་སློབ་དཔོན་རྡོ་རྗེ་འཛིན་པ་དང་སྟོན་པ་པོ་ཡང་ངོ་།། བརྫུན་དུ་སྨྲ་བ་ནི་སྒྱུ་མ་ལྟ་བུ་ཉིད་དུ་བཤད་པའོ།། དེ་ཉིད་ཅེས་པ་ནི་དྲུག་པའོ།། དེ་རྡོ་རྗེ་གསུམ་གྱི་དངོས་པོ་ཉིད ་ཐ་དད་མ་ཡིན་པ་ཡང་སོ་སོ་སོ་སོར་བྱ་བ་དང་ཐ་སྙད་བརྟ་རྫོགས་པ་ཞེས་པ་ནི་དབྱེ་བའོ།། མི་བྱེད་པས་ནཱི་ཞེས་བྱ་བ་ལ་སོགས་པའོ།། ག་ཡིན་པ་ཞེས་པ་དྲུག་པའོ།། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དུས་གསུམ ་དུ་བཞུགས་པ་རྣམས་སོ།། མི་ཕྱེད་པ་ཉིད་ལས་བདེན་པ་ཉིད་ཐ་མི་དད་པའི་ཕྱིར་རྡོ་རྗེའོ།། དེ་ལ་སོགས་པའི་ཚིག་གོས་ཞེས་པ་ནི། སོགས་པའི་སྒྲ་ལས། ཕྲ་མས་ཀུན་ཏུ་འབྱེད་པ་དང་། ཚིག་འཁྱལ་པ་དག་བསྡུསོ།། སེམས་ཅན་ཐམས ་ཅད་ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ།། སེམས་ཅན་བསྡུས་པའི་དོན་ལས་གཞན་དུ་ཚིག་རྩུབ་པོ་ལ་སོགས་པ་རྣལ་འབྱོར་པས་བརྗོད་པར་མི་བྱའོ།། དེ་བཞིན་དུ་འགྲོང་པའི་དུས་སུ་ཡང་ཇི་ལྟར་འབྱུང་བའོ།། རྡོ་རྗེ་འཆང་ཆེན་པོ ་མཉེས་པར་བྱ་ཞེས་པ་ནི། ངག་རྩུབ་མོ་ལ་སོགས་པས་སེམས་ཅན་སྡུད་པའི་ཕྱིར་རོ།། དེ་ལས་འདིར་དམ་ཚིག་ལྔའི་བཤད་པ་ལས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཡོངསུ་གྱུར་པར་གསུངས་པས་དྲུག་པ་ཡིན་གྱི་ལྔ་པོ་རྣམས་ནི་རྡོ་རྗེ ་འཆང་ཆེན་པོའི་གཟུགས་ཀྱིས་ནི་མ་ཡིན་ནོ།། དྲང་བའི་དོན་ནོ།། མ་འོངས་པོའི་གདུལ་བྱའི་འགྱོད་པ་བསལ་བའི་དོན་དུ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཞུ་བ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོངས་པའི་ཆོས ་གཅིག་པུ་ནི་མངོན་པར་དགོངས་པ་ཙམ་གྱིས་ཆོས་གཅིག་པོ་ནི་འདིར་སྟོན་པར་བྱེད་པ་ཡིན་པའི་ཕྱིར། དགོངས་པའི་ཆོས་གཅིག་པོ་མངོན་པར་བརྗོད་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའོ།། དེ་བཞིན་དུ ་གཅིག་ཅེས་བྱ་བ་ལ་སོགས་པ་ཞུ་བའོ།། མི་བསྐྱོད་པའི་དམ་ཚིག་གཅིག་པུ་ལས་བརྩམས་ཏེ་ཞུས་པ་མ་ཡིན་ནམ་དེ་ཅི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ལོན་གསུང་བར་བྱེད་ཅེ་ན། དེ་ཉིད་སྣ་ཚོགས་དོན་ལྡན ་ཞེས་གསུངས་ཏེ། ངོ་བོ་ཉིད་སྣ་ཚོགས་པའི་དོན་ནོ།། བཤང་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ནི་དེ་ཉིད་དོ།། དགོངས་པའི་དོན་ནི་འགལ་བའི་ཚིག་གི་དོན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ལན་གསུང ་ཏེ། སླར་ཞེས་པ་ནི་དགོངས་པ་ལུང་སྟོན་དུ་སྔར་གསུངས་པའི་ལན་གྱི་ཚིག་ལ་བལྟོས་ནས་སོ།། མི་བསྐྱོད་ཅེས་བྱ་བ་ལ་སོགས་པ་དགོངས་པའི་དོན་དུ་འཆད་པ་ནི། སྤྲུལ་པ་ནི་སྤྲུལ་པའི་ལུས་སོ།། དེ་རྡོ་རྗེར་འགྱུར་ཏེ། དེ་བཞིན་ཉིད་དང ་ལྷན་ཅིག་ཏུ་གྱུར་པས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ།། མ་རིག་པ་ནི་རྟག་ཏུ་རྟོགས་པ་མེད་པའོ།། དེའི་ཞེས་པ་སྤྲུལ་པ་སྟེ་འགྲོ་བའི་རྒྱུད་ཀྱི་ནང་དུ་གཏོགས་པའི་སྤྲུལ་པ་ཡིའོ།། དེ་ཉིད་ལག་པ་སྟེ་ཕྱག་ཡིན་ཏེ། ་བཞིན་གཤེགས་པའི་བརྡས་སོ།། ལག་པས་དེ་ལ་ཡེ་ཤེས་རང་བཞིན་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཕུང་སོགས་ཞེས་པ་ནི་སྤྲུལ་པའི་ལུས་སུ་སྐྱེས་པའོ།། དུས་གསུམ་ཞེས་པ་ནི་དུས་གསུམ་པ་སྟེ། དུས་གསུམ་པ ་ཡང་ཕུང་པོ་ལ་སོགས་པ་ཡོངསུ་རྫོགས་པས་འབྱུང་བའི་ཕྱིར་རོ།། རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་ལས་སྐྱེས་པའོ།། ཕྱེ་མཱ་ར་བརླགས་པ་ནི། རྣམ་པར་འཇིག་པའོ་ཞེས་འཆད་པར་འགྱུར་རོ།། འོད་གསལ་བའི་བདག ་ཉིད་ཅན་གྱི་ཆོས་ཀྱི་སྐུའི་རྡོ་རྗེ་ངེས་སོ།། འདི་ནི་ཞེས་པ་ཐ་མོལ་པའི་ཕུང་པོ་ལ་སྔོགས་པ་བཤིག་པའོ་ཞེ་སྡང་ཞེས་པ་ནི། རང་བཞིན་གྱི་ཕུང་པོ་དག་ཀྱང་ཕྱིར་ཕྱོགས་པར་བཤིག་པའི་མཐར་ཐུག་པ་སྟེ། ཞེ་སྡང་མི་བསྐྱོད་པའོ།། ། ་དེའི་རིགས་ཡིད་དུ་འོང་བ་ནི་འོད་ཟེར་ལྔས་བརྒྱན་མའོ།། མི་བསྐྱོད་ཡེ་ཤེས་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་ལྔ་པོའོ།། དེ་ཙམ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དེ་ལས་སྐྱེས་པ་ནི་རྡོ་རྗེ་ཆོས་ཀྱི་སྐུ་དེ་ལས་སྐྱེས ་བཟུང་འཇུག་གི་ངོ་བོའོ།། གསུངས་པའི་དོན་འདི་ཉིད་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངསོ།། མི་བསྐྱོད་པའི་དམ་ཚིག་བཤད་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་བཤད་པའི་ཕྱིར། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཕྱག་ན་རྡོ་རྗེ་ནི་བོང་པར་བྱེད་པའོ།། ཡེ་ཤེས་ཐར་པ་རབ་བསྒྲུབ་པ་ནི་ཡེ་ཤེས་ནི་ཛྙཱ་ན་ཏ། ཛྙཱ་རྟོགས་པ་ལའོ།། ན་དགག་པ་ལའོ།། དེས་ན་འདིར་དོན་ཤེས་པའི་དངོས་པོ་མང་ཅིང་མི་ཤེས་པ་མང་པ་རང་བནན། ་གྱི་འོད་གསལ་བས་སོ།། ཡེ་ཤེས་གསུམ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འོད་གསོལ་ལོ།། འཁོར་བ་དང་མྱ་ངནི་ལས་འདས་པ་དག་ལས་གྲོལ་བའི་ཕྱིར་ཡོང་སུ་དག་པའི་ཡེ་ཤེས་ཀྱི་སྐུ་ནི་ཐར་པའོ།། དེ་མཆོག་ཏུ་གྱུར་པས ་སྒྲུབ་པར་བྱེད་པ་སྟེ། སྒྲུབ་པར་བྱེད་པ་གཞན་ནི་ཐུན་མོད་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་འཆང་ཆེན་པོ་ནི་ཁྱད་པར་དུ་རང་བཞིན་ཏེ་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ནོ།། དེས་དག་པ་ནི་སྡིག་པ་དང་བསོད་ནམས་ངག་གིས་ཀུན་ཏུ ་འདྲིས་པ་མེད་པའི་ཕྱིར་མ་གོས་པའོ།། བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ།། དེའི་དོན་དུ་སྤྱོད་པ་ནི་མཆོག་ཏུ་གྱུར་པས་སྟོན་པར་བྱེད་པའོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའོ།། དམ་ཚིག་གི་དེ་ཁོ་ན ་ཉིད་གང་ཡིན་པས་དེ་བསྒྲུབ་པར་བྱ་བ་དེ་ནི་སྒྲུབ་པའོ།། ཆོས་ཞེས་བྱ་བ་ལ་སོགས་པ་དམ་ཚིག་གི་དེ་ཁོ་ན་ཉིད་འཆད་པར་བྱེད་དོ།། རིན་ཆེན་ཆོས་ནི་ཆོས་ཀྱི་སྐུའོ།། དེ་ལ་རབ་ཏུ་འཇུག་པས་ནི་སྤྲུལ་པའི་སྐུའོ།། རྡོ་རྗེ་སེམས ་དཔའ་ནི་ཡེ་ཤེས་ཀྱི་སྐུའོ།། རྣམ་པར་སྨིན་པ་ལས་བྱུང་བ་ནི་རྣམ་པར་སྨིན་པའི་ཕྱིར་དང་། ལས་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་བྱུང་བའོ།། སྤྲུལ་པའི་སྐུའི་གནས་སྐབས་ཀྱི་ཕུང་པོ་ལ་སོགས་པ་དེ ་རྣམས་འབྲོགས་པ་ནི་གསལ་བའོ།། དེས་ཞེས་པ་ནི་ཆོས་ཀྱི་སྐུའོ།། རྣམ་ཀུན་ཏུ་ཞེས་པ་ནི་མ་ལུས་པར་རོ།། དེ་ལྟ་བུར་གྱུར་པ་གླང་ཡིན་ཞེན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བྱུང ་ཆུབ་རབ་ཏུ་བསྒྲུབ་པ་ནི་ཡེ་ཤེས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པའོ།། ཡིད་བཞིན་ནོར་བུ་ལྟ་བུར་ནི། བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་ནུས་པ་ཉིད་ཡིན་པའི་ཕྱིར་དེ་དང་མཉམ་པའོ།། ནོར་གྱི་རྒྱ་མཚོ་ཡོངསུ་གང་ནི་ཡོ་བྱད་ལ་དབང་ཐོབ ་བའོ།། ཐམས་ཅད་ཉིད་ཀྱིས་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཀྱིས་སོ།། འདིའི་བྱ་བ་གང་ཞེ་ན། གཏི་མུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། འདོད་ཆགས་ཀྱི་དམ་ཚིག་གི་དབང་དུ་བྱས་ནས་སྒྱུ་མ་ཞེས་བྱ་བས་གསུངས ་པ། དེར་ནི་ཞེས་པ་སྒྱུ་མའི་སྐུ་ལའོ།། ཕུང་པོ་ལ་སོགས་པ་གང་བར་བྱ་ནི་ཤིན་ཏུ་རྣལ་འབྱོར་གྱི་རིམ་པར་སྤྲུལ་པའི་སྐུ་འཛིན་པར་བྱེད་པ་དེའི་ངོ་བོ་ཉིད་དུ་བྱའོ།། ཅི་ལྟར་ཞེ་ན། བཞི་ཞེས་བྱ་བ་ལ་སོགས་པ་ག་སུངས་ཏེ། བྱང་ཆུབ་ཀྱི ་ནི་ཚུལ་མཆོག་ནི་རིན་པོ་ཆེའི་གང་ཟག་གོ།། དེ་ཉིད་ཀྱི་ཕྱིར། ཀུན་རྫོབོ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ལས་དམ་པོའི་བདེ་བའི་སྤྱོད་པ་ལས་ཟུང་འཇུག་ཞེས་པ་ལ་སོགས་པར་སྦྱར་རོ།། དེའི་སྦྱོར་བ་ནི་བདེན་པ་གཉིས ་སྦྱོར་བ་སྟེ། དེ་ལ་མཉམ་གཞག་སྦྱོར་བ་ཡི་ནི་དེ་དག་སོ་སོར་རྟོགས་པའི་དོན་དུ་མཉམ་པར་གཞག་པའི་སྦྱོར་བ་ནི་དེ་ལ་མཉམ་གཞག་སྦྱོར་བ་སྟེ། དེས་སོ།། འདི་ཞེས་བྱ་བ་ལ་སོགས་པ་ནི་གཉི་སུ་མེད་པར་ཉམ་སུ་མྱོང་བ་འདི ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ་ཐམས་ཅད་རྟོགས་པ་རྣམས་ཀྱིའོ།། འདོད་ཆགས་ཆེན་པོའི་ཚུལ་མཆོག་ནི། དོན་ཆེན་པོ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིརརོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་སྣ ་ཚོགསོ།། སྐུ་ལ་སོགས་པའི་རྡོ་རྗེ་གཅིག་ཏུ་གྱུར་པའི་ཕྱིར་རྡོ་རྗེ་མི་ཕྱེད་གསུམ་མོ།། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རྒྱལ་བའི་བདག་ཉིད་དོ།། རྡོ་རྗེ་འཆང་གི་དངོས་གྲུབ ་ནི་རྡོ་རྗེའི་དངོས་གྲུབ་བོ།། དེའི་ཐབས་ཉེ་བར་སྟོན་པར་བྱེད་པ་ཡིན་པའི་ཕྱིར།། རབ་སྟོན་པས་སོ།། རྩུབ་དག་སོགས་པ་ཞེས་པའི་སྒྲ་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་རྣམས་གཞན་དུ་དམ་ཚིག་ལྔ་ཉེ་བར་སོང་ནས་བཞི ་བོ་རྣམས་ཀྱང་བཤད་དོ་ཞེས་པ་ནི་འགལ་བར་འགྱུར་རོ།། ཕུང་པོ་ལ་སོགས་མེད་སྟོན་ཚིག་ནི། འདིར་སོགས་ཀྱི་སྒྲ་ལས་ཁམས་ལ་སོགས་པ་བསྡུསོ།། དེ་དོན་ནི་ཕུང་པོ་ལ་སོགས་མེད་པའི་དོན་ནོ།། ཕུང་པོ་ལ་སོགས་པ་དངོས་པོ་མེད ་བའི་དོན་ལ་མ་བསླབས་པར་དངོས་པོ་མེད་པར་བརྗོད་པར་ཡང་། རང་གི་དོན་དང་གཞན་གྱི་དོན་ཅིའང་སྒྲུབ་པར་མི་ནུས་པ་མ་ཡིན་ནོ།། དེའི་ཕྱིར་གསུངས་པ། དེ་ལྟ་བུ་དེ་བསླབས་པས་ཞེས་སོ།། ཚིག་དང་ལྡན་ཞེས་པ་ནི་དྲུག་པའི་རྗེ་སུལོ ་ངོ་བོ་གང་ཡིན་ཞེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཕུང་པོ་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་བདག་པོ་ནི་དེ་རྣམས་སྐྱེ་བ་དང་ཟད་པ་དག་གི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ།། ་ཁམས་གསུམ་པ་ཞེས་པ་ནི་འདིར་ཁམས་ཞེས་པ་འདི་འཆད་པར་བྱེད་པ་འདི་གསུངས་པ། རང་གི་མཚན་ཉིད་ཅེས་པ་ལ་སོགས་པའོ།། སླར་ཡང་ཁམས་ཀྱི་དོན་ཅི་ཞེས་ན་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ལ ་སོགས་པ་གསུངསོ།། ཁམས་གསུམ་པའི་ཞེས་བྱ་བ་ལ་སོགས་པ་འདིའི་དོན་དེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། བཤད་པ་གཉིས་ཀ་ཕན་ཚུན་སྦྲེལ་བར་གསུངས་པ་དེ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་ཁམས་རྣམ་བ ་གསུམ་དུ་གསུངས་པས་ལྷན་ཅིག་སྦྱོར་བར་བྱེད་པ་དེ་ཉིད་ཀྱིས་ནཱ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་བཞིན་གཤེགས་པའི་སྤྱོད་པ་འདི་སླར་ཡང་ཅི་ཞེས་ན། འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པའོ།། སྤྱོད་པ་ཉིད་ཀྱི་བསྔགས་པ་ཞེས་པ་ནི ་དྲང་བའི་དོན་དང་དགོངས་པས་བཤོད་པ་དག་གོ། རྒྱལ་ཚན་རིས་བཞི་ལ་སོགས་པ་ཞེས་པ་ལ་སོགས་པའི་སོགས་ཀྱི་སྒྲ་ཁོས་མཚེ་མི་ལ་སོགས་པ་ལྔ་རྣམས་བསྡུས་སོ།། ཟིན་པའི་ཕུང་པོ་ལ་སོགས་པ་བདེན་པ་གཉིས་ཀྱི་རྣམ་པར ་དབྱེ་བའི་བར་མ་ཆད་པར་མ་ཟིན་པའི་དབང་དུ་བྱས་ནས་གསུངས་པ། དེ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། གང་ན་ཞེས་བྱ་བ་ལ་སོགས་པའི་ཚིག་ལས་གཟུགས་མེད་པའི་ཁམས་ན་གཟུགསོ།། དེ་ཉིད་ཀྱི་ཕྱིར་འདི་དག་གི་དོན་ལ་མེད ་ཅེས་མི་ལྡན་པའི་དོན་དུ་བཤད་དོ།། སྟེང་མངོན་པར་བརྗོད་པའི་དབང་དུ་བྱས་ནས་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མར་ཡང་ཐུན་མོང་དུ་བསྟན་པ་ཉིད་ཀྱི་ཡིན་པའི་ཕྱིར། རྒྱུ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ། ་ཕུང་པོ་ལ་སོགས་པ་རྣམསོ་ཞེས་པ་ནི་ཟིན་པ་དང་མ་ཟིན་པའོ།། རང་ལས་ཞེས་པ་ནི་རང་དབང་ལས་སོ།། བརྗོད་ཀྱིས་མི་ལང་བའི་ཡང་ཞེས་བྱ་བ་ནི་ལེའུ་དང་པོར་བཤད་ཟིན་ཏོ།། དམ་ཚིག་ལ་ཐེ་ཙོམ་ཟླ་བའི་སྒོ་ནས་ནི་སྔར་གསུངས་པའི་དམ་ཚིག ་ལྔ་པོ་དྲི་ཤེས་པ་ཐེ་ཚོམ་ཟ་བ་སྟེ་འཕགས་པ་མ་ཡིན་པའི་ལས་རབ་ཏུ་འཇུག་པ་དེའི་སྒོ་ནས་སོ།། །། ཐུན་མོང་ནི་མཆོག་མ་ཡིན་པ་བརྟགས་པའི་སྒྲུབ་ཐབས་སོ།། མཆོག་ནི་རྫོགས་པའི་རིམ་པའི་སྒྲུབ་ཐབ་སོ།། རང་གི་ལྷ་ནི་རང་གི ་རིགས་ཀྱི་ལྷ་ལ་སློབ་བཞིན་པའོ།། དང་པོ་ཞེས་པ་ནི་དེར་གསུངས་པའི་འདུས་པར་འགྱུར་ནས་ཞེས་པར་སྦྱར་བར་བྱས་ནས་སོ།། སྙིང་པོ་ནི་ཨཱ་ལི་ཀཱ་ལ་བསྡུས་པ་འི་ངོ་བོ་ཡིན་པའི་ཕྱིར་རོ།། གསལ་བར་བྱས་པ་ནི་རབ་ཏུ་རྟོགས་པའོ།། སྐུ་ལ ་སོགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དངོས་གྲུབ་ཆེན་པོ་ནི་རལ་གྲིའི་དངོས་གྲུབ་ལ་སོགས་པའི་མཚན་ཉིད་ཅན་དངོས་གྲུབ་ཆེན་པོ་བརྒྱད་དོ།། དེའི་ཐབས་ནི་དེ་འགྲུབ་པའི་རྒྱུའོ།། མཆོག་ནི་དེའི ་འོག་ཏུ་སངས་རྒྱས་ཉིད་སྒྲུབ་པའི་ཐབས་ཡིན་པའི་ཕྱིར་རོ།། སྣང་བའི་ཡེ་ཤེས་ནི་ཆུང་ངུ་ཡིན་པའི་ཕྱིར་དང་། སྣང་བ་ཉེ་བར་ཐོབ་པ་ནི་གཏི་མུག་གི་བདག་ཉིད་ཅན་ཡིན་པས་དེའི་ཕྱིར་དེ་དག་ལ་བལྟོས་ནས། ཤེས་རབ་ཅེས་བྱ་བ་ལ་སོགས ་པ་གསུངས་ཏེ། མཆོག་ཏུ་དགའ་བའི་ངོ་བོ་སྣང་བ་ཀུན་ཏུ་གསལ་བའི་བདག་ཉིད་དོ།། དེའི་ཞེས་པ་ནི་མཆོག་ཏུ་དགའ་བ་བྱུང་བ་ལས་ཏེ། སྣང་བ་དང་སྣང་བ་ཉེ་བར་ཐོབ་པ་བྱུང་བ་ནི་མ་ཡིན་ནོ།། དེ་ལ་བལྟོས་པ་ཉིད་ཀྱི་ཕྱིར། མཆོག་ཏུ་དགའ་བའི་བདག ་ནད་ཅན་རྡོ་རྗེ་འཆང་རྒྱན་པ་ལ་བལྟོས་པ་ཉིད་ཡིན་པའི་ཕྱིར་རོ།། གསུང་བསྟན་པའི་ཕྱིར།། ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་ལུས་ལ་སོགས་པ་རྣམས།། འདིའི་དོན་འཆང ་པ་སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་པ་ནི་སྐུ་དང་གསུང་དང་ཐུགས་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་གྱིས་ཞེས་པ་རྣམ་པར་འགྲེལ་ལོ།། བསྒོམ་པ་ཞེས་པ་འདིའི་བཤད་པ་ནི། ཡོངསུ་ཤེས་པ་ཞེས་པའོ།། དེ་ལྟ་བུའི་སྐུ་དང་གསུང ་དང་ཐུགས་བསྒོམ་པ་གང་ཡིན་པ་དེ་བྱའོ།། ཅི་ལྟར་ཞེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་པ། རྣམ་པར་མི་རྟོག་མི་དམིགས་པ་ཇི་ལྟར་བུར་འགྱུར་བ་དེ་ལྟ་བུར་བྱའོ་ཞེས་བྱ་བའི་ཁྱད་པར་རོ།། དགོངས་པ་མ་ཡིན་པའོ།། ཕ་རོལ་ཏུ ་ཕྱིན་པ་ཞེས་པ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྤྱན་མ་ལ་སོགས་པ་མཉེས་པར་བྱས་པར་གྱུར་ཏོ་ཞེས་གསུངས་པར་འགྱུར་རོ།། མཉེས་པར་བྱེད་པ་དེ་ཉིད་རྡོ་རྗེ་སྟེ། བདེན་པ་གཉིས ་གཉིསུ་མེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་མི་འཇིག་པའི་ངོ་བོ་ཡིན་པས་ཞེས་གསུངསོ།། སེམས་རྩེ་གཅིག་པ་ཉིད་ནི་སེམས་ནི་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཟུང་འཇུག་གི་ཏིང་འཛིན་ནོ།། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། ། ་དེ་རྣམས་ནི་ཞེས་པ་ལ་སོགས་པ་ལ། ལྷན་ཅིག་སྤྱོད་པ་ནི་སྤྱན་མ་ལ་སོགས་པ་རྣམསོ།། སོགས་པའི་སྒྲ་ལས་རྗེསུ་སྤྱོད་པའི་གཟུགས་ལ་སོགས་པའི་རྡོ་རྗེ་རྣམས་བསྡུས་ཏེ་དེ་རྣམས་ཕོ་ཉ་མོ་དང་། བྲན་མོ་དང་གར་མེ་ལ་སོགས་པའི་ཁྱང ་པར་དུ་བྱ་སྟེ་ཕྱེ་བ་དེས་བྱ་བ་ལ་སོགས་པ་རྣམས་ཀྱིསོ་ཞེས་བྱ་བའི་དོན་ནོ།། འདུན་པའི་གོ་རིམྦ་དང་། མངོན་པར་འདོད་པའི་གོ་རིམ་གྱིས་སོ།། དེའི་ཞེས་པ་ནི་བྱ་བ་ཡིའོ།། ཤུབ་བུ་དང་མན་ངག་གིས་སོ།། འདུས་དང་ཞེས་པ་ནི་རྣལ་འབྱོར་པ་དང ་རྣལ་འབྱོར་མིའི་ཚོགས་བྱ་བའི་དབང་གིས་གཅིག་ཏུ་འདུས་པའོ།། གོ་རིམ་ནི་འདུས་པ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཐ་སྙད་ཀྱིས་རབ་ཏུ་འཇུག་པའི་རིམ་པའོ།། དེ་ཉིད་རྟོག་པའི་གོ་རཱིམ་མམ་དཀྱིལ་འཁོར་ལ་སོགཔ་གསུང་པ་ན་ཤཱ་ཀྱི་ས་ག ་ཛའམ་གསུངས་པ་རྣམས་ཀྱིའང་རང་གི་ངོ་བོ་ནི་དེ་ཉིད་དོ།། དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱིར་བྱུང་བར་གྱུར་ཏོ་ཞེས་པ་ནི་ཕྱི་རོལ་ཉིད་ཡིན་པའི་ཕྱིར་རོ།། རྒྱབ་ཀྱིས་ཕྱོགས་པ་ནི་དེ་བཞིན་གཤེགས་པ་སྒྲུབ་པ་པོ་ལ་ཞེས་མངོན་པར ་དགོངསོ་ཞེས་བྱ་བའི་སྒྲ་ཕྱིན་པར་ངེས་པར་བསྟན་ནོ་ཞེས་པ་ནི་སྔར་གསུངས་པ་མཆོག་ཏུ་འཛིན་ནོ་ཞེས་བྱས་ནས་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོ་ལ་ཞེས་མངོན་པར་དགོངས་རྒྱབ་ཀྱིས་ཕྱོགས་པ་འོ།། རོལ་པའི་སྒོ་ནས་ཞེས ་པ་ནི་དེ་བཞིན་གཤེགས་པ་རྣམས་རོལ་པ་ལྟ་བུ་རྣམས་ཀྱི་རང་གི་ངོ་བོ་སྟོན་པ། སྤྱན་རས་ཀྱི་མི་འཚོ་བའི་རྒྱུ་ནི་དྲི་མ་ཐག་ཏུ་གསུངས་པའི་ཕྱི་ར་རོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བྱོན་ཅིང་ཞེས་པ་ཡང་དག་པར་བསྐྱེད ་བའོ།། གཤེགས་པ་ནི་སྐྲ་ལས་ཞེས་པ་སྤྱི་བོ་ལསོ།། གསུང་ལས་ཞེས་པ་མགྲིན་ལས་སོ།། ཐུགས་ལོས་ཞེས་པ་སྙིང་ག་ལས་སོ།། གནས་འདི་རྣམས་ལས་ཕྱུང་བར་གྱུར་ཏོ་ཞེས་པ་སྤྲོས་པར་གྱུར་པའོ།། ཅི་ལྟར་སྤྲོས ་པར་གྱུར་ཞེ་ན་ཚིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟ་བུའི་ཚིག་ཅེ་ན། ཐུགས་དང་སྐུ་ལ་བལྟོས་པའི་གསུང་སྟེ། གང་དུ་ཐུགས་དང་སྐུ་བདག་གིས་རབ་ཏུ་སྦྱོར་བ་དེ་རུ་གསུང་སྦྱོར་བའོ།། ཅི་ལྟ་བུ་ནི ་སླར་ཡང་བརྗོད་པར་བྱ་བ་ཅི་ཞེས་པའོ།། བུད་མེད་དང་། སྐྱེས་པ་དང་མ་ནིང་ཞེས་པ་ལ་སོགས་པ་ནི་བསྡུས་པར་གྱུར་པ་ཞེས་པ་ནི་ཨཱ་ལཱི་ཀཱ་ལི་དང་རྣམ་པར་ཤེས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར་དང་ཡི་གེ་རྣམས་དེའི་ངོ་བོ་ཉིད་ཡིན་པའི ་ཕྱིར་ཡི་གེ་གསུམ།། གསུང་ཙམ་གྱིས་ཞེས་པ་ནི་བརྗོད་པར་བྱས་པའི་སྐད་ཅིག་ལ་ཞེས་པ་ནི་མངོན་པར་བྱེད་པའི་དུས་ལ་བལྟོས་ནས་འདི་གསུངསོ།། གཟིགས་པས་ཞེས་བྱ་བ་ལ་སོགས་པའོ།། ཅི་ལྟར་གཟིགས་པ་ཙམ་གྱི་རྒྱལ ་བར་གྱུར་པ་མ་ཡིན་ཞེ་ན། དེའི་ཕྱིར་དེའི་ཁྱད་པར་སྟོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་གསུངསོ།། རིགས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའོ།། དེའི་བདག་པོའོ།། དགའ་བ ་རྒྱ་ཆེན་པོ་ནི་ཀུན་ཏུ་རླངས་པའོ།། འདའ་བར་མི་བྱ་བ་ནི། འདུས་པ་པཱ་རྣམས་ཀྱིས་རིམྱ་པ་ལྀས་འདའ་བར་མི་བྱའོ།། གནས་པ་ཞེས་པ་ནི་སྒྲུབ་པའི་ཐབས་ལས་གསུངས་པའི་རིམ་པསོ།། རང་གི་ངོ་བོ་ཉིད་ཀྱིས་ཞེས་པ་གསུམ ་པོ་འདི་རྣམས་གང་ཡིན་པ་ནི། གང་གི་བདག་ཉིད་གང་ཡིན་པ་དེ་རང་གི་ངོ་བོས་ཏེ་ཐུན་མོང་མ་ཡིན་པའི་རྣམ་པའོ།། གང་ཡང་སྒྲུབ་པ་པོའི་རང་གི་ངོ་བོས་སོ།། རྡོ་རྗེ་ཞེས་པ་ལ་སོགས་པས་ཏིང་ངེ་འཛིན་སེམས་དཔའ་དེ་བཞིན་གབྱེ ་པ་ལྔའི་བདག་ཉིད་ཅན་འོད་ཟེར་ལྔ་དང་ལྡན་པར་གསུངསོ།། སངས་རྒྱས་རྣམས་ཀྱི་ཞེས་པ་ནི་ཡང་དག་པར་རྟོགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ནུས་པ་ནི་སྐུ་ལ་སོགས་པའི་སྟོབས་སོ།། བཅུག་པ་ཙམ་ཉིད་ཀྱིས་ཞེས་པ་ནི ་དེ་བཞིན་གཤེགས་པའི་སྟོབས་ཀྱིས་བཅུག་པས་རྣལ་འབྱོར་པ་དང་ལྷན་ཅིག་ཏུ་གྱུར་པ་དེའི་བདག་ཉིད་ལས་སོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངསོ།། མཉེས་པར་བྱེད་པའི་ཕྱིར་ནི་རྗེ་སུ་ཆགས་པ་སྐྱེད་པར ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། རྒྱལ་པོ་ནི་དྲུག་པོའོ།། སྐུའི་དཀྱིལ་འཁོར་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཉིད་ཡིན་པའི་ཕྱིརརོ།། འདི་ནི་ཞེས་བྱ་བ་ནི་འགུགས་པའོ།། བརྟན་པར་གྱུར་ནི་མི་བསླུ་བར་གྱུར་པ་ཉིད་ཡིན། ་པའི་ཕྱིར་རོ།། བསྡུས་པ་ཞེས་པ་ལ་སོགས་པས་བཀུག་པ་ཞེས་པ་འདིར་བྱེད་པ་ལ་ལཱཊ་སྟོན་པར་བྱེད་དོ།། ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ།། འདི་གཙོ་བོ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཤར་ལ་སོགས་པའི་གནས་རྣམསུ་ཞེས་པ་ནི། གཙོ་བོའི་ཤར་ལ་སོགས་པའི་གནས་བཞི་པོ་རྣམས་སུའོ།། ཇི་ལྟར་གསུངས་པ་ཞེས་པ་ནི་སྒྲུབ་པའི་ཐབ་སུའོ།། ཕྱག་ལ་སོགས་པ་ཞེས་པོའི་སོགས་པའི་སྒྲ་ལས་ཞལ་དང ་མཚན་མ་ལ་སོགས་པ་གཟུང་ངོ་།། འདོད་ཆགས་ལ་སོགས་པའོ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་པར་མའོ།། དེ་རྣམས་ཀྱི་ཉེ་བར་མཚོན་པར་བྱས་པ་ནི། རང་གིས་ཡང་དག་པར་རིག ་པར་བྱས་ནས་སོ།། རིག་པའི་སྦྱོར་བའོ།། ཡི་གེ་གསུམ་གྱིས་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་སོ།། སྤྲོ་བར་བྱ་སྟེ་ནི་བྱང་ཆུབ་ཀྱི་སེམས་ལས་རྫོགས་པའི་ཕྱི་རོལ་ཏུ་བྱ་བའོ།། དཀྱིལ་འཁོར ་གཞན་དུ་ཡང་རྣམ་པར་སྣང་མཛོད་ལ་སོགས་པའི་ལུས་ཉིད་དོ།། དབྱར་མེད་པས་ཞེས་པ་ནི་ནཱི། དཀྱིལ་འཁོར་དང་དཀྱིལ་འཁོར་པར་གསུངས་པས་གང་ཡིན་པ་དག་ལའོ།། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་ལ་ནི། ་དཀྱིལ་འཁོར་ལས་གཞན་པའི་དཀྱིལ་འཁྲོར་པ་ཡོད་པ་མ་ཡིན་ནོ།། སྙིང་གའི་ཞེས་པ་ནི་དམ་ཚིག་སེམས་དཔའི་སྙིང་གའི་དབུས་ཆུད་པའོ།། ཐུགས་ཀ་ཞེས་པ་ལ་སོགས་པ་དེར་ཟླ་བ་ལ་གནས་པའི་ཡེ་ཤེས་སེམས་དཔའ ་སྟོན་པར་བྱེད་དོ།། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པར་བྱའོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དབང་དུ་བྱས་ནས་གསུངས་པའོ།། ཕུལ་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད ་པ་སྟོན་པར་བྱེད་དོ།། ཁ་རྣམ་པར་གྱེས་པའི་རྡོ་རྗེ་ཞེས་པ་ནི་རྩེ་མོ་གྱེས་པའོ།། ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་འོད་ཟེར་གྱི་ལྕགས་ཀྱུའི་རྣམ་པས་འགུགས་པར་བྱེད་དོ།། བསྐལ་བར་བྱ་ནི། དེ ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་འགེགས་པར་བྱེད་པའི་དོན་ཞེས་གསུངས་སོ།། བསྒྲུབ་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཅོ་བརྒྱད་པར་འཆད་པར་འགྱུར་བ། བསྒྲུབ་བྱའི་ལུས་གང་ཡིན་པའོང་། དཀྱིལ ་འཁོར་རྣམ་པར་བསྒོམ་པར་བྱ་ཞེས་པ་ལ་སོགས་པའོ།། རྡོ་རྗེ་ལྕགས་ཀྱུས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྕགས་ཀྱུས་བསྐུལ་བའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་རྡོ་རྗེ་གཅིག ་བུ་ཉིད་ནི་ཐུགས་ནི་སྒྲུབ་པ་པོ་དེ་ཐམས་ཅད་ནི། རོལ་མཁན་གཅིག་ཉིད་ཞེས་བྱ་བ་ལ་སོགས་པ་ནི། རིགས་ལྔ་ལ་ཡང་སྦྱར་བར་བྱའོ།། འཇིགས་པར་གྱུར་པ་ཞེས་པ་ནི་འཇིགས་པ། གཉིས་པའི་མང་ཚིག་གི་མཐའོ།། གྱུར ་པ་ནི་འདའ་བ་གང་ཡིན་པ་དེ་རྣམས་འཇིགས་པར་གྱུར་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པའི་དོན་བཤད་པ་ནི་མཆོག་ཏུ་འཛིན་པར་བྱེད་དོ།། ནན་ཏན་མི་བྱེད་པ་ནི་མི་ཤེས་པའི་ཕྱིར་རོ།། མི་ཤེས་པ་ཉིད་བསྟན་པར་བྱ་བ་ཉིད་བསྟན ་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ལས་གང་གིས་ནི་ཞི་བ་ལ་སོགས་པའི་བྱ་བ་ཚོགས་པའི་དངོས་གྲུབ་རིམ་པས་སེལ་བར་འདོད་པ་མི་འགྲུབ་པོ།། སྒྲ་ཇི་བཞིན་པའོ།། དོན་བཤད་ཟིན་ནོ་ཞེས་པ་ནི་དྲང་བ ་དོན་གྱི་བཤད་པར་གསུངས་པའོ།། གསང་བ་ནི་འགུགས་པའོ།། དེ་ལ་རབ་ཏུ་ཞུགས་པ་ལས་ནི་མཆོག་ཏུ་བརྩོན་པའོ།། ཡོང་སུ་རྫོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། ཡོད་པ་ནི་ཡོད་བཞིན ་པའོ།། སྔགས་ཀྱི་དམ་ཚིག་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རབ་ཏུ་སྦྱོར་བའོ།། འདའ་བར་མི་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པས་གང་ཡིན་པ་དེ་རྣམས་སྔགས་ཀྱི་དམ་ཚིག་སྟེ་སྒྲུབ་པོ་སྒྲུབ་པའི་ཐབས་ནི་དབང་པོ་གཉིས་ཀྱི་རྣམ ་པར་རྟོག་པ་སྟེ་དེའི་འོག་ཏུ་འོད་གསལ་བའི་ཕྱིར་རོ།། གྲུབ་པར་གྱུར་ནས་ཞེས་བྱ་བ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཉིད་དུ་རྫོགས་པར་གྱུར་པའོ།། བཤད་པའི་དོན་འདི་ཉིད་བསྟན་པའི་ཕྱིར། དོན་དམ་པ་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། དེ་ཡོངས་མི་སྤོང་བ་ནི་དྭ་དག་ཡོངསུ་མི་སྤོང་བ་སྟེ། དེའི་དོན་གྱིས་སྦྱོར་བ་དེས་ཆགས་པས་ཏེ་རྟག་ཏུ་མངོན་པར་ཞེན་པའོ།། ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པས་ཟུང་འཇུག་གི་ཏིང་འཛིན་ལ་གནས ་པ་ཡིའོ།། འགྲོ་བ་མ་ལུས་པ་རྗེསུ་འཛིན་པར་བྱེད་པ་ཉིད་ཀྱི་རྗེསུ་ཆགས་པ་དྲང་བཅས་པ་གུས་པ་དང་བཅས་པའོ།། ལྟ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཀྱི་ལུས་སུ་ཤེས་པར་བྱའོ་ཞེས་བཟུང་བར་འགྱུར་རོ།། ཆོ་ག་བཞིན་ཞེས་པ་ནི ་དམིགས་པ་ནི་ཆོ་གའོ།། དེ་དང་ཚུངས་པར་གཅིག་ཉིད་དུ་འཇུག་གོ་ཞེས་པ་བཞིན་ནོ།། དེ་ཉིད་ཀྱི་ཕྱིར་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཆོ་ག་ནི་ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ།། ཐབས་དང་བཅས་པ་ཞེས་པ་ལ་སོགས་པ་ནི་དེ་ལ་སྒྲ་ཇི ་ལྟ་བ་བཞིན་དུ་བརྗོད་པས་ཐབས་ལྷའི་དམིགས་པས་འོད་ཟེར་བསྐུལ་བ་དེས། དེ་བཞིན་གཤེགས་པ་རྣམས་ཀྱིས་ནུས་པ་འགུགས་ཤིང་འཇུག་པར་བྱེད་པའོ།། འབྲས་བུ་ཡང་ཐམས་ཅད་ཟིལ་གྱིས་གནོན་པའི་སངས་རྒྱསུ་འགྱུར་རོ་ཞེས ་གསུང་སོ།། མཆོག་སྒྲུབ་པ་ལ་གནས་པ་རྣམས་ཀྱི་ཐབས་རིག་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་པ་དེའི་འོག་ཏུ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པ་ནི་འབྲས་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམ་སོ།། དེ་རྣམས་ཀྱི་དྲུང་དུ་གནས་ནས་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་དབང་བསྐུར་རོ།། དེས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་ཉིད་ལ་དམིགས་པ་ངེས་སོ།། ་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་ལ་མཆོག་དང་ཐ་མ་དང་བར་མའི་བཙུན་མོ་རྣམས་སོ་སོ་རེ་རེར་གནས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱ་ཞིང་ཉམ་སུ་མྱོང་བར་བྱའོ།། དེ་ལ་སྒྲུབ་པ་ཐུན་མོངས་པ་ལ་གནས་པ་རྣམས་ཀྱི་གཟུགས་ལ་སོགས ་པ་རྣམས་གཟུགས་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་ཉམ་སུ་མྱོང་ངོ་།། མཆོག་སྒྲུབ་པ་ལ་གནས་པ་རྣམས་ནི་བདེན་པ་གཉིས་གཉིསུ་མེད་པ་ཉིད་ཀྱིསོ།། རྣལ་འབྱོར་པ་གཉིས་ཀྱིས་བསྒོམ་པ་ལས་སྤྲོ་བ་ཡང་རྣམ་པ་གཉིསུ་སྤྲོ་བར་བྱ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བ་ནི་ཕྱོག་རྒྱ་ཆེན་པོ་དང་། དང་པོའི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བར་བཤད་དོ།། དང་པོའི་སྦྱོར་བ་དེ་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྐྱེ་བ་ཡོད་དོ།། དེ ་ཉིད་ཀྱི་ཕྱིར་སངས་རྒྱས་གནས་ཞེས་པ། སངས་རྒྱས་ཀྱི་གནས་ཏེ་རྒྱུའོ།། དེའི་ཕྱིར་སངས་རྒྱས་ཀྱི་སྤྲུལ་པའོ།། སེམས་ཅན་ཞེས་བྱ་བ་ལ་སོགསོ་པ་ནི་བྱང་ཆུབ་ནི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའོ།། རེག་པར་བྱར་མེད་པར་ཆུའི་ཟླ་བ་བཞིན་ནོ།། ། ་འབྲས་བུ་ལ་གནས་པ་མངོན་པར་བརྗོད་ནས་ལམ་ལ་གནས་པའི་དབང་དུ་བྱས་ནས་སློབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེ་བར་གདགས་པ་ནས་ཞེས་བྱ་བ་འདིས་སླབ་བཞིན་པོའི་རྒྱལ་བའི་ཡོན་ཏན་གྱི་ཆ་ཤས་ལས་རིག་པར་བྱའི ་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་ཞེས་གསུངས་པར་འགྱུར་བ་ནི་མ་ཡིན་ནོ།། །། གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་ལེའུ་དྲང་པོར་བཤད་པ་སྦས་པའི་དོན་རབ་ཏུ་གསལ་བར་བྱ་བའི་དོན་དུ་བརྟགས་པའི་རྣལ་འབྱོར ་པའི་དབང་དུ་བྱས་ནས། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྐུའི་རྡོ་རྗེ་རྣམསོ།། ཐ་མི་དད་པ་ཉིད་ནི་ཞལ་དང་ཁ་དོག་དང་ཕྱག་དང་། ཡི་གེ་དང་མཚན་མའི་དབྱེ་བ་མེད་པའི ་ཕྱིར་རོ།། ཐུགས་ཞེས་པ་འདིས་རྡོ་རྗེ་གསུམ་པོ་རྣམས་ཀྱང་ཐུགས་ཙམ་ཉི་རིགས།། ཕྱག་རྒྱ་ཆེན་པོ་བསྐྱེད་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་པའོ།། གནས་རྣམས་བསྐྱེད་པ་སྔོན་འགྲོ་བས། རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ་ཞེས་གསུངས ་པོའི་ཕྱིར། ན་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི། གནས་བསྐྱེད་པའི་བར་དུ་གསུངས་པ་སྤྱན་མ་ལ་སོགས་པས་ནི། སྤྱན་མ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་ཇི་ལྟར་རིག་པར་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་གང་ཡིན་པའོ།། ་ད་ནི་ལྷག་པར་མོས་པའི་དཀྱིལ་འཁོར་གྱི་འོད་གསལ་དུ་ཞུགས་མ་ཐག་ཏུ་གང་ཞིག་བསྒོམ་པར་བྱ་བ་དེ་བསྟན་པའི་ཕྱིར། དཀྱིལ་འཁོར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཞེས་གསུངས་པའི་ཕྱིར་ས་བོན་གསུམ་པོ་ཁ་དོག ་གསུམ་དུ་བསྒོམ་པར་བྱའོ་ཞེས་རྟོགས་པར་བྱའོ།། སྔར་བཤད་པ་ཞེས་པ་ནི་ན་མཁའི་རྡོ་རྗེ་ཞེས་པ་ལ་སོགས་པས་བཤད་པོའོ།། རྩེ་མོ་ལྔ་པ་ནི་རྡོ་རྗེ་དཀར་པོའོ།། རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པའི་རྒྱུ་ནི་འཁོར་ལོ་ཁ་དོག་ལྔ་པ་ལ་སོགས ་པའི་མཚན་མ་བཞིན་ནོ།། འདིར་རྡོ་རྗེའི་སྟེང་དུ་མཚན་མ་ལ་སླར་ཡང་ཡི་གེ་གསུམ་བསྒོམ་པར་བྱ་བར་བརྗོད་དོ།། རིགས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའོ།། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་ནི་དེ་བཞིན་གཤེགས ་པ་དྲུག་པ་སྒོམ་པར་བྱེད་པ་རྣམས་ཀྱིའོ།། དོན་ཅི་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཇི་ལྟ་བུར་ངོ་བོར་སྤྲུལ་པ་ཡིན་ཅི་ཞེས་པ་འགོག་པར་བྱེད་པ་ཞལ་གསུམ་པ་ལ་སོགས་པ་ཉིད་ཀྱིས་སྤྲུལ་པར་བཤད་པ་མ་ཡིན་ནོ་ཞེས་གསུངས་པ། ་རིན་ཚན་ཞེས་བྱ་བ་ལ་སོགས་པ་སྟེ་བསྐྱེད་པའི་རིམ་པའི་གོ་རིམ་གྱིས་རྫོགས་པའི་རིམ་པ་སྦྱར་བར་བྱའོ།། རྒྱུ་ནི་རྣལ་འབྱོར་དང་རྗེསུ་རྣལ་འབྱོར་དག་གིས་སྤྲུལ་པའི་ཀུན་རྫོབ་ཀྱི་བདེན་པའོ།། དེ་དག་དངོས་པོ་མེད་པའི་དོན་དམ་པའི་བདེན་པ ་སྟེ་ཀུན་རྫོབ་ཀྱི་བདེན་པའི་ཐོབ་བྱ་ཡིན་པ་ཉིད་ཀྱི་ཕྱིར་འབྲས་བུའོ།། རིན་པོ་ཆེའི་གང་ཟག་རྣམས་ཀྱི་བསྐྱེད་པའི་རིམ་པའི་གོ་རིམས་ཀྱི་རྫོགས་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུ་ཡིན་ནོ་ཞེས་མངོན་པར་དགོངསོ།། སྔགས་ཀྱི་རིགས ་པ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་འཆང་ཆེན་པོའི་བསྐྱེད་པའི་རིམ་པ་གསུངས་ཏེ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱང་སྟོན་པར་བྱེད་དོ།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས་ཞེས་པ་ནི། རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ།། ་དེས་དབྱེ་བོར་བྱ་བ་མ་ཡིན་པ་བདག་ཉིད་གཅིག་པུ་བསྒོམ་པས་བསྐྱེད་པ་གང་ཡིན་པ་དེ་རྣམས་རྡོ་རྗེ་གསུམ་དབྱེར་མེད་བསྒོམས་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཉིད ་ཏྲཱས་གསས་སོ།། གང་ཡང་ད་ནན་གླུ་གགས་པ་ཐམས་ཅད་ཀྴི་བདྲུག་ཉིད་ཅན་ཡིན་པ་དྷཱཿབྷི་ཛྙཱདྷགས་མྦྷ་ཤླེ་ཡྀ་བྱུ་པ་བསྒོམས་པམྦྷ་རྡོ་ཅན་འདུས་དེ་བཞིན་གཤེགས་པ་ཐམས ་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ལྷ་རྣམས་ཞེས་གསུངས་པའི་མང་ཚིག་གོ། འདི་ཉིད་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་བསྐྱེད་རྗེམ་རིམ་པའོ།། སྔགས་ཀྱི་རིག་མི་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་འདི་རྒྱས་བྱ ་ང་རྣས་སྨ་ཧཱུ~ཾ་ནྡྷ་གས་སྐྱེ་བ་། སྤྱན་པ་ཇིག་ཧཱ་ས་སོགས་པ་ན་ག་རྒྱུ་ཟླསས།། དྲན་པས་ཀྱི་སྤྱོད་པ་བྱུང་བ ་ན་གྱི་ཐ་པནི། དེ་རྣམ་པའི་སེམྦྷས་ནི་ཏིང་བ་སྦྱིན།། ད་ཙྪིན་འདི་རྣམ་འགྱུར་སྨན་ལྟ་འབྱུར་དག་གིས་རྣམ་པར་སྦྱང་མ་དང་ལྔ་སྔགས་པཀྵེ་པ་རྣམས་རི་རོ་སྨོས་སོར་སྣང་དང་རྡུམྦུ་ཏྤན་པ་ཡང་པར།། སྨྱུག་བ ་སྱེཥྚྲྀསཧྲཱི་བྱུ་བསས་བྱུ་ཤྩནྟུ། སྨངས་ལ་སོགས་ཀྱི་སྐྱེད་ན་པ་ག་མས་པ་མྱས་། རྣམ་པར་སྲིང་སྭཱ་མིགས་པའི་ལ་ནི།། ས་མ ་ནས་ནས་པོ་ནི་འཛིར་ཡང་ན་པའི་སྣང་ཚུལ་ག་གསུམ་གྱིས་བྱིན་གྱིས་བརླངས་པའི་ཁོང་ལོ་བསྒོམས་ནས་ནས་བརྗོད་དོ།། དམ་ཚིག་སེམས་དཔའ་བསྒོམ་པར་བྱའོ་ནས་གསུངམི་པའི་ཕྱིར་རྡོ་རྗེ་འཅང་ཆེན་པོ་ལ་གསུངས་པའི་རྣམ་པ་ལས ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དམ་པའི་ཁྱད་པར་སྟོན་པར་བྱེད་དོ།། ཁྱད་པར་གཞན་ཡང་། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཡིག་དེ་ལས་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱེད་པ་ནི་ཁྱབ་པ་ཞེས་པ་དང་སྦྲེལ་ལོ།། ་འོད་དཔག་མེད་ལ་སོགས་པ་ལྟ་པོ་རྣམས་ལ་ཡང་འདིར་བསྐྱེད་པ་ལ་སོགས་པའི་རིམ་པ་ལ་བལྟོས་པའོ།། འདི་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་གཤེགས་པ་ལྔ་པོ་ཞེས་པ་ནི་རྣམ་པར་སྣང་མཛོད་ལ་སོགས་པ་ནས་དོན ་ཡོད་པ་མཐར་ཐུག་པ་ལྔ་པོའོ།། དགེ་བའི་རྩ་བ་ལེགས་པ་ར་ཡོངསུ་སྨིན་པའི་ཕྱིར་ཞེས་པ་ནི་རྫོགས་པའི་རིམ་པ་ལྷག་པར་རྟོགས་པ་དེ་དག་གི་འབྲས་བུ་དག་གི་རྒྱུའོ།། དོན་འདི་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལྟ་བུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རྣམ་པར་སྣང་མཇེད་ལ་སོགས་པའི་རྣལ་འབྱོར་བཞི་པོ་རྣམས་ལ་ཡོང་བཤད་པ་འདི་སྦྱར་བར་བྱའོ།། སྒྲ་ཇི་བཞིན་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཏིང་འཛིན་དྲུག་པོ་མཆོག་ཏུ་འཛིན་པར་བྱེད་དོ།། རྡོ་རྗེ་འཆང་ཆེན་པོ་ཡང ་སྔགས་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་བསྐྱེད་པར་གསུངས་པའི་ཕྱིར་ལུས་རྣམས་ཀུན་ལ་སྟེ་རྣལ་འབྱོར་པའི་ལུས་ཀྱི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར། རྒྱུ་བ་དང་མི་རྒྱུ་བ་ལ་ཆུ་ཟླ་ལྟ་བུའི་དཔེས་ཁྱབ་པར་བྱེད་པའོ།། རིམ་པ་དང ་བོ་དང་གཉིས་པ་དང་གསུམ་པ་དག་གི་ཐུན་མོང་བ་ཡིན་པའི་ཕྱིར་དང་། རིགས་ནི་རྣམ་པ་བརྒྱར་གསུངས་པ། ཞེས་བྱ་བ་ལ་སོགས་པའོ་ཞེས་མངོན་པར་བརྗོད་པའི་ཕྱིར་རོ།། རང་གི་ཕྱག་རྒྱ་ཆེན་པོའི་གཟུགསུ་ནི་རང་ཏེ་བདག་ཉིད་ཀྱི་ལུས ་ཕྱག་རྒྱ་ཆེན་པོ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀྱི་གཟུགས་སུའོ།། རིམ་པ་གསུམ་པའི་མཐར་རིམ་པ་བཞི་པ་ལ་རྗེསུ་འབྱེད་པ་དང་རིལ་པོར་འཛིན་པ་དག་མངོན་པར་བརྗོད་པའི་ཕྱིར་འདི་ཡང་གསུངས ་པ། རྗེསུ་འབྱེད་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་པ་ཉིད་ཀྱི་ཕྱིར་ཡང་ངོ་།། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནི་དམ་ཚིག་སེམསོ་པ་ལ་སོགས་པའི་བདག་ཉིད་ཅན་ནོ།། གཅིག་ཏུ་འགྱུར་ཞེས་པ་ནི་ཞལ ་གཅིག་པ་ཕྱག་རྒྱ་གཉིས་པའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་གཅིག་པ་ཡོངསུ་དག་པར་འགྱུར་རོ།། འདིས་མདོར་བྱས་ཀྱི་རིམ་པར་གསུངས་པའི་རྣལ་འབྱོར་བཞིས་རྫོགས་པའི་དམ་ཚིག་སེམས་པ་དང་བདག་བྱིན་གྱིས་བརླབ་པའི ་རིམ་པར་གསུངས་པ་དང་སྦྲེལ་པར་སྟོན་པར་བྱེད་དོ།། དེ་ཡང་ཞེས་པ་ནི་འོད་གསལ་ཞེས་གསུངས་པའི་དོན་གྱི་རིམ་པ་སྟོན་པར་བྱེད་དོ།། དེ་ལ་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་རྒྱུར་གྱུར་པའི་ཕུང་པོ་ལ ་སོགས་པ་རྣམས་ཀྱིསོ།། སླར་ཡང་འདིའི་ཁྱད་པར་འཆད་པ་ནི་གཟུགས་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་བཞི་བསྟན་ཞེས་གསུངས་པའི་ཕྱིར་གནས་བཞི་པོ་ཕྱུང་བའི་དཀྱིལ་འཁོར་འོད་གསལ་ལ་འཇུག་པའི་རིམ་པ་སྟོན་པར ་བྱེད་དོ།། ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བོར་དོའི་སྲིད་པའི་རྣམ་པ་ལའོ།། རང་ལ་ཞེས་པ་ནི་སྒྲུབ་པ་པོ་རབ་ཏུ་འཇུག་བཞིན་པ་ཞེས་པ་ནི་བསྒྲུབ་པ་པོ་རྣམ་པ་གསུམ་ཞེས་པ་ལ་སོགས་པ་ནི ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་གནས་ཡེ་ཤེས་གསུམ་སྟོན་པར་བྱེད་དོ།། ཡེ་ཤེས་དེ་ཡང་འཇུག་པའི་རིམ་པའི་མཐའ་བརྗོད་པ་དེ་དག་མཉམ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཞུ་བར་གྱུར ་པ་ནི། སེམས་ནི་སེམས་ལ་བྱུང་ལ་ཐིམ།། སེམས་ལས་བྱུང་བ་མ་རིག་པ། དེ་ཡང་འོད་གསལ་བར་འགྲོའོ་ཞེས་པའི་རིམ་པས་སོ།། བརྗོད་པ་གཉིས་ཀྱི་དོན་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་ཡེ ་ཤེས་གསུམ་སྟེ་ཞེས་པ་དེ་བཞིན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་དང་། སངས་རྒྱས་བསྐྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ལྡང་བར་བྱེད་པ་དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ། བརྟན་པ་གཡོ་བའི ་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་གསུངས་པ་ཡང་། སྲིད་གསུམ་རྣམ་པར་རིག་པ་ཙམ། དངོས་པོའི་རང་བཞིན་ཡོད་མ་ཡིན་ཞེས་སོ།། བསམ་པ་ཇི་ལྟ་བཞིན་དུ་ནི། གཏི་མུག་ལ་སོགས་པའི་བདག་ཉིད ་ཅན་གྱི་བསམ་པ་གང་ཡིན་པོ་ནི་བསམ་པ་ཇི་ལྟ་བའོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། སྐུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པས་སོ།། དེ་ཉིད་འཇུག་པ ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པ་དེ་རྣམ་པར་ཤེས་པའི་བདག་ཉིད་མ་ཡིན་པ་འམ་ཞེས་བརྗོད་པར་མི་བྱ་སྟེ་ཡེ་ཤེས་ཀྱི་སྐུ་ཉིད་དེ་བཞིན་ཉིད་ལ་འཇུག་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ། ་འཆང་ཆེན་པོ་བཞིན་དེ་རྣམས་ཀྱང་གཞན་དུ་སེམས་ཅན་གཞན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། སྔར་མེད་པའི་སེམས་ཅན་རབ་ཏུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ།། རང་གི་སྔགས ་ཞེས་པ་ལ་སོགས་པས་ཡོངསུ་དག་པའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་པར་གསུངས་སོ།། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་དེའི་སྤྲུལ་པའི་སྐུའོ།། སྲོག་གི་རྩོལ་བའི་ཡན་ལག་ཏུ་གྱུར་པོ་ཞེས་པ་མི་ཤིག་སྡེ་པ་ལ ་བརྟེན་ནས་སྲོག་རྩོལ་བསྒོམ་པར་འདོད་བཞིན་པ་ཉིད་ཀྱི་ཕྱིར་རོ།། ཧཾ་ཡིག་རྡོ་རྗེ་ཞེས་བྱ་བ། ཧཾ་གི་ཡི་གེའི་ངོ་བོ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོའོ།། རྗོད་དུ་མེད་པ་ནི་འོད་གསལ་གྱི་རང་བཞིན་ནོ།། ཡུལ་དུ་བྱས་པ་ནི་ཞེས་པ་ནི་ཡིད ་དང་ངེས་པར་ལྡན་པ་མིག་དག་གིས་གཟུགས་དེ་ལ་རྣམ་པར་རྟོག་པའི་ཕྱིར། དེ་ཉྀ་དུ་རྣ་བས་སྒྲ་དེ་དག་ཐོས་པའི་ཕྱིར་རོ།། དེ་ཉིད་ནི་ལོངས་སྤྱོད་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུའོ་ཞེས་པ་ནི་གང་ཞིག་རྒྱུད་གཞན་དུ་གསུངས ་པ་ནི་མགྲིན་པར་ལོངས་སྤྱོད་འཁོར་ལོ་ནི། མགྲིན་པར་ཡང་དགྲ་རིག་པ་གང་ཞེས།། མགྲིན་པར་ལོངས་སྤྱོད་ཉམ་སུ་མྱོང་བ་དེ་ལ་ལོངས་སྤྱོད་ཀྱི་སྒྲས་བརྗོད་དེ། དེའི་ཕྱིར་ན་རྒྱུད་ཉི་དུ་གསུངས་པ་རོ་དྲུག་རྣམས་ཀྱི་གཟུགས ་ཅན་ཡང་ཞེས་བྱ་བ་ལ་སོགས་པ་བརྗོད་དོ།། ཚིགསུ་བཅད་པའི་ཚོགསོ།། ལོངས་སྤྱོད་པའི་རྫོགས་པའི་སྐུ་ཉིད་དུ་བརྗོད་པ་གང་ཡིན་པ་དེ་རྣམས་ནི། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལྷན་ཅིག་ཏུ་འགལ་ཏེ། ཕ་རོལ་ཏུ་ཕྱིན་པའི ་ཚུལ་གྱིས་འདིར་གནོད་དོ།། འདིར་རྡོ་རྗེ་ཐེག་པ་ལ་བརྗོད་བྱུར་འབྲེལ་བའི་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པར་བྱ་བ་ལ་འགལ་བ་གང་ཡང་མ་མཐོང་ངོ་།། དེ་རྣམས་ཀྱང་རིམ་པ་གསུམ་པར་བསྟན་པའི་ལོངས་སྤྱོད་རྫོགས་པའི་སྐུ་མངོན ་པར་ཤེས་པ་ཉིད་དོ།། རིམ་པ་དང་པོར་ཡང་དང་པོའི་མགོན་པོ་ནི་རྣམ་བཞག་རིམ་པར་ཀླུའི་བློའི་ཞབས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུར་བྱས་པ་ནི་རྣམ་པར་བཞག་པ་མངོན་པར་ཤེས་པ་ཉིད་དུ་རྟོགས་པར་བྱའོ།། ངག་རྣམ་པར་དག་པ ་ཙམ་དེ་དག་འདིར་བརྗོད་པར་བྱའོ།། དེ་ཐོབ་ནས་ཞེས་བྱ་བ་ལ་སོགས་པ་སྤྲུལ་པའི་སྐུ་འཛིན་པ་འདི་སྟོན་པར་བྱེད་།། སླར་ཡང་ཡེ་ཤེས་ཀྱི་སྐུར་བརྗོད་པའི་རང་གི་ངོ་བོ་དོན་དམ་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འོད་ཟེར་བཅུ་ནི་སྲོག་གི་རྩོལ་བ་ལ་སོགས་པ་རླུང་བཅུའི་བདག་ཉིད་ཅན་ནོ།། དེ་ལ་རབ་ཏུ་གནས་པ་ནི་རླུང་དང་རྣམ་པར་ཤེས་པ་བསྐྱེད་པར་བྱས་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ནི་འདི་ལྟ་བུར་འགྱུར་རོ་ཞེས་པ་ནི་བདྲེན་པ་གཉིས་ཀྱི་བདག ་ཉིད་ཅན་དང་རླུང་དང་རྣམ་པར་ཤེས་པས་བསྐྱེད་པར་འགྱུར་རོ་ཞེས་མངོན་པར་དགོངསོ།། དགོངས་པས་བཤད་པའོ།། བཤད་མ་ཐོག་པའོ་ཞེས་བྱ་བ་ལ་སོགས་པས། གཟུང་བའི་སྤྲུལ་པའི་སྐུ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་དུ ་སུངས་པའི་རིམ་པས་ཐོབ་པའི་སྤྲུལ་པའི་སྐུའོ།། དེ་ལ་ནམཁའི་སྙིང་པོ་ལ་སོགས་པའི་ས་བོན་བཀོད་པས་མིག་ལ་སོགས་པའི་སྐྱེ་མཆེད་རྣམ་པར་དག་པའོ།། དེའི་སྒོ་ནས་ནི་དེའི་ཐབས་ཀྱིསོ།། འབྲས་བུ་གང་ཡིན་པ་དེ་བསྟན ་བར་བྱ་བའི་ཕྱིར། དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་སྦུབས་སྡོད་པར་བྱས་པ་སྣ་ཞེས་པ་ནི་མིག་གི་དབང་པོ་ཙམ་ནི་མཱ་ཡིན་ནོ།། དེ་བཞིན་དུ་སྐྱེ་མཚང་གཞན་རྣམས་ལ་ཡང་བཤང ་པར་བྱའོ་ཉི་མ་དང་ཟླ་བའི་འོད་ཟེར་རྣམས་ཀྱིས་འབར་བར་གྱུར་པ་ཞེས་པ་ནི་མིག་གཉིས་ལ་བལྟོས་པའི་ཚིག། དེ་ལ་མིག་གཡོན་པ་ཟླ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ཉི་མའི་འོད་ཟེར་རྣམས་དང་མིག་གཡས་པ་ཉི་མའི་བདག ་ཉིད་ཙོན་ཉིད་ཀྱི་ཕྱིར་ཉི་མའི་འོད་ཟེར་རྣམས་ཀྱིས་འབར་བར་གྱུར་བཞིན་པ་སྟེ་དཀྱིལ་འཁོར་གྱི་ཆོ་གར་ནི་ཡི་གེ་ཊ་ཡིས་མིག་གཡོན་ཟླ་བར་བྱས།། ཡི་གེ་མ་ཡིས་མིགོ་གཡས་ཉི་མ་དགོང་ཞེས་སོ།། བསྡམ་པར་བྱ་བའི་ས་བོན ་གཞན་ཡང་ཡོད་དོ་ཞེས་འདིས་གསལ་བར་བྱེད་པ་དེ་ལས་བྱུང་བའི་ཞེས་པ་ནི། ཊཱི་གི་ཡི་གེ་ལས་བྱུང་བའི་ཁྲོ་བོའོ་མིག་གཉིས་བསྐྱོད་པས་སའི་སྙིང་པོའི་རང་བཞིན་གྱིས་བློ་ཡོངས་སུ་གྱུར་པའི་མིག་བསྒོམས་པས། དེ ་ལས་རྫོགས་པའི་སའི་སྙིང་པོ་བསྒོམ་པར་བྱའོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ལ་སོགས་པའོ།། སའི་སྙིང་པོ་ནི་སྟེ་བཅུའི་དབང་ཕྱུག་མ་ཡིན་ནམ་དེ་ཅི་ལྟར་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་བར་བྱ་ཞེས་ན། རྡོ་རྗེ་འཆང ་བོ་ཉིད་ནི་སའི་སྙིང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་གྱི། རྡོ་རྗེ་འཆང་ཆེན་པོ་ལས་གཞན་པའི་སྙིང་པོ་མ་ཡིན་ནོ་ཞེས་པས་ཉེས་པ་མེད་དོ།། བཤད་པར་ཡང་ཐོག་མར་བཅོམ་ལྡན་འདས་དེ་ཉིད་གདུལ་བྱའི་སྒྲ ་བྱོ་རྣམས་དགའ་བར་བྱ་བའི་དོན་དུ་ཁྱད་པ་བརྩེགས་པ་མངོན་པར་སྤྲུལཱ་ནས་རང་གི་སྐུའི་ཕུང་པོ་ལ་སོགས་པ་རྣམས་སྤྲོས་པ་དེའི་ཁོངས་ཀྱི་དབུས་བཞུགས་སོ།། དེ་ཞིང་ཀྱི་ཕྱིར། ནཱ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་རྡོ་རྗེ་འཆང་ཆེན་པོ་ལས་སའི་སྙིང་པོ་གཞན་ཡིན་པར་གྱུར་ནས་དེ་བཞིན་དུ་ཡང་རྡོ་རྗེ་འཆང་ཆེན་པོའི་གནས་ཡིན་པའི་ཕྱིར་བརྗོད་པའི་བྲིས་པར་ཐལ་བར་འགྱུར་རོ།། དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པོའི་མངོན་ཤེས་མ་ཚང་བ་ཉིད་ཀྱིས ་ཞེས་པའང་བརྗོད་པར་བྱའོ།། མངོན་པར་ཤེས་པ་ལྔ་དྲི་ངའདྲ་བྱ་ཞེས་པ་ནི། བཅོམ་ལྡན་འདས་མངོན་པར་ཤེས་པ་དྲུག་དང་ལྡན་པ་མ་ཡིན་ནམ། ཞེན་འདྲིར་མངོན་པར་ཤེས་པ་ལྔ་ཁོ་ན་སྨྱོན་པར་བྱེད་པ་ཡིན་པའི་ཕྱིརའི་མངོན་པར་ཤེས ་པ་ལྔ་ཁོ་ན་བརྗོད་པ་བྱ་བའི་སྒྲར་ཡང་དེ་ལ་གཞན་གྱི་སེམ་སོ་ཤེས་པའི་མངོན་པར་ཤེས་པ་མེད་པ་མ་ཡིན་ནོ།། དང་པོའི་སྦྱོར་བྱ་བྱས་ཏེ་ཞེས་པ་ནི་རྣལ་འབྱོར་བཞི་ལྔ་རྫོགས་པའི་རྗེ་རྗེ་ཆ་ངོ་རྒྱུནཱ་བྱཱའི་གཟུགས་བདག་ཉིད་དམིག་། ་པར་བྱེ་བའི་དོན་ནོ།། རྣལ་འབྱོར་བཞི་ལས་བསྐྱེད་པའི་སྤྲུལ་པའི་རྡོ་རྗེ་འཆང་ཆེན་པོ་ནི་བདག་ཉིད་ཀྱི་འོག་ཏུའོ།། དམ་ཚིགོ་ཨ~ཾ་ཡཽག་ཅེས་པ་ལ་སོགས་པའོ།། དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་བཞིའི་འོག་ཏུའོ།། རྡོ་རྗེ་པདྨ་འདུ་བྱ ་བ་གསུངས་པ་དང་། བདུད་རྩི་མྱོང་བ་ལ་ཡང་སྙིང་ག་དང་། ལྐོག་མ་སྐྱེང་བ་གསུངས་པ་དེ་ཉིད་ཀྱི་ཕྱིར་སྤྲུལ་པའི་སྐུ་འཛིན་པའི་འོག་ཏུ་མིག་ལ་སོགས་རྣམ་པར་དག་པའི་དོན་དུ། སའི་སྙིང་པོ་ལ་སོགས་པའི་ས་བོན་ལྷའི ་མིག་ལ་སོགས་པའི་འབྲས་བུ་དགོད་པར་བྱའོ་ཞེས་རྟོགས་པར་བྱའོ།། དེ་བཞིན་གཤེགས་པ་དགོད་པས་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་ས་བོན་དགོད་པའོ།། བསྐྱེད་པའི་རིམ་པས་ཞེས ་བྱ་བ་ནི་སྒྲུབ་ཐབསུ་གསུངས་པའི་རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་ལ་སོགས་པའི་བསྐྱང་པའི་རིམ་པས་སྤྲུལ་པའི་སྐུའི་གཟུགས་རྡོ་རྗེ་འཆང་ཆེན་པོའི་གཟུགསོ།། དེའི་མིག་གི་ཞེས་པ་ལ་སོགས་པ་ནཱི་སྔར་བཞིན་ནོ།། སྐུ ་གསུམ་ཡི་གེ་ཨོཾ་ཞེས་པ་ནི་འདིར་རྩ་བར་ཨོཾ་ཡིག་གསུམ་བཏུས་ནས་ཨོཾ་ཡིག་གཅིག་འཛེག་པར་བྱེད་དོ་ཞེས་པ་ནི་མི་རིགས་ཏེ། དགོངས་པ་ལུང་སྟོན་དུ་ཨོཾ་ཡིག་གསུམ་ཡང་བཤད་པ་ཉིད་ཡིན་པའི་ཕྱིར་རོ།། དེ ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སྩོགས་པ་བཞི་པོའི་ས་བློན་དགོད་པ་འཆད་པར་བྱེད་པ་འཆད་པར་འགྱུར་བཞིན་པར་རྟོགས་པར་བྱའོ།། དགོངས་པ་མ་ཡིན་པའོ་ཞེས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས ་གསལ་བར་མངོན་པར་བརྗོད་པ་ནི་དེ་ཁོ་ན་ཉིད་འདོད་པ་ཉིད་ཀྱི་ཕྱིར་རོ།། རི་བོ་རྣམས་སུ་ཞེས་པ་ནི་རི་བོ་རྣམས་དང་འདྲ་བ་ནི་རི་བོ་སྟེ། ནུ་མ་རྒྱས་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། རྣམ་པར་དབེན་པ ་ཞེས་པ་ནི་རྣམ་པར་དབེན་པ་རྣམས་དང་འདྲ་བ་ནི་རྣམ་པར་དབེན་པོ་སྟེ། སྐྱེས་བུ་གཞན་བསྟན་པ་ཉིད་ལས་སོ།། ཀླུ་དང་འབབ་ཆུ་རྣམསུ་ནི། ཀླུ་དང་འབབ་ཆུ་རྣམས་དང་འདྲ་བར་རྟག་ཏུ་སྐྱེས་བུ་ལ་མཚུངས་པར་འབབ་ཆུ ་ལ་ཐུན་མོང་བའི་ཕྱིར་རོ།། ངེས་པའི་དོན་ཏོ་ཞེས་པ་ནི་ཡང་དག་པར་ཡོད་པའི་དོན་གསལ་བར་འདིར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཞེས་པ་ལ་སོགས་པ་ལ་གནས་ཕུན་སུམ་ཚོགས་ཞེས་པ་ནི། དྲང་བ་དང་ངེས་པའི ་དོན་གྱི་ཐ་དད་པའོ།། རྣམ་པར་སྣང་མཛད་ཅེས་པ་སྔར་བཤད་པ་འདིར་སྦྲེལ་ལོ།། རིན་ཆེན་འབྱུང་ལྡན་ལ་སོགས་པ་མ་གསུངས་པ་རྣམས་ཀྱི་དབང་དུ་བྱས་ནས། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། སའི་སྙིང་པོས ་ཞེས་པ་ལ་སོགས་པས་སྔར་གསུངས་པའི་བྱང་ཆུབ་སེམས་དཔའ་དགོད་པ་ནི་འདིར་གནས་ཕུན་སུམ་ཚིགས་པ་དང་སྦྲེལ་བར་གསལ་བའོ།། སྒྲ་ཇི་བཞིན་པའོ།། རྫོགས་པའི་རིམ་པས་ཞེས་པ་ནི་སྔར་བསྟན་པའི་བསྐྱེད་པའི ་རིམ་པ་ལ་བལྟོས་པ་དང་བཅས་པསོ།། རྩེ་མོ་ལྔ་པ་ཞེས་པ་ལ་སོགས་པ་ནི་རང་གི་ངོ་བོ་སྟོན་པ་སྟེ། རྫོགས་པའི་རིམ་པ་ལ་དམིགས་པའི་རིམ་པ་ནི་འདིར་མངོན་པར་དགོངས་པ་མཐར་ཐུག་པའོ།། འབེར་བ་ལྔ་ཞེས་པ་ལ ་སོགས་པས་ཇི་ལྟར་རིགས་པར་དབང་པོ་དང་ཡུལ་ལྔ་པོ་རྣམསོ།། ལྡང་ཞིང་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་རྣམས་དང་འབྲེལ་བར་སྟོན་པར་བྱེད་དོ།། སྤྲོ་བ་དང་བསྡུ་བ་ཞེས ་པ་ལ་སོགས་པས་བརྗོད་པའི་རླུང་གི་དབང་ལས་དབང་པོ་རྣམས་འཛིན་པར་བྱེད་པ་ཉིད་དུ་བསྟན་ནོ།། རབ་ཏུ་འབྱུང་བས་ཞེས་པ་ནི་དབང་པོ་རྣམས་ཞེས་པ་ལྷག་མ་དང་། དབང་པོ་རྣམས་ལ་ཁྱད་པ་རོ་དང་དབང་པོ་རྣམས་ལོ་ཁྱད་པར ་སྦྱོར་བར་བྱེད་པ་རྣམས་བསྟན་པར་བྱཱ་བྱའི་ཕྱིརྱ་རང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏྭ། འཇུག་པ་ལྔ་སོགས་པའི་རང་བཞིན་ནནཱ་རབ་ཏུ་བསྐོར་བས་ཞུས་པ་ནི་དབང་བ་ལྔ་པོ་རྣམས་འདུ་བར་སྤྲུལ ་སོགས་པ་ནི་ཡི་གེ་གསུམ་མོ།། དེ་རྣམས་ཞེས་པ་ནི་དབོང་པོ་ལྔ་པོ་རྣམས་ལ་སྦྱོར་བས་དྲངས་ལ་ཞེས་པའོ།། དེ་ལྟར་རྫོགས་པའི་རིམ་པས་མངོན་ཤེས་ལྔ་བརྗོད་ནས་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་སྤྲུལ་པའི་སྐུ་ལ་དམིགས ་བའི་འབྲས་བུ་ཡེ་ཤེས་ཀྱི་སྒྲ། རྡོ་རྗེ་ན་མཁའ་ཞེས་བྱ་བ་ལ་སོགས་པ་གསུངསཏེ། རྡོ་རྗེ་ན་མཁའ་ནི་འོད་གསལཾ་ལས་ལངས་པ་ཉིད་ཀྱི་ཕྱིར་རོ།། ཕྱུག་རྒྱ་ཆེན་པོ་ནི་རྙིང་གི་འདོད་པའི་ལྷ་རྣམ་པའོ།། བསམ་ས་ཤྲཱི་ཤེས ་པར་བྱའོ་ཞེས་པ་ནི་འཆད་པར་འགྱུར་བ་བལྟོས་པས་ལས་ཉིད་དོ།། དེའི་དབུས་སུ་གནས་པ་ནི་དེའི་ཕུང་པོའི་ནང་དུ་སོན་པའོ།། དབང་པོ་ནི་མིག་ལ་སོགས་པའི་དབང་པོའི་ཚོགས་ནི་དེ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་ངོ ་བོའོ།། དཀར་པོ་ལ་སོགས་པའི་འོད་ཟེར་ནི་ཁ་དོག་དཀར་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་འདིར་དམིགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་འོད་དེ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ལ་ཞེས་པ་ནི ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དྲངས་པ་ཞེས་པ་ནི་དབང་པོའི་ཚིག་སོ།། རབ་ཏུ་འབྱུང་བས་ནི། སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་གནས་སོ།། དེ་རྣམས་ཀྱི་གནས་ནི། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང ་བཞིན་ཕུང་པོ་ལྔ་སོགས་པ་རྣམས་ཀྱང་ཟ་ཉིད་མ་ས་ཀྱི་སྦྱར་ཡོང་བཞིན་པ་ཉིད་ཀྱི་གྱུར་རོ།། ཁམས་གསུམ་པའི་ལུས་ནུས་པ་ནི་ཁམས་གསམྦྷ་པར་ལུས་རྫོགས་པ་སེམསྨ་པའི་ལུས་ཏྭཱ་རྣལ་འབྱུར་བའི་སྒྲ་དགུ་ན་རྣམ་པར་སྣ ་མཛད་ཀྱི་རང་བཞིན་ཉིད་ཡིནྡྲ་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཞེས་བྱ་བའི་ཡེ་ཤེས་སེམས་ད་ཞེས་པ་ནི་དང་པོར་རྡོ་རྗེ་འཆང་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་འི་ངང ་ཏིང་ངེ་འཛིན་སེམས་དང་གཱ་ནི་རིམ་པ་གཞན་ཉིད་དོ།། དོན་འདི་ཉིད་གསུངས་པ་ཞེས་བྱ་བ་ལ་སོགས་པས་བརྗོད་པའི་དོན་རྒྱུས་པརརོ་བཤད་པ་སྔགས་ཀྱི་དམ་ཚིག་གི་དེ་ཉིད་ཡི་གེ་གསུམ་ལས་རྟོགས་པའི་རྡོ་རྗེ་འཆང་ཆེན་པོ།། རིག་པའི ་སྐྱེས་བུ་ནི་ཡེ་ཤེས་ཀྱི་སྐུའོ།། དགོངས་པས་བཤད་པའོ།། ། དེ་ལྷོར་ལས་ཀྱི་ལམ་རྣམ་པར་དག་པ་ཞེས་པ་ནི། བྱ་བའི་ལྡེས་དེ་ཉིད་ལམ་སྟེ་ལམ་མོ།། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ནི་རྡོ་རྗེ་འཆང་ཆེན་པོ ་ཉིད་ཐོབ་པ་ཁོ་ན་རྣམ་པོར་དག་པ་སྟེ། དེས་བསྟན་ནས་ཞེས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། རྣལ་འབྱོར་འདིར་འགྱུར་ཕྱིན་ཆད་ནི།། ཀློག་གམ་ཡིང་ན་ཞེས་བྱ་བ་ལ་སོགས་པ་སྔོ།། རྣམ་པ་གཞན་དུ་ན་ལེའུ་ལ་འཇུག་པར ་གསུངས་པའི་ལྷའི་སྐུ་རྣམ་པ་གཉིས་ཀྱི་གཟུགས་གསལ་བར་བྱེད་པའི་དོན་དུ་ཞེས་པ་འདི་དང་འགལ་འགྱུར་རོ།། ཡང་ན་ལྷ་རྣམ་པ་གཉིས་གསལ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ཀྱི་ལམ་རྣམ་པར་དག་པའི་རྒྱུ་ཉིད ་དུས་།། དེམྦྷ་ས་རྣས་པར་པས་བུ་མ་རྨུགས་པ་གསས་ཏེ། བྱུན་རྒྱུན་དུ་སྣས་མྦྷ་གན་དྷཱ་གྶ། གཙུག་སྤྱ་ས་པ་གནས ་བྱབར་བྱེད་པ་གསུངས་པ་དང་འདིར་བྱུག་རྒྱུ་ཆེན་པོ་རྣམ་པ་གཉིས་ཡོང་སུ་ཁྱིམ་པ་དོན་ཅིག་པོ་ཉིད་མ་ཡིན་ནས། འདི་དག་ལྷ་བསྐྱོང་པའི་དོན་ཡིན་པའི་ཕྱིར་ཞེ་ན་བདོན་ཏེ་འོན་ཀྱང་ལེ་རུ་བཻཅུ་གཙུག་པར་གསུངས་པནིའུ་དང ་བར་གསུངས་བློ་བལྟོས་པ་དང་བཅོས་པོ་ཡིནྟི་ལཱ་རཱུ་བཅུ་གཉིས་པར་བརྗོད་པའི་ཡོང་སྱཱ་ཥྞཱིམྦྷ་པཱ་ཥྚི་ཀཱ་ལ་མི་བལྟོས་པ་ག་དང་།། འཁོར་ལ་ལ་སོགས་པའི་མཚོན་མཱའི་གཟུགས་ཐོས་སོ།། སྣ་གདོངས་སྟོང་དང ་ཞེས་བྱི་ནི་མཐོ་རིས་དང་བར་སྤྱང་དང་སྣ་ག་སྤྱོད་ཅི་འཇིག་རྟེན་མངོན་པར་བརྗོད་དེ། སྤྱོད་མྱི་འཇིག་རྟེན་རྣམ་པ་སྨྼ;ྻུཾ་ཚོགས་པ་ཡང་སྟོན་པར་བྱེད་པ་ཉིད་སནྡྲ་པའི་ཕྱིར་རོ།། དེ་ཉིད་ནི་ཞེས་པས་འོག་དང་ས་སྟེང་དུ་སྟེ་བླ་ནས ་བ་འདིའོ།། འབྱིན་པ་བྱེད་པ་པོ་ཉིད་ཡིན་པའི་ཕྱི་ན་སྡུ་པ་ནི། གླུསུངས་པ་ཡང་། ཐུགས་ཀྱི་རྡོ་རྗེས་སྣོང་མྱི་འཇིག་རྟེན་མངོན་པར་སྨལ་ནས་སོསོས་སྙན་གྱི་འཇིག་རྟེན་སྤྲུལ་པར་བྱེད་དོནསས།། དགངས་པ་མ་ཡིན་པའོ།། ནས ་མཁའ་ཞེས་བྱ་བ་ལ་སོགས་པས་སྔར་གསུངས་པའི་གནས་པའི་གནས་གཞན་གསུངས་པ། ནེ་མཁའ་ཞེས་བྱ་བ་ལ་སོགས་པའི་ནི། ན་མཁའ་ནི་དེ་བཞིན་ཉིད་དོ།། དེར་སྲུང་བོ་ལ་སོགས་པ་ནི་རྟག་པ་ནི་ཕུང་པོ་ལ་སོམས ་པ་བསྐྱེད་པ་དེ་དེའི་སྦྱོར་བ་ལས་ཕུང་པོ་ལ་སོགས་པ་བསྐྱེད་པ་དགོན་པ་ཆེན་པོར་འདོད་དོ།། ནམ་མཁའ་ནི་ངོ་བོ་རབ་ཏུ་བསྒྲུབ་པ་ནི་དགོན་པ་ཆེན་པོའོ་ཞེས་པ་གཅིག་ནི་ཐ་མལ་བའི་ཕུང་པོ་ལ་སོགས་པ་ལ་བརྟེན་ནས་སེམས་པ་ལ་སོགས ་པ་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། གནས་མེད་ཅེས་བྱ་བ་ལ་སོགས་པ་ནི་འོད་གསལ་བའི་བདག་ཉིད་ཅན་པ་སྒྲུབ་པའི་གནས་གཞན་ལོངས་སྤོང་རྫོགས་པའི་བདགུ་ཉིད་དོ།། ངེས་པའི་དོན་ནོ།། ལོངས་སྤྱོད་རྫོགས ་པ་ཡང་སྤྲུལ་པའི་སྐུ་སྒྲུབ་པར་བྱེད་པའི་གནས་སོ་ཞེས་གསུངས་པ། ཡིད་ཀྱི་རང་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཇམ་པ་ནི་ལོངས་སྤྱོད་རྫོགསོ་པའི་སྐུའོ།། འདིའི་བྱ་བ་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཞེས་བྱ་བ ་གསུངས་ཏེ།། འདིའི་བཤད་པ་ནི། དཔག་ཚད་རྣམས་ཞེས་བྱ་བ་ལ་སོགས་པའོ།། དཔག་ཚད་བརྒྱ་ཞེས་བྱ་བ་ལ་སོགས་པ་ཉིད་དོ།། གསལ་བར་བྱེད་པས་ན་ཞེས་བྱ་བ་ནི་འཆད་པར་འགྱུར་པའི་བྱ་བ་ལ་བལྟོས་པའོ།། གང་གིས ་གསལ་བར་བྱེད་པ་བསྟན་པའི་ཕྱིར་གསུངས་པ་རབ་ཏུ་ཆེ་ཞིང་འབར་བའི་རྡོ་རྗེ་ལྟ་བུ་གང་ཡིན་པ་ཞེས་པ་བཅོམ་ལྡན་འདས་སོ།། འདིའི་བཤད་པ་འབར་བའི་ཞེས་བྱ་བ་ལ་སོགས་པའོ།། སླར་ཡང་སྣང་བར་འགྱུར་བ་ཅི་ལྟར་འགྱུར ་པ་ཡིན་ཞེ་ན། དག་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ལྟ་བུའི་སྐུ་ཉིད་ཀྱི་ཕྱིར་རྣམ་པར་དགེ་པ་སྒྱུ་མ་ལྟ་བུའི་སྐུ་མངའ་བའི་ཕྱིར་ཞེས་པ་ནི་དག་པའི་བདག་ཉིད་དུ་བྱེད་པ་ཞེས་འདིར་རྒྱུའོ།། ཚངས་པ་ལ ་སོགས་པ་རྣམས་ཞེས་པ་ནི་ལྷག་མ་ལུས་པ་བསྡུ་བའི་དོན་ནོ།། ལྷ་མོ་ཐམས་ཅད་ཀྱིས་ཡོངསུ་བསྐོར་བའི་ཕྱིར་ཚངས་པའོ།། དེའི་སྲིད་དུ་གཙོ་བོར་གྱུར་པ་དེ་རྣམས་ཡེ་ཤེས་ཀྱི་སྐུ་ཐོབ་པ་དེ་ལྷ་རྣམས་ཀྱིས ་མཐོང་བར་མི་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གཞན་དག་གི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུང་སོ།། ལྟ་བར་བྱ་བ་མ་ཡིན་པ་ཁོ་ན་མ་ཡིན་ནོམ་ཅི་ལྟར་མཚན་ཉིད་རྣམ་པར་བཞག་པར་བྱ་ཞེས་ན་ཕྱིར་མི་ལྡོག་པའི་སྤྱོད་ཡུལ་ཡིན་པའི ་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ།། སོ་སོའི་སྐྱེ་བོ་རྣམས་ཀྱིས་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་ལས་གཞན་རྣམསོ།། དེ་ཉིད་ཀྱི་ཕྱིར་མི་ལ་སོགས་པ་རྣམས་ཀྱི་ལྟ་ཅི་སྨོས་ཞེས་གསུངས་སོ།། ཕྱིར་མི་ལྡོག་པའི་སྤྱོད་ཡུལ ་ཡིན་པའི་ཕྱིར་རོ།། དག་པའི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུ་ཡིན་པའི་ཕྱིར་ཞེས་གསུངས་སོ།། ཐོག་མར་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་འདི་ཉིད་ཞེས་བྱ་བ་ལ་སོགས་པ་ནི་གསུངས་ཏེ། བཤད་གཅི་ནི་ཡུལ་དང་དབང་པོ་རྣམས་ཏེ་ཞེས ་བ་ནི་དབང་པོ་དང་ཡུལ་དག་དེ་བཞིན་པ། ཤེགས་པ་རྣམས་ཀྱིས་མིང་ངོ་།། དེས་ཞེས་པ་ནི་བཅུ་པོ་རྣམས་ཀྱིས་སོ།། ཕན་ཚུན་བསྲེགས་པས་དམ་ཚིག་ལྔ་རྣམས་ཀྱིས་སོ་ཞེས་པ་ནི། དེ་རྣམས་ཀྱི་དམ་ཚིག་ལྔ་པོ་རྣམས་སོ་སོའི ་སྐྱེ་བོ་ལ་སོགས་པའི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར་རོ།། ཁྱད་པར་གྱི་དབང་དུ་བྱས་ནས་གསུངས་པ། རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་གསུམ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད ་སྐུ་དང་གསུང་དང་ཐུགས་སོ།། དེ་དག་མི་ཕྱེད་པ་གསུམ་པོ་རྣམས་ཀྱིའང་ཐུགས་ཙམ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐུགས་ཞེས་གསུངས་སོ།། དེ་ལས་བྱུང་བས་ནི་བརྗོད་པའི་ཡེ་ཤེས་གསུམ་གྱི་རང་བཞིན་གྱིསོ།། དབང་པོ་ཡུལ ་རྣམས་ཀྱིས་ནི། རང་ཉིད་སོ་སོར་གསལ་པ་ཙམ་གྱི་དམ་ཚིག་ལྔ་པོ་རྣམས་དང་ལྡན་པའོ།། རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། ལྕགས་གསུམ་ཞེས་བྱ་བ་གསུངས་སོ།། འཁོར་བའི་ངོ་བོ་ཡིན་པའི་ཉིད་ཀྱི་ཕྱིར་སྣང་བ ་གསུམ་པོ་དེ་ཡང་ལྕགས་བཞིན་དུ་སྲ་བ་ཉིད་ཀྱི་ཕྱིར། རབ་ཏུ་གྲགས་པའི་ལྕགས་གསུམ་ཞེས་མངོན་པར་བརྗོད་པར་བྱའོ།། སྣང་བ་གསུམ་དང་ཡང་དག་པར་ལྡན་པ་ནི་རང་བཞིན་དང་སྣང་བ་གཅིག་ཏུ་འདྲེས་པར་བྱས་ནས ་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ།། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དག་གིས་ནི་སྟོང་པ་ཉིད་བཅོ་བརྒྱད་རིལ་པོར་དོན་དག་གིས་སོ།། རྟོག་གེ་བ་ཐམས་ཅད ་ནི། དམིགས་པ་དང་བཅས་པར་མཐོང་བ་ཉིད་ཡིན་པའི་ཕྱིར་རོ།། ཡུལ་མ་ཡིན་པ་ཞེས་པ་ནི་ཐུགས་སེམས་གསུམ་གྱིས་བསྐྱེད་པ་ཉིད་ཀྱི་ཕྱིར་བསྒོམ་པར་བྱའོ་ནི། འོད་གསལ་བའི་བདག་ཉིད་དེའི་བདག་ཉིད་དུ་ཤེས ་པར་བྱའོ།། རྡོ་རྗེ་འཇམ་པ་དང་འོད་འདྲ་བར་འགྱུར་རོ་ཞེས་པོ་ནི་ཡོངསུ་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུརརོ།། དགོངས་པ་བཤད་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྟན་ནས་ཞེས་པ་ནི ་ཉེ་བར་བསྟན་ནས་སོ།། འཁོར་ལོའི་རིག་པ་འཛིན་པའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱ་བ་ནི་བརྗོད་པའི ་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་ནས་རྣམ་པར་སྣང་མཛད་བྱུང་སྟེ་བཅུག་པས། རྣམ་པར་སྣང་མཛད་དུ་དམིགས་པར་བྱའོ་ཞེས་བྱ་བའི་དོན་ནོ།། འཁོར་ལོ་རྩི་བིས་བརྒྱུད་པ་ཞེས་པ་ནི་ལྕགས་རྣོན་པོ་ལས་བྱས་པ། ཨོཾ ་ཡིག་ལོས་མངོན་པར་སྐྱེས་པ་བསམས་ནས་ཐོག་མར་བདུད་རྩི་ལྔས་བྱུག་པ་བྱས་ནས་བསྲུང་བར་ཡང་བྱའོ།། སངས་རྒྱས་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པ་ནི་རྣམ་པར་རྟོག་པར་བྱའོ།། ཇི་སྲིད་དུ་དྲོ་བར་གྱུར་པ་ཞེས ་པ་ལ་སོགས་པ་ནི་ཡོན་ཏན་གསུམ་པོ་འདི་ཉེ་བར་བསྐྱེད་པ་དེ་སྲིད་དུ་བསམས་ནས། ལག་པས་བླངས་ནས་ཐོག་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག ་ཐམས་ཅད་ལ་ཕུལ་ནས་རང་གི་འཛིན་ཅིང་གཞན་སེམས་ཅན་ཐམས་ཅད་ལ་དེ་བསྟན་པར་བྱའོ།། བཞེངས་པ་ནི་ལངས་པ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུརརོ།། སྔར་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་མངོན་དུ ་འགྲོ་བས་རྣམ་པར་སྣང་མཛད་དུ་དམིགས་ནས་འཁོར་ལོ་ཡང་དག་པར་སྒྲུབ་པར་བྱ་བས་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ།། དེའི་དངོས་གྲུབ་འབྱོར་པ་འམ་རྫོགས་པའི་རིམ་པ་ལྷག་པ་རྟོགས་པའི་དོན་དུ་སངས་རྒྱས་ཐམས ་ཅད་མཉེས་པར་བྱེད་པ་ལ་འཇུག་པའི་ཕྱིར་རོ།། བསོད་ནམས་ངེས་པར་བྱུང་བ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ནམ་མཁའི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་རྩ་ལྔ ་པ་སོར་བརྒྱད་པ་བྱས་ནས་སྟོང་པ་ཉིད་བསྒོམས་ལ་དཀྱིལ་འཁོར་གྱི་དབུསུ་ཧཱུཾ་ཡིག་གི་རྡོ་རྗེ་ཆེན་པོར་བསམས་ནས་ཞེས་བྱ་བའི་དོན་ནོ།། འདོད་པའི་དབང་ཕྱུག་ཅེས་པ་ནི་ཐོག་མར་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང ་འཆད་པར་འགྱུར་པ་ལ་ཆོ་ག་འདི་དེ་བཞིན་དུ་སྦྱར་བར་བྱ་བར་ཀུན་ཏུ་ནུས་པའི་དོན་ལའོ།། དམ་ཚིག་ཞེས་པ་ནི་ལྷན་ཅིག་པའི་དོན་ཏེ། འགྲོ་ཞིང་ཞེས་པ་ནི་སཾ་སྔོན་མ་ལུས་ཨ་ཏ་ས་ཏ་ཏི་འགྲོ་བ་སྟེ། བྱིངས་ལ་འདི་རབ་ཏུ་སྦྱརོ།། ་བཞུང་བས་ན་ཞེས་པ་ནི་བརྗོད་པའི་རྡོ་རྗེའི་རིག་པ་འཛིན་པ་དང་ལྷན་ཅིག་ཏུ་ཞེས་པ་ལྷག་མའོ།། མཉམ་པ་ཉིད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་རྣམས་མངོན་པར་བརྗོད་པར་བྱའོ་ཞེས་མཉམ་པ་ཉིད་དེ་མཁའི་འགྲོ་མ་རྣམས་ཡིན་པས་ཞེས ་གསུངས་སོ།། རྡོ་རྗེ་ནི་རྡོ་རྗེའི་རིག་པ་འཛིན་པའོ།། མཉམ་པ་ཉིད་ཀྱང་སྔར་གསུངས་པའི་མཁའ་འགྲོ་མ་རྣམས་ཏེ་འདི་མཉམ་པ་ཉིད་ལ་བརྟེན་པའི་དོན་ནོ།། ལྷན་ཅིག་སྤྱོད་པ་ནི། ལྷན་ཅིག་སྤྱོད་པར་བྱེད་དོ།། འགྲོ་བར་བྱེད་དོ་ཞེས ་བྱས་ནས་སོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྔགས་དང་ཕྱག་རྒྱའི་ཚོགས་ནི་པདྨའི་རིགས་ཅན་རྣམསོ།། སྒྲུབ་པ་པོ་ལ་ཞེས་པ་ནི་པདྨའི་རིག་པ་འཛིན་པ་ལའོ།། དབང་བསྐུར་བ་ཞེས་པ་ནི་བདག་ཉིད་དབུས ་སུ་བློན་པོའི་འཁོར་ལོ་བཞིན་དུ་བློན་པོ་རྣམས་དང་རྒྱལ་རིགས་བཞིན་དུ་སྤྱི་བོར་དབང་སྐུར་བར་བྱེད་དོ་ཞེས་པའི་དོན་ནོ།། མཉམ་པ་ཞེས་པ་ནི་སྔ་མ་བཞིན་དུ་ཆད་པ་དང་ལྷག་པ་མེད་པ་ཉིད་ཀྱིས ་མཉམ་པ་ཞེས་པ་ནི་ལྗང་གུ་ལ་སོགས་པའི་འོད་ཟེར་ལྔ་རྣམས་མཉམ་པ་ཉིད་ཀྱི་ཕྱིར་རོ།། འོད་ནི་དགའ་བར་བྱས་པོ་ཉིད་དུ་བཤད་པའོ།། རང་སྔགས་ནི་ཧཱ་ཡིག་སྟེ། རང་གི་སྔགས་ལས་ཞེས་པར་རིགསོ་ཞེས་པ ་ནི་རང་གི་སྔགས་ཧཱ་ཡིག་ལས་ཡང་དག་པར་སྐྱེས་པའི་རལ་གྲི་ཞེས་དགོངས་སོ།། འོད་ཟེར་ལྔ་ཞེས་པ་ནི་རལ་གྲིའི་འོད་མངོན་པར་བརྗོད་དོ།། རྫོགས་པ་ནི་བྱེ་བ་བྱས་པའོ།། མེ་རྫོགས་པ་ནི་སློབ་བཞིན་པའོ།། རལ ་གྲི་ཞེས་པ་ནི་སྔ་མ་བཞིན་ནོ།། ཕྱག་རྒྱ་ཆེན་པོ་ནི་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་སྤྱོད་པའོ།། དེའི་བདག་ཉིད་ཀྱིས་ནི་སྔར་བཤད་པའི་མཁའ་འགྲོ་མའི་རང་གི་ངོ་བོ་ཉིད་ཀྱིས་སམ། བདག་གི་ངོ་བོ་ཉིད་ཀྱིས་སོ།། ཕྱི ་རོལ་གྱི་རྫས་ཞེས་པ་ནི་གསུམ་བསྲེས་པ་སྟེ་གསུངས་པ་ཡང་ལྕགས་གསུམ་ལྷན་ཅིག་ལྡན་ཞེས་འཆད་པར་འགྱུར་བར་ཡང་དངོས་གྲུབ་རང་བཞིན་གསུམ་ཉིད་ངེས་ཞེས་འཆད་པར་འགྱུར་བ་ལ་བལྟོས་ནས ་གསུངས་ཤིང་། སྔར་འཁོར་ལོ་ལ་སོགས་པའི་དངོས་གྲུབ་གསུངས་པའི་ཕྱིར་རོ།། ཙ་ན་ཀའི་འབྲུ་ཆེད་ཙམ་ཞེས་པ་ནི། འདིར་དེའི་དབྱིབས་ཀྱང་ཕྱི་རོལ་གྱི་རྫས་ལས་མངོན་པར་བྱུང་བའི་རིལ་བུ་ཡིས་རྣམ་པར ་བརྗོད་དོ།། ས་བོན་ནི་ཨོཾ་ཡིག་གོ།། བདག་པོ་ནི་རྣམ་པར་སྣང་མཛད་དོ།། དེའི་གཟུགས་ནི་སྐུ་དང་ཕྱག་རྒྱ་དང་ཞྭལྔ་དང་། ཁ་དོག་དང་མཚན་མ་ལ་སོགས་པ་དང་ལྡན་པའོ།། མགོ་བོ་སྒོ་ནི་གཙུག་ཏོར་རོ།། འཇུག་པའི་རང ་བཞིན་ནི་འཇུག་པར་བྱེད་པར་གྱུར་པའི་རིལ་བུ་རྣམ་པར་བསམ་ཤིང་འདིར་ཁྱད་པར་དུ་བསྒོམ་པར་བྱའོ།། དེ་ཉིད་ཀྱི་ཕྱིར་ཡང་དང་ཡང་དུ་ཞེས་བྱ་བ་ལ་སོགས་པ་གསུངསོ།། གང་དེ་ལྟར་ཞེས་བྱ་བ་ལ་སོགས་པས ་འབྲས་བུ་སྟོན་པར་བྱེད་པ་དེ་ནས་བརྩམས་ཏེ་ཞེས་པ་བསྒོམས་པ་མཐར་ཕྱིན་པའི་སྐད་ཅིག་ནས་བརྩམས་ཏེའོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན ་པོའི་ཡེ་ཤེས་ཀྱི་སྐུ་མཆོག་ཏུ་འཛིན་ནོ།། དེ་དང་འདྲ་བ་ནི་དེ་དང་མཚུངས་པ་སྟེ། རིལ་བུ་སྒོམ་པར་བྱེད་པ་ཉིད། ཕྲ་མོའི་རྣལ་འབྱོར་བཞིན་དུ་བདེན་པ་གཉིས་གཉི་སུ་མེད་པའི་རྒྱུན་ཡིན་པའི་ཕྱིར།། ཛམྦྷ་ནཱ་ད་ལས་སྐྱེས་པའི་གསེར་དང་མཉམ ་པའི་འོད་ནི་དེ་དང་མཉམ་པའི་སྐུའི་ཁ་དོག།། གནས་པའི་བདག་ཉིད་ཅན་ཞེས་པ་ནི། ལྐོག་མ་ཉིད་དུའོ།། ལྡང་བའི་བདག་ཉིད་ཅན་ཞེས་པ་ནི། སྙིང་གར་པདྨ་དཀར་པོའི་སྟེང་དུ་འགྲོའོ།། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་ཀྱང་ནི་རྣམ་པར ་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་ཀྱང་ངོ་།། གྲུབ་པ་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་བོ། འདི་དག་ཇི་ལྟར་བྱ་ཞེ་ན། དང་པོ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད ་ཀྱི་རྣལ་འབྱོར་དང་ལྡན་པས་ཞེས་པ་ནི། འདིར་བྱའོ་ཞེས་པ་དང་སྦྲེལ་བར་བྱའོ།། གཉིསུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ།། བདག་ཉིད་བསྒོམ ་པར་བྱ་ཞེས་པ་ནི། དེ་ལྟར་འཆང་བཞིན་པའི་རེནཱི་པོ་ཆེའི་རིག་པ་འཛིན་པ་ལྀ་སོགས་པའི་དངོ་ས་གྲུབ་ལའང་སྦྱར་བར་བྱའོ།། རྩ་གསུམ་པ་ལ་སོགས་པ་ཞེས་པ་ནི་ཁྲོ་བོ་སྟོབས་པོ་ཆེ་ལ་སོགས་པའི་མཚན་མའོ།། ཕུལ་དུ་བྱུང་བའི ་དངོས་པོར་ནི་བསྐྱེད་པའི་རིམ་པར་གསུངས་པའི་རིམ་པསོ།། དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོ་སྟེ་འདུས་པའི་མཚན་ཉིད་དོ།། དམ་ཚིག་ཆེན་པོའི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའོ།། སྒྲ་ཇི་བཞིན་པའོ།། བསྐྱེད་པའི་རིམ་པ་ལས ་གནས་པ་རྣམས་ཀྱིས་དངོས་གྲུབ་སྒྲུབ་པར་བྱེད་པ་ལམ་གྱི་བཞི་མདོ་ཞེས་བྱ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་སོགས་པ་ཞེས་པ་ལ། ཡུལ་གཞན་དག་ནི་མིག་ལ་སོགས་པས་གཟུང་བར་བྱ་བའོ།། དགོངས་པས་བཤད ་པའོ།། སེམས་ཅན་ཛྷ་སུ་འཛིན་པ་ལ་ར་ཏུ་འཇུག་པ་གདུལ་བྱའི་སྐྱེའོ་ཞེས་བྱ་བ་ལ་སོགས་པ་སོ་སོར་གསུངས་པ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ནི་སྐུ་ལ་སོགས་པའི་རྡོ་རྗེའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། སྔགས ་ལས་རྫོགས་པ་ཉིད་ཡིན་པའི་ཕྱིར་སྔགས་ཀྱི་སྐྱེས་བུའོ།། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྐུ་དང་གསུང་དང་ཐུགསོ།། སྐུ་ལ་སོགས་པ་ལས་ངེས་པར་བྱུང་བའི་འོད་ཟེར་ཀྱོ་བ་བཏང་གི་རང་བཞིན་ཅན་ཏེ་ལྕགས་ཀྱུའི་རྣམ ་པར་རོ།། སངས་རྒྱས་རྣམས་ཞེས་པ་ནི་སངས་རྒྱས་ཀྱི་སྣོད་ཉིད་ཡིན་པའི་ཕྱིར་ཉེ་བར་བཏགས་པསོ།། རིན་པོ་ཆེ་ཞེས་པ་ནི་རིན་པོ་ཆེ་ལྟ་བུའོ།། ཤིན་ཏུ་མཆོག་ཏུ་འགུགས་པ་ནི། གཡོ་བ་ཞེས་པ་ལ་སོགས་པ་ལ་བསམ་ནས་ཞེས་པ ་ནི་བསྒྲུབ་བྱའི་མདུན་དུའོ།། དེར་བཞག་སྟེ་ཞེས་པ་ནི་བཀའ་བསྒོས་པའི་བསྒོམས་པའི་ཁྲོ་བོས་སོ།། ལུས་དང་ངག་དང་སེམས་རྣམས་ལ་ཞེས་པ་ནི་བསྒྲུབ་བྱའི་དམ་ཚིག་སེམས་དཔའ་ལ་སོགས་པ་རྣམས་ལ་བདག་ཉིད་ཀྱི་སྐུ་དང ་གསུ་དང་ཐུགས་ནི་དམ་ཚིག་ལ་སོགས་པའི་སེམས་པའོ།། དེའི་འོད་ཟེར་གྱིས་ཀྱོ་བ་བཏང་ངོ་།། དེ་གཞན་དུ་ནི་ཞེས་པ་ཅན་དན་ལ་སོགས་པའི་རིགས་ལྀ་དེའི་འོག་ཏུ་ཡང་། དགུག་པའི་ཡུལ་གསུངས་པ། འདི་ཉིད་ཀྱིས་བྱ ་བ་ལ་སོགས་པའོ།། འདིའི་ཉེ་བར་བསྡུ་བ་མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངསོ།། ལྷ་མོ་ཞེས་པ་ནི་སྤྱན་མ་ལ་སོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་བུད་མེད་རྣམསོ།། མི་ཕྱེད་པའི་དགུག་པ་ནི། ངེས་པར ་བསྒོམས་པ་ཉིད་ཀྱི་ཕྱིར།། དེ་ཞེས་པ་ནི་འཁོར་ལོའོ།། ཇི་ལྟར་དབང་དུ་བྱས་པ་དེ་བཞིན་དུ་དགུག་གོ་ཞེས་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་རྣམ་པར་སྣང་མཛད་ལ་སོགས་པའི་མཚན་མས་འགུགས་པར་བྱེད་པ་ཉིད་ཡིན ་ཞེ་ན་བསམ་པར་བྱ་སྟེ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསམ་པར་བྱ་སྟེ། སོགས་པའི་སྒྲ་ལས་དྲིལ་བུ་དང་། རིན་པོ་ཆེ་དང་། རལ་གྲི་རྣམས་ཀྱིས་སོ།། ཁམས་གསུམ་པ་ཞེས་པ་ལ་སོགས་པས་དགུག་པའི་ཡུལ་སྟོན ་པར་བྱེད་དོ།། སྐུ་དང་གསུང་དང་ཐུགས་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ།། ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཞེས་གསུངས་པའི་ཕྱིར་ལྕགས་ཀྱུ་ལ་སོགས་པ་གང་ཡིན་པ་དེ་ཡོད་པ་དེ་འདིར ་རྡོ་རྗེ་འཆང་ཆེན་པོར་སྔར་གསུངས་པའི་རྣམ་པར་དབྱེ་ཞེས་མཚོན་པར་བྱ་སྟེ་གང་ཡང་རྡོ་རྗེ་འཆང་ཆེན་པོའི་མཚན་མ་རྡོ་རྗེ་ལ་སོགས་པ་ལྕགས་ཀྱུ་ལ་སོགས་པ་ཡོངསུ་སྦོམ་པོར་བྱེད་པ་ལ་བལྟོས་ནས་ཀྱོ་བ་ལ་སོགས་པ་རྣམས་ཀྱིས་ཞེས ་བྱ་བ་ལ་སོགས་པ་གསུང་སོ།། རྒྱས་གདབ་པར་བྱའོ་ཞེས་པ་ནི་སློབ་མོར་བྱའོ་ཞེས་པའི་དོན་ནི་འདི་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པའི་བྱ་བ་སྟོན་པར་བྱེད་པ་པོར་འགྱུར་རོ་ཞེས་བསྟན་ཏོ།། ཇི་ལྟར ་གསུངས་པའི་མཚན་ཉིད་དང་ལྡན་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པས་ཡོངསུ་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པའི་མཚན་ཉིད་དང་ལྡན་པའི་ལྷ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་ཀྱི་རང ་བཞིན་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་གསུང་འོད་དཔག་མེད་ཀྱི་བདག་ཉིད་ཅན་ཉིད་དོ་ཞེས་གསུངས་པ་ལྷོ་ཉིད་ཞེས་པའོ།། རེང་གིས་ལྷའི་ང་རྒྱལ་དང་ལྡན་པས་ཞེས་བྱ་བ་ལ་སོགས་པས། སེམས་ཀྱི་བྱ་བ་སྟོན་ཅིང་མི ་བསྐྱོད་པར་བྱེད་པ་སྟོན་པར་བྱེད་དོ།། ལག་པར་གནས་པ་ཞེས་བྱ་བ་འདིས། འདི་ལག་པར་གཟུང་ནས་ཞེས་སྟོན་པར་བྱེད་དོ།། བཟླས་པར་བྱ་བའི་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་པས། སྔགས་ཀྱི་ཡི་གེ་ནི་དགུག ་པ་སྦྱོར་བ་གཞན་བསྟན་ནོ།། གསང་བ་གསུམ་ཞེས་པ་ནི་འདིའི་སྐུ་ཞེས་བྱ་བ་ལ་སོགས་པའི་བཤད་པས་བསྒྲུབ་བྱ་དང་སྒྲུབ་པ་པོ་དག་དགུག་པ་ལ་སོགས་པ་ལ་སྐུ་ལ་སོགས་པའི་གསང་བ་གསུམ་ལ་རྣམ་པར་སྣང་མཛད་ལ་སོགས ་རྣམས་མཉམ་པ་ཉིད་དུ་རྟོགས་པས་དེ་རྣམས་ཀྱི་གསུང་གསུམ་དམ་ཚིག་ཞེས་མངོན་པར་བརྗོད་པ་གསུ་ངས་སོ།། རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཡོང་སུསུ་ཤེས་པའི་མཚན་ཉིད་ཞེས་པ་ནི་གང་གི་རང་གི་ངོ་བོ་ཉིད་རྣམ་པར་སྣང ་མཛད་ལ་སོགས་པ་གང་གི་སོ་སོ་རང་གི་ངོ་བོ་ཉིད་གང་ཡིན་པ་ཇི་ལྟ་བུའི་རང་བཞིན་ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་དེ་ཡོངསུ་ཤེས་པའི་བདག་ཉིད་ཅན་གྱི་མཆོད་པ་བྱས་ནས་ཞེས་མངོན་པར་དགོངསོ།། ལེའུ་བཅོ་ལྔ་པའི་བཤད ་པས་འཆད་པར་འགྱུར་བར་ཡང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཤེས་པ་དང་བྲལ་བས་འཇིག་རྟེན་པའི་དངོས་གྲུབ་ཀྱང་འགྲུབ་པུར་མི་འགྱུར་ན། སླར་ཡང་འཇིག་རྟེན་ལྔས་འདས་པར་ག་ལ་འགྱུར་ཞེས་སོ།། དེའི་ཕྱིར་འདི་ཞེས་པ ་ལ་སོགས་པ་གསུངས་ཏེ། འདི་རྗེ་ཞེས་པ་ནི་དགུག་པའོ།། གང་བཤད་མ་ཐག་པའི་ཆོ་གད་གསུངས་པ་འགུགས་པའི་དོན་འགུགས་པར་བྱ་བ་ཉིད་ཀྱི་མཚན་ཉིད་ཀྱི་ཆོ་གེ་དེའོ།། ལས་ཀྱི་དབྱེ་བས་ནི། བཤད་པ་དང་འཆང ་པར་འགྱུར་བའི་ལས་ཀྱི་བྱེ་བྲག་གིས་ཉེས་པར་ལོངས་སྤྱོད་པ་ཞེས་པ་ལ་འབྱུང་པོ་རྣམས་ཀྱི་ཞེས་པ་ལྷག་མའོ།། དེ་ལ་ཐོག་མར་མཁའ་ལ་སྤྱོད་པ་ཉིད་ཀྱི་དབང་དུ་བྱས་ནས་ཤ་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གཏོར་མ་བྱིན་ནས་ཞེས་པ་ནི། གཞན་དེར་རྟོག་པ་ལ་སོགས་པ་གསུངས་པའི་རིམ་པས་སོ།། མིའི་ཤ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་གླང་པོ་ཆེ་ལ་སོགས་པ་ཡོངསུ་བཟུང་ངོ་།། མངོན ་བར་ཤེས་པ་ལྔ་ཞེས་པ་ནི་འདིར་གང་ཡིན་སླར་ཡང་འདིར་མངོན་པར་ཤེས་པ་ལྔ་བཟུང་བར་བྱ་ཞེས་བསམ་པར་བྱའོ།། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོ་ལ་སོགས་པ་ཞེས་པ་ནི་འདིར་དེ་རྣམས་འགུགས་པར ་འགྱུར་རོ་ཞེས་རྒྱུད་དུ་གསུངས་པའི་དོན་དང་སྦྲེལ་ལོ།། བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་ཤ་རྣམས་བསྒོམས་ནས་ཞེས་པ་ནི་ཙཽ་ལྟར་བསྒོམ་པར་བྱ་བའི་ཤའོ་ཞེས་བསམ་པར་བྱའོ།། ཡང་ན་ཕྱག་བྱ་བ་ལ་སོགས ་བས་ཞེས་པ་ལ་སོགས་པ་ཡང་ངོ་།། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རྣལ་འབྱོར་བཞི་ལས་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ།། གསུངས་པ་ཡང་དེ་ལྟར་བདག་ཉིད་བྱིན་བརླབས་པས།། ཟླ་བའི་དཀྱིལ ་འཁོར་དབུས་གནས་པ་ཞེས་སོ།། ཡེ་ཤེས་སེམས་དཔའ་ནི་སྐུ་མདོག་དམར་མོ་ཕྱག་གཉིས་ཀྱི་རང་སྣང་ལ་འཁྱུད་པ་ཁ་སྦྱོར་གྱི་སྦྱོར་བས་ལུས་ཐམས་ཅད་དགྱེས་པར་བྱེད་པའོ།། ཏིང་ངེ་འཛིན་སེམས་དཔའ་ནི་ནག་པོ་རྟག་ཏུ ་འཆར་བ་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པར་བྱེད་པ་པོའོ།། དབུ་རྒྱན་ཞེས་བྱ་བ་ལ་སོགས་པ་ལ།། རྡོ་རྗེ་འཆང་ཆེན་པོ་ནི་དཀར་པོ་ཕྱག་གཉིས་པ་སྟེ།། དེ་ཉིད་ཀྱི་ཕྱིར་ཟླ་བའི་ཞེས་བྱ་བ་ལ་སོགས ་པ་གསུངསོ།། འཛག་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འཇིག་པ་དང་འདྲ་བ་ལྟ་བུའོ།། དྲུག་པ་མཉེས་པར་བྱེད་པའི་རིམ་པ་མངོན་པར་བརྗོད་ནས། རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་རྣམས་ཀྱི་དྲ་མ་ཚིག་ཅེས་བྱ་བ་ལ་སོགས ་བ་གསུངས་ཏེ། ཡི་གེ་ཨཱཿདང་ཡི་གཱི་ཨཱིཾ་གྱི་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། ངས་སྭཱ་ཧཱའི་ཡི་གེའི་དོམ་ཚིག་ཀྱང་བྱའོ།། དེས་ཡི་གེ་སཱ་ཡོངསུ་གྱུར་པ་ལས་རིན་པོ་ཆེའི་རྣམ་པའོ།། ཡི་གེ་ཧཱ་ཡོངསུ་གྱུར་པ་ལས་རལ ་གྲིའི་རྣམ་པའོ།། རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའི་ལྕེར་བསྒོམས་ནས་བྱེའོ་ཞེས་པའོ།། འདིས་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ནོ།། ལས་སུ་རུང་བ་ནི་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པའོ། ་སློབ་བཞིན་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ།། སྒྲ་ཇི་བཞིན་པའོ།། ཟིན་པ་ནི་ལུས་སོ།། མ་ཟིན་པོ་ནི་ལུས་ལས་གཞན་ནོ།། གཉིས་ཀཱ་ནི་པི་ཝཾ་དང་གླིང་བུ་ལ་སོགས་པ་ལ་སྐྱེས་པ་དེ་གཉིས་ཀས་བསྐྱེད ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ།། འབྱུང་བ་ཆེན་པོ་ལས་བྱུང་བ་ནི་ས་ལ་སོགས་པའི་བུ་ག་ལས་ལངས་པའོ།། རྡོ་རྗེའི་རྫུ་འཕྲུལ་མཆོག་ཞེས་པ་རྫུ་འཕྲུལ་ནི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་གསུངས་པ་དེ་ལས་རྡོ་རྗེ་མཆོག ་སྟེ་འོད་གསལ་ཞེས་མངོན་པར་བརྗོད་དོ།། ཇི་ལྟར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཞེས་པ་ནི་གསུངས་པ་ཡང་སྣ་ཚོགས་ཚུལ་གྱིས་ཐབས་ཀྱིས་དུ་མའི་རྣམ་པ་རུ། རབ་ཏུ་འཇུག་པས་སྲིད་པ་གསུམ ་གྱི་འཇིགས་པ་སེལ་ཞེསོ།། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཡང་མཐའ་ཡས་པས་སོ།། དེ་ལྟར་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་ལྷའི་མིག་ལ་སོགས་པ་དང ་ལྡན་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངསོ།། གྲུབ་པ་སྟེ་ཅི་ལྟར་གནས་པར་འགྱུར་ཞེ་ན་ལྷའི་བཞོན་པ་ཞེས་གསུངས་ཏེ། ལྷ་རྣམས་གང་གིས་འགྲོ་བར་བྱེད་པ་དེ་ལྷའི་བཞོན་པ་སྟེ། གཞལ་ཡས་ཁང ་གི་ཤིང་རྟ་དང་གླང་པོ་ཆེ་ལ་སོགས་པའི་བཞོན་པ་སྟེ་བཞོན་པར་བྱ་བའོ་ཞེས་པས་བཞོན་པ་སྟེ། ལྷ་དང་མི་ལ་སོགས་པའི་བཞོན་པར་བྱ་བ་ཡིན་པའི་ཕྱིར་རོ།། གཞལ་ཡཡོས་ཁང་ལ་སོགས་པ་ནི་དེ་རྣམས་ཀྱིས་ཞོན ་ཏྭེ་འགྲོ་ཞིང་དཀྱིལ་འཁོར་ལ་ཞོན་ཏེ་འགྲོ་བ་མཱ་ཡིན་པའི་ཕྱིར་རོ།། ཤིང་རྟ་ལ་སོགས་པ་ནི་གལ་ཏཱཾ་ཡང་རྟ་ལ་སོགས་པ་རྣམས་ཀྱིས་བཞོན་པར་བྱ་བའོ།། དེ་བཞིན་དུ་འཇིག་རྟེན་ན་ཡང་ཤིང་རྟ་ལ་སོགས་པ་བཞོན་པ ་ཉིད་ཀྱིས་ཐ་སྙད་འདོགསོ།། རྣམ་པར་རྒྱུ་ཞིང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་དེ་དག་གནས་པར་བྱེད་པའོ།། འབྲས་བུའི་ཕྱོགས་གཅིག་ཞེས་པ་ནི། འདིས་འབྲས་བུ་རྣམས་ཀྱི་ངོ་བོ་གང་ཡིན་པ་དེ་སྟོན་པར་བྱེད་དོ།། ་བསྙེན་པ་ཞེས་བྱ་བ་ལ་སོགས་པ་ནི་སྲུང་བའི་འཁོར་ལོ་ཡི་དེ་མ་ཐག་ཏུ་དམིགས་པར་བྱ་སྟེ། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གང་ཡིན་པ་ཞེས་པས་བསྙེན་པར་བྱེད་པར་གིས་ལོ།། སའི ་ཆ་ལ་སོགས་པ་ཡང་དག་པར་སྦྱར་ཞིང་ཞེས་པ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་དྲི་མ་ཐག་ཏུ་རྡོ་རྗེའི་སའི་ཆ་དམིགས་པར། སོགས་པའི་སྒྲས་ཁང་པ་བརྩེགས་པ་དང་། དབུས་སུ་ལྷག་པར་མོས་པའི་དཀྱིལ ་འཁོར་ལ་དམིགས་པ་དང་། གཟུགས་ཕུང་རྟོགས་པ་མེ་ལོངད་དང་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདི་འོད་གསལ་བར་འཇུག་པ་ཞེས་པ་འདི་བ་སྡུས་སོ།། སྟོང་པ་ཉིད་ལ་དམིགས་པ་དང་། དེ་ནས་སྣ་ཚོགས་པའི ་པདྨའི་སྟེང་དུ། ཉི་མ་ཞེས་པ་ལ་སོགས་པ་ཉེ་བར་སྒྲུབ་པ་སྟེ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་གྱི་མཐར་ཐུག་པའོ།། དེ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་འདིར་མི་བསྐྱོད་པ་ཕྱུང ་ནསཱི་བཙུག་པའི་ཡང་དག་པར་རྟོགས་པར་བྱེད་པ་མ་ཡིན་ནོ།། རྣལ་འབྱོར་ཆེན་པོའི་དབང་དུ་བྱས་ནས། སྒྲུབ་པའི་དོན་གྱི་ཞེས་བྱ་བ་ལ་སོགས་པ་གསུང་སྭཱ་ཏེ། རིགས་ཀྱི་དབྱེ་བས་ཞེས་པ་ནི་འདིར་སྔར་གསུངས ་པའི་ཤེས་པར་བྱས་ལ་ཞེས་པ་འདི་སྦྲེལ་ལོ།། སྟོན་པ་ཡིན་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཞེས་པ་ལྔ་ག་མའོ།། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་དེ་བཞིན་ཉིད་དོ།། ལྷགཽ་པར་མོས་པའི་དཀྱིལ་འཁོར་འོང་གསལ ་དུ་བཅུག་པའི་འོག་ཏུ་གང་ཞིག་བྱ་བ་དེ་དག་བསྟན་པར་བྱ་བའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པ་གསུངསོ།། དེ་ནས་ཁབ་བརྩེགས་པའི་དབུས་སུ་བྱ་བ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞག་ལ ་ཞེས་པ་ནི་དམིགས་ནསོ།། དེའི་སྟེང་དུ་ཞེས་པ་ནི་པདྨའི་སྟེང་དུའོ།། ཡཱི་གེ་གསུམ་ཞེས་པ་ནི་ཡིག་འབྲུ་གསུམ་མོ།། དེ་ངག་ཡོངསུ་གྱུར་པ་ལས་མཚན་མཱ་ཞེས་ཡིད་ལ་བྱའོ།། དེ་ནས་ཡང་སྟེང་དུ ་སླར་ཡང་ཡི་གེ་གསུམ་མོ་ཞེས་ཡིད་ལ་བྱའོ།། ཉེ་བར་ཏཱཾ་གམ་དུ་ཞེས་པ་ནི་ཡོང་སུ་དག་པའི་ཕྱག་རྒྱ་ཆེན་པོ་དང་ཉེ་བར་དང་པོའི་མགོན་པོ་ཡོངསུ་དག་པ་ཙམ་ལ་བལྟོས་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོའོ།། དེ་ལ་ཞེས་པ་ནཱ། ་ཕྱག་རྒྱ་ཆེན་པོའི་གཟུགས་ལའོ།། བཀོད་ལ་ཞེས་པ་ནི་ཚིག་གི་ལྷག་མའོ།། དེ་རྣམས་ཅི་ཞེ་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། སྐྱེ་མཆེད་ནི་དགོད་པའི ་གནས་སྒྲུབ་པ་པོའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་སོ།། དེ་རྣམས་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་ནས་གནོད་མཛེས་ཀྱི་མཐར་ཐུག་པ་རྣམསོ།། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཀྱང་ཅི་ཡིན་ཞེ ་ན། གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་དང་རྒྱུ་ཡོངསུ་ཤེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དགོད་པ་ནི་རྒྱུའོ།། འབྲས་བུ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་བཀོད་པས་སངས ་རྒྱུས་ཉིད་ལ་སོགས་པ་སྦྱིན་པ་གསུམ་པ་ཉིད་དོ།། སྔགས་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་དབྱེ་བས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་རིགས་ཀྱི་དབྱེ་བས་ཏེ། རྡོ་རྗེ་འཆང་ཆེན་པོ་ཡང་ཡེ་ཤེས ་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་དག་གི་རྣམ་པར་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ།། ཇི་རིགས་པར་ཞེས་པ་ནི། གང་དུ་གང་གི་རྣམ་པར་ཡང་དག་པར་འབྱུང་བ་ནི་ཇི་ལྟར་རིགས་པ་སྟེ། རྣམ་པ་དེ་བཞིན་དུ་བསྒོམས་པ་ནི ་སྔགས་ཀྱི་བདག་པོ་ཞེས་བརྗོད་པར་བྱའོ།། རྡོ་རྗེ་འཆང་ཆེན་པོ་བཞིན་དུ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཞེས་ཤེས་པར་བྱེད་དོ།། ཏིང་ངེ་འཛིན་སེམས་དཔའ་ནི་རང་རང་གྲི་ལྷའི་ཁ་དོག་གི་རྣམ་པ་ཞེས་པ་འདིར་རིགས་ཀྱི་དབྱེ ་བྲས་ཇི་ལྟ་བ་བཞིན་དུ་རང་ཉིད་ལྟ་བུ་ཡང་དག་པར་གྱུར་པའི་ཡེ་ཤེས་སེམས་དཔའ་ནི་འདི་དག་ལ་བསམ་པར་བྱའོ།། དེ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་ན་ཞེས་མང་པོའི་ཚིག་ནི་བདག་པོ་ལྔའི་རྒྱས་འདེབས་པའི་དུས་ཐ་དད་པ ་ཉིད་ཀྱིས་མང་པོ་ཉིད་ཡིན་པའི་ཕྱིར། དེའི་ཚེའི་ཡེ་ཤེས་རྡོ་རྗེ་ཅན་ཞེས་པ་ཡེ་ཤེས་རྡོ་རྗེ་ཅན་ནོ།། རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་པ་ཞེས་པ་ནི་གང་གི་བདག་ཉིད་ཀྱི་རིགས་ཀྱི་ལྷ་གང་ཡིན་དེའི་རྣལ་འབྱོར་དང་ལྡན་པའོ།། ར ་གི་སྔགས་བཛྲ་དྷྲྀཀ་ལ་སོགས་པ་ཞེས་པ་ནི་ལྷ་སུམ་ཅུ་སོ་གཉིས་པོ་རྣམས་ཀྱི་མིང་སུམ་ཅུ་སོ་གཉིས་སོ།། དེ་ལས་ཕྱུང་བ་ལས་ཕྱི་རོལ་ཏུ་བྱུང་བའོ།། གལ་ཏེ་དེ་ལས་བྱུང་བ་ནི་རྫོགས་པའོ་ཞེས་འགྱུར་ནས་དེའི་ཚེ་རྣམ་བཞག་རིམ ་པ་ལ་སོགས་པ་དང་འགལ་བར་འགྱུར་ཏེ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་ལྷ་རྣམས་ཀྱི་འཁོར་ལོ་མ་ལུས་པ་དེབྱུང་བར་བྱའོ།། ཞེས་བྱ་བ་ལ་སོགས་པ་རྣམ་བཞག་རིམ་པར་གསུངས་པའི་ཕྱིར་རོ།། དེ་བཞིན ་གཤེགས་པ་ལྔའི་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་གླཙོ་བོར་གྱུར་པ་དང་ལྡན་པ་རྣམས་ཀྱིའོ།། བདག་པོ་རྡོ་རྗེ་འཆུང་ཆེན་པོ་ནི་དཀར་བའོ།། དེ་ལྷ་གལ་ཏེ་འོད་གསལ་བུ་ལས་བདག་བྱིན་གྱིས་བརླབ་པའི་རིམ་པས། ་ལངས་ནས་མི་བསྐྱོད་པ་ཕྱུང་ནས་བཅུག་པས་དཀྱིལ་འཁོར་དུ་གཙོ་བོར་གྱུར་པ་ནི་མི་བསྐྱོད་པ་སྟེ། དེའི་ཚེ་ཕྱག་གཉིས་པ་ཞལ་གཅིག་པའོ།། དེ་ནས་རྣལ་འབྱོར་བཞིའི་རིམ་པས་ཡིན་པ་དེའི་ཚེ་ཞལ་གསུམ་པ་ཕྱག་དྲུག་པའོ།། བསམས། ་ནས་འགྲུབ་པར་འགྱུར་རོ་ཞེས་འཆད་པར་འགྱུར་བ་དང་སྦྲེ་ལོ།། སྒྲ་ཇི་བཞིན་པའོ།། འདུས་པ་ཕྱི་མ་ཞེས་འདིར་གསུངས་པ་ནི། བསྙེན་པ་རྣམ་པ་གཉིས་ཀའི་བཤད་པ་ཚད་མར་སྒྲུབ་པའི་དོན་དུ་སྟྭཾ། རྣམ་པ་གཞན་དུ་ནཱ་ལེའུ་འདིར ་གསུངས་པའི་བསྙེན་པའི་ཡེ་ཤེས་བདུད་རྩི་ཉིང་ཞེས་བྱ་བ་ལ་སོགས་པའི་བཤད་པའི་ནང་དུ་འདུས་པ་ཕྱི་མ་བྲི་བ་དང་ཟློས་པར་འགྱུར་རོ།། ཐར་པར་འདོད་པ་རྣམས་ཀྱིས་ཞེས་པ་ནི་མཆོག་གི་སྒྲུབ་པ་ནི་ཐར་པའི་རྒྱུ་ཉིད ་ཡིན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་དུས་ཐམས་ཅད་དུའོ།། བདག་ཉིད་ཐམས་ཅད་ཅེས་པ་འདིའི་མངོན་དུ་ཉེ་བར་བསྟན་པ་དང་། སྤྱོད་ལཱམཱ་ཐམས་ཅད་དུ་ཞེས་སྦྲུལ་ལོ།། ཡེ་ཤེས་བདུ་རྩི་ཞེས ་པ་གཉིས་སུ་མེད་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། ཐམས་ཅད་ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་འཆད་པར་འགྱུར་པ་རྣམས་ཀྱི་སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ།། ཞེས་པ་ལ་བལྟོས་ནས་སྦྲེལ་པ་ནི་དྲུག ་པའོ།། མཆོག་ནི་སངས་རྒྱས་ཉིད་ཀྱི་མཚན་ཉིད་དོ།། བཤད་པ་ཞེས་པ་ནི་རྩ་བ་ལ་བལྟོས་ནས་གསུངས་པའོ།། མདོར་བསྟན་པའི་ཚིག་རྣམས་ཀྱི་ཞེས་པ་ནི། འཆང་བཞིན་པའི་འདུས་པ་ཕྱི་མའི་རྒྱས་པར་བཤད་པ་བལྟོས ་ནས་སོ།། རྒྱས་པར་བཤད་པ་གསུངས་པ་ཞེས་པ་ནི་འདུས་པ་ཕྱི་མ་ཉིད་དོ།། འཕགས་པའི་བཤད་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་པ་དང་སྤེལ་ལོ།། སོ་སོའི་བཤད་པ་གསུངས་པ་ཞེས་པ་ནི་འཆད་པར་འགྱུར ་བ་ལ་བལྟོས་ནས་སྔར་གསུངས་པའི་བཤད་པའི་རྒྱས་པར་བཤད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དབང་པ་རྣམས་ཞེས་པ་བཤད་པ་ནི་ཕལ་ཆེར་རྡོ་རྗེ་ཕྲེང་བར་གསུངས་སོ།། སེམས་ཀྱི་ཞེས་པ་ནི་སེམས་ཉིད་མིག་ལ་སོགས ་པའི་དབང་པོ་དང་ཡུལ་ལ་བརྟེན་ནས་བཟུང་བ་དང་འཛིན་པ་པོ་དང་འཛིན་པའི་ངོ་བོར་གནས་ཞེས་མངོན་པར་དགོངསོ།། དམན་པ་ཞེས་པ་ལ་སོགས་པ་དེའི་ཡུལ་གསུངསོ།། རྣམ་པར་སྦྱང་བར་བྱེད་པ་ཞེས་པ་འདིས་ཡན་ལག ་དང་པོ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བར་རྟོགས་པར་བྱེད་དོ།། སངས་རྒྱས་ལྔ་ནི་མིག་ལ་སོགས་པ་སྟེ། ཞེས་པ་འདིས་ཐུན་མོང་གི་བསྙེན་པ་དང་འབྲེལ་པའི་དབ་དུ་བྱས་ནས་གསུང་སོ།། གསང་བ་ཞེས་བྱ་བ་ལ་སོགས་པ་ནི ་རྟོག་པ་ཞེས་བྱ་བ་ལ་སོགས་པ། སྔར་མདོར་བསྟན་པོའི་རྒྱས་པར་བཤད་པ་སྟོན་པར་བྱེད་དོ།། དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ་གནས་པ་ནི། སངས་རྒྱས་ཀྱི་གཟུགསུ་རྟོག་པར་བྱེད་པའི་གནས་སྐབསོ།། དེ་ལྟར་དཔྱད ་ནས་ཞེས་པ་ནི་གཟུང་བ་ལ་སོགས་པ་རྣམས་ཕན་ཚུན་ལ་བལྟོས་ནས་སྐྱེས་པ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རང་བཞིན་གྱིས་གྲུབ་པ་ཉིད་སོ་སོར་རྟོག་པའོ།། དེ་ཁོ་ན་ཉིད་ལ་འཇུག་པ་ལ ་མངོན་པར་ཕྱོགས་པས་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་ནི། དེ་ཁོ་ན་ཉིད་དོ།། དེ་ལ་འཇུག་པ་ནི། ཐ་མལ་པའི་དངོས་པོ་དངོས་པོ་མེད་པས་དེ་བཞིན་གཤེགས་པ་ཉིད་དུ ་བསྟན་པར་བྱའོ།། ལུས་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་སྦྱངས་པ་ལ་སོགས་པ་ལ་ཞེས་པ་ནི། ལུས་ལ་སོགས་པ་ལས་སུ་རུང་བ་ཉིད་དོ།། བཟུང་བ་ལ་སོགས་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ཉིད་དུ ་ལྟ་བའི་འབྲས་བུ། སེམས་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ཉིད་ཞེས་བྱ་བ་ལ་སོགས་པ་ནི། བཟུང་བ་ལ་སྔོགས་པ་དང་བྲལ་བའི་སེམས་ཀྱི་རང་གི་ངོ་བོ་སྟོན་པར་བྱེད་དོ།། སྣང་བ་ཙམ་ནི། སྣང་བ་ལ་སོགས ་པ་གསུམ་གྱི་ངོ་བོ་དེ་དག་རང་གི་ཡིད་ལ་བརྟེན་ནས་སྐྱེས་ཙམ་ཉིད་ཀྱི་རང་བཞིན་དང་བྲལ་བའོ།། ཐམས་ཅད་སྟོང་པ་ཉིད་ནི་འོད་གསལ་བའོ།། དེར་མཐར་ཐུག་པ་ནི་དེའི་ངོ་བོའོ།། འབྱུང་བར་འགྱུར་བ་ནི་སྐྱེ་བར་འགྱུར ་བའོ།། བརྗོད་པའི་དོན་འདི་ཉིད་དབང་གི་སྒོ་ནས་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་གི་དབུགས་ནི་ཐུར་དུ་སེལ་བའི་རླུང་ངོ་།། ས་ལ་སོགས་པའི་བདག་ཉིད་ཅན་ཡང་ཞེས་པ་ནི། སྣའི་སྒོ་རུ་མ་ངོན་པར་བརྗོད ་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་འདི་ཡང་ངོ་།། ཕྱུང་ནས་ཞེས་པ་ནི་ཕྱག་རྒྱ་ཐོག་མར་མཉེས་པར་བྱས་ནསོ།། བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཀྱི་ནི་ཀུན་རྫོབ་ཀྱི་རྣམ་པར་ཕྱེ་བའི་གཟུགསོ།། སྟང་དུ་འབྱུང ་བའི་དབང་དུ་བྱས་ནས་དང་པོར་གཟུགས་ལ་སོགས་པའི་ཡུལ་རྣམས་དྲང་མིག་ལ་སོགས་པའི་དབང་པོ་རྣམས་དད་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ལྀ་རག་ལས་པ་ཉིད་ཡིན་པའི་ཕྱིར། ་རང་གི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐིམ་པ་ཞེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་ལྷག་མའོ།། དེ་ཉིད་ཀྱི་ཕྱིར་དེ་བཞིན་དུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གང་ཞིག་རྟེན་པར་བྱེད་ཞེ་ན་རྣམ་པར་ཤེས་པ་ཞེས་པ་ལྷག་མའོ།། གང་ཞིག་ཞེས་པའི་སྒྲ་གཟུགས་ལ་བལྟོས་པ་འམ་ཐུན་མོང་གི་ཚིགོ། འགོག་པ་ཞེས་བྱ་བ་ལ་སོགས་པ་ལ། འགོག་པའི་རྡོ་རྗེ་གྱུར་ཞེས་པ་ནི། འགོག་པའི ་རྡོ་རྗེ་ནི་བོད་གསལ་བའོ།། དེར་གྱུར་པ་ནི་དེ་ཐོབ་པའོ།། འགོག་པའི་གནས་སྐབསུ། ཐོག་མཱར་མཚན་མ་ལྔ་ནི་རྒྱུ་སྟེ། སོ་སོར་སྡུད་ཀྱི་འཛིན་པ་ནི་ཕན་ཡོན་ནོ།། དྲྀ་ཡང་རྣལ་འབྱོར་པ་ལ་འབྱུང་བར་འགྱུརརོ།། དེ་ཉིད་ཀྱི་ཕྱིར་སཱ་ཞེས་བྱ། ་བ་ལ་སོགས་པ་གསུངསོ།། སྤྲོ་བར་བྱ་ཞིང་ཁྱབ་པར་བྱའོ་ཞེས་པ་ནི་འོད་གསལ་བ་ཉིད་ཀྱིས་འགྲོ་བ་ཤེས་པར་བྱ་བ་ལས་མངོན་པར་དགོངས་སོ།། འདིས་འོད་གསལ་བ་རྣམ་པ་གཉིས་ཀྱིས་བཤད་པས་རིལ་པོར་འཛིན་པ་དང ་རྗེས་སུ་གཞིག་པའི་རིམ་པ་བསྟན་ནོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་ནི་སེམས་སོ།། དེའི་རྣམ་པས་ཞེས་པ་ནི་རྣམ་པར་ཤེས་པ་རླུང་ལ་སོགས་པའི་རྣམ་པས་ཡིན་གྱི་སླར་ཡང ་ས་ལ་སོགས་པ་ནི་མ་ཡིན་ནོ།། གསུངས་པ་ཡང་། འོད་གསལ་བ་ལས་སྟོང་པ་ཆེན་པོ། དེ་ལས་ཀྱང་ནི་ཐབས་འབྱུང་ངོ་།། དེ་ལས་ཤེས་རབ་སྐྱེ་བར་འགྱུར། དེ་ལས་རླུང་ནི་འབྱུང་བའོ་ཞེས་སོ།། འདི་དག་ཙམ་ནི་འདིར་ཡེ ་ཤེས་ཀྱི་སྐུ་བསྐྱེད་པ་ཙམ་ལ་འབྲེལ་བར་ཉེ་བར་དམིགས་པར་བྱའོ།། རླུང་ལས་མེ་ནི་ཡང་དག་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་སྐུ་ཡིས་སོ།། རིམ་པ་དེ་ཉིད་ཀྱིས་དྲི་སྤྲོ་བར་བྱ་བ་དེ་ཅི་ལྟར་ཡིན་ཞེ་ན། འདི་ནི་མི ་འགལ་ཏེ་ཡེ་ཤེས་ཀྱི་སྐུ་ལ་ཡང་། ཕྱི་རོལ་དང་རོ་གཅིག་པ་ཉིད་ཀྱིས་མེ་ལ་སོགས་པའི་ཁམས་གསུམ་ཡོད་པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་ཡེ་ཤེས་ཀྱི་སྐུ་ལྔ་ནི་ཁ་དོག་དང་དབྱིབས་ལ་སོགས་པའི་ཁམས་ལས་སྐྱེས་པའི ་གཟུགས་ཀྱི་ཕུང་པོ་དང་། རབ་ཏུ་དང་བའི་འོད་ཟེར་ལྔ་མེའི་ཁམས་ལས་སྐྱེས་པ་དང་། རང་གི་དོན་གྱི་ཕུང་པོ་ཆུ་ལས་སྐྱེས་པ་ཞེས་བཤད་པས། ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་རིམ་པར་བསྟན་པའི་ཕྱིར་གསུངས་སོ།། སོ་སྦྱོར། ་སྣང་བ་ནི་ཡང་དག་པར་རིག་པ་ཞེས་པ་ལ་སོགས་པ་ནི་ཉེ་བར་མཚོན་པའོ།། རིལ་པོར་འཛིན་པ་དང་རྗེསུ་གནོག་པ་དག་གིས་བཤད་པའི་རིམ་པས་འགྲོ་བ་འགོག་པའི་རྣམ་པ་ལས་ལྡིང་བ་ཡང་འགྲོ་བའི་རྣམ་པར་བཛྲ། ་པར་བྱའོ་ཞེས། ཤེས་རབ་དང་ཐབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་བ་དང་མི་རྒྱུ་བ་ཞེས་པ་ནི་རྣལ་འབྱོར་པ་རང་གི་སོ་སོར་སྣང་བ་ཙམ་ནི་ཤེས་རབ་པོ།། སོ་སོར་སྣང་བ་ཙམ་གྱི་རང་བཞིན་ནི་ཐབས་སོ།། རང་གི་སོ་སོར ་སྣང་བ་ནི་སྒྱུ་མ་ལྟ་བུ་ཉིད་དོ།། སྙོམས་པར་ཞུགས་པ་ནི་འདི་དག་རོ་གཅིག་པ་ཉིད་ཡོངསུ་ཤེས་པའོ།། དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་བུ་ཞེས་བྱ་བ་ལ་སོགས་པ་ནི་ཡོངསུ་དག་པའི་སྐུ ་ནི་ཕྱག་རྒྱ་ཆེན་པོའོ།། ངེས་གཅིག་དུ་བྱས་ནས་ཞེས་པ་ནི། གསུངས་པ་ཡང་རྡོ་རྗེ་ཐེག་པར་དེ་ཉིད་ནི། རྣལ་འབྱོར་པས་ནི་གང་དམིགས།། དེ་དེའི་བདག་ཉིད་ཁོ་ནར་རྟག་ཅེས་སོ།། འཕགས་པས་ཀྱང་། དབང་པོ་གང་དང ་གང་ལམ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་མ་བཞག་སྦྱོར་བ་ཡིས།། སངས་རྒྱས་ཀུན་གྱི་རང་བཞིན་བསྐྱེད་ཞེས་སོ།། དེ་ལྟར་བདག་ཉིད་དང་ལྷན་ཅིག་ཏུ་བྱས་ནས་ཅི་ཞིག་བྱ་ཞེ་ན། མི་རྒྱུ་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རང་གི་རྣམ་པའི་གཟུགས་རྒྱུ་བ་དང་མི་རྒྱུ་བའི་དབུས་སུའོ།། ཅི་ཞེ་ན། ཟུང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པར་བྱ་བ་ལ་སོགས་པོ་རྣམ་པར་རྟོག་པ་མ་ལུས་པ་དང་བྲལ་པོའི་བདག་ཉིད ་ཅན་ཉིད་ཡིན་པའི་ཕྱིར་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནོ།། རྣམ་པར་བསྒོམ་པར་བྱའོ་ཞེས་པ་འདིའི་དོན་གསུངས་པ་ནི་ཤེས་པར་བྱའོ་ཞེས་པའོ།། བསྐྱེད་པ་དང་བྲལ་བ་ཡང་ཟུང་འཇུག་གི་རྣམ་པ་བཟུང་བ་ཉིད་ཙམ་ནི་ཡེ་ཤེས། ་གསུངས་པ་ཡང་། གང་ཞིག་སྐྱེ་བ་བྲལ་བ་ཡང་།། སྐྱེ་བ་མེད་པ་དེ་ཉིད་བློ། ཞེས་བྱ་བ་ལ་སོགས་པའོ།། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གསུམ་ཉེ་བར་བསྟན་ཏེ། བྱིན་གྱིས ་བརླབས་པ་ཞེས་བྱ་བ་ལ་སོགས་པས། རིམ་པའི་མཐར་དེ་དག་བཤད་པ་ནི། བྱང་ཆུབ་སེམས་ནི་རྣམ་པར་དོག་ཅེས་བྱ་བ་ལ་སོགས་པས་རྣམ་དག་པོ་ཉིད་དུ་རྟགས་པའི་རྣལ་འབྱོར་སྟོན་པར་བྱེད་དོ།། རིམ་གྱིས་ཞེས་པ་ནི ་སྔགས་ཀྱི་ས་བོན་ལ་སོགས་པའི་རིག་པ་ལསོ།། ཡོངས་སུ་དག་པ་ནི་ཟུང་འཇུག་གི་གཟུགསོ།། ཡོངསུ་མ་ངག་པོ་ནི་མདོར་བྱས་ཅན་གྱི་རིམ་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པར་མངོན་པར་བརྗོད་པའི་སྐུ ་གཉིས་སོ།། ཡོངསུ་དག་པ་དང་ཡོངསུ་མ་དག་པའི་རྒྱུད་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་དང་བཅས་པ་ནི། དམྱིགས་པ་དང་བཅས་པའོ།། གཟུགས་ཞེས་བྱ་བ་ལ་སོགས་པས་རིང་གི་ངོ ་སྟོན་པར་བྱེད་དོ།། སླར་ཡང་ཡོངས་སུ་དྲག་པའི་ལྷ་འི་རྣམ་པ་ལས་ཟློག་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ།། མཚན་མ་དང་བཅས་པ་རྫོགས་པའི་སངས་རྒྱས་ཉིད་ལས་ཅིག་ཤོསོ།། མཚན་མ་མེད་པ་ནི། སངས་རྒྱས ་ཉིད་ཀྱི་མཚན་ཉིད་དོ།། མཚན་མ་མེད་པ་ནི། སྟོང་པ་ཉིད་དང་ཟུང་འཇུག་ལ་ག་ནས་ནས་མཚན་མ་དང་བཅས་པ་ཡང་རབ་ཏུ་འགྲུབ་པར་བྱེད་དོ།། དེའི་ཕྱིར་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགོངས ་པས་བཤད་པའོ།། མེ་ལོང་ཡེ་ཤེས་བྱ་བ་ལ་སྩོགས་པ་ནི་མེ་ལོང་ཡེ་ཤེས་ལ་རྣམ་པ་དུ་མ་འཕྲོ་བར་མཐོང་བའི་ཕྱིར་དགོན་པ་ཆེན་པོ་སྟེ། རྣམ་པ་སྣ་ཚོགས་ཤིང་རྣམ་པར་དཀྲ་བའི་བརྟན་པ་དང་གཡོ་བའི་རྣམ་པའི་གནས ་ཀྱི་དོན་སོ་སོར་སྣང་བའི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ།། འདིར་རྣམ་པ་ཉིད་དུ་བདེ་བ་ཐོབ་པའོ་ཞེས་པ་ནི། འདི་རྣམས་ཉིད་ནི་འོད་གསྔལ་བ་རྟོགས་པའི་ཐབས་ཀྱི་གནས་རྣམས་སུའོ།། བྱེད་པ་ཞེས་པ་ནི་ཟུང་འཇུག་གི་བདག་ཉིད ་ཀྱི་བདེ་བ་ཆེན་པོའོ།། ངེས་པའི་དོན་ཏོ་ཞེས་པ་ནི། འདིར་ངེས་པའི་དོན་ལས་མ་གསུངས་ཀྱང་སྔར་གྱི་དྲང་བའི་དོན་རྟོགསོ།། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལྷག་པར་མོས ་པའི་དཀྱིལ་འཁོར་འོད་གསལ་དུ་བཅུག་མ་ཐག་པ་ནི། སྟོང་ཉིད་བྱང་ཆུབ་པོ། གཉིས་པ་ཞེས་པ་ལ། ས་བོན་བསྡུ་བ་ནི་རྡུལ་འབྱོར་ལས་ཏེ་ཨཾ་ཡིགཱི་ལ་སོགས་པ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་སོགས་པའོ།། ཡེ ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་བསྐྲད་པ་ནི། གསུམ་པ་གཟུགས་ནི་རྫོགས་པ་སྟེ་རྗེ་སུ་རྣལ་འབྱོར་ལའོ།། བཞི་པ་ཞེས་པ་ནི་ཡི་གཽ་དགོད་པ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་ལ་ཡི་གེ་དགོད་པའོ།། དྲང་བའི་དོན་ནོ།། མཆོག་ཅེས་བྱ་བ ་ལ་སོགས་པ་ལ་ངོ་བོ་ཉིད་ཡོངསུ་ཤེས་པས་ནི། སྟོང་པ་ཉིད་གསུམ་ལས་རྫོགས་པའི་འོད་གསལ་བ་ཉིད་ཡོངསུ་ཤེས་པསོ།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཟུང་འཇུག་གི་བདག་ཉིད་ཅན་ནོ།། ངེས་པའི་དོན་ནོ།། གསུངས ་པའི་ཕྱག་རྒྱ་ཆེན་པོའི་སྒྲུབ་པའི་གནས། གནས་ལྔ་རྣམསུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ཞེས་པ་ནི། གཟུགས་རྡོ་རྗེ་ལ་སོགས་པ་ཞེས་པའོ།། ཡང་དགྲ་པར་ཉེ་བར་གྱུར ་པའི་ཡུལ་ལྔ་པོ་རྣམས་ལ་ཡུལ་ལྔ་པོ་སོ་སོར་བརྗོད་པའི་ཕྱིར་ཐུན་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མཉེས་པར་བྱེད་པ་ནི་ལྷ་མོ་བཞི་པོ་མཉེས་པར་བྱེད་པའོ།། ཤིན་ཏུ་དགའ་བ་ཤེས་པ་ནི་པདྨ་ཅན་ལ་སོགས ་པའི་ལྷ་མོ་ལྔ་པོ་རྣམས་ཀྱི་རིགས་དང་ཡུལ་དང་སྐྱེ་བ་དང་རང་བཞིན་དང་དུས་ལ་སོགས་པ་ཤེས་པ་སྔོན་དུ་འགྲོ་བས། ཐོག་མར་གནས་ཇི་ལྟེ་བར་འཁྱུད་པ་དང་། འོ་བྱེད་པ་དང་། སོ་དང་སེན་མོས་འདེབས་པ་ལ་སོགས་པ་དང་། ནུ ་མ་དང་སྐྲ་ལ་སོགས་པ་འཆིར་བ་དང་ཉེད་པ་ལ་སོགས་པ་ལ་མཁས་པ་ནི་འདི་དགའ་བ་ལ་མཁས་པའོ།། རྒྱ་ཆེར་མངོན་པདྨ་བརྗོད་པ་ནི། དགའ་བའི་བསྟན་བཅོས་ལ་སོགས་པར་སྦྱོར་བ་གཞན་དགའ་བ་ལྔ་བརྩམས་ནས ་གསུངས།། ཡི་གེ་ཨཾ་ཞེས་པ་ནི། ཡི་གེ་ཨ~ཾ་སེར་པོའོ།། སྡོམ་པ་ནི། བྱང་ཆུབ་ཀྱི་སེམས་སྡོམ་པར་བྱེད་པ་སྟེ་ཡི་གེ་ཨོཾ་རེངས་པར་བྱེད་པ་པོས་ཡང་རེག་པར་སྡོམ་པ་ཉིད་ཀྱི་ཕྱིར་རོ།། བདེ་བ་ངེས་པ་ནི་འཇིག་རྟེན་པའི་བདེ ་བ་སྟེ། ཡོངསུ་ཤེས་པའི་ཁྱད་པར་ཡང་དག་པར་བཟུང་བ་ཉིད་ཀྱི་ཕྱིར།། དབང་པོ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཞེས་པ་ནི་འདིར་བདེ་བ་ཆེན་པོ་ཞེས་པ་ལྷག་མེའོ།། འདིའི་རང་གི་ངོ་བོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་བསྒྲུབས་ཞིང་ཞེས་པ་ནི་ཐུན་བཞིར་སྒྲུབ་པར་གསུངས་པའི་གོ་རིམ་གྱིས་སོ།། རྟོག་པའི་ཏིང་འཛིན་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་ནི། ཐུན་བཞིར་སྒྲུབ་པ་ལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་དོན་ཞེས་པའོ།། ་རྡོ་རྗེ་ནི་འོད་གླུ་སལ་བའོ་ཞེས་པ་ལ་སོགས་པ་ཡང་རང་གི་ངོ་བོ་ཉིད་འཆད་པར་བྱེད་པའོ།། སླར་ཡང་རྟོག་པའི་རྣལ་འབྱོར་པའི་བདེ་བ་ཆེན་པོའི་ཏི་འཛིན་ལ་སོགས་པ་ཤེས་པར་བྱེད་པ་མ་ཡིན་ནོ།། ཡང་ནཱ་རྟགས་པའི་ཏིང་ངེ ་འཛིན་ལ་དམིགས་པ་སྔོན་དུ་འགྲོ་བས་འགྲོ་བའི་རྒྱུད་དུ་བྱེད་དེ། རྣམ་གནགཽ་རིམ་པར་གསུངས་པའི་རིག་པས་བདེ་བ་ཆེན་པོའི་ཏིང་འཛིན་གྱི་དོན་དུ་བརླབས་པར་བྱའོ།། ཞེས་པ་ནི་ཏིང་འཛིན་ལ་གནས་པའོ།། མཆོག་སྒྲུབ་པ ་ལ་གནས་པ་རྣམས་ཀྱི་ཞེས་པ་ནི་ཟུང་འཇུག་ཏིང་ངེ་འཛིན་ནི་ལྷག་པར་རྟོགས་པ་རྣམས་ཀྱིའོ།། སྒྲ་ཇི་བཞིན་པའོ།། ཚིགས་སུ་བཅད་པ་ནི་དགོངས་པས་བཤད་པ་ལས་སོ།། ཚིག་གི་རྒྱན་ནོ་ཞེས་པ་ནི། སངས་རྒྱུས ་ཀུན་འཛིན་ཞེས་བྱ་བ་ལ་སོགས་པའི་བཅད་པ་ལ་གུས་པར་བསྐྱེད་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ལྷའི་སྦྱོར་བ་ནི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་བསྟན་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ ་རྣམས་ཀྱིའང་། དེ་ཉིད་ངེས་པར་བྱ་དགོས་པས། དེའི་སྒོ་ནས་ཉེ་བར་སྡུད་པར་བྱེད་དེ།། དབྱར་མེད་པས་ན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའོ་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་མ་ཐོབ་པས་ཞེས་བྱ་བ་ནི། དབྱེ ་མེད་པ་ཉིད་དུ་བྱིན་གྱིས་རློབ་པའི་མན་དགྲ་མ་ཐོབ་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་སྒྲུབ་པའི་ཐབསུ་གསུངས་པ། སླར་ཡང་ཐམས་ཅད་བདག་ཉིད་བྱ་ཞེས་ལ་སྩོགས་པའོ།། རྨོངས་པ་ནི་བྱིན་གྱིས་རློབ་པར ་བྱེད་པའི་མནྡ་ངག་མི་ཤེས་པའོ།། རྫོགས་པའི་རིམ་པ་ལས་རིང་དུ་འགྱུར་རོ་ཞེས་པ་ནི། དབྱེར་མེད་པ་ཉིད་དུ་བྱིན་གྱིས་རློབ་པ་འདི་རྫོགས་པའི་རིམ་པའི་རྒྱུ་ཉིད་ཡིན་པའི་ཕྱིརརོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ་དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ།། མི་ཕྱེད་པའི་ངོ་བོ་ཉིད་ནི་ཐ་མི་དད་པའི་ངོ་བོ་ཉིད་དོ།། སྦྱོར་བ་བཞི་ནི། སྙོམས་པར་འཇུག་པའི་མཆོག་ལ་དང་པོ་སྟོང་ཉིད་བྱང་ཆུབ ་ལ་སོགས་པའི་དབྱེ་བ་བཞི་པོ། ཐུན་བཞི་ཞེས་བྱ་བ་ལ་སོགས་པ་ཡང་སྦྱོར་བ་བཞི་པའོ།། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ངའི་རྒྱུ་ཅན་གྱི་རྣལ་འབྱོར་ནི། རྡོ་རྗེའི་སྦྱོར་བ་བཞིའོ།། དེ་ཉིད་ཀྱི་ཕྱིར། དེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདིས་ཞེས་པ་ནི་རྡོ་རྗེའི་སྦྱོར་བས་སོ།། དེ་ཉིད་ཞེས་པཱ་ནི། སྤྱོད་པར་མངོན་པར་བརྗོད་པའི་སྦྱོར་བ་བཞིའོ།། རྫོགས་པའི་བཅོམ་ལྡན་འདས་འདི་ཡོངསུ་དག་པའི་རྡོ་རྗེ་འཆུང་ཆེན་པོ་ལྷག་པར་རྟོག་པའི་རྒྱུ་ཉིད་ཡིན ་པའི་ཕྱིར། རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ཞེས་དེ་བསྟན་པ་ནི། དེ་འཛིན་པར་བྱེད་པ་སྟེ་ལེའུའོ།། །། རིམ་པ་གཉིས་ལ་སློབ་པ་ལ་འཇུག་པའི་ཞེས་པ་ནི། ལེའུ་བཤད་པའི་སྐབས ་ཀྱི་བར་མ་ཆད་པར་ཐུན་མོང་མཆོག་གི་དབྱེ་བ་ཡིས་ཞེས་པ་མངོན་པར་བརྗོད་པ་ནི་རིམ་པ་གཉིས་ལ་ལྟོས་པའི་ཚིག་གོ།། དེ་ཉིད་ཀྱི་ཕྱིར། དེ་ནས་བསྙེན་པ་ལ་སོགས་པའི་ཆོ་གའི་འོག་ཏུ་ཞེས་གསུངས་ཏེ། འདོད་པའི་དབང་ཕྱུག་ལ ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་སོ་ཞེས་པ་ནི། གསུངས་པ་ཡང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་།། བསོད་ནམས་གྲགས་པ་དཔལ་དང་ནི།། གཟུག་དང་དེ་ནས་བརྩོན་འགྲུས་ཏེ།། དྲུག་རྣམས ་བྷ་གྲཱ་ཞེས་པར་ཐོས་ཞེས་སོ།། བློ་ལྡན་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་བཞི་པོ་ནི་ལེའུ་བཅུ་གཉིས་པར་གསུངས་པའི།། དང་པོ་སྟོང་ཉིད་བྱང་ཆུབ་ཏེ་ཞེས་བྱ་བ་ལ་སོགས་པའོ།། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ནི། དེ་དང་འབྲེལ ་པའི་ཕྱིར་རོ།། བཟང་པོ་ནི། ལྷ་རྣམས་ཏེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པར་དམིགས་པར་བྱེད་པ་འདི་བཟང་པོའོ།། སྦྱོར་བ་ཡན་ལག་དྲུག་ནི། འདི་ནི་འདིར་མངོན་པར་དགོངས་ཏེ། མདོར་བྱས་ཀྱི་རིམ་པ་སྒོམ ་པར་བྱེད་པས་ལས་རབ་འབྱམས་ཐ་མལ་པོ་འབྱུང་བར་གྱུར་གྱི་ཡན་ལག་དྲུག་ལ་དམིགས་པར་བྱའོ་ཞེས་པའོ།། མངོན་པར་བསྟོད་པས་གསུངས་པ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ལ་ཞེས་པ་ལྷག་མའོ།། བདེན་པ ་གཉིས་ངེས་པར་སྦྱོར་བ་ཞེས་པ་ནི་ཡན་ལག་དྲུག་གི་བྱ་བའོ།། གཉིས་དང་གཉིསུ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་སྤྲོས་པ་མེད་པའི་ཕྱིར་སྤྲོས་པ་མེད་པའོ།། ཚུལ་ཞེས་པ་ནི་ཟུང་འཇུག་གི་ངོ་བོའོ།། མ་སྐྱེས་པ་ནི་སྒྱུ ་མའི་གླང་པོ་ཆེ་ལ་སོགས་པ་བཞིན་དང་། སྐྲ་ཤད་འཛག་པ་བཞིན་ནོ།། གཟོད་མ་ནས་ཞི་བ་ནི། ཕྱིས་སྐྱེས་ནས་མྱ་ངན་ལས་འདས་པ་མེད་ཅིང་ཡོད་པ་སླར་ཡང་སྐྱེ་བ་མེད་པ་སྟེ་ཉན་ཐོས་ལ་སོགས ་པ་བཞིན་ནོ།། རྣམ་པ་དེ་ལྟ་བུའི་ཡུལ་དང་ཡུལ་ཅན་རྣམས་རབ་ཏུ་འཇུག་པ་མེད་པ་ཕུང་པོ་ཞེས་པ་ལ་སོགས་པ་ནི་ཡོན་ལག་དྲུག་གསུངས་པ་དང་མི་འགལ་ལོ།། དེ་ལྟར་རིམ་པ་གཉིས་ལ་བསླབས་པ་ལས་རབ ་འབྱམས་སྒྲུབ་པའི་ཐབས་མངོན་པར་བརྗོད་ནས་དེའི་ཡན་ལག་ཏུ་གྱུར་པའི་རྡོ་རྗེ་བཟླས་པ་ཡང་གསུངས་པ། སྐུ་གསུམ་མི་ཕྱེད་ཅེས་བྱ་བ་ཏེ། ཆོས་ཀྱི་སྐུ་ལ་སོགས་པའི་ངོ་བོ་གཅིག་པའི་ཕྱིར་སྐུ་གསུམ་མོ།། རྡོ་རྗེ་འཆང ་ཆེན་པོ་དྲུག་པའོ།། དེ་ཉིད་ཀྱི་འཇུག་པ་ནི་བསྐྱེད་པའོ།། བདག་ཉིད་ཡོད་བཞིན་པ་ཉིད་ཀྱི་ཕྱིར་གནས་པའོ།། དེའི་གནས་ནི་དཀྱིལ་འཁོར་ཏེ། ཁང་པ་བརྩེགས་པ་དང་ལྷའི་རྟེན་ནོ།། གོས་དཀར་ལ་སོགས་དཀྱིལ་འཁོར ་བཞི་ཐོབ་པར་བྱ་བའོ་ཞེས་གཞན་ནས་གཞན་དུ་བརྒྱད་པ་ལ་ཤེས་པར་བྱའོ།། གསུངས་པ་ཡང་། རླུང་གི་དེ་ཉིད་རིམ་གྱིས་ནི།། སྔགས་ཀྱི་དེ་ཉིད་ཡང་དག་འཇུག། ཅེས་པ་ལ་སོགས་པའོ།། བསྡུས་པ་ནི་བསྡུས་པའོ། ་ཞེས་པ། རྡོ་རྗེ་བཟླས་པས་སྔགས་ཐམས་ཅད་གྲུབ་པའོ།། བདག་གིར་མཛད་དེ་ནི་དེའི་བདག་ཉིད་ཀྱི་བརྟན་པར་བྱ་བའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པའི་ངོ་བོའོ་ཞེས་པ་ནི། འཆད་པར་འགྱུར་བར་ཡང ་དེ་ནཱི་སྐུ་ཡི་བཟླས་པར་བཤད་ཅེས་པ་ལ་སོགས་པའོ།། རིན་པོ་ཆེའི་གང་ཟག་རྣམས་ཀྱི་ནི་རྣམ་པར་རིག་པའི་ངོ་བོ་ནི། བཟླས་པའི་དུས་སུ་འཇུག་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། འཇུག་པ་དང་གནས་པ་ཞེས་བྱ་བ་ལ་སོག ་པ་གསུངསོ།། རྡོ་རྗེ་བཟླས་པ་ཡོངས་སུ་ཤེས་པས་ཞེས་པ་ལ། ཞི་བ་ལ་སོགས་པའི་བྱ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནཱི། ལེའུ་བཅུ་བཞི་པར་གསལ་ལོ།། འདི་ཉིད་ཀྱི་ལས་གཅོད་པས་ནི་བསྐྱེད་པའོ།། དེ་རྣམས་ཀྱི ་དོན་ནི་ཡི་གེ་གསུམ་མོ་ཞེས་པ་ནི་སྦྲུལ་ལ་སོགས་པའི་སྔགས་ཀྱི་དོན་གྱི་དངོས་གྲུབ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན་པ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་གཅིག་ཉིད་དུ་མཚན་པར་བྱ་བ་དེ་གང ་ཡིན་པ་དེ་དེ་བཞིན་ནོ།། དེའི་ངོ་བོ་ཉིད་ནི་རྡོ་རྗེ་གསུམ་གཅིག་པའི་ངོ་བོའོ།། ཡོངསུ་ཤེས་པ་ནི། ཡི་གཽ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཆང་ངོ་།། བླ་ན་ཡོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་བླ་ནནུ་མེད་པ་ལ ་སོགས་པ་བཟུང་ངོ་།། ལུས་ཀྱི་དཀྱིལ་འཁོར་ལས་ངེས་པར་འབྱིན་པ་ཞེས་པ་འདིས་བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱི་མཆོད་པ་སྟོན་པར་བྱེད་དོ།། ཕུང་པོ་ལ་སོགས་པའི་ཞེས་པ་ལ་སོགས་པས་ཕྱིའི་དཀྱིལ ་འཁོར་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྟོན་པར་བྱེད་དོ།། དེའི་འོག་ཏུ་སྐུའི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་ལ་ཁ་སྦྱོར་དུ་དང་། དེ་ཡང་ཏིང་འཛིན་སེམས་དཔའ་ལ་ཏིང་འཛིན་སེམས་དཔའ་འཇུག་པའི་དབང་དུ་བྱས་ནས ་ཞེས་བྱ་བ་ལ་སོགས་པ་གྷ་སྤངས་ཏེ། ཏིང་ངེ་འཛིན་སེམས་དཔའ་གཙུག་པར་བྱའོ་ཞེས་པ་ནི་འོད་གསལ་བ་ཞེས་པ་ལྷག་མའོ།། འདི་ནི་ཞེས་པ་བཤུད་མཱ་ཐག་པའི་འཇུག་པ་ནི། རིན་བནྡྷའི ་གང་ཟག་དང་འབྲེལ་པ་སྟོན་པར་བྱེད་དོ།། ཡི་གེ་ཨོཾ་གྱི་བཟླས་པའི་དབང་དུ་བྱས་ནས་སྐུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དེས་ན་ཞེས་བྱ་བ་འདིས་དོན་གྱི་རྗེས་འགྲོའི་མི་ཤིགས་པ་ཡོངས་སུ་ཤེས་པ་སོ་སྔོའི་རྒྱུ་ཉིད ་དུ་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་ལ་སོགས་པའི་ངོ་བོ་རྣམས་རླུང་དེ་དེ་རྣམ་པར་ཤེས་པ་མི་ཤིགས་པའི་དེ་ཁོ་ན་ཉིད་དང་ལྷན་ཅིག་ཏུ་འགགས་པ་ནི། སླར ་ཡང་ལྡང་བར་བྱེད་པ། སྙིང་གའི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ཉིད་དུ་འགགས་པའི་ཕྱིར་རོ།། མིག་ལ་སོགས་པའི་སྐྱེ་མཚད་རྣམསུ་ཞེས་པ་ནི། སྤྲོ་བ་ཞེས་འཆད་པར་འགྱུར་བ་དང་སྦྲེལ་ལོ།། མི ་ཤིགས་པས་ནི་རླུང་དང་རྣམ་པར་ཤེས་པསོ།། འཇུག་པ་དང་གནས་པ་དང་ལྡང་བ་ཉིད་དོན་ཡོད་པའི་བཟླས་པ་སྟེ། བྱ་བ་ནན་ཏན་གྱི་ངོ་བོ་ཉིད་ཀྱི་ཕྱིར་དོན་ཡོད་པའོ།། དེ་ར་གི་རྡོ་རྗེ་ནི། དེ་ཞེས་པ་ཡི་གེ་ཨོཾ་ལ་སོགས ་པའོ།། ལུས་ཞིས་པ་སྤྲུལ་ལ་སོགས་པའི་སྔགས་ཀྱི་སྐུའོ།། ཡང་ན་ལུས་ཉིད་དེ། སྔགས་བརྗོད་པ་ལ་ལུས་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ།། དེ་རྣམས་ཀྱི་ནི། ཁྲོ་བོ་རྣམས་ཀྱི་ཞེས་པའོ།། བསྐྲད་པ ་ལ་སོགས་པའི་ཆོ་ག་ཞེས་པ་ནི། ཁྲོ་བོའི་ཡི་གེ་ཧཱུཾ་འབུག་སྒྲ་བསྒྲགས་པ་ཟབ་མོའི་ཚིག་ཏུ་གནས་པའོ།། ཁྲོ་བོར་གསལ་བས་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཚིག་ཅེས་པར་བརྗོད་པར་བྱའོ་ཞེས་པའོ།། སོགས་པའི་སྒྲ་ལས་སྔགས ་ཀྱི་དོན་མངོན་དུ་བྱེད་པ་དང་སྔགས་ཀྱི་གཟི་བརྗིད་དང་སྔགས་ཀྱི་ལས་ལ་སོགས་པ་བཟུང་ངོ་།། སེམས་ཅན་ཐམས་ཅད་ལ་ཕན་འདོད་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མངོན་པར་མི་འདོད་པ་གང་ཡིན་པ་ནི ་རྒྱ་མཚོ་ཆེན་པོ་སྟེ་གཏི་མུག་གི་རིགསོ།། གཏི་མུག་རྣམ་པར་དག་པུ་ནི། གཏི་མུག་ནི་མི་ཤེས་པའོ།། དེ་རྣམ་པར་སྣང་མཛད་ཉིད་དུ་ཤེས་པ་གྲོལ་བའི་མཚན་ཉིད་དོ།། འཇོག་པ་ནི། དེའི་ངོ་བོས་ཤེས་ནས་སོ།། གང་སེམས ་དཔའ་ནི་སྒོམ་པའོ།། ཚིག་གི་འདོད་ཆགས་མངོན་པར་གསལ་བའི་ཚིག་གོ་དེ་ཉིད་རྡོ་རྗེས་ཏེ་བརྟན་པ་ཉིད་ཡིན་པའི་ཕྱིར་རོ།། ལུས་ལ་སོགས་པ་ནི་ཡུལ་དང་དེ་ལ་དམིགས་ནས་བསྐྱེད་པའོ།། དེ་བཞིན་གཤེགས་པ་རྣམས ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། བསྐྱུད་པ་དང་རྫོགས་པའི་དབྱེ་བྱས་རྣམ་པ་གཉིས།། འདོད་ཆགས་དེ་ཉིད་ནི་འོད་གསལ་གྱི་ངོ་བོའོ།། ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ནི། འོད་གསལ་བ་ནི་ཕྱིན་ཅི་མ ་ལོག་པར་ཡིངསུ་ཤེས་པ་ལས་འབྱུང་བའི་ཕྱིར་རོ།། ཇི་ལྟ་བ་བཞིན་དུ་ཡོངསུ་ཤེས་པ་ཉིད་སྒྲུབ་པ་པོ་ཉིད་ཡིན་ནོ་ཞེས་དེ་ཤེས་པས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ཅན་ལ་སོགས་པ་ཞེས་སོགས ་པའི་སྒྲ་ལས། དུང་ཅན་མ་དང་། གླང་ཆེན་མ་དང་། རཱི་མོ་ཅན་མ་རྣམས་བཟུང་ངོ་།། དེ་རྣམ་པར་དག་པ་ནི། ལྷན་ཅིག་སྐྱེས་པའི་ངོ་བོའོ།། མ་ནིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ལས་བྱུང་བ ་ཞེས་པ་ནི། རྣམ་པ་གཅིག་གོ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས་པའོ།། སྱའི་སྙིང་པོ་ལ་སོགས་པ་རྣམས་ཡི་གེ་ཐླིཾ་ལ་སོགས་པ་ལས་སྐྱེས་པ་ཉིད་ངོ་ཞེས་པ་གཞན་ནོ།། སླར་ཡང་འདིར་འགལ་བ་འབྱུང་བ་མེདདོ།། ། ་གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི། མ་རིག་པ་ནི། མ་རིག་པའི་རང་བཞིན་ནོ།། སླར་ཡང་འདིར་བུད་མེད་དང་སྐྱེས་པ་ནི། སྤྱན་མ་ལ་སོགས་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། ཐ་མལ་པ་ཉིད་དམ ་རྡོ་རྗེ་འཆང་ཉིད་གང་ཡིན་པ་དེ་དྲང་པོར་སྒྲུབ་པ་པོ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་བརྩོན་པར་བྱེད་དོ།། ཐབས་ཀྱི་རང་བཞིན་ནི་སྣང་བ་མཆེད་པཱ་ལས་སྐྱེས་པའོ་ཞེ་སྡང་ནཱི་མི་བསྐྱོད་པའོ།། དེའི་ཤེས་རབ་ནི ་དེ་བཞིན་ཉིད་དེ་འཚེ་བའི་བདག་ཉིད་ཅན་ནི། ངན་འགྲོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། སྣང་བ་གསུམ་ཡང་རླུང་བཞིན་ཏེ།། འཚེ་བའི་བདག་ཉིད་ཙན་མཱ་ཡིན་ནམ།། དེ་ཇི་ལྟར་ཐབས་ཀྱི་རང་བཞིན་གྱི་དབང་དུ་བྱས་ནས ་བརྗོད་པར་བྱ་ཞེ་ན། སྣང་བ་དང་རང་བཞིན་ནི། བརྟུལ་པོ་ཉིད་ལས་མ་རིག་པའི་རང་བཞིན་ཡང་སྐྱེས་པ་ཉིད་ཡིན་པའི་ཕྱིར། ཐབས་ཀྱི་རང་བཞིན་ནི་ཤིན་ཏུ་རྣོན་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་མི་འགལ་ལོ།། རྡོ་རྗེ ་ལྟ་བུའི་ཏིང་ངེ་འཛིན་ནི་ཟུང་འཇུག་གི་ངོ་བོའོ།། དབང་དུ་འགྱུར་བའོ་ཞེས་པ་ནི། དྭེ་ལས་བྱུང་བ་སྟེ་བསྐྱེད་པ་དང་འགྲེལོ་ཞེས་མངོན་པར་དགོངསོ།། འཁོར་ལོ་བསྒྲུབ་པར་བྱ་བ་དང་། ངེས་པར་འབྱུང་བར་བྱ་བ་སྟེ། ཨོཾ་ཡིག ་གིས་བསྒྲུབ་པར་བྱ་བ་དགུག་པར་བྱ་བའོ།། ཞེས་པའོ།། རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་བསྐྱེད་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ལས་བྱུང་བ། བསྒྲུབ་བྱ་བསྐྱེད་ནས་བཞག་པར་བྱ་སྟེ། ཇི་ལྟ་བ ་བཞིན་དུ་ཞེས་པ་འཆད་པར་འགྱུར་བར་གསལ་ལོ།། ཞི་བ་ནི། རིམ་པ་ལ་སོགས་པ་ཉེ་བར་ཞི་བའོ།། གཟིར་བར་བྱེད་པ་ནཱི། ཧཱུཾ་ཡིག་དང་དེ་ལསྭ་སྐྱེས་པའི་སྤྲོ་བ་དེ་ང་བསྡུ་བར་བྱེད་པ་སྟེ། བསྲེག་པར་བྱ་བ་ནི་མ ་ཡིན་ནོ།། རྒྱས་པར་འགྱུར་བ་ནུ་ནི་རྗེ་སུ་རྒྱས་པར་བྱ་བའོ།། རྣམ་པ་ཐམས་ཅད་ཀྱིས་ནི་ལས་ཐམས་ཅད་བྱེད་པ་པོ་ཉིད་ཡིནྡ་པའི་ཕྱིར་རོ།། འདི་ཉིད་ཀྱི་ཞེས་པ་ནི་ཞི་བ་ལ་སོགས་པའི་དོན་དུ་གསུངས་པའི་རྣམ ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་ལྔ་སོགས་པའི་དཀྱིལ་འཁོར་དུའོ།། ངེས་རྣམས་ནཱི་ཉེ་ལོགས་རྣམས་སུའོ།། བཞི་ནི་ཕྱོག་སྒོ་རྣམས་སུའོ།། རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི། མྱི་བསྐྱོད་པ ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་ལ་བལྟོས་པའི་ཚིག་སྟེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམསུ་ནི་མི་བསྐྱོད་པ་ལ་སོགས་པ་དགོད་པར་བྱའོ།། མཚན་མ་དང་ས་བོན་དང་གཟུགས ་ཀྱི་ཞེས་མཚོན་པར་བྱའོ།། ལས་དང་རྗེས་སུ་མཐུན་པ་ཞེས་པ་ནི། ཞི་བྱཱ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིསོ།། དེ་ལ་ཞི་བ་ལ་ནི། རྣམ་པར་སྣང་མཛད་དང་སྤྱན་མའི་ཚོགས་སྤྲོས་ནས་འོད་ཟེར ་དཀར་པོའི་གཟུགས་བསྡུ་བྱར་བྱའོ།། མི་བསྐྱོད་པ་ལ་སོགས་པ་རྣམས་ལ་ཡང་ནག་པོ་ལ་སོགས་པའི་གཟུགས་ཀྱིས་སོ་ཞེས་འཆད་པར་འགྱུར་རོ།། མངོན་པར་འདོད་པའི་འབྲས་པུ་འགྲུབ་པ་ནི་ཞི་བ་ལ་སོགས ་པ་སྐྱེད་པར་བྱེད་པའོ།། རྫོགས་པ་དང་མ་རྫོགས་པའི་བྱེ་བྲགཱ་ན་རྣལ་འབྱོར་པ་གཉིས་ཀྱི་དབྱེ་བས་སོ།། སྐུ་ལ་སོགས་པ་ནི་བཤད་པའོ།། བསྡུས་པ་ནི་འདི་ཉིད་དུའོ།། དེ་ཉིད་ཀྱི་ཕྱིར་སྐུ་གསུམ་རྡོ་རྗེ་ཅན་ཞེས ་འཚོད་པར་འགྱུར་རོ།། དེས་ཞེས་པ་ནི་སྐུ་ལ་སོགས་པའི་རང་བཞིན་གྱི་ངོ་བོས་སོ།། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། རྡོ་རྗེ་ལྔ་རྣམས་སོ།། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། རང་བཞིན་གྱི ་གཟུགས་ཞེས་པ་ནི་ཕྱག་གཉིས་པ་སྐུ་མདོག་དམར་པོ་རང་སྣང་ལ་འཁྱུད་པའོ།། མི་ལ་སོགས་པ་ཞེས་པས་སོགས་པའི་སྒྲ་ལྔས་རླུང་དང་མི་དང་། འཛིན་མེའི་དཀྱིལ་འཁོར་རྣམས་སྐྱེ་བའི་རིམ་པས་ངེས་པར་བསྟན ་པའོ་ཞེས་གསུངས་ཤིང་། དེ་རྣམས་ཀྱང་ཕྱག་གཉིས་པ་ཞལ་གཅིག་པོ་ཉིད་ཀྱི་རྣམ་པའོ།། གཟུགས་ནི་ལུས་སོ།། སྭཱ་ནི་ཡི་གེ་ཧཱུཾ་གི་རྣམ་པའོ།། ཆུ་ལ་སོགས་པ་ཞེས་པའི་སོགས་པའི་སྐུ་ལས་རླུང་དང་མེ་དང ་འཛིན་མའི་དཀྱིལ་འཁོར་རྣམས་བཟུང་ངོ་།། ཀུན་ཏུ་མཚོན་པར་བྱ་བ་ནི་ཡང་དྲག་པར་མཚོན་པར་བྱ་བའོ།། ཡི་གེ་ཨོཾ་ལ་སོགས་པ་ཞེས་པ་སོགས་པའི་སྒྲ་ལས་ཡི་གེ་ཨཱཿདང་ཧཱུཾ་དྲུག་བསྡུས་སོ།། བསམ་གཏན་རྡོ་རྗེ ་ཅནྡ་ཞེས་པ་ནི། བསྟེན་གྱི་འཇུག་པཱ་ལ་སོགས་པ་ལ་དམིགས་པའོ།། དེ་ཉིད་བརྟན་པར་གྱུར་པ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་སྟེ། དེ་གང་ལྔ་ཡོད་པ་དེ་ནི་བསམ་གཏན་རྡོ་རྗེ་ཅན་ནོ།། རྡོ་རྗེ་རྣམ་པ་བཞི་ནི། དེ་བཞིན་གཤིགས ་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། བྱེད་པ་ཞེས་པ་ནི་རྣལ་འབྱོར་པ་འདིའི་ངོ་བོས་ཞེས་པ་མངོན་པར་དགོངསོ།། དེ་ཉིད་ཀྱི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོགས་པའི་རིམ་པ་ལ་གནས་པའི་དབང ་དུ་བྱས་ནས་གསུངས་པ་ཉིད་ཡིན་པའི་ཕྱིར། གསང་བ་སྟེ། ལས་དང་པོ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མ་ཞུགས་པ་རྣམས་ཞེས་པ་ནི། མངོན་དུ་གྱུར་པའི་རྡོ་རྗེ་ཐེག་པ་ལ་གནས་པ་དང་པོར ་འཇུག་པ་ལ་ནཱི། འདོད་པའི་རྗེསུ་ཐུན་མོང་བའི་ཆོ་གའོ།། སྒོ་ང་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་ཡན་ལག་འཇིག་པ་དང་། སྐམ་པར་བྱེད་པ་དང་རྣམ་པར་འགྱུར་བ་ལ་སོགས་པ་བཟུང་ངོ་།། འདི་ཉིད ་ཀྱི་ནི་རླུང་གི་དཀྱིལ་འཁོར་རོ།། དབང་དུ་བྱ་དཀའ་བ་ལ་སོགས་པ་ཉིད་ལས་ཐམས་ཅད་བྱེད་པ་ནི། བསྒྲུབ་པར་བྱ་བའི་དགྲའོ་རྣམས་ཀྱིས་སྟ་རེ་ལ་སོགས་པའི་མཚོན་ཆ་རྣམས་ཀྱིས། བསད་པ་སྟེ་འཆི་བར་བྱས་པའོ།། ་ཁ་སྦྱོར་དབྱེ་བ་ཞེས་པ་ནི། བསྒྲུབ་པར་བྱ་བ་གང་ཡིན་པའི་ལུས་དཀྱིལ་འཁོར་དུ་རྣམ་པར་བསྒོམ་པར་བྱའོ།། ཉེས་པ་བསྒྲག་པར་བྱས་ནས་དེ་རྣམས་ཀྱི་ལུས་དེ་ཡང་འཁོར་ལོ་ཅན་རྣམས ་ཀྱི་དེ་རྣམས་བསད་པར་བྱས་ནས་སྤངས་པར་བསྒོ་མ་སྟེ་རུང་གི་ལུས་འཁོར་ལོ་ཞུགས་པརྱ་བལྟ་བར་བྱའོ་ཞེས་པ་ཁ་སྦྱོར་དབྱེ་བའོ།། ཆད་པས་བཅད་པོར་བྱ་བ་ནི་བསད་པར་བྱ་བའོ།། བདག་ཉིད་ཉི་མའི་དཀྱིལ ་འཁོར་ལྟ་བུར་ཡོངསུ་གྱུར་པ་ཞེས་པ་ནི། ཐོག་མར་ཡི་གེ་ཧཱུཾ་ཡོངསུ་གྱུར་པས་ཉི་མའི་དཀྱིལ་འཁོར་དམིགས་ལ་ལོའུ་བཅུ་གཅིག་པར་གསུངས་པའི་རྡོ་རྗེ་ཁ་གྱེས་པ་ཞེས་པ་དབུས་མའི་རྩེ་མོ་ལ་རྩེ་མོ་གཞན ་མ་འབྱར་བ་ཉིད་ཀྱི་ཕྱིར་རོ།། ཁྲོ་བོའི་རྣམ་པ་ཐམས་ཅད་ཞེས་པཱ་ནི་སྙེམས་པ་དང་། གསུས་པ་འཕྱང་བ་དང་། ཁྲོ་གཉེར་གཉེར་བ་ལ་སོགས་པའི་གཟུགསོ།། འཁོར་ལོའི་དབུས་ན་གནས་པ་ནཱི་ཁྱད་པ་བརྩེག ་པའི་དབུས་ན་གནས་པའོ།། ཕྱག་དྲུག་པ་ནི་གཞན་དུ་ཕྱག་བཞི་པ་ཉི་དུ་གསུངས་པའོ།། འདི་མན་ངག་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་བསྒྲུབ་པའི་ཐབས་ལ་སོགས་པར་གསལ་ལོ།། དེ་ལས་བྱུང་བ་ནི་རྡོ་རྗེ་འཆང་གི ་ཕྱུང་བའོ།། འཆད་པར་འགྱུར་བའི་སྤྲོ་བ་དང་བསྡུ་བའོ།། ཕྱོགས་བཅུ་ཞེས་པ་ལ་སོགས་པ་ནི། དེ་བཞིན་གཤེགས་པ་རིགས་ལྔས་བསྡུས་པ་རྣམསོ།། ཇི་ལྟ་བ་བཞིན་དུ་རང་གི་ནི། གང་གི་ཕྱག་རྒྱ་གང་ཡིན ་པ་དང་བདག་ཉིད་གང་ཡིན་པ་དེའི་རིམ་པ་ལས་མ་འདས་པས་སོ།། ཡེ་ཤེས་ལུས་ལ་གནས་པ་རྣམས་ཀྱི་ཞེས་པ་ནཱི། སྤྲུལ་པའི་ལུས་འདི། ལྔ་པོའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། འབྱིན་པ་ཞེས་པ ་ནི་ལྷ་མོ་དང་ཡང་དག་སྦྱོར་བ་ལས་འབྱིན་པར་བྱེད་པའོ།། སངས་རྒྱས་ལ་སོགས་པ་ཞེས་བྱ་བའི་ལས་ལ་སོགས་པའི་སྒྲས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་བསྡུས་སོ།། ཁྲོས་པ་ནཱི་ཡིད་ཞུས་པ་ནི།། དེ ་ཉིད་ཀྱི་ཕྱིར་གྲང་བ་བརྒྱད་ཀྱི་གཟུགས་ལ་སོགས་པ་འཇུག་པར་བྱེད་པས་ཁྲོས་པའོ་ཞེས་བསམ་པར་བྱའོ།། གསོད་པའི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ་ཞེས་པ་ནི་འོད་གསལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། སྒྱུ ་མ་ལྟ་བུའི་ནུས་པ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བདག་ཉིད་སྒྱུ་མ་ལྟ་བུ་ནི། འཆི་ཞིང་མྱ་ངན་འདས་པར་བྱས་ནས་གླངུལ་བྱེ་དང་རྗེསུ་མཐུན་པས་སླར་ཡང་གདུག་པ་ཅན་གཞན་གང་ཡིན་པ་རྣམས་འཆི་ཞིང ་མྱ་ངན་ལས་འདས་པར་བྱང་བའོ།། སང་སྟེ་རྒྱས་ནི་རྡོ་རྗེ་འཆང་ཆེན་པོའོ་ནི་སྐུ་སྩོལ་ལོགས་པའི་བདག་ཉིད་ཅན་ནོ།། དཀྱིལ་འཁོར་གྱི་གནས་ནི་སྣོད་ཀྱི་གཟུགས་སྨྲ་བ་ལ་ཀུན་ཏུ་ཆགས་པའོ།། ཇི་ལྟར་འདི་རྨོངས་པར་གྱུར་པ ་ལས་ཀུན་ཏུ་ཆགས་སོ།། སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ་ཞེས་པ་འདིས་རྣམ་པ་ཐམས་ཅད་གྲུབ་པ་མེད་པར་སྟོན་པར་བྱེད་དེ། སླར་ཡང་སངས་རྒྱས་ཀྱི་དངོས་གྲུབ་ཡོད་པ་མ་ཡིན་ནོ།། བཤད་མ་ཐག་པའི་ཞེས་བྱ ་བ་ལ་སོགས་པས་དང་པོར་དེ་སྲིད་དུ་སྒྲུབ་པ་པོ་ཞེས་སྔར་གསུངས་པ་འདིར་སྦྲེལ་བར་སྟོན་པར་བྱེད་དོ།། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསྒོམ་པར་བྱའོ་ཞེས་པ་ནི་ལྷ་མི་གཡོ་བ་བསྒོམ་པསྱ་སངས་རྒྱུས ་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། འདི་ལྟར་རྣམ་པར་བརྩེགས་ཤིག་ཅེས་པ་ནི། སྔར་གསུངས་པ་འདི་ཁྲོ་བོའི་ལྷ་རྣམས་ཞེས་པ་འདིར་འབྲེའོ།། དེ་ཉིད་ཀྱི་འཁོར་ལོ་ཞེས་པ་ནི། ལྕགས་ལ་སོགས་པ་ལ་བྱས་པའི་འཁོར་ལོ་བཞིན་ནོ།། ་རྣམ་པར་འཚེ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་འཇིག་པར་བྱེད་པ་པོ་ཡིན་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ཡོངསུ་གྱུར་པ་ལས་བྱུང་བའི་ཞེས་པ་ནི་མི་བསྐྱོད་པའི་ས་བོན་དང་མཚན་མ་ལས་སྐྱེས་པ་དེ་གྱུར་པའི་མི་བསྐྱོད་པ ་བསྐྱེད་ནས་ཕྱུང་སྟེ། བཅུག་པ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་ནི་བཤད་མོ་ཐག་པའི་མི་བསྐྱོད་པའི་གཟུགས་ཞལ་བཞི་པ་ཞེས་པ་ལ་སོགས་པས་སོ།། བུད་མེད་དང་སྐྱེས་པའི་བྱེ་བྲག་གི་ནི། སྤྱན་མ་ལ་སོགས་པ་དང་། ་རྣམ་པར་སྣང་མཛད་ལ་སོགས་པའི་བྱེ་བྲག་གིསོ།། རང་གིས་ལུས་ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་ཅན་ནོ།། འདུས་པར་བྱས་ནས་ཞེས་པ་སྐུ་ལ་སོགས་པ་རྣམས་སྐུ་ལ་སོགས་པའི་རིགས་རྣམ་སོ།། ཅི་ལྟར་ཞེ་ནཱ། ་བསྡུས་ནས་ཞེས་པའོ།། རྡོ་རྗེ་ཐམས་ཅད་ཀྱི་ཞེས་པ་ནི་བཅུག་མ་ཐག་པ་རྣམསོ།། དེ་ཉིད་ཀྱི་ཕྱིར་རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་བ་ལ་སོགས་པ་རྣམས་ཀྱི་ཞེས་པའི། སོགས་པའི་སྒྲས ་དཀྱིལ་འཁོར་གྱི་དབང་ཕྱུག་ཀྱང་བསྡུས་སོ།། དེ་ནས་དེ་རྣམས་ལ་ཞེས་པ་ནི་སྤྲོས་པ་རྣམས་ལའོ།། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་རྣམས་ནི་ཡོངསུ་གྱུར་པར་སྦྱར་བར་བྱའོ་ཞེས་པ་ནི། ་མི་བསྐྱོད་པའི་ཞལ་བཞི་ཕྱག་དྲུག་པར་བཤད་པ་ཞེས་མངོན་པར་དགོངསོ།། དེའི་འཁོར་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་ལྔའི་འཁོར་རྣམསོ།། སངས་རྒྱས་དཀྱིལ་འཁོར་ནི་སངས་རྒྱས་ཐམས་ཅད་ཀྱི་བོ་དག་ཉིད་ཅན་ཡིན་པ་ཉིད ་ཀྱི་ཕྱིར་བདག་ཉིད་དོ།། གཤིན་རྗེ་གཤེད་ཀྱི་བདག་ཉིད་ཞེས་པ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པ་སྟེ། དམ་ཚིག་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསམ་པར་བྱའོ་ཞེས་འཆད་པར་འགྱུར་རོ།། འཁོར་དང་བཅས་པར ་བརྟག་པར་བྱའོ་ཞེས་པ་སྟེ། དེ་ལ་སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཞེས་པ་ནི་འདིར་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རྗོད་པར་བྱེང་དེ། གང་གི་ཚེ་མེད་པ ་ལས་ལུང་བསྟན་དུ་མེད་པས་སོ།། བྱམས་པ་ལ་སོགས་པ་ཡང་ཞེས་པ་ནི། འདི་བྱང་ཆུབ་སེམས་དཔའ་རྣམས་དང་ཁྲོ་བོ་བཅུ་པོ་རྣམས་ཞེས་མངོན་པར་བརྗོད་དེ་སྔར་བཞིན་མི་བསྐྱོད་པ་དང་ལྡན་པའི་དཀྱིལ་འཁོར་ལྟ་བུར ་སུམ་ཅུ་རྩ་གཉིས་ཀྱང་འཁོར་ཉིད་དོ།། སྐུ་དང་གསུང་དང་ཐུགས་ཞེས་པ་ནི། སྐུ་ལོ་སོགས་པའི་རིགས་ཅན་རྣམས་ཉིད་གྲངས་ཇི་ལྟ་བ་བཞིན་དུ་བཅུག་པ་ལ་ཕུང་པོ་ལ་སོགས་པ་རྣམསུ་ཕུང་པོ་ལ་སོགས་པ་རྣམས་དང་མིག ་ལ་སོགས་པ་རྣམསུ་སའི་སྙིང་པོ་ལ་སོགས་པ་རྣམས་ཞུགས་པར་རོ།། སྤྲོ་བར་བྱའོ་ནི་སྐུ་ལ་སོགས་པ་ཉིད་ལས་ཕྱི་རོལ་ཏུ་བྱའོ།། སྐུ་གསུམ་ནི་དུས་གསུམ་དུ་ཡང་འབྱུང་བའི་ཕྱིར་དུས་གསུམ་ལ ་བཞུགས་པའོ།། གསོད་པར་བྱེད་པ་ཞེས་པ་ནི་རང་གི་མཚན་མ་ཐོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་པའོ།། དཀྱིལ་འཁོར་གྱི་བདག་པོ་ཉིད་དོ་ཞེས་པ་ལ་གཤིན་རྗེ་མཐར་བྱེད་པ་ཉིད་དོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཁོ ་ནནོའོ།། ལྷ་ཐམས་ཅད་ཀྱི་ཐུན་མོང་པ་ཞེས་པ་ནི་བཤད་པ་དང་མ་བཤད་པའི་ཐུན་མོང་དུའོ།། དེའི་ལྷ་མོ་རྣམས་ཀྱིས་ཞེས་པ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སོ།། དེ་ཡོངས་སུ་གྱུར་པའི་བྱམས་པ་ལ་སོགས་པའི་ཕྱུག ་རྒྱ་འོད་གསལ་དུ་བཅུག་མ་ཐག་དུ་ལངས་པའི་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་གྱུར་པའོ།། དེ་ལས་བྱུང་བ་ཞེས་པ་ནི་རྡོ་རྗེ་འཚོང་ཆེན་པོ་ཡོངསུ་གྱུར་པ་ལས་བྱུང་བའོ།། ཁྲོ་བོའི་གཟུགས་ཀྱིས་ནི་སྔར་བཤད་པའི་མི་བསྐྱོང ་པའི་གཟུགས་ཀྱིས་སམ། གཤིན་རྗེ་མཐར་བྱེད་ཀྱི་གཟུགས་ཀྱིས་སོ།། མཉམ་པ་ཉིད་ཅེས་པ་ནི་ཁྲོ་བོའི་གཟུགས་སོ།། ཐམས་ཅད་ཅེས་པ་ཐོག་མར་རིག་པས་མངོན་པར་བརྗོད་པའི་སྦྱང་བའི་འཁོར་ལོ་བསྡུས་པའོ།། དེ་ལ ་བསྲུང་བའི་ཕྱིར་རོ་ནི། སྒྲུབ་པ་པོའི་སེམས་བསྲུང་བའི་ཕྱིར་རོ།། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ནི། བཤད་མ་ཐག་པའི་བསྐྱེད་པའི་རིམ་པའི་དབང་དུ་བྱས་པའི་རྣལ་འབྱོར་པ་ལྔ་པོ་རྣམས་ཀྱིའོ།། བསྒྲུབ་པར་བྱ ་བ་ནི་འོད་ཟེར་ལྔ་པོས་ཁྱབ་པའི་སྣང་བ་ཙམ་མོ།། དེའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ལ་སོགས་པས་ངག་ལ་སོགས་པ་མངོན་པར་བརྗོད་དོ།། གནས་ཞེས་པ་ནི། དགྲ་ལ ་སོགས་པ་གང་ཡིན་པའོ།། སེམས་ནི་སེམས་ཀྱི་རྣམ་པོ་སྣང་བ་གསུམ་གྱི་ངོ་བོའོ།། སྒྱུ་མ་ལྟ་བུ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅན་ནོ།། རྡོ་རྗེ་ཡེ་ཤེས་ནི་གཉིསུ་མེད་པའི་ཡེ་ཤེས་ཞེས་པ་ལ་བརྟེན་ནས་སོ།། འཇིག་པར་བྱེད་པ་ནི་ཉམས ་པར་བྱེད་པའོ།། རེངས་པ་ཞེས་པ་ནི་རང་གི་བྱ་བའི་བསམ་པའི་ནུས་པ་ཆུ་རེངས་པར་བྱེད་པའི་སྦྱོར་བ་སྟེ་ཆོ་ག་དེ་གསུངས་པ། སྤྲུལ་པའི་སྐུ་ལས་ཅིག་ཤོས་ནི་བླ་མ་ཉིད་ཀྱིས་འོག་ཏུ་འབྱིང་བ་ལས་སྟེང་དུ་འཕྱོ་བར་འབྱུང་བའི་ཕྱིར ་ཐོག་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཌཱགོ་རིམ་བཞིན་དུ་ཆུའི་སྟེང་དུ་སྒོམ་པོར་བྱེད་པས་བཀོད་ནས་ཆུའི་སྟེང་དུ་བཅག་པར་བྱའོ་ཞེས་སྦྲེ་ལོ།། འདིར་ཡང་སྔར་གསུངས་པའི་སངས་རྒྱས་རྣམས་ན་མཁའ་དང་རླུང་ཞེས་བྱ ་བ་ལ་སོགས་པོ་སྦྱར་བར་བྱའོ།། རྡོ་རྗེ་འབྱེར་བ་ནཱི། འབར་བ་དང་ལྡན་པ་རྩེ་མོ་ལྔ་པ་ཁ་དོག་ནག་པོའོ།། ཁྲོ་བོ་གཞན་གང་ཡང་རུང་བའི་གཟུགས་བཟུང་སྟེ་ཞུས་པ་ནཱི། འདི་ཡང་འཁོར་གྱི་ཁྲོ་བོ་བཞིན་ནོ།། པདྨའི་རྡུལ་ལྟ་བུར་སེར་པོ ་ཞེས་པ་མཚོན་པར་བྱ་སྟེ། རེངས་པའི་སྦྱོར་བའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཚང་རི་རབ་དང་འདྲའོ།། སའི་འོག་ཏུ་སོང་བ་ཞེས་པ་ནི་ཁྲོ་བོའི་འཁོར་ལོའི་ཚོགས་ཀྱིས་སྟེང་དུ་གནས་པས་རེངས་པར་བྱེད་པ་ནི་འདོར་མ་གསུངས་པ ་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པས་རེངས་པར་བྱེད་པ་གསུངས་པ་ཡང་འདི་ཞེས་བྱ་བ་གསུངས་ཏེ། རེངས་པར་བྱ་བ་ལ་མཁས་པ་ནི། དཔུང་རེངས་པར་བྱ་བར ་མི་ནུས་པའོ།། དེའི་ཕྱིར་དེ་ཡང་རེངས་པར་བྱེད་པའི་ཕྱིར་རོ།། སྣང་བར་འགྱུར་བ་ནི། རབ་ཏུ་གྲགས་པོར་ཉེ་བར་འགྱུར་རོ།། མིག་ལ་སོགས་པ་ཞེས་པ་ནི། སོགས་པའི་སྒྲ་ལས་ཞལ་གསུམ་པ་ཕྱག་དྲུག་པ་ལ ་སོགས་པ་དང་ལྡན་པ་ཉིད་གཟུང་བར་བྱའོ།། བསྒྲུབ་པར་བྱ་བའི་སྙིང་གར་ཞེས་པ་ནི་བསྒྲུབ་པར་བྱ་བ་སྤྱང་ངམ་གན་རྒྱལ་དུ་གྱུར་པའི་སྙིང་གར་རོ།། ཡིད་དང་མི་མཐུན་པ་ནི། ཡིད་དུ་མི་འོང་བ་སྟེ་འགལ་བྱ་ཞེས ་པའི་དོན་ནོ།། སེམས་ཅནྡ་རྣམས་ཀྱི་ནི་རྡོ་རྗེའི་འོད་ཟེར་གྱིས་ཁྱབ་པ་རྣམས་སོ།། བ་སྡུ་བ་ནི་གཟུགས་དང་གཟུགས་བརྙན་འཇུག་པའི་ཚུལ་གྱིས་ཀུན་ཏུ་འཇུག་པར་བྱའོ།། དམར་པོ་དང་དཀར་པོ་ལ་སོགས ་བའི་ཁ་དོག་ལྔ་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱི་རྡོ་རྗེ་ལ་འཇུག་པ་དང་འཐུན་པས་དེ་བཞིན་གྱི་ཤེགས་པའི་རང་བཞིན་ཡིན་པའི་ཕྱིར་དང་། འགྲོ་བ་འདི་ཀུན་སངས ་རྒྱས་མངའ་བདག་ཉིད་ཅེས་གསུངས་པའི་ཕྱིར། རིན་པོ་ཆེ་པདྨ་རཱ་ག་ལ་སོགས་པ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པའི་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱེད་པ་ཉི་དེ་ཡིན་པའི་ཕྱིར་བདུད་ལ་སོགས ་པ་ཉེ་བདྨ་འཆི་བ་ལ་སྩོགས་པ་སལ་ཅིང་ཡིད་ཀྱི་ཤིང་རྟ་བསྐྱུད་པའི་རྟེན་ཡིན་པའི་ཕྱིར། སྣོད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས།། བདུད་ལ་སོགས་པ་བསྐྱེད་པའི་རྒྱུ་མི་དགེ་བའི་དྲི་མ་བྲལ་བ་ཉིད་ཀྱི ་བྱེར། འོད་ཀྱིས་ནི་མཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གླུ་གནས་སྐྱོན་མངོན་པར་དབང་བསྐུར་བ་སྦྱིན་པར་གསུངས་པའི་གནས་སྨྲའོ།། རྣམ་པར་སྣང་མཱཛ་དཱིནྟཱི་ནོ་གསྟན་རྣམ་པར་སྣང་མཛད ་འཛིན་ལ་སྙོམ་པར་ཞུགས་པའི་རྣལ་འབྱོར་པས་ཞི་བ་བྱེད་པ་ནི་སྙིང་གཱའི་ས་བོན་ལས་ཕྱུང་བས་སོ།། བསྙེན་པ་ནི་སྔ་མ་ཁོ་ནར་བཤད་པའི་དེ་བཞིན་གཤེགས་པ་ཉིད་དེའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དབང ་བསྐུར་བར་འོས་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་བུའི་ཞེས་པ་ནི། སེམས་ཅན་གྱི་ཚོགས་ཞི་བར་བྱེད་པ་ལ་ཅི་ཞིག་བྱ་ཞེ་ན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་འདོད་པའི་སྦྱིན་པ་ཕུལ ་དུབྱུང་བས། སྒྲུབ་པ་པོ་ལ་འབྲེལ་པར་བྱེད་དོ་ཞེས་མངོན་པར་དགོངསོ།། དེ་ཡང་ཅི་ཞིག་དགུའ་བར་བྱེད་ཅེ་ན། དཱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བྱིན་གྱིས་བ་རློབ་པ་ཡོངསུ་གྱུར་པཱ་ཞེས་པ་སམ་པར ་བྱའོ།། སངས་རྒྱས་ཐམས་ཅད་ཀྱིས་ནི་བཤད་མ་ཐག་པ་རྣམས་ཀྱིས་སོ།། སྐྱོན་མེད་པ་ནི་དྲི་མ་དང་བྲལ་བའོ།། མི་བསླུ་བ་ནི་གདོན་མི་ཟ་བར་འགྱུར་བའོ།། ཞི་བའི་དཀྱིལ་འཁོར་ལྟ་བུའི་དཀྱིལ་འཁོར་དེར་ཡི ་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་ཡི་གེ་ཨོཾ་གྱིས་བརླབས་པའོ།། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱིས་གཟུགས་ཏེ་ཇི་ལྟ་བ་བཞིན་དུ་ཞེས་པ་སྒྲུབ་ཐབས་ལས་གསུངས་པའི་རྣམ་པ་ལྟ ་བུའོ།། བསྒྲུབ་པར་བྱ་བ་རྣམ་པར་སྣང་མཛད་ཀྱི་གཟུགསོ།། རྨོངས་པ་ནི་གཏི་མུག་གི་བདག་ཉིད་དོ།། སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། གང་ཡིན་པ་ཞེ་ས་བྱ་བ་ནི་རང་གི་སྙིང་གའི་ས་བོན་ལས ་འཐོན་པ་རྣམ་སོ།། སླར་ཡང་ཞེས་བྱེ་བ་ལ་སོགས་པ་ནི་སྔ་མ་ལ་བལྟོས་པའོ།། དབང་ཆེན་ནི་ས་ལ་དབང་བ་སྟེ་གཙོ་བོར་གྱུར་པའི་འདི་དབང་ཆེན་ཏེ། རྟེན་པར་བྱེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དབང་ཆེན་གྱི་དཀྱིལ ་འཁོར་ཟུར་བཞི་ལ་རྡོ་རྗེས་མཚན་པ་དེའི་སྟེང་དུ་སཱ་ལས་རྫོགས་པའི་རིན་པོ་ཆེའི་སྐུས་བྱིན་གྱིས་བརླབས་པ་ལས་རིན་ཆེན་འབྱུང་ལྡན་བསྐྱེད་པར་བྱའོ།། དེ་བཞིན་དུ་འོད་དཔག་མེད་བསྐྱེད་པར་བྱ་སྟེ་མེའི་དཀྱིལ་འཁོར ་ཟུར་གསུམ་པ་རྡོ་རྗེས་མཚན་པའོ།། ཅི་རིགས་པ་ཞེས་པ་ནི། རིན་པོ་ཆེའི་སྦྱོར་བས་རིནི་ཆེན་འབྱུང་ལྡན་གྱི་གཟུགས་དང་འདོད་ཆགས་ཅན་ལ་འདོད་ཆགས་རྡོ་རྗེའི་བདག་ཉིད་ཅན་ཏེ། ཆགས་པས་འདོད་ཆགས་བདག ་ཉིད་སྦྱོར།། འདོད་ཆགས་དགའ་དང་ཡང་དག་ལྡན།། འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན།། འདོད་ཆགས་རྡོ་རྗེར་བདག་ཉིད་འགྱུར།། ཞེས་འདུས་པ་ཕྱི་མར་གསུངས་པའི་ཕྱིར་རོ།། རིན་ཆེན་སྤྲིན་ཞེས་པ་ལ་སོགས་པ ་ལ། རིན་ཆེན་སྤྲིན་ནི་རིན་ཆེན་འབྱུང་ལྡན་ནོ།། ཚོགས་ཞེས་པ་ནི་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་མངོན་པར་བརྟག་པར་བྱའོ།། མཁའ་དབྱིངས་ཞེས་པ་ལ་སོགས་པ་ནས་དེར་ཞེས་པའི་མཐར་ཐུག་པ་གདོན་མི་ཟ་བར ་བརྟག་པར་བྱའོ།། རྡོ་རྗེ་ན་མཁའ་ཞེས་པ་ལ་སོགས་པ་ལ་དེ་ཞེས་པ་རྡོ་རྗེ་ན་མཁའ་འོད་དཔག་ཏུ་མེད་པའོ།། མདུན་དུ་རྡོ་རྗེ་ཐད་ཀར་གནས་པ་ཞེས་པ་ནི། མྱི་བསྐྱོད་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་དུ། གཙོ་བོའི་སྐུའི་གཞོགསུ ་གནས་པ་ཉིད་ཀྱི་ཕྱིར་རོ།། གཟུགས་ནི་རྡོ་རྗེ་ན་མཁའ་དང་ཆོས་བདུན་ཞེས་པ་འདིས་སྐབས་འདིར། མི་བསྐྱོད་པ་དང་དོན་ཡོད་པ་དགྲ་མངོན་པར་བརྗོད་དོ།། འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་སྔར་བརྗོད་པའི་ཕྱིར་རོ།། དེ ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ཞེས་པ་ལ་སོགས་པ་གསུངས་སོ།། རང་གི་རིགས་ཀྱི་ཕྱག་རྒྱ་སྤྱན་མ་ལ་སོགས་པ་རྣམསོ།། སེམས་ཀྱི་རྒྱུན་ནི་འོད་ཟེར་གྱི་ངོ་བོའོ།། ཐུགས་སུ་བྱོན་པ་ནི་དགའ་བའོ།། འཇམ་དཔལ་དང་མཚུངས ་པ་ནི། ཁ་དོག་དང་གཟི་བརྗིད་དང་ལྡན་པས་འགྲོ་བ་ཐམས་ཅད་དགའ་བ་ཉིད་ལ་སོགས་པ་རྣམས་ཀྱིས་དེ་དང་མཚུངས་པའོ།། དེའི་ཕྱིར་གནས་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། འདིས་འདི་རྒྱལ་པོ་ཉིད་དུ ་གསུངས་སོ།། རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྔར་བཞིན་དུ་སྤྲོས་པ་དང་བསྡུས་པའོ།། བལྟས་ཙམ་གྱི་ཞེས་པ་ནི་དགའ་སྟོན་ཆེན་པོའི་རབ་ཏུ་སྦྱོར་བའོ།། བཞག་པའི་ཞེས་པ་ནི་སྔར་རོ།། ་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས་ཞེས་པ་ནི་ཤིན་ཏུ་གནག་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་དང་མཚན་མ་ཡོངསུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་ཡོངསུ་གྱུར་པ་ཡང ་དེའི་འོག་ཏུ་རང་གི་ལུས་འབྱུང་སྟེ། ན་མཁའི་རྡོ་རྗེ་སྲིན་བུ་ལ་སོགས་པ་རྣམས་ཀྱིས་ཡོངསུ་གང་བར་བྱའོ་ཞེས་སྦྲེལ་ལོ།། མའི་དཀྱིལ་འཁོར་ལ་གནས་པ་ནི་མདུན་དུ་གནས་པའོ།། ཁ་སྦྱར་ཕྱེ་བ་ཞེས་པ་ནི་སྔར ་བཤད་པའོ།། བསམས་ནས་ནི་ཡང་དག་པར་མཚན་ནསོ།། སངས་རྒྱས་ཀྱི་ཐེག་པ་པ་ནི། ཐེག་པ་ཆེན་པོ་ལ་ལྷག་པར་མོས་པའོ།། ལས་དང་པོ་པ་ནི་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའོ།། གཞན་ཡང་སྡེར ་བཤད་པུ་ཞེས་པ་ནི། སྔར་མདོར་བསྡུས་ཏེ་མངོན་པར་བརྗོད་པ་ལ་བལྟོས་པའོ།། ངེས་པར་བཤད་པའི་ལས་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་པ་ནི། འཆད་པར་འགྱུར་བའི་བྱམས་པ་ལ་སོགས་པ་ཞེས་པའི་མཐར ་ཐུག་པའི་རྗེསུ་འཇུག་པར་བྱའོ།། རྒྱུ་དེ་འདིར་མ་གསུངས་པའི་སྒྲུབ་ཐབས་རྣམས་དང་རྒྱུད་གཞན་དུ་གསུངས་པ་རྣམས་བརྗོད་པའི་ལས་དང་འབྲེལ་པར་བསྟན་པར་བྱ་བའི་ཕྱིར་སྔགས་རྣམས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམསོ།། དེ་ལས་བྱུང་བ་ཞེས་པ་ནི། དེ་ཉིད་ཀྱི་ཕྱིར་འོད་གསལ་བའི་རང་བཞིན་ནོ།། གསལ་བ་ནི་ས་ལ་སོགས་པོའི་ཁམས་རྣམས་ཤིན་ཏུ་འཁྲུག་པ་ཉིད་ཀྱི་ཕྱིར་རོ།། ། ་དཀྱིལ་འཁོར་ཞེས་པ་ནི་འགྲོ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། དེ་ས་བོན་ལ་སོགས་པ་ལས་རྫོགས་པར་སྤྲོ་བར་བྱ་བ་ནི་སྙིང་ཀ་ནས་ཕྱི་རོལ་ཏུ་སྤྲོ་བར་བྱའོ།། གསུང་གི་རྡོ་རྗེའི་ཏིང་འཛིན་གྱི་འོག་ཏུ་རིན་ཆེན་དང་དོན་ཡང་དག་གི་རྫོགས ་པའི་རིམ་པས་བསྐྱེད་པར་རྟོགས་པར་བྱའོ།། ཉི་མའི་དཀྱིལ་འཁོར་ནི་ཉེ་བར་མཚོན་པ་སྟེ་ཞེས་པ་སྣང་བ་མཚད་པའི་བརྡ་ཉིད་ཡིན་པའི་ཕྱིར་རོ།། ཉི་མ་ནི་ཉེ་བར་མཚོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བརྗོད་དོ།། ཉེ་བར་མཚོན་པ་བྱེད་པ་ཉིད་ཀྱང ་ཁྲོ་བོ་བསྐྱེད་པའི་སྐབས་ཡིན་པའི་ཕྱིར་རོ།། སྣང་བ་དང་སྣང་བ་ཉེ་བར་ཐོབ་པ་དག་མི་འདྲེས་པ་ལས་རིམ་པ་དང་པོར་རྣལ་འབྱོར་གསུངས་པའི་ཚུལ་གྱིས་འཁོར་ལོའི་འོད་ཟེར་ཞེས་པ་འཁོར་ལོའི་དངོས་གྲུབ་ནི་འཁོར་ལོའི་ཚིགས་ཏེ། ་གང་དུ་འཁོར་ལོ་དེ་གཙུག་ཏོར་འཁོར་ལོས་སྒྱུར་བའོ།། འཁོར་ལོ་ཡང་དེ་ཡིན་ལ། འོད་ཟེར་གྱིས་འཁྱུད་པའི་ལུས་ཀྱང་དེ་ཡིན་པ་དེ་སྲིད་དུ་གང་ཡིན་པའོ།། ཡང་ན་མི་བསྐྱོད་པའི་རིགས་ཉིད་ཀྱིས་ཕྱག་གཡས་ཀྱི་དང་པོས་རྡོ་རྗེའི་གན ་སུ་གཙུག་ཏོར་འཛིན་པ་གཡས་ཀྱི་གཉིས་པ་འི་ཕྱག་ཏུ་འཁོར་ལོའི་མཚན་མ་འཛིན་པ་དེ་དང་དེ་ལ་འོད་ཀྱིས་འཁྱུད་པའི་ལུས་སོ།། སྒྲུབ་པའི་ཐབས་ནཱི། ཡིག་མཁན་གྱིས་ཉེས་པས་འཁོར་ལོ་དང་གླེགས་བམ་ཁ་ཅིག་ཏུ་རྡོ་རྗེ ་ཞེས་བལྟ་བར་བྱ་སྟེ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་ཕྱག་གཡས་ཀྱི་དང་པོས་འཁོར་ལོ་སེར་པོ་འཛིན་པའོ་ཞེས་པ་ནི། སྒྲུབ་པའི་ཐབས་ཀྱིས་ཚུལ་མ་ཡིན་པར་བལྟ་བར་བྱ་སྟེ། རྣམ་པར་སྣང་མཛད་ཀྱང ་འདིར་དཀར་པོ་སྟེ་འཁོར་ལོ་དཀར་པོ་འཆུང་བའོ།། སྤྲིན་གྱི་མདོག་ཅེས་པ་ནི་སྤྲིན་ནག་པོའི་ཁ་དོག་གོ།། དེ་ཉིད་ཅེས་པ་ནི། རྣམ་པ་གཉིས་པོ་ཉིད་ཀྱིས་སོ།། གསོད་པ་ལ་སོགས་པ་ཞེས་པ་ནི། སོགས་པའི། ་སྒྲ་ལ་རེངས་པ་ལྔ་སོགས་པ་བཟུང་ངོ་།། བཀའ་ནི་རྡོ་རྗེ་འཆང་གི་བསྐུལ་བ་ལས་སོ།། དེའི་དོན་གྱི་འཁོར་ལོ་ནི་ལྷའི་འཁོར་ལོའོ།། དེ་གསུངས་པའི་རིམ་པས་དམིགས་པའི་ཕྱིརརོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྫོགས ་པའི་རིམ་པའི་ཏིང་ངེ་འཛིན་ཉེ་བར་སྡུད་པར་བྱེད་པའོ།། ། ལེའུ་བཅུ་གསུམ་པར་སྔགས་ལ་མ་བལྟོས་པའི་ཞི་བ་ལ་སོགས་པའི་ལས་མངོན་པར་བརྗོད་ནས། ད་ནི་ཞེས་བྱ་བྲེ་ལ་སོགས་པ་གསུངས་ཏེ། གསུངས ་ཏེ་ཞེས་བྱ་བ་ནི། རྣམ་པར་བཤད་པ་ནི་ཉེ་བར་འགྲོ་བའོ།། བཤད་པའི་རྒྱུད་ཅེས་པ་ནི་རྡོ་རྗེ་ཕྲེང་བར་མངོན་པར་བརྗོད་པ་ལ་སོགས་པ་མཚོན་པའོ།། བྱང་དུ་ཁ་བལྟས་ཞེས་པ་ནི། འདིར་སངས་རྒྱས་ལ་ཞེས་པ་འདི་དང་སྦྲེལ ་ལོ།། ཤར་དུ་ཁ་བལྟས་ཞེས་པ་ནི་འདིར་ཞི་བ་ཞེས་པ་འདིའོ།། ཀླུའི་བློ་ས་མཛད་པའི་སྦྱིན་སྲེག་གི་ཆོ་གར་ཡང་གསུངས་པ། ཟླ་བ་ཉ་བ་བྱུང་དུ་བལྟོ།། བཟང་པོའི་སྟན་ལ་གནས་ན་སྣ་བརྩམ།། རྒྱས་པ་སེར་པོའི་གོས ་ལ་སོགས།། ཉི་མ་སྔ་དྲོ་རྒྱས་པ་བརྩམ།། ཞི་བ་དཀར་པོའི་གོས་ལྀ་སོགས།། དཀར་པོ་ཉི་མའི་དང་པོར་བརྩམ།། སྲོང་ལ་ཤར་དུ་ཁ་བལྟས་གྱུར།། འཇམ་པའི་སྟན་ལ་གནས་ནས་ནི།། སྒྲུབ་པོ་ལས་དང་རྗེས་མཐུན ་པསྡུ།། བྱམས་དང་སྙིང་རྗེ་ལྡན་བསམས་ནས།། ལས་ཀྱི་རྗེས་མཐུན་རྣལ་འབྱོར་གྱིས།། ཞི་ལ་བྱམས་པས་ཀུན་ཏུ་དཔྱད་ཞེས་སོ།། ཕྲ་བ་ནི་རང་རང་གི་བདག་ཉིད་ཅན་ནོ།། བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས ་པ་ནི་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པའོ།། གྲོལ་བ་ནི་བསྐྱེད་པ་ཡོང་སུཾ་ཤེས་པའོ།། སྔ་གས་རྣམས་ནི་འོཕྲེང་བར་བགྲང་བའི་སྦྲུལ་ལ་སོགས་པ་རྣམསོ།། སྒྲུབ་ལ་དངོས་གྲུབ་ཡིན་ཞེས་པོ་ལ་སོགས་པ་ནས ་འགྱུར་རོ་ཞེས་པ་ལྷག་པར་གནས་པའོ།། གཟུང་མཱིན་ཞེས་པ་ནི་ལྗང་གུ་ཉིད་དང་རིང་པོ་ཉིད་ལ་སོགས་པསོ།། ཡང་ན་གྲང་བ་ལ་སོགས་པའི་རེག་བྱ་རིགས་པར་བྱེད་པ་ཉིད་ཀྱིས་རྗེ་སུ་དཔག་པར་བྱའི་མཐར་ཐུག་པའོ།། ་སེམས་འཛིན་པར་བྱེད་དོ་ཞེས་པས་སེམས་ཀྱི་དབྱིངསོ།། རླུང་ལ་ཡིད་ཕེབས་པའི་གནས་སྐབས་ནི་དེ་བཞིན་གཤེགས་པའོ།། ཇི་ལྟར་ཞེས་པ་ལ་སོགས་པ་ནི་སེམས་ཅན་གྱི་སྙིང་ལ་གནས་པའི་དཔེར་བརྗོད་པའོ།། དབང ་ཆེན་གྱི་དཀྱིལ་འཁོར་ཞེས་པ་ནི། འདིར་ལྟེ་བའི་པདྨར་གནས་པ་ཞེས་འཆད་པར་འགྱུར་བ་འདིར་སྦྱར་བར་བྱའོ།། རླུང་གི་དཀྱིལ་འཁོར་ཞེས་པ་ནི་འདིར་བརྗོད་པའི་བཤང་སྒོའི་པདྨ་རི་གནས་པ་ཞེས་པའོ།། སྒྲུབ་པའི་ཐབསུ་གསུངས ་པ་ཡང་། ལྟེ་བར་སླའོ།། རྐང་པ་གཉིས་ལ་ཧ་དགོས་ཞེསོ།། རྡོ་རྗེ་འཆང་ཆེན་པོ་ནི། དྲུག་པའོ།། སྒྲུབ་པོ་པོ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམ་སོ།། སྦྲུལ་ལྟ་བུ་ནི་སྦྲུལ་ལོ།། ཨོཾ་གྱི་ཡི་གེ་གདེངས་ཀའི་རྣམ་པར་དང་པོར་ཡོང ་པའི་ཕྱིར་དང་། ཐ་མར་གཤོལ་གྱི་རྣམ་པར་སྭཱ་ཧཱ།། ཞེས་པ་འདི་དག་ཏུ་བརྗོད་པ་བསོད་ནམས་རབ་ཏུ་འབྱུང་ངོ་ཞེས་པས་བསོད་ནམས་ལེན་པའོ།། རུ་རུ་ཞེས་པ་ལྷ་ལ་རེངས་པས ་ཕྱག་འཚལ་བའོ།། སྤུ་རུ་ཞེས་པ་བསྔགས་པས་གྱུར་པ་སྟེ་གསལ་བར་བྱེད་པ་ནི་ཞི་བའི་དོན་རབ་ཏུ་གསལ་བར་བྱེད་པ་སྟེ་ནད་ཀྱི་གཟུགས་རྔུ་སྲེག་པར་བྱེད་པའི་དོན་ནི་གཟི་བརྗིད་དང་ལྡན་པར་མཛོད་ཅིག། བདག ་གི་ཞེས་པ་ནི་སྒྲུབ་པ་པོའོ།། རེ་བ་ནི་དོན་དུ་གཉེར་བའི་ལས་སྒྲུབ་པའོ།། ཐོ་གས་པ་མེད་པའི་སྤྱན་ནི་སྒྲུབ་པ་པོ་དང་བསྒྲུབ་བྱ་དང་། སྒྲུབ་པ་རྣམས་ལ་ཐམས་ཅད་རྗེསུ་སྒྲུབ་པར་བྱེད་པའི་ཞི་བའི་ལས་ཙམ་ནི་སྤྱན་ནོ།། ་ཐུགས་ལས་བྱུང་བ་ནི་སྔགས་ཀྱི་ཡི་གེར་གྱུར་པ་དེ་ཟླ་བའི་ཆ་ཤཱས་རྫོགས་པའི་ཁྱིམ་དེར་བསྟན་པ་རཱ་བསམ་པར་བྱ་ཞིང་ཤེས་པར་བྱའོ།། མཉེས་པ་ནི་ཤི་བ་ལས་འདས་པ་ཉིད་དུ་སྒྲུབ་པ་ལའོ།། སེམ་ས ་གཅིག་པ་ཉིད་ནི་དགྱེས་པའི་མཚན་ཉིད་དོ།། བསྐུལ་བ་ནི་པུཥྚི་ཀུརྦ་ཏི་ཞེས་བྱ་བ་ལ་སོགས་པའོ།། ཁཾ་དོག་ནི་སེར་པོ་ལ་སོགས་པའོ།། བསམ་པ་ནི་རྒྱས་པའི་སེམས་ལ་སོགས་པའོ།། བ་སོས་པར་བྱེད་པ་ཞེས ་པ་ནི། རྟོག་པར་གསུངས་པའི་རིམ་པསོ།། གཞན་དུ་ཡང་བཤད་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་གཤིན་པོའི་སྙིང་གར་དེའི་མིང་ཡིག་དང་ནམ་ཁར་ཨ་ཁ་དོག ་དམར་པོ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཡང་དག་པར་བཀོད་ནས་པདྨ་ཟུམ་པ་དེ་ཉིད་དུ་སྤྱན་མའི་སྔགས་ཀྱིས་ཡོངསུ་བསྐོར་བར་བྱས་ནས་སྦྲུལ་གྱི་ཞགས་པས་བཅིང་བར་བྱའོ།། དེའི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས ་མངོན་པར་དབྱུང་བསྐུར་ཞིང་སྤྱན་མའི་སྔགས་ཀྱང་ཟླས་པས་ཁྱད་པར་དུ་འཆིལ་བར་བྱེད་དོ།། བཽ་སྐུལ་བར་བྱེད་དོ་ནི། རབ་ཏུ་སད་བར་བྱེད་དོ།། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་གོ་འཕང་ངོ་།། སྐུ་གསུམ ་དམ་ཚིག་ནི་རྡོ་རྗེ་འཚང་ཆེན་པོའོ།། དེ་ཉིད་ཁྲོ་བར་བྱེད་དོ་ཞེས་པས་ཁྲོ་བོ་སྟེ་མི་བསྐྱོད་པའོ།། གང་ཡིན་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། དྭེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། བཅོམ་ལྡན་འདས་ཞེས་པ་ནི་མི་བསྐྱོད་པའི ་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྡོ་རྗེ་འཆང་ཆེན་པོའོ།། དངོས་པོ་ནི་བགེགས་རྣམས་སོ་ཞེས་པ་ནི། སྒྲུབ་པ་པོའི་ཡིད་ལ་རྣམ་པར་འཚེ་བར་བྱེད་པའི་དོན་དུ་འབྱུང་པོའོ།། ཞེས་བྱ་བ་ནསོ།། འདྲའ་བར་བྱ་བ་མ་ཡིན་པ ་ནི་ཡིད་ཀྱིའོ།། བརྟན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ།། བཙུན་མོའི་མཆོག་ལྟ་བུར་ནི། ལྔ་པོ་རྣམས་ཤེས་པའོ།། གཟུངས་ཐམས་ཅད་ཀྱི་ཞེས་པ་ནི་རྡོ་རྗེའི་རིགས་དང་འབྲེལ་བ་རྣམས་ཀྱིའོ།། ཨོཾ་གྱི་དོན་ནི་བཤད་ཟིན་ནོ་ཞེས ་བ་ནི། སྤྱན་མའི་སྔགས་སུའོ།། གྷུ་རཱིནྡ་ཞེས་པའི་ཚིག་གཉིས་ནི་བོད་པ་ལའོ།། གྷེ་ཊ་གྷུ་ཊ་ཡ་ཞེས་པའི་ཚིག་གཉིས་ནི་བོད་པ་ལའོ།། མི་ཕྱེད་པ་ནི་མཚུངས་པ་སྟེ། བསྒྲུབ་པར་བྱ་ཡང་རྡོ་རྗེ་གསུམ་གྱི་བདག ་ཉིད་ཅན་ཉིད་དམིགས་པའི་ཕྱིར་རོ།། མི་བསྐྱོད་པ་རྗེསུ་དྲན་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངསུ་གྱུར་པས་མི་བསྐྱོད་པ་ལ་དམིགས་ནས་སྔགས་བརྗོད་པས་སྲུང་བའི་རབ་ཏུ་སྦྱོར་བ་བྱའོ།། ཞེས་མངོན ་པར་དགོངསོ།། སྲུད་པ་ཞེས་བྱ་བ་ལ་སོགས་པས་སྐྱོང་བའི་སྦྱོར་བ་དང་པོ་ལ་བལྟོས་ནས། འདྲི་ཆེན་པོ་ཉིད་དུ་སྟོན་པར་བྱེད་དོ།། རྟག་ཏུ་ཞེས་བྱ་བ་ལ་སོགས་པས་མངོན་པར་བརྗོད་པ་ཞིན་པོའི་བསྲུང་བའི་སྦྱོར ་བའོ།། སྐུ་གསུམ་དངོས་གྲུབ་བྱེད་པ་ཞེས་པ་ནི། ཆོས་ལ་སོགས་པའི་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར། སྐུ་གསུམ་ནི་མི་བསྐྱེད་པ་འོམ་བསྒྲུབ་བྱའི་ལུསོ།། དེ་སྲུང་བ་སྐྱེད་པར་བྱེད་པའོ།། དེ་འབའ་ཞི་ག ་ཏུ་མ་ཟད་ཀྱི་ནད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེདདོ་ཞེས། གཞན་ཡང་ཞེས་བྱ་བ་ལ་སོགས་པོ་གསུངས་སོ།། རིན་པོ་ཆེའི་རིགས་རྣམ་ས་ཀྱི་ཡང་ཞེས་བྱ་བ་འདིས། རྒྱས་པ་ལ་ཡང་སྔར ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་དང་འབྲེལ་བར་སྟོན་པར་བྱེད་དོ།། པདྨའི་རིགས་ཅན་གྱི་ལྷ་མོ་ནི་ཁྲོ་གཉེར་ཅན་ལ་སོགས་པ་རྣམསོ།། བཙུན་མོའི་མཆོག་ཅེས་པ་འདིའི་དོན་ཁྱད་པར་དུ་ཞེས་པ་ལ་སོགས་པ ་གསུངས་སོ།། བསམ་གཏན་ནི་འོད་དཔག་མེད་ལ་དམིགས་པའོ།། ནོར་ཆེན་པོ་ནི་གསེར་ལ་སོགས་པའོ།། འབྲུ་ནི་ཡུངས་ཀར་ལ་སོགས་པའོ།། འཕེལ་བར་བྱེད་པ་ནི་སོར་མོ་བཟང་མོ་སྟེ། སྤྱན་མ་ལ་གསུངས་པ་བཞིན།། ་རིན་པོ་ཆེ་བརྒྱད་ཀྱི་བུམ་པས་རིན་པོ་ཆེ་དང་འདྲེས་པ་པ་འབྱིན་པར་བྱེད་པ་བསམ་པར་བྱའོ།། སྔགས་ཀྱི་པུཥྚིཾ་ཀུརྦཾ་ཏི་ཞེས་སྦྱར་བར་བྱའོ།། གསེར་དང་དངུལ་གྱི་ཡི་གེ་ཕྱུང་ནས་བསྒྲུབ་བྱ་ལྔ་མངོན་པར་དབང་བསྐུར་ཞིང་རྒྱལ་བར ་བྱའོ།། སྟོནྡྲ་པ་ཙམ་གྱིས་ནི་ཆོ་གཱ་ཇི་ལྟ་བའི་ཚུལ་དུ་སྔོགས་བརྗོད་པས། འགྲུབ་པར་འགྱུར་བར་ནི་རྟོག་པར་གསུངས་པའི་རིམ་པས་ནི་དངོས་གྲུབ་བྱེད་པར་འགྱུར་རོ།། འདི་ནཱི་ཞེས་པ་སྔགས་ཀྱི་བདག་ཉིད་ཅན ་གྱི་གཟུགསོ།། སྐྱེས་བུ་གཙོ་བོ་ནི་བློན་པོའོ།། སྙིང་སྲ་བ་ནི་ཤིན་ཏུ་དམའ་བ་མ་ཡིན་པའི་སེམསོ།། རྣམ་པ་ཐམས་ཅད་དུ་ནི་ནོར་དྲང་འཁོར་ལ་སོགས་པསོ།། འདི་རུ་སྔགས་ཀྱི་ཡི་གེ་དམར་པོ་ཕྱུང་ནས་ཞེས་བྱ་བ ་ལ་སོགས་པ་བརྗོད་པར་བྱའོ།། རྡོ་རྗེ་འཆང་གི་གསུངསོ་ཞེས་པ་ནི། སྡུད་པར་བྱེད་པའི་ཚིག་གོ།། ནུ་མཿཞེས་བྱ་བ་ལ་སྩོགས་པའི་སྔགས་ཀྱི་ཚིག་བསྟན་པར་བྱ་བའི་ཕྱིར་སྔགས་ཞེས་བྱ་བ་ལ་སྩོགས་པ་གསུངས ་ཏེསྔགས་ཀྱི་བདག་ཉིད་ཅན་སྔགས་ནི་ལྷར་ངེས་པར་བརྗོད་པར་བྱའོ། ཞེས་མངོན་པར་བརྗོད་པའི་ཕྱིར་རོ།། འཁྲུས་པ་ནི་གཡོས་པའོ།། གདུལ་བ་ཉིད་དུ་ཞེས་པ་ནི་འདུལ་བའི་དོན་དུ་དགུག་པ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ ་འཆང་ཆེན་པོ་རྗེསུ་དྲན་པ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཡོངསུ་གྱུར་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འདིར་ལས་ཀྱི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ།། མིང་གི་ཡི་གེ་ཞེས་པ་ནི། བུད་མེད་དེའི ་རྣམ་པར་ཤེས་པ་དཀུག་པར་བསྒོམ་པར་གསུངསོ།། གཤིན་རྗེ་གཤེད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ལུས་ནི་གོང་བུའོ།། དེ་ཉིད་ཀྱི་ཕྱིར་རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྦྱོར་བ་འདིར ་བྱའོ།། རྐང་པ་དཀུག་པ་འམ་གུང་བུ་དགུག་པར་བྱིང་པའོ།། རྣམ་པར་སྣང་མཛད་ཅེས་པ་ནི། རྣམ་པ་སྣ་ཚོགས་པའི་རྣམ་པས་སྣང་བར་བྱ་ཞིང་གསལ་བར་བྱའོ་ཞེས་པས་རྣམ་པར་སྣང་མཛད་དེ། དྲུག་པ་རྡོ་རྗེ་འཆང ་ཆེན་པོའོ།། ཕྱག་རྒྱ་ཆེན་པོའི་གཟུགས་ནི་དོན་ཡོད་པའི་སྐུའོ་དེ་དང་ཞེས་བྱ་བ་ལ་སོགས་པས་དོན་ཡོད་པའི་ཏིངེ་འཛིན་ལ་སྙོམས་པར་བཞུགས་པས་བདུད་རྩི་འཁྱིལ་པའི་སྔགས་གསུངས་པར་འགྱུར་རོ་ཞེས་སྟོན་པར ་བྱེད་དོ།། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། མཐུ་ཕུལ་དུ་བྱུང་བ་ཞེས་པའི་བསམ་པ་མཆོག་གོ། འདིར་ཞེས་བྱ་བ་ལ་སོགས་པ་ལ། བསྒྲུབ་པར་བྱ་བ་ནི་བསམ་པར་བྱ་བའོ།། འབར་བར་བྱའོ་ཞེས་པ་ནི་ཉལ ་བའི་ཁམས་ལ་སོགས་པ་རྣམས་ལས་རབ་ཏུ་སད་པར་བྱའོ།། གོས་ཀྱིས་ཀྱང་བྱ་བས་པས་འོང་བར་འགྱུར་རོ།། ཟླ་བའི་སྟེང་དུ་ཞེས་པ་ནི་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་ངུའོ།། ཞེས་རྟོག་པར་བྱའོ།། ལག ་པའི་སོར་ཚིགས་རྣམས་ལ་ཞེས་པ་ནི་ལག་པ་གཡསོ་པའི་མཐེ་ཆུང་ལ་སོགས་པའི་སོར་མོའི་ཚིགས་རྣམས་ལ་ཨོཾ་ཞེས་པ་ལ་སོགས་པ་རྣམས་དཀར་པོ་ཉི་བསམ་པར་བྱའོ།། འོད་ཟེར་དཀར་པོ་རྣམས ་ཀྱིས་ཞེས་པ་ནི་ཡི་གེ་ཧཾ་གྱི་ཞེས་མངོན་པར་དགོངས་སོ།། དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ནི་འབྱུང་བ་དེ་ཉིད་དོ།། འབྱུང་བ་ཞེས་པ་ནི་དབྱུག་པ་སྔོན་པོའོ།། འདི་ལས་ཞེས་པ་འབྱུང་བའོ།། དེ་ཉིད་ཀྱི་ཕྱིར་དཔལ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་སྐྱེད་ནས་དབྱུག་པ་སྔོན་པོའི་སྔགས་བརྗོད་པར་བྱའོ་ཞེས་མངོན་པར་དགོང་སྔོ།། འཁོར་དང་བཅས་པས་ལྷུང་བར་བྱས་པ་ནི་སྤྲུལ་པའི་འཁོར་ལོ་སོ།། གླང་འདོད་པའི ་ཞེས་པ་ནི་སྒྲུབ་པ་པོའི་ཞེས་པ་ལྷག་མའོ།། དེའི་ཡོང་ཞེས་པ་ནི་བསྒྲུབ་བྱའི་གཟུགས་བརྙན་ནོ།། ཆུ་བོའི་ངོས་གཉིས་ཞེས་པ་ནི་རྒྱ་མཚོ་འབབ་པའི་ཆུ་ཀླུང་གྱིའོ།། གྲོག་མཁ་ར་ཞེས་པ་ནི་གཞན་ས་ཡཱིའོ།། བདུད ་རྩི་ལྔ་ནི་བཤ་ད་བ་ལ་སོགས་པའོ།། རྐང་པ་གཡོན་པ་ཡང་དག་པ་བསྐུམ་བྱས་སོ།། སྤྲིན་གྱི་དཔལ་ནི་སྤྲིན་ནག་པོའི་ཚོགས་ཀྱིས་གཟུགས་ཕུན་སུམ་ཚོགས་པའོ།། དེ་ཡང་ཆར་ཆད་པ་ནི་ཆར་བའི་བགེག་སོ།། པདྨ ་འདབ་མ་བརྒྱད་དང་ལྡན་པ་རྣམས་ལ་ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་སེ་ར་པོ།། ལྷོ་རུ་པདྨ་དཀར་པོ།། ནུབ་ཏུ་སྟོབས་ཀྱི་རྒྱུ་དམར་པོ།། བྱང་དུ་འཇོག་པོ་ནག་པོ།། མེར་པདྨ་ཆེན་པོ་སྔོ་བསངས།། བདེན་བྲལ་དུ། སྐྱའོ།། རླུང ་དུ་རིགས་ལྡན་དཀར་པོ།། དབང་ལྡན་དུ་དུང་སྐྱོང་སེར་པོའོ།། དགུག་པ་སྔོན་དུ་འགྲོ་བས་ཞེས་པ་ནི། ཀླུའི་རྣམ་པར་ཤེས་པ་རྣམས་གཞུག་པ་སྔོན་དུ་འགྲོ་བས་སོ།། གཟུགས་བརྙན་གྱི་སྙིང་གའི་ནི་མཐའ་ཡས་ཀྱིས་ཞེས ་རྟོགས་པར་བྱའོ།། ཆུ་བོའི་ངོགས་གཉིས་ཀྱི་ཞེས་པ་ནི་སྔ་མ་བཞིན་ནོ།། དེ་བཞིན་གཤེགས་པ་ནི་གདུལ་དཀའ་བ་ཉིད་ཀྱི་དངོས་པོ་རྟོགས་པའི་ཕྱིར་རམ། གདུལ་དཀའ་བ་ཤེས་པ་ཉིད་ཡིན་པའི་ཕྱིར ་དེ་བཞིན་གཤེགས་པའོ།། ཊཀྲཱི་ཞེས་པ་ནི་འདིར། བསྔགས་པར་རྟོགས་པའོ།། བདག་ཉིད་ཆེར་སྐྱེས་ཞེས་པ་རྣམ་པཱ་སྣ་ཚོགས་པའི་རྣམ་པས་བཱདྲ་གཱ་ཤྀང་ལས་སྐྱེས་པ་ཉིད་དེ་ཆེན་པོ་དང་ཡཱིངྒ་ལྔ་བདག་ཉིད་ལས་སྐྱེས་པའང་ཡིན་ནོ་ཞེས ་པའོ།། དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། རྡོ་རྗེ་ལྕགས་ཀྱུ་ཞེས་པ་ནི་བཅིག་གི་བྲིས་ལོ་རྡོ་རྗེ་ལྕགས་ཀྱུ་བྱིན་གྱིས་བརླབས་པསོ།། ཏི་ཎི་ཏཱི་ཎཱི་ཞེས་པ་ནི་བསྐུལ་བའི་ཕྱིར་བཟླས་ཏེ་བརྗོད་པའོ།། རྣོན་པོའི་སྒྲ་ནི་ཟད ་པ་སྦྱིན་པ་ལས་ཐོབ་པ་ནི་ངེས་པའི་ཚིག་གི་ཆོ་གའི་ཚུལ་ལོ།། ཐོབ་པ་ཞེས་པ་ནི་སོ་སོར་མཐར་ཐུག་པར་ཞེས་པ་ལྷག་མའོ།། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། གྲྀ་གའི་འདབ་མ་ལ་སོགས་པ་ལ་ཞེས་པའི་སོ་གས ་པའི་སྒྲ་ལས་ལའ་འདབ་མ་ལ་སོགས་པ་དང་རས་ལ་སོགས་པ་ལ་ཞེས་པའི་སོགས་པའི་སྒྲ་ལ་ཏ་ལའི་འདབ་མ་ལ་སོགས་པ་དང་རས་ལ་སོགས་པ་གཟུང་ངོ་།། གི་ཧཾ་ལ་སོགས་པ་ཞེས་པ་འདིར་ཡང་གུར་གུ ་ལ་སོགས་པས་སོ།། མིང་གི་མཚན་པ་ནི་བསྒྲུབ་པར་བྱ་བའི་མིང་གིས་མཚན་པའོ།། རྣམ་པར་ཤེས་པ་དགུག་པ་སྔོན་དུ་འགྲོ་བ་རྡོ་རྗེ་ལྕགས་ཀྱུ་ཞེས་པ་ལ་སོགས་པ་ལ་སྔ་མ་བཞིན་ནོ་དམ་ཚིག་ཅེས་པ་ལ་སོགས ་པ་ལ་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ལ་སོགས་པ་ལྔ། འདྲིར་རྡོ་རྗེ་འཆད་ཆེན་པོ་ནི་བྱེད་པ་པོའོ།། རྡོ་རྗེ་འཛིན་ཐམས་ཅད་ནི། དེ་བཞིན་གཤེགས་པ་ལ་སོགས་པ་ནས་ཁྲོ་བོའི་མཐར་ཐུག་པའོ།། གང་ཡིན་པ ་ཞེས་པ་ནི་དྲུག་པའོ།། འདུལ་བསྟ་ན་ཞེས་པ་ནི་འཇོམས་པར་བྱེད་པའི་ཕྱིར་ཏེ། བུཾ་དཀྵནྟེ་ཞེས་པ་འདིར་བྱིངས་ལའོ།། ངེས་པའི་ཚིག་གི་ཆོ་གས་སུམྦྷའོ།། ཁྲོ་བོའི་ཆེན་པོ་ནི་སྔགས་ཀྱི་བདག་ཉིད་དོ།། འཁོར་རྣམས་ཞེས ་བ་ནི་སྔ་མ་བཞིན་ནོ།། བསྐུལ་བ་ནི་དེད་བར་བྱེད་པའོ།། སྔགསུ་གླགས་པ་ནི་སྔགས་རྣམས་ཐམས་ཅད་ཟློས་པའི་དུས་སུ་དྲན་པར་བྱེད་པའི་དོན་ནོ།། རང་གི་ཡེ་ཤེས་སེམས་དཔའ་འགུག་པར་བྱེད་དོ་ཞེས་པ་ལྷག་མྱའོ།། ་ཞབས་ནི་འགུག་པར་བྱང་བའི་རྟེན་ཡིན་པའི་ཕྱིར་རོ།། མནན་པ་ནི་བསྐོར་བའོ་ཞེས་པ་ཡེ་ཤེས་སེམས་དཔའ་བཅིངས་པའི་དོན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་ངོ་བོའོ།། ནང་ལ་མཆོག ་ཏུ་གཞོལ་བ་ནི། རྫོགས་པའི་རིམ་པ་ལ་གནས་པའོ།། སློབ་བཞིན་པ་ནི་སྔགས་ལས་མཆོག་ཏུ་གཞོལ་བའོ།། ཚིག་ཏུ་བརྗོད་པ་ནི་རྡོ་རྗེ་འཆང་ཆེན་པོའི་གསུང་ངོ་།། གཞན་དུ་མི་འགྱུར་པ་ཉིད་ནི་མངོན་པར་བརྗོད་བྱ་ལས ་འཁྲུལ་པ་མེད་པའི་ཕྱིར་རོ།། བསྒྲུབ་པར་དཀའ་བ་ནི། འགུག་དཀའ་བ་འགུགས་པའོ།། ཞགས་པ་ལ་སོགས་པའི་རྣམ་པས་ཞེས་པ་ནི། ཞགས་པའི་རྣམ་པས་བཅིང་བའོ།། རྡོ་རྗེ་ལྕགས་ཀྱུའི་རྣམ་པས་དགུག་པའོ།། ་འཛིན་ཞེས་པ་ནི་སྒྲུབ་པ་པོ་ངེས་པར་འཚོ་བར་བྱེད་པ་འཛིན་པའི་ཕྱིར་རོ།། གཞུག་པ་ཞུས་པ་ནི་སྒྲུབ་པ་པོའི་ལུས་ཀྱི་ནང་དུ་ཞེས་པའི་དོན། དམ་པ་ཞེས་པ་ནི་སྔར་གསུངས་པ་ལ་བལྟོས་པས་སོ།། ་སངས་རྒྱས་ནི་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་རོ།། ཡང་དང་ཡང་དུ་སྟོན་པ་པོ་ཉིད་ཡིན་པའི་ཕྱིར་གསུང་གི་ཚོགསོ།། དེའི་སྦྱོར་བསྟྲ་བརྡྷནཱ་པ་ནི་རྟག་ཏུ་ཡོད་པ་ཉིད་དོ།། བསྟན་དེའི་དབང་དུ་བྱས་ནས་ཆེན་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོ་ནཱི་མི་བསྐྱོད་པའོ།། ཐུགས་ནི་བསྒྲུབ་བྱའི་སམཱ་སྟྭ~ཾ།། རྡོ་རྗེ་ལྕགས་ཀྱུ་ནི་འོད་ཟེར་གྱི་དོ་བློའོ།། རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ་ནི་བསྒྲུབ་པར་བྱ་བ་ཡང་གནས་གང་ཡིན ་པ་སྟེ། དཀྱིལ་འཁོར་གྱི་རྣམ་པ་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། ཐུགས་རྡོ་རྗེ་ནི་ཐུགས་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་རོ།། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཡེ་ཤེས་སེམས ་དཔའི་དབང་དུ་བྱས་ནས་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་ནོ།། རིན་ཆེན་དང་དོན་ཡོང་དག་གིའང་འདིར་བྱའོ་ཞེས་མངོན་པར་བརྟག་པར་བྱའོ།། གང་དང་གང་གྱི་མཚན་མ་ཡིན་པ་དེ་དང ་དེ་ནི་རང་གི་མཚན་མར་འགྱུར་རོ།། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་ནི་མི་བསྐྱོད་པའི་རྣལ་འབྱོར་པའོ།། བསྒོམས་ནས་ཞེས་པ་ནི། བ་ཀུག་པའི་ངོས་རྣམས་སུའོ།། རླུང་གི་ཞེས་པ་ནི། སྣ་ཚོགས་རྡོ་རྗེའི་འོག་ཏུ་གནས ་པའོ།། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཡོངསུ་གྱུར་པས་འཁོར་ལོ་སྟེ་མཚན་མས་དགུག་པའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་རོ།། བདུད་རྩི་འཁྱིལ་པས་སྒྲུབ་པ་པོ་ངེས་པར་འབྱུང་བས་ཞེས་གསུངས་པའི་རབ་ཏུ་སྦྱོར་བ་ཡང ་སྦྱར་བར་བྱའོ།། བདུད་རྩི་འཁྱིལ་པ་ཞེས་བྱ་བ་ལ་སོགས་པ་ཡང་རྡོ་རྗེ་ལྕགས་ཀྱུ་བསམས་ནས་ཞེས་པ་ནི་འདིར་རིན་ཆེན་འཁོར་ལོ་དབང་པོའི་རྣལ་འབྱོར་པའོ་ཞེས་མཚོན་པར་བྱའོ།། དེ་ཉིད་ཀྱིས་ནི། རྡོ་རྗེ་ལྷོགས་ཀྱུ་དེ ་ཉིད་ཀྱིས་སོ།། སྐུལ་བ་ནི། ཡང་དག་པོར་བཏེག་ཅིང་ཀུན་ཏུ་དྲངས་པར་བྱས་ཞེས་འདིར་བལྟ་བར་བྱའོ།། མདུང་ཞེས་པ་ནི་འདི་མཚན་མ་མདུང་ངོ་།། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཞེས་པ་ནི། གནོད་མཛེས་ཉིད་ཀྱིས་སོ།། ་བཙག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་མཆིལ་ལ་སོགས་པ་དམར་པོའི་མཚན་ཡོངསུ་གཟུང་བའི་དོན་ནོ།། རྡོ་རྗེ་ལྕགས་ཀྱུའི་རྣམ་པ་ངེས་པར་བྱུང་བ་ཞེས་པ་འདིར་ལྷགོ་མའོ།། ཁར་ནི་རང་གི་ཁར་རོ།། ཆོས་འབྱུང ་བ་ནི་རིགས་ལྔའི་བུད་མེད་རྣམས་ཀྱིའོ།། བཱཏོན་པ་ནི་བཀུག་པའོ།། གྲོ་བ་ལཱ་སོགས་པའི་མཚན་མ་མི་གཡོ་བར་བརྟགས་ནས་ས་དང་མ་འདྲེས་པ་རེ་རོ།། ཡང་དག་པར་བསྲུང་ཏེ་ཞེས་པ་མི་གཡོ་བའི་སྔགས་ལས ་བསྐྱེད་པ་སྟོན་པར་བྱེད་དོ།། མིང་རྣམས་བྲིས་ལ་ཞེས་པ་ནི་དྲག་པོ་ཁུག་ཅིག་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་དཔེའོ།། མཚན་ཐམས་ཅད་དང་ལྡན་པ་ཞེས་པ་ནི་མཚན་སུམ་ཅུ་རྩ ་གཉིས་པོ་རྣམས་དང་། དཔེ་བྱད་རྣམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། འཇམ་དཔལ་ནི་དྲུག་པའོ།། ལོངསུ་སྤྱོད་རྫོགས་པའི་གཟུགས་དང་སྔགས་དང་དཀྱིལ་འཁོར་དུ་གནས་པའི་འཇམ་དཔྲལ ་ཕྱུང་ནས་རྗེསུ་འཇུག་པར་བྱའོ།། དེ་སྤྲོ་སྟེ་ནི། རང་གི་ལུས་ལ་ངེས་པར་ཕྱུང་ནས་སོ།། དེ་ཡོངསུ་གྱུར་པ་ནི་གཤིན་རྗེ་མཐུར་བྱེད་སོ། དུསུ་གྱུར་པའོ།། དེ་ནས་ནི་དེའི་བེར་མ་ཆད་པར་རོ།། མེའི་དཀྱིལ་འཁོར་ནི། ཡི་གེ་ཧཱུཾ ་ལས་སྐྱེས་པ་འམ་རཾ་ལས་སྐྱེས་པའོ།། བཞག་སྟེ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་མེའི་དཀྱིལ་འཁོར་དུའོ།། རླུང་གི་ཞེས་པ་ནི་མའི་དཀྱིལ་འཁོར་གྱི་འོག་ཏུ་གནས་པསྷོ།། དེ་ལས་བབས་ནས་དམ་ཚིག་གིས་བཅིངས ་ཏེ་ཉེ་བར་ལོངསྔ་སྤྱད་པར་བྱས་ནས་གཞན་དུ་མི་འགྱུརརོ།། རྣམ་པ་གཉིས་ཞེས་པ་ནརྀ། བསྐྱེད་པ་དང་རྫོགས་པ་གསུངས་པའི་དབྱེ་བས་སོ།། ལྔ་པོ་རྣམས་ཀྱིས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམས་ཀྱི་སྟེ།། ་དེ་ཉིད་ཀྱི་ཕྱིར་འདི་རྣམས་ཀྱང་རིགས་ཅན་རྣམས་ཀྱང་རིགས་ཀྱི་དབང་ཕྱུག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཚེ་དྲུག་པ་ལ་དམིགས་པར་བྱའོ།། དགོས་པ་རྒྱ་ཆེ་བ་མི་བསྐྱོད་པ་ལ་སོགས ་པ་རྣམས་སོ་ཞེས་རྟོགས་པར་བྱའོ།། རྣམ་པར་འཁྲུལ་པ་ནི་དོན་གྱི་བྱ་བ་ཐམས་ཅད་ཀྱི་རྣམ་པའོ།། དེ་ཉིད་ཀྱི་ཕྱིར། སྣ་ཚོགས་རྡོ་རྗེའོ།། མཚན་མའི་གཟུགས་སམ་གདོན་ཡང་རུང་ངོ་།། གནས་སྐབས་ཀྱི་ཁྱབ་པར་ནོ།། ་དོན་ཡོད་གྲུབ་པ་ལ་དམིགས་པ་སྟེ། རྡོ་རྗེའི་རང་བཞིན་ནི་ཡེ་ཤེས་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། དཀྱིལ་འཁོར་བ་རྣམས་ནི། དེའི་རིགས་ཅན་གྱི་ལྷ་མོ་རྣམསོ།། གཙོ་བོ་ནི་སྒྲོལ་མའི་རང་བཞིན་ཉིད་ཡིན་པའི་ཕྱིར་དང་། ་མ་ཉིད་ཅན་གྱི་ངོ་བོའོ།། ཡང་ཡང་སྣ་ཚོགས་པའི་གཟུགས་འཛིན་པཱ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ།། གཞན་གྱི་དབང་དུ་གྱུར་པ་ནི། བདག་ཉིད་ཀྱི་སེམས་ལ་ཀུན་ཏུ་གནས་པ་མ་ཡིན་པའོ།། སྔར ་གསུངས་པའི་རིམ་པས་ནི་བདུད་རྩིའི་ཁྱིལ་པའི་སྔགས་བརྗོད་པའི་རིམ་པསོ།། མིང་དང་སྤེལ་སྟེ་བརྗོད་པར་བྱེ་བ་ཡང་ངོ་།། རྡོ་རྗེ་ལྕགས་ཀྱུ་ནི་བཙག་པའི་མཚན་མས་ཡང་དག་པར་བཀུག་ནས་དེའི་འོག་ཏུ་དམ་ཚིག་གི་སྣ་ཚོགས ་པ་ཉེ་བར་ལོངས་སྤྱོད་པར་བྱའོ།། གང་དུ་ཞེས་པ་ནི་ཏིང་ངེ་འཛིན་དེའི་རིགས་དང་ལྡན་པ་ནི་ལྷ་མོ་རྣམསོ།། དེ་རྣམསུ་ནི་རིགས་རྣམས་སུའོ།། བུད་མེད་ཀྱི་ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་སྔགས་ཀྱི་མིན་ངག ་གིས་མཚུངས་པ་རྭ་སློབ་པ་ནི་སྔགས་རྣམསོ།། དགུག་པ་ལ་སོགས་པའི་ལས་རྣམས་བྱའོ་ཞེས། དེའི་དངོས་གྲུབ་སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མང་དང་སྐྱེས་པ་དང་མ་ནིང་གི་དབྱེ་བས ་ནི་གཞན་མ་ཡིན་པསོ།། དེ་རྣམས་ལས་བྱུང་བ་ནི་ཏིང་འཛིན་དེ་དང་སྔགས་རྣམས་མངོན་པར་བརྗོད་པ་ལསོ།། རྡོ་རྗེ་སློབ་དཔོན་ནི་རྡོ་རྗེ་ལྟ་བུར་དེའི་ཡན་ལག་ཉེ་བར་སྟོན་པར་བྱེད་པ་འམ། མི་བསྐྱོད་པའོ།། བྱང་ཆུབ་ཞེས་པ་ནི ་གསོད་པ་རྣམ་པར་དག་པ་ལ་དམིགས་པའི་ཕྱིར།། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་ངེས་པ་ཁོ་ནར་མངོན་པར་བརྗོད་པར་བྱའོ།། དེའི་ཕྱིར་དྲི་བར་བྱེད་པ། གང་ལ་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས ་རྡོ་རྗེ་ནི་ནག་པོའོ།། གལ་ཏེ་ཡང་ཁྲོ་བོའི་སྔགས་རྣམས་ཀྱི་རང་རང་སོ་སོའི་ལས་ཀྱི་ཁྱད་པར་མངོན་པར་གསུངས་པ་དེ་བཞིན་དུ་ཡང་སྲུལ་ཚིག་སྦྲེལ་བ་དང་པོསམ་པའི་ཁྱད་པར་ཡིད་ལ་བྱ་བར་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང ་རུང་བ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་བཞིན་དུ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་ང་རྒྱལ་དམིགས་ཏེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཡོངསུ་གྱུར་པ་ལས་དེ་དང་དེར་གྱུར་པའོ།། དེ་རྣམས་ཞེས་པ་ནི་གཅིག་གི་ཡང་ངོ་།། ་གནས་ནི་དེ་དག་སེམས་རབ་ཏུ་དད་པ་འདོད་པའི་རྣམ་པར་རོ།། བྱ་སྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་ཞེས་པ་ནི། སྣབས་ལ་སོགས་དང་། གཅིན་དང་། བཤང་བའི་གོང་བུའོ།། བདག་ཉིད་རྡོ་རྗེ་འཆང་ཉི་དུ་ངེས་པར་སྟོན་པར་བྱེད་དོ་ཞེས ་པ་ནི། རྡོ་རྗེ་འཆང་ཉིད་ཁྲོ་བོའི་གཟུགས་ལ་སོགས་པར་གྱུར་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ལ་སོགས་པ་དམིགས་པས་ཞེས་པ་ལ་འདིརུ་སོགས་པའི་སྒྲ་ལས་རིན་ཚན་དབང་པོ་ལ་སོགས་པ་རྣམས་བསྡུསོ།། ཟླ་བ་ཞེས ་པ་ལ་སོགས་པ་ལ་མི་བསྐྱོད་པའི་སྦྱོར་བ་ཡིས་ཞེས་པ་སྔར་བཤད་པ་དེ་འདིར་གསུངས་སོ།། རྣམ་པར་སྣང་མཛད་ཞེས་པ་ལ་སོགས་པ་ནི་ཆོ་ག་གཞན་ནོ།། བདུད་རྩི་འཁྱིལ་པ་ཉིད་ཕུར་བུ་ཞེས་པའི་དོན་ནོ།། ཕུར་བུའི་ཚིག ་ཤེས་བྱཔའོ།། ཕུར་བུར་གདབ་པའི་གནས་གང་ཞེ་ནཱ་གསུངས་པ། ཕུར་བུའི་ཆོ་ག་ཤེས་པ་ཡང་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ནོ།། འདིའི་བཤད་པ་ནི། སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པས་སྦྱོར་བའི་བདག་ཉིད ་ཆེན་པོ་སྟོན་པར་བྱེད་དོ།། རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ལ་སོགས་པས་བསྒྲུབ་པར་བྱ་བ་ལ་དམིགས་པ་དང་ལྡན་པའོ།། འབར་བའི་རྡོ་རྗེ་ནི་འོད་ཟེར་ལྔ་དང་ལྡན་པ་སྟེ། སྒྲུབ་པ་པོ་དང་སྒྲུབ་པའི་འཁོར་ལོ་ནི་ལྷ་དང་ལྷ་མོའི ་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་འབར་བ་སྟེ་འོད་ཟེར་དམར་པོ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དང་ལྷའི་གཟུགས་ལ་དང་སྔགས་དང་དབྱེར་མེད་ཕྱེད་པའི་ཕྱིར་རོ།། གསུངས་པ། གང་ཡིན་པ་ཞེས་པ་སྟེ། གནས་ལས་སྐྲོད་པར ་འགྱུར་བ་ནི་གལ་ཏེ་རྣལ་འབྱོར་པ་དམན་པར་གྱུར་པའོ།། དེ་ལས་གཞན་ཡང་དཔལ་གྱི་ཁམས་ནམ་མཁའ་དང་རླུང་ལས་རབ་ཏུ་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། ངག་གི་སྤྲོས་པ་ཞེས་པ་ནི། ན་མཁའ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ལྕེ་ལ་གནོད་པར་བྱེད་དོ་ནི་ལྐུགས་པའི་དངོས་པོར་འགྱུར་པའོ།། སྙིང་ལ་གནོད་པར་བྱེད་དོ་ནི། སེམས་དང་སེམས་བྱུང་བ་དང་བྲལ་བའི་ཕྱིར་རོ།། སངས་རྒྱས་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ལ ་སོགས་པས་སྔར་གསུངས་པ་སྟོན་པར་བྱེད་དོ།། ཅི་ལྟར་སྐུ་དང་གསུང་དང་ཐུགས་རྣམས་ཅི་ལྟར་ཡིན་ཞེ་ན། གཅིག་ཏུ་གྱུར་པས་ཀྱང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གང་ཞིག་སྐུ་ལ་སོགས་པ་གཅིག་ཏུ་གྱུར་པའི ་རང་བཞིན་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། སྐུ་ལ་སོགས་པ་སྟེ་རྣམས་ཀྱི་རང་བཞིན་གྱི་ཆ་ལ་དམིགས་ནས་ཚར་གཅོད་པར་བྱེད་པ་དེའི་ཕྱིར། སྐུ་དང་གསུང་དང་ཐུགས་རྨ་དུ་བྱུང་བ་ཞེས་སྦྱར ་བར་བྱའོ།། བཤད་ཟིན་པ་དང་མ་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་བརྗོད་བྱ་ནས་བརྩམས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་ཀྱི་དངོས་གྲུབ་ཀྱི་ཡན་ལག་ཉིད་དུ་གསུངས་སོ།། དྲ་ནི་དེའི་ང་བར ་དུ་བྱོས་ནས་ཞི་བ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ།། མི་འགྱུར་ཆ་ནི་འགྱུར་བ་ནི་ཀུན་ཏུ་གཱཡོ་བྱའོ།། འགྱུར་བ་མེད་པས་ན་མི་འགྱུར་པའོ།། རྣམ་པར་མི་འཇིགས་པ་ཞེས་པ ་ནི། དངོས་པོ་དེ་དང་དེ་སྐྱེ་བའི་དངོས་པོ་མེད་པའོ་ཞེས་པའོ།། ཐམས་ཅད་དབང་བསྐུར་ཞེས་པ་ནི་རིགས་ལྔ་པོ་རྣམས་ཐམས་ཅད་ཀྱི་མངོན་པར་དབང་བསྐུར་ཞིང་རྒྱས་པ་ཏབ་པ་ནི་ཐམས་ཅད་དབང་བསྐུར་རོ།། རྣམ ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ།། དེས་ཀྱང་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་པོ་ཡི་ཡང་ངོ་།། མངོན་པར་དབང་བསྐུར་ཞིང་རྒྱས་འདེབས་པ་ནི་དྲུག་པའོ།། གནས་པ་ལ ་སོགས་པ་ལེའུ་བརྒྱད་པར་གསུངས་པའི་ལྷག་མའི་ལྷག་མེ་བཅུ་གཉིས་ལོ་ལོན་ཞེས་གསུངས་པསོ།། ཁྱད་པར་གཞན་གྱི་དབང་དུ་བྱས་ནས་མཚན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། མངོན ་པར་འདོད་པའི་དོན་ནཱི་དེ་ཁོ་ན་ཉིད་ལྔ་མངོན་དུ་ཕྱོགས་པར་བྱེད་པའོ།། རིགས་ལྔ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམསོ།། དེ་བཞིན་གཤེགས་པ་ལྔའི་དབང་དུ་བྱས་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་པ་ནཱ~ཾ། རྡོ་རྗེ་སེམས་དཔའ་ན་དྲུག་པའོ།། དེ་ལ་ཏི་ངེ་འཛིན་གང་ཡིན་པ་ཡང་ཕྱུང་ནས་རྗེསུ་ཞུགས་པ་ཞེས་པ་རྡོ་རྗེ་སེམས་དྲ་པའི་ཏིང་འཛིན་དེ་རྣམ་པར་སྣང་མཛད་དོ།། དེར་རིན་ཆས ་དཔལ་དང་མཚུངས་པར་འགྱུར་རོ་ནི་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་སྦྱོར་བ་དེ་དང་ལྡན་བྲས་ཞེས་གསུངས་ཏེ། ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ་ཞེས་པ་ནི། སྠཱ་དྲ་བྲ་གསུམ་པོ་དམིགས་མ་ཐག་ཏུ་འོད་གསལ ་བ་དམིགས་པ་ཉིད་ཀྱི་ཕྱིར་རོ།། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར།། ཞེས་པ་ནཱི། བརྟགས་པའི་རྣལ་འབྱོར་ལ་དམིགས་མ་ཐག་ཏུ་འོད་གསལ་བ་ཉིད་ལ་དམིགས་པའི་ཕྱིར་རོ།། མངོན་པར་བྱང་ཆུབ་པའི་རིམ་པས་ནི།། ་རིམ་པ་བཞི་པར་སོ་སོར་བསྟན་པའི་རིམ་པསོ།། ཕྱིའི་དབང་དུ་བྱས་ནས། རྡོ་རྗེ་ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚམས་ཀྱི་དུས་ཞེས་པ་ནི་ཉི་མའི་མཐར་སྐྱེས་པའོ།། ལུང་ཕོག་པོ་རྣམས་ཀྱི་ཞེས་མང ་པོའི་ཚིག་ནི་ཡན་ལག་བཞི་ཉིད་ཡིན་པའི་ཕྱིར་ལུང་ཕོག་པའོ།། སྙོམས་པར་འཇུག་པ་ཞེས་པ་ནི། ནང་གི་ཤེས་རབ་མ་ལའོ།། དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཞེས་གསུངས་ཏེ། བྱུང་བ་སྟེ་སྐྱེས་པར་གྱུར ་ནས་སླར་ཡང་ནུབ་པའོ།། སྐྱ་རེངས་འཆང་བ་ནི་མ་རིག་པ་སྟེ་སྣང་བ་ཉེ་བར་ཐོབ་པ་ཉིད་དོ།། སྟོབས་བཅུ་ཞེས་པ་ནི་རྡོ་རྗེ་སྙིང་པོ་རྒྱན་རྒྱུད་དུ་གསུངས་པ་ཡང་གྲནས་དང་། གནས་མ་ཡིན་པ་མཁྱེན ་པའི་སྟོབས་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྲིད་པར་རོ།། མི་འཇིགས་པ་བཞི་ནི་བདག་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པར་ལྡན་ནོ་ཞེས་དམ་བཅས་པ་ལ། ཆོས་འདི་དག་མངོན་པར་རྫོགས་པར་སངས ་རྒྱསོ།། འདི་དག་མངོན་པར་རྫོགས་པ་མ་སངས་རྒྱསོ།། བདག་གི་ཟག་པ་ཟད་པ་ལྔ་ཟག་པ་མ་སྤངས་པ་དང་། གང་སླར་ཡང་བྱར་ཆུད་ཀྱི་དབང་དུ་བྱིས་པའི་ཆོས་ཡང་དག་པར་བཤད་པ་དེ་དག་སོ་སོར་སྟེན་བཞིན་པ་ནི་སྡིག་པ ་བར་ཆ་དུ་འགྱུར་བའི་གནས་མེད་དོ།། བདག་གིས་འཕགས་པར་ངེས་པར་འབྱུང་བའི་ལམ་བཤད་པ་དེ་ལ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་འདིར་དེ་ལྟ་བུའི་ཆོས་དང་མཐུན་པའི་རྒོ་ལྔ་བ་ལྷ་འམ་བདུད་དུམ་དེ་དག་ཡོད་པ་མ་ཡིན་ནོ།། ། ་འདི་དག་གི་བཤད་པ་ནི། དབུ་མ་ལ་འཇུག་པར་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའོ།། སངས་རྒྱས་མཚན་གྱིས་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུ་དུ་གསུངས་པའི་ཕྱག་དང་ཞབས་ཉིད་རྩིབྱས་སྟོང་དང་མུ་ཁྱུད་དང ་ལྟེ་བར་བཅས་པའི་འཁོར་ལོས་བརྒྱན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་ལ་སོགས་པ་ཞེས་ཉེ་བར་མཚོན་པར་བྱེད་ཅིང་དཔེ་བྱང་བ་རྒྱད་ཅུ་པོ་རྣམས་ཉེ་བོར་མཚོན་པར་བྱེད་དོ།། སྟོང་གསུམ་ལ་སོགས་པའི་སྒྲ་ལས་སྟོང ་གཉིས་དང་། སྟོང་གཅིག་པ་རྣམས་བཟུང་ངོ་།། དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མངོན་པར་བརྗོད་ནས་ཞི་བ་ཅན་ལ་སོགས་པའི་ལས་རྣམས་འདི་དག་འབྲེལ་པར་དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དབང ་པོ་གཉིས་ཀྱི་རབ་ཏུ་སྦྱོར་བའི་ཐབ་སུ་བཤང་གཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཉེ་བར་བསྟན་པའི་སྤྱོད་པ་དང་འབྲེལ་ལོ།། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡང་།། རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པ ་སྟེ་མི་བསྐྱོད་པའི་ཏིང་འཛིན་གནས་པ་ཁྲོ་བོ་ཁྱུང་ངོ་ཞེས་སྦྲེ་ལོ།། སྡོང་བུ་དང་ལོ་མ་ལ་སོགས་པ་ཞེས་པའི་སོགས་པ་སྟེ། འབྲས་བུ་དང་མེ་ཏོག་ལ་སོགས་པ་ཡང་དག་པར་བསྡུས་པའི་དོན་ནོ།། སྦྱར་བ་ཞེས་བྱ་བ་ནི་མར་དང་སྦྱང ་རྩི་མཉམ་པ་ལ་སོགས་རིག་པ་གཞན་དང་གཞན་པའི་རྫས་ཀྱིས་བྱས་པའི་དུག་གོ།། ཁྲོ་བོ་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་ཞེས་པ་ནི་གསུངས་པ་ཡང་། ཐོག་མུར་ལས་ཀུན་བྱེད་པ་དང་། སྔགས་པ་རབ་བརྗོད་དམིགས ་ལས་སྐྱེས་ཞེས་སོ།། ཏིལ་མ་རཱ་ལ་སོགས་པས་ཞེས་པའི་སོགས་པ་ནཱི། སྡོང་བུ་དང་འདབ་མ་ལ་སྩོགས་པའི་དུག་ཡང་དག་པར་གཟུང་ངོ་།། བསྒོས་ནས་ཞེས་བྱ་བ་ནི་དེ་རྣམས་གཅིག་ཏུ་བྱས་ནས་སོ།། དཔུང་ལ་སོགས་པ་རྣམས ་ཞེས་བྱ་བ་ལ་སོགས་པ་ལ་ཤིང་རྟ་ལ་སོགས་པ་རྣམས་སོ་ཞེས་སོ་སོར་སྟོན་པར་བྱེད་དོ།། དམ་ཚིག་ཆེན་པོ་ནི་མི་བསྐྱོད་པའི་གཟུགས་སོ།། ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའོ།། རྣམ་པར་བསྒོམས་ལ ་ཞེས་པ་ནི་མེ་ལཱུའི་ཐུགས་ཀ་རུའོ།། རང་རང་གི་ཆོ་གས་ཞེས་བྱ་བ་ནི་སྦྱར་གསུངས་པའི་དགྲའི་དཔུངས་འོག་ཏུ་སོང་པར་བསྒོམས་ནས་དེའི་སྟེང་ནས་རི་རབ་ལྟ་བུའི་ཁྲོ་བོས་བཙིར་བར་བསྒོམ ་པར་བྱའོ།། ཞེས་པ་ལ་སོགས་པའོ།། དགུག་པའི་ཆོ་ག་ནི་རྒྱུད་གཞན་དུ་གསུངས་པའི་རིམ་པས་བྱའོ།། ལས་འདིའི་བྱ་བ་སོ་སོའི་ངོ་བོ་བསྟན་པའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལག་པས་ནི་གཡོན་པས་མངོན་སུམ་ཉི་དུ་ཞེས་པའོ།། སྒྲུབ་པ་པོ་ནི་གསུམ་གསུམ་དུ་གནས་པའི་ཕྱིར་རོ།། ཡང་ན་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་ཚོགས་པ་ལ་མི་བལྟོས་པ་ཉིད་སྟོན་པར་བྱེད་དོ།། ་ཡི་གེ་ཨཱིཾ་ལྷས་བྱུང་བའི་འོད་ཟེར་ནག་པོ་འབར་བས་ཀུན་ནས་ཁྱབ་པས་འཛག་ཅིང་སོ་སྣོར་འཇོམུས་པ་སྟེ།། སོ་སོར་འཇོམས་པར་ནུས་པའོ།། རང་གི་ལོག་ན་གནས་པའི་མཚོན་ཆུ་རྣམས་ཀྱིས་ནི་པདྨ་ལ་སྩོགས་པ ་རྣམས་ཀྱིསོ།། རྟ་མགྲིན་སྤྲོས་ནས་ངེས་པར་གནོད་མཛེས་ལྟར་བཀའ་བསྒོས་ཏེ། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྣམས་བརྡུང་བར་བྱའོ།། རང་གི་ལག་ན་གནས་པའི་མཚོན་ཆ་ལ་སོགས་པ་རྣམས་ཀྱིས་སོ་ཞེས་པའོ།། ་འགག་པར་འགྱུར་བ་ནི་ཕྱི་མ་བཞིན་ནོ་ཞེས་པའོ།། སློབ་དཔོན་གྱི་བྱ་བར་གསུངས་པའི་རབ་ཏུ་སྦྱོར་བ་ལ་རྗེ་སུ་ཆགས་པར་སངས་རྒྱས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་དང་སྤེལ་བར་གསུངས ་པའི་རབ་ཏུ་སྦྱོར་བར་ཕཊ་ཅེས་བྱ་བ་འདིའི་ནག་པོ་ཉིད་དུ་རབ་ཏུ་ཐོབ་པའོ།། ཡེ་ཤེས་ཞེས་པ་ལྔ་སོགས་པས་རང་གི་ངོ་བོ་སྟོན་པར་བྱེད་དོ།། རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་དྲུག་པའི་སྐུའོ།། བུད་མེད་བཞི་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ ་སོགས་པའོ།། དེ་ནས་པདྨོ་རབ་ཏུ་རྒྱས་བྱས་ནས་ཞེས་པ་ནི། རབ་ཏུ་བྱ་བ་ཞེས་པའི་དོན་ནོ།། དེ་ཉིད་ཀྱི་ཕྱིར་སྒོའི་པདྨ་ཡང་དགའ་བས་ཤིན་ཏུ་ཕུལ་དུ་བྱུང་བར་མངོན་པར་གསལ་བར་བྱེད་དོ།། བྱས་ནས་ཞེས་པ་རྗེས་སུའོ།། གང་ཐུགས ་རབ་ཏུ་དྲང་བ་མ་ཡིན་པ་དགའ་བ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ནོ།། ལྔ་པའི་བདག་ཉིད་ཅན་ནི་བཤད་པ་ཁོ་ནའི་རྗེས་སུའོ།། རྡོ་རྗེ་ཅན་གྱི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་རྣམ་པ་གསུམ་ཞེས་བྱ ་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་བཏ་སྙོམས་པའི་དབྱེ་བས་སོ།། རང་གི་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་མིག་ལ་སོགས་པ་རྣམ་སུ་ཞེས་རྟོགས་པར་བྱའོ།། བསྲེས་པ་ནི་ཡང་དག་པར་སྦྱོར ་བའོ།། མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའོ།། དེ་སྐྱེད་པར་བྱེད་པ་ནི་འབྱུང་བར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་བསྐྱེད་པར་བྱེད་པའོ།། རྒྱུད་དུ་གསུངས་པའི་ཆོ་གས་ཞེས་པ་ནི ་སྔར་གསུངས་པའི་རིགས་ལྔའི་འབྲས་བུ་ལ་སོ་གས་པ་དང་། ལེའུ་བཅུ་དྲུག་པ་ལ་སོགས་པ་དེའི་རྣམ་པར་བསྐྱེད་པའི་ཆོ་གས་སོ།། བ་ལང་གི་ལྕི་བ་ལ་སོགས་པ་ཞེས་པ་ནི། སོགས་པའི་སྒྲ་ལས་ཨུཏྤ་ལ་དང་ཤ ་བའི་རོལ་མ་ལ་སོགས་པ་བསྡུས་སྷོ།། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སེམས་ཅན་དུ་མངོན་པར་དགོངས་པ་གང་ཡིན་པ་དེ་ལྟ་བུའི་ཆོས་ཀྱང་བཟའ་བ་རྣམས་ཀྱིས་ལུས་གནས་པར ་བརྟག་གོ། སྐལ་པ་དྲན་པར་ནི་རང་དང་གཞན་གྱི་སྡེ་པ་རྣམས་ཀྱིས་རྡོ་རྗེ་ཐེག་པ་འདིར་རབ་ཏུ་ཞུགས་པ་རྣམས་ཀྱིསོ།། ལྕགས་གསུམ་གྱིས་ནི། ཟངས་དང་དངུལ་དང་གསེར་རྣམས་ཀྱིས་སོ།། དེའི་འོག་ཏུ་མཚན་མུ་མཐོང ་ནས། བསྒྲུབསྡུ་བའི་རིལ་བུ་ཁར་བཅུག་ནསོ།། བརྟུལ་ཞུགས་སྤྱོད་པས་ཞེས་བྱ་བ་ནི་རིལ་བུ་སྒྲུབ་པའི་ཐབསུ་གསུངས་པ་གང་ཡིན་པ་ཡང་སྦྱར་བར་བྱའོ།། ག་པུར་དང་ཙན་ངན་རྣམས་ཀྱིས་ཞེས་བྱ་བ་ནི། གཉིས་ཀྱི་ཚིག ་ལ་མང་པོ་འིཚི་གོ། ག་བུར་གྱིས་སྒྲས་འདིར་ཁྲག་ཀྱང་མངོན་པ་ར་བརྗོད་དོ།། དེ་ཉིད་ཀྱི་ཕྱིར་ཅན་དེ་ན་ཡང་ནང་གི་བདག་ཉིད་ཅན་ནོ།། ལུང་གི་རྗེསུ་བྱེད་པའི་རྣམ་པར་བཤད་པ་ཙན་ད་ནཱ་དམར་པོ་རྣམས་ཀྱིས་ཞེས་པའོ།། དེ་ལྟ ་བུར་འགྱུར་ཏེ་ཞེས་པ་ནི་གང་ཕྱག་རྒྱལ་དམིགས་ནས་ཞི་བ་ཅན་ལ་སོགས་པའི་ལས་བྱེད་པ་དེའི་གཟུགསུ་འགྱུར་རོ་ཞེས་པ་རྗེས་སུའོ།། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་ཅེས་པ་འདོད་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང ་ལྡན་པའི་ཕྱིར་རོ།། སྐད་ཅིག་གཅིག་ཙམ་ཉིད་ལས་དཔག་ཚད་བྱ་བ་དུ་མའི་ཚེ་དུ་འགྲོ་བར་སྐད་ཅིག་གཅིག་གིས་ཞེས་བྱ་བ་ལ་སོགས་པ་གསུངསོ།། འདི་ཡང་ཞེས་པ་ནི་སྒྲུབ་པ་པོ་ཡང་།། དེ་འབའ་ཞིག་ཏུ་མ་ཟད་དེ་རྡོ་རྗེ་འཆང ་ཆེན་པོ་ཉིད་དོ་ཞེས་མངོན་པར་དགོངསོ།། སེམས་འཁྲུག་པ་ནི་དེ་ཁོ་ན་ཉིད་ལྷག་པར་རྟོག་པ་ལའོ།། རབ་དགྱེས་བདག་ཞེས་པ་ནི་མཉེས་པའོ།། རྡོ་རྗེ་འཆང་ནི་དྲུག་པའོ།། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཞེས་པ་ནི་ལྔ ་པོ་རྣམ་སྔོ།། གཞན་ཡང་ཞེས་བྱ་བཱ་ནཱི་མི་བསྐྱོད་པ་རྗེསུ་ཞུགས་པ་ལ་བལྟོས་པའི་ཚིག་གས་ཡང་ན་རྣལ་འབྱོར་བཞི་ལས་རྫོགས་པའི་སྤྲུལ་པའི་སྐུ་ལ་བལྟོས་པའོ།། མི་འགྱུར་ཆེ་ནི་ཡོངསུ་དགྲ་པའོ།། ལྗོངས་སྤྱོད་རྫོགས་པའི ་བདག་ཉིད་ཅན་ཉིད་ཀྱི་ཕྱིར། འདིའི་རིག་པ་ནི་ཨཱ་མ་ཀཱི་ཏཻ། དེའི་རྒྱལ་པོ་ནི་གང་གི་ཚེ་རིན་པོ་ཆེའི་རིག་ལ་བལྟོས་པར་འགྱུར་རོ།། གནོད་སྦྱིན་མ་ནི་རྡོ་རྗེ་རོ་ལངས་མ་ལ་སོགས་པ་རྣམས་ཏེ་ཞེས་པའི་སོགས་ཀྱི་སྒྲ་ནི་དང་པོའི་དོན་ཏེ་དེ ་གཞན་གྱིས་མི་ཐུབ་པོ་ལ་སོགས་པ་རྣམས་བསྡུས་སོ།། སྐྱེད་པའི་ས་བོན་ལ་སོགས་པའོ་ཞེས་པ་ནི། སྐྱེད་པའི་ས་བོན་ནི་ཡི་གེ་ཧཱུཾ་ངོ་།། སོགས་པ་ནི་མཚན་ལ་སོགས་པ་བསྡུས་སོ།། གཤིན་རྗེ་བཤེད་ལ་སོགས་པའི་ཁྲོ་བོའི ་རྒྱལ་པོ་འདི་དག་གི་མ་ཡིན་ནོ།། འདི་རྣམས་ཀྱིས་མིང་གི་ཡི་གེ་ལ་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་ནི་སྒྱེད་པོ་ནི་སྐྱེད་པའི་ས་བོན་ནོ།། དེ་ཞེས་པ་ནི་སྔར་བཞིན་ནོ།། དེ་ཞེས་པ་སྔགས་ལཱྀ་སྩོགས་པ་རྣམ་སོ།། རྒྱུང་ནི་བསྐྱང་བའི་རྒྱུད་ཉིད ་བཟུང་བའོ།། རྡོ་རྗེ་རོ་ལངས་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་གང་ཡིན་པ་ངེས་གནོད་སྦྱིན་མོའི་སྔགས་རྒྱུད་ལས་ཏེ་རྡོ་རྗེ་རོ་ལངས་མ་ལ་སོགས་པ་རྣམསོ།། དེའི་དོན་ནི་འདི་ཡིན་ཏེ། འཇམ་པའི་རྡོ་རྗེ་ཏིང་འཛིན་ལ ་གནས་པས། རྡོ་རྗེ་རོ་ལངས་མ་ལ་སོགས་པ་བསྒོམས་ནས། འདུས་བྱས་ཏེ་དེའི་མགོ་བོ་ཀླུང་པ་ལ་གཤིན་རྗེ་མཐར་བྱེད་བསམསྣ་ནས་དེ་རྣམས་ཀྱི་སྒྲུབ་པ་བརྣམ་པར་བྱའོ།། ཚིམ་པ་ནི་འཛག་པའི་བྱུང ་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་མཆོད་པའོ།། དེ་རྣམས་ཀྱི་དཀྱིལ་ནི་སྙིང་པོའི་ནི་སྒྲུབ་པ་གཞན་ལོ་བལྟོས་ནསོ།། དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་བཤད་པ་དམ་ཚིག་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་ཞེས་པ་ལ་སོགས་པའོ།། ་ནུས་པ་བསྒྲུབ་པའི་བྱ་བའི་ཕྱིར་ནི་དབབ་པ་གཞན་ལས་ནུས་པ་ཉེ་བར་སྒྲུབ་པའི་ཕྱིར་རོ།། རྣམ་པ་གཉིས་ཞེས་བྱ་བ་ནི་བསྐྱེད་པ་དང་རྫོགས་པའི་དབྱེ་བས་སོ།། ངག་གི་བྱ་བ་ནི་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱེད་པ་སྐྱེད ་པར་བྱེད་པར་སོ་སོར་སྒྲུབ་པའོ།། དེ་བཞིན་ཉིད་དང་ཞེས་པ་ནི་གང་དུ་ལུས་ཀྱི་དངོས་པོ་མེད་པར་དམིགས་པའོ།། ཟླ་བ་ཞེས་བྱ་བ་ལ་སོགས་པའི་རིམ་པའི་མཐར་ཐུག་པར། པདྨ་དམིགས་ནས་སོ།། རྡོ་རྗེ་ཆོས་ནི་འོད་དཔག་མང ་གྱི་བདག་ཉིད་ཅན་ནོ།། པདྨ་རཱ་ག་ནི་ནོར་བུ་དམར་པོའོ།། དེ་དང་མཉམ་པའི་འོདྲ་ནི་དེའི་ཁ་དོག་གོ། ཡི་གེ་གསུམ་ནི་ཧཱཿཱ~ཾཏྨཧཱུཾ་གཱི་གཟུགསོ།། བཀོད་ནས་ཞེས་པ་ནི་སྣ་ཚོགས་པདྨའི་མཚན་མའི་སྟེང་དུའོ།། བཀོད་པ་གསུམ ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་མོ།། ནང་དུ་བསམས་ནས་ཞེས་པ་ནི། སྤྲོས་ནས་བསྐྱེད་པའོ།། ཨུ་ཕཊ་ཨི་ལ་ཞེས་པ་ནི་འཇིག་རྟེན་པའི་མངོན་པར་བརྗོད་པའོ།། སྔགས་རྟོགས་པར་ལུས་འགུལ་བ་དང་། གཡོ་བ་ནི་འཁོར ་ལོ་བཞིན་དུ་ཡོངསུ་འཁོར་བའོ།། བསྐུལ་བ་རྣམ་པར་བཤད་ནས་རེངས་པའི་དབང་དུ་བྱས་ནས། རེངས་པ་ལ་སོགས་པ་ལ་འཕགས་པ་རྣམས་ཀྱི་དབང་པོ་ལས་འདས་པ་མཐོང་བའི་ས་འདི་ནི་འཕགས་པའི་ས་སྟེ་བྱུབ་བནི་པ་གྲུ ་འབེབས་པའི་དངོས་གྲུབ་པོ།། རྡོ་རྗེའི་རང་བཞིན་མི་ཕྱེད་པ་གང་ཡིན་པ་དེས་སོ།། སྔར་བཤད་པའི་རིམ་པས་ཤེས་པ་ནི། དེ་བཞིན་ཉིད་དང་ཟླ་བ་ཞེས་བྱ་བ་ལ་སོགས་པས་སོ།། ཐུགས་ལས་ཡང་དག་བྱུང་བ་ཉིད་ཀྱི་ཕྱིར་ནི་རྡོ ་རྗེ་འཆང་ཆེན་པོས་གསུངས་པ་ཉིད་ཀྱིས།། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་ནི་རྣམ་པར་ཤེས་པ་འོད་གསལ་དུ་ཞུགས་པས་གསུམ་གསུམ་གདོན་མི་ཟ་བར་འབེབས་པར་བྱེད་དོ།། འདིའི་སྔགས་ཀྱི་དོན་ནི་ཛྷིའི་ཡི ་གི་གང་གིས་ཞེས་འཆད་པར་འགྱུར་བསོ།། ལྷག་མ་ཧཱུཾ་ཧྲཿ་ཡི་གེའི་ས་བོན་གྱིས་དབབ་པར་བྱའོ།། སྣོད་ལྷག་པར་གནས་པ་ཞེས་པ་ནི། རབ་ཏུ་གནས་པའི་ཆོ་གར་གསུངས་པའི་རིམ་པསོ།། ཇི་ལྟ་བ་བཞིན་དུ་ཞེས་པ་ལ་སྔར ་བཤད་པའི་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་པའི་ཐུགས་རྡོ་རྗེའོ།། ཐབས་ཀྱི་ཡེ་ཤེས་འབྱུང་བར་བྱས་ནས་ཞེས་པ་ནི་ཡེ་ཤེས་འབར་བའི་ཐོག་མར་རོ།། འོད་གསལ་དུ་རབ་ཏུ་ཞུགས་པ་ནི་རབ་ཏུ་རྟོགས་པའོ་ཞེས ་བསམ་པར་བྱའོ།། ལྷ་ཆེན་པོའི་གནས་སྐབས་ཞེས་པ་ནི་སྔར་བཤད་པའོ།། ཤེས་ནས་ཤེས་པ་ནི་གཡོ་བ་ལ་སོགས་པསོ།། ས་བོན་བཞི་ནི་ཡི་གེ་ཧཱུཾ་ལ་སོགས་པའོ།། སྟེང་དུ་ནི་ཏིང་འཛིན་སེམས་དཔའ་ལས་ངེས་པར་བྱུང་ནས་སོ། ་རང་གི་གནསུ་ནི་ཐ་མལ་པའི་གནས་སྐབས་སུའོ།། ལྷ་རྣམས་གཤེགསུ་གསོལ་བར་བྱས་ནས་གཟུང་བར་བྱའོ།། གོ་ཆ་ལ་སོགས་པས་ཞེས་པ་ནི་བསྲུང་བའི་རྒྱུ་ཡིས་སོ།། བསྒོམ་པ་དང་སྔགས་ལ་སོགས་པས ་ཡོང་སུ་དག་པ་ནི་དྲུག་པའོ།། སྔ་མ་བཞིན་དུ་བྱས་ནས་ཞེས་པ་འདིས་འདི་སྔར་གསུངས་པ་ཉི་དུ་སྟོན་པར་བྱེང་ངོ་།། དེ་བཞིན་དུ་ཞེས་པ་འདིས་འདི་བཤང་མ་ཐག་པ་ཉིད་དུའོ།། ངེས་པར་དགག་པའི་ཕྱིར་ནི་བཟློག་པའི་ཕྱིར་རོ།། གལ ་ཏེ་དེ་བཞིན་དུ་དེའི་འོག་ཏུ་བཟློག་པར་མི་བྱེད་ན་དེའི་ཚེ་བསད་པར་བྱ་བའི་ཕྱིར་རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོད་པ་ནི་འོད་གསལ་དུ་རབ་ཏུ་གཞུག་པའོ།། སྟ་རེ་དང་ཐོ་བ་ཞེས་གསུངས་པའི་ཕྱིར་འདི་ཕྱག ་གཉིས་པ་ཉིད་དུ་མཚོན་པར་བྱའོ།། ཡཽད་ན་མཚན་མའི་གཙོ་བོ་སྟོན་པོར་བྱེད་དོ།། བསྒྲུབ་པར་བྱ་བ་རྣམ་པ་ཇི་ལྟ་བ་དེ་ལྟ་བུར་བསམས་ནས་ཞེས་པ་ཧཱུ~ཾ་ཡིག་ལ་སོགས་པས་ཁྲོ་བོ་གང་ཡང་རུང་བ་ཞེས་མཚོན་པར་བྱའོ།། བསྟ། ་པ་ལ་གནས་པ་ནི། ལམ་ལ་གནས་པའོ།། སྐྱབས་མེད་པ་ནི་སྤང་བ་མེད་པའོ།། མཐོང་ནས་ཞེས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་རོ།། ཁྲོ་བོ་ལས་ངེས་པར་བྱུང་བའི་ངུ་བ་དང་མ་ནི། ཁྲོ་བོའི་ངུ་བ་མེའོ།། འཇིག ་བ་ཡང་འཇིགས་པའི་རྒྱུ་ཡང་ངོ་།། ཡི་གེ་ཧྲཱིཿཞེས་པ་ནི་ནག་པོའོ།། འདིར་ཀླུའི་རྒྱལ་པོ་དྲག་པོ་གང་ཡང་རུང་བའི་རྣམ་པར་ཤེས་པ་དགུག་པར་བྱའོ།། དེ་ནས་རབ་ཏུ་འགྲོ་བར་འགྱུར་རོ།། དང་ཅེས་པས་སྦལ་བ་ལ་སོགས་པ་རྣམས་ཞེས་པ ་ནི་ལྕོང་མ་དང་སྡིག་པ་ལ་སོསྩོགས་པ་རྣམས་ཀྱི་ཡང་དག་པར་སྦྱར་བ་ལས་བྱུང་བའོ།། སྡིག་པའི་སྒྲས་སྤྲུལ་ཉིད་མངོན་པར་བརྗོད་པར་བྱའོ།། འདིར་ནི་སྡིག་པ་ཉིད་དོ།། ཕྱོགས་བཅུ་ཞེས་པ་ལ་སོགས་པས་གསུངས་པའི་བསྒྲུབ་པར ་བྱ་བས་ཉེ་བར་བསགས་པའི་སྡིག་པ་སྟོན་པར་བྱེད་དོ།། སྦྲུལ་གྱི་གཟུགས་ནི་གདུག་པའོ།། མེ་ལེ་སོགས་པ་ཞེས་པ་ནི་འདིར་སོགས་པས་ཆར་ལོ་སོགས་པ་འབྱུང་བ་བསྡུས་སོ།། ཁམས་འཁྲུག་པ་ནི་ནང་གི་བདག་ཉིད་ཅན་ནོ།། འབྱུང་པོ་ནག ་པོའི་གཟུགས་ནི། ཤྭ་ཟ་སྤྲེའུ་ལེ་སོགས་པའི་གཟུགས་ཀྱིས་སོ།། བསྒྲུབ་པར་བྱ་བ་ཞེས་པ་ནི་རང་བཞིན་གྱིས་གཟུགས་སོ།། རྡོ་རྗེ་ཅན་གྱི་ཞེས་པ་ནི་གསུམ་པའི་དོན་ལ་བཞི་པའོ།། རྣམ་པ་གསུམ་ཞེས་པ་ནི་ཏེ་དམན་པ་དང་བར་མ་དང ་མཆོག་གོ། སྲུང་བ་ཞེས་པ་ལ་སོགས་པ་ནི་སྒྲུབ་ཐབསུ་མངོན་པར་བརྗོད་པའི་རིམ་པས་སོ།། ཟློས་པར་འགྱུར་བ་ནི་དེའི་ཆོ་གསོ།། འཕྲེང་བའི་སྔགས་ནི་སྤྱན་མ་ལ་སོགས་པ་རྣམས་དང་ངེས་པར་གནོད་མཛེས་ལ་སོགས་པ་རྣམས ་ཀྱིས་གསུངས་པ་རྣམ་སོ།། བསྒྲུབ་པར་བྱ་བ་ཞེས་པ་ནི། སྒོམ་པ་ལ་སོགས་པའི་རིམ་པས་སམ་རྟོགས་པར་གསུངས་པའི་བྲིས་སྐུ་ལ་སོགས་པའི་རིམོ་པསོ།། མཉེས་པར་བྱས་པ་ཞེས་པ་ནི་གསོལ་བ་འདེབས་པ་ལ་སོགས་པ ་རྣམས་ཀྱིས་སོ།། ཕུར་བུས་གདབ་པར་བྱའོ་ཞེས་པ་ནི་འདིའི་དོན་བསམ་པར་བྱའོ།། ཕུར་བུ་འདི་ཡང་རིག་པ་གཅོད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་འདུས་པ་ཕྱི་མར་ཡང་གསུངས་པ། དེའི་གཟུགས་བརྙན་བྱས་ནས་ནི་ཞེས་པ ་ལ་སོགས་པ་ནས། ལྕེ་མགྲིན་དེ་བཞིན་སྙིང་ཀ་རུ།། ཕུར་བུའི་ཆོ་གས་ཕུར་བུས་གང་བཅེས་པ་ཇི་སྲིད་པར་རོ།། ན་མཿསནྟ་ཀཱ་ཡ་ཝཱ་ཀྲཱིཏྟ་བཛྲཱ་ཏྲཱྀ་ཆེ་གེ་མོའི་ཡནྡྷ་དེ་བ་ཏཱ་ཤཱནྡྷ་དི་ཀརྞྞ་རཉྫ་ཀཱི་ལ་ཡ་ཙཀྲ ་ཝརྟི་ཧཱུཾ་ཙྪིནྡྷ་ཏ་ཞེས་སོ།། རང་གི་རིག་པ་གཅོད་པར་བྱེད་པར་འདོད་ན། ཀུ་ཤཱ་ལྗང་གུ་རྣམས་ཁུ་ཚུར་གྱིས་བཟུང་ནས་ཆེ་གེ་མོ་དང་ཆེ་གེ་མོའི་སྔགས་ལྔ་སོགས་པ་རྣམས་བཅད་དོ་ཞེས་པས་མ་ཆེན་རྣོན་པོས་བཅད་པར ་བྱའོ།། རིངས་པར་བྱའོ་ཞེས་པ་ནི་སྔགས་ལ་སོགས་པ་རེངས་པར་བགྱིའོ་ཞེས་མངོན་པར་བརྗོད་ནས་དེའི་བསམ་པས་སྔགས་བརྗོད་ནས་ཁུ་ཚུར་བཅིངས་པས་དེ་ནས་ལྷ་རྣམས་ཀྱི་གཟུགས་བརྙན་བྱས་ནས་ཕུར་བུས་ལྷ ་རྣམས་རེངས་པར་བྱའོ་ཞེས་པའོ།། ཐམས་ཅད་སྟོང་པ་ཉིད་ཀྱི་ལུས་ལ་སོགས་པ་ཐུབ་པའི་ཐབས་དང་ལྡན་པའི་ཕྱིར་ཐུབ་པའོ།། ཟིན་པ་དང་མ་ཟིན་པ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ནོ།། དེ་རྣམས་དུས་གསུམ་དུ་བྱུང ་བའི་རྒྱལ་བ་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ངོ་།། ཆོས་བདག་མེད་པ་ལ་གནས་པ་ནི་སྒྲུབ་པ་པོ་ཞེས་མངོན་པར་དགོངསོ།། རྡོ་རྒྱུས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ།། སྡེགས ་འདིས་བསྐུལ་བས་ནི་ཆེ་གེ་མོ་ཟོ་ཞིག་ཅེས་བརྗོད་པས་སོ།། ཟིན་པ་ཙམ་གྱིས་ནི་མཐོང་བའི་དུག་གི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མཐོང་བ་ཙམ་གྱིས་ཀྱང་ཞེས་པའོ།། འརིས་ཞེས་པ་ལ་སོགས་པ་གསུངས་པ་ནི་དོན་གཞན་ནོ།། ་བའི་དུག་ལ་སོགས་པ་རྣམས་ཞེས་པ་ནི། འདིར་སྩོགས་པའི་སྒྲ་ནི་རེག་པའི་དུགཱ་ལ་སོགས་པ་གཟུང་བའི་དོན་དུའོ།། འཛུད་པར་བྱེད་དོ་ཞེས་པ་རྐང་པའི་འོག་ནས་གནས་པ་སྙིང་གར་སོན་པར་བྱེད་དོ་ཞེས་པའི་དོན་ནོ།། དུག་མེད་པར་གྱིས་ཤིག ་ཅེས་རྣལ་འབྱོར་པ་སེམས་རབ་ཏུ་མཱི་བརྟནཱ་པའོ་ཞེས་རྟོགས་པར་བྱའོ།། ཉེ་བའི་དུག་ཞེས་པ་ནི། སྦྲུལ་ལ་སོགས་པ་སྣ་ཚོགས་པ་མང་པོའི་མཐར་ཐུག་པར་མངོན་པར་བརྗོད་པའི་ཕྱིརརོ།། འབྲུམ་བུ་ཞེས་པ་འདིའི་དོན་ནི་ཨེ་ཎཱི་པཱ་ཏི་ལ ་སོགས་པ་རྣམས་ཏེ། ནང་འགའ་ཞིག་གི་མིང་ངོ་།། ནུས་པ་གང་ཡིན་པ་ནི་ནུས་པའང་བསྐྱེད་པའི་རྒྱུའོ།། གང་གཞན་ནང་དུ་བཤད་པ་རྣམས་ཏེ། དེ་རྣམས་ཀྱང་ངོ་།། འོད་གསལ་བས་ཡོངསུ་སྦྱངས་པའི་ཕྱིར་རོ་ཞེས་པ་ནི་འདི་སྒྲ ་བརྙན་གྱི་ཆོས་ཉིད་ཀྱི་བརྫུ་ཡིན་པའི་ཕྱིར་རོ།། མཚོན་ཆ་ལ་སོགས་པ་ཞེས་པའི་སོགས་པས་བོང་བ་དང་དབྱུག་གུ་ལ་སོགས་པ་བསྡུ་བའི་དོན་ནོ།། མངོན་སྤྱོད་ནི་ལུས་འཇིགས་པ་ལ་སོགས་པའོ།། ལུས་བཟུངས་ནི་ན་ཚོང་ཉིད ་ལ་སོགས་པའོ།། དྲི་མ་ནི་ཁ་ཟས་ཡོངསུ་གྱུར་པ་ལས་སྐྱེས་པའོ།། ཁ་ཟས་མི་མཐུན་པ་ནི་རབ་ཏུ་གྲགས་པ་ཉིད་ངོ་།། དེ་རྣམས་ལས་བྱུང་བ་ནི་ནད་ཀྱི་རྒྱུ་རྣམ་སོ།། འཁོར་ལོ་འམ་ཞེས་པ་ལ་སོགས་པ་ལ་པདྨ་འམ་ཞེས་བྱ་བར་ཡང ་རྟོགས་པར་བྱའོ།། ཡང་ན་གསུང་གི་རྡོ་རྗེའི་རྣལ་འབྱོར་པས་ཀྱང་མཚན་མ་འཁོར་ལོ་འམ་རྡོ་རྗེའམ། པདྨ་འམ་ཡོངསུ་གྱུར་པར་རྟོགས་པར་བྱའོ།། ནང་ལས་ངེས་པར་རྒྱལ་བ་རབ་ཏུ་གནས་པ་ནི་ཀུན་ཏུ་གནས་པ་སྟེར་བར་བྱེད་དོ་ཞེས ་པཱའོ།། ཇི་ལྟར་ཞེ་ན། ནད་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཇི་ལྟ་བ་བཞིན་དུ་བྱུང་བའི་ཞེས་པ་ནི་ཛི་ནཱ་ཛིག་ཅེས་པ་ལ་སོགས་པའི་སྔགས་གསུམ་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་གསུམ ་པོ་རྣམས་ཀྱི་ཐོག་མར་བརྗོད་པ་ཉིད་ཀྱི་ཕྱིརརོ།། གང་བཤད་པ་ཞེས་པ་ནི་ཐོག་མར་རོ།། བདག་ལ་བྱིན་གྱིས་བརླབས་པའི་ལུས་ནི་ཉེ་བར་དམིགས་པའི་བདག་ན་སུ་དམིགས་པསོ།། གསུངས་པ་ཡང་། ཀུན་རྫོབ་ཉེ་བར་དམིགས་པ་ཡི། ་ཏིང་འཛིན་འདི་ནི་མ་ཤེས་ནས།། ནད་ཀྱི་རྣམ་པ་ལས་རྒྱལ་ཞིང་།། དེ་བཞིན་སྒྱུ་མས་དབང་བསྐུར་རྒྱལ་ཞེས་སོ།། ཡེ་ཤེས་བཀྱེ་བ་ནི་གདུལ་བྱ་འགུགས་པར་བྱེད་པའི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས ་པ་ལྔ་པའོ།། འཁོར་ཆེན་པོ་ཉིད་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་མི་བསྐྱོད་པ་དྷེ་སུ་ཞུབོས་པས་སོ།། དེ་ལ་ནི་ཆོས་རྣམས་ལའོ།། རྣམ་པ་གཉིས་ཞེས་པ་འདིའི་བཤད་པ་ནི། ནང་ལ་ཞེས་པ་ལ་སོགས་པའི་རིམ་པའི་སྒྲུབ་པ་ལ་འཇུག་པའི་དབང་དུ ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཡེ་ཤེས་ཀྱི་སྐུ་ནི་བདག་ལ་བྱིན་གྱིས་བརླབས་པའི་བདག་ཉིད་ཅན་ནོ།། མཐོང་བ་ནི་དམིགས་པ་སྟེ། དེ་གལ་ཏེ་རྨི་ལམ་ལ་བདག་ཉིད་འོད་གསལ་དུ་རབ་ཏུ་འཇུག་པར་མཐོང་ངོ་།། ། ་ངོ་ཚ་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡོངསུ་དག་པའོ།། ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པས་གཞན་ཡང་གསུངས་ཏེ། དངོས་གྲུབ་ཆེན་པོ་ནི་ཡོངསུ་རྫོགས་པའི་ལོངས ་སྤྱོད་རྫོགས་པའི་སྐུར་བསྐྱེང་བའོ།། གཞན་སྔགས་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ནས་སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཐོང་བར་འགྱུར་བ་ནི་དམིགས་པར་འགྱུར་རོ།། དེ་བཞིན་ཉིད་ཞེས་བྱ་བ་ལ་སོགས་པ་ནི། རྨི ་ལོམ་མཐོང་བའི་འབྲས་བུ་ཐོབ་པར་འགྱུར་བ་ནི་མངོན་སུམ་དུ་བྱེད་པའོ།། གཞན་ཡང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་དངོས་གྲུབ་ནི་ཞི་བ་ཅན་ལ་སོགས་པའི་ངོ་བོའོ།། གཞན་ཡང་ཕྱོགས་བཅུ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཆོས་ཀྱི་མཛོད་ནི་ཆོས་ཀྱི་སྣོད་ཀྱི་ཁང་པ་ལྟ་བུའོ།། ཆོས་ཀྱི་རྒྱལ་པོ་ནི་རྡོ་རྗེ་ལྟ་བུའི་ལམ་གྱི་ངོ་བོའོ།། གླེགས་བམ་དུ་ཆུད་པ་ནི་དེ་དག་མངོན་པར་བརྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། འདིར་འཇིག་རྟེན་པའི་དངོས་གྲུབ ་ལ་རེག་པར་བྱེད་དོ་ཞེས་གསུངས་པ་དང་སྦྱར་རོ།། སྤྱིར་ཡང་རྫོགས་པའི་རིམ་པའི་དབང་དུ་བྱས་ནས། གང་ཆོས་ཀྱི་འཁོར་ལོར་སོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་སྟན་ནི་སེང་གེའི་ཁྲི་ལ་སོགས་པའི་ངོ་བོའོ།། དམ ་ཚིག་སྦྱོར་བས་ནི། རྫོགས་པའི་རིམ་པ་ལ་དམིགས་པའི་དུས་སུའོ།། སླར་ཡང་སྔགས་ལ་མཆོག་ཏུ་གཞོལ་བའི་དབང་དུ་བྱས་ནས་ཀུན་དགའ་ར་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞིན་ཡང་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ།། ་ཐོབ་པར་འགྱུར་བ་ནི་རིག་པ་འཛིན་པའི་རྒྱལ་པོ་སྟེ་བདག་པོར་འགྱུར་རོ།། གསུངས་སོ་ཞེས་པ་ནི་འཆང་བར་འགྱུར་བའོ།། རྣམ་པ་སྣ་ཚོགས་ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པའི་མཐོང་བ་རྣམས་སོ།། འདིར་སྔགས་ལ་མཆོག ་ཏུ་གསོལ་བའི་ཉེ་བར་སྣང་བར་ཡང་རྟོག་པར་བྱའོ།། དམ་ཚིག་ཉམས་པ་ཞེས་པ་འདིའི་དོན་འཆད་པར་འགྱུར་བར་དམ་ཚིག་ལས་འདས་པར་བྱ་ཞིང་ཞུས་པའོ།། དེ་ལ་དམ་ཚིག་ནི་བསྲུང་བ་དང་བཟར་བ་ལ་སོགས ་པ་དང་བླ་མ་ལ་སོགས་པའི་རྗེསུ་འཇུག་པ་ལ་སོགས་པའོ།། བདེན་པ་མཐོང་བ་ནི་ལཾ་ལྐུག་པར་རྟོགས་པ་ཡང་སྟེ་ལམ་ལྷག་པར་རྟོགས་པ་ནི་བྱེད་པ་པོ་བརྩོན་འགྲུས་བརྟེན་པ་ནི་སླར་ཡང་ལེ་ལོ་ཇི་ལྟར་འགྱུར། དེ་ལ་སྒྲུབ་པ་པོའི་རྨི་ལམ ་མཐོང་བ་རྣམ་པ་གཉིས་ལ་འདི་ནི་ཆོག་གོ་ཞེས་སྦྲེལ་ལོ།། རང་གི་སེམས་ཏེ་རང་གི་སེམས་ཉིད་ལས་ཞེས་པ་ནི་སེམས་ཀྱི་དབང་གིས་དང་ཕྱི་རོལ་ལ་དོན་གྱི་དབང་གི་སེམས་རྟོགས་པའི་ཕྱིར།། རྨི་ལམ་ལ་ཡང་དོན་ལས་བཟློག་པས ་སེམས་ཀྱི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཉིད་ཀྱི་ཕྱིར་དང་། དབུ་མ་ལ་འཇུག་པ་ལ་སོགས་པར་སེམས་ལ་མ་བལྟོས་དོན་ཞེས་གཞན་ནི་ཅུང་ཟད་ཡོད་པ་མ་ཡིན། དངོས་པོ་རང་དབང་མེད་ཅེས་མཉམ་སྦྱོར་ཁྱོད་ཀྱི་སེང ་གེའི་སྒྲ་ཞེས་གསུངས་སོ།། འདི་དགྲ་ཞེས་པ་རྨི་ལམ་དུ་མཐོང་པའི་དངོས་པོའོ།། སེམས་ལས་ཐ་དད་པར་གྱུར་པ་ནི་སེམས་ལ་མ་བལྟོས་པའོ་ཞེས་མངོན་པར་དགོངསོ།། དེ་ཉིད་ཀྱི་ཕྱིར་སེམས་ལ་མ་བལྟོས་པའིཆོས་རྣམས ་མད་པའི་ཕྱིར་དང་། དེ་དག་གི་ཆོས་ཉིད་ཀྱང་མེད་དོ་ཞེས་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་པ་ནི་རྣམ་པར་བཤད་པའི་དེ་ཁོ་ན་ཉིདང་ངོ་།། གསུངས་པ་ཞེས་པོ་བཅོམ་ལྡན་འདས་ཀྱིསོ།། དེ་བཞིན་དུ་ཞེས་པའོ། ་གྷས་སུ་ཞུགས་པའི་དུས་ཞེས་པའོ།། དབང་སོགས་ལ་ཞེས་པ་འདིར་བྱུང་བ་ལ་སོགས་པ་བསྡུ་བའི་དོན་ན།། ཤེས་པ་གཉིས་བྷ་ནི་སྣང་བ་ལ་སྩོགས་པའོ།། དེ་ལ་ཝཱས་པ་ནི་དེ་ལྟ་བུར་གྱུར་པའོ།། འདིར་ནུས་པ་ནཱ་སྟ་པ་ལའོ།། ན་ཊཱ། ་ཉིད་ནི་སྟོང་པ་ཆེན་པོ་ལའོ།། གཉིད་ལོག་པ་ནི་སྟོང་པ་ཆེན་པོའི་བདག་ཉིད་ཅན་ཀུན་རྫོབ་པོ།། རླུང་ལ་བརྟན་ན་ནི་ནང་གི་བདག་ཉིད་ཅན་གྱི་རླུང་གི་དབང་གིས་སོ།། འདིའི་དཔེ་དང་དཔེ་ཅན་གྱིས་དེ་རྣམས་ཀྱིས་དབྱེ་བ་སོ་སོར་བསྟན་པའི ་ཕྱིར་གཉིད་ལོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་བརྟགས་པ་ཞེས་པ་ནི་དབྱེ་བར་རོ།། བརྫུན་པས་རྣམ་པར་དཔྱད་པས་དེ་ལྟ་བུ་ཉིད་ལས་བདེན་པར་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར།། དེ་ཉིད་ཀྱི་ཕྱིར་བརྫུན་དང་བདེན་པ་དག ་ཀྱང་ཡོད་མ་ཡིན་ཞེས་སོ།། ངོ་མཆེར་དུ་གྱུར་ཞེས་བྱ་བ་ལ་སོགས་པ་ནི་འདི་དག་དཀའོ་ཞེས་བྱ་བ་ལ་སོགས་པའི་དོན་གསལ་བར་རོ།། ཆོས་རྣམས་ཞེས་པ་ནི་རྨི་ལམ་དང་རྨི་ལམ་ཉེ་བར་དམིགས་པ་རྣམས་ལྔའོ།། དེ་ཉིད་ནི་ཆོས ་ཉིད་དོ།། འབྲས་བུའི་དེ་ཉིད་ནི་ཡོངསུ་དག་པའི་སྒྱུ་མོ་ལྟ་བུ་ཉིད་དུ་རྨི་ལམ་གྱི་དཔེས་བཤད་དོ།། ན་མཁའ་ནི་འོད་གསལ་བ་ལའོ།། གཞིར་གྱུར་པ་ལ་ནི། དེའི་བདག་ཉིད་ཅན་ལའོ།། ན་མཁའ་བསྒོམ་པ་ནི་སྟོང་པ་གཞིའི་བདག་ཉིད་ཅན་རྡོ་རྗེ ་འཆིང་ཆེན་པོ་བསྒོམས་པའོ།། འདིའི་བཤད་པ་ནི་ནམ་མཁའ་རྟེན་པ་པོར་བྱས་ནས་ཞེས་པའོ།། ཐ་དད་པ་ཉིད་དུ་མི་སྣང་བའི་ཕྱིར་ཞེས་པ་ནི་ངོ་བོ་ཉིད་མེང་པ་ཉིད་ཀྱིསོ།། དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་ནི་ན་མཁའི་བདག་ཉིད་ཅན ་ཡིན་པའི་ཕྱིར་དང་། རྣམ་པར་ཞིག་པ་དེ་ཙམ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འདི་ཞེས་པ་ནཱི་ན་མཁའ་འོ།། རྨི་ལམ་དང་འབྲས་བུ་དག་གི་དཔེ་དང་དཔེ་ཅན་དག་རྨི་ལམ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པ་རྣམས་ཀྱིས་གང་ཡུལ་དུ་བྱར་མེད་པའོ།། རྣམ་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་དང་། དེ་བཞིན་ཉིད་ཀྱིས་སོ།། དེ་ཉིད་ཀྱི་ཕྱིར་ཐོགས་པ་མེད་པའོ།། ཡོངསུ་ཤེས་པར་བྱ ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ།། ལྟ་ཅི་སྨོས་ཞེས་པ་གཉིད་སད་པའི་གནས་སྐབས་ཉེ་བར་ཐོབ་པ་ལ་བལྟོས་ནས། རྨི་ལམ་ཉེ་བར་ཐོབ་པ་དང་དེའི་འབྲས་བུ་རྣམས་ཤིན་ཏུ་གསལ་བ་རང་བཞིན་མེད་པ་ཉིད་ཞེས་མངོན་པར ་དགོངས་སོ།། ལུས་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ནི། ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་སྒྲུབ་པར་བྱེད་པའོ།། གནས་ནི་རྡོ་རྗེའི་གོ་འཕང་།། གང་ཡང་སེམས་ཀྱི་ངོ་བོ་ཉིད ་ཀྱི་དབྱེ་བ་ཉེ་བར་དམིགས་པའོ།། ཞེས་མངོན་པར་དགོངསོ།། དེའི་ཕྱིར་གང་ཡིན་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཆོས་ཐམས་ཅད་ནི་སྣོད་ལ་སོགས་པ་བཤད་མ་ཐག་པའོ།། ན་མཁའི་ཁམས་ནི་སྣང་བ་གསུམ ་སྟེ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་ཆེན་པོ་སྟོང་པར་མངོན་པར་བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། དོན་འདི་ཉིད་ཤེས་པ་ནི་དག་པ་ཀུན་ཏུ་བཟུང་ངོ་།། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། དེ་ཡང་ཞེས་པ་ནི་སྣང་བ་གསུམ ་གྱི་བདག་ཉིད་ཅན་ནོ།། རང་བཞིན་དང་རང་བཞིན་མེད་པ་ཉིད་ཀྱི་འདོད་པའི་ཁམས་ལ་སོགས་པ་ལ་ནི་ལུས་ལ་སོགས་པ་ལ་ཀུན་ཏུ་མི་གནས་ཏེ་དེ་ནི་སྐྱེ་བ་མེད་དོ།། ཁམས་གསུམ་པ་ལས་འདས་པ་ཉིད་ཀྱི་ཕྱིར་དང་། ཁམས་གསུམ ་པ་ཡང་སྐྱེ་བ་ཀུན་ཏུ་བཟུང་བ་ཉིད་ཀྱི་ཕྱིར་རོ།། གང་དང་གང་གིས་ཀྱང་ཞེས་པ་ནི་ཡོད་པ་དང་མེད་པ་ལ་སོགས་པས་སོ།། ཤིན་ཏུ་དབྱེར་མེད་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རྡོ་རྗེའི་གནས་ནི་དབྱེར་མི་ཕྱེད་པའི་གནསུ་བསྐྱེད ་པའོ།། བྱང་ཆུབ་ཀྱི་སེམས་ཉིད་ནི་དེ་བཞིན་ཉིད་དོ།། དེ་ཡང་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ནོ།། བདག་ཅེས་བྱ་བ་ལ་སོགས་པ་ནི་དཔེའོ།། ཡང་ན་ཞེས་པ་ནི་འདིར་དེ་བཞིན་ཞེས་པའི་དོན་ནོ།། ལྷོ་ཞེས་བྱ་བ་ལ་སོགས་པ ་འདིའི་བཤད་པ་ནི། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ།། དྲུག་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེ་ལས་དྲུག་པ་ལས་ཏེ། ཡེ་ཤེས་བཞིའི་བདག་ཉིད་ཅན་ལས་སོ།། དགའ་བ་ལྔ་ནི་འདོད་པ་ལྔའི་བདེ་བའོ།། འཕྲེང་བའི་སྔགས་ལ་སོགས ་པ་རྣམས་ཞེས་པའི། སོགས་པའི་སྒྲ་ལས་དེ་ལས་ཅིག་ཤོས་ཀྱི་སྔགས་རྣམས་བསྡུས་པའི་དོན་ནི་སྨན་ལ་སོགསོ།། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སྐྱེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ནི། མེད་པ་ཞེས ་པ་དེ་བཞིན་ཉིད་འདི་དག་གི་ཚིག་བླ་དགས་སོ།། གཉིས་པོ་ཞེས་པ་ལུས་དང་ངག་དང་སེམས་གང་ཡིན་པའི་རྟེན་དང་བརྟེན་པའི་དངོས་པོར་འགལ་བའི་ཕྱིར་ཞེས་པ་དེ་རྣམས་གང་ཡིན་པ་གསལ་བས་ཅུང་ཟད་རྟེན་དང་བརྟེན་པ་ཉི་དུ་མ ་མཐོང་བའི་ཕྱིར་རོ།། དེ་རྣམས་གང་ཡིན་པ་འདི་དག་ཀྱང་སྐྱེས་པར་བཤད་པ་དང་སྐྱེས་པ་མ་ཡིན་པ་དག་གོ།། སྤྱོད་བསྡུས་སུ་ཡང་། འདིར་ཕུང་པོ་ལ་རྣམ་པར་ཤེས་པ་ཅུང་ཟད་ཀྱང་མེད་ཅིང་རབ་ཏུ་གནས་པ ་གསལ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་མེད་པའི་འཁྱིལ་པ་གང་ཡིན་པ་ལ་བརྩམས་ནས་གང་གིས་རྟེན་དང་བརྟེན་པའི་དངོས་པོ་མེད་དོ།། ཡང་ན་རྟེན་དང་བརྟེན་པའི་དངོས་པོར་འགལ་བའི་ཕྱིར་ཞེས་པ་ནི་འདིར་འཆང་བར་འགྱུར་བ་དེ ་ཅིའི་ཕྱིར་ཞེ་ན། ཞེས་པས་འདི་ཅི་ལྟར་འགལ་ཞེས་མངོན་པར་དགོངསོ།། ནམ་མཁའ་ལྟར་ཞེས་བྱ་བ་ལ་སོགས་པས་འགལ་བའི་རྒྱུ་གསུངསོ།། ངོ་བོ་ཉིད་དག་པའི་ཕྱིར་ཞེས་པ་ནི་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལུས་ལ ་སོགས་པ་རྣམས་གང་ཡིན་པ་ཡང་ལུས་ནི་རང་གི་བདག་ཉིད་ཀྱི་རྟེན་དང་བརྟེན་པའི་དངོས་པོར་ཡོད་པ་དེ་བཞིན་དུ། དེ་དག་གི་རང་བཞིན་ཤིན་ཏུ་ཐ་དད་པའི་ཆོས་ཆོས་མཆོག་ཏུ་འཛིན་པར་བྱེད་དོ་ཞེས་པའོ།། དེ་འཛིན་པོར་བྱེད་དོ་ཞེས ་བསྐྱེད་པའི་རིམ་པ་ལ་ཕྱུང་ནས་རབ་ཏུ་ཞུགས་པ་དང་། རྫོགས་པའི་རིམ་པ་ལ་ཡེ་ཤེས་ལྔ་སྟེ། སྔགས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་སྐུ་དང་གསུང་དང་ཐུགས་སོ།། དྲུག་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ།། སྐུ ་ལ་སོགས་པ་འདི་ཉིད་དུ་ཡེ་ཤེས་གསུམ་ལས་ཡང་དག་པར་བྱུང་བ་སྟེ་སྐྱེས་པའོ།། ཐུགས་རྡོ་རྗེ་ནི་ངོ་བོ་ཉིད་གསུམ་པོ་ཉིད་དོ།། རྒྱུ་ལ་ནི་ཡེ་ཤེས་གསུམ་ལའོ།། འབྲས་བུ་ལ་ནི་འོད་གསལ་བ་ཉིད་དོ།། རང་གི་སེམས་ནི་སྣང་བ་གསུམ ་མོ།། ཆོས་ཉིད་ནི་འོད་གསལ་བ་ཉིད་དོ།། འདི་དག་ལ་གནས་པ་ནི། བཤད་མ་ཐག་པའོ།། མི་སྨྲ་བར་གྱུར་པ་ནི་ངག་གི་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ།། དེ་སྐད་ཅེས་བྱ་སྟེ་ལེའུ་ཞེས་པ་ལྷག་མའོ།། མཐའ་དྲུག་གི་བཤད ་པ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོས་བཤད་ཞེས་མངོན་པར་དགོངས་པའོ།། དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ཅེས་པ་ནི་དེ་ཉིད་ཀྱི་ཕྱིར་སྒྲུབ་པའི་སྣོང་སོ་སོར་བརྟགས་པ་མེད་པར་དཀྱིལ་འཁོར་དེ་མངོན་པར་བརྗོད་པ་ཉེ་བར་བསྟན་པའི ་ཕྱིར་གསུངས་པ་སླར་ཡང་ཞེས་བྱ་བ་འདིས་འབྱུང་བར་གྱུར་པའི་སློབ་མ་རྣམས་དང་མ་འོངས་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ཀྱང་བྱ་བ་གསུངསོ།། སྐུ་འཛིན་པ་ནི་ཐུགས་རྡོ་རྗེའོ།། བསྐུལ་བའི་དབང་གིས་བསྟོད་པའི་ཚིག ་བྱུང་བའི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའོ།། མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཐོག་མར་རབ་ཏུ་དང་བའི་དད་པས་ཞེས་བྱ་བའི་དོན་ནོ།། གཟུགས་ལ་སོགས་པ་འི་ཡུལ་རྣམས་དང་མེ་ཏོག་ལ་སོགས ་པའི་རྡོ་རྗེ་རྣམས་ཀྱང་དེ་བཞིན་གཤེགས་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཉིད་ཅེས་གསུངས་པའི་ཕྱིར་མེད་པར་ཐམས་ཅད་དབང་བསྐུར་བ་མེད་དོ།། མངོན་པར་དང་བསྐུར་བ་མེད ་པར་ཡང་དངོས་གྲུབ་ཕྲན་ཚགས་དག་ཀྱང་གྲུབ་པར་མི་འགྱུར་ན་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཆེན་པོ་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་རྒྱུད་སོ་སོར་དབང་བསྐུར་དང་དཀྱིལ་འཁོར་དག་མངོན་པར་རྫོགས་པར་བལྟ་བར་བྱའོ།། ་དཀྱིལ་འཁོར་གྱི་ཆོ་གའི་བསྒྲུབ་པའི་ཐབས་ནས་བྱ་བ་ལ་སྩོགས་པས་འཆང་བར་འགྱུར་བསྡུ་དང་བ་ཉིད་དུ་དྷཱཿལ་འཁོར་དུ་དབང་བསྒྱུར་བྷཿགསུང་སོ།། འདི་དག་ལ་སོགས་པ་ཉིད་ཀྱང་རྒྱུད་གཞན་དུ ་དང་དེའི་ཁྱད་པར་དབྱེ་བ་བླང་ངོ་།། སླར་ཡང་ཞེས་བྱ་བ་ལ་སོགས་པས་སློབ་མ་དང་སློབ་དཔོན་གྱི་འབྲེལ་བ་དང་ཉན་པའི་རིམ་པ་གསུང་སོ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་པ་ཞེས་པ་ནི་སྐུ་གསུམ་ལྔ་སོགས་པ་འགྲུབ ་བར་བྱས་པའོ།། སྐུ་ལ་སོགས་པའི་དོན་མངོན་པར་རྗོད་པར་བྱེད་པ་ཡང་རུང་ངོ་།། མངོན་སུམ་དུ་བྱས་ནས་ནི་ཀུན་ཏུ་དང་བར་བྱས་ནསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རང་བཞི་ན་ཡིན་པའི་ཕྱིར་རྣམ་པར་སྣང་མཛད ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་སྐུའི་དཀྱིལ་འཁོར་ཞེས་གསུངས་སོ།། ཉོན་མོངས་པའི་རི་དགས་རྣམ་པར་འཇིགས་པས་ན་ཞེས་བྱ་བ་ནི་གཏི་མུག་བུ་ཆེ་བའི་དེ་ཅན་ནས་ཀྱི་ལྟེ་བ་ལྷགས་པ།། དེ་ལ་ཞེས་པ་ནི་དཀྱིར་པ ་འའད་པ་ནི་གཏི་མུགི་ནི་མ་ཅན་ནས་རྗེསུ་བཟུང་བྲི་བས་ཨོཾ། དཀྱིལ་འཁོར་ལྟ་བུ་ནི་དཀྱིལ་འཁོར་གྱི་ཆེ་གའི་ཚོགསོ།། སངས་རྒྱས་ཐམས་ཅད་ཀྱི་ནི་ཞེས་པ་རང་བཞིན་ཉིད་གང་ཡིན་པ་འམ། བྱང་ཆུབ་སྒྲུབ་པའི་དོན་དུ་རབ་འཇུག་པའི་དོན་དུ་རབ་ཏུ་འཇུག་པ་ཉིད ་ཀྱི་ཕྱིརོ།། སྒྲུབ་པ་པོ་ཐམས་ཅད་ཀྱི་ནི་གཏི་མུག་གི་རིགས་ཅན་ཐམས་ཅད་དམ། གང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་རྣམས་སོ།། དེའི་ཕྱིར་འདི་ཀུན་ཞེས་བྱ་བ་གསུངས་སོ།། ངོསུ་རེ་རེའི ་ཞེས་བྱ་བ་ནི་ལྟེ་བའི་གནས་ལ་བལྟོས་ནས་སོ།། དེ་ནི་གྲུ་བཞི་ལྷམ་པ་སྟེ་ཞེས་པའི་ཁང་པ་བརྩེགས་པའི་ཕྱིའི་གཟུགས་ལ་བལྟོས་ནས་གསུངསོ།། དེ་ཉིད་ཀྱི་ཕྱིར་གྲུ་བཞི་ཞེས་བྱ་བའི་ཞེས་བྱ་བ་ལ་སོགས་པ་གསུངསོ།། དྲི་མ་མེད་པའི་ཆོས་ཀྱིས ་ནི་རྡུལ་ཚོན་ཁ་དོག་མཆོག་ཏུ་འབར་བའི་ཕྱིར།། སངས་རྒྱས་ཀུན་གྱི་ཞེས་པ་ནི་དག་པའི་ཉེས་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས་པར་བྱས་པ་ནི། བྱིན་གྱིས་བརླབས་པའོ།། འཁོར་ལོའི་འཕྲེང ་བས་བརྒྱན་པ་ཞེས་པ་ནི། སྙིང་པོའི་དཀྱིལ་འཁོར་རྣམ་པར་བཅད་པའོ།། བླ་མ་ལས་མཐོང་བ་རང་གི་བྱ་བ་ཡང་དེ་ཁོ་ན་ཉིད་བསྡུས་པོ་ལ་སོགས་པ་ལས་ངེས་པར་བསྟན་པའི་དཀྱིལ་འཁོར་གྱི་ཆོ་ག་སྦྱང་བ་དེ་ལྟ་བུའི་དཀྱིལ་འཁོར་བྲི་བར ་བྱའོ་ཞེས། དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པ་ཞེས་བྱ་བ་ལ་སོགས་པ་གསུངསོ།། རྒྱ་ཆེར་ནི་དེ་ལས་དཀྱིལ་འཁོར་གྱི་ཆོ་ག་ར་གསུངས་པ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ལྷ་རྣམས་ཀྱི་ཞེས་པ་ནི་དཀྱིལ ་འཁོར་བ་རྣམས་ཀྱི་དབུས་སུའོ།། རང་གི་རིམ་པར་གནས་པ་རྣམས་ཀྱི་མངོན་དུ་ཕྱོགས་པའི་དབུས་སུའོ།། རང་གི་ཕྱག་རྒྱ་སྤྱན་མ་ལས་ཇི་སྲིད་གནས་སམ་གོ་འཕང་ཡང་དག་པོར་ལྡན་པའོ།། ལྷའི་གཟུགས་ནི་རྣམ་པར་སྣང་མཛད ་ཀྱི་སྐུའམ་འཁོར་ལོའོ།། མི་བསྐྱོད་པ་ལ་སོགས་པའང་ཞེས་བྱ་བ་ལ་སོགས་པ་ནི། ཤར་ལ་སོགས་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཡོངསུ་བསྐོར་བའོ།། གཅིག་པུ་ཞེས་པ་ནི་བཙུན་མོའི་ཕྱག་རྒྱ་དང་བྲལ་བའོ།། ་སྤྱན་མ་ཞེས་བྱ་བ་ལ་སོགས་པས་དགོད་དོ།། ཇི་ལྟར་རིག་པར་ཞེས་པ་ནི་ལྷ་མོ་རྣམས་ཀྱིས་ཡོངསུ་བསྐོར་བའོ།། ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རིམ་པ་གསུམ་པའི་སྒོ་བཞི་པོ་སྟོན་པར་བྱེད་དོ།། སྟོབས ་ཆེན་ཞེས་བྱ་བ་ལ་སོགས་པའི་གླུ་བཞི་པོ་སྟེ་འདིར་ཡོངསུ་བསྐོར་བ་ནི་མེད་དོ་ཞེས་མཚོན་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པ་རྣམས་དང་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་སོ་ཞེས་པ་འདིས་རིམ་པ་གཉིས་པའི་དེ་བཞིན ་གཤེགས་པ་ལ་སོགས་པ་བཞིན་དུ་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་ཡོངསུ་བསྐོར་བར་རྟོགས་པར་བྱའོ།། བྱམས་པ་ལ་སོགས་པ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་དགོད་དོ།། སྔགས་ཤེས་པ་ཞེས་པ་ལ་སོགས་པ་ལ་སྔགས ་ནི་ལྷའི་རྣལ་འབྱོར་རྣམ་པ་གཉིས་ཏེ་དེ་ཤེས་པའོ།། ལྷའི་འཁོར་ལོའི་གཟུགསུ་དམིགས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་འམ། དཀྱིལ་འཁོར་གྱི་དབུས་སུ་སྟེ། སྐུའི་དཀྱིལ་འཁོར་གྱི་རིབུས་སུའོ།། ཤེས་རབ་དང་ཐབས་གཉིས་ཀ་ཡང ་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། གཞན་ནུ་རེ་གང་རྡོ་རྗེ་སློབ་དཔོན་དྲུག་པ་ཉིད་དང་མཚུངས་པ་ཁོ་ན་མ་ཡིན་ནམ་བཤད་པའི་རྒྱུད་རྡོ་རྗེ་འཕྲེང་བས་ལྷ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དུ་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན ་སྒོམ་པ་འདི་མེད་དེ་དྲུག་པ་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དུ་ཡོངསུ་གྱུར་པས་དཀྱིལ་འཁོར་གྱི་དབང་པོར་འགྱུར་རོ་ཞེས་སོ།། བདེ་མཆོག་གི་རྒྱུད་ཀོངྒ་ཎའི་དཀའ་འགྲེལ་དུ་བྲིས་པ་རྡུལ་ཚོན་གྱི་དབུས་སུ་སྐུ་དང་གཉི་ག་ལས། སྟོང ་དུ་ཁྲིད་བྱིན་ནས་དཀྱིལ་འཁོར་མཆོད་པ་རང་གི་ཕྱག་རྒྱ་དང་བཅས་པས་བྱ་བ་ཞེས་པ་ནི་ཡང་དག་པ་མ་ཡིན་ནོ།། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་རྣམས་ཀྱི་ཞེས་པ་ནི། སློབ་དཔོན་རྣམས་ཉིད་དོ།། ཞེས་མངོན ་བར་དགོངསོ།། ངེས་པ་ཁོ་ནར་ཞེས་པ་ནི་བཟའ་བ་ནི་ལུས་རྒྱས་པའི་དོན་དུ་སྐུའི་རྡོ་རྗེ་ཉིད་ཀྱང་འདིར་གཙོ་བོ་ཞེས་དེའི་ཕྱིར་ངེས་པ་ཁོ་ནར་ཞེས་མངོན་པར་བརྗོད་པར་བྱའོ།། ངོས་རེ་རེ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ ་བཞིན་ནོ།། ཡོངསུ་རྫོགས་པ་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱང་ངོ་།། ཆོ་ག་ལ་མཁས་པ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལ་སོགས་པར་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་ལོ་བྱ་བའོ།། དེ་ལྟར་ཞེས་བྱ་བ ་ལ་སོགས་པ་ལ་དཀྱིལ་འཁོར་གསུམ་ཞེས་བྱ་བ་ནི་སྔར་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་དང་བཅས་པའོ།། རྡོ་རྗེ་འཛིན་པ་ལ་སོགས་པ་ཞེས་བྱ་ལ་སོགས་པས་ལེའུ་བཞི་པར་གསུངས་པའི་མི་བསྐྱོད་པ་གཙོ་བོ་ཡིན ་ལ། འདིར་དཀྱིལ་འཁོར་བ་ཉིད་མངོན་པར་བརྗོད་དོ།། དཀྱིལ་འཁོར་གྱི་སྒྲས་སྐུ་ལ་སོགས་པའི་དཀྱིལ་འཁོར་འབྲེལ་བར་སྟོན་པར་བྱེད་དོ།། དེ་ལྟར་གཞན་རྣམས་ལ་ཡང་དཀྱིལ་འཁོར་ཕ་ན་ཚུན་དུའོ།། གྲོང་ཡང་རིན་པོ་ཆེ ་རྩེ་མོ་དགུ་པའི་རྡོ་རྗེ་འཛིན་པའི་ཕྱིར་རིན་ཆེན་དབང་པོ་ཉིད་རྡོ་རྗེ་འཛིན་པའོ།། སོགས་པའི་སྒྲ་ནི་དང་པོའི་དོན་ཏེ། ངེས་རིན་ཆེན་དབང་པོ་ལ་སོགས་པ་རྣམས་ཞེས་རྟོགས་པར་བྱའོ།། དེའི་ཕྱིར་དཀྱིལ་འཁོར་བ་རྣམས་ཀྱི་ཞེས་པ་ནི་སྐུ་དང་། ་གསུང་གི་དཀྱིལ་འཁོར་དག་དང་གསུམ་པོ་འདི་རྣམས་ལས་གཞན་ཡང་མཱ་མ་ཀཱི་ལ་སོགས་པ་རྣམས་དཀྱིལ་འཁོར་བ་ཡིན་པ་ཉིད་ཀྱི་ཕྱིར་རོ།། སྐུ་ཞེས་བྱ་བ་ལ་སྔོགས་པ་ནི་སྐུ་ལ་སོགས་པའི་རྡོ་རྗེ ་གསུམ་པོ་རྣམས་ཕན་ཚུན་མངོན་པར་སྤྱོད་པ་ལས་གསང་བ་གསུམ་ཉིད་དུ་ངེས་སོ།། དེ་བཞིན་གཤེགས་པ་ཉིད་ནི་སོ་སོ་འདུས་པར་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངསོ་སོ།། འདི་ནི་ཉེ་བར་མཚོན་པ་སྟེ། དེས་དཀྱིལ ་འཁོར་པ་གཞན་རྣམས་ཀྱི་ཡང་གཙོ་བོ་ཉིད་ནི་གསང་བ་གསུམ་ཉི་དུ་རྟོགས་པར་བྱའོ།། གསང་བ་གསུམ་ནི་རྡོ་རྗེ་འཆུང་ཆེན་པོ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ ་བ་ལ་སོགས་པས་ཐིག་གདབ་པ་ནས་བརྩམས་པ་ཉིད་ནི་དཀྱིལ་འཁོར་ཡོངསུ་གྱུར་པ་གསུངས་སོ།། དེ་བཞིན་དུ་གང་གི་ཚེ་དཀྱིལ་འཁོར་གྱི་བདག་ཉིད་གང་ཡིན་པ་དེའི་ཚེ། དེའི་ཁ་དོག་དང་དེའི་རྣལ་འབྱོར་གྱི་ཐིག་གདབ་པ་ལོ ་སོགས་པ་བྱའོ།། སྐུ་ལ་སོགས་པ་ནི་གསང་བ་ཉེ་བར་བྱ་བཞིན་པའོ།། རྡོ་རྗེ་ཞེས་པ་ལ་སོགས་པ་ལ་དེ་རྣམས་ཞེས་པ་ནི་སྐྱེད་པར་བྱེད་དོ་ཞེས་པ་ལྷག་མའོ།། ཡིད་སྐྱོབ་པར་བྱེད་པ་ཞེས་པ་འདིའི་བཤད་པ་ནི་སེམས་ཞེས ་བྱ་བ་ལ་སོགས་པའོ།། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། མི་འཇིགས་པས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གལ་ཏེ་དེ་ཁོ་ན་ཉིད་བསྡུས་པ་ལས་ཞེས་བྱ་བ་ལ་སོགས་པས་རྫོགས་པའི་རིམ་པ་ལ་གནས། ་པ་ནི་འདིར་གསུངས་པའི་ཆོ་གས་དཀྱིལ་འཁོར་བྲི་བ་མ་ཡིན་ནོ།། རྫོགས་པའི་རིམ་པ་ལ་གནས་པས་བྱའོ་ཞེས་པའི་དོན་ཉིད་མངོན་པར་བརྗོད་པར་འགྱུར་རོ།། བསྐྱེད་པའི་རིམ་པ་ལ་གནས་པ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད ་ལ་སོགས་པར་མངོན་པར་བརྗོད་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ལ་བལྟོས་པར་མངོན་པར་བརྗོད་པ་དེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་རྒྱུད་འདིར་གསུངས་པའི་ཆོ་གའི་དབང་དུ་བྱས་ནས་དམ་ཚིག་ཅེས་བྱ་བ་ལ་སོགས ་པ་གསུངསོ།། གནས་འདི་བཞི་སྟེ་ཞེས་པ་སྤྱི་བོ་དང་མགྲིན་པ་ལ་སོགས་པར་རོ།། བསྐྱེད་པར་བྱའོ་ཞེས་པ་རིགས་ལྔ་ཉིད་ཅེས་པ་ལྷགཽ་མའོ།། ངེས་པར་གནོད་མཛེས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཚོགས་པར་གྱུར་པའི་དཀྱིལ་འཁོར ་པ་རྣམས་བཀུག་ནས་སཱ་མཱ་ཛ་ཞེས་པ་དང་སྤོལ་བའི་སྔགས་བཟླས་པས་སོ།། བསམ་གཏན་གྱིས་བསྐྱེད་པའི་མཆོད་པའི་དབང་དུ་བྱས་ནས། དུས་གསུམ་ཞེས་བུ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀྱི་ཞེས་པ་ནི་སྙིང་གའི་ས་བོན ་ལས་བྱུང་བ་རྣམས་ཀྱིས་སོ།། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་བཀྲུག་པ་རྣམས་ཀྱིསོ།། གཅིག་ཏུ་བྱས་ནས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ལྷན་ཅིག་ཡང་དག་པར་སྦྱོར་བར་བྱེད་པས ་མཆོད་པ་བྱའོ།། མཆོད་པའི་འབྲས་བུ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་པའི་སྔགས་ནི་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། སྒྲ་ཇི་བཞིན་པའོ།། རྒྱ་ཆེ་བ་ཤིན་ཏུ་མཛེས་པ་སྟེ་བདུད ་རྩིར་བྱས་པ་ཉིད་ཀྱི་ཕྱིར་རོ།། འདི་ཉིད་ཅེས་པ་ནི་ཕྱིའི་དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་གསུངས་པ་གང་ཡིན་པ་འདིའོ།། ནང་གི་བདག་ཉིད་ཅན་ནི་སློབ་དཔོན་གྱི་ལུས་ཀྱི་ནང་དུ་རྟོགས་པའི་ཕུང ་པོ་ལ་སོགས་པའི་ངོ་བོ་དེ་བཞིན་གཽཤེགས་པ་རྣམས་གཏོར་མས་ཚིམ་པར་བསྟན་ནོ།། བཤང་བ་དང་སོགས་པའི་སྒྲོས་གཟུགས་ལ་སོགས་པ་དང་ཡུལ་ལྔ་མངོན་པར་བརྗོད་པར་བྱའོ་ཞེས་སྒྲ་ཇི་བཞིན་པ་མ་ཡིན་པས་ཞེས་གསུང། ་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་བརྡར་གྱུར་པའི་སྒྲའོ།། དེ་ལས་གཞན་མ་ལུས་ལ་སྲོག་ཆགས་རྣམས་ཀྱི་སྒྲ་ཉིད་ཀྱིས་བསྡུས་པའི་ཕྱིར་རོ།། བཤང་བ་ལ་སོགས་པ་ཞེས་པ་ནི་ཉེ་བར་མཚོན་པར་བྱེད་པ་སྟེ་གོ་ཀུ་ལ་སོགས་པ། ་རྣམས་ཕུང་པོ་ལྔ་དབང་བསྐུར་བ་རྣམས་ཉེ་བར་མཚོན་པར་བྱེད་དོ།། གཏོར་མ་བྱིན་གྱིས་བརླབས་པ་ནི་བདུད་རྩི་ལ་སོགས་པའོ།། འདི་དག་ཐམས་ཅད་དུ་བཅུ་པོ་རྣམ་ཉིད་ཀྱིས་བཤད་པར་བསྟན་པའི་ཕྱིར་རོ།། སྐབསུ་བབ་པར་སླར ་ཡང་ཕུང་པོ་དང་ཁམས་ལ་སོགས་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་བཤད་པ་ལ་སོགས་པའི་ཡུལ་ལྔ་པོ་རྣམས་ཀྱིས་ཚིམ་པར་བྱེད་པར་འདིར་གསུངས་སོ།། དེ་ཉིད་ཀྱི་ཕྱིར ་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་འཇུག་པར་བྱེད་པའི་དོན་དུ་ཕན་ཡོན་སྟོན་པ་ཤུ་ཙ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཚིམ་པར་བྱེད་པ་ཉིད ་ཀྱི་ཡུལ་གཞན་ཐམས་ཅད་ཐུན་མོང་པ་ཉིད་ཡིན་པའི་ཕྱིར་རོ།། སྔགས་པ་ཞེས་པ་ནི་རིམ་པ་གཉིས་ལ་གནས་པའི་རིགས་ཅན་ཐམས་ཅད།། ཕྱི་རོལ་དུ་མས་དེ་བཞིན་གཤེགས་པའི་སྔགས་པ་ཚིམ་པར་བྱེད་པ་དང་། ཚིམ་པར་བྱས ་པ་ཉིད་དུ་འགྱུར་རོ་ཞེས་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ།། ཅི་རིགས་པར་ཞེས་པ་ནི་བླ་མ་ལསོ།། སངས་རྒྱས་ཐམས་ཅད་ཀྱིས་ནི་རྫོགས་པའི་རིམ་པའི་རིགས་ཅན་ལྔ་པོ་རྣམས་ཀྱིའོ།། སྒྲ ་ཇི་བཞིན་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་བདག་ཉིད་ཕུང་པོའི་ཟ་མ་ཏོག་ལ་གནས་པའི་ཐུགས་ཀྱི་རྡོ་རྗེའི་གཅིག་ཏུ་བྱས་ནས་ནི་བསྲེག་བྱའི་རྫས་ཀྱིསོ།། ཇི་ལྟར་རྙེད་པ ་ཞེས་པ་ནི་ལས་ཀྱི་རྗེསུ་མཐུན་པར་རྙེད་པ་དང་། ཐབ་ཁྲེདྡྷེ་བུད་ཤིང་གིསེ་ལའོ།། དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བ་ཞི་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པོ་མ་ཡིན་པའོ།། བདག་ཉིད ་རང་གི་ཕྱག་རྒྱ་ཞེས་པ་ནི། རིགས་ལྔ་པོ་རྣམས་ཀྱི་སྤྱིའི་ཚིག་སྟེ། གླང་དང་གང་གི་ཕྱག་རྒྱ་སྤྱན་མ་ལ་སོགས་པའི་གཟུགས་དེ་དང་ལྷན་ཅིག་ཏུ་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་སྦྱོར་བའོ།། དེ་ལས ་བྱུང་བ་རྣམས་ཀྱིས་སོ།། དཀྱིལ་འཁོར་གྱི་བདག་པོ་ཞེས་པ་ནི་སྤྱིའི་ཚིག་སྟེ་རིགས་གང་དོང་གང་ཡིན་པ་དེའི་དཀྱིལ་འཁོར་གྱི་བདག་པོ་གང་ཡིན་པ་ནི་ཐོག་མར་ལྷའི་འཁོར་ལོ་གནས་ཇི་ལྟ་བ་བཞིན་དུ་སློབ་མིའི་ལུས་དང་ཁང་པ་བརྩེགས ་པར་དགོད་པར་བྱ་སྟེ། སྙིང་གའི་པདྨ་དང་སྙིང་པོའི་རིམ་པའི་དབུས་དཀྱིལ་འཁོར་གྱི་བདག་པོ་བཞག་པར་བྱའོ།། རྣལ་འབྱོར་བཞི་ལྔས་རྫོགས་པའི་དཀྱིལ་འཁོར་གྱི་བདག་པོ་དེའི་ཕྱིར་མདོ་དང་བསྲེ་བར་བྱེད་པ ་ག་ཏུ་བྱ་བར་གསུངས་པ་འདིས་འདིར་འགལ་བ་མེད་དོ།། གཏི་མུག་ལ་སོགས་པའི་རིགས་ཅན་གྱི་སློབ་མ་རྣམས་རྣམ་པར་སྣད་མཛད་ལ་སོགས་པ་ཉིད་བདག་པོ་རྣམསུ་སྤྲུལ་པ་ཅན་དུ་སྦྱར་བར་བྱ་སྟེ། གང་ལས་དཀྱིལ་འཁོར ་བདག་པོ་རྣམས་དང་དཀྱིལ་འཁོར་པ་རྣམས་ཀྱང་ཕྱག་གཉིས་པ་ཉིད་རང་རང་སོ་སོའི་སྐུའི་དཀྱིལ་འཁོར་གྱི་བདག་པོའོ།། གང་གི་ཕྱིར་ལེའུ་དང་པོར་གསུངས་པའི་རིག་པའི་སྐྱེས་བུ་ཆེན་པོའི་གཟུགསོ་ཞེ་སྡང་ལ་སོགས་པར་གྱུར་ནས ་དཀྱིལ་འཁོར་དུ་ཞུགས་པའོ།། ལྷག་མ་བདུད་རྩི་གསུམ་ཞེས་པ་ནི། ཁྲག་དང་རྐང་དང་གཅིན་གྱི་ངོ་བོའོ།། འདི་དག་ཅེས་བྱ་བ་ལ་སོགས་པ་ནཱི། བླ་མ་རྣམས་ལན་བདུན་དུ་མངོ་ནཱ་པར་སྔགས་པར་འདོང་ངོ་།། རྒྱུད་གཞན་དུ་ནི་ལན་བརྒྱ་རྩ ་བརྒྱད་དུ་མངོན་པོར་བསྔགས་ནས་བཟའ་བར་བྱ་སྟེ། རྣམ་པ་གཞན་དུ་ན་དམ་ཚིག་གི་རྫ་སུ་མི་འགྱུར་པར་བལྟ་བར་བྱའོ།། ཡང་ན་འདུས་པ་ཕྱི་མར་རྡོ་རྗེའི་ལམ་ནས་ནི།། སློབ་མའི་ཁ་རུ་དབབ་པར་བྱ་ཞེས་གསོང་བའི་དབང་བསྐུར་བར ་བཤད་དོ།། རྒྱུང་གཞན་དུ་ཡང་རྒན་པོ་མིང་མེད་དག་གིས་ནི། སློབ་མའི་ཁ་རུ་དབབ་པར་བྱ་ཞེས་པ་ནི། གཉིས་ཀ་གཅིག་ཏུ་སྤྲུལ་པས་རྡོ་རྗེ་སློབ་མ་ལ་དབབ་པར་བྱའོ་ཞེས་པ་ནི་མི་འགལ་ལོ།། ཐེག་པ་གསར་པ་ནི་སངས་རྒྱས་ཀྱི་ཐེག ་པའོ།། གང་ཡང་གསང་བའི་དབང་བསྐུར་བ་ལས་ཐོག་མར་མངོན་པར་དབང་བསྐུར་བ་གང་ཡིན་པ་ངེས་དབང་བསྐུར་བ་དེ་རྣམས་ཐེག་པ་སར་པ་ལ་གནས་པའོ།། དེ་རྣམས་གང་ཡིན་པ་ལ་གསང་བ་སྟེ་བསྟན་པར་མི་བྱ་བ་ནི་ས་ལ་སྔོགས ་པ་རྣམས་སོ།། དེ་རྣམས་ལ་ནི་གང་མངོན་པར་དབང་བསྐུར་བ་ནི་བསྟན་པར་བྱ་བར་གསུངས་སོ་ཞེས་སྦྲེལ་ལོ།། ཅི་ལྟར་བསྟན་པར་བྱ་ཞེ་ན། དེ་ཉིད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་འདི་ལྟ་བུ་ནི་འཆང་པར་འགྱུར་བཞིན་པ ་བདག་ཉིད་ཀྱིས་བསླབ་ཅིང་སྦྱིན་སྲེག་དང་གཏོར་མའི་ཚུལཾ་གྱིས་ཞེས་པ་ཙཱ་རུའི་དངོས་པོས་བསྒྲུབས་ནས་ཕྱི་དང་ནང་གི་སྦྱིན་སྲེག་དང་གཏོར་མས་ཚིམ་པར་བྱེད་པ་དེའི་ཚུལ་གྱིས་དབུལ་བར་བྱའོ།། མཉེས་པ་ནི་རབ་ཏུ་དགྱེས་པོའོ།། མགོན་པོ ་ནི་རྣམ་པར་སྣང་མཛད་ལ་སོགས་པརཱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། ཅི་ལྟར་ཞེ་ན། བདུད་རྩི་ལྔ་ཞེ་ས་བྱ་བ་ལ་སོགས་པ་གསུངས་ཏེ། བཟའ་བ་ལ་སོགས་པ། བཱི་ར། ཤུ་མཱ། མཱུའི་ཚུལ་གྱིས་ཡུལ་གྱི་རང་བཞིན་ཉིད ་ཡིན་པའི་ཕྱིར་འདི་རྣམས་གཟུགས་རྡོ་རྗེ་ལ་སོགས་པའི་ས་བོན་ལྔས་བསྐྱེད་པར་བྱའོ།། ཤཱ་ཞེས་བྱ་བ་ལ་སོགས་པ་ནི། སྒྲོལ་མ་རྣམ་པ་ལྔ་ཞེས་པ་སྟོབས་དང་ཁ་དོག་གསལ་བར་བྱེད་པའི་ཕྱིར་གི་ཀུ་ལ་སོགས་པའོ།། དམ་ཚིག་ཆེན་པོ་ལག ་ལྡན་རྟ།། དེ་བཞིན་ཁྱི་ལ་སོགས་པའི་ཤ།། ཕུང་པོ་ལ་སོགས་རིགས་དབྱེ་བས།། གང་གསུངས་དམ་ཚིག་དེ་བཤད་།། ཞེས་གསུངས་པའི་ཕྱིར། ཕུང་པོའི་ངོ་བོ་ཉིད་ཡིན་པས་འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་གྱིས ་བསྐྱེད་ནས་སྦྱངས་པ་དང་རྟོགས་པ་ལ་སོགས་པའི་རིམ་པས་ཡང་དག་པར་སྦྱངས་ནས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱའོ།། འདུས་པ་ཕྱི་མར་ནི་ཡི་གེ་གསུམ་གྱི་ས་བོན་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། འདི་ཉིད་ཡུལ་རོ་ཉི་དུ་བཤད་པས་སྒྲུབ་པར་བྱེད་པ་གང་ཡིན་པ་རྣམས་ཀྱང་ཡུལ་རོར་བསྡུས་པ་ཉིད་དོ་ཞེས་བྱ་བ་དང་ཞེས་བྱ་བོ་ལ་སོགས་པ་གསུང་སོ།། ཡུལ་གཞན་གྱི་དབང་དུ་བྱས་ནས་རྡོ་རྗེ་གསང་བ་ཞེས་བྱ ་བ་ལ་སོགས་པ་གསུངས་སོ།། དབང་པོ་གཉིས་ཞེས་པ་ནི་བུད་མེད་དང་སྐྱེས་པའི་དབང་པོའོ།། ཀླུ་ལ་སོགས་པས་ཀྱང་ཞེས་པའི་སོགས་པའི་སྒྲོས་མ་བཤད་པའི་ཡུལ་རྣམས་བསྡུས་སོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ ་སོགས་པ་གསུངསོ།། སྡུག་པ་ནི་ཡིད་དུ་འོང་བ་སྟེ་ཡོངས་སུ་འགུ་བར་གྱུར་པར་སྟོན་པར་བྱེ་།། བཤད་ཟིན་པའི་ཡུལ་རོའི་དབང་དུ་བྱས་ནས་སླར་ཡང་བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟའ་བ་ལ་ཉེ་བར་སྤྱོད་པའི ་དུས་སུ་ནི་ཟ་བར་བྱེད་པའི་དུས་སུའོ།། དང་པོར་ཞེས་པ་ལ་སོགས་པ་ནི་སྦྱང་བ་དང་རྟོགས་པ་དང་། དད་ཅེས་པས་འབར་བར་བྱེད་པ་དང་གདུང་བར་བྱེད་པ་ལ་སོགས་པའི་རིམ་པས་སོ།། དེ་ལ་དང་པོར་རིམ་པ་ལ་ཡང་། ཧཱུཾ་ཡིག་གིས་ནི ་ཡང་དག་སྦྱར།། ཨཱཿཡིག་གིས་ནི་རྟོགས་པར་བྱ།། ཨོཾ་གྱིས་མནན་ནས་འབར་བར་བྱ།། འདི་ནི་བཟའ་བ་སྤྱོད་པའོ་ཞེས་སོ།། འདུས་པ་ཕྱི་མ་རུ།། རྡོ་རྗེ་ཧཱུཾ་ལས་ཡང་དག་འབྱུང་།། བར་སྣང་ལ་གནས་བསམ་པར་བྱ།། ཨཱཿལས ་བྱུང་བའི་པདྨ་ནི།། དེ་ཡི་འོག་དེར་བསྒོམ་པར་བྱ།། ཨོཾ་གྱིས་མཚན་མའི་བདུད་རྩི་ནི།། དེ་ཡི་དབུས་སུ་བཞག་པར་བྱ།། རྡོ་རྗེ་པདྨ་མཉམ་སྦྱོར་བས།། འབར་བས་རྣལ་འབྱོར་ཚིམ་པར་བྱ་ཞེས་བྱ་བ་ལ་སོགས་པའོ།། ཀླུའི་བློའི་ཞབས ་ཀྱིས་མཛད་པའི་སྦྱིན་སྲེག་གི་ཚེ་གར་ཡང་། སྐུ་གསུངས་ཐུགས་ཀྱི་སྙིང་པོ་ཡང་།། ཉི་མ་ཟླ་བ་མེ་དབུས་གནས།། ཡི་གེ་གསུམ་གྱིས་མངོན་སྔགས་པའི།། སྦྱང་དང་འབར་དང་རྟོགས་པར་བྱེད་ཅེས་སོ།། འདི་རྣམས་ཕན་ཚུན་འབྲེལ ་པས་འབད་པ་ཉིད་དུ་རྟོག་པར་བྱའོ།། དེ་ལྟ་བུའི་རིམ་པས་སྦྱངས་པའི་ཕྱི་ནས་བཟའ་བའི་དུས་སུ་ཡི་གེ་ཨོཾ་བསྒོམས་ནས་འབྲར་བར་བྱའོ།། ཞེས་རྟོགས་པར་བྱའོ།། ཁྲོ་བོའི་མཐར་ཐུག་པ་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་རྣམས ་ཀྱིས་ཞེས་མངོན་པར་དགོངས་སོ།། དེ་རྣམས་ནི་སུམ་ཅུ་རྩ་གཉིས་པོ་རྣམས་སོ།། དེ་རྣམས་ཀྱི་སྐུ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཐིམ་པའི་ས་བོན་ནི་སྐུ་ལ་སོགས་པའི་ས་བོན་གསུམ་གྱི་བདག་ཉིད་ཅན་ཉིད་དུ ་འགྱུར་རོ་ཞེས་པའི་དོན་ནོ།། དབབ་པར་བྱའོ་ཞེས་པ་ནི། རབ་ཏུ་གཞུག་པར་བྱའོ།། རབ་ཏུ་བཅུག་པའི་ཡེ་གེ་གསུམ་པོ་ཉིད་ཀུན་ཏུ་སློབ་པ་དྭེ་ཡི་གེ་ཧཱིབྷཱ་ལ་རབ་ཏུ་གཞུག་གོ།། རྡོ་རྗེ་འཆང་ཆེན་པོ་ལ་ཕན་ཚུན་རབ་ཏུ་འཇུག་པ་བཞིན་ནོ།། ་དེ་བཞིན་ཕྱིར་དེ་ལ་མངག་གཞུག་པ་ཅེས་བྱ་བ་ལ་སོགས་པ་གསུངསོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་གསུམ་གྱི་བདག་ཉིད་ཅན་ནམ་བདག་གི་རང་བཞིན་གང་ཡིན་པ་དེ་དེ་བཞིན་ནོ་ཞེས་པ་གནོད་སྦྱིན་ཐམས་ཅད་སྒྲུབ་པར ་བྱེད་པ་འདོད་བཞིན་པ་ཉིད་ཡིན་པའི་ཕྱིར་གནོད་སྦྱིན་གྱི་ཁྱད་པར་མངོན་པར་བརྗོད་དོ།། དེའི་དོན་ནི་འདི་ཡིན་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོ་གང་ཡིན་པ་ལ་བཀའ་བསྒོ་བ་སྩལ་བར་འདོད་དེ། དེ་ཉིད ་གེ་གསུམ་ལས་རྫོགས་པའོ།། མངོན་པར་འདོད་པའི་ལས་ལ་སྦྱར་བར་བྱའོ་ཞེས་པ་ནི་དེ་ཉིད་ཀྱི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕྱག་ན་རྡོ་རྗེ་ནི་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་ཐོག་མར ་ཡང་གནོད་སྦྱིན་གྱི་སྒྲས་མི་བསྐྱོད་པ་ལ་སོགས་པ་ཁོ་ནར་མངོན་པར་འདོད་དོ་ཞེས་རྟོགས་པར་བྱའོ།། འདི་ནི་ཁྱད་པར་ཏེ་ཐོག་མར་ནི་བསྐྱེད་པའི་སྔགས་གཅིག་ཉིད་དོ།། འོ་དྲིར་ནི་སྣ་ཚོགས་ཏེ་རྡོ་རྗེ་གསང་བའི་གནས་ཞེས་པས་འདིའི ་བཤད་པ་འབྱུང་ངོ་།། གསང་པོ་ནི་མཆོག་གོ། ཡན་ལག་གི་དོན་གྱི་དབང་དུ་བྱས་ནས། དེ་ལ་ཞེས་པ་ནི་དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པར་བྱས་ནས་ཞེས་པ་ནི། འདིར་པདྨ ་ནི་འོད་དཔག་མེད་ཀྱི་མཚན་མ་སྟེ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བྱས་ནས་ཞེས་རྟོགས་པར་བྱའོ།། སྣ་ཚོགས་པདྨ་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་བར་སྔར་བཤད་པར་ངེས་པར་གནོད་མཛེས་ཀྱང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་གནས ་པ་ཉིད་དུ་སྦྱར་བར་བྱའོ།། གཤིན་རྗེ་གཤེད་ཀྱང་ཟླ་བ་ཞེས་པ་ཟླ་བའི་སྟེང་དུ་འཁོར་ལོ་འམ། ཉི་མོའི་དཀྱིལ་འཁོར་ལ་གནས་པར་བྱ་ཞེས་པ་དགོད་པར་བྱའོ།། སྡུག་བསྔལ་དྲག་པོ་ནི་མི་བསྐྱོད་པ་ལ་སོགས་པའོ་ཞེས་པ་ལ་སོགས་པས ་མི་བསྐྱོད་པ་ལ་སོགས་པའི་གཟུགསུ་དམིགས་ནས་ཁྲོ་བོ་རྣམས་ལ་བཀ་བ་སྒོ་བ་སྦྱིན་པར་བྱའོ་ཞེས་མངོན་པར་དགོད་སོ།། བྱས་ནས་ངེས་པར་སྦྱོར་བའི་ཚིག་གི་མཐར་ཨོཾ་ཞེས་བརྗོད་ནས་བཀའ་བསྒོ་བར་བྱིན་ཅིག་ཅེས་ཡང་དག་པར་བསྐུལ ་བ་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ།། རྣམ་པ་གཞན་དུ་ན་བཀའ་བསྒོ་བས་སོ་ངེས་པོར་མི་འགྱུར་རོ།། ཨཱཿཞེས་པ་འདི་བཀའ་བསྒོ་བ་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཡིན་པའི་ཕྱིར།། མདུང་རྩེ་འཛིན་པ་ཞེས་པ་ནི་སྟོབས་པོ ་ལ་སོགས་པ་རྣམས་ཀྱིས་སོ།། རྡོ་རྗེ་ཆེན་པོས་ཞེས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པ་རྣམས་ཀྱིས་སོ།། ལྕགས་ཀྱུ་འཛིན་པ་ཞེས་པ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་རྣམས་ཀྱིས་སོ།། གཞན་དངོསུ་མ་གསུངས་པ་རྣམས་ཀྱི ་མཚན་མ་བསྟན་པའི་ཕྱིར་རྣམ་པ་སྣ་ཚོགས་པས་ཞེས་བྱ་བ་ལ་སོགས་པའོ།། མངོན་པར་འདོད་པའི་དོན་ཞེས་པ་ནི་གང་གི་དོན་དུ་མངག་གཞུགས་པ་ལ་བཀའ་བསྒོས་པའོ།། འདིར་ཞེས་པ་ནི་རི་བོ་ལ་སོགས་པར་རོ།། སྒྲུབ་པར་ཞེས་པ་ནི ་སྒྲུབ་པའོ།། སུམ་ཅུ་རྩ་དྲུག་ཅེས་པ་ལ་སོགས་པས་འདིའི་འབྲས་བུ་གསུངས་སོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མངག་གཞུག་པ་ནི་ཐུན་མོང་གི་མངག་གཞུག་པ་སྒྲུབ་པའི་སྐབ་སུ་མི་བསྐྱོད་པ་ལ་སོགས་པའི་མངག་གཞུག ་བྱའོ།། ཁྱད་པར་གྱི་སྒྲུབ་པ་ལ་ངེས་པར་གནོད་མཛེས་ལ་སོགས་པ་སངས་རྒྱས་ཀྱི་ངོ་བོའོ།། འཇིག་རྟེན་པའི་ལྷ་ཆེན་པོ་ལ་སོགས་པ་རྣམས་དང་། འཇིག་རྟེན་ལས་འདས་པ་མི་བ་སྐྱོང་པ་ལ་སོགས་པ་རྣམས་སོ།། ངེས་ཞེས་པ་ནི་རྡོ་རྗེ ་འཆང་ཆེན་པོས་སོ།། གཱས་བ་བཱཏ་བྱཱ་བ་ནི་བོད་པར་བྱེད་པ་སྟེ། སྒྲུབ་པཱ་པོས་སྒྱུར་བར་འགྲོ་བར་བྱེད་པའོ།། དེ་ལ་ཞེས་པ་ནི་བསྒྲུབ་པར་བྱ་བའི་དོན་ལའོ།། མིང་དང་སྦྱར་ནས་ཆེ་གེ་མོ་གྱིས ་ཤིག་ཅེས་སོ།། དེ་ལ་ཞེས་པ་ནི་བྱ་བ་ལའོ།། དྲག་པས་ནི་སྟོབས་ཀྱིསོ།། དེ་ལྟར་ཞེས་པོ་ནི་བཤིད་པ་དེའི་རིམ་པས་ངེས་པར་སྦྱར་བའོ།། གྲུབ་པ་ཞེས་པ་ནི་དངོས་གྲུབ་ཉོ་བར་གྱུར་པའི་རྒྱུད་དོ།། སང་ས་རྒྱས་ཐམས་ཅད ་ཅེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམསོ།། བུ་གཅིག་པུ་ནི་བུའི་གཙོ་བོ་སྲས་པོ་ཞེས་པའི་དོན་ནོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་ལ་མཁས་པའོ།། རྟེན་པ་ནི་ཐམས་ཅད་མངོན་པར་ཟིལ་གྱིས་གནོན ་དཱའོ།། རང་གི་འདོད་པས་རླུང་གི་དབང་དུ་བྱ་བ་ལ་བཞག་པར་ནུས་པ་མ་ཡིན་པ་དེ་དག་ཀྱང་གལ་ཏེ་འདོད་ན་ཅི་ལྟར་སླར་གཞན་དེ་དག་འདི་ཞེས་བྱ་བ་ལ་སོགས་པའོ།། མདའ་ལྔ་ཞེས་གསུངས་པའི་ཕྱིར་འདི་ཕྱག་གཉིས་པ ་ཉིད་དོ།། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་པོ་ཡང་མངའ་གཞུ་དང་བྲལ་བ་སྟེ་ཡེ་ཤེས་ཞབས་ཀྱི་འདོད་པ་བརྗོད་པའི་བསམ་པའོ།། འདོད་པ་འདི་རྣམས་རྒྱུད་དུ་མེད་པ་དང་པོར་འཇམ་དཔལ་གྱིས་སྒྲས་ལོངས་སྤྱོད་རྫོགས་པའི་སྐུ ་བཤད་དོ།། དེའི་ཕྱིར་བླ་མ་རྣམས་ལ་རིམ་གྲོ་བྱ་བའོ།། མངའ་ལྔ་པོ་རྣམས་ཀྱིས་བསྣུན་པར་བྱེད་པའི་གནས་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་བོན་ཞེས་པ་བླ་མའི་ཞབས་ཀྱི་བཀའ་དྲིན་ལསོ།། ལྷག་པའི་བསམ ་པ་བརྟན་པོ་ནི། སེམས་བརྟན་པས་སོ།། ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བའི་རྫོགས་པའི་རིམ་པ་ལ་དམིགས་པར་ལྷུར་ལེན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་རྫོགས་པ་རྣམས་ཀྱིའོ།། གདུལ་བའི་དོན་ཞེས ་ནིགང་ཞེས་པ་དབང་པོ་ལྷའི་འཁོར་ལོར་ཡང་དག་པར་བསྟན་པས་གདུལ་བྱར་གྱུར་པ་རེ་རྣམས་གདུལ་བའི་དོན་ནོ།། ནམ་ཁའ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་ཀྱི་ཚོགས་སམ་དཀྱིལ་འཁོར་གྱི་འཁོར ་ལོའོ།། དེ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་ཨོཾ་ཨཱཛྫཧཱུཾ་སྭཱ་ཧཱའི་ཡི་གཽ་རྣམས་ཀྱིས་སོ།། གདུག་པ་རྣམས་ཞེས་པ་ནི་གདུལ་བྱ་རྣམསོ།། རབ་ཏུ་བསྒོམ་པོར་བྱའོ་ཞེས་པ་ནི་སྐུ་ལ་སོགས་པའི་རིགས་ཅན་རྣམས་རྣམ་པར་སྣང ་མཛད་ལ་སོགས་པའི་ངོ་བོར་བསྒོམ་པར་བྱའོ།། བྱིན་གྱིས་བརླབ་པའི་ཆོ་ག་ལས་ནི་དེ་བཞིན་དུ་མིག་བྱིན་གྱིས་བརླབས་པ་ལས་སོ།། ན་མཁའི་རྡོ་རྗེའི་དབུསུ་གནས་པའི་ན་མཁའི་དབུས་གནས་པའོ།། རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས ་ནི་སྐབས་ཀྱི་མི་བསྐྱོད་པ་ལ་སོགས་པ་གསུམ་ཁོ་ནར་རྟོག་པར་བྱའོ།། གཅིག་ཏུ་བྱས་ནས་ཞེས་པ་ནི་བརྗོད་པའི་ས་བོན་གྱིས་ལྷན་ཅིག་ཏུ་ཞེས་མཚན་པར་བྱའོ།། རྡོ་རྗེ་བསྐྱེད་དེ་ཞེས་པ་ནི། ས་བོན་འདི་ཁོ་ནས་ཞེས་སོ་། སོར་རྟོགས ་པར་བྱའོ།། འདི་ཞེས་པ་ནི་འཆད་པར་འགྱུར་བཞིན་པའོ།། རྡོ་རྗེ་སེར་པོ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། འགྱིང་བ་ཉིད་ཀྱིས་དབྱེར་མི་ཕྱེད་པས་ཉེ་བར་བརྟགས་ནས། རྡོ་རྗེ་འགྱིང་བ་ནི་རིན་ཆེན་འབྱུང་ལྡན་སྤྲོ་བའི་དཔའ་རླབས་ཀྱི་འཕྲེང་བ་ནི་ཞི་བ ་ལ་སོགས་པའི་དོན་དུ་ནུམ་པ་སྣ་ཚོགས་པར་སྣང་བའོ།། སྣང་པ་ནི་རབ་ཏུ་བསྟན་པའོ།། རྡོ་རྗེ་ཆེན་པ་ཞུས་པ་ནི་འཆང་པར་འགྱུར་བའི་ཡི་ག་ཙམ་ལས།། ཧྲཱི་མ་ནྡྷེ་དཀྱིལ་འཁ་དཱ་ཞེས་བྱ་བའི་ཟླ་བར་འདིར་སྦྱར་བར ་བྱའོ།། ལྷ་མོར་གསུངས་ཤིང་དཀར་མོ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་སྤྲོ་བ་དང་བསྡུ་བས་ཞེས་པ་ནི་རྒྱུར་གྱུར་པ་ཉིད་སངས་རྒྱས་ཀྱི་སྦྱིན་ཞེས་པ་དང་སྦྲེལ་ལོ།། རང་གི་དཀྱིལ་འཁོར་བའི་དབུ་གནས་པར་ཞེས་པ་ནི་སངས ་རྒྱས་ཀྱི་བརྟག་པར་མངོན་པར་བརྗོད་པའི་དཀྱིལ་འཁོར་གྱིས་དཀྱིལ་འཁོར་པ་རྣམས་ཏེ་དཱཥྚི་དབུས་སུ་གནས་པའོ།། མི་བསྐྱོད་པའི་དཀྱིལ་འཁོར་དུ་གསུངས་པའི་དཀྱིལ་འཁོར་བ་རྣམས་ཀྱིའོ།། སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཞེས་པ ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་རྣམས་ཀྱིས་སོ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་དབབ་པ་ནི་གདུག་པ་ཅན་རྣམས་ལ་ཞེས་ལྷག་མའོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཞེས་པ་ནི་དེ་ལྟ་བུར་གྱུར་པའི་སྐུ་ལ་བྱེང་པའི་རྣམ ་པའཛིན་པའི་རྡོ་རྗེ་འཆང་ཆེན་པོའོ།། དེ་བཞིན་གཤེགས་པ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔ་པོ་རྣམསོ།། རྡོ་རྗེ་སེམས་དཔའ་བཞིན་དུ་ནི་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ།། རྡོ་རྗེ་ལ་སོགས་པ་ཙམ་འཆང་བ་ཉིད་ཀྱིས་ཞི་བ་སོ་སོར་བསྒྲུབ ་པའི་ཕྱིར་གསུངས་སོ།། རྡོ་རྗེ་མི་བསྐྱོད་པའོ་ཞེས་པ་ལ་སོགས་པས་ཉེ་བར་བསྡུ་བ་གསུངས་ཏེ། ཡེ་ཤེས་ཀྱི་ངོ་བོའི་འོད་ཟེར་རྣམས་ཀྱིས་ཞེས་པ་ནི། འོད་ཟེར་ནི་རླུང་དང་རྣམ་པར་ཤེས་པ་ཙམ་ཉིད་ཡིན་པའི་ཕྱིར་རོ།། ཐམས་ཅད་ཞེས་བྱ་བ་ལ ་སོགས་པ་ལ་རྡོ་རྗེ་དང་འདྲ་བར་ལོངས་སྤྱོད་ཅིང་ཞེས་པ་ནི་རྣམ་པར་བཿདུ་མེད་པའོ།། དམིགས་པར་བྱེད་པ་ནཱི། དབྱེ་བ་མེད་པའི་ཕྱིར་རྡོ་རྗེ་དང་འདྲ་བའོ།། ཏིང་ངེ་འཛིན་རྡོ་རྗེ་ཞེས་པ་ནི་འདིར་རྡོ་རྗེའི་སྒྲས་ཁྱད་པར་མངོན་པར་བརྗོད་དོ།། དེའི་ཕྱིར ་རཾམྦྷ་ལའི་ཏིང་ངེ་འཛིན་གྱི་ཁྱད་པར་ཞེས་གསུངས་ཏེ། ཁྱད་པར་གྱི་སྒྲ་ཡང་སྙིང་པོའི་དོན་ཏེ། ཏིང་འཛིན་གྱི་སྙིང་པོ་ཞེས་བྱ་བའི་དོན་ཏོ།། དེ་བསྐྱེད་པ་ནི་དེ་ཐོབ་པར་བྱའི་ཞེས་པའི་དོན་ཏོ།། སྔ་མ་བཞིན་དུ་ཞེས་པ་ནི་སྔ་མའི་སྐྱེས་ཐོག་མརཱྀ་གསུངས། ་དེས་ན་ཐོག་མར་བསྒོམས་པའི་ཛམྦྷ་ལ་བཞིན་དུ་གནས་ལྔ་རྣམས་ས་བོན་ལྔ་བྱས་ནས་ཞེས་པའི་དོན་ནོ།། དེའི་ཞེས་པོ་ལ་སོགས་པ་ནི་སྣ་ཚོགས་པདྨ་དང་མ་དུ་ལུང་ག་ལ་ཡོངསུ་བཞུགས་པ་དྲི་ཡིའོ།། བདེ་བ་ཆེན་པོ་ནི་དེདག་གི ་བོ་སྟེ་རྡོ་རྗེ་འཆང་ཆེན་པོར་བཤད་པ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་བདུད་རྩིའི་ཆུ་ནི་བདུད་རྩི་ལྔ་ལ་སོགས་པའི་ངོ་བོར་བསྒྲུབས་པའི་ཆུ་ལ་ཡི་གེ་གསུམ་གྱི་མངོན་པར་བསྔགས་པར་བསམ་པར་བྱའོ་ཞེས་པ་འདིའི་དོན་ཏོ།། དེ་ལྟར་སྦྱིན་པ་ཞེས་ནི་ཆུ ་སྦྱིན་པའི་མཐར་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་དེའི་ཞེས་བྱ་བ་ལ་སོགས་པ་ཐོག་མར་མངོན་པར་བརྗོད་པ་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པ་དང་སྦྲེལ་ལོ།། དེ་ཉིད་ནི ་ཞེས་བྱ་བ་ལ་སོགས་པའོ།། འདོད་པ་ནི་གཟུགས་ལ་སོགས་པ་རྣམསོ་ཞེས་པ་གནོད་སྦྱིན་མོ་དང་མཚུངས་པ་ཉིད་དོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དམ་ཚིག་རྫོགས་པར་བྱེད་པ་ནི་སྐུ་བསྐྱེད་པར་བྱེད་པའོ།། ཕྱི་དང་ཞེས ་བྱ་བ་ལ་སོགས་པ་འདི་སྦྲེལ་ལོ།། གནོད་སྦྱིན་མོའི་ཚོགས་ཀྱིས་ན་མཁའ་ཁྱབ་པར་ཡོངསུ་གང་བར་བསྒོམས་ནས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་མཆོད་པ་རྣམས་ཀྱིས་མཆོད་ནས་ཐུགས་རྡོ་རྗེའི་ཚུལ་གྱིས ་དབབ་པར་བྱའོ།། རྡོ་རྗེ་གསུམ་གྱི་སྦྱོར་བས་ནི། སྐུ་ལ་སོགས་པའི་འོད་ཟེར་གྱིས་གནོད་སྦྱིན་མོ་ནི་བཀུག་ནས་མཆོད་དེ། བཞུགས་པར་བྱའོ་ཞེས་པོ་དང་སྦྲེལ་བར་རྟོགས་པར་བྱའོ།། དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་གཅིག་གཱི་ཞེས ་བ་ནི་མངོན་པར་འདོད་པའི་གནོད་སྦྱིན་མོའི་སྐུའོ།། རྡོ་རྗེ་གསུམ་ནི་གནོད་སྦྱིན་མོ་རྣམསོ།། སྐུ་ལ་སོགས་པ་ཅན་དུ་སྐུ་ལ་སོགས་པར་བྱིན་གྱིས་བརླབས་པའོ།། རིགས་ལྔར་བྱ་བ་ཉིད་ནི་རིགས་གཅིག་ཏུ་བྱ་བ་ཞེས་པ་འདིས་དེ་རྡོ་རྗེ་སེམས ་དཔའི་རིགས་ཉིད་དུ་སྟོན་པར་བྱེད་དོ།། སྐུ་གཅིག་ཏུ་བྱས་པ་དེ་ཉིད་ཞེས་པ་དེ་ཉིད་པ་ཉིད་ཀྱིས་གནས་པ་ནི་དེ་དང་ལྷན་ཅིག་དུའོ།། དངོས་གྲུབ་ནི་ལྷ་མོ་རྣམས་ཏེ། འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཏེ་རྣམས་སྤྱན་མ་ལཾ ་སོགས་པའི་རགས་དེ་རྣམས་སྒྲོན་མ་ལ་སོགས་པའི་རིགས་དེ་ཉིད་དོ།། དེ་རྣམས་ཀྱིས་ཞེས་པ་ནི་སྙོམས་པར་འཇུག་པ་ཞེས་པ་འདི་སྙོམས་པར་འཇུག་པའི་དོན་དེ་དེ་རྣམས་ཏེ་རྣལ་འབྱོར་པས་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ།། ། ་ཐོབ་པའི་ཐབས་ནི་འཆད་འགྱུར་བའི་མཚན་ཉིད་དོ།། དེ་ཉིད་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ལུས་ལ་སོགས་པ་ཡང་དག་པ་དང་། དེ་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་སོ་ཞེས་ཤེས་ནས་བསྒྲུབ་པར་བྱའོ་ཞེས་རབ ་ཏུ་བཤད་པར་འགྱུར་རོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པས་གཟུགས་ཉིད་ཀྱི་འཇིག་རྟེན་དཔའཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཐུན་མོང་པར་གསུངསོ།། དངོས་གྲུབ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ལས་འདས ་པའི་མཁའ་འགྲོ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ཁྱད་པར་སོ་སོར་སྟོན་པར་བྱེད་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཕྲ་མོ་མ་ཡིན་པའི་དངོས་གྲུབ་ལ་བརྟེན་པ་ཉིད་དུ་གསུངས་སོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི ་སྙོམས་པར་འཇུག་པའི་འབྲས་བུའི་དབྱེ་བའོ།། སྒྲུབ་པ་པོ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་དབང་དུ་བྱས་ནས་མི་སྣང་བར་བྱས་པ་ལ་སོགས་པ་གསུངས་ཏེ། འགྲོ་བའི་རྣམ་པ་དངོས་པོ་མེད་པར་བྱས་པའོ།། དེ་ལ་སོགས་པ་ནི་ཐོག ་མར་རོ།། དེ་ལ་སོགས་ལྡང་བ་ལ་སོགས་པ་ཞེས་བྱ་བའི་ལ་སོགས་པའི་སྒྲ་ལས་སྤྲུལ་པའི་སྐུས་སེམས་ཅན་བསྐྱེད་པར་བྱེད་པ་དང་། སྙོམས་པར་འཇུག་པའི་འབྲས་བུ་དང་འབྲེལ་པ་གང་ཡིན་པ་དང་། སྙོམས་པར་འཇུག་པ་གང་ཡིན་པ་འདི ་ངག་ཏུ་འགྱུར་རོ་ཞེས་མངོན་པར་དགོངསོ།། བཤད་པའི་རིམ་པ་འདིས་ཅིར་འགྱུར་ཞེ་ན་དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར། རྫོགས་པའི་རིམ་པ་ལ་གནས ་བ་ནི་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་མཚོན་པར་བྱའོ།། འདི་རྣམས་ཀྱི་ཞེས་པ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་རྣམས་ཀྱིའོ།། དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བ་སངས་རྒྱས་ཀྱི་བྱང་ཆུབ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམསོ།། དེ་ལྟར་ཞེས ་བྱ་བ་ལ་སོགས་པ་ནི་བྱ་བ་བྱས་པ་ཞེས་པ་ནི། བསྐྱེད་པ་དང་རྫོགས་པའི་རིམ་པའི་ལམ་ལྷག་པར་རྟོགས་པའོ།། གལ་ཏེ་རིམ་པ་གཉིས་པོ་དག་གི་ལམ་གཅིག་ཁོ་ནར་འགྱུར་ན། སྙོམས་པར་འཇུག ་པའི་འབྲས་བུ་གཉིས་མངོན་པར་བརྗོད་པ་དང་འགལ་བར་འགྱུར་རོ།། སྤྱད་པའི་རོམ་པ་ནི་སྤྱོད་པའི་རིམ་པའོ།། རྣམ་པར་སྣང་མཛད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྱིར་བརྗོད་དོ།། རིགས་གསུམ་ཞེས་བྱ་བ་ལ་སོགས་པས ་རྣམ་པར་སྣང་མཛད་ཀྱི་དབང་དུ་བྱས་ནས་ཁྱད་པར་དུ་གསུངསོ།། ལྷའི་སྐུ་ནི་བདག་ཉིད་དོ།། ཤིང་ལ་སོགས་པའི་རང་བཞིན་ཞེས་པ་ནི་ལག་པ་དང་། རྐང་པ་དང་གདོང་པ་ལ་སོགས་པ་ཤིང་ལ་སོགས་པ་ལོས་བྱས་པ་ཉིད་ཡིན ་པའི་ཕྱིར་རོ།། གཙོ་བོ་ཉིད་ཀྱི་ཕྱོགས་ལ་དྭ་ངོ་སུ་དང་། སློབ་མ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་དཀྱིལ་འཁོར་བསྐྱེད་པར་མི་ནུས་པ་གལ་ཏེ་དཀྱིལ་འཁོར་བ་ལྔ་པོ་ཐམས་ཅད་ཉི་དུ་ཤིང་ལ་སོགས་པའི་རང་པོཞིན་ལས་བྱས ་ནས་དྲིའི་དབུསུ་ཉེ་བར་བཞུགས་ཏེ། རང་གི་ཡན་ལག་མ་ལུས་པ་དེ་རྣམས་གང་ཡིན་པ་དང་སྤྱོད་པ་སྤྱད་པར་བྱའོ།། དེ་ནས་སློབས་ཤིན་ཏུ་ཡང་དག་པར་སྦྱངས་པར་འགྱུརརོ།། དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་སེམས་པ ་དང་དེའི་ཁ་དོག་གི་གདོང་ལ་སོགས་པ་ཅན་དུ་ཤིང་ལ་སོགས་པའི་རང་བཞིན་ལས་བྱའོ་ཞེས་པའོ།། སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི། ཡང་ན་ཅི་ལྟར་སྡོང་བུ་ཉེ་བར་ལོངས་སྤྱོད་པས་སྤྱོད་པ་བྱེད་པར་ནུས་པས་ཇི་སྲིད་དུ་ཤིང ་ལ་སོགས་པའི་རང་བཞིན་གྱི་ཆ་བྱད་འཛིན་པ་གཟུགས་ལ་སོགས་པའི་འདོད་པ་ལྔ་ཉམ་སུ་མྱོང་བར་ཡང་གསུངས་པའི་སྤྱོད་པ་སྤྱད་པ་ནི་སྤྲོས་པ་མེད་པའི་རབ་ཏུ་དབྱེ་བའོ།། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའི་དབང་དུ་བྱས་ནས་སྡོང ་བུ་ཞེས་བྱ་བ་ལ་སོགས་པ་གསུངསོ་ཞེས་པ་མི་འགལ་ལོ།། དེ་ལྟར་ཕྱི་རོལ་གྱི་སྡོམ་པས་བསྡམས་པ་ཉིད་དུ་བསྒྲུབས་ནོས་སྤྱོད་པ་དང་དེ་རྣམས་ཀྱི་ཕན་ཡོན་རྣམ་པར་དག་པ་འདི་བསྟན་པའི་ཕྱིར་སྡོམ་པའི་མཐར་ཐུག་པར་ཡང་དགེ ་པར་བསྡམས་པ་ཉིད་དོ།། སྒྲུབ་པ་པོ་དེ་བཞིན་གཤེགས་པར་སོ་སོར་བསྟན་ནས་གཞན་དང་རང་སྤངས་པ་ཞེས་བྱ་བ་ལ་སོགས་པས་བཤད་པའི་ཕྱིར།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པའི་རྡོ་རྗེ་གསུམ་གྱི་བདག ་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངསོ།། སོ་སོའི་སྐུ་ལ་སོགས་པ་གསུངསོ།། སོ་སོའི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱང་མཱ་མ་ཀཱི་ཉིད་ཕྱག་རྒྱར་སྦྱར་བར་བྱའོ་ཞེས་མངོན་པར་དགོངསོ།། རང་གི་ཕྱག་རྒྱ་ནི་སྙིང་ལ ་གནས་པ་ཞེས་པ་ནི་བསམས་ནས་སོ།། ཅིའི་ཕྱིར་ཅི་ལྟར་སྙིང་ལ་དེ་གནས་ཤེ་ན། རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་སྟེ་འདི་ནི་ཐུན་མོང་གི་ཆོ་གའོ་ཞེས་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཉིད་ཡིན་པའི་ཕྱིར་རོ།། ཐམས་ཅད་ཅེས་བྱ་བ ་ལ་སོགས་པ་ནི། ཡེ་ཤེས་བསྐྱེད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པའོ།། །། འདས་པའི་ལེའུ་རྣམསུ་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས ་གྲུབ་སྒྲུབ་པའི་དོན་དུ་དམ་ཚིག་དང་སྡོམ་པ་རྣམ་པ་གཉིས་ལ་ནན་ཏན་བྱ་བར་གསུངས་པ་ཏེ། གལ་ཏེ་གང་ཡང་ནུས་པ་དང་བྲལ་བས་བྱ་བ་མ་ཡིན་ཏེ་དེའི་ཚེ་ཉེས་པར་འགྱུར་རོ་ཞེས་རིམ་པ་གཉིས ་ལྷག་པར་རྟོག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་གཉིས་ལྷག་པར་རྟོགས་པ་ནི་དེ་ཁོ་ན་ཉིད་ཤེས་པ་མ་ལུས་པའི་ཡུལ་མ་ཡིན་པ་དེའོ།། ཅི་སླར་ཡང་བསྐྱེད་པའི་རིམ་པ་ཙམ་ཤེས་པ་ནི་ཅིར་འགྱུར་ཞེ་ན ་འཇིག་རྟེན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་པའི་དམ་ཚིག་གི་བཟའ་བ་ལ་སོགས་པའོ།། སྡོམ་པ་ཡང་སྤྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་ནན་ཏན་དུ་བྱུད་པ་ནི་ཆ་ལུག ་ལ་སོགས་པ་འཆང་བའོ།། འཇིག་རྟེན་ལས་འདས་པ་ཡང་བསྲུང་བཱར་བྱ་བ་ལ་བཀྲ་བསང་ལྡནན་ཏན་བྱ་བན་སྡོམ་པ་ག། ས་ན་ཛུན་པ་དང་བྲལ་བ་ས་ནི་མི་ཕྱེད་པའོ།། དངོས་གྲུབ་རིང་དུ་འགྱུ་རོ་ཞེས་པ་ནི་ཐོག་མ་ར་མངོན་པར་བརྗོད་པའི་འཇིག ་རྟེན་པའི་དམ་ཚིག་དང་སྡོམ་པ་ལ་རབ་ཏུ་ཞུགས་པའོ།། གཞན་དུ་འཆི་བའི་དུས་བྱས་ནས་རྟག་ཏུ་དམྱལ་བར་འཚེད་པར་འགྱུར་ཞེས།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་གང་ཡིན་པ་ཞེས་པ་ནི་དྲུག་པའོ།། དེ་ཉིད་ཁྱད་པར་དུ ་བྱེད་པ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱད་པར་དུ་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ་ཞེས་གསུངས་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོ་མི་བསྐྱོད་པའི་གཟུགས་འཛིན་པའི་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པར ་སླར་ཡང་དྲུག་པ་ཉིད་ཁྱད་པར་དུ་བྱེད་པ་ནི་རྣམ་པཱར་སྣང་མཛད་ལ་སོགས་པའོ་ཞེས་སོ།། ཅི་ལྟར་སླར་ཡང་དྲུག་པ་ཉིད་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པས་ན་ནི། མཆོག ་ཏུ་ཟག་པ་མེད་པའི་བོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རབ་ཏུ་གནས་པར་གྱུར་པའི་དམ་ཚིག་བཞི་པོ་གསུང་བར་བྱེད་པ་ཉིད་ཡིན་པའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གང་གི་ཕྱིར་རང་བཞིན་གྱི་འོད་གསལ་བ་ཡིན་པ ་དེའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་དག་གསུང་བར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྦྲེལ་ལོ།། དམ་ཚིག་བཞི་པོ་ཞེས་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བའི ་མཚན་ཉིད་ལེའུ་དགུ་པོར་བཤད་པ་རྣམ་པ་གཉིས་ཀྱི་བཤད་པའི་དོན་ནོ།། དེ་དག་ཀྱང་བསྲུང་བར་བྱ་ཞིང་བཟའ་བར་མི་བྱའོ།། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ ་རྣམས་ཀྱིས་ཀྱང་བཀའི་འཁོར་ལོ་སྦྱར་བར་བྱའོ་ཞེས་པས་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པའི་ཐུན་མོང་དུ་སྟེ་དྲང་པོའི་དོན་ནོ།། སྲོག་གཅོད་པ་ལ་སོགས་པ་བཞི་པོ་རྣམས་ཀྱི་ངེས་པའི་དོན་ཡུང་ལེའུ་དགུ་པར་བཤད་དོ།། ་ཤ་ཆེན་རྟག་ཏུ་བཟའ་བར་བྱ་ཞེས་པོ་ནི། འདི་ཡང་བསྲུང་བར་བྱ་བའི་དོན་ལ་བརྩམས་པ་ཉིད་ཡིན་པའི་ཕྱིར་དང་། བཟའ་བར་བྱ་བའི་དོན་ཡང་བཤད་པ་དང་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ།། དྲང་བའི་དོན་དང་ངེས་པའི་དོན་དུ་གསུ ་པ་དྲག་གི་ནང་དུ་རྟོགས་པའི་ཕྱིར། བཤད་པའི་རྒྱུད་དུ་གསུངས་པ་ཡང་། མཽ་ནི་མཱ་མ་ཀཱིར་རབ་བརྗོད།། ས་ནི་མངོན་རྫོགས་བྱང་ཆུབ་མིང་།། དེ་ཡི་བསམ་གཏན་དགའ་རྣམ་པ།། མཱ་ས་ཞེས་ཀྱང་དེས་བརྗོད ་བྱ།། ན་མཁའི་མཐར་ཐུག་སྦྱོར་བའི་ཕྱིར། ཤ་ཆེན་པོར་དེ་བརྗོད་པར་བྱ།། གསང་པ་མཆོག་གི་གོ་འཕངས་ནི།། རྡོ་རྗེ་གསུམ་པོ་མྱུར་འགྲུབ་འགྱུར།། ཞེས་སོ།། དམ་ཚིག་ཆེན་པོ་ལག་ལྡན་རྟ།། དེ་བཞིན་ཁྱི་ལ་སོགས་ཤ་ཅན།། ཕུང་པོ ་ལྀ་སོགྷ་རཱིཊ་དབྱེ་བས།། གང་གསུངས་མཉམ་པར་ཡང་དག་བཤད།། དེ་ཡི་སྦྱོར་བས་གཉིས་མེད་ཟས།། བསམ་གཏན་དགའ་བ་གཙོག་པུའི་མིང་ཞེས།། རྣམ་པར་སྣང་མཛད་ཀྱི་ཏིང་འཛིན་མངོན་པར་བརྗོད་ནས་གསུང་རྡོ་རྗེའི་དབང་དུ་བྱས ་ནས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་བཞི་པོ་བསྲུང་བར་བྱ་ཞེས་པ་ནི། དེ་ཉིད་བཞི་པོ་ཞེས་པ་ལ་དེ་ཉིད་བཞི་པོ་ནི་འདིར་བརྫུན་དུ་སྨྲ་བ་གཙོ་བོར་བྱིན་ནས་སོ།། གསུང་གི་རྡོ་རྗེ་འགྱུར་མང་ཆེན་འདི་དཔག་མེད་ལ ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས།། བཤང་གཅི་ནི་དབང་པོ་དང་ཡུལ་ལོ།། དེ་དག་བཟླའ་བ་ནི་ལེའུ་དགུ་པར་གསུངས་པའི་དྲང་བ་དང་ངེས་པའི་དོན་དུ་བསྟན་པའོ།། དམ་ཚིག་བཞི་པོ་ནཱི་མ་བྱིན་པར་ལེན་པ་ལ་སོགས་པ་ཅན་འདོད ་བ་ལོག་པར་གཡེམ་པའི་མཐར་ཐུག་པ་བཞི་པོའོ།། རྡོ་རྗེ་སེམས་དཔའ་རྫུ་འཕྲུལ་ཆེ་ནི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིསོ།། ཁྲག་དང་ཁུ་བ་ཡང་དག་ལྡན་ཞེས་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག ་ཁུ་བ་རྣམ་དགྲ་ཆོས་ཉིད་དོ།། བཟའ་བ་དེ་དག་གཉིས་མེད་སྦྱོར།། བཟའ་བ་གང་འདི་དམ་ཚིག་གོ་ཞེས་གསུངས་སོ།། སྐུ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་དབང་པོ་དང་དོན་ཡོད་པ་དག་གིའང་དམ་ཚིག་འདི་ཡིན་ཏེ། དེ་དག་ཀྱང་སྐུ་ལ་སོགས ་པའི་བདག་ཉིད་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཇི་ལྟར་སོ་སོར་གསུལ་བ་དེ་སྲིད་དུ་བདག་གི་བཤད་དོ།། གང་ཞིག་མ་བཤད་པ་ནི། རྒྱུ་ཆེ་འགྲེལ་པའི་རྒྱུ་ཆེ་འགྲེལ་པའི་རྗེསུ་འབྲང་བ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་གཤེགས་པ་ལྔ་པོ་རྣམས ་ལ་ཡང་དམ་ཚིག་བཞི་པོ་སྦྱོར་བ་ཉིད་ཀྱི་གང་དང་གང་གི་དམ་ཚིག་དེ་གཙོ་བོ་ཉིད་དུ་བྱས་ནས་རྒྱ་ཆེ་འགྲེལ་པས་མ་བཤད་པ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་གླེགས་བམོ་ལས་ཡངས་པས་ཟློས་པ་མེད་དོ།། གང་འདིར་ནི་དེའི་གྲོགས་ཉེ་བར་སྡོད་པ་དེ་རྣམས་འདིར ་ཁྱད་པར་གྱི་དོན་ལ་ཚད་མོའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ངོ་།། དེ་ལྟར་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་དེས་ཚིག་དྲུག་པ་ལ་ཡང་བཤད་པའི་ཕྱིར། འབའ་ཞིག་གི་ཡིན་པར་མ་ཟད་དོ།། ཞེས་གསུངས་སོ།། དེ་ལྟར་ཞེས་བྱ་བ ་ལ་སོགས་པ་ནི། ཡང་དག་པ་རོ་གས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ནི་དེའི་ལྡེམ་ལ་ལྷག་པར་མོས་དེའི་འདུས་པའི་རྣལ་འབྱོར་བ་རྣམ་སོ།། རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གི་བྱང་ཆུབ་ལ་སོགས་པོ་ལ་ལྷག ་བར་མོས་པ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སོགས་པ་ལ་ཞུགས་ཤིང་རིམ་པའི་མཐར་ཐུག་པར་བྱའོ་ཞེས་རང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་ཞེས་པ་ནི་འདོད་ཆགས་དང་གྲོལ་བའི་ཚུལ་དུ་གསུངས ་པའི་དཀོན་མཆོག་གསུམ་མོ།། གཙོར་ཞེས་གསུངས་པའི་ཕྱིར་རང་སངས་རྒྱས་རྣམས་ངག་གིས་ཀྱང་སྟོན་པར་སྲིད་པར་འགྱུར་རོ།། ཡ་མ་ཟུང་ནི་ཕྱོགས་གཅིག་ལས་གཉིས་གཉིས་སྟོན་པར་བྱེད་པ་སྟེ། ་ཕྱེད་ཀྱི་འབར་བར་བྱེད་དོ།། ལུས་ཕྱེད་ཀྱི་ཆར་པའོ།། ཆོ་འཕྲུལ་ཞེས་པ་ནི་སོ་སོ་ཐ་དད་ཐ་དད་དུ་གདུལ་བྱའོ་སྐྱེ་བོའི་ཡིད་སོ་སོར་འཕྲོག་པར་བྱེད་པ་སྟེ། དེའི་རང་བཞིན་དང་དེའི་རང་བཞིན་ཆོ་འཕྲུལ་སྟེ། རྫུ་འཕྲུལ་རྣམ་པ་སྣ་ཚོགས་པའོ།། ་དེ་དག་ཀྱང་སྟར་མ་བྱུང་ཞེས་པས་རྨོད་དུ་བྱུང་བའོ།། སྐུ་རྡོ་རྗེ་ཞེས་པ་ནི་རྫུ་འཕྲུལ་ཐོབ་པ་ལ་སྟེ་འདུས་པའི་རྣལ་འབྱོར་པའི་ལུས་ལ་གནས་པས་སྐུའི་སྡོམ་པ་སྟེ་ལུས་རྣམ་དར་གྲཡངས་པ་མེད་པའོ།། ཡང་དག་པར་རྫོགས་པའི་སང ་རྒྱས་རྣམས་ཞེས་པ་འདི་རྣམས་ཡིད་ཀྱི་དབང་པོ་ལས་སྐྱེས་པ་ཉིད་དུ་གསུངས་སོ།། ཐོས་ནས་ཞེས་བྱ་བ་འདིས་དོན་ཉིད་དུ་ཉན་ཐོས་ཀྱི་སྒྲ་སྟོན་པར་བྱེད་དོ།། འདིར་ཐེག་པའི་དབྱེ་བའི་སྐབས་དེ་ཉིད་ཡིན་པའི་ཕྱིར། གང་ཟག་ཅེས་བྱ་བ་ལ ་སོགས་པ་གསུངས་ཏེ། དགྲ་བཅོམ་པ་ཉིད་ཅེས་པ་ནི་གཙོ་བོ་མཆོག་ཏུ་བརྗོད་པར་བྱའོ།། སླར་ཡང་དེ་ལས་གཞན་པའི་གང་ཟག་བདུན་པ་འདི་ཟློག་པར་བྱེད་པའི་དོན་དུ་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས ་གསུངས་སོ།། མངོན་པར་སྦྱོར་བ་ནི་བསླབ་པ་ལ་ཤིན་ཏུ་གུས་པའོ།། ཚངས་པའི་ས་ལ་མོས་པ་རྣམས་ཀྱིས་ཞེས་པ་ནི་ཚངས་པ་ཉིད་ཐོབ་པར་མངོན་པར་འདོད་པ་རྣམས་ཀྱིའོ།། ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། གཏི་མུག་ནི་མི་ཤེས ་པ་སྟེ་ཐར་པ་མ་ཡིན་པ་ཉིད་ལ་ཐར་པར་སེམས་པའི་ཕྱིར་རོ།། རབ་ཏུ་སྤྱོད་པའི་དེ་ཐོབ་པའི་ཐབས་ལ་སློབ་པའོ།། བསད་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་དོན་དེ་ལ་བརྟེན་ནས་སྲོག་གཅོད ་པ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཅི་ཞིག་ཀྱང་གོས་པ་མེང་པ་མ་ཡིན་ནམ། གལ་ཏེ་གོས་ན་ཅི་ལྟར་སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུ་ཡིན་ཞེ་ན། སྐུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་གསལ་བར་འབྱུང་བ ་དང་འོད་གསལ་བ་ལས་ལྡང་བར་བྱའོ་ཞེས་སོ།། འདུས་པ་ཕྱི་མར་ཡང་གསུངས་པ། ཆོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། སྐྱེད་དང་སྡུད་པར་མཛད་པ་པོ།། དེས་ནི་དེ་ཡི་སྡིག་མི་འགྱུར།། བསོད་ནམས་ཉིད་ཀྱང་ཁྱད་པར་དུའོ།། གང ་ལ་བསོད་ནམས་སྡིག་མེད་པ།། དེ་ནི་བྱང་ཆུབ་ཡིན་པར་གསུངས་ཞེས་པ་ལ་སོགས་པའོ།། ཡང་ན་ཅི་ལྟར་ཁྱབ་འཇུག་པ་ལ་སོགས་སྲོག་གཅོད་པས་དམྱལ་བར་འགྲོ་བར་མི་འགྱུར་བ་ཅི་ཞེ་ན། དེ་རྣམས་ལ་ཡང་དེ་དག་གི་གཉེན་པོའི ་ཡེ་ཤེས་ཡོད་དོ།། དེ་ཉིད་ཀྱི་ཕྱིར་འདིའི་འབྲས་བུར་སེམས་ཅན་ཁམས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་། འདི་ལ་རྒྱུར་བདེ་འགྲོ་ཞེས་བྱ་བ་ལ་སོགས་པའོ།། ངགི་རྣམ་པ་བཞིའི་དབང་དུ་བྱས་ནས་བརྫུན་ཞེས་བྱ་བ་ལ་སོགས ་པ་གསུངས་ཤིང་།། འདིའི་འབྲས་བུར་གསུང་གི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་རྣམ་པར་དག་པ་སྟོན་པ་འདིའི་འབྲས་བུ་ཐུགས་ཀྱི་དབང་ཕྱུག་གོ། སྐུ་ལ་སོགས ་པ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་དེ་བསྒོམས་པ་ལ་ཆགས་པ་ནི་རྣམ་པ་ལ་ཕྱག་འཚལ་བས་རྣམ་པར་གཡེང་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་འགོག་པར་བྱེད་དོ།། ལུས་ཀྱི་དབང་ལས་ཞེས་པ་ནི་དཀྱི ་འཁོར་དུ་འཇུག་པའི་དོན་དུས་ཡོངས་སུ་བཟུང་བ་ལ་སོགས་པར་ཕྱག་འཚལ་པའི་ཚེ་དུ་རྗེསུ་སྣང་བའི་ཕྱིར་རོ།། འཇིག་རྟེན་པ་དང་ཀུན་ཏུ་ཕྲད་པའི་ཚད་ཀྱི་དམར་ལས་སོ།། བླ་མ་བརྒྱུད་པའི་རིམ་པས་རྫོགས་པའི་རིམ་པ་ལྷག་པར་རྟོགས ་པ་རྣམས་ཀྱིས་བསམ་གཏན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ལྟ་བུ་ལི་སློབ་པའི་བཤད་པའོ།། དེ་ཉིད་ཀྱི་ཕྱག་ཅེས་བྱ་བ་ལ་སོགས་པས་སེམས་ཅན་ཁམས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ལས་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་ལྷ་མོའི་ཚོགས་ལ་སོགས་པ་རྣམས་ཡོངསུ་གཟུང་ངོ་།། སྐུ་ལྔ་སོགས་པས་ཕྱག་བྱ་བ་ཞེས་པ་ནི། སྐུ་ལ་སོགས ་པ་རྣམས་ཀྱི་དེ་ལ་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རབ་ཏུ་བཏུད་པ་ཉིད་ཀྱིས་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཚད་མ་གཞན་ལ་བལྟོས་ནས། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གིས་མཆོག་ཅེས་པ་ནི་ཕྱག་འཚལ་བ་གང་ཡིན་པ ་འདིའོ།། དེའི་འབྲས་བུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ནི་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའི་དོན་ནི། དུས་གསུམ་དུ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཁམས་གསུམ་པ་ནི་འདོད་པ་ལ་སོགས་པའི་ཁམསོ།། ནཱད་ནི་གོ་སྐབས་སོ།། ཡུལ་དང་དབང་བའི་ངོ་བོ་ཉིད་ཀྱིས་ནི་དེའི་བདག་ཉིད་ཀྱིས་སོ།། ཤེས་རབ་དང་ཐབས་དག་ནི་ཤེས་རབ་ནི་སྟོང་པ་ཉིད་དོ།། ཐབས ་ནི་སྙིང་རྗེའོ།། དེ་དག་གི་ལྷག་མ་ཉིད་ཡིན་པའི་ཕྱིར་དབང་པོ་དང་ཡུལ་རྣམསོ།། དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བར་དེ་ལྟར་ཁོ་ན་ཉིད་ལྷག་པར་རྟོགས་པའོ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུརརོ།། དེ་ཁོ་ན་ཉིད་ལྷག་པར་རྟོགས ་བ་ནི་འོད་གསལ་མངོན་སུམ་དུ་བྱས་པའོ།། ཐ་མལ་པའི་ལུས་སྤངས་པ་ནི་འདི་རྣམས་འཇིག་རྟེན་གྱི་རྗེ་སུ་འཇུག་པ་ལས་འདས་པའོ།། ཡང་ན་རྣལ་འབྱོར་པ་ཁ་ཅིག་ཀྱང་ཐ་མལ་པའི་དངོས་པོ་འབྱུང་བ་ཡོད་དེ། འགྲོ་བ་རྣམས་སངས ་རྒྱས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། མཱི་འཇིགས་པ་ཞེས་པ་ནི་ཟུང་དུ་འཇུག་པའི་སྐུའོ།། ཅི་ལྟར་ཞེ་ན། འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལས་ཞེས་བྱ་བ་ནི་འོད་གསལ ་བ་ལས་སོ།། དམ་ཚིག་ནི་ཟུང་འཇུག་གོ།། ཉིན་རེ་ཞེས་པ་ལ་སོགས་པ་ལ་རྫས་ནི་དོན་དམ་པའི་བདེན་པ་ཉིད་ཡིན་པའི་ཕྱིར་རོ།། འདིའི་དོན་བཤད་པ་ནི་ལུས་ནི་ཟུང་འཇུག་གི་སྒོའོ།། རྟག་ཏུ་ཞེས་བྱ་བ་ལ་སོགས་པས་འདྲིའི་བཱསྡུས ་པའི་དོན་གསུངས་སོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། མཉེས་པར་བྱེད་པ་ནི་ཐ་མལ་པའི་དངོས་པོ་གསལ་བས་ཟུང་འཇུག་གི་སྐར་སྣང་བར་འགྱུར་བའི་མཉེས་པའོ།། དེ་བྱེད་པའི་འདིའི་ཐབ་སོ།། དམ་ཚིག་ནི་བཤད་པའི་དམིགས་པ ་གང་གིས་ཉེ་བར་བྱའོ།། དངོས་སུ་བྱ་བ་དེ་དམ་ཚིག་གོ།། དེ་ལྟར་བཤདང་མ་ཐག་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་ཞེས་བྱ་བ་ནི་ཕྱིའི་བཟའ་བར་བྱ་བའོ།། བལྟས་པ ་མེད་པ་ནི་ན་མཁའི་རིག་མ་ཞེས་བྱ་བ་ལ་སོགས་པས་བཤད་པའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་ཉིད་དུ་སྟོན་པར་བྱེད་དོ།། ཅོད་པན་ཞེས་བྱ་བ་འདིས་འདི་ཅོད་པན་དུ་འཆང་བ་ཉིད་དུ་སྟོན་པར་བྱེད་དོ།། ཤེས་རབ་ཀྱི་མདོ་ནི་རྣལ་འབྱོར ་མའི་རྒྱུད་ཅེས་རྟོགས་པར་བྱ་བོ་འམ་ཤེས་རབ་མངོན་པར་བརྗོད་པའི་རྒྱུད་ངུའོ།། རྒྱུན་ཞེས་བྱ་བ་ལ་སོགས་པས་བདུད་རྩིའི་ཆར་འབབ་པར་སྟོན་ནོ།། རྩ་བའི་མདོ་ཞེས་པ་ནི་དེ་ཁོ་ན་ཉིད་བསྡུས་པ་ཞེས་རྟོགས་པར་བྱའོ།། ལྕེ་ཞེས་བྱ ་བ་ལ་སོགས་པས་གསུངས་པའི་བདུད་རྩི་བཤད་དོ།། འདིའི་བཤད་པ་ནི་རྣམ་པར་སྣང་མཛོད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲ་ལས་དེ་བཞིན་གཤེགས་པ་ལྷག་མ་བཞི་པོ་བཟུང་ངོ་།། བཟའ་བ་ལ་སོགས་པ་ལ་ལོངས ་སྤྱོད་པ་ཞེས་པའི་སོགས་པའི་སྒྲ་ལས་བཏུང་བྱ་དང་བལྡག་བྱ་ལ་སོགས་པ་བསྡུས་སོ།། སྐུའི་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབས་ཅེས་པ་ནི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀུན་ཏུ་ཚིམ་པར་བྱའོ་ཞེས ་ཡོད་ལ་བྱེད་པ་བསྐྱེད་པ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ངོ་།། གལ་ཏེ་ནི་སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པར་དམིགས་པར་བྱེད་དོ་ཞེས་འཆང་བར་བྱེད་ན་དེའི་ཚེ་རྣལ་འབྱོར་པ་ཐམས ་ཅད་ཀྱི་ཐུན་མོང་དུ་མི་འགྱུརརོ།། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལས་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་པ་ནི་མི་བསྐྱོད་པར་བྱིན་གྱིས་བརླབ་པ་སྟེ། འདི་དག་ཀྱང་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ངོ་།། མདོ་གདོན་ཆོ་ག་བྱ་བ་ཞེས ་བ་ནི་གསུང་རབ་ལ་སོགས་པ་ཞེས་པའི་གསུང་རབ་ནི་ཡན་ལག་དགུའོ།། སོགས་པའི་སྒྲ་ལས་དག་གི་རང་བཞིན་དུ་གྱུར་པ་གཞན་དག་ཀྱང་བཟུང་བར་བྱའོ།། འོད་དཔག་མེདུ་བྱིན་གྱིས་བརླབ་པ་ནི། འོད་དཔག་མེད་ཀྱི་བདག་ཉིད་ཅན ་དུ་ལྷག་པར་མོས་པ་ཞེས་པར་འགྱུར་རོ།། ཞེས་པ་ཡང་ཐུན་མོང་བའི་ཚིག་དུ་བྱེང་ངོ་ཞེས་པ་ལ་སོགས་པའོ།། རྣམ་པར་དག་པ་ལ་སྦྱར་བ་ཞེས་པ་ནི་འོད་གསལ་ལས་བྱུང་བ་ཉིད་ཀྱི་དེའི་རང་བཞིན་དུ་ལྷག་པར་མོས་པའོ།། ཅི ་ཞིག་ཅེ་ན། དེ་ཞེས་བྱ་བ་ལ་སོགས་པ་གསུང་སྣ་ཏེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས་རབ་འབྱམས་བྱེད་པ་པོ་བསྟན་ནོ།། སྐུ་ཞེས་བྱ་བ་ལ་སོགས་པ་ལས་བྱ་བའི་ཡུལ་བསྟན་ནོ།། འོད་གསལ་བ་ལས་གཅིག་ཏུ་གཞོལ་བ ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཉིད་དོ།། རྣམ་པར་དགོངས་པ་ནི། དེའི་དོན་ལ་དམིགས་པ་སྟེ། དམིགས་པའི་དོན་ནི་ཅང་མི་གསུང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཅང་མི་གསུང་བར་གྱུར་ཏོ་ཞེས་གསུངསོ།། ཅང་མི་གསུང ་བར་གྱུར་པར་ཤེས་པའི་དགོངས་པས་བཤད་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོད་གསལ་བ་ཉིད་ཞེས་པ་འདིའི་དོན། ངོ་བོ་ཉིད་མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངསོ།། རིགས་ཀྱི་བུ་ཞེས་བྱ་བ་ནི། བོད་པའོ།། ་གལ་ཏེ་འདི་ལས་ནི་འདི་མངོན་པར་བརྗོད་པར་བྱུང་མེད་ཅིང་མི་འཇིག་པའི་གནས་འོད་གསལ་དེ་ལས་ཅིང་མི་གསུང་བར་གནསོ་ཞེས་སྦྲེལ་ལོ།། སྒྲ་ཞེས་བྱ་བ་ལ་སོགས་པས། སྒྱུ་རྣམ་པར་སྤྱད་པའོ། ་གསུང་དང་ཐུགས་ཀྱི་མཚན་ཉིད་རྣམ་པར་སྤྱད་པའི་ཕྱིར། མཚན་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིས་གསུང་དང་ཐུགས་དག་མཚན་མ་མེད་པའི་ཕྱིར་དངོས་པོ་མེད་པོར་སོ་སོར་བསྟན་ནོ།། མེ་ཚན་ཉིད་མེད་པའི ་དངོས་པོ་ནི། འགའི་ཡང་གང་ནའང་ཡོད་མ་ཡིན་ཞེས་གསུངས་པའི་ཕྱིར་རོ།། འདི་དག་ཉིད། འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་པོ་ཞེས་བྱ་བ་ནི་ལུས་ལ་སོགས་པ་གསུམ་པོ་ནི། སྔར་ཁམས ་གསུམ་པ་ཉིད་དུ་བཤད་པ་ཉིད་ཡིན་པའི་ཕྱིར་ལུས་ལ་སོགས་པ་ཁོ་ནར་ལྷའི་འཁོར་ལོའི་ཚུལ་གྱིས་གནས་པའི་ཕྱིར་རོ།། དེ་དངོས་པོ་མེད་པའི་སོ་སོར་བསྟན་ནོ།། དེའི་ཕྱིར་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་བ ་བཤང་བའི་ཕྱིར། ལོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཟིན་པ་ཡིན་ཞེས་པ་ནས་འོདི་གསལ་བ་ལས་ལངས་ཏེ་ཞེས་པ་ཇི་སྲིད་པར་རོ།། སྒྱུ་མ་ལྟ་བུའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའོ།། དེས་ཟིན་པ་ནི་དཀྱིལ་འཁོར་གྱི་འཁོར ་ལོར་ཉེ་བར་གསལ་བར་བྱེད་པའོ་ཞེས་མངོན་པར་དགོངས་སོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་དཀྱིལ་འཁོར་གྱི་དབང་ཕྱུག་དང་དཀྱིལ་འཁོར་པ་རྣམས་ཀྱི་རྣལ་འབྱོར་པ་གང་ཡིན ་པ་དེ་དེ་བཞིན་ནོ།། དེ་རྣམས་ཉིད་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། ཡང་དེའི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱོད་པ་ནི་བཟུང་བ་ལ་སོགས་པའི་བདག་ཉིད་ཅན་ཁམས་གསུམ་པའི་ཚུལ་དུ་གནས་པའོ།། གསུང་རྡོ་རྗེའི་ཚིག་ཅེས ་བྱ་བ་ལ་སོགས་པས་འཁོར་བ་རྣམ་པར་དག་པའི་བདག་ཉིད་ཅན་སྒྱུ་མའི་ངོ་བོར་གསུངས་སོ།། དེ་ཉིད་ཀྱི་ཕྱིར་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཤེས་པ་ནི་ཀུན་ཏུ་འཁོར་བའི་རྒྱུ་ཉིད་དེ། དཀྱིལ་འཁོར་གྱི་འཁོར ་ལོ་སོ་སོ་མ་ཡིན་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོ་ཉིད་དུ་བདེན་པ་ཕྱིན་ཅི་ལོག་དང་བྲལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུའོ།། འདི་དག་ཅི་ལྟར་འགྱུར་ཞེ་ན། ཐམས་ཅད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ག ་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་སོ།། འདས་པ་རྣམས་ནི་རང་བཞིན་མེད་པའི་ཁྱད་པར་མྱ་ངན་ལས་འདས་པར་ཞུགས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་དེ་རྣམ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་བཞིན་གཤེགས་པ་རྣམས་འབའ་ཞིག་ཏུ་མ་ཟད་ཀྱི་རྟོགས་པ་ཉིད་ཀྱིས་མྱ་ངན་ལས་འདས་པར་ཡང་ངོ་།། ཡང་རྟོགས་པ་རྣམས་ཀྱང་ཅི་ཞེ་ན། གཤེགས་པ་དང་བྱོན་པོའི་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད ་ནི་དྲུག་པའོ།། དེ་བཞིན་གཤེགས་པ་བརྗོད་པ་ཉིད་ཡིན་པའི་ཕྱིར་དང་མྱ་ངན་ལས་འདས་པར་བགྲོད་པ་དང་མ་བགྲོད་པ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཡང་ངོ་།། འོད་གསལ་བ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པ་དེའི་ཕྱིར། དེར་ཀུན་ཏུ་བརྟགས་པ་ནི་གསུང་རྡོརྗེ་ཚིག་གོ།། ཕྱིན་ཅི་ལོག་ལ་སོགས་ཞེས་སྦྱར་བར་བྱའོ།། གསུང ་རྡོ་རྗེའི་ཚིག་ནི་ཟུང་འཇུག་སྒྲུབ་པར་བྱེད་པའི་ཚིག་གོ།། ཕྱིན་ཅི་ལོག་ཅེས་པ་ནི་བརྗོད་བྱ་ཕྱིན་ཅི་ལོག་ཉིད་ཀྱིསོ།། དགོས་པ་ཅི་ཞིག་ཡོད་ཅེས་པ་ན། ཅི་ཞིག་རྗེ་སུ་འཛིན་ཞེས་པའི་དོན་ནོ།། དེའི་དབང་དུ་བྱས་ནས་ཚངས་པ་ལ་སོགས་པ ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྲ་བ་ནི་ཕྲ་མོའི་གཟུགས་ཉིད་ཀྱི་སྐལ་པོ་ཅན་ནོ།། ཡང་བ་ནི་ལུས་ཀྱི་ཚེ་དུ་མ་དང་ཆེན་པོ་ཉིད་དུ་སྟོན་པར་བྱེད་པའོ།། སོགས་པའི་སྒྲས་ལྕི་བ་ལས་འདས་པ་དང་དབང་པོ་ཉིད་དང་དབང་དུ་གྱུར ་པ་ཉིད་དང་། འདོད་དགུར་བསྒྱུར་བ་ལ་སོགས་པ་རྣམས་བསྡུསོ།། འཇིག་རྟེན་པའི་ཐམས་ཅད་མཁྱེན་པའི་ཉིད་ཞེས་པ་ནི་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་ཤེས་པའོ།། འདི་ཞེས་བྱ་བ་ལ་སོགས་པས་དྲུག་པའོ།། འདིར་སྟོན་པ ་པོ་ཉིད་དུ་སྟོན་པར་བྱེད་དོ།། རྡོ་རྗེའི་དེ་ཁོ་ན་ཉིད་ནི།། བདེན་པ་གཉིས་སོ།། རྟོག་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་མེད་པའི་སྒྲ་ནི། ཆོས་ཐམས་ཅད་སྐྱེ་བ་དང་བར་དུ་དབྱེ་བ་དང་བྲལ་བ་སྟོང་པ་ཉིད་ལ་བལྟོས་པ། རང ་བཞིན་སྟོང་པ་ཉིད་མཚན་ཉིད་དང་བྲལ་བར་སྟོན་པར་བྱེད་དོ།། སྐུ་གསུམ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལམ་གྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོར་སོ་སོར་བསྟན་ནས། སངས་རྒྱས་རྡོ་རྗེ་ཞེས་པས་ཤིན་ཏུ་མཐར་ཐུག་པའི་འབྲས་བུའི་རྡོ་རྗེ ་འཆང་ཆེན་པོ་སོ་སོར་སྟོན་པར་བྱེད་དོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་སྨྲས་པས་རྒྱུ་དང་འབྲས་བུའི་དངོས་པོ་དག་སོ་སོར་བསྟན་པས། རྟོག་པ་ནི་བློའི་རྣམ་པར་འཕྲུལ་པ་ལ་སོགས་པའི་བྱ་བ་འདིས་འོད་གསལ ་བ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས། སེམས་ཅན་གྱི་དོན་དུ་སོ་སོ་ར་ལངས་ཏེ། ཞི་བ་ལ་སོགས་པའི་ལས་བྱེད་པའི་བར་དུ་སྟོན་པར་བྱེད་དོ།། སྨྲ་བའང་ཡིན་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད ་ལ་སོགས་པའི་དབང་པོའི་གཞུ་དང་མཚུངས་པ་རྣམས་དོན་དམ་པའི་བདེན་པ་དང་ཐ་མི་དད་པ་ཉིད་དོ།། རང་གི་སྐུ་ཞེས་བྱ་བ་ལ་སོགས་པ་འདིས་རྡོ་རྗེ་འཆང་ཆེན་པོ་རང་གི་སྐུ་ལ་སོགས་པ་གསུངསོ།། དེ་ཉིད་ཅེས་བྱ་བ་ལ ་སོགས་པས་འོད་གསལ་བ་ཡོང་སུ་དག་པ་དེའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་མཚན་མ་མེད་པ་ཞེས་པ་ནི། བདུན་བརྒྱ་པར་ཡང་གསུངས་པ། དེ་བཞིན་ཉིད་ལ་རྒྱུ་ཡང་ཅུང་ཟད་མེད།། རྒྱུ་ལས་སྐྱེས་པ་འམ་མེད་པའི་དེ ་བཞིན་ཉིད།། དེ་བཞིན་གཤེགས་པར་རབ་ཏུ་འདོགས་པར་བྱེད།། དེ་བཞིན་གཤེགས་པའང་ཡོད་པ་མ་ཡིན་པ།། དེ་བཞིན་ཉིད་དུ་རབ་ཏུ་འདོགས་པར་བྱེད།། ཅེས་སོ།། གུལ་ཏེ་ལྟར་ན་ཅི་ལྟར་དེའི་ཐ་བྱས་ཞེས་བྱ་བ་ལ་སོགས ་པ་ལ་མངོན་པར་རྟོགས་པའི་རིམ་པ་འདི་དོན་དམ་པ་མ་ཡིན་ནོ་ཞེས་བརྒལ་བའོ།། རྡོ་རྗེ་ཞེས་བྱ་བ་ནི་རང་གཞན་གྱི་རྒྱུད་ལ་འཇུག་པ་རྣམསོ།། སྐུ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གྱི་དོན་དུ་མའི་རྣམ་པ་ཉིད་དུ ་ལྷུན་གྱིས་གྲུབ་པའི་སྐུ་ནི་སྐུའི་དབང་ཕྱུག་གོ། སྐྱེ་གནས་བཞི་ལས་སྐྱེས་པའི་སེམས་ཅན་གྱི་དོན་དུ་རྩཝ་དང་ཤིང་དང་རི་ལ་སོགས་པ་རྣམསུ་ཡང་ཆོས་སྟོན་པར་བྱེད་པ་ནི་གསུང་གི་དབང་ཕྱུག་གོ ་ཡིད་ལ་བྱེད་པ་ཙམ་ལས་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་འཇིག་རྟེན་གྱི་ཁམས་ལ་སོགས་པར་མངོན་པར་འཇུག་པར་བྱང་བ་ནི་ཐུགས་ཀྱི་དབང་ཕྱུག་གོ། མཐའ་ཡས་ཤིང་རྣམ་པར་བཀྲ་ཞིང་རྣམ་པ་སྣ་ཚོགས་ལ་ཡིད ་མགྱོགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ནི། རྫུ་འཕྲུལ་གྱི་དབང་ཕྱུག་གོ། ཡུལ་དང་དུས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་གོ།། འདོད་པ་ཙམ་གྱིས་རང་དང་གཞན་དག་གི་མངོན་པར ་འདོད་པའི་དོན་ཡོངསུ་རྫོགས་པ་ནི་འདོད་དུའི་དབང་ཕྱུག་གོ། བརྟན་པ་དང་གཡོ་བ་དག་རྣམ་པ་སྣ་ཚོགས་པའི་གཟུགསུ་མངོན་པར་སྦྱད་པར་བྱེད་པའི་བྱེད་པ་པོའི་དབང་ཕྱུག་གོ། མཐའ་ཡས་ཤིང་གཞལ་དུ་མང་ལ ་བརྗོད་ཀྱིས་མི་ལང་བའི་ཁམས་གསུམ་གྱི་ཁོངསུ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་གྱིས་བརྒྱན་པའི་ལུས་རབ་ཏུ་སྟོན་པའི་ཡོན་ཏན་གྱི་དབང་ཕྱུག་སྟེ། བརྒྱད་པོ་དེ་དག་ཀྱང་ངོ་ཞེས་པའི ་དོན་ནོ།། རིག་པའི་རང་བཞིན་ནི་འོད་གསལ་བའི་རང་བཞིན་ནོ།། སྐྱེས་བུའི་གཟུགས་འཆང་བ་ཉིད་ཡིན་པའི་ཕྱིར་འདིར་སྐྱེས་བུའོ།། དེའི་ཐབས་སྔར་གསུངས་པ་དེ་དག་བསྟན་པར་བྱ་བའི་ཕྱིར་མཁའ་དབྱིངས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཕུང་པོ་རྣམས་སྒྱུ་མ་ལྟ་བུར་དམིགས་པར་བྱའོ།། ཅི་ལྟར་ཝཱ་ན། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ། ་དེ་ནས་ཞེས་བྱ་བ་ནི་ནམ་མཁའི་དབྱིངསོ།། སེམས་ཅན་གྱི་ཚེགས་མ་ལུས་པ་ཞེས་པ་ནི་ན་མཁའི་དབྱིངས་དེ་གཉུག་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། སྐུ་རྡོ་རྗེ་བསྐྱེད་པའི་རྒྱུར་གྱུར་བ་ནི་ལུས་བསྐྱེད་པའི་རྒྱུའོ།། ཟླ་བའི་གཟུགས ་ཞེས་པ་ནི། ཟླ་བ་ནི་སེམས་ཀྱི་བརྡའ་ཉིད་ཡིན་པའི་ཕྱིར་སེམས་ཉིད་ལས་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་བྱེད་དོ་ཞེས་མངོན་པར་དགོངས་སོ།། སེམས་འབྱུང་གི་བརྡའ་ཉིད་ཡིན་པའི་ཕྱིར་ཐབས་ཀྱི་ངོ་བོ་རྡོ་རྗེ་ལས་སོ།། ་གཞན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནི། གཞན་དུ་ནི་བསྐྱེད་པའི་རིམ་པར་གསུངས་པ་ལས་གཞན་དུ་རྣམ་པོ་གཞན་གྱིས་སོ།། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གནས་པ ་ཞེས་པ་ནི་ཁ་སྦྱོར་གྱི་སྦྱོར་བས་སོ།། དེ་ཉིད་ཀྱི་ཕྱིར་ཀུན་ཏུ་དགའ་བའི་བདེ་བ་བསྐྱེད་པར་བྱེད་པ་ཞེས་གསུངས་སོ།། ཁྱུ་མཆོག་ཅེས་བྱ་བ་ལ་སོགས་པ་ཡང་བསྐྱེད་པའི་རིམ་པའི་རྗེས་སུ་མཐུན་པར་ནི་བཤད་མ་ཐག་པའི་མི་བསྐྱོད ་པ་ལ་སོགས་པ་ལྔ་པོ་བསྐྱེད་པའི་རིམ་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། གྲོགས་པ་ཆེན་པོ་ནི་འཇིག་རྟེན་གསུམ་དུ་མཆོག་ཏུ་བསྒྲགས་པ་མཐུ་སྟོབསོ།། དེའི་ནི་དེ་དག་གི་རང་བཞིན་ནོ།། དེ་རྣམས་ཉིད་ཀྱི་བསྐྱེད་པའི་རིམ ་པའི་རྗེསུ་མཐུན་པར་གནས་ནས་རྫོགས་པའི་རིམ་པ་རྣམས་ཀྱི་རྣམ་པ་གཞན་བསྟན་པར་བྱ་བའི་ཕྱིར། སེམས་ཀུན་ཏུ་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་དང་མན་དགྲ་ཇི་ལྟ་བ་བཞིན ་དུ་བསྙེན་པའོ།། ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷ་མོའི་སྐུ་ཉིད་། སྤྱན་མ་ལ་སྩོགས་པ་བཞིན་དུ་རྫོགས་པའོ།། ལྷན་ཅིག་ཞེས་པ་ནི་སྒྲུབ་པ་པོ་དང་ལྷན་ཅིག་ཚེས་འདོད་ཆགས་ལ་སོགས་པའི་མཚན་ཉིད་སྤྱད་པ་ནི་སེམས་ཀྱི་རང ་བཞིན་དུ་བསྐྱེད་པའི་ངང་ཚུལ་གང་ཡིན་པ་དེའོ།། ཀུན་ཞེས་པ་ནི་ལྷ་མོ་ཀུན་གྱི་བདག་ཉིད་ཅན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ།། སྒྲུབ་པ་པོ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རྣལ་འབྱོར་པ་ཡིན་པ་དེའོ།། དེ་རྣམས་ཅི་ལྟ་བུར ་གྱུར་པ་ནི་རྟོརྟོག་པའི་རྣལ་འབྱོར་པའོ།། གསང་བའི་ཚིག་ཅེས་པ་ནི་གསང་བ་སོ་སོར་སྟོན་པར་བྱེད་པའི་ཚིག་གོ་ཞེས་པའི་དོན་ནོ།། དེ་ཉིད་ཀྱི་ཕྱིར་བསྐྱེད་པའི་རིམ་པ་པ་རྣམས་ཀྱིས་ལག་པའི་ཕྱག་རྒྱ་བཅིང་བ་བཀག་པ་མེད་དོ་ཞེས་མཚན ་པར་བྱའོ།། མི་བཅིང་ངོ་ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པ་ཞེས་པ་ལྷག་མའོ།། འདིར་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བོ་ལ་སོགས་པ་གསུངས་སོ།། ཐམས་ཅད་ཅེས་པའི་དོན་ནོ།། དོན་ཐམས་ཅད་སྒྲུབ་པ་ནི་རྡོ་རྗེ ་འཚོང་ཆེན་པོ་ཉིད་དོ།། དེ་ཉིད་སྔགས་ཏེ་ཡིད་ལ་བྱེད་པའི་ཕྱིར་དང་། སྐྱོབ་པར་བྱེད་པའི་ཕྱིར་དང་། དེ་དག་ཀྱང་སྦྱོར་བར་བྱེད་པའོ།། གསང་བ་ནི་སྣོད་མ་ཡིན་པ་རྣམས་ལའོ།། དེ་རྣམས་ཞེས་པ་རྣམ་པར་སྣང་མཛད་ལ་སོ་གས་པའི་རྣལ ་འབྱོར་པ་རྣམས་སོ།། བསྐྱེད་པའི་རིམ་པའི་རྗེསུ་མཐུན་པས་རྫོགས་པའི་རིམ་པ་ལ་གནས་པ་ཉིད་ཡིན་པས་མང་པོའི་ཚིག་གོ།། འདུས་པ་ལ་མངོན་པར་བརྩོན་པ་རྣམས་ཀྱིས་ནི་རྟག་ཏུ་བརྩོན་འགྲུས་རྗེ་སུ་བཅིང་བ་རྣམས་ཀྱིས་སོ།། རྫོགས་པའི ་རིམ་པ་པ་རྣམས་ཀྱི་དམ་ཚིག་མངོན་པར་བརྗོད་ནས། བསྐྱེད་པའི་རིམ་པ་པ་རྣམས་ཀྱིས་གསུངས་པ། འདུས་པའི་རིམ་པ་པ་རྣམས་ལ་ཡང་ཞེས་པ་ལ་འདིར་བདུན་པ་ནི། ངེས་པར་གཟུང་བ་ཏེ། འདུས་པ་པ་རྣམས་ལ་ཞེས་པའོ།། བསྐྱེད་པ ་དང་རྫོགས་པའི་རིམ་པ་གཉིས་ལ་སྤྱོད་པ་ཐུན་མོང་བ་རྣམས་ལ། དེ་རྣམས་ལ། དེ་རྣམས་རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་སོ་སོར་བྱེད་པས་ངེས་པར་བཟུང་བའོ།། རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིའང་རྣམ་པར་སྣང་མཛད་ཀྱི་རྣལ ་འབྱོར་པ་རྣམས་ཀྱི་དམ་ཆོག། ཐམས་ཅད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ནི་བཟའ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་དུ་བྱའོ།། སྐུ་རྡོ་རྗེ་ནི་འདིར་ཚིམ་པར་བྱེད་པར་བསྟན་ནོ།། དེ་ནས་སྐུ་རྡོ་རྗེའི་རིགས་ཅན་རྣམས་ནི་ལུས ་ལོ་གནས་པའོ།། བཤང་བ་ལ་སོགས་པ་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་གསུངས་པ་རྣམས་སོ།། འདིས་བདུད་རྩི་ལྔ་ལ་བཤང་བ་བཀག་གི། དེ་ཉིད་ཀྱི་ཕྱིར་དེ་བས་ཞེས་བྱ་བ་ལི་སོགས་པ་ལ་ཉེ་བར་སྤྱད་པར་བྱའོ་ཞེས་པ་ནི་སོང ་སུ་གྱུར་པས་ན་མཁའ་ལྡིང་གི་ཕྱག་རྒྱ་འཆང་བའི་རྣལ་འབྱོར་པས་དབྱུང་བར་བྱའོ།། ལུས་བདེ་བར་གནས་པའི་དོན་དུ་ངག་དང་སེམས་དག་བདེ་བར་གནས་པར་སེམས་བཞིན་པ་ནི་ལུས་ཞེས་བྱ་བ་ལ་སོགས་པོ་གསུངསོ།། བདུད་རྩི ་སྐྱེད་པར་བྱེད་པའི་རིམ་པ་ནི་དོན་དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། བཅས་པ་ཞེས་པ་ནི་ལྷ་མོ་དང་འདུས་པའོ།། རྗེ་སུ་མཉེས་པར་བྱེད་པའི་རིམ་པ་མྱོས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གསུངས་པ་ཡང་བྷ་གའི་དབུས་སུ་གནས་པའི་རྩ་རྟགས་དང་མཚུངས་པ་མྱོས་བྱུང་འགྲོ་བའི་ཉེས་པ་ལས་སོང་སྟེ་གསུམ་གྱིས་བསྐྱོད་པས་དེ་ཕྱུང་བའི་མྱོས་བུའི་ཆུ་བོ་དེ་ཡང་འདིད་པ་ལས་གདུགས་ཞེས་པ་དོན་མྱོས་བྱེད་འཇིགས་པར ་བྱེད་པ་སྟེ་ཟླ་བའི་སྟེང་ནས་སྣའི་འོད་སུ་ལུས་པ་མྱོས་པ་སྤྱི་བོར་གནས་པ་སྲུབ་གདུགས་ཞེས་བྱའོ།། མྱོས་བྱེད་ཀྱི་བུག་པའི་མཐར་གནས་པོ་ཤིན་ཏུ་རིང་དུ་དྲང་པོའི་ཆུ་བོ་ཡོངསུ་གང་བ་དང་མ་གང་བ་འདི་དག་ནི་ཟླ་བ་ཞེས་རྩའོ།། རྩ་བའི་འཁོར ་ལོ་གཞན་མེང་དུ་གནས་པ་ལས་གཙོ་བོ་འདི་གསུམ་འོ་དིར་གནས་པ་ནི་ལག་པའི་སོར་མོས་རྣམ་པར་ཉེད་པའོ།། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན་ངག་གི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ ་ལ། དེ་རྣམས་ཀྱི་ཐུགས་སུན་དབྱུང་བར་མི་བྱ་སྟེ་ཞེས་པ་ནི། ཇི་ལྟར་འདི་རྣམས་འདོད་ཆགས་དང་བྲལ་བར་བསྐྱེད་པར་མི་བྱ་སྟེ། དེ་བཞིན་དུ་ནན་ཏན་བྱའོ་ཞེས་པའི་དོན་ནོ།། མདོར་ནི་ཞེས་བྱ་བ་ལ་སོགས་པ་ལ་མདོར་བསྡུས་ན་ཞེས་པ ་ནི་སྤྱོད་བསྡུས་སུ་གསུངས་པའི་རིམ་པ་ལས་འབའ་ཞིག་མ་ཡིན་གྱི་ཕུང་པོ་རྣམས་ཉིད་བསྡུས་སོ།། ཞེས་ཕྱི་རོལོ་ཞེས་བྱ་བ་ལ་སོགས་པ་གསུངས།། སྒྲོན་མ་ལ་སོགས་པའི་ལྷ་མོ་རྣམས་ལོ་ཡང་ཁམས་གསུམ་པ་ཞེས་བྱ་བ་ལ་སོགས ་པ་གསུངསོ།། ཡོངསུ་བརྟག་པ་ནི། རིགས་རྒྱུའི་རབ་ཏུ་དབྱེ་བ་སྟོན་པར་བྱེད་པ་དང་བསྟན་པའོ།། ཟིན་པ་ནི་ལུས་སོ།། མ་ཟིན་པ་ནི་ཕྱི་རོལ་གྱི་བསྟན་པའི་དངོས་པོར་གྱུར་པའོ།། མཁའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནཱི་ནཱ་མཁའི་དབྱིངས་ཀྱི་ངོ ་བོ་ཡིན་པའི་ཕྱིར་མ་ཟིན་པའོ།། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཅེས་བྱ་བ་ལྀ་སོགས་པ་གསུངས་སོ།། རྡོ་རྗེ་འཆང་ཞེས་པ་ནི་དྲུག་པའོ།། དེ་ལྟར་གསུངས་ནས་ཞེས་པ་ནི་ཕུང་པོ་ལྔ་ནི་མདོར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་གང་ཞིག་གསུང ་ཏེ། དེ་གསུངས་ན་ཞེས་བྱ་བའི་དོན་ན། བསྡུས་པ་ཞེས་པ་ནི་སྔོ་གྱི་རིགས་བརྒྱལ་བལྟོས་ནས་མངར་བསྡུས་པ་ཞེས་པ་ནི་ཕུང་པོ་ལྡི་རྗེས་སུ་དྲན་པར་བྱེད་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ལྷ་སུམ་ཅུ་སོ་གཉིས་ཀྱི་འཁ ་ལོའི་འཁོར་གྱི་དཀྱིལ་འཁོར་ཏེ་འདི་བསྡུས་ནིསྲ་ཞེས་པ་འདིས་སྔར་གསུངས་དང་སྦྲེལ་ལོ།། ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་སྟོན་པ་པོ་གང་དང་གང་ཡིན་པ་ནི་དྲུག་པའོ།། སྔར་བཅོམ་ལྡན་འདས་ཀྱིས་གསུངས་སོ ་ཞེས་བྱ་བ་ལ་སོགས་པ་མངོན་པར་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ།། ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་མི་བསྐྱོད་པ་གཙོ་བོ་ཉིད་ཡིན་པའི་ཕྱིར་དེ་ཉིད་སྟོན་པར་བྱེད་པ་པོར་རིགས་པ་མ་ཡིན་ནམ་ཞེ་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ཞེས ་བྱ་བ་ལོ་སོགས་པ་གསུངས་ཏེ། ཇི་ལྟར་ཐེག་པ་ཆེན་པོ་པ་ཁ་ཅིག་ཆོས་སྟོན་པར་བྱེད་པ་པོ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལས་ངེས་པར་བྱུང་བ་ནི་བཅོམ་ལྡན་འདས་ཀྱི་བདག་པོ་ལ་བལྟོས་པས་དེ་ལ་བཅོམ་ལྡན་འདས ་སྟོན་པར་བྱེད་པ་པོའོ།། དེ་བཞིན་དུ་འདིར་ཡང་མི་བསྐྱོད་པ་ལ་སོགས་པ་ལ་ངེས་པར་འབྱུང་བ་ལ། དྲུག་པ་སྟོན་པར་བྱེད་པ་པོའོ།། དེ་བཞིན་དུ་མ་འོངས་པའི་ཕྱག་ན་རྡོ་རྗེ་རྣམས་ཀྱིས། མ་འོངས་པའི་སློབ ་དཔོན་ལ་བལྟ་བར་བྱའོ་ཞེས་སོ་སོར་སྒྲུབ་པར་བྱེད་པའི་དོན་གསུངས་པ་ནི་རྫོགས་པ་དང་མ་རྫོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་གསུངས་སོ།། ཕྱོགས་བཅུ་ཞེས ་བྱ་བ་ལ་སོགས་པ་ལ་ཇི་སྙེད་ཅིག་འཁོར་ཅིང་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་སྐུ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གནས་ཇི་ལྟ་བ་བཞིན་དུ་ཀུན་ཏུ་གནས་པ་ལོ་སོགས་པ་ཡོད་དོ་ཞེས་རྟོགས་པར ་བྱའོ་དེ་བཞིན་གཤེགས་པ་རྣམས་ཁོ་ན་ནི་མ་ཡིན་ནོ།། དེ་རྣམས་ཞེས་བྱ་བ་ནི་བུ་པོ་དང་ཁམས་ལ་སོགས་པའི་རང་བཞིན་ནོ།། སློབ་དཔོན་དེ་ལ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལའོ།། དེ་ཉིད་ཀྱི་ཕྱིར་འདི་སྐད་དུ ་བདག་ཅག་གི་ཕའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་ཚིགསོ་ནི་ཕུང་པོ་ལྔ་ལ་སོགས་པའི་རང་བཞིན་དུ་རྡོ་རྗེ་འཆང་གིས་བྱིན་པར་བྱེད་དོ་ཞེས་པའོ།། དེ་ཉིད་ཀྱི་ཕྱིར། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ་བཤད་པ་ནི་དེ་བཞིན་གཤེགས་པསོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། བསྟན་དུ་མེད་པ་ནི་བཤད་དུ་མེད་པ་སྟེ། ངག་གི་ཡུལ་ལས་འདས་པ་ཉིད་ཡིན་པའི་ཕྱིར།། དྲུག་པོ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་མི་བསྐྱོད་བ་ལ་སོགས ་པ་སྟེ་ཕུང་པོ་ལྔ་པོ་དེ་དག་ལ་བལྟོས་ནས་ཆེ་བ་ཉིད་དོ།། གང་ཞེས་པ་ནི། རྒྱུད་འདིར་སེམས་གཙོ་བོ་ཡིན་པའི་ཕྱིར་མི་བསྐྱོད་པས་སོ།། དཀྱིལ་འཁོར་གྱི་བདག་པོ་ཞེས་ཐུན་མྱོང་དུ་གསུངས་པའི་ཕྱིར་རྣམ་པར་སྣང་མཛད་ལ ་སོགས་པ་བཞི་པོ་ལས་གནན་པ་ཡང་དཀྱིལ་འཁོར་བའོ།། དྲུག་པ་དེ་ཉིད་འབྱིན་པ་དང་འཇུག་པས་འཛིན་བཞིན་པ་ནི། རྡོ་རྗེ་སེམས་དཔའ་མངོན་པར་བརྗོད་པའི་སྣོ་དུ་མི་འགྱུར་རོ་ཞེས་རྟོགས་པར་བྱ་སྟེ། རྡོ་རྗེ་འའཛིན་མཆོག ་གང་ཡིན་པ།། དབུས་སུ་གཟུགས་ནི་ལེགས་བྲིས་པ།། ཞེས་སྔར་བཤད་པ་ཉིད་ཀྱི་ཕྱིར།། གང་ཁོ་ན་ལས་འདིས་རྣམས་དྲུག་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་འདི་རྣམས་ཀྱང ་གཉིསུ་མེད་ཅིང་འདི་དག་རྣམ་པ་གཉིསུ་དབྱེར་མེད་པའོ།། དེའི་ཕྱིར་མི་བསྐྱོད་པའི་དབང་དུ་བྱས་ནས་བྱམས་པ་གང་ཡིན་པ་དང་དེ་བཞི་ན་གཤེགས་པ་རྣམས་ཀྱི་དྲི་བ་དང་ལྡན་སྔར་གསུངས་པ་དེ་གང་ཡིན་པ་དེ་དག་ཐམས ་ཅད་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ།། སྤྲུལ་པའི་སྐུ་ནཱི་བྱམས་པ་ལ་སྩོགས་པ་རྣམསོ།། མངོན་སུམ་དུ་བྱས་པ་ཞེས་པ་ནི་འདི་རྣམས་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བོད་པའི ་དོན་ནོ།། དེའི་ཕྱིར། མི་བསྐྱོད་པ་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས།། ཞུ་བར་བྱེད་དོ་ཞེས་པ་དེ་བཞིན་གཤེགས་པ་རྣམས་ལ་ཞེས་པ་ལྷག་མའོ།། མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་ལ་གནས ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུ་གྲུབ་ལ་སོགས་པ་གནས་པ་ཉིད་ཀྱི་ཕྱིར་རོ།། ཐེག་པ་ཆེན་པོའི་ཆེན་པོ་ནི་རྡོ་རྗེ་ཐུག་པའོ།། དེ་ནས་རིན་པོ་ཆེ ་གསལ་བའི་ཕྱིར་མདོ་སྟེ་དེར་རོ།། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཞུ་བ་ནི་འོད་གསལ་བ་སྟོན་པར་བྱེད་པའོ།། འོད་གསལ་བ་ཞེས་པ་ནི་མོ་བསྐྱོད་པ་སྟེ། བྱེད་པ་པོའོ།། གསང་བ་ཞེས་བྱ་བ་ལ་སོགས་པས ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱང་ཡང་དག་པའི་མཐའ་ལ་འཇུག་པར་སྟོན་པར་བྱེད་དོ།། བཞེངས་ནས་ཞེས་པ་དྲུག་པའི་བདག་ཉིད་དོ།། ཡང་སྔ་མ་བཞིན་ཞེས་པ་འབྱིན་པ་དང་འཇུག་པའི་དངོས་པོས་སྔར་མངོན ་པར་བརྗོད་པའི་བྱང་ཆུབ་ཀྱི་སེམས་འབྱུང་བའོ།། རྫོགས་པ་ནི་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་དཀྱིལ་འཁོར་འབྱུང་བ་གསུངས་ཏེ། དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་འབྱུང་བའོ།། ཡིད་ནི་ཡིད་ཀྱི་ཚུལ་དུའོ།། རྡོ་རྗེ་འཆང་ཆེན ་བོ་ཞེས་པ་ནི་ཉེ་བོར་བརྟགས་པ་ལས་ན་མཁའི་དབྱིངས་ཏེ་འོད་གསལ་བའོ།། དཀྱིལ་འཁོར་གང་དུ་ནི་ལུས་ལ་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ།། གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི། སྤྱན་ནམྱ་ལྔ་སོགས་པ་ཞུས་པ ་ཡིད་ཀྱི་རང་བཞིན་ནོ།། ཐ་མལ་པ་མ་ཡིན་པ་ནི་ཐ་མོལ་པའི་ཡུལ་མ་ཡིན་པར་རོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། དཀྱིལ་འཁོར་ནི་དེ་རྣམས་ཀྱི་ཚོགསོ།། ་དེ་ཉིད་ཀྱི་ཕྱིར་གསང་བ་ལྔ་ཡི་བདག་ཉིད་ཅན་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ།། འདི་ཉིད་ཞེས་པ་འདི་དག་གང་ཡིན་པའོ།། ཐ་མལ་པ་ནི་སོ་སོའི་སྐྱེ་བོ་ཉིད་ཀྱིས་བསྡུས་པ་དེ་འདིར་བརྗོད་པར་བྱའོ།། ་དེའི་དོན་འདི་ཡིན་ཏེ་ཡོངས་སུ་ཤེས་པ་དང་ལྡན་པས་འདི་ཉིད་ལུས་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྒྱུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་ལ་སོགས་པ་ཐམས་ཅད་བསྐྱེད་པའོ།། དེའི་བདག་ཉིད་ཅན་གྱི་སྦྱོར་བ་ནི། ་དེའི་ངོ་བོ་ལ་དམིགས་པའོ།། དེས་ནི་བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ངེས་སོ།། རྣལ་འབྱོར་པ་ནི་མི་བསྐྱོད་པོ་ལ་དམིགས་པར་གསུངསོ།། དྲུག་པས་ཞེས་པ་ནི་ཡང་གིས་མྱི་བསྐྱོད་པ་ལ་དམིགས་པར་བཤ་ད་པའོ།། ། ་ཀུན་ཏུ་སྦྱོར་བཞིན་པ་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་མི་བསྐྱོད་པའོ།། སྤྲོ་བ་དང་ཞེས་པ་ལ་སོགས་པས་རྒྱུ་དང་འབྲས་བུ་གཉིས་ཀའི་ངོ་བོ་དྲུག་རོ་མཉམ་པ་ཉིད་དུ་གསུངས་སོ།། དེའི་ཕྱིར་སོ་མ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ། ་དེ་ལྟར་བདག་པོ་བསྐྱེད་པའི་རིམ་པོ་མངོན་པར་བརྗོད་ནས་དེའི་དཀྱིལ་འཁྲོར་ནི། དེའི་སྙིང་པོའི་རིམ་པས་བདག་པོ་གཞན་རྣམས་ཀྱི་དཀྱིལ་འཁོར་དགོད་པ་ཡང་དག་པར་གསུངས་སོ་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས ་པས་ནི་མི་བསྐྱོད་པའི་དཀྱིལ་འཁོར་གསུངས་སོ།། དེར་ཡང་ལྷ་དགོད་པའི་རིམ་པ་དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ལ་སོགས་པས་དཔེ་དང་དཔེ་ཅན་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འཁོར་ལོ་ཅན་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ།། དཀྱིལ་འཁོར་པ་རྣམས་ཞེས་པ་ནི་དེའི་དཀྱིལ་འཁོར་པ་རྣམས་སོ།། བཞུགས་པ་ཞེས་བྱ་བ་ལ་སོགས་པས ་ནི་དགོངས་པ་སྨྲས་པའོ།། རྡོ་རྗེ་འཆང་ཆེན་པོའི་སྐུ་ཉིད་དཀྱིལ་འཁོར་དང་དཀྱིལ་འཁོར་པའི་བདག་ཉིད་ཅན་དུ་གནས་པ་ཡིན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུན་མོངས་ཞེས་པ་ནི་བྱ་བ་ཐམས ་ཅད་དང་འབྲེལ་པའོ།། དེ་ཉིད་ཀྱིས་ཞེས་པ་ནི་དོ་པེའོ།། བློ་དང་ལྡན་པ་ཞེས་པ་ནི་དཔེ་ཅན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་བལྟོས་གནསོ།། རྟག་ཏུ་བྱའོ་ཞེས་པ་ནི་རྣམ་པ་གཞན་དུ་ན། བསོད ་ནམས་ཀྱི་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་འབར་བར་མི་འགྱུར་རོ།། སློབ་མ་བསྡུ་བའི་དབང་དུ་བྱས་ནས་བརྩམས་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རུང་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའོ།། སྤྱོད་པ ་སྤྱད་པ་ནི་ཚུལ་ཁྲིམས་གང་ཡིན་པ་དེ་རྣམས་རང་གི་སྤྱོད་པ་སྤྱད་པའོ།། རང་གི་གནས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཅན་གྱི་གོ་འཔདྨོ་སྟེ་གནས་སྐབས་ཐོབ་པར་བྱེད་དོ་ཞེས་སོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པོ་ནི་ཡེ ་ཤེས་ཀྱི་སྐུ་དེའི་ཐུགས་ཀར་ནི། སློབ་དཔོན་རང་གི་སྙིང་གར་རོ།། ཇི་ལྟ་བ་བཞིན་དུ་ཞེས་པ་ནི་འདིའི་ཁ་དོག་དང་དབྱིབས་ཇི་ལྟ་བ་དེ་བཞིན་དུའོ།། ཡིད་ཀྱི་ཞེས་པ་ནི་ཡིད་ཀྱི་སྤྲུལ་པའོ།། དེ་དག་མདོར་བསྟན་བསྡུས་པ་ཀུན་གྱི ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་དབུསུ་ནི་གཙོ་བོའི་གནས་སུའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་སྐུའི་དཀྱིལ་འཁོར་གྱི་གནས་སོ།། སྲོག་གི་རྩོལ་བ་ཞེས་པ་ནི ་འོག་ཏུ་འཇུག་པའི་སྲོག་བརྩོལ་གནས་པ་རྣམས་ཀྱིསོ།། དེ་ཉིད་ཀྱི་ཕྱིར་སློབ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཛག་པ་ཉིད་དུ་གྱུར་ཅིང་ཞེས་པ་ནི་རྡོ་རྗེ་པདྨ་བསྐྱོད་པ་ལས་སོ།། རབ་ཏུ་ཐོབ་པར་འགྱུརརོ་ཞེས་པ་ནི་ཐོབ་པའི ་ཉིད་དུ་གནས་པར་བྱེད་དོ་ཞེས་པའི་དོན་ནོ།། གང་ཡང་རབ་ཏུ་སྤངས་པའི་འགྲོ་བ་དབང་བསྐུར་བའི་དོན་དུ་ཞེས་པ་ནི་འཆད་པར་འགྱུར་བ་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་པའོ།། མི་གནས་པའི་མ་ངན་ལས་འདས་པ་ནི ་གཞན་གྱི་དོན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྡུད་པར་བྱེད་པ་སྟེ། འདི་དག་ཐམས་ཅད་ཅེས་པའོ།། འཁོར་ལོ་དེའི་སྟེང་དུ་བསྒྲུབ་བྱའོ།། དེའི་སྟེང་དུ་དཀར་པོ་དང་སེར་བོའི་པདྨ་ལ་སོགས་པས ་ཡི་གེ་ཨོཾ་གྱི་དཀ་ར་པོ་ལ་སོགས་པ་གསུམ་གྱི་ངོ་བོ་མཚོན་པར་བྱའོ་ཞེས་རྟོགས་པར་བྱའོ།། སྔོན་བྱུང་བ་ན་ཞེས་བྱ་བ་ལ་སོགས་པ་ལ་མཐའ་དྲུག་གི་ལམ་སོ་སོར་སྒྲུབ་པར་བྱེད་པ་འདུས་བའི་རང་བཞིན་ལ་བལྟོས་པའི་ཚིག ་སྟེ་འཆང་བར་འགྱུར་བར་ཡང་སླར་ཡང་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྣམ་པར་བཤད་པོའི་མཐའ་དྲུག་ལམ་ནི་ཡུན་རིང་དུ་ཞེས་བྱ་བ་ལ་སོགས་པའོ།། ཡང་ན་དོན་དེ་ལྟ་མོད་ཀྱི་དུས་དེ་སྲིད་ཀྱི་བར་དུ་ཞེས་བྱ་བ་ལ་སོགས་པས ་འཇུག་པའི་རྒྱུ་རྒྱུད་ཐམས་ཅད་ཀྱི་ཐུན་མོང་དུ་སྔགས་པའོ།། ཟབ་མོའི་ཆོས་བསྟན་པ་ལ་སྐྲག་པའི་འདུ་ཤེས་དང་ལྡན་པ་ནི་འདིར་གསུངས་པའི་ལམ་བསྟན་པའི་སྣོད་མ་ཡིན་པར་གསུངས་པས་དེའི་ཚེ་ཐུན་མོང ་གི་རྒྱུ་ཉིད་བརྗོད་པར་བྱའོ།། འདིར་ནི་ཞེས་པ་ལ་སོགས་པར་སླར་ཡང་ཐུན་མོང་མ་ཡིན་པའི་རྒྱུ་ལ་འཇུག་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་མཐའ་དྲུག་ལམ་ནི་རིང་གནས་ཤིང་ཞེས་འཆད་པར་འགྱུར་བཞིན་པའི་ཕྱིར་དང་། ལམ་གྱི ་ཁྱད་པར་གྱི་སྣོད་ཉིད་དུ་སེམས་ཅན་ཐམས་ཅད་རྣམས་ཐུན་མོང་མ་ཡིན་པ་ལ་འཇུག་པའི་རྒྱུའོ།། དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་བར་བཅོམ་ལྡན་འདས་རྣམས་བསྒོ་བར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཕྱོགསོ་བཅུ་ན་བཞུགས ་པོའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་པ་ཡོད་པའི་ཕྱིར་རོ་ཞེས་སོ།། ཁྱབ་པའི་རྒྱུ་ཡོད་པར་གྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པར་གྱུར་པའི་ཕྱིར་ཐུན་མོང་བར་འདོད་དོ།། སྙིགས་མ་ལྔ་བདོ་བ ་རྣམས་ཞེས་པ་ནི་ཚེ་དང་། ལྟ་བ་དང་། སེམས་ཅན་དང་། དུས་དང་། ཉོན་མོངས་པའི་སྙིགས་མ་འདི་རྣམས་དང་བཅས་པའོ།། བྱོན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ལ་འཇུག་པའི་དོན་ཙམ་དུ་གསུངས་སོ།། སེམས་རེངས་པ་མ ་ཡིན་པ་ནི་ཡིད་དགའ་བ་མ་ཡིན་པའོ།། སྡུག་བསྔལ་ཞེས་པ་ནི་འཁོར་བའི་ཕུང་པོ་ནི་སྡུག་བསྔལ་ཏེ། དེ་ལ་ཀུན་ནས་འཇིག་པའི་ཚོར་བ་ནི་སྡུག་བསྔལ་ལོ།། འགྱུར་བའི་སྡུག་བསྔལ་ནི་རྒ་བ་དང་འཆི་བ་ལ་སོགས་པའོ།། འདུ་བྱེད་ཀྱི་སྡུག ་བསྔལ་ནི་དྲི་དབབ་པ་ལ་སོགས་པའོ།། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཡི་གེ་རྣམས་ཞེས་པ་རང་གི་ངོ་བོ་འདི་དག་ཐམས་ཅད་ནི་མི་འཇིགས་བའི་ངོ་བོའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་དག་པ ་ཞེས་པ་ནི། ཅིན་ངན་ལ་སོགས་པ་རྣམས་ཀྱིས་བདག་ཉིད་གང་ཞིག་ཡིན་པ་མ་ཤེས་པས་བརྗོད་པ་དེའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་ཡི་གེ་ནི་ཐུན་མོང་སྟེ། ཙན་དན་ལ་སོགས་པ་དང་རིན་པོ་ཆེའི་གང་ཟག་དག་གི་ཐུན་མོང་ངོ་།། འདི་དག ་གི་མ་ཤེས་པའི་གནས་གང་ཡིན་པའོ།། ཅི་ལྟར་ཐུན་མོང་བ་ཡིན་ཞེ་ན། ཇི་ལྟ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཞེས་བྱ་བ་ལ་སོགས་པས་འདིར་ལེན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ཅན་ངན་ལ་སོགས་པ་རྣམས་ངེས ་པར་བསྟན་ནོ།། དེ་བཞིན་གཤེགས་པ་རྣམས་ཞེས་པ་ནི་རིན་པོ་ཆེའི་གང་ཟག་གི་མིང་ཅན་བདག་ཅག་གིས་མ་ཐོབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། གཟུང་བར་བྱ་བ་མེད་པ་སྟེ་དོན ་དམ་པའི་བདེན་པ་མེད་པས་སོ།། འཛིན་པ་པོ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་མེང་པས་སོ།། གསང་བའི་ཡི་གེ་གསུམ་སྔར་གསུངས་པའི་བཤད་པའི་ཕྱིར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་ཟུང་འཇུག་གོ། གསལ ་བར་མཛད་པ་ནི། རབ་ཏུ་གསལ་བར་མཛད་པའོ།། ཤིན་ཏུ་སྦྱངས་པ་ནི་བརྗོད་པ་ཉིད་ཀྱི་ཡིད་ཅན་ཏེ། ངག་དང་ཡིད་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཡིད་ལ་བྱུང་བར་འགྱུརརོ།། ཅང་མི་སྨྲ་བར་གྱུར་ཏོ་ཞེས་གསུངསོ།། དེ་ལྟར་ཙན་དན་ལ་སོགས ་ཐེ་ཚོམ་དང་བྲལ་བར་གྱུར་པ་རྣམས་ཀྱི་དེའི་འབྲས་བུ་བསྟན་པའི་ཕྱིར་ཐེ་ཚོམ་གུསལ་བའི་འབྲས་བུ་བསྟན་པར་བྱ་བའི་ཆེད་དུ་ཐེ་ཚོམ་མེད་པ་ནི་མངོན་པར་རྟོགས་པའོ།། ཐེ་ཚོམ་མེད་པའི་རྗེསུ་མཐུན་པ་སྟེ་ལྟ་བར་བྱེད ་མཐར་བྱེད་དོ།། ལྡན་པར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ལྔ་ནི་ཕུང་པོ་ལྔའི་བདག་ཉིད་ཅན། ལུས་ཀྱི་འཁོར་ལོ་ལྔ་གནས་པའི་བདག་ཉིད་ནི་སླར་ཡང་སྔགས་པས་དེ་བཞིན་ཉིད་ལ་རབ་ཏུ་འཇུག་པར་བྱ་སྟྭ~ཾ། དེནས ་འོག་ཏུ་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་རྗེ་སུ་ཆགས་པའི་འཁོར་ལོ་ཞེས་གསུངས་པའི་ཕྱིར་རོ།། བཞུག་སོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་གཅིག་ཉིད་ཡིན་པའི་ཕྱིར་རོ།། དེ་ངན་ནའང་ཡིན་པའི་ཕྱར་རོ།། དེའི་དོན་ནི་འདི་ཡིན་ཏེཤློ་གི་བཅོམ་ལྡན ་འདས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དྲུག་པའི་བདག་ཉིད་ཅན་དུ་གྱུར་པ་སྟེ་དྲུག་པ་ལ་བཞུགས་པའོ།། དྲུག་ལྡན་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི་གཅིག་ཏུ་སྔགས་བརྗོད་པར་བྱེད་པ་དང་། ལུས་ཀྱི་བྱ་བཞིན་པ་རྣམས་དང ་སྔགས་པ་སྣ་ཚོགས་པ་རྣམས་དང་དབུས་དང་། བར་སྐབས་དང་། མཐའ་མར་ཡང་འཕྲུལ་དུ་སྔགས་པར་རྨོངས་པར་བྱེད་པ་གང་ཡིན་པ་དང་དྲུག་ཏུ་འགྱུར་རོ།། དེ་ལ་སོགས་པ་རྣམས་ཀྱིས་བསྐུལ་བར་བྱེད་པའོ།། ཞེས་པ་ནི་རྣལ ་འབྱོར་པ་གཉིད་དུ་གྱུར་པ་བཅོམ་ལྡན་འདས་སློང་བར་བྱེད་པའོ།། དེ་བསྟན་པར་བྱ་བའི་ཕྱིར་ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་པའི་དོན་ཆེན་འདོད་པ་ནི་འཁྱུད་པ་ལ་སོགས་པའོ།། འཚོ་བ་ཞེས་པ་ནི་འཁྱུད་པ་ལ་སོགས་པ ་རྣམས་ཀྱིསོ།། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བདེ་བ་ཉམ་སུ་མྱོང་བ་ཉིད་ནི་ཐ་མལ་པ་མ་ཡིན་པའི་བླང་མེད་རྣམས་ཀྱིས་འཚོ་བའོ།། མི་འཇིགས་པ་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་སྐུ་བཞི་པོ་རྣམས་ཀྱིས་ཀྱང་ངོ་།། དེ་ལྟར་ནི ་སྤྲུལ་པའི་སྐུ་ནི་རྣམ་པ་གཅིག་ཏུ་འཇུག་པ་མ་ཡིན་པ་ཉིད་ཀྱིས་མི་འཇིགས་པ་ཉིད།། ཆོས་ཀྱི་སྐུ་ཡང་མ་བྱས་པ་ཉིད་ཀྱི་ཕྱིར་རོ།། ལོངས་སྤྱོད་རྫོགས་པའི་སྐུ་ན་མཁའ་ཇི་སྲིད་པོ་དེ་སྲིད་དུ་གནས་པའི་ཕྱིར་རོ།། བདེ་བ་ཆེན་པོ་ཡང་འཁོར ་པྲ་དང་མྱ་ངན་ལས་འདས་པ་དག་གི་སྐྱེ་བ་དང་འཇིག་པའི་རང་གི་ངོ་བོ་དག་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དྲུག་པའོ།། ཀུན་ཏུ་ཞེས་པ་ནི་ཀུན་ནས་སོ།། རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ ་ནི་སྣང་བ་ལ་སོགས་པ་སྣང་བ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། དྲུག་ཅུ་ལྷག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགགས་ཤིང་ཞེས་པོ་ནི་རླུང་ནི་རྣམ་པར་ཤེས་པ་ལ་བལྟོས་པའི་ཕྱིར་རོ།། ཡེ་ཤེས་ཀྱི་གཉིད་ཀྱིས ་ནི་མ་རིག་པའི་ངོ་བོསོ།། གང་ཡང་ཡེ་ཤེས་གསུམ་ནི་གཉིད་ཀྱི་དངོས་པོ་མེད་པས་དེའི་དྲོ་བོསྣ་ཐམས་ཅད་སྟོང་པར་གྱུར་པ་ལ་ལྟ་བ་སྟེ་ཉེ་བར་དམིགས་ཤིང་མངོན་སུམ་དུ་བྱས་ནས་རབ་ཏུ་སད་པར་བྱེད་དེ་ཞེས་པ་ནི། བཞེངས་པར ་བྱེད་པ་ཡང་རླུང་ལ་རག་ལས་པ་ཉིད་ཡིན་པའི་ཕྱིར་དང་། རླུང་གི་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཚངས་པའི་གནས་བཞིའི་རང་བཞིན་རྣམས་ཀྱིས་ཞེས་པ་ནི། སྤྱན་མ་ལ་སོགས ་པའི་ཁམས་བཞིའི་རང་བཞིན་དུ་སྔར་གསུངས་པ་མ་ཡིན་ནམ། གསུངས་པ་ཡང་། ས་ནི་སྤྱན་མ་ཞེས་བཤད་དེ། ཆུ་ཡི་ཁམས་ནཱི་མཱ་མ་ཀཱི།། མེ་ནི་གོས་དཀར་མོ་རུ་བཤད།། རླུང་ནི་སྒྲོལ་མར ་ཉེ་བར་གྲགས་ཞེས་སོ་ཞེ་ན། ཁམས་ཀྱི་རང་བཞིན་ཡང་བྱམས་པ་ལ་སོགས་པའི་ཡིད་དང་ལྡན་པའི་ཕྱིར། ད་ལྟ་ཚངས་པའི་གན་ས་བཞིའི་རང་བཞིན་དུ་འགྱུར་རོ།། འདི་དག་ཁོ་ན་ཕུང་པོ་སྐྱེད་པར་བྱེད་པ་ལ་ཁམས་ཀྱི་རང་བཞིན ་རྣམས་ཏེ། བྱམས་པ་ལ་སོགས་པ་རྣམས་རྟག་ཏུ་དམིགས་པར་བྱེད་པ་ལས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ཕྱིར་ཚངས་པའི་གནས་ཀྱི་སྒྲས་བརྗོད་པར་བྱ་བ་ཡང་ངོ་།། ལྷ་མོ་རྣམས་ཀྱིས་ཞེས་པ་ནི་གསུམ་གྱི་སྒྲོལ ་མ་གཅིག་པོ་རབ་ཏུ་འགོག་པར་བྱེད་པའི་ཕྱིར་ཡང་རབ་ཏུ་སད་པར་བྱེད་དོ།། ཞེས་པ་བར་དུ་རབ་ཏུ་སད་པར་བཤད་པ་མ་ཡིན་ནོམ་ཞེ་ན་བདེན་ཏེ། འོན་ཀྱང་ལྷ་མོ་གསུམ་གྱི་རབ་ཏུ་སད་པར་བྱས་པའི་ཕྱི་ནས་རླུང་གི་ཁམས་ལ་བལྟོས ་པའི་ཕྱིར་དེ་རབ་ཏུ་སད་པཱ་ལས་སྒྲོལ་མས་རབ་ཏུ་སད་པར་བྱེད་དོ་ཞེས་བརྗོད་པར་བྱ་སྟེ། གང་ཡང་ས་ལ་སོགས་པའི་ཁམས་རྣམས་རླུང་ལ་རཱག་ལུས་པའི་ཕྱིར་བརྒལ་བ་འདི་ནི་མང་ངོ་།། ཡང་ན་འཚོ་བ་དང་འཚོ་བའི་ཆོས་ཅན་རྣམས ་ཇི་ལྟར་ཕྱི་རོལ་རྣམས་ཀྱིས་རབ་ཏུ་སད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། སྔོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་བྱམས་པ་ལ་སོགས་པ་གང་ཡིན་པ་རྣམས་ལ་སློབ་པ་འདི་སྔོན་གྱི་སྨོན་ལ ་གྱི་རྒྱུ་ནོ།། ཇི་ལྟར་ཐོག་མར་གརྦྷེའི་སྒྲ་ལས་དགེ་སློང་སློང་བར་བྱེད་པ་དེ་བཞིན་དུ། གང་ཐོག་མར་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་བཞེངས་ནས་ཞེས་བྱ་བ་འདི་བདག་བྱིན་གྱིས་བརླབ་པའི་རིམ་པསོ།། སླར་ཡང་མི་བསྐྱོད ་བ་ཕྱུང་ནས་རྗེསུ་བཅུག་མ་ཐག་ཏུ་ཅི་བྱ་ཞེ་ན། དཔལ་ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུའི་སྔོན་ཉིད་དུ་ཡན་ལག་ཕལ་ཆེ་བ་སྣ་ཚོགས་པ་ཚིམ་པར་གྱུར་པའི་གདན་ཐོབ་སྟེ་རྣམ་པར་ཤེས་པ་ཇི་ལྟ་བ་དེ ་བཞི་ན་དུ་ཉེ་བར་སྤྱོད་པ་འཛག་པར་བྱེད་པ་འདི་ནི་དྲག་ཤུལ་ལོ།། དེ་བཞིན་དུ་བུད་མེད་རྣམས་སོ།། དེའི་འོག་ཏུ་དང་པོར་དེ་དང་དེ་རྣམས་ཀྱི་ཕུལ་དང་དུས་དང་རང་བཞིན་ཤེས་པ། དེ་བཞིན་དུ་བྱུང་བའི་སེན་མོ་དང་། སོ་དང་། འོ་བྱེད་པ། ་ནི་རྣམ་པར་སྡང་བའོ།། སྣ་ཚོགས་པའི་དགའ་བའི་རྗེསུ་ཆགས་པས་འཛག་པ་ནན་ནི་ལག་པ་ཅན་གྱི་སའོ།། མངོན་པར་རྡུལ་ལ་ཀུན་ཏུ་སྦྱོར་བ་ན་གཡོ་བའོ།། སེན་མོ་དང་། སོ་གདབ་པ་བྱས་པས་རྣམ་པ་བསལ་བར་འགུགས་པར ་བྱེད་པ་ཡང་རིག་མ་དེ་རྣམས་ཀྱིས་འོ་བྱེད་པས་འཕྲོག་པ་ནི་སེམས་ཀྱི་ཕྲེང་བ་ཅན་ནོ།། དེ་བཞིན་དུ་རྣམ་པ་དེ་ཉིད་ནི་ས་སྲུང་ངོ་།། སིན་དྷུ་བརྒྱ་ཕྲག་འཛག་པ་ནི་རྣམ་པ་གཉིས་ལྡན་ནོ།། གང་ཡང་ཟླ་བའི་ཆ་ལས་དེ་དག་སྐྱེས་པ་ཡང་བུད ་མེད་དོ།། དེའི་སྟེང་དུ་རྣམ་པ་སྣ་ཚོགས་པའི་བསྒྲུབ་བྱ་བུད་མེད་དལ་གྱིས་མངོན་པར་སྦྱིན་པར་བྱས་ནས། བྱེད་པར་བྱེད་ཅིང་བྱ་བས་འཁོར་བར་བྱས་པ་ནི་ཤིན་ཏུ་གཞོན་པའི་ལུས་སོ།། རྗེས་སུ་སྐྱེས་པ་དེ་བསྟན་པར་རབ་ཏུ་འཕྲོག་པས ་བྱས་པའི་སྒྲ་ལས་རྣམ་པར་ཉིད་བཞིན་དུ་ནི་འཇིག་པར་བྱས་པའོ།། བུད་མེད་ཀྱི་རྡུལ་ལུས་སྐྱེས་པ་དང་མཛོད་ལས་སྐྱེས་པ་ངའི་འོག་ཏུ་སླར་ཡང་སྒོ་ངའི་ཆར་འགྱུར་རོ།། ལུས་ཀྱི་སྡོང་དུ་འཇམ ་ནིང་སྨན་པར་བརྗོད་པ་རྣམས་ལ་ཚོགས་པས་འབྱེད་པའི་ཅ་ཅོ་སྒྲོགས་པའི་ཐུགས་དང་། བརྩོན་པར་འཁྱུད་པས་ཁྱེད་པར་གྱི་དགའ་བའི་དགའ་བ་ཤེས་པནི་གྷ་ནཱི་དང་། བསྟུ་དང་། ནཱམྦྷི་ནཱིརཱི་འགྱུར་རོ།། མགོ་ལ་འདོད་པ་དང་ལྡན་པ ་མང་པོའི་མཐར་འཛེག་པ་དང་། རྣམ་པ་བནུ་བར་བྱེད་པ་ནི་ཆགས་པ་ཙྪམྦ་མོ།། ལུས་དང་ཡན་ལག་རོ་གྱ་ཅིགས་པའི་དགའ་བར་བཤད་པར་འགྱུརརོ།། འདོད་པའི་དི་བྱོ་རབ་ཏུའི་བྱུང་བ་སྨྲྀན་གྷཾ་ཛ་ནཱི་ཞེས་བྱ་བཱ་ལྱཱ་སྔགས་པརྱ་ཡུལ ་དུས་དང་ཀུན་ཏུ་འཛིན་པ་དང་རང་བཞིན་སྨྲ་བ་གང་ཡིན་པ་དེ་རྣམས་ཕྱིའི་དགའ་བ་དང་པོར་བྱ་བའོ།། ང་དོན་དེའི་དབང་དུ་བྱས་ནས། འཁྱུད་པ་དེ་ང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མང་དུ་བརྗོད་པོ་ཉིད་ནི་གཞུང་རྒྱ་ཆེ་བ་ས་འཇིག ་པས་མ་བྲིས་སོ།། མཆོག་ཏུ་དགའ་བའི་བདེ་བ་ནི་འོད་གསལ་ལོ།། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བའི་བདག་ཉིད་དོ།། དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ། ཞེས་པ་ནི་འདི་ལ་ཕྱི་འི་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ།། ་ཞེས་པ་ལྷག་མ་ཉིད་དུ་རྟོག་པར་བྱའོ།། གང་གི་ཕྱིར་དཀྱིལ་འཁོར་དུ་གནས་པའི་ལྷ་མོ་བཞི་པོ་རྣམས་ཀྱིས་མ་མཐོང་བ་དེའི་ཕྱིར་བདག་པོའི་ཚིགསུ་བཅད་པ་བཞིས་བཞེངས་པའི་ཚད་ཏུ་རབ་ཏུ་སད་པར་བྱེད་དོ་ཞེས་པའོ།། བདེ་བ་ཆེན ་བོ་ཞེས་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པས་འཆང་བཞིན་པའོ་ཞེས་མངོན་པར་དགོངསོ།། ནམ་མཁའི་གཏོས་འདི་ནི། སྟོང་པ་བཞིའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར།། རྡོ་རྗེ་འཆང་ནི་རྡོ་རྗེ་གསུམ་ཞེས་པ་འདི་ཉིད་ཀྱི་སྐུ་ལ་སོགས ་པའོ།། ཡང་དག་པར་ལྡན་པ་ཞེས་པ་དེའི་བདག་ཉིད་ཀྱིསོ།། དེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ནང་དུ་གནས་པ་ཉིད་ཡིན་པའི་ཕྱིར་རོ།། དེའི་དོན་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་བསྒྲུབས་པའི ་མཆོག་ཏུ་དགའ་བའི་རང་བཞིན་ནོ།། མི་གཡོ་བར་གྱུར་ཏོ་ཞེས་པ་ནི་མཆོག་ཏུ་དགའ་བའི་གནས་སྐབས་ལས་གཡོ་བ་མེད་པའི་ཕྱིར་རོ།། ས་གསུམ་ནི་ལུས་ལ་སོགས་པའོ།། དེའི་གནས་ནི་བསྐྱེད་པའི་གནས་ཏེ། ཡེ་ཤེས་ཀྱི་ཕྱི་ག་རྒྱའི ་ན་མཁའི་དབྱིངསོ།། སེམས་ཅན་གང་ཡིན་པ་ཞེས་པ་ནི་དབང་བསྐུར་བ་རཱ་འོས་པ་རྣམས།། རྡོ་རྗེ་གསུམ་ལ་སོགས་པ་ནི་རང་བཞིན་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོ་རཱ་དེ་རྣམས་འདོད་བཞིན་པ་ཉིད་ཀྱི་ཕྱིར་རོ།། སེམས་ཅན་རྣམས་ཀྱི་རང ་བཞིན་ཉིད་སྐུ་ལ་སོགས་པའི་ངོ་བོའོ།། བདེ་བས་ཞེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་སྐྱེས་པས་དེ་བཞིན་གཤེགས་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཤེས་ཤིང་ཁོང་དུ་ཆུད་པ་ཉིད་དོ།། ཡེ་ཤེས་ཞེས་པ ་ནི། ཡེ་ཤེས་ཉིད་སྟོབས་བཅུ་ལ་སོགས་པ་ཉིད་ཡོངསུ་གྱུར་པའི་ཕྱིརརོ།། ཉམ་སུ་མྱོང་བར་གྱུར་ཏོ་ཞེས་པ་ནི་དེའི་བདག་ཉིད་དུའོ།། རྡོ་རྗེའི་འོད་ཟེར་གྱི་མངོན་པར་དབང་བསྐུར་བར་བྱིན་པ་ནི་འོད་ཟེར་གྱི་མངོན་པར་དབང་བསྐུར་བའོ།། ཡང ་དག་པའི་དོན་ནི་མིང་ཅན་ཞེས་པ་ནི་དོན་གྱི་མིང་ཅན་ནོ།། དེ་ལ་ཀུན་ནས་ནི་ཐམས་ཅད་ནས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཏུ་བཟུང་བ་སྟེ་མཛེས་པ་ན། ཀུན་ཏུ་བཟང་བའོ།། དེ་རྣམས་ཀྱང་མངོན ་པར་དབང་བསྐུར་བས་ཀུན་ཏུ་བཟང་བའོ།། དེ་བཞིན་ཉིདུ་གྱུར་ཏོ།། དེ་བཞིན་གཤེགས་པ་རྣམས་ཞེས་པ་ནི་སྔར་རྡོ་རྗེ་གསུམ་དང་ཡང་དག་པོར་ལྡན་པ་ཉིད་དུ་སོ་སོར་བསྟན་ནོ།། རྣམ་པར་སྣང་མཛད་ལ་སྩོགས་པ་རྣམས་མཐོང་བ་ནི་གནས་སུ ་མྱོང་བའོ།། ཆོས་ཐམས་ཅད་ཅེས་པ་ནི། ཆོས་རྣམས་ཐམས་ཅད་དེ་དེ་ཉིད་ཕུང་པོ་ལ་སོགས་པའི་བདག་ཉིད་ཅན་ནོ།། དེ་རྣམས་ཀྱི་ཆོས་ཉིད་ནི་འོད་གསལ་བ་ཉིད་དོ།། བཅོམ་ལྡན་འདས་མཐོང་ལགསོ།། དེའི་བདག་ཉིད་ཀྱི་སྣོད་ཉིད་ཀྱིསོ།། དེ་ཉིད ་ཀྱི་ཕྱིར་བདེ་བར་གཤེགས་པས་མཐོང་ལགསོ་ཞེས་གསུངས་ཏེ། བདེ་བར་གཤེགས་པ་ཉིད་ཀྱིས་མཛེས་པ་འོད་གསལ་བ་ལ་བལྟོས་པ་མ་ཡིན་ནོ།། འདིའི་བཤད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྙོམས་པར ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཕན་ཚུན་མཉེས་པར་བྱེད་པའོ།། དེ་ལས་སྐྱེས་པའི་བདེ་བ་ཉས་སུ་མྱོང་བ་ཉིད་ཀྱིསོ།། ཅི་ཞིག་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་བདག་གིས་མཛད ་པ་ཞེས་པ་ནི། བདེ་བ་ལ་སྙོམས་པར་ཞུགས་པཙམ་ཉིད་ལས་སེམས་ཅན་ཐམས་ཅད་བདེ་བ་ལ་སྦོམོས་པར་ཞུགསོ་ཞེས་པའོ།། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའོ།། བཞེངས་ཏེ་ཞེས་པ་ནི་བཅོམ ་ལྡན་འདས་བཞེངས་པའི་ཕྱིར་རོ།། བཙུན་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། དེའི་བྷ་ག་ནི་ནམ་མཁའི་དབྱིངསོ།། བྷ་ག་རྣམས་ལ་ཞེས་མང་པོའི་ཚིག་ནི། ལྷ་མོའི་འཁོར་ལོའི་རྟེན་ཉིད་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱས་སྔགས་ཀྱི་སྤྲུལ ་པ་ངེས་པར་འབྱིན་པར་ཤེས་པ་ནི་གནས་ཇི་ལྟ་བ་ལ་བརྟེན་ནསོ།། ཅི་ཞིག་ཅེ་ན་བཅོམ་ལྡན་འདས་ཞེས་བྱ་བོ་ལ་སོགས་པ་གསུངས་སོ།། དེ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། མ་ཟེར་ནི་དགག་པའོ།། འདོད་ཆགས་ཀྱི་ཡི་གེའི་ཚིག་གི ་སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའ་རྗེསུ་རྟགས་པར་བྱ་སྟེ་ཞེས་པ། རྣམ་པ་དེ་ལྟ་བུས་ཚིག་མ་ཟེར་ཅིག། ཅི་ཞེས་པ་ནི་བརྗོད་པར་བྱ་བ་ས་ཡིན་པ་ཅི་ཞེས་ཐམས་ཅད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་ཐམས་ཅད་ནི་ཕྱི ་དང་ནང་གི་བདག་ཉིད་ཅན་རྣམས་སོ།། དེས་ཅིར་འགྱུར་ཞེ་ན། གཟུགས་ཀྱི་ཕུང་པོ་མི་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ།། གང་འདིས་འདོད་ཆགས ་ལ་སོགས་པ་རྣམ་པར་དག་པར་སྟོན་པར་བྱེད་པས་རང་གི་ངོ་བོ་གསུངས་སོ།། ཡོངས་སུ་བཏོང་བ་ནི་ཡང་དག་པར་གཏང་བའོ།། རྣམ་པ་གཉིས་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་དབྱེ་བས།། རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་འཛིན་ནི་ལམ་གྱི ་བདག་ཉིད་དོ།། དེ་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་འདིས་མངོན་པར་རྗོད་པར་བྱེད་པ་དང་མངོན་པར་བརྗོད་པར་བྱ་བ་འདིས། མངོན་པར་རྗོད་བྱེད་དང་བརྗོད་བྱ་འབྲེལ་པར་བསྟན་ནོ།། མ་འོངས་པའི་ཞེས་བྱ་བ་ལ་སོགས་པ་གསུངས ་པ་གྱུར། བསྒོ་བར་གྱིས་ཤིག་ཅེས་པ་ལ་སོགས་པ་ནི། སྔར་གསུངས་པའི་ཡུལ་དང་དུས་དང་གནས་སྐབས་དང་ཕྱོགས་བཅུར་བཞུགས་པའི་འཇིག་རྟེན་གྱི་ཁམས་གནས་པའི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་དབང་དུ་བྱས་ནས་གསུངས་ཞེས་དོན་ལ་ཐོབ་བོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་པ་ནི་ཅི་སྟེ་གང་ཡང་གཞན་ལྷན་ཅིག་པའི་འཇིག་རྟེན་གྱི་ཁམས་སྙིགས་མ་རྣམ་པ་ལྔ་བདེ་བ་ཉིད་དང་བྲལ་བ་ཡོང་པ་གང་ཡིན་པ་ཉིད་དུ ་བརྗོད་པར་བྱ་བ་མ་ཡིན་ནམ། ཇི་ལྟར་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཡང་དག་པར་སྤྲོས་པ་ཅི་འདྲ་བ་དེ་བཞིན་དུ་འདི་སྦྱིན་པར་བྱེད་པའི་དུས་ཀྱི་གནས་སྐབས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་འབྱུང་བར་འགྱུར་ན་དེའི་ཚེ་ཞེས ་ཅིར་འགྱུར་ཡང་ན་འབྱུང་བར་འགྱུར་བ་མ་ཡིན་ནམ། དེ་བཞིན་དུ་ཡང་རྒྱུ་མཚན་འདོད་ཆགས་ཅན་གྱི་སྐྱེ་བོ་རྣམས་དང་ལྷན་ཅིག་པ་ཉིད་གང་ཡིན་པ་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱི་དབང་དུ་བྱས་ནས་འཇིག་རྟེན་གྱི་ཁམས་ཐམས ་ཅད་དུ་ཞེས་གསུངས་སོ།། མ་འོངས་པའི་སེམས་ཅན་རྣམས་ཅི་ལྟར་གསུང་རྡོ་རྗེ་སྟོན་པར་བྱེད་པ་པོ་ཡིན་པ་དེའི་སེམས་ཅན་གྱི་དབང་པོ་དང་ཡུལ་ཉིད་ཡིན་པའི་ཕྱིར་དེའི་ཚིག་ཀྱང་ངོ་།། དེ་བྱིན་གྱིས་བརླབ་པ་ཞེས་པ་ནི་གཟུང་བར ་བྱ་བ་ལ་བལྟོས་ནས་གསུངས་པའི་རྣམ་པའོ།། དོན་དང་ཚུལ་དང་ཆོས་ཉིད་ཅེས་པ་ནི། དོན་ནི་མངོན་པར་བརྗོད་པར་བྱ། དེའི་ཚུལ་ནི་རྣམ་པར་དབྱེ་བ། དེ་ཉིད་ནི་ཆོས་ཉིད་དོ།། འཇིག་རྟེན་ཏུ་རབ་ཏུ་བཤད་ཞེས་པ་ནི། བླ་མ ་བརྒྱད་པས་སློབ་མ་ཡི། གཟུང་བར་བྱ་བ་དང་འཛིན་པར་བྱེད་པའི་དངོས་པོར་རབ་ཏུ་འཇུག་པར་བསྟན་པའི་དབང་དུ་བྱས་ནས་གསུང་སོ།། དེ་བཞིན་དུ་ནི་སློབ་མའི་རྒྱུད་ལ་སེམས་ཀྱི་དེ་ལྟ་བུའི་རྒྱུད་སྤྱད་པར་བྱེད་པ་ནི་བླ་མའོ།། ་གང་གི་རྫོགས་པའི་རིམ་པ་སྒྲུབ་པོར་བྱེད་པ་ཡང་། གཟུང་བ་དང་འཛིན་པའི་དངོས་པོར་རབ་ཏུ་བསྟན་པའོ་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པར་བྱའོ།། རབ་ཏུ་དགའ་བའི་ས་ཞེས་པ་ནི་ཐེག་པ་ཆེན་པོའི་ཚུལ་ལ ་བལྟོས་ནས་གསུངས་སོ།། བླ་མའི་ཞལ་ནས་བླ་མའི་ཞལ་དུ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་དུ་ལོན་ཡང་བཅོམ་ལྡན་འདས་ཀྱི་སོ་སོ་རང་གི་རིག་པ་ནི་དེའི་རིགས་ཅན་རྣམས་མཐའ ་དྲུག་གི་ལམ་ལ་གནས་པའི་གསང་བ་འདུས་པ་པ་དུ་ལྟ་བ་དེ་རྣམས་བརྒྱུད་ནས་བླ་མ་དང་སློབ་མའི་དངོས་པོས་རབ་ཏུ་འཇུག་པར་སྟོན་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་འཕགས་པའི་ལུམ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས ་ཞི་བ་མངོན་དུ་བྱེད་པའི་ཐབས་མེད་པ་ཉིད་དེ་གཞན་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཉིད་ཀྱི་དོན་རྗེ་སུ་མཉེས་པ་ཁོ་ན་རྡོ་རྗེ་ཐེག་པ་འདིར་རྫོགས་པའི་སངས་རྒྱས་ཉིད་དོ། རྫོགས་པའི་སངས ་རྒྱས་ཉིད་སོ་སོ་རང་གི་རིགས་པ་ནི་ཡེ་ཤེས་ལ་རྟོན་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་གཤེགས་པ་ཁོ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་འཛིན་པར་བྱེད་དོ།། རྣམ་པ་གཞན་དུ་དེ་བཞིན་གཤེགས ་པ་དང་བྱང་ཆུབ་སེམས་དཔའ་དག་མཉམ་པ་ཉིད་དུ་འགྱུརརོ།། ས་བཅུའི་དབང་ཕྱུག་རྣམས་ཀྱང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་ཏུ་ས་བཅུ་པ་ལ་སོགས་པར་མི་མཉམ་པར་བརྗོད་པར་བྱའོ།། ་ཐོས་དང་རང་སངས་རྒྱས་ཞེས་བྱ་བཾ་ལ་སོགས་པ་ཡང་། རྫོགས་པ་ཉིད་དུ་འགྱུར་ཏེ།། རྣམ་པ་གཞན་དུ་ན་རིགས་ཀྱི་བདག་ཉིད་ཆེན་པོ་ཙམ་གྱིས་ཉན་ཐོས་དང་རང་སངས་རྒྱས་ནཱམས་པ་པ་ཤཱག་མ་ཀྱིས་རྣཾས་གདན་པར་བྱུང་བ་གསུས་པོ་ཨུ ་ན་ནས་དང་སངྱས་ཀྱི་བསམ་གཏ་ལྷག་དཱི་བསམ་པས་ལྷག་པར་ཟིལ་གྱིས་གནོན་ཞེས་བྱ་བ་ལ་སོན་པ་ཡང།། དེ་ལྟར་ཞེས་བྱ་བ་ས་སོ། པས་མ་འོངས་པའི་སེམས་ཅན་རྣམས་ལ་བསླ་བ་པ་གསུངས་ཏེ། རང་བཞིན་ཤེས་པས་རྫོགས་པའི་རིམ་པ་མཐར་ཐུག་པའི་འབྲས་བུར་གྱུར་པ་རྡོ་རྗེ ་འཆང་ཉིད་དོ།། འདི་སྐད་ཅེས་བྱ་བ་ལ་སོགས་པས་སོགས་ཀྱི་ཚིག་ཕྱིས་པའོ།། མ་ལུས་ཞེས་བྱ་བ་ལ་སོགས་པས། སྡུད་པར་བྱེད་པ་པོས་བརྟན་པའི་རིམ་པ་རབ་ཏུ་གསལ་བ་གང་ཡིན་པ་མ་འོངས་པའི་སེམས་ཅན་རྣམས ་ལ་བསྟན་པའི་རིམ་པར་སྟོན་པོར་བྱེད་དོ།། ཐོས་ནས། ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པ་ལས་སོ།། ཉན་པ་པོ་རྣམས་ལཱ་ཞེས་པ་ནི། དེའི་དུས་སུ་ཉེ་བར་གནས་པ་རྣམས་ཀྱིས་སོ།། ཡང་དག་པར་བཤད་ནས་ཞེས ་པ་ནི་རྒྱུད་ཀྱི་རྣམ་པ་ཉིད་དོ།། བརྩམས་པའི་དོན་ཞེས་པ་ནི། སྡུད་པར་བྱེད་པ་བརྩམས་པའི་ཕྱེད་ཀྱི་དོན་དེ་ཞེས་བྱ་བའི་དོན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས།། མདོར་བསྟན ་ནས་ཞེས་པ་མཚོན་པར་བྱས་ནུསྭཱ་སོ།། ཞུགས་པ་ཞེས་པ་ནི། དེ་དག་སྟོན་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ།། གསང་བ་རྣམས་ནི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་གསང་བ་རྣམས་སོ།། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ ་ལ་སོགས་པས་སྟོན་པ་པོའི་མིང་གི་ཕྲེང་བ་སྟོན་པར་བྱེད་དོ།། དེ་སྟོན་པའི་ཞེས་བྱ་བ་ལ་སོགས་པས། འདི་ཉིད་འདིར་བལྟ་བར་བྱའོ།། ཞེས་སྟོན་པར་བྱེད་དོ།། སྔ་མ་ཞེས་བྱ་བ་འདིར་སྔར་བཤད་པའོ།། ལེའུའི་སྒྲ་ནི་གོས་ཇི་ལྟོ་བ ་བཞིན་དུ་མཆུ་སྦྲང་ལ་སོགས་པའི་ཉེ་བར་འཚེ་བ་འཇིགས་པར་བྱེད་པ་དེ་བཞིན་དུ། ལས་དང་སྐྱེ་བ་ལ་སོགས་པའི་ཉེ་བར་འཚ་བ་ལ་གོས་དང་འདྲ་བར་སྒྲིབ་པར་གནས་པ་དེ་ལེན་པར་བྱེད་དོ།། འཛིན་པར་བྱེད་དོ།། ཞེས་པས ་ལེའུར་བརྗོད་པར་བྱའོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསུངས་པའི་བྱེད་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་ཅི་ལྟར་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྣམ་བཱར་བཤད་པོ་ཡིན། མཐའ་དྲུག་གི་ལམ་ཡང་འདུས ་པཱ་ལས་གཞན་མ་ཡིན་ནོ།། གསུངས་པ་ཡང་རྣལ་འབྱོར་རྒྱུད་མཐའ་དྲུག་བྲལ་བར་ངེས་བཱི་རརེ་ནུས་སོ།། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཞེསྣ་བཱི་ལ་ཉེས་པ་མེད་དེ་གང ་གི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་སེམས་ཅན་དང་རྗེས་སུ་མཐུན་པར་སྟོབས་རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་སྣ་ཚོགས་པ་དེ་བཞིན་གཤེགས་པའི་ངོ་བོས་ནོམ་པར་བཤད་པའོ།། དེ་ཉིད་ཀྱིས་ན་ཡང་འགྲེལ་བ ་མེད་དོ།། རིང་གནས་ཞིང་ཞེས་པ་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་ཟང་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་སྔར་རྒྱུད་ལ་རབ་ཏུ་འཇུག་པར་མངོན་པར་བརྗོད་པ་ལ་བལྟོས་ནས་གསུངས།། ་ཕྱི་ནས་ཞེས་པ་ནི་ཕྱིས་འབྱུང་བ་ནི་ཕྱིས་ནས།། རྡོ་རྗེའི་འཕྲེང་བ་ལྟ་སོགས་པ་ནི་བཤད་པའི་རྒྱུད་ཉིད་ཡིན་པའི་ཕྱིརོ།། དྲི་རྣམས་དང་། མཱུ་ལུས་པ་ནི་རྒྱུད་གཞན་དང་། གཞན་རྣམསུ་སང་ངོ་།། དེ་རྣམས་ཀྱིས་བཤད་པ་བྱས་པ་ནི་རྣམ་པར ་བྱ་བའོ།། ཨུཁས་མཆོག་ས་ནི། རྣོལ་འབྱོར་གྱི་རྒྱུ་རྣམ་ས་ཀྱིས།། ལེགས་པར་དྲང་ཞེས་པནི།། སྦྱར་གསུངས་པ་ཉིད་ཀྱི་ཕྱིར་རོ།། རྒྱུད་ཀྱི་མཐར་བླག་ཅེས་པ་ནི་རྒྱུད་རྣམས་ཀྱི་མཐུར་ཟླ་རྗེས་མ ་ཐུག་པའི་སྒྲས་ནི་མཆོག་ཏུ་མངོན་པར་བརྗོད་པར་བྱའོ།། སྒྲོལ་མ་ནི་མཆོག་ཏུ་གསལ་བ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་རབ་ཏུ་གསསྔལ་བར་བྱ་ཤིང་བ། ཡེ་ཤེས་ཁོང་སུ་མ་ཆུད་པའི་གཉེན་པོ་ཉིད་དུ་སྒྲོལ་མ་བཞིན་སུ་རྒྱས ་ཏུ་འབར་བར་བྱེད་པའོ།། དམ་པ་རྣམས་ཀྱང་ཡིན་ལ་བདེ་བ་ཡང་དེ་ཡིན་པས་དེ་བ་དམ་པ་སྟེ། མ་བཅོས་ཤིང་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་གསུང་སོ།། དེ་ཉིད་ནི་མཆོག་སྟེ། ཁམས་གསུམ་པས་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ཟླ་བ་ནི་རྡོ་རྗེ ་འཆང་ཆེན་པོ་སྟེ། ཟླ་བའི་བརྡ་ནི། ཡེ་ཤེས་གསུམ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་། དེའི་ཁ་དོག་ཉིད་ཀྱི་ཕྱིར་རོ།། དེ་ལ་རྟག་ཏུ་འབྲེལ་པའི་བློ་གང་ཡིན་པ་ནི་འགྲོ་བ་རྣམས་གང་ཡིན་པ་སྟེ་དེ་དེ་བཞིན་ནོ།། དང་ནི་གྲགས་པ་ཡང་རྡོ་རྗེ་འཆང་ཆེན་པོ ་དྲུང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ།། བདག་ཉིད་ཀྱང་བཤད་པ་གསུམ་འབྲེལ་པར་བསྟན་པའི་ཕྱིར་རྒྱ་ཆེར་འགྲེལ་གྱི་རྣམ་པསྣ་སྒྲ་མཚུངས་པས་མིང་རབ་ཏུ་བསྡུས་ཏེ། ཕྱོགས་གཅིག་གི་མིང་ངོ་།། འདི་ནི་སློབ་དཔོན་དཔྲལ་ཐུགས་རྗེའི་དཔལ ་གྱི་ཞབས་ཀྱིས་མཛད་པ་སྟེ། གཞུང་གི་ཚད་ནི་ཚིགས་བཅད་ཀྱི་གྲངས་ཀྱང་སུམ་སྟོང་ལྔ་བརྒྱ་དང་གཉིས་སོ།། འདི་ནི་སྐད་གཉིས་སྨྲ་བ་ཆེན་པོ་ཐར་པ་ལོ་ཙ་བའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང་གསུང་གི་བདུད་རྩིའི་རོ་མྱངས་པའི་དགེ ་སློང་རིན་ཆེན་གྲུབ་ཀྱིས་ཉི་མའི་ལོ་མགོ་ཅན་གྱི་ཟླ་བ་མར་ངོའི་ཚེས་བཅུ་གཉིས་ལ། ཞ་ལུ་རཱི་ཕུག་དགའ་ལྡན་གྱི་དབེན་གནསུ་བསྒྱུར་བའོ།། །། རྒྱལ་བ་གཉིས་པ་ཀླུ་སྒྲུབ་དགོངས་པའི་དོན།། མཁས་མཆོག་ཟླ་བས་གཞུང ་གི་འཕྲེང་བས་བརྒྱུས།། ཐུགས་རྗེ་དཔལ་གྱི་ལེགས་བཤད་བྱི་དྲིར་བྱས།། གཞུང་འདི་བསྒྱུར་ལུས་དགེ་བ་གང་ཐོབ་པ། ཡིས་འགྲོ་བའི་ཚོགས་རྣམས་མཱ་ལུས་པ། སྒྲིབ་གཉིས་འཛིན་པའི་དྲི་མ་ཀུན་བྲལ་བའི།། རིན་ཆེན ་རྡོ་རྗེ་འཆིང་བར་གྲུབ་གྱུར་ཅིག། རྗོད་བྱེད་ལེགས་སྦྱར་སྒྲ་ལ་མ་བྱང་ཞིང་།། བརྗོད་བྱ་འདུས་པའི་དོ་ན་ནི་རྟོགས་དཀའ་བས།། སྒྲ་དོན་ཇི་བཞིན་ལེགས་པར་མ་གྱུར་པའི།། ཉེས་དེ་མཁས་པ་རྣམས་ཀྱིས་བཟོད་མཛད་ཅིང་།། ཕྱིས་འབྱུང་སྐད ་གཉིས་སྨྲ་མཁས་བྱུང་གྱུར་ན།། སྒྲ་དོན་བརྟགས་ནས་ལེགས་པར་འཆོས་པ་དང་།། གཟུར་གནས་དོན་གཉེར་མཁས་པའི་སྐྱེས་བུ་རྣམས།། མཉེས་བྱས་གཞུང་འདི་ཕྱོགས་བཅུར་རྒྱུས་གྱུར་ཅིག། ཅེས་པ་འདིའི་ཡི་གེ་བ་ནི་དགེ་སློང་རིན ་ཆེན་རྒྱལ་མཚན་ནོ།། འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག།། ། རྒྱ་གར་སྐད། པྲ་དཱི་བོ་དཱི་པྲོ་ཧྲི་དཱ་ཡཱ་ད་དྷ་ནཱ་ནཱ་མ། བོད་སྐད་དུ། སྒྲོན་མ་གསལ་བ ་