CLOSE WINDOW

GT656: rdo rje bzlas pa'i rgya cher bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་ཛ་པ་ཊཱི་ཀ། བོད་སྐད་དུ། ་རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དཔལ་གསང་བ་འདུས་པའི་བཤད་པའི་རྒྱུད་དགོངས་པ་ལུང་བསྟན ་པ་ལས་བཅོམ་ལྡན་འདས་ཡུམ་ཡི་གེ་གསུམ་བརྡའ་ཅན་གྱི་གསུང་གིས་བཀའ་སྩལ་པ་ཡིན་ལ། དགོངས་པས་གསུངས་པ་དེ་བླ་མའི ་མན་ངག་གིས་རྣམ་པར་བཤད་པར་བྱའོ།། དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་རྡོ་རྗེ་འཆང་བའི་ཡི་གེ་གསུམ་གྱི་སྔགས་ཀྱི་བདག ་ཉིད་ལ་ཕྱག་འཚལ་བར་བྱ་སྟེ། ཐོག་མར་མེད་པ་ལས་བྱུང་སྟེ།། རྒྱུད་ཀྱི་ཡི་གེ་གསུམ་བདག་པོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། སྔགས་ཀུན་དང་པོ་ཕྱག་འཚལ་བསྟོད།། ཕྱག་འཚལ ་ནས་ནི་སྒྲ་བདག་ཉིད།། ཡི་གེའི་ཕྱི་མོ་བཞི་བཅུ་དགུར།། གྲགས་པ་དགོངས་པས་གསུངས་པ་འདི།། རྒྱ་ཆེར་བཤད་པས་རབ་ཏུ་བཤད།། དང་པོ་གཅིག་ནི་དགུ་དབུས་ན།། གང་ཞིག ་བཅུ་ཡིས་མ་བཅིངས་པ།། དེ་ནི་བཅིངས་མེད་ཅེས་བྱ་སྟེ།། དེ་ཤེས་པ་ནི་མཆོག་གི་གནས།། དབྱངས་དང་གསལ་བྱ་ཡི་གེ་སྟེ། གྲངས་དགུ་ཡི་ནི་རྗེས་འཇུག་པ།། ཨས་ཀྱི་བཅིང ་ཕན་ཚུན་ཡང་དག་སྦྱོར།། གང་གིས་དེ་ཤེས་འགྲོ་བའི་བླ།། གང་གིས་ཤེས་ན་རྣམ་གྲོལ་བའི།། འབྲས་བུ་ཕུན་ཚེགས་གྲུབ་འདོད་པ།། དེ་ནི་དེ་ཉིད ་འགྲུབ་འགྱུར་ཏེ།། གཟུགས་མེད་པས་ན་གཟུགས་སྤངས་པ།། འབྱུང་བའི་མཐའ་དང་ཡང་དྲུག་ལྡན།། མཱལྔ་སོགས་པ་བཅུ་དྲུག་གནས། ལྔ་པ་ལྔ་དང་ཡང་དག་ལྡན། བཞི་ནི་གསུམ་དུ་ངེས་བྱར་སྦྱར།། ཡི་གེ ་བཅས་རིང་པོར་བཙོས།། ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས།། ཐུང་ངུ་མ་ལུས་ངག་ཏུ་འགྱུར།། གཅིག་མིན་དུ་མ་མ་ཡིན་ནོ།། ཡ་ཡི་དོན་གྱིས་གང་སིར་དུ་རུང་།། བྱ་བའི་དངོས་གྲུབ་འདོད་གྱུར་པས།། ར་ལ་སོགས་པ་གསུམ ་ཉིད་ཀྱིས།། འགྲོ་བའི་དོན་ལ་རབ་ཏུ་འཇུག། ཡི་གེ་གང་ཞིག་སྔར་བཤད་དང་།། གང་ཡང་མངོན་པར་ཕྱོགས་པ་རྣམས།། བུད་མེད་སྐྱེས་པ་མ་ནིང་སྟེ།། ཁམས་ལ་སོགས་པར་རབ་ཏུ་བརྟག། འོག་དང་སྟེང་དུ་བཅས་པ་ནི། ཤེས་ནས ་བློས་ནི་ངེས་པར་སྦྱར།། དྲུག་བཤྲད་བཞི་དང་གསུམ་དང་གཅིག། དངོས་མེད་ངོ་བོ་གཅིག་ལས་བྱུང་།། དེ་ཡི་གང་སོགས་དོན་སྦྱར་ན།། དུས་གསུམ་ཤས་པར་འང་འབྱུང་བར་འགྱུར།། མཁས་པས་སྒྱུ་མ་མིག་འཕྲུལ་བཞིན།། འགྲོ་བ་རྣམས ་ནི་དགུ་མཐར་བྱ།། བརྗོད་པ་ཡི་ནི་སྔགས་འདི་དག། དངོས་མེད་ངོ་བོ་ལས་བྱུང་བ།། དེ་ནི་ཡོངསུ་གྱུར་པའི་གཟུགས།། ལྷ་རུ་ཉེ་བ་ར་མཚོན་པ་གྲང་།། བརྡ་ཡིས་དེ་ཉིད་གསུམ་གནས་པ།། རང་བཞིན་པ་བཟླས་པའི་མཚན་ཉིད་དོ།། མིང་མེད་བརྗོད ་དུ་མེད་པ་སྟེ།། བྱང་ཆུབ་སེམས་མཆོག་འདི་ཡིན་ནོ།། གསུམ་པོ་དེ་ཉིད་གཅིག་གྱུར་པ།། འགྲོ་བ་མེད་ཅིང་འོང་བ་མེད།། འགག་མེད་རབ་ཏུ་ཞི་བ་སྟེ།། རྟག་དང་ཆད་པ་རྣམ་སྤངས་པ།། དུས་གསུམ་མཁྱེན་པས་མ་བྱས་པའི།། རྟོག་པ་ན་མཁའ ་དབྱེར་མེད་མཆིན།། འདི་ཉིད་ཁོ་ན་དོན་དམ་སྟེ།། སོ་སོ་རང་རིག་མཚན་ཉིད་དོ།། བྱ་བ་ཐམས་ཅད་ཉིད་དུ་ཡང་།། རྣལ་འབྱོར་རིག་པས་ཉལ་སོགས་པ།། མིང་མེད་བརྗོད་དུ་མེད་པ་སྟེ།། དུས་གསུམ་འདས་པ་རྟག་ཏུ་བཟླ།། དེ་ལྟར་ཚིགས་སུ ་བཅོད་པ་བཅུ་བཞི་པོ་འདི་དག་ནི་གང་གི་ཕྱིར་དོན་ཟབ་པ་ཉིད་ཡིན་པས་དེའི་ཕྱིར་རྣམ་པར་དབྱེ་བར་བྱའོ།། དེ་ལ་དང་པོ་གཅིག་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་བཏུ་བ་དང་།། སྔགས་ཀྱི་བརྡའ་དང་།། སྔགས་ཀྱི་དོན་དང་། སྔགས་ཀྱི ་དེ་ཁོ་ན་ཉིད་དེ་བཞི་པོ་དང་པོ་ཁོ་ནར་བསྟན་པར་བྱའོ།། དེ་ལ་སྔགས་ཐམས་ཅད་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་སྤྱིར་སྔགས་བཏུ་བའོ།། སྤྲུལ་ལ་སོགས་པའི་མིང་ཅན་དུ་གསུངས་ཏེ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་འདི་ནི་སྦྲེལ་ཞེས ་བྱ་བའི་མིང་ཅན་ཡིན་ཏཱཾ། མིང་ནི་བརྡ་ཡིན་ནོ།། ཨ་ཨུ་ཨཱཾ་ཞེས་བྱ་བ་གསུམ་འདི་དག་ལས་ཨཽ་ཨ་ཨ་དང་གཅོད་གཉིས་ལས་ཨཱཿཾ་ཧ་ཨཱུ་སྟེ་འདི་དགྲ་ཧཱུཾ། དེ་ལྟར་དེ་དགཱ་གཅིག་ཏུ་བྱས་ན།། ཨི་ཨཱཿཧཱུཾ་ཞེས་བྱ་སྟེ། འདི་ནི་སྔགས ་ཀྱི་དོན་ནོ།། མི་ཤིག་པའི་ཡི་གེ་ཨཱ་ལས་བྱུང་བས་ན་ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ།། ད་ནི། ཚིགསུ་བཅད་པའི་དྲོན་གསལ་བར་བཤད་པར་བྱ་སྟེ། མི་འཇིག་པའི་ཚུལ་ཅན་ཡི་གེ་དང་པོ་དོན་དམ་པ་སྟོན་པའི་ས་བོན་ཡི་གེ་ཨཾ་ནཱི་དང་པོ་གཅིགོ། ་དགུ་དབུས་ན་ཞེས་བྱ་བ་ནི་ཡི་གེ་ཕྱི་མོ་སྡེ་ཚན་དགུ་དབུས་ཏེ་ནང་ན་རྗོད་པར་བྱེད་པའི་ཚུལ་གྱིས་གནས་པས་ན་ཡི་གེ་ཨ་ལ་བྱ་སྟེ། གང་གི་ཕྱིར་དེ་མེད་པར་བརྗོད་པར་ནུས་པ་མ་ཡིན་ཏེ། ཨ་མེད་དུ་འགྱུར་བའི་ཕྱིར་ཏེ་ཁེ་གེ་ནས་ཇི་སྲིད་ངའི་མཐར་ཐུག ་པའོ་ངན་ཞེས་བྱ་བ་ནི་ངེས་པའོ།། དེ་ནས་ཨ་ལ་སོགས་པ་ཐུང་ངུ་བརྒྱུད་དེ་ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨོ་ནརི་སྡེ་ཚན་གཅིག་གོ། ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཾ་ཨོཾ་ཨཱཾ་གཉིས། ཀཱ་ཁ་ག་གྷཱ་ང་གསུམ། ཙཱ་ཚཾ་ཛ་ཛྙཱ་ཉ་བཞི། ཊཱ་ཋ་ཌཱ་ཌྷ་ཎ་ལླ། ་ཏ་ཐཱ་ད་དྷ་ན་དྲུག། པ་ཕ་བ་བྷ་མ་བདུན། ཡ་ར་ལ་ཝ་བརྒྱད། ཤྭ་ཥ་ས་ཧ་སྡེ་ཆེན་དགུའོ།། བཅུ་པོ་འདི་དག་གིས་གང་མ་བཅིངས་ཤིང་ཚིག་གི་རྣམ་པར་རྟོག་པའི་སྒྲས་གཟུང་དུ་མེད་ཅེས་བྱ་སྟེ། དེ་ལྟར་གྱུར་ཤེས་པའི་རྣལ་འབྱོར་པ་དེ་ནི་འཆིང་བ ་མེད་དེ། འཁོར་བ་པ་མ་ཡིན་པར་ཤེས་ཤིང་རྟོགས་པར་བྱའོ།། ཚིག་གི་རྣམ་པར་རྟོག་པ་དང་བྲལ་བར་དེ་ཡང་བརྗོད་དུ་མེད་པའི་གནས་ཡིན་པས་མཆོག་གི་གནས་ཤེས་པ་ཡིན་ལ་དེ་ཁོ་ན་ཉིད་ཀྱི་གནས་པ་ཡིན་ལ་དེ་ཁོ་ན་ཉིད་ཀྱི་གནས་པར་གྱུར ་པའི་ཕྱིར་ཏེ་ཡི་གེའི་དོན་ནོ།། གཅིག་ནི་ཡི་གེ་དགུ་པོ་ཆོས་ཀྱི་ཕྱག་བརྒྱའི་ངོ་བོ་ཉིད་ཤེས་རབ་ཀྱི་གཟུག་སོ།། དང་པོ་ཞེས་བྱ་བཱ་ནི་བསྐྱེད་པའི་གནས་ཏེ། འགྲོ་བ་མ་ལུས་པ་འཇུག་པའི་རྒྱུ་ཡི་གེ་ཨའོ།། ཡང་དེའི་དགུ་དབུས་ན་ཞེས་བྱ་བ་ཕུང་པོ་ལྔ་དང་། ་འབྱུང་བ་བཞི་ཡི་དབུས་ན་རང་རིག་པའི་ཚུལ་དུའོ།། ཕུང་པོ་དང་ཁམས་ཏེ་བཅུ་པོ་འདི་དག་གིས་གང་བརྟགས་པའི་ཚུལ་གྱིས་མོ་བཅིངས་ཤིང་འཁོར་བར་མ་གྱུར་པའོ།། འི་ཕྱིར་ཞེ་ན། ཡི་གྲེ་གསུམ་གྱི་བདག་ཉིད་སྐུ་དང་གསུང་དང་ཐུགས་གསུམ ་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ནི་མ་བཅིང་པ་སྟེ། འཁོར་བ་ལས་ངེས་པར་གྲོལ་བར་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ།། ཡང་དེ་ནི་མཆོག་གི་གནས་ཏེ། བདེ་བ་ཆེན་པོའི་ཚུལ་ཅན་ཡི་གེ་གསུམ་དུ་ཤེས་པར་བྱའོ་ཞེས་པ་སྟེ། སྤྱིའི་དོན་ནོ།། ་དང་པོ་གཅིག་ནི་ཡཱི་གེ་ཨ་དང་ཡི་གེ་ཨ་ལ་སོགས་པའི་ཡི་གེ་ཕྱི་མོ་སྡེ་ཚན་དགུའི་མཚན་ཉིད་ཅན་གྱི་དབུས་ན་ཞེས་བྱ་བ་ནི་ལུས་ཀྱི་དབུས་ཏེ་ལྟེ་བའི་གནས་པའོ།། ཡི་གེའི་གནས་དེ་ནས་བརྗོད་པར་གང་གིས་ཤེས་ཤིང་སྒྱུ་མའི་རང་བཞིན་གྱིས ་དེདེ་ཚིག་སྟེ། ཡི་གེའི་རྣམ་པར་འདྲིས་པར་ཤེས་པར་བྱ་ཞིང་རྣལ་འབྱོར་པས་རྟོགས་པར་བྱའོ།། ཡང་དེའི་མཆོག་གི་གནས་ཏེ། སྒྱུ་མའི་ཡི་གེའི་ཕྱི་མོ་བརྗོད་པའོ།། ཤེས་པ་ནི་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྟེ་འདི་ཡང་སྤྱིའི་དོན་ཡིན་ནོ།། དང་པོ ་གཅིག་ནི་ཞེས་བྱ་བ་ལ་སྲོག་ཏུ་གྱུར་པའི་རླུང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཅིག་གོ།། དང་པོ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའོ།། དགུ་དབུས་ན་ཞེས་བྱ་བ་ནི་རླུང་དགུ་པོ་ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། མཉམ་དུ་གནས་པ་དང་། ཁྱབ་བྱེད ་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱ་བ་སྟེ། དགུའི་དབུས་ཏཱི་ནང་ནའོ།། གང་རླུང་བཅུ་པོ་འདི་དག་གིས་མངོན་པར་བརྗོད་ཅིང་སྔགས་ཀྱི་ཚིག་ཏུ་གྱུར་པ་ལས་ཞི་བ་ལ་སོགས་པ་ལས་ཀྱི་ཚོགས ་མ་བཅིངས་ཤིང་མ་ཞོན་པ་དེ་ནི་མ་བཅིངས་པ་སྟེ། ཡི་གེ་གསུམ་པོ་དེ་ནི་ཅི་འདོད་པའི་ལྔས་བྱེད་པ་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་གང་གིས་ཤེས་ཤིང་རིག་པ་དེ་ནི་མཆོག་གི་གནས་རླུང་གི་དེ་ཁོ་ན་ཉིད་ཤེས་པ་ཡིན་ནོ་ཞེས་བྱ ་བ་སྟེ་སྨྲས་པའོ།། དང་པོ་གཅིག་ནི་ཞེས་བྱ་བ་ནི་མི་ཤིགས་པ་བརྗོད་དུ་མེད་པ་ན་མཁའི་ངོ་བོ་ཉིད་ཀྱི་ཡི་གེ་ནི་གཅིག་གོ།། དེ་ནི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གཞི་ཡིན་པས་ན་དང་པོའོ།། དགུ་དབུས་ན་ཞེས་བྱ་བ་ནི་དགུའི་མཐའ་ཡི་གེའི་གནས་ནའོ།། ཡང་འབྱུང་བ་དང ་དབང་པོ་ལ་སོགས་པ་བཅུ་པོ་འདི་ངག་གིས་གང་མ་བཅིངས་ཤིང་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་དང་འབྲེལ་པས་རྣམ་པར་མི་གཡེང་བ་སྟེ། དེ་ལྟ་བུ་དེ་ནི་བཅིངས་པ་མེད་པ་སྟེ། རྣམ་པར་མི་གཡོ་བའི་སེམས་ཡིན་པར་ཤེས་པར་བྱ ་ཞིང་ཁོང་དུ་ཆུད་པར་བྱའོ།། ཡེ་ཤེས་ཅན་དེ་ནི་མཆོག་གི་གནས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཅན་ཤེས་པ་ཡིནོ་ཞེས་པ་སྟེ། འདི་ཡང་སྦས་པའོ།། དང་པོ་གཅིག་ཅེས་བྱ་བ་ནི་གཞན་མ་ཡིན་པའི་ཚུལ་ཅན་གསལ་ཞིང་རྟག་ཏུ་སྣང་བ་འོད་གསལ་བ་གཟི་མདངསཽ ་ཉིད་ཡིན་པས་ཐིག་ལེའོ།། དེ་ཉིད་མི་ཤིགས་པ་ཞེས་བྱའོ།། ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱུད་པ་ལ་གནས་པ་ཤེས་རབ་ཀྱི་ས་བོན་བརྗོད་དུ་མེད་པའི་ཡི་གེ་ཨ་ནི་དྲང་བའི་ཡེ་ཤེསོ།། དགུ་དབུས་ན་ཞེས་བྱ་བ་ནི་ཨ་ཀྲ་ཙ་ཊ་ཏ་པ་ཡ་ཤྲ་ཞེས་བྱ་བ་འདབ་མ ་བརྒྱད་ལ་གནས་པ་དང་། དགུའི་བདག་ཉིད་གྲཝ་དང་བཅྡོཾས་པ་བཅུས་སེམས་རྣམ་པར་གཡེང་བ་བྱེད་པའི་རྣམ་པར་བརྟག་པས་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་ལ་མ་བཅིངས་ཤིང་ཞེན་པར་མི་བྱ་བ་སྟེ། སྐྱེས་བུ་དམ་པ་དེ་ནི་བཅིངས་པ་མེད་དེ། ཡི་གྲཱྀ་ཨ་ཞེས་བྱ་བཱི ་བརྡར་བརྟགས་པའི་འོད་གསལ་བའི་ཡི་གེ་དང་ལྡན་ཞིང་འབྲེལ་བ་ཡིན་པར་ཤེས་པར་བྱའོ།། དེ་ནི་མཽཆོག་གི་གནས་ཏེ་གཉི་སུ་མེད་པའི་ཡེ་ཤེས་སུ་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ཡང་སྔས་པོ་ཉིད་དོ།། དང་པོ་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཡང་ལྐོག ་མའི་དབུས་ན་མེའི་དཀྱིལ་འཁོར་ལ་ཨཾཿསྙིང་ཁའི་པདྨར་ཆུའི་དཀྱིལ་འཁོར་ལ་ཧ། ལྟེ་བའི་པདྨར་རླུང་གི་དཀྱིལ་འཁོར་ལ་ཨཱ། གསང་བའི་པདྨར་སའི་དཀྱིལ་འཁོར་ལ་ཨཱ.ཱུ། དེ་ལྟར་འདི་དག་མ་དང་བཅས་པ་སྟེ། དགུ་པོའི་དབུས་ལུས་ཀྱི་ནང་ན་རྟག་ཏུ་བརྗེད་པར་བྱེད ་པ་གཅིག་པུ་ནི་ཡི་གེ་ཧཱུ~ཾ་སྟེ། དེ་ལྟར་སྔར་བཤད་པའི་དང་པོ་བཅུ་པོས་མ་བཅིངས་ཤིང་གོས་པར་མ་གྱུར་པ་སྟེ། སྲོག་ཏུ་གྱུར་པའི་ཕྱིར་དང་། དམིགསུ་མེད་པའི་ཕྱིར་རོ།། དེ་ལྟ་བུར་གྱུར་པའི་ཡི་གེ་དང་པོ་རྡོ་རྗེ་སེམས་དཔའི་རང་བཞིན་གང་གིས་ཤེས་པ་དེ་ནི་མི ་ཤེས་པ་མ་ལུས་པ་དང་བྲལ་བའི་ཕྱིར་གཉིས་སུ་མེད་ཅིང་གོས་པ་མེད་པའི་རྣལ་འབྱོར་པ་ཡིན་པར་ཤེས་པར་བྱས་ལ། དེ་ཡང་མཆོག་གི་གནས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཤེས་ཤིང་རྟོགས་པ་ཡིན་ནོ་ཞེས་པ་སྟེ་མཐར་ཐུག་པའོ།། ཡང་ན་དང ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁམས་ཕྲ་བ་གཅིག་དང་སེམས་གཉིས་སུ་མེད་ཅིང་མི་འགྱུར་བའི་ཤེས་རབ་དང་། ཐབས་ཀྱི་བདག་ཉིད་ཅན་གྱི་སྙོམས་པར་འཇུག་པ་ཉི་མ་དང་ཟླ་བ་དང་། མེའི་ཚོགས་དང་ལྡན་པ་དང་འདྲེས་པར་གྱུར་པ། སྟོང་པ་གསུམ ་ང་བ་ལ་སོགས་པ་སྣང་བའི་རང་བཞིན་གྱིས་བདེ་བ་ཆེན་པོ་ལས་བྱུང་བ་ནི་མི་ཤིགས་པ་ཡིན་ལ། དེ་ལས་བྱུང་བ་ནི་སྔར་བཤད་པའི་ཡིག་ཆ་གསུམ་གྱི་བདག་ཉིད་ཀྱི་ཡི་གེ་གསུམ་པོ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བར་བརྗོད་པའི་གནས་སུ ་གྱུར་པ་ཡིན་ལ་འདི་དག་ལས་བརྗོད་ཅིང་བརྗོད་པ་ནི་སྡེ་ཚན་དགུའི་ནང་ན་འདུག་པ་དེ་ཉིད་ནི་དབུགས་རྔུབ་པ་དང་འབྱུང་བ་ལ་སོགས་པའི་སྦྱོར་བས་མྱུར་བ་དང་། བར་མ་དང་། ལྡང་བའི་ཚུལ་གྱིས་སྡང་བ་དང་འཇུག་པ་དང་། གནས་པའི་མཚན ་ཉིད་ཀྱིས་དང་པོ་དང་ཡུལ་འདུས་པ་བཅུ་པོས་མ་བཅིངས་ཤིང་རྗེས་སུ་ཆགས་པར་མི་འགྱུར་བའོ།། འདི་སྐད་དུ་སྟེ། ལྟེ་བའི་དབུས་ཏེ་ནོང་ནས་ཡི་གེའི་རྣམ་པར་བྱུང་བ་ཡི་གེ་གསུམ་ནི་ཨཱ་ལི་ཀཱ་ལི་དང་། དབུགས་འབྱུང་བ་དང་། རྔུབ་པ་དང ་ཟླ་བ་དང་ཉི་མ་ཤེས་རབ་དང་ཐབས་འདུས་པ་འཇུག་པ་དང་ལྡང་བ་ཉིད་ཀྱིས་བདེ་བ་ཆེན་པོར་གནས་པར་རྟོགས་པར་བྱས་ལ། སྟོང་པ་ཉིད་གསུམ་གྱི་སྣང་བ་ལས་འདས་པའི་འོད་གསལ་བ་མངོན་སུམ་དུ ་བྱེད་པས་དབང་པོ་ལ་སོགས་པའི་ཤེས་པ་མེད་ཅིང་རྣམ་པར་རྟོག་པ་ཅིག་ཏུ་རྒྱུད་པས་མ་བཅིངས་པར་ཉིན་དང་མཚན་དུ་ཡི་གེ་གསུམ་དུ་འབྱུང་བར་འགྱུར་རོ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཡེ་ཤེས་ཆེན་པོ་ནི་བཅིངས་པ་མེད ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱའོ།། རྣལ་འབྱོར་པ་དེ་ནི་མཆོག་གི་གནས་ཏེ། ལྷུན་གྱིས་འགྲུབ་པར་འཇུག་པའི་མཐར་ཐུག་པ་ཡིན ་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་སྟེ། འདི་ཡང་མཐར་ཐུག་པོ་ཉིད་ཡིན་ནོ་བཤད་པ་འདི་ཉིད་ཀྱིས་ན་མཐའ་དྲུག་གི་ཚིག་གི་ཆར་བྱས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། རྩ་བ་ཉིད་ལས་དགོངས་པས་བཤད་པ་ཡིན་ཏེ། ཡི་གེ་དོན་གྱིས་དགོངས་པ་མིན། ་སྤྱི་ཡི་དོན་གྱིས་དྲང་བར་བཤད།། དེ་ཉིད་ཀྱིས་ན་བདེ་གཤེགས་སྒྲ།། མཐར་ཐུག་པ་ཡི་སྒྲ་བཞིན་ནོ་ཞེས་བྱ་བའི་རིམ་པ་འདིས་སོ།། དེ་ལྟར་ཚིགསུ་བཅད་པ་དང་པོའི་བཤད་པ་བསྟན་ནས།། ད་ནི་དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར། དབྱངས ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱངས་དང་། གསལ་བྱ་དང་། ཡི་ག་ནི་དབྱངས་དང་གསལ་བྱ་ཡི་གེ་སྟེ་ཞེས་བྱ་བ་སྟེ། དེ་ལ་དབྱངས་ནི་ཨ་ལ་སོགས་པའོ།། གསལ་བྱ་ནི་ཀ་ལ་སོགས་པའོ།། ཡི་གེ་ནི་ཡ་ལ་སོགས་པའོ།། དེ་རྣམས ་ཀྱང་གྲངས་དགུ་ཡིས་ནི་རྗེ་སུ་འཇུག་པ་ཞེས་བྱ་བ། ཐུང་ངུ་དང་རིང་པོ་དང་སྡེ་ཆེན་ལྔ་སྟེ་དེ་ལྟར་བདུན་དང་། ཡ་ར་ལ་ཝ་དང་། ཤ་ཥ་ས་ཧ་སྟེ། དེ་ལྟར་གྲངས་དགུའི་བགྲང་བའི་རྗེ་སུ་འཇུག་པའི་ངང་ཚུལ་ཅན་ཡིན་པས་དེ་སྐད་ཅེས་བྱའོ།། ཡང་ན་བགྲངས ་དགུ་ནི་མི་དམིགས་པ་ལས་བྱུང་བའི་ཡི་གེ་གསུམ་ཡིན་པར་སྔར་བཤད་པའི་ཕྱིར་རོ།། དེའི་རྗེས་སུ་འཇུག་པ་ནི་དེ་རྩ་བར་བརྗོད་པའི་ཕྱིར་རོ།། དེ་བས་ན་རྣལ་འབྱོར་པ་གང་སྦྱོར་བ་འམ་རྣལ་འབྱོར་ལས་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས ་བོཔོ་གཅིག་ཏུ་གྱུར་པར་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་ནི་ཨས་བཅིངས་ཏེ། ཡི་གེ་ཨས་མི་ཤིགས་པའི་སྒོར་བཅིངས་ཤིང་དགོད་པ་ཡིན་ཏོ། སྙིང་གའི་ཁ་སྦྱར་གྱི་དབུས་ན་གནས་པའི་ཟླ་བ་དང་། ཉི་མའི་གཟི་མདངས་ཀྱི ་དབུས་ན་གནས་པར་བསྒོམ་པ་སྟེ། དེ་ལྟར་གང་ཞིག་གིས་ཤེས་ཤིང་རྟོགས་པ་དེ་ནི་འགྲོ་བའི་བླ་མ་ཡིན་ཏེ། ཁམས་གསུམ་གྱི་གཙོ་བོར་གྱུར་པ་ཡིན་ནོ།། དེ་ཡང་ཟླ་བ་གྲོགས་པའི་ཞལ་སྔ་ནས་ཀྱི་ཇི་སྲིད་ཡ་ར་ལ་ཧའི་བར།། ཀ་ཁ་གྷ ་མཐའ་ཎ་ཛཾའི་བར།། ད་དྷའི་མཐའ་དང་མ་མཐར་བཅས།། དེ་དེའི་རྩ་བ་ཡི་གེ་གསུམ་ཞེས་བཤད་པ་ཡིན་ནོ།། གང་གིས་ཤེས་ན་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་གིས་སྔར་བཤད་པའི་དོན་ཤེས་ཤིང་རྟོགས་ན་རྣམ་པར་གྲོལ་བ ་ཞེས་བྱ་བ། རྣམ་པར་ཐར་པ་ནི་དེའི་འབྲས་བུ་ཐོབ་པ་སྟེ། དེའི་ཕུན་སུམ་ཚོགས་པ་ནི་དེ་ལས་གཞན་པར་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་དངོས་གྲུབ་རྡོ་རྗེ་འཆང་བ་ཉིད་འདོད་ཅིང་མངོན་པར་དགའ་བ་དེ་ནི་རྡོ་རྗེ་འཆང་བ་དེ་ཉིད་འགྲུབ་ཅིང་ཡང་དག ་པར་འཐོབ་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། གཟུགས་མེད་པས་ན་ཞེས་བྱ་བ་སྟེ། ཨ་ལས་བྱུང་བའི་ཡི་གེ་གསུམ་ལས་སོ།། དེ་ཡང་གཟུགས་སྤངས་པ་སྟེ། བསྐྱེད་པའི་རིམ་པའི་སྒོམ་པ་དང་བྲལ་ཞིང་རྫོགས་པའི་མཚན་ཉིད་ཅན་འཇའ་ཚོན་ལྟ་བུའི། ་གས་ཞེས་བྱ་བའི་དོན་ནོ།། འབྱུང་བའི་མཐའ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བའི་ཡི་གེ་ནི་ཡ་སྟེ་ས་བོན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ནི་གཅིག་པའོ།། ཤ་ཥ་ས་ཧ་སྟེ། དེ་ཡང་དག་པར་ལྡན་པ་ནི་གཉིས་པའོ།། ཆ་ལ་སོགས་པ་ཞེས་བྱ་བ་ལ ་ཆ་ནི་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་སྟེ། དེ་ལ་གནས་པ་ནི་གསུམ་པའོ།། ལྔ་པ་ལྔ་དང་ཞེས་བྱ་བ་ནི་ཡི་གེ་ཀ་ལ་སོགས་པ་སྡེ་ཚན་གྱི་ཡི་གེ་ལྔ་སྟེ། དེ་དང་ཡང་དག་པར་ལྡན་པ་ནི་བཞི་པའོ།། དེ་ལྟར་ན་བཞི་ནི་སྟེ། ཡ་དང་ཤ་དང་ཨ་དང་ཀའི ་མཚན་ཉིད་ཅན་ནི་གསུམ་དུ་ངེས་པར་སྦྱར་ཞེས་བྱ་བ་ཡི་གེ་གསུམ་དང་ངེས་པར་སྦྱར་ཞིང་ཡོངས་སུ་གྱུར་པའོ།། ཇི་ལྟར་ཞེ་ན་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་ངོ་བོ་ཉིད་ཀྱིས་སོ།། དེ་ལས་ཨ་ལ་སོགས་པའི་ཡི་གེ་ནི་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་ངོ་བོ ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་བས་ན་དེ་ཡོངསུ་གྱུར་པའི་གཟུགས་ཅནྡ་ཡི་གེ་ཨཱཿནི་པདྨའི་རིགས་གསུང་གི་རྡོ་རྗེའི་ས་བོན་གྱི་བདག་ཉིད་ཅནོ།། ཀ་ལ་སོགས་པའི་སྡེ་ཆེན་ནས་ཧའི་མཐར་ཐུག་པའི་ཡི་གེ་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས ་བས་ཀྱི་གཟུགས་ཅན་དུ་གྱུར་པའི་ཐུགས་རྡོ་རྗེའི་ས་བོན་འབྱིན་པའི་མཚན་ཉིད་ཅན་ནི་ཡ་གེ་ཧཱུཾ་ངོ་།། ཡི་གེ་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་ལ་ཡན་ལག་དྲུག་དུ་གྱུར་པ་ཕྱོགས་གཉི་ག་ལ་བརྟེན་པར་ཤེས་རབ་དང་ཐབས་གཅིག་ཏུ་གྱུར་པའི་ཡི་གེ་མ ་དྲདང་ལྡན་པས་སྐུ་རྡོ་རྗེའི་ས་བོན་མ་ནིང་གི་རང་བཞིན་ཅན་ནི་ཡི་གེ་ཨོཾ་མོ།། དེ་ལྟར་སྔར་བཤད་པའི་ཡི་གེ་སྡེ་ཆེན་བཞི་ནི་གསུམ་དུ་ཞེས་པ་ཡི་གེ་གསུམ་དུ་ཡོངས་སུ་གྱུར་པས་ངེས་པར་སྦྱར་བར་བྱ་སྟེ། དེ་ལྟར་ན་ཡི་གེ་གསུམ་འབྱུང་བར་འགྱུར་རོ།། ངན་འདི ་ཉིད་ཀྱི་ཡང་བསྔོ་བ་ནཱི། ཡི་གེ་ཨཾ་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཨོཾ་ནི་རྗེས་དབྱིངས་ཏེ་ཐིག་ལེའོ།། རིང་པོ་ནི་ཨའོ།། ཡོན་ཏན་ནི་ཧ་དང་ཨཱ་གཅིག་ཏུ་བྷ་བ་ཧཱུ~ཾ་།། སྦྱོར་པོ་ནི་ཡི་གེ་གྲོང་མ་ཡང་ལ་ཕྱི་མ་ལྕི་བ་སྟེ། དཔེར་ན་ཨ་ཧཱུཾ་ཞེས ་བྱའོ།། དེ་ལྟར་དང་པོ་ཕྱིས་པས་དབྱེ་བར་བྱའོ།། ཇི་ལྱཱ་ངུ་ལ་ཕྱི་ཞེ་ན། དཔེར་ན་ཨོཾ་ཨ་ཧཱུཾ་ལ་ཨ་ཨུཾ་ལཱ་ཨུ་མ་ཞེས་བྱ་བ་གཉིས་ཕྱི། ཨཱཿལས་ཐིག་ལེ་གཉིས་དང་རིང་པོ་ཉིད་ཕྱི། ཧཱུཾ་གི་ཨ་ཧཱ་ཨཱུཾ་ཞེས་བྱ་བ་འདི་དག་ཀྱང་དབྱེའོ།། ཐུང་ངུ་མ་ལུས་ངག་ཅེས་བྱ་བ་ནི ་ངག་མ་ལུས་པ་ལ་རབ་ཏུ་འཇུག་པ་སྟེ། བྱེད་པའི་ཚིག་དང་། བྱེད་པ་པོ་དང་། རྟགས་དང་། མཚམས་སྦྱར་བ་དང་། སྐྱེས་བུ་དང་། བྱ་བ་དང་། ཚིག་དང་། བསྡུས་པ་དང་། ཚོགས་དང་། གནན་གྱི་ཆོ་ག་ཅན་དང་། བདག་གི་ཚོག་ཅན་དང་། བྱེད་པ་དང་། དེ་ལ་ཕན ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་འདས་པའི་བསྟན་བཅོས་རྣམས་ནི་ཡི་གེ་ཨ་ཐུང་ངུ་གཅིག་པུ་ཡིན་ཏེ། དེ་བས་ནི་ཆོས་ཐམས་ཅད་ཀྱི་སྒོར་འགྱུར་ཞིང་བྱེད་པ་ཡིན་ལ། དེ་ཡང་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་འོདདི་གསལ་བ་དང ་རྟག་ཏུ་སྡང་བའི་བདག་ཉིད་ཅན་དང་། རྡོ་རྗེ་འཆང་བའི་སའི་མཚན་ཉིད་ཅན་ཡིན་པས། གཅིག་མིན་དུ་མ་མ་ཡིན་ནོ་ཞེས་བྱ་ཏེ། གཅིག་དང་དུ་མ་ཉིད་དུ་བརྟག་པ་གཉི་གའི་ཡང་ཚིག་གི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ།། དེ་ཡང་མཚན་ཡང ་དག་པར་བརྗོད་པ་ལས་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཁྱོད་ནས་བྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེ་ས་གསུངས ་པ་དང་། རྡོ་རྗེ་རྒྱན་ལས་ཀྱང་། མར་མེ་ལྟ་བུར་འབར་འགྱུར་བ།། སྙིང་གི་དབུས་ན་མི་ཤིགས་པ།། མཆོག་ཏུ་ཕྲ་བའི་ཡི་གྲེ་ནི།། ཨོཾ་སྟེ་གཙོ་བོ་དམ་པའོ།། ཞེས་གསུངས་པ་ཡིན་ནོ།། དེ་བས་ན་ལྕི་དི་ཉིད་ནི་སྲོག་ཏུ་གྱུར་པས་ནུང་གི་བདག་ཉིད་ཅནྡ་གྱི་ལས ་བསྐུལ་བ་ནི་ཡའི་དོན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡ་ནི་རླུང་གི་ས་བོན་ནོ།། དེའི་དོན་གྱིས་ཞེས་བྱ་བ་ནི་རླུང་གི་སྦྱོར་བ་དོན་དུ་གཉེར་བ་སྟེ། རླུང་གི་རྣལ་འབྱོར་གྱི་ཡེ་ཤེས་ཐོབ་པའོ།། གད་ཅིའང་རུང་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི ་དངོས་གྲུབ་བསྒྲུབ་པར་འདོད་ཅིང་དོན་དུ་གཉེར་བའོ།། འདོད་པ་དེ་ནི་ར་ལ་སོགས་པ་གསུམ་ཉིད་ཀྱིས་ཞེས་བྱ་བ་སྟེ། ར་དང་པོར་བྱ་སྭ་པཱ་གང་ཡིན་པའི་ཡི་གེ་སྟེ། ལ་དང་ཝ་རྣམས་ནི་ར་ལ་སོགས་པ་གསུམ་སྟེ། མེ་དང་། ས་དང་། ཆུའི་ས་བོན་ནོ།། དེ་རྣམས་ཀྱིས་ནི་འགྲོ་བའི ་དོན་ཞི་བ་ལ་སོགས་པའི་ལས་ཀྱི་སེམས་ཅན་གྱི་དོན་གྱི་བྱ་བཱ་ལ་འཇུག་ཅིང་རྫོགས་པར་བྱེད་པ་ཡིན་ནོ།། འདི་སྐད་སྟོན་ཏེ། མི་ཤིགས་པའི་ཡི་གེ་ལས་བྱུང་བའི་ཡི་གེ་གསུམ་པོ་རླུང་དང་ལྷན་ཅིགུ་རྒྱུ་བས་གཡོན་དང་གཡས་དང་གཉིས་ཀ་དང་། དལ་བ་སྟེ་བཞི ་པོ་མེ་ལ་སོགས་པའི་དཀྱིལ་འཁོར་གྱི་རིམ་གྱིས་སྣའི་བུ་ག་གཉིས་ལས་བྱུང་བའི་དབུགས་རྔུབ་པ་དང་། འབྱུང་བའི་ཚུལ་གྱིས་ཐུན་ཕྱེད་དུ་ནང་གི་དུས་བཞིའི་རིམ་པས་དམར་པོ་ལ་སོགས་པའི་ཁ་དོག་བཞི་ལ་གནས་ནས། པདྨའི་རིགས་ལ་སོགས་པ་དེ་བཞིན་གཤེགས ་པ་བཞི་ལ་བརྟེན་ཏེ། ནང་གི་ཞི་བ་ལ་སོགས་པའི་ལས་བཞི་པོ་བྱའོ་ཞེས་བྱ་བའི་དོན་ཏེ། དེ་ཡང་དགོངས་པ་ལུང་སྟོན་པ་ཞེས་བྱ་བ་གསང་བ་འདུས་པའི་རྒྱུད་ལས། ཕྱག་ན་རྡོ་རྗེས་གསོལ་པ་བཅོམ་ལྡན་འདས་ནང་གི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལག་ན་རྡོ་རྗེ་ནང་གི་དུས་ཞེས་བྱ་བ་ནི་གསདྲ་བ་ཆེན་པོ་ཤིན་ཏུ་གསང་བ་ཕྲ་བ་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སེམས་ཅན་གྲོལ་ཕྱིར་ཡེ་ཤེས་ཡིན།། སྔགས་རྣམས་གྲུབ་ལ་དངོས་གྲུབ་ཡིན།། ཞི་དང་རྒྱས་པའི་ལས་དག་དང་། ་དེ་བཞིན་དབང་དང་མངོན་སྤྱོད་ལ།། བཅོམ་ལྡན་བཟུང་མིན་ཞི་བ་སྟེ།། སེམས་དབྱིངས་དེ་བཞིན་གཤེགས་པ་ཡིན།། མེ་ཏོག་ལ་དྲི་ཇི་ལྟ་བར།། དེ་བཞིན་འགྲོ་བའི་སྙིང་ལ་གནས།། རིམ་ནི་གོ་རིམ་ཇི་བཞིན་དུ།། ཐུན་ཕྱེད་ཀྱི་ནི་དུས་སུ་གནས།། མེ་དང་རླུང་དང་དབང་ཆེན་དང་།། ་ཆུ་སྟེ་སོ་སོའི་དཀྱིལ་འཁོར་ཏེ།། དམར་དང་གནག་དང་དེ་བཞིན་སེར།། དཀར་པོ་ཉིད་དེ་མདོར་བསྡུས་པའོ།། ཞེས་གསུངས་པ་ཡིན་ནོ།། ཚིག་འདི་ཉིད་ནི་སློབ་དཔོན་ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱིས་བཤད་པ་ཡིན་ནོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཆུའི་དཀྱིལ་འཁོར ་སྙིང་གཱའི་པདྨར་གནས་པ་དེ་འབྱུང་བའི་དུས་སུ་ཁ་དོག་དཀར་པོའི་འོད་ཟེར་དུ་བྱུང་ནས་ཐུན་ཕྱེད་དུ་གནས་ལ། དེའི་ཚེ་ཞི་བའི་ལས་བྱའོ།། དབང་ཆེན་གྱི་དཀྱིལ་འཁོར་ཤར་སྒོའི་པདྨར་གནས་ཏེ། དེ་འབྱུང་བའི་དུས་སུ་འོད་ཟེར་སེར་པོར་བྱུང་ནས་ཐུན་ཕྱེད་དུ་གནས ་པ་དེའི་ཚེ་རྒྱས་པའི་ལ་བྱའོ་མེའི་དཀྱིལ་འཁོར་ནི་ལྐོག་མའི་པདྨར་གནས་ལ་དེ་བྱུང་བའི་དུས་སུ་འོད་ཟེར་དམར་པོར་བྱུང་ནས་ཐུན་ཕྱེད་དུ་གནས་པ་དེའི་ཚེ་དབང་དུ་བྱ་བའི་ལས་བྱའོ།། རླུང་གི་དཀྱིལ་འཁོར་ནི་ལྟེ་བར་གནས་ལ། དེ་འབྱུང་བའི་དུས་སུ་འོད་ཟེར ་ནག་པོར་འབྱུང་སྟེ། ཐུན་ཕྱེད་དུ་གནས་པ་དེའི་ཚེ་དྲག་པོའི་ལས་རྣམས་བྱའོ་ཞེས་བྱ་བ་ནི་འདིའི་དོན་ཡིན་ནོ།། ཡི་གེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཡི་གེ་གང་སྔར་ཏེ་གོང་དུ་དབྱངས་དང་གསལ་བྱ་ཞེས་བྱ་བ་ལ་སོགས ་པས་བཤད་ཅིང་སྨྲས་པ་དང་། དེ་རྣམས་ལ་མངོན་པར་ཕྱོགས་ཤིང་གཙོ་བོའི་ལས་དང་འཚམ་པ་ཡི་གེའི་སྒྲས་གསུངས་པ་ཡ་ར་ལ་ཝ་ལ་སོགས་པ་སྟེ། དེ་རྣམས་ནི་ཡང་བུད་མེད་དང་། སྐྱེས་པ་དང་། མ་ནིང་གི་དབྱེ་བས་ནང་གི་བདག་ཉིད་ཅན ་དང་། ཕྱིའི་སྒྲར་བོ་རྗོ་ད་པར་འགྱུར་རོ།། དེ་དག་ཀྱང་ཁམས་ལ་སོགས་པར་རབ་ཏུ་བརྟག་ཅེས་བྱ་བ་ཁམས་སམ་སྐད་ཀྱི་དབྱིངས་དང་། བྱེད་པའི་ཚིག་དང་། བྱེད་པ་པ་ལ་སོགས་པར་བརྟག་པར་རབ་ཏུ་འགྱུར་རོ།། འདི་སྐད་སྟོན་ཏེ། ཨའི་རིག་སུ་གྱུར ་པའི་ཕྱིར་རླུང་གིས་དྲངས་པའི་སྒྲ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་ཏེ། དེ་རྣམསུ་བྱུང་བ་ནས་ཁམས་སམ་སྐད་བྱིངས་ལ་སོགས་པ་ནས་སྙན་དགུས་དང་གར་གྱི་བསྟན་བཅོས་ལ་སོགས་པ་འཇིག་རྟེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ ་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམས་འབྱུང་ངོ་།། དེ་ཡང་ལུང་ལསྭཱ། ནམཁའ་དང་ནི་རླུང་བྱུང་བ།། བརྗོད་པ་ཁཱ་རུ་ཕྱིན་པར་གྱུར་པའི་སྒྲ།། གནས་གཞན་རྣམསུ་རབ་ཏུ་ཕྱེ་བ་ལས།། ཡི་གེར་གྱུར་པ་གང་ཡིན་དེ་སྒྲ་ཡིན་ཞེས་བཤད་པ་ཡིན་ནོ།། ་རྣམ་པ་གཞན་ཡང་ས་དང་ཆུ།། མི་དང་རླུང་ལ་སོགས་པའི་ཁམས་དང་ལྡན་པའི་ལུས་ནི་སྐྱེས་པ་དང་། བུང་མེད་དང་། མ་ནིང་ལ་སོགས་པའི་དབྱེ་བས་ཁམས་གསུམ་པའི་ཨཱ་ལི་ཀཱ་ལོ་དང་། ཟླ་བ་དང་། ཉི་མ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབྱུང་བའི་སེམས ་གཅིག་ཏུ་གྱུར་པའི་བར་དུ་བརྟག་པའི་སྦྱོར་བས་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པར་རབ་ཏུ་བརྟགས་པ་ཡིན་ནོ།། དེ་ཡང་འོག་དང་། སྟེང་དུ་བཅས་པ་ཞེས་ནི་བྱ་བ་སྟེ། འོག་དང་སྟེང་གི་སྒྲས་ནི་ཡི་གེ་གསུམ་ལ་བྱ་བར་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། འོག་ནི་ལུས ་ཀྱི་ནང་དུ་རླུང་དང་འདྲེས་ནས་གནས་ཤིང་འཇུག་པའི་མཚན་ཉིད་ཅན་གྱི་སྐུ་རྡོ་རྗེའི་ས་བོན་ཨོཾ་མོ།། སྟེང་ནི་ལྡང་བའི་མཚན་ཉིད་ཅན་མི་ཤིགས་པ་ཐུགས་རྡོ་རྗེའི་ས་བོན་ངེས་པར་འབྱུང་བའི་མཚན་ཉིད་ཅན་ཧཱུ~ཾ་ངོ་།། དེ་གཉིས་ཀའི་དབུས་ན་འདུག་པའི་ཚུལ ་གྱིས་གནས་པ་གསུང་རྡོ་རྗེའི་ས་བོན་ནི་ཨཱའོ།། ད་ལྟར་གསུམ་པོ་འདི་དག་བུད་མེད་དང་སྐྱེས་པ་དང་། མ་ནིང་གི་དབྱེ་བས་སྟེང་དང་། འོག་དང་ཡང་དག་པར་བཅས་ཤིང་ལྡན་པ་ཡིན་ཏེ། འཇུག་པ་དང་གནས་པ་དང་། ལྡང་བས་རླུང་རྒྱུ་བའི་ཚུལ་གྱིས ་ཉིན་དང་མཚན་དུ་བསྒོམ་ཞང་བསམ་པའི་སེམས་ཀྱིས་རྒྱུན་གྱིས་ཤེས་ཤིང་རྟོགས་པར་བྱས་ནས་འོད་གསལ་པོའི་མཚན་ཉིད་སྟོང་པ་ཉིད་དུ་ཡི་གེ་ཨ་ངེས་པར་སྦྱོར་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ།། དྲུག་བཤད་ཅེས་བྱ་བ་ལ་སོ ་པ་ལ། དེ་ལྟར་སྔར་བཤད་པའི་སྔགས་ཀྱིས་དེ་ཁོ་ན་ཉིད་ལ་སོགས་པའི་དྲུག་བཤད་ཅེས་བྱ་བ་སྲོག་ལ་སོཌ་པའི་རླུང་སེམས་དང་བཅྡོཾས་པ་དྲུག་ཏུ་བཤད་ཅིང་གསུང་སོ།། དེ་བཞིན་དུ་བཞི་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་འབྱུང ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བཞི་པོས། གསུམ་དང་ཞེས་བྱ་བ་ནི་འཇུག་པ་དང་གནས་པ་དང་ལྡན་པའི་མཚན་ཉིད་ཅན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གྱིས་སོ།། གཅིག་ཅེས་བྱ་བ་ནི་མིག་གཡོ་བའི་ཆོས་ཀྱི་གཟུགས་ཅན་མི ་ཤིགས་པའི་ཨཱའོ།། དེ་ཡང་དངོས་མེད་རྡོ་ཙཱ་གཅིག་ལས་བྱུང་ཞེས་བྱ་བ་སྟེ། དངོས་ཐ་མེད་པ་ནི་བརྗོད་མྱེད་པར་གནས་པའི་མཚན་ཉིད་ཅན་འོད་གསལྔ་བའོ།། དེ་ལྟང་དྲུག་དང་བཅུ་དང་གསུམ་དང་གཅིག་ཅེས་བྱ་བ་ལ་སོགས་པ ་འདི་དག་ནི་འོད་གསལ་བ་ལས་བྱུང་ཞིང་སྐྱེ་བར་འགྱུར་ལ། དེ་ཉིད་དུ་ཐིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ།། དེ་ཡང་འདི་དོན་ཉིད་དགོངས་པའི་ཚིག་གིས་གསུངས་པ་ཡིན་ནོ།། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་།། མདོག་དང་དབྱིབས་ནི་ཐ་དད་པ། ་ནམ་མཁའི་དབྱིངས་བྱུང་ནུས་ནི།། དེ་ཉིད་དུ་ནི་ཐིམ་པར་གྱུར་ནས་བཤང་པ་ཡིན་ནོ།། དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྒྲ་དང་གསུང་དང་ཐུགས་ཀྱི་ས་བོན་གྱི་ཡི་གེ་དེ་ནི་ཡ་སོགས་དོན་ཞེས་བྱ་བ་ནི་ཡ་ར་ལ་ཝ་ཞེས་བྱ་བ་རླུང་གི་དཀྱིལ་འཁོར ་ལ་སོགས་པ་བཞི་པའི་དོན་གྱིས་ཞི་བ་ལ་སོགས་པའི་ལས་ལ་ཡང་དག་པར་སྦྱར་ཞིང་རྣམ་པར་བསམས་ན་དུས་གསུམ་ཤེས་པའང་འབྱུང་བར་འགྱུར་ཞེས་བྱ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་དུ་ཁམས་གསུམ ་པོ་དག་དུ་གང་ཅི་བྱུང་བ་དེ་ཐམས་ཅད་ཤེས་པར་འགྱུར་བའོ།། འདི་སྐར་སྟོན་ཏེ། དཀྱིལ་འཁོར་རེ་རེ་ཞིང་འཇུག་པ་ལ་སོགས་པས་ཡི་གེ་གསུམ་ངེས་པར་སྦྱར་ན་དུས་གསུམ་ཤེས་པ་དང་ལྡན་པར་འགྱུརརོ།། དེ་ལྟར་ངེས་པར་སྦྱར་བ་འདས་མཁས ་བ་སྟེ། ཡོངསུ་རྫོགས་པའི་རྣལ་འབྱོར་པ་བློ་དང་ལྡན་པ་ས་དགུ་མཐའ་ཞེས་པ་འོད་གསལ་བ་ལས་བྱུང་བའི་མི་ཤིགས་པའི་སྤོབས་ཡི་གེ་གསུམ་དུ་འགྲོ་བ་ཁམས་གསུམ་པ་སྨོན་ལམ་དང་། སྐྱེ་མ་དང་མིག་འཕྲུལ་དང་འདྲ་ཞིང་དེའི་ངོ་བོ་ཉིད་དུ་བྱ་བ ་སྟེ། སྤྲོ་བ་དང་བསྡུ་བ་དང་བཞག་པར་བྱའོ།། བརྗོད་པ་ཡིན་ཞེས་བྱ་བ་འདི་ནཱི་གང་སྔར་བཤད་པའི་བརྗོད་དུ་མེད་པའི་མཚན་ཉིད་ཅན་གྱི་ཡི་གེ་གསུམ་པོ་ནི་སྔགས་ཏེ། དེ་ནི་བརྗོད་པ་ཞེས་བྱ་བ་ཚིག་མ་ལུས་པ་ལ་འཇུག་པའི་མཚན་ཉིད་ཅན་གྱི་སྔགས ་འབྱུང་བར་བྱེད་པའི་རྩ་བ་ཡིན་པས་ན་བརྗོད་པ་ཞེས་བྱ་བའི་མིང་དུ་གསུངས་པ་ཡིན་ནོ།། དེ་ལྟར་ན་འདིས་ནི་བརྗོད་པའི་རྡོ་རྗེ་བཟླས་པ་གསུངས་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་རང་བཞིན་གྱི་བཟླས་པའི་དོན་ཡང་གསུངས་པ་ཡིན་ཏེ། དེ་ནི་ཡོངསུ་གྱུར་པ་ཞེས་བྱ་བ ་ལྔ་སོགས་པ་ལ་ཡི་གེ་གསུམ་པོ་དེ་ཡོངསུ་གྱུར་ཅིང་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གསུམ་པོ་ཞུ་བ་ལས་ཞལ་གསུམ་ལྔ་སོགས་པའི་རྣམ་པ་ཅན་གྱི་རྡོ་རྗེ་འཆང་གི་སྐུ་གཟུགས་འབྱུང་བ་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་ཉེ་བར་མཚོན་པ་སྟེ། ་མེ་ལོང་གི་ནང་གི་གཟུགས་བརྙན་ནམ་འཇའ་ཚན་ནཱམ་གྲིབ་མའི་ཚུལ་དུ་བརྡར་བཏགས་ཤིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་མིང་གི་བརྡར་བཏགས་པ་ཡིན་ལ། དེ་ཡང་ངོ་ཁོ་ན་ཉིད་གསུམ་དུ་གནས་པ་ཡིན་ཞིང་། བརྗོད་པ་མེད་པའི་ཡི་གེ་གསུམ ་དུ་ཡང་དག་པར་གནས་ནས་གང་ཞིག་བྱུང་བ་དེ་ནི་དེ་ཉིད་ཀྱི་རང་བཞིན་གྱི་བཟླས་པའི་མཚན་ཉིད་དྲི་ངོ་བོ་ཉིད་ཀྱི་བཟླས་པ་དེའི་མཚན་ཉིད་དེ་ཡིན་པར་བཤད་དོ།། དེ་ཉིད་ནི་བརྗོད་དུ་མེད་པའི་ཕྱིར་མིང་མེད་པ་ཡིན་ཞིང་། ངག་གི་ཡུལ་དུ་མ་གྱུར་པ་ཡིན་ལ ་དེ་ལྟར་ཚིག་ཏུ་བརྗོད་པ་དང་བྲལ་བས་དེ་ཉིད་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་མཆོག་དམ་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ།། གསུམ་པོ་ཞེས་བྱ་བ་ལ་སོགས་པ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་གྱི་རང་བཞིན་གསུ ་པོ་དེ་དག་ཉིད་དེ་ཁོ་ན་ཉིད་ཀྱི་གནས་སུ་ཞུགས་པས་གཅིག་ཏུ་གྱུར་ཅིང་གཉི་སུ་མེད་དེ་ཐམས་ཅད་སྟོང་པ་དང་འོད་གསལ་བ་དང་དོན་དམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བླ་མའི་ཞལ་ནས་རྟོགས་པར་བྱ་བ་གནས་བཞི་པའོ།། ་འགྲོ་བ་མེད་ཅིང་འོང་བ་མེད་ཅེས་བྱ་བ་ནི་ཁམས་ཕྲ་བ་དང་སླ་བ་དེའོ།། འགག་པ་མེད་པ་ནི་མི་ཆོད་པ་མི་ཤིགས་པ། མི་ཚིག་པ། མི་སྐམ་པ། བརྟན་པའི་རྡོ་རྗེའི་སྐུའོ།། རབ་ཏུ་ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་ཀྱིས་མ་གོས་ཤིང་དེ་དག་དང་བྲལ་བའི ་ཕྱིར་རོ།། རྟག་དང་ཆད་པ་རྣམས་སྤངས་པ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དང་མི་བརྟན་པ་ལ་སོཊ་པཱི་ཙཱར་རྟོག་པ་དང་བྲལ་བའོ།། ཞེས་བྱ་བའི་དོན་ནོ།། དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ་རུས་གསུམ་མཁྱེན་པ་ཞེས་བྱ་བ་ནི་འདི་ནི་དུས་གསུམ་མཁྱེན་པ་རྣམས་ཀྱིས་ཀྱང་ཀུན ་ཏུ་རྟོག་པར་མ་མཛད་དེ། རྟོག་པ་རྣམ་པར་སྤང་བ་དེ་ཉིད་ཀྱི་ཕྱིར་དབྱར་མེད་ན་མཁའི་མཚན་ཉིད་ཡིན་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ན་མཁའ་ནི་ངོ་བོ་ཉིད་ཀྱི་དངོས་པོ་མེད་ཅིང་ཐམས་ཅད་དུ་སྤྱོང་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་ཤིགས་ཏེ། བཅོམ་ལྡན་འདས་ཀྱང་དེ་དང་འདྲའོ།། ། ་དེ་བས་ན་འདི་ཉིད་ཁོ་ན་དོན་དམ་སྟེ་ཞེས་བྱ་བ་ཡིན་ཏེ། བདེན་པར་གྱུར་པ་དང་། སོ་སོར་རང་རིག་མཚན་ཉིད་དོ་ཞེས་བྱ་བ་རྒྱུ་བ་དང་མི་རྒྱུ་བའི་མཚན་ཉིད་ཅན་གྱི་སོ་སོར་རང་རིག་པ་རང་གིས་ཉམ་སུ་མྱོང་བ་བདེ་བ་ཆེན་པོའི་མཚན་ཉིད་ཁོ་ན་ཡིན་ཞེས་བྱ་བའི་དོན་ནོ།། ་ད་ནི་བྱ་བ་ཐམས་ཅད་ཉི་དུ་ཡང་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱི་རྣལ་འབྱོར་གྱི་སྦྱོར་བ་ཤེས་ཤིང་རིག་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་ཉ་ལ་སོགས་པ་ཞེས་ཉལ་བ་དང་། ལྡང་བ་དང་འདུག་པ་དང་། འཆག་པ ་ལ་སོགས་པའི་སྤྱོད་ལམ་རྣམ་བཞིར་སེམས་ཅན་གྱི་དོན་བྱ་བའི་ལས་རྣམས་སུ་ཡང་དུས་གསུམ་ལས་འདས་ཤིང་དུས་གསུམ་མེད་པ། དུས་ཐམས་ཅད་པར་ནི་མིང་མེད་པ་སྟེ། ཚིག་གིས་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པ་སྟེ་གསལ་བ་མ་ཡིན་ཞིང་བརྗོད་པ་དང ་བྲལ་བར་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཡི་གེ་གསུམ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་དབུགས་ནི་ཡི་གེ་ཨོཾ་གྱིས་འཇུག་པ་དང་།། སྔགས་ཀྱི་ཡི་གེ་ཨཱཿདེའང་བར་དུ་གནས།། མཐར་ནི་ཡི་གེ་ཧཱུཾ་དང་དབུགས་འབྱིན་བྱེད།། རྐན་མཆུ་སྦྱར་དང་བྲལ ་བར་གསང་སྔགས་བཟླ།། ཞེས་བཤད་པ་ཡིན་ནོ།། རྡོ་རྗེའི་སྙིང་པོ་ཤིན་ཏུ་སྤྲོས་པ་གང་ཡིན་རབ་གསལ་བར།། རྣམ་པར་བཤད་པ་འདི་ནི་རྣལ་འབྱོར་པའི་ཡུལ་བླུན་པོའི་མིན།། དྲི་མེད་བླ་མའི་ལུང་གང་རིན་ཆེན་བཟང་པོའི་དོན་དུ་ནི།། བྱོས་པས་འབྲས་བུ་རབ་མཆོག་འབྱོར་ཅི ་རྣལ་འབྱོར་གྲུབ་པར་ཤོག། གལ་ཏེ་འདི་ལ་བསོད་ནམས་ནི།། བདག་གིས་ཅུང་ཟད་ཅི་བསགས་པ།། དཔའ་བོ་རྡོ་རྗེས་རབ་བསྐུལ་བ།། དེ་ནི་འགྲོ་བ་རྒྱལ་བར་ཤོག། དགོངས་པས་བཤད་པའི་རྡོ་རྗེ་བཟླས་པ་རྒྱ་ཆེར་བཤད་པ། རྡོ་རྗེ་སློབ་དཔོན་ཤྲཱི་ཤྲདྡྷ་ཀ་ར་ཝ་རྨའི་ཞལ་སྔ་ནས ་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཨཱ་ཙ་རྱ་པྲདྡྷ་ཀ་ར་ཝརྨ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་