| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཥྚ་ད་ཤཱ་པ་ལ་བྷི་ཏ་ར་བྱཱ་ཁྱཱ། བོད་སྐད་དུ། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དེ་ལྟར་ལེའུ་བཅུ་བདུན་གྱིས་དེ་ཁོ་ན་ཉིད་ལ་སོགས་པའི་རྒྱུན་གྱིས་མཚན་ཉིད་ནི་རྩ ་བའི་རྒྱུད་བསྟན་ཏོ།། དེ་ནས་དེའི་རྣམ་པར་དབྱེ་བའི་བདག་ཉིད་རྒྱུད་ཕྱི་མར་གྱུར་པ། དེ་ནས་བྱམས་པ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལེའུ་བཅོ་བརྒྱད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བཤད་པར་བྱ་བའི ་ཕྱིར་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་ཞེས་བྱ་བའི་བར་གྱི་གཞུང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་བཏབ་པ་བསྟན་ཏོ།། གསང་བ་ཞེས་བགྱི་ཇི་ལྟ་ལུགས་ཞེས་བྱ་བ་ནས་བརྩམས་ཏེ། ལས་ཀྱི་མཆོ ་གི་ཚོགས་རྣམས་ཏེ། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བའི་བར་གྱི་གཞུང་གི་དྲི་བ་སྟེ། མདོར་བསྟན་པའི་ཚིག་བདུན་ཅུ་རྩ་གཉིས་བསྟན་ཏོ།། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་ག ་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་བ་ལ་ལན་གདབ་པ་རྩོམ་པ་བསྟན་ཏོ།། སྐུ་གསུང་ཐུགས་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་དྲིས་པའི་ལན་བསྟན་ཏོ།། ཚོགས་པ་འདུས་པ་ཞེས་བྱ་བ་ལ་སོ། ་པས་འདུས་པའི་དྲི་བའི་ལན་བསྟན་ཏོ།། ལྔ་པ་དང་ནི་དགུ་པ་དང་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་བཞི་པོས་འབྲེལ་པའི་ལན་བསྟན་ཏོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པས་དགོངས་པ་བསྟན་ཅིང་དེ་བཞིན་གཤེ ་ཐམས་ཅད་ཀྱི་ཕྲིན་ལས་དྲི་བའི་ལན་བསྟན་ཏོ།། བསྐྱེད་པའི་ཚིག་སུ་བཅད་པས་དགོས་པ་ཉིད་བསྟན་ཅིང་སློབ་དཔོན་གྱི་ཕུན་སུམ་ཚོགས་པའི་ལན་བསྟན་ཏོ།། དཀྱིལ་འཁོར་དང་ནི་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པས་སློབ་མའི་ལས་ཀྱི་དྲི ་བབསྟན་ཏོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དགོས་པའི་དྲི་བའི་ལན་བསྟན་ཏོ།། བསྟན་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་དྲི་བའི་ལན་བསྟན་ཏོ།། ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པས་རྣལ་འབྱོར་དྲི་བའི་ལན་བསྟན་ཏོ།། རྒྱུད་ནི་རྒྱུན་ཞེས་བྱ་བ་ལ ་སོགས་པས་རྒྱད་པའི་ལན་བསྟན་ཏོ།། གཞི་དང་རང་བཞིན་ཞེས་བྱ་བ་ལ་སོགས་པས་རྒྱུད་ཀྱི་དོན་བསྡུས་པའི་དྲི་བའི་ལན་བསྟན་ཏོ།། རྒྱུད་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་དེ་ཁོ་ན་ཉིད་དང་། གསང་བ་དང་སྦས་པ་དང་དམ་པ་ཞེས་བྱ་བ་སྟེ་དྲི་བ ་བཞི་པོའི་ལན་བསྟན་ཏོ།། ཐོག་མཐའ་མེད་པ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་དྲི་བའི་ལན་བསྟན་ཏོ།། སྐུ་དང་ཞེས་བྱ་བ་ལ་སོགས་པས་རིག་པའི་སྐྱེས་བུ་དྲི་བའི་ལན་བསྟན་ཏོ།། ལྔ་འཇོམས་པ་དང་ལྔ་རིག་པ་ཞེས་བྱ་བ་ལ་སོགས་པ་ནས ་བཤད་དོ་ཞེས་བྱ་བའི་བར་གྱིས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་དྲི་བ་བཅུ་གསུམ་གྱི་ལན་བསྟན་ཏོ།། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་ལས་འདྲི་བོའི་ལན་བསྟན་ཏོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རིག་པའི་རྒྱལ་པོ་དྲི་བའི་ལན་བསྟན ་ཏོ། གཟུང་བ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པས་སེམས་འབྱུང་བ་འདྲི་བའི་ལེན་བསྟན་ཏོ།། ཊཀྐི་ཞེས་བྱ་བ་ལ་སོགས་པས་ཁྲོ་བོ་དྲི་བའི་ལན་བསྟན་ཏོ།། དམ་ཚིག་ཅེས་བྱ་བ་ལ་སོགས་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དྲི་བའི་ལན ་བསྟན་ཏོ།། རིག་པ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པའི་རྒྱལ་མོ་དྲི་བའི་ལན་བསྟན་ཏོ།། གཟུགས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བདག་པོ་དྲི་བའི་ལན་བསྟན་ཏོ།། ཡུལ་དང་དབང་པོ་ཞེས་བྱ་བྱ་ལ་སོགས་པས་ཚིགསུ་བཅད་པ་གཉིས་ཀྱིས་སྔགས ་ཀྱི་སྤྱོད་པ་དྲི་བའི་ལན་བསྟན་ཏོ།། རང་རང་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་བཞི་པ་བཟླས་པའི་དྲི་བའི་ལན་བསྟན་ཏོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་ཚོགསུ་བཅད་པ་བཞི་པོས་ཕྱག་རྒྱ་དྲི་བའི་ལན་པོ་སྟན་ཏོ།། བཞི་ཞེས་བྱ་བ་ལ ་སྲོ་གས་པས་ཆོས་འབྱུང་བ་བསྒོམ་པའི་དྲི་བའི་ལན་བསྟན་ཏོ།། གཟུགས་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པས་གཉིས་ཀྱིས་སྡོམ་པ་དྲི་བའི་ལན་བསྟན་ཏོ།། རྣམ་པར་དང་བཅས་པ་ཞེས་བྱ་བ་ནས་བརྩམས་ཏེ། བུད་མེད་ཅེས་བྱ་བའི་གཞུང ་གིས་ཞེ་སྡང་ལ་སོགས་པའི་སེམས་ཅན་གྱི་དོན་དྲི་བའི་ལན་བསྟན་ཏོ།། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་བྲི་བའི་ལན་བསྟན་ཏོ།། ལྕགས་ཀྱི་ཞེས་བྱ་བ་ལ་སོགས་པས་བསྡུས་པའི་དཀྱིལ་འཁོར་ལ་སོགས་པ་ལ་ཕྱག་རྒྱ་དགོད ་པའི་དྲི་བའི་ལན་བསྟན་ཏོ།། མེ་ཏོག་ཅེས་བྱ་བ་ལ་སོགས་པས་མེ་ཏོག་དྲི་བའི་ལན་བསྟན་ཏོ།། མཆོད་རྟེན་ཞེས་བྱ་བ་ལ་སོགས་པས་མཆོད་རྟེན་དྲི་བའི་ལན་བསྟན་ཏོ།། ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲི་བའི་ལན ་བསྟན་ཏོ།། ས་བོན་ཞེས་བྱ་བ་ལ་སོགས་པས་ཚིག་དྲི་བའི་ལན་བསྟན་ཏོ།། བསྐུལ་བ་ཞེས་བྱ་བ་ལ་སོགས་པས་བསྐུལ་བའི་ཚིག་དྲི་བའི་ལན་བསྟན་ཏོ།། གཏང་བ་ཞེས་བྱ་བ་ལ་སོགས་པས་གཏང་བའི་དྲི་བའི་ལན་བསྟན་ཏོ།། ཀུན་སྤྱན་འདྲེན་ཞེས་བྱ ་བ་ལ་སོགས་པས་འབོད་པའི་དྲི་བའི་ལན་བསྟན་ཏོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་འཆིང་བ་དྲི་བའི་ལན་བསྟན་ཏོ།། སྐུ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་དབཔུང་བསྐུར་བ་ལ་སོགས་པའི་དོན་དྲི་བའི་དཀྱིལ་འཁོར་གྱི་ཆོ་ག་དྲི་བའི། ་ལེན་བསྟན་ཏོ།། དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པའི་ཚིག་སུ་བཅད་པ་ཕྱེད་དང་དྲུག་གིས་དབང་བསྐུར་བའི་དྲི་བའི་ལན་བསྟན་ཏོ།། དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ཚིགས་བཅད་བཅུས་རིག་པའི་རྟུལ་ཞུགས་དྲི་བའི་ལན་བསྟན་ཏོ།། རང་བཞིན་ཞེས་བྱ་བ ་ལ་སོགས་པ་ཚིགསུ་གཅོད་པ་ལྔ་པོས་བདུད་རྩི་ལྔ་དྲི་བའི་ལན་བསྟན་ཏོ།། བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པས་བརྩོན་འགྲུས་ལྔ་དྲི་བའི་ལན་བསྟན་ཏོ།། མི་སྣང་བ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་དངོས་གྲུབ་དྲི་བའི་ལན ་བསྟན་ཏོ།། དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་མཆོག་གི་དངོས་གྲུབ་དྲི་བའི་ལན་བསྟན་ཏོ།། གཞི་ཞེས་བྱ་བ་ལ་སོགས་པ་ནས་རང་བཞིན་རང་བདེ་ཞི་བ་ནི་ཞེས་བྱ་བའི་བར་གྱི་ཚིགསུ་བཅད་པ་བཞི་བཅུ་རྩ་དྲུག་གིས་ཐབས་དྲི་བའི་ལན་བསྟན་ཏོ།། ཐམས ་ཅད་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཅིག་གི་ཐབས་ལས་བྱུང་བའི་དྲི་བའི་ལན་བསྟན་ཏོ།། གང་ཞིག་ལས་ཞེས་བྱ་བ་ལ་སོགས་པ་ནས། བཟའ་བར་བྱ་བ་བསམ་པར་ཞེས་བྱ་བའི་བར་གྱི་ཚོགསུ་བཅད་པ་བཅུ་གཉིས་ཀྱིས་བཀའ་བསྒོ་བའི ་དྲི་བའི་ལན་བསྟན་ཏོ།། ཞི་ལ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པས་ལས་ཀྱི་ཚོགས་དྲི་བའི་ལན་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་དྲིས་ལན་ཉེ་བར་བསྡུ་བ་བསྟན་ཏོ།། ཕྱག་འཚ་ལོ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པའི་སྒོ་ནས ་དེ་བཞིན་གཤེགས་པ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱག་བཞི་སྐྱོན་དུ་འགྲོ་བས་རྟོག་པ་བསྐྱེད་པ་བསྟན་ཏོ།། ལེག་སོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལ་ཚིག་སུ་བཅད་པ་བདུན་གྱིས་ལན་བསྟན་ཏོ།། དེ་ནས་ཞེས ་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཆུད་པར་བསྟན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་རང་གི་རྟོག་པ་སེལ་བ་བསྟན་ཏོ།། གང་ཞིག་དུས་གསུམ་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་བཅུས་བསྟོད་པ་སྟོན་དུ་འགྲོ་བ་ནས་བསྟོད་པ ་ཚིག་ནི་ཞི་བ་འདིས། ཞེས་བྱ་བའི་བར་གྱི་གཞུང་གི་ཉེ་བར་བསྡུ་བ་བསྟན་ཏོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་རྒྱུད་ཡོངསུ་རྫོགས་པར་བསྟན་ཏོ།། དེ་ལྟར་དྲི་བ་ལྔ་བཅུ་རྩ་བརྒྱད་དང་། རྩོམ་པའི་དྲི་བ་གཅིག་དང་། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས ་འདྲི་བ་བཅུ་གསུམ་དང་ལྷན་ཅིག་འདྲི་བ་དང་ལན་བདུན་ཅུ་རྩ་གཉིས་བསྟན་ཏོ།། དེ་ནི་ལེའུ་བཅོ་བརྒྱད་པའི་དོན་བསྡུས་པའོ།། ། ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱོ་སྒྲ་ནི་ལེའུ་བཅུ་བདུན་པའི ་འོག་ཏུ་འདས་མ་ཐག་པའི་དོན་ལ་འཇུག་གོ།། ཇི་སྐད་དུ། ལྔ་མ་འདས་པ་ལ་བལྟོས་དང་།། བཀྲ་ཤྲཱིས་དང་ནི་དབང་བྱེད་པ།། དེ་ནས་སྒྲ་དང་དེ་ཕྱིར་སྒྲ།། དམ་ཆོས་རིམ་དང་རྒྱུད་དོན་སྟོན།། ཞེས་བྱ་བ་གསུང་སོ།། བྱམས་པ་ལ་སོགས་པ་ནི་བྱམས་པ་ལ་སོགས ་པ་བྱང་ཆུབ་སེམས་དཔའ་རྣམ་སོ།། བྱམས་པ་སྨོས་པ་ནི་མི་འོངས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་གཙོ་བོར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། མ་འོངས་པ་ལ་འདས་པ་བཞིན་དུ་ཉེ་བར་གདགས་པའི་ཕྱིརརོ།། ཆེན་པོ་ནི་རྒྱུད་ཐམས་ཅད་གཏན་ལ་དབང ་པ་ལང་སེམས་དཔའ་ནི་རྟོག་པར་འདོད་པ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཆེན་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི་དཔལ་གསང་བ་འདུས་པའི་སྦས་པ་སྟེ་རྡོ་རྗེའི་ཚིགོ། བཤད་པར་བྱ་བ་ནི་དྲི་བ ་ཞུས་ནས་དགྲོལ་བར་བྱ་བའི་དོན་དུའོ།། དངོས་པོ་ཀུན་གྱིས་ནི་སྐུ་ལ་སོགས་པསོ།། ཇི་ལྟ་བ་བཞིན་ནི་ཕྱིན་ཅི་མ་ལོག་པའོ།། ཇི་ལྟར་དམ་ཚིག་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་གཉིས་མི་གཏོང་བ་སོ།། ཐོས་པ་ནི་ལེའུ་བཅུ་བདུན་མཉན་ནས།། ལྟ་བུ་དང་། ་རྟོགས་པ་ནི་བསམ་པ་དང་བསྒོམ་པས་སོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང་ཆེན་པོ་དང་རྒྱུད་ཐ་མི་དད་པ། མཐོང་བ་ཆོས་ཞེས་བྱ་བ་ནི་ཚེ་འདི་ཉིད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རྩོལ་བ་ལ་འདི་སྐད་ཅེས་གསོལ ་ཏོ་ཞེས་བྱ་བ་ནི། འོག་ནས་བཤད་པའི་ཆེད་དུ་བརྗོད་པ་རྗོད་དོ།། དེ་ནི་སྒྲུབ་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ།། ཀུམ་ཏུ་བཟང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ།། སྐུ་གསུང་ཐུགས་ཀྱི་གཏན་ལ་དབབ་པ་ནི་ཐ་མལ་པའི་ལུས་ལ་སོགས་པའི་ཁྱད་པར ་གྱི་ལྷའི་སྐུ་བསྐྱེད་པ་གང་ཡིན་པ་དེ་ནི་ངོ་མཚར་བའོ།། དེ་བཞིན་དུ་སྐུ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་གསུམ་སྟེ། དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གསུམ་ནི་ཁམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ལ་ཀུན་ཏུ་ཞུགས་ཞེས་བྱ་བ་ནི་ཁམས ་གསུམ་གྱི་བདག་ཉིད་དུ་འགྱུར་ཞིང་ཞུགས་ཏེ་རོ་གཅིག་པར་གྱུར་པ་དེ་ཡང་ངོ་མཚར་བའོ།། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གོ།། དེ་འབའ་ཞིག་ཏུ་ཡང་མ་ཟད་དེ་ཇི་སྲིད་སེམས་ཅན་ཐམས་ཅད་ནི་ཁམས་གསུམ་གྱི་ནང་ན་གནས་པ་སྒོ་ང་ལས་སྐྱེས་པ ་ལ་སོགས་རྡོ་རྗེ་འཆང་གི་འོད་ཟེར་གྱིས་རེག་པ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འབྱུང་བའོ།། དེ་བཞིན་དུ་དུས་གསུམ་གྱི་རྡོ་རྗེའི་ངོ་བོ་ནི་དུས་གསུམ་ལ་གནས་པའི་དེ་བཞིན་གཤེགས་པ་འབྱུང་ངོ་ཞེས་བྱ་བ་ནི་ངོ་མཚར་བའོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་རྗེ་ན་རྡོ་འཆང ་ཆེན་པོ་སྟེ། དེའི་གནས་ནི་དེ་དང་འདྲ་བའི་ཐོབ་པའོ།། སངས་རྒྱས་རྡོ་རྗེ་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་རྫུ་འཕྲུལ་ཆེ་ནི་འཇིག་རྟེན་གྱི་དངོས་གྲུབ་སྟེ། སེམས་ཅན་ཐམས་ཅད་ཀྱིས་དེ་ཐོབ་པར་གྱུར་པ་དོན་ངོ་མཚར་རོ།། དེ་ནི་བསྐྱེད་པ་དང་རྫོགས་པའི ་རིམ་པ་དག་གོ།། དེ་བཞིན་དུ་ཨེ་མ་ནི་ངོ་མཚར་ཆེའོ།། འདིརབ་ངོ་མཚར་ཆེ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་ཉིད་ཐོབ་པའོ།། དེ་བཞིན་དུ་ཞི་བ་ནི་རྣམ་པར་ཤེས་པའི་རང་བཞིན་དང་། རང་བཞིན་འགོག་པའི་མཚན་ཉིད་དེ་འོད་གསལ་བ་དབང་པོ་ལས ་འདས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ལས་འདས་པ་ཐོབ་པ་དེ་ཡང་ངོ་མཚར་བའོ།། དེ་ནས་འཁོར་བདག་གི་རྒྱུན་ནི་དེ་བཞིན་དུ་མཆོག་ནི་འོད་གསལ་བ་ལས་བྱུང་བ་སྒྱུ་མའི་རང་བཞིན་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་གང ་ཡིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན་པ་ངོ་མཚར་བའོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་རིམ་གྱིས་དེ་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ནི་ཐར་པའི་ངོ་བོ་བཞི་པའི་མཚན་ཉིད་དེ་ཁོ་ན་ཉིད་ཐོབ་པ་དེ་ཡང ་ངོ་མཚར་བའོ།། ཡང་ན་འཁོར་བ་དག་གི་རྒྱུན་མི་གནས་པའི་མྱ་དེན་ལས་འདས་པ་སྤྲུལ་པའི་སྐུ་རྒྱུན་གྱི་རྟགས་པས་འགྲོ་བའི་དོན་མཛད་པའི་ཕྱིར་གནས་པ་སྟེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ངོ་མཚར་བའོ།། དེ་ནི་རྡོ་རྗེ་བཟླས་པ་དང ་སེམས་ལ་དམིགས་པ་དང་། བདག་ལ་བྱིན་གྱིས་བརླབ་དང་། མངོན་པར་བྱང་ཆུབ་པ་དང་། ཟུང་འཇུག་པའི་རིམ་པའོ།། བྱང་ཆུབ་སེམས་དཔའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་འཆང ་ཆེན་པོ་དང་གཅིག་ཏུ་གྱུར་པསོ།། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ་ནི། བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་སྟེ་བོད་པའོ།། དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཁྱོད་ཀྱིས་བཤད་པ་དེ་དེ་ལྟར་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ།། འདི་ལྟར ་བཤད་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ཚིག་གིས་དོན་བཅུ་དྲུག་བཤད་པའི་རིམ་གྱིས་རྒྱུད་ཀྱི་རྒྱལ་པོ་བསྟན་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་མངོན་དུ་བྱས་སོ་ཞེས་བྱ་བའི་ཚིག་གི་དོན་ཏོ།། དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ནི་བསམ་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ནི་འདྲི་བའི་བསམ་པ་དང་ལྡན་པས་འདུས་བྱས་པར་གྱུར་པ་ནི་གཅིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་ལ། གསང་བ་དང ་ཕྱིའི་མཆོད་པ་དང་བདུད་རྩི་དང་མཆོད་པ་ལྔས་མཆོད་ཅིང་ཕྱག་བྱས་ཏེ་འདུད་ཅིང་བསྟོད་ནས། མགྲིན་གཅིག་ནི་དབྱངས་གཅིག་གིས་གསོལ་པ་ནི་འདི་སྐད་ཞུས་སོ།། དེ་ནི་ལས་ཀྱི་རྒྱལ་བ་མཆོག་གོ།། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡི ་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་རྙེད་པ་དཀའ་བ་ནི་སྔར་བཤད་པའི་ཚུལ་གྱིས་སྔོན་གྱི་དེ་བཞིན་གཤེགས་པ་འོད་སྲུངས་ལ་སོགས་པའི་དུས་སུ་ཡང་མ་གསུངས་པའི་ཕྱིར་ཉེ་བར་དཀའ་བའོ།། དམ་ཚིག་གཙོ་བོ་ཡིན་པའི་ཕྱིར་དམ་ཚིག་ཡིན་གྱི ་བྱ་བ་མང་བ་ནི་མ་ཡིན་ནོ།། ཐབས་མང་བ་ཡིན་པའི་ཕྱིར་ཐབས་ཏེ། དེ་བས་ན་བྱང་ཆུབ་སྒྲུབ་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་རྒྱུད་ན་བྱ་བ་དང་རྣལ་འབྱོར་ལ་སོགས་པ་ཕྱི་མའི་ཕྱི་མ་སྟེ་རྣལ་འབྱོར་ཕྱི་མའི་རྒྱུད་ཀྱི་ཡང་ཕྱི་མ་རྣལ་འབྱོར་ཆེན་པོའི་རྒྱུད་དོ།། དེ་བ ་བཅོམ་ལྡན་འདས་ཀྱི་དྲིན་གྱིས་ནི་ཁོ་བོ་ཅག་གིས་རེ་ཞིག་རྟོག་སོ།། དེ་ནི་དཀའ་བ་དང་སྦས་པའི་ཚིག་འདྲི་བ་ལན་གྱི་སྒོ་ནས། སེམས་ཅན་ནི་སྤྲོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ལ་ཕན་འདོད་པ་སྟེ། རྗེ་སུ་གཟུང་བའི་འདོད་པས་ཁྱོད་ནི་རྡོ་རྗེ་འཆང་ཆེན་པོའི་གཅིག་གི་རང ་བཞིན་ཁྱོད་རྣམས་ལ་གསོལ་བར་འཚལ་བ་ནི་ཞུ་བར་བྱ་བ་ཞེས་བྱ་བའི་དོན་ཏོ།། དེ་ནི་ཚིག་གི་དོན་བཅུ་དྲུག་གི་བཤད་པའོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་བཀའ་སྩལ་པ ་ནི་གསུང་སོ།། ཀྱེ་བྱང་ཆུབ་སེམས་དཔའ་འདུས་པ་རྣམས་ལ་ལྡེགསོ་ལེགསོ་ཞེས་བྱ་བ་ནི་མགུ་བས་ཚིག་གཉིས།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྤྲོས་ཏེ་ཤེས་པའི་ཉན་པ་པོ་རྣམས་ཀྱིས་སྦས་པའི་ཚིག་གི་དོན་རྟོགས་པར་བྱ་བའི་ཕྱིར་འབྱུང་གནས་ནི་འདྲི་བའི་འབྱུང ་གནས་ཏེ། གཞན་གྱི་དོན་བྱེད་པས་ཡང་ལེགས་པ་སྨྲ་པ་གཉིས་པའོ།། ལེགས་པ་སྨྲ་བའི་རྒྱུ་བསྟན་པར་བྱ་སྟེ། གང་ཞིག་སྦས་པའི་ཚིག་རྒྱུད་ཅེས་བྱ་བ་ནི་དཔལ་གསང་བ་འདུས་པའི་རྟོགས་པར་དཀའ་བའི་ཚིག་ལེའུ་རེ་རེ་ལ་གནས་པ་རྡོ་རྗེའི་ཚིག་གང་ཡིན་པ་དེ་དག ་ཐམས་ཅད་དོ།། དེ་དག་ཐམས་ཅད་འདྲི་འདོད་པ་ནི་ཁྱེད་ཀྱིས་འདྲི་བར་འདོད་པ་ཞེས་བྱ་བའི་རྟེན་དགོངས་པའོ།། དེ་ནི་ཚིག་གི་དོན་བཅུ་དྲུག་གོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་སྨྲ་བའི་ཚིག་ཉན་པས་རབ་ཏུ་དགའ་བ་ནི་སེམས་ལ་གནས་པའི་ཟབ་པའི ་དྲི་བ་རྟོགས་པའི་རབ་ཏུ་གསལ་བའི་ཕྱིར་མིག་གདངས་པ་དང་། ཡང་དང་ཡང་དུ་དད་པའི་ཤུགས་ཀྱིས་ཕྱག་འཚལ་ཞིང་བཏུད་དེ། འདིའི་འོག་ནས་བཤད་པར་འགྱུར་བའི་སོམ་ཉིནི་ཐེ་ཚོམ་གྱི་ཚིག་ཞུས་པར་གྱུར་པ་ནི་འདྲི་བར་བྱས་པ་སྟེ། བྱང་ཆུབ ་སེམས་དཔའ་བྱམས་པ་ལ་སོགས་པ་སྟེ་སྔ་མ་དང་སྦྱར་རོ།། དེ་ནི་ཚིག་གི་དོན་བཅུ་དྲུག་གོ།། གསང་བ་བྱ་བ་ནས་བརྩམས་ཏེ། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར་ཞེས་བྱ་བའི་བར་ནི་གོ་སླའོ།། དོན་བསྡུས་པའི་སྐབསུ་འདྲི་བ་བདུན་ཅུ་རྩ་གཉིས་བཤད་པའི་ཕྱིརརོ།། དེ་ནས། ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་ཐུགས་རྡོ་རྗེ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་པ་ན་རྗོ་དྷཱ་ཅག་ནི་ཞུས་པའི་ཚིག་གོ།། ཉེ་བར་གསན་པ་ནི་གསན་པ་སྟེ། ཆེན་པོ་ནི་ཡེ་ཤེས་གསུམ་དང་བྱང་ཆུབ་ནི་རང་བཞིན་རྣམས་སོ།། རྡོ་རྗེ་ནི་དེ་རྣམས ་འཇོམས་པ་འོད་གསལ་བ་ལ་དམིགས་ཤིང་ཞུགས་ཏེ། སྐད་ཅིག་ནི་ཡུད་ཙམ་སྟེ། མི་གསུང་བར་གྱུར་པ་ནི་དེའི་ཏིང་ངེ་འཛིན་ལ་ཐུགས་རྩེ་གཅིག་པར་གྱུར་ཏོ།། དེ་ནི་སེམས་ལ་དམིགས་པའི་རིམ་པའོ།། དགོངས་པ་ནི་འདི་ཡིན་ཏེ། ཟབ་མོའི་དོན་གསལ་བའི ་དོན་དུ་དང་པོ་དེ་ཁོ་ན་ཉིད་རྗེསུ་དྲན་ཞིང་དེ་བཞིན་གཤེགས་པ་བཞུགས་པ་དང་དེ་རྣམས་ཀྱིས་ཀྱང་འོད་གསལ་བ་ཁོང་དུ་ཆུད་དོ་ཞེས་ཤེས་ནས། བྱང་ཆུབ་སེམས་དཔའ་རབ་དགའ་ནས་ནི་ངེས་པར་ཁོ་བོ་ཅག་ལ་དེ་རྣམས་ཀྱི་ཐེ་ཚོམ་གཅོད་པར་འགྱུར་རོ།། གཞ་ནུ ་དུ་ཅིའི་ཕྱིར་བཅོམ་ལྡན་འདས་བསམ་གཏན་ལ་བཞུགས་པར་གྱུར་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་སྙིང་རྗེའི་བདག་ཉིད་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྫོགས་སའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་བདེ་བར་གཤེགས་པ་ནི་དེ་བཞིན་ཉིད་ལེགས་པར་མཁྱེན་པ་མགོ ་པོ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་སྟོན་པ་ལ། ཡང་དང་ཡང་དུ་ནི་ཉན་པར་འདོད་པས། རབ་བསྐུལ་ནི་ཁོ་བོ་ཅག་ལ་དེ་རྣམས་ཀྱིས་ཇི་ལྟར་ཐེ་ཚོམ་ཆོད་པར་འགྱུར་ཞེས་དེ་རྣམས་ཀྱི་ཞལ་ལ་བལྟ་བ་ལ་བརྩོན་པར་འགྱུར་རོ།། དེ་ནི་སྒྲུབ་པའོ།། འོད་གསལ་བའི ་ཏིང་ངེ་འཛིན་ལས་ལངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདྲི་བ་དགྲོལ་བར་བྱ་བའི་ཕྱིར་གསུངས་པ་ནི། ཀྱེ་བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པས་ཞུས་པ་རྒྱ་ཆེན་ནི་ཐེ་ཚོམ་རྒྱ་ཆེ་བའི་ལན་ནི། མཉན ་པར་གྱིས་ཤིག་ཅེས་བྱ་བ་ནི་ཉོན་ཅིག་པའོ།། ཇི་ལྟར་ཉོན་ཅིག་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་ཞེས་བྱ་བ་ནི་སྐུ་གསུང་ཐུགས་རྩེ་གཅིག་པསོ།། ཞུ་ཁ་བརྒྱ་ཆེན་ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས ་པའི་སྙིང་པོར་གྱུར་པའོ།། ཞེས་བྱ་བ་ནི་ཚིག་གི་ལྕུག་མའོ།། དེ་ནི་ཚིག་དོན་བཅུ་དྲུག་གོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་ལ་སོགས་པའོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་མི་སྤྱོད་པ་ལ་སོ& ་འབྲེལ་པདདྨ་ལྡན་པ། ཎྜེ་སྒྲ་གཟུང་བའི་བཀའ་ནི། རྗེས་གཟུང་བའི་བཀའ་ལུང་སྤྱི་བོས་རབ་ཏུ་མནོས་པ་ནི་དད་པས་རབ་ཏུ་བླངས་ཏེ། རང་རང་གི་ནི་རང་རང་གི་བདག་ཉིད་ཀྱིའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་ན་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པའོ།། འཇིག་རྟེན་ལས་འདས་པའི་ལྷའི་རང་བཞིན་གང་ཡིན་པ་དེ་རྣམས་ལ། དམིགས་པ་ནི་བླངས་ཏེ་ལེགས་པར་སྨྲ་བ་མངོན་དུ་འགྲོ་བ་སོ།། ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བ་ནི་ཆོས་བསྟན ་པ་མཉན་པར་བྱ་བའི་ཕྱིར་རྩེ་གཅིག་པ་ཉིད་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ནི་བསྒྲུབ་པར་བྱ་བ་དང་བསྐྱེད་པའི་རིམ་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ལ་དད་པའི་སེམས་དང་། རྩེ་གཅིག་ཉིད་དང་ལྡན་པའི་བྱང ་ཆུབ་སེམས་དཔའ་ལ་གཟིགས་ཤིང་དེ་བཞིན་གཤེགས་པ་རྣམས་ཀྱིས། རང་གི་ཐུགས་ཐུགས་རྗེ་ཆེན་པོ་བསྐྱེད་ཅིང་གསུང་གཅིག་གིས་དེ་རྣམས་ཀྱི་འདྲི་བའི་ཐེ་ཚོམ་སེལ་བར་བྱ་བའི་ཕྱིར་བཀའ་སྩལ་བ་ནི་གསུངས་སོ་ཞེས་བྱ་བའི་དོན ་ཏེ་སྒྲུབ་པའོ།། སྐུ་གསུང་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམས་པ་གསུམ་ནི་སྐུ་གསུང་ཐུགས་གསུམ་སྟེ། ཐ་མལ་པའི་ངོ་བོ་དང་བྲལ་ཞིང་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེསུ་དྲན་པས་སྟོང་པ་ཉིད་དུ་ཞུགས་པ་དེ་དག ་ཉན་ཐོས་པ་ལ་སོགས་པ་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་གསང་བ་ཞེས་བྱ་སྟེ་དང་པོའི་སྦྱོར་བའོ།། དེ་བཞིན་དུ་སྐུ་ལ་སོགས་པ་གསུམ་ནི་ལྷའི་རྣམ་པར་སྤྲོ་བ་གསང་བྱ་སྟེ་དཀྱིལ་འཁོར་རྒྱལ་བ་མཆོག་གོ།། སྐུ་ལ་སོགས་པ་གསུམ་འོང ་དུ་ཞུ་བ་ནི་གསང་བ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ།། འདོད་པའི་གདུགས་ལ་སོགས་པ་འགྲོ་བ་བསྐྱེད་པའི་རྒྱུ་རྩེ་གསུམ་གསང་བ་སྟེ། བསྐྱེད་པའི་རིམ་པའོ།། སྐུ་ལ་སོགས་པ་ཉེ་བ་བསྡུ་བ་ཐིག་ལེ་ཕྲ་མོ་སྐུ་རྩེ་གསུམ་ལ་གནས་པ་གསང ་བསྟོང་རྫོགས་པའི་རིམ་པའོ།། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་འཇུག་པ་ལ་སོགས་པའི་རིམ་གྱིས་འོད་གསལ་བའི་གནས་ཐོབ་པས་གསང་བ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ།། སྐུ་གསུང་ཐུགས་ཀྱི་རྒྱུར་གྱུར་པ་རྣམ་པ་གསུམ་ནི ་རྣམ་པར་ཤེས་པ་དང་རང་བཞིན་གྱི་ཚོགས་ཏེ། དེ་དག་འོད་གསལ་བ་ལ་ཐིམ་པས་ན་གསང་བ་སྟེ། སེམས་ལ་དམིགས་པའི་རིམ་པའོ།། སྐུ་གསུང་ཐུགས་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་རྣམས་འཇའ་ཚོན་དང་འདྲ་བ་འོད་གསལ ་ལ་བྱུང་བས་ན་གསང་བ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ།། ཆགས་པ་དང་ཆགས་པ་བར་མ་དང་ཆགས་པ་དང་བྲལ་བ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། དེ་དོག་རིམ་པ་བཞི་པས་རྣམ་པར་དག་པས་ན་གསང་བ་སྟེ་མངོན་པར ་བྱང་ཆུབ་པའི་རིམ་པའོ།། ཀུན་རྫོབ་དང་དོན་དམ་པ་དང་གཉིས་ཀ་འདྲེས་པ་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་གནས་པས་ན་གསང་བ་སྟེ། ཟུང་དུ་འཇུག་པའི་རིམ་པའོ།། སྐུ་ལ་སོགས་པ་རྣམ་པ ་གསུམ་ནི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱི་ཐབས་དང་ཤེས་པ་སྟེ། དེ་དག་སྦྱོར་བས་ན་གསང་བ་སྟེ། སྐུ་གསུང་ཐུགས་ནི་རཀྵ་ལ་སོགས་པ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་དང་པདྨ་སྟེ་དེ་དག་སྦྱོར་བ་ནི་གསང་བ་སྟེ་རྒྱུའོ།། ཧཱུཾ་དང་ཕན ་ལ་སོགས་པའི་ཡི་གེ་གསུམ་གྱིས་བསྐྱེད་ཅིང་དེ་ཉིད་ཀྱིས་མཚན་པ་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་གསང་བ་སྟེ་ལསོ།། སྐུ་གསུང་ཐུགས་གསུམ་ནི་བདེ་བ་ཆེན་པོའི་རང་བཞིན་ཞི་བ་རྟོགས་པས་ན་གསང་བ་སྟེ། འབྲས་བུའོ།། ཡུལ་དང་དབང་པོ་དང་རྣམ ་པར་ཤེས་པ་ནི་གསུམ་སྟེ། དེ་དག་ཕྲེད་པས་ཡུལ་དེར་ཉེ་བར་སྤྱོད་ཅིང་སྐུ་ལ་སོགས་པ་བདེ་བ་བསྐྱེད་པ་ན་གསང་བ་སྟེ། སོ་སོར་བསྡུད་པའོ།། དེ་ཉིད་ཀྱི་སྐུ་ལ་སོགས་པ་གསུམ་གྱི་རང་བཞི་མདེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་རྟོགས་པ་སྟེ ་བསམ་གཏན་ནོ།། འཇུག་པ་ལ་སོགས་པའི་རིམ་པས་འགྲོ་བ་དང་འོང་བའི་རིམ་པས་སྦྱོར་བས་སྐུ་ལ་སོགས་པ་གསུམ་གྱི་རང་བཞིན་ཡུངས་དཀར་གྱི་འབྲས་བུའི་ཚད་ཙམ་ཐིག་ལེ་སྤྲོ་བ་དང་། སྡུད་པ་ནི་གསང་བ་སྟེ་སྲོག་དང་རྡོལ་བའོ།། ་སྐུ་ལ་སོགས་པ་གསུམ་ཉེ་བར་སྡུད་པར་བྱེད་པས་རྡོ་རྗེ་ལ་སོགས་པ་སྣ་རྩེ་གསུམ་ལ་ཐིག་ལེ་འཛིན་པ་ནི་གསང་བ་སྟེ་འཛིན་པའོ།། སྐུ་ལ་སོགས་པ་གསུམ་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ན་མཁའི་ཁམས་ལ་སྤྲོ་བ་ནི་གསང་བ ་སྟིསྟེ་རྗེ་སུ་དྲན་པའོ།། སྐུ་ལ་སོགས་པ་གསུམ་སྟེ་དེ་ཉེ་བར་སྡུད་ཅིང་མོས་པའི་རྣལ་འབྱོར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོའི་རྡོ་རྗེ་འཆང་ཆེན་པོའི་སྐུ་དམིགས་པ་ནི་གསང་བ་སྟེ་ཏིང་ངེ་འཛིན་ནོ།། སྐུ་ལ་སོགས་པ ་གསུམ་ནི་བསྲུང་བ་དང་བཟའ་བའི་དམ་ཚིགས་ཉམ་སུ་བླང་བ་ནི་གསང་བ་སྟེ། དམ་ཚིག་དང་སྐུ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་སྡོམ་པ་བླང་བས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྒྲུབ་པ་ནི་གསང་བྱ་སྟེ་སྡོམ་པ་ཡིན། ་ཞེས་བསྒྲུབ་པའོ།། དེ་ལྟར་གསང་བའི་སྒྲས་ཚིག་གི་དོན་བཅུ་དྲུག་བསྟན་པས་རྒྱུད་ཀྱི་དོན་མ་ལུས་པ་བསྟན་པའོ།། འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། འདུས་པ་བསྡུས་པར་བྱེད་པས་ན་འདུས་པ་སྟེ། མི་དོར་བསྟན་པའོ།། སངས་རྒྱས ་ཐམས་ཅད་ཕུང་པོ་འམ་དེ་བཞིན་གཤེགས་པ་རྣམས་འདུས་པ་སྟེ། དེ་ནི་རྒྱུད་ཀྱི་རྒྱལ་པོ་དེའི་མཚན་ཉིད་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་སྤྲོ་བ་དང་བསྡུ་བ་དང་སྐུ་བསྐྱེད་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ། ་དང་དེ་བཞིན་གཤེགས་པ་ལྔ་སྤྲོ་བ་དང་བསྡུ་བ་སྟེ། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་གོ།། སྐུ་རྫོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ན་འདུས་པ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གོ།། རྩ་རྒྱུས་སྟོང་ཕྲག་བདུན ་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་སྤྲོ་བས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཁམས་གསུམ་པ་བསྐྱེད་པས་ན་འདུས་པ་སྟེ། བསྐྱེད་པའི་རིམ་པའོ།། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་རྗེས་སུ་ཆགས་པ་མཆོག་གི་སྨྲས ་རྒྱལ་བ་མ་ལུས་པའི་ཚོགས་ཞུགས་ཤིང་རྡོ་རྗེ་ནོར་བུའི་རྩེ་མོར་རོ་གཅིག་པར་གྱུར་པ་བྱང་ཆུབ་ཀྱི་ཐིག་ལེའི་ངོ་བོ་ནི་འདུས་པ་སྟེ། རྫོགས་པའི་རིམ་པའོ།། ཡང་ན་རྡོ་རྗེའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤྲོ་ཞིང་པདྨའི་ལྟེ་བའི་ནང་དུ ་ཀྱིལ་འཁོར་བའི་ལྷའི་གཟུག་ས་དས་ཧཱུ~ཾག་གཱི་འཁོར་སྤྲོ་བ་ནི་འདུས་པ་སྟེ་བསྐྱེད་པའི་རིམ་པའོ།། ཕྱིར་མི་ལྡོག་པའི་དབང་གི་དུས་སུ་སློབ་མའི་ཚངས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་ནི་འདུས་པ་སྟེ། ལས་ཀྱི་རྒྱལ་བ་མཆོག་གོ།། ཡི་གྲེ ་ནཱི་བཅུ་རྒྱུ་དགུ་པོ་པོ་དང་མོ་དང་མ་ནིང་གི་རྟགས་ཀྱི་རང་བཞིན་ཡི་གྲི་གསུམ་གྱིས་བསྨྲས་པས་ན་འདུས་པ་སྟེ། རྡོ་རྗེ་བཟླས་པའི་རིམ་བྱའོ།། རང་བཞིན་བརྒྱ་དྲུག་ཅུ་ཤེས་རབ་དང་ཐབས་དང་ན་རིག་པ་གསུམ་གྱིས་བསྡུས་བྱས་ན་འདུས་པ་སྟེ། སེམས་ལ་དམིག ་པི་རིམ་པོའོ།། ཁམས་གསུམ་པ་འམ། སྐུ་གསུམ་ནི་སྒྱུ་མ་ལྕི་བུ་ཉིད་ཀྱིས་བསྡུས་པས་ན་འདུས་པ་སྟེ། བདག་ལེ་བྱིན་གྱི་བརླབ་པའི་རིམ་པའོ།། ཆགས་པ་ལ་སོགས་པ་འོད་གསལ་བས་བསྡུས་པ་ན་འདུས་པ་སྟེ། མངོན་པར་བྱང་ཆུབ་པའི་རིམ་པའོ།། སུན ་རྫོབ་དང་དོན་དམ་པ་བསྡུས་པ་ནི་འདུས་བྱ་སྟེ་ཟུང་དུ་འཇུག་པའི་རིམ་པའོ།། ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་རྒྱུའོ།། སངས་རྒྱས་ཐམས་ཅད་ནི་ཨོཾ་ལ་སོགས་པ་དགོད་ཅིང་རྡོ་རྗེ་དང་པདྨ་བསྐྱོད་པ་ནི་འདུས་པ་སྟེ་ལསོ།། ཕུང་པོ་ལ ་སོགས་པ་ཐམས་ཅད་སྡུད་པ་བདེ་བ་ཆེན་པོའི་རང་བཞིན་དོན་དམ་པ་ནི་འདུས་པ་སྟེ། འབྲས་བུའོ།། ཡུལ་དང་དབང་པོ་འདུས་པ་ནི་འདུས་པ་སྟེ་སོ་སོར་བསྡུད་པའོ།། དེ་དག་དེ་བཞིན་གཤེགས་པའི་རྣམ་པར་བསྒོམ་པ་ནི་འདུས་པ་སྟེ། བསམ་གཏན་ནོ།། ཁམས་ཐཾད། ་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡན་ལག་ཐམས་ཅད་ལས་བསྐུལ་ཏེ། སྣ་རྩེ་གསུམ་གྱི་གཞིར་བསྡུ་ཞིང་འཇུག་པ་ལ་སོགས་པའི་རིམ་གྱིས་སྤྲོ་བ་དང་བསྡུ་བར་བྱ་བ་ནི་འདུས་པ་སྟེ་སྲོག་དང་རྩོལ་བའོ།། དེ་ཉིད་འཇུག་པ་ལ་སོགས་པ་དང་བྲལ་ཞིང་དང ་བ་མར་མེའི་རྩེ་མོ་དང་འདྲ་བར་རྒྱུན་གྱིས་བསྡུས་པ་སྟེ་འཛིན་པའོ།། དེ་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་ཞིང་ན་མཁའི་དབྱིངས་ལ་ཁམས་གསུམ་པོ་དཀྱིལ་འཁོར་གྱི་ཚུལ་དུ་བསྡུས་པ་ནི་འདུས་པ་སྟེ། རྗེ་སུ་དྲན་པའོ།། དེ་དག་ཉེ་བར་བསྡུ ་ཞིང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྡུས་པ་ནི་འདུས་པོ་སྟེ། ཏི་འཛིན་ཏོ།། ལྕགས་ཀྱུ་ལྔ་དང་རིན་ཆེན་ལྔ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྦྱང་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྡུས ་པ་ནི་འདུས་པ་སྟེ་སྒྲུབ་པའོ།། དེ་ལྟར་ཚིག་གི་དོན་བཅུ་དྲུག་གི་སྟོན་པར་བྱེད་པ་གསང་བ་འདུས་པའི་ཚིག་འདི་དག་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ནི་དཔལ་གསང་བ་འདུས་པའི་རྒྱུད་ཡིན་ནོ།། དེ་ལ་རྗོད་པར་བྱེད་པ་ནི་འདུས་པའི་ཚིགས ་ཡིན་ལ་གསང་བའི་ཚིག་ནི་དེའི་ཁྱད་པར་དུ་གྱུར་པ་ཡིན་ནུ་ཡང་བརྗོད་པར་བྱ་བ་ཡིན་ནོ།། དེ་ནི་འགྲོལ་བ་བསྟན་པར་བྱ་སྟེ། ལེའུ་ཐམས་ཅད་རྣམ་པར་དབྱེ་བས་གནས་ཤིང་གསུམ་གསུམ་བོར་ཞིང་འབྲལ་བར་ཤེས་པར་བྱའོ།། དེ་ཉིད་ལྔ་པ་ཞེས་བྱ་བ་ལ་སོས ་པ་གསུངས་ཏེ། ལྔ་པ་ནི་སྤྱོད་པའི་ལེའུ་དང་། དགུ་པ་ནི་དེ་ལས་གསུངས་པའི་རྡོ་རྗེའི་ཚིག་ངེས་པར་བཤད་པའི་མཚན་ཉིད་འགལ་བའི་རྣལ་འབྱོར་པའི་ཏིང་འཛིན་གྱི་ལེའུ་དང་། བཅུ་བདུན་པ་དམ་ཚིག་དང་སྡོམ་པའི་ལེའུ་དང་། བཅུ་གསུམ་པ་ནི་ལས་རབ ་འབྱམས་ཀྱི་ལེའུ་རིམ་སོ།། སངས་རྒྱས་ནི་རྫོགས་པའི་རྣལ་འབྱོར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་མ་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་སྒྲུབ་པ་ནི་འདུལ་བར་བྱེད་པ་སྟེ། དེ་བས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པ་གཙོ་བོ་ཡིན་པས་ཆེ ་པོ་སྟེ་མཆོག་གོ།། གང་གི་ཕྱིར་སྤྱོད་པ་རྣམ་གསུམ་གྱི་གདུག་པ་ལ་སོགས་པ་ཕ་རོལ་གྱི་རྣམ་པར་ཤེས་པ་ལ་སོགས་པ་འགུགས་དང་། ཞི་བ་ལ་སོགས་པ་ལས་རབ་འབྱམས་དང་། དམ་ཚིག་དང་སྡོམ་པའི་སྒོ་ནས་ཀྱང་རྣལ་འབྱོར་པས་སེམས་ཅན ་གྱི་དོན་བྱའོ་ཞེས་སྒྲུབ་པའོ།། དེ་བཞིན་དུ་བནི་པ་ནི་ཐུགས་ཀྱི་དཀྱིལ་ཁོར་གྱི་ལེའུ་དང་། བཅུ་དྲུག་པ་ནི་སྐུ་དང་གསུང་གི་དཀྱིལ་འཁོར་གྱི་ལེའུ་དང་། བརྒྱད་པ་ནི་གསང་བའི་དབང་བསྐུར་གྱི་ལེའུ་དང་། བཅུ་གཉིས་པ་ནི་ཕྱག་རྒྱ་ཆེན་པོ་ཡོངསུ་གྱུར་པའི་ལེའུ་སྟེ། ་སློབ་དཔོན་གྱི་ལན་ནི་སློབ་དཔོན་གྱི་བྱ་བ་དང་། སྤྱིའི་ལས་ནི་སློབ་མ་རྗེསུ་བཟུང་བར་བྱ་བའི་ཕྱིར་དངོས་གྲུབ་བསྟན་པ་དང་། བརྟུལ་ཞུགས་ནི་ཇི་ལྟར་མོས་པ་དཀྱིལ་འཁོར་ལ་ཞུགས་པ་དང་། སྡོམ་པ་ནི་ལྷའི་རྣམ་པར་བསྒོམ་པར་བྱ་བ་སྟེ་བསྐྱེད་པའི་རིམ ་པའོ།། དེ་བཞིན་དུ་དྲུག་པ་ནི་སྐུ་ལ་སྩོགས་པ་བྱིན་གྱིས་བརླབ་པའི་ལེའུ་དང་། གཉིས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་དང་། བཅུ་པ་ནི་སྔགས་ཀྱི་སྐྱོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ལེའུ་དང་། བཅུ་བཞི་པ་ནི་སྔགས་གཙོ ་གྱུར་པ་ལས་རབ་འབྱམས་ཀྱི་ལེའུ་སྟེ། དྲག་སྦྱོང་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བ་ལ་སོགས་པ་དང་། དངོས་པ་མེད་པར་བསྒོམ་པ་ནི་དངོས་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུ~ཾ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་རུ་རུ་སྥུ་རུ ་ཛྭཱ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦྦ་ཨརྠ་སཱ་དྷ་ནཱི་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ལ། རྗེསུ་ཆགས་པ་ནི་བརྟན་པར་བྱ་བའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། སྙིང་པོ་སྐུལ་བ་དང་། ཞི་བ་ལ་སོགས་པ་བྱེད་པ་སྟེ། དེ་ཉིད་ཀྱི ་ཕྱིར་ཉེ་བར་སྒྲུབ་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཉེ་བར་སྒྲུབ་པ་དང་། སྡོམ་པ་ནི་བསླབ་པ་གཙོ་བོར་གྱུར་པའོ།། དེ་ནི་དང་པོ་སྦྱོར་བ་དང་ལས་ཀྱི་རྒྱལ་བ་མཆོག་དང་སྒྲུབ་པ་རྣམས་སོ།། བདུན་པ་ནི་སྤྱོད་པའི་ཁྱད་པར་གྱི་ལེའུ་དང་། གསུམ་པ་ནི ་ལྷའི་ལེའུ་དང་། བཅུ་གཅིག་པ་ནི་སྔགས་ཀྱི་རྒྱུད་དང་ཡེ་ཤེས་སྐུའི་ལེའུ་དང་། བཅོ་ལྔ་པ་ནི་སྒྱུ་མ་ལྟ་བུའི་ལྷའི་སྐུའི་ལེའུ་སྟེ། དངོས་གྲུབ་ཀྱི་ཞིང་ནི་རྡོ་རྗེ་འཆང་ལ་སོགས་པ་ལྷའི་སྐུ་རྟགས་ནི་རྒྱུར་གྱུར་པའོ།། དེ་ཉིད་ཀྱི་ཕྱིར་བསྙེན་པ་སྒྲུབ་པའི་སྡོམ་པ་ནི ་དེ་བཞིན་གཤེགས་པའི་སྐུ་སྒྲུབ་པར་བྱེད་པ་སྟེ། རང་གི་དོན་སྒྲུབ་པར་བྱེད་པའི་གཙོ་བོ་ཡིན་ནོ།། གང་གི་ཕྱིར་སྤྱད་པ་དང་རྟོགས་པའི་ལྷ་བསྒོམ་པ་དང་། རྟོག་པ་དང་པོ་ཡོངསུ་རྫོགས་པའི་ལྷ་བསྒོམ་པ་དང་། སྒྱུ་མ་ལྟ་བུ་ཏིང་ངེ་འཛིན་གྱིས ་ཐ་མལ་པའི་སྐུ་རྣམ་པར་དག་པས་ཁྱད་པར་གྱི་ལྷའི་གོ་འཕང་ཐོབ་པར་འགྱུར་ཏེ། དེ་ནི་སྒྲུབ་པ་དང་། བསྐྱེད་པའི་རིམ་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ།། དེ་ལྟར་བདུན་པ་ལ་སོགས་པས་རང་གི་དོན་ཕུན་སུམ་ཚོགས་པ་དང་། དྲུག་པ་ལ ་སོགས་པ་དེ་ཉིད་ཀྱི་ཐབས་ཀྱིས་ཕུན་སུམ་ཚོགས་པ་དང་། ལྔ་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བཞི་པ་ལ་སོགས་པས་དེ་ཉིད་ཀྱི་ཐབས་ཀྱི་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱའོ།། དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པ ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། དེ་གཉིས་ཀའི་ཐབས་ཀྱིས་ཕུན་སུམ་ཚོགས་པ་གཙོ་བོར་གྱུར་པའི་ལེའུ་བསྟན་པ་འབྲེལ་པའོ།། དེ་ལེའུ་དང་པོ་ནི་འབྲས་བུར་འགྱུར་བ་ཏེ། འབྲེལ་པོའི་ནང་དུ་མ་བསྡུས་པ་དང་། དེ་ལེའུ་བཅོ་བརྒྱད་པ་ནི ་རྡོ་རྗེ་ཚིག་ངེས་པར་བཤད་པའི་སྒོ་ནས་རྣམ་པར་གྲོལ་བའི་བདག་ཉིད་དོ།། དེ་ནི་འབྲེལ་པ་བརྗོད་པ་མ་ཡིན་ནོ།། ཁ་ཅིག་ན་རེ་ལེའུ་བཞི་ནི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་བརྗོད་པ་ཟེར་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བསྦྱིན་པ་ལ ་སོགས་པ་སྤངས་པ་ནི་ལེའུ་གཅིག་ཀྱང་མི་དམིགས་ཏེ། ཐམས་ཅད་དེ་ཉིད་གཙོ་བོར་གྱུར་པའི་ཕྱིར་དང་། ཁས་བླངས་ན་ཡང་འཁྲུལ་པའི་ཕྱིར་རོ།། འདི་ལྟ་སྟེ། གལ་ཏེ་ལྔ་ལ་སོགས་པ་སྒྲུབ་པ་ཆེན་པོ་ཉིད་དུ་འདོད་ན་དེའི་ཚེ་ཡི་གེ་དགོད་པའི ་བདག་ཉིད་བསྒྲུབ་པ་ཆེན་པོ་མེད་པ་སྟེ། སྤྱོད་པ་དང་རྣམ་པར་ཤེས་པ་ལ་སོགས་པས་དགུག་པ་དང་ལས་ཀྱི་རབ་ཏུ་དབྱེ་བ་དང་། དམ་ཚིག་དང་སྡོམ་པ་གཙོ་བོ་ཡིན་པའི་ཕྱིར་རོ།། བཞི་པ་ལ་སོགས་པ་ལ་དཀྱིལ་འཁོར་ལ་ཞུགས་སློབ་མ་རྗེསུ་བཟུང ་བར་བྱ་བའི་དུས་སྐུ་སྒྲུབ་པ་ནི་མེད་དེ། སྟོང་པ་ཉིད་མེད་པའི་ཕྱིརརོ།། དྲུག་པ་ལ་སོགས་པས་སྐུ་ལ་སོགས་པས་བྱིན་གྱིས་བརླབ་པར་བསྒྲུབས་ནས་ས་བོན་བསྡུས་པའི་བདག་ཉིད་ནི་ཉེ་བར་སྒྲུབ་པ་མི་རིགསོ།། དེ་ནས་བདུན་པ་ལ་སོགས་པས་རང་གི་དོན ་བསྒྲུབ་པའི་ཕྱིར་ལྷའི་སྐུ་སྒྲུབ་ན་སྟོང་པ་ཉིད་ནི་བསྙེན་པ་མེད་དོ།། རྫོགས་པའི་རིམ་པ་རྗོད་པར་བྱེད་པ་ལ་བསྙེན་པ་ལ་སོགས་པ་ལ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལ་སོགས་པ་ནི་ལྔ་པ་ལ་སོགས་པའི་དོན་མ་ཡིན་མ་ཡིན་པ། ཐབས་བཞི་པའི་རིམ་གྱིས ་བསྙེན་པ་ལ་སོགས་པ་མི་རིགས་པ་དང་། དཀྱིལ་འཁོར་གྱི་ཆོ་གའི་རིམ་གྱིས་བསྙེན་པ་ལ་སོགས་པ་ནི་མི་རིགས་ཏེ། ཅིའི་ཕྱིར་ལེའུ་བཞི་པ་ལ་སོགས་པས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྗོད་ཀྱིས། གཞན་དག་གིས་ནི་བརྗོད་པ་མ་ཡིན་པའི་ཕྱིར་རོ།། ། ་གང་གི་ཕྱིར་རེ་ཞིག་དང་པོར་བསྐྱེད་པའི་རིམ་པ་ལ་རྡོ་རྗེ་བཞི་པའི་རིམ་པས་སྟོང་པ་ཉིད་དང་ས་བོན་བསྡུས་པ་དང་། གཟུགས་རྫོགས་པ་དང་ཡི་གེ་དགོད་པ་ལ་སོགས་པའི་བདག་ཉིད་བསྙེན་པ་ལ་སོགས་པ་ཡིན་ནོ།། རྫོགས་པའི་རིམ་པ་ལ་ཡང་ཐབས་དང ་ཤེས་རབ་དང་། རྡོ་རྗེ་དང་པདྨ་དང་ཡང་དག་པར་སྦྱོར་བ་དང་། དེ་བསྐྱོད་པ་དང་། བདེ་བ་ཆེན་པོ་ཉམསུ་མྱོང་བ་ནི་བསྙེན་པ་ལ་སོགས་པའོ།། དེ་བཞིན་དུ་རྫོགས་པའི་རིམ་པ་ལ་ཡང་ཡན་ལག་དྲུག་པའི་རྣལ་འབྱོར་བསྒོམ་པ་ནི་བསྙེན་པའོ།། དེ་བཞིན་དུ་བསྐྱེད་པའི ་རིམ་པ་ཡང་བསྡུམ་པོ་དང་། སྦྱིན་པ་དང་དབྱེ་བ་དང་། ཆད་པ་དང་བཞི་ནི་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་།། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ཡིན་ནོ།། དཀྱིལ་འཁོར་གྱི་སྐབསུ་ཡང་གཙུག་ཏོར་འཁོར་ལོ་སྦྱར་བ་དང་། བདུད་རྩི་འཁྱིལ་པ་དང་། རང་གི་ལྷག་པའི། ་དང་། རྡོ་རྗེ་འཆང་སྒོམ་པ་ནི་བསྙེན་པ་ལ་སོགས་པ་ཡིན་ནོ་ཞེས་བསྡུས་ནས་བསྙེན་པ་ལ་སོགས་པས་དབྱེ་བ་བཅུ་དྲུག་ནི་རིམ་པ་གཉིས་ཀྱི་ནང་དུ་བསྡུསོ།། དེ་དང་འདྲ་བ་ལེའུ་ལྔ་པ་ལ་སོགས་པ་ལ་མེད་དོ།། ཞེས་བསྙེན་པ་ལ་སོགས་པརྗོད་པར ་བྱེད་པ་ནི་རིག་སོ།། དེ་བསྣུ་ན་རང་བཟོ་ཉིད་ཀྱི་འཆད་པ་པོས་འཇིག་རྟེན་པའི་འཁྲུལ་པར་བྱེད་དེ། ལུང་དང་རིགས་པ་མེང་པའི་ཕྱིར་རོ།། ཞེས་ཧ་ཅང་ཐལ་ཆེས་པས་ཆོ་ག་སྟེ་རྣལ་འབྱོར་མེའི་དོན་བཤད་པའོ།། ད་ནི་ཚིགསུ་བཅད་པ་གསུམ་གྱི་དགོས་པ ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཀུན་གྱི་ལས་ནི་ཕྲིན་ལས་ཏེ། ཚར་གཅོད་པ་ནི་གསོད་པ་ལ་སོགས་པ་འཇིག་རྟེན་པ་དང་། མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་ཞུགས་པ་ལ་སོགས ་པ་ལ་འཇིག་རྟེན་ལས་འདས་པ་དང་། ཕན་འདོགས་པ་ནི་ཞི་བ་ལ་སོགས་པའི་ཕྲིན་ལས་འཇིག་རྟེན་པ་དང་། ལྷའི་སྐུ་སྒྲུབ་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་སྟེ། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྦྱོང་བ་སྟེ་ནུས་པའོ།། འདུལ་བ ་ལ་ནི་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གདུལ་དཀའ་བ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། ཞི་བ་ནི་འདོད་ཆགས་སོགས་པའི་ཉེས་པ་དང་བྲལ་བའི་སེམས་ཅན་ནི་སྐྱེ་བོ་རྣམསོ།། འཇུག་པ་ནི་བཅོམ་ལྡན་འདས་ཀྱི ་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་ཉེ་བར་གསུངསོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་བསྐྲང་བའི་རིམ་པ་དང་འབྲེལ་པ་ནི་བསྐྱེད་པའི་རིམ་པའི་སྒོ་ནས་བསྙེན་པ་ལ་སོགས་པ་རྡོ་རྗེ་ཆོ་ག་གནི་ནི་རྡོ་རྗེ་བཞི་རིམ་གྱིས་སོ།། དངོས་གྲུབ ་ནི་དེ་བཞིན་གཤེགས་པ་ལྔའི་སྐུ་ཐུན་མྱོང་སྟེ། བསྐྱེད་པའི་རིམ་པ་དང་བསྒྲུབ་པའི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་དེ་ནི་རང་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་དང་། འབྲེལ་པའི་གཞུང་ཉིད་དེ། ལེའུའི་རིམ་པས ་དགོངས་པ་དེ་ནི་བདག་གིས་དོན་ཏོ།། དེ་ནི་དང་པོ་སྦྱོར་བ་ལ་སོ་ཌཔ་གསུམ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ལ་ཞུགས་པོའི་སློབ་མ་ལ་སློབ་དཔོན་གྱིས། བརྟུལ་ཞུགས་ནི་སྡོམ་པ་ལ་སོགས ་བ་དང་། འབྲེལ་པ་ནི་རིག་པའི་དབང་བསྐུར་བ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་དབང་བསྐུར་དང་། གཞུང་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་པའི་ཚིག་དང་། སློབ་དཔོན་ཕུན་སུམ་ཚོགས་པ་ནི་རང་དང་གཞན་གྱིས་དོན ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཆང་གཉིས་ཀྱི་དབུགས་དབྱུང་བ་སྟོན་ཅིང་བློ་མས་སྔགས་ཀྱི་ལམ་ནས་ཏེ། གསང་བ་འདུས་པའི་ཆོ་ག་སློབ་མ་ཡོངསུ་སྨིན་པར་བྱ་བ་ནི་གདུལ་བར་བྱ་བ་གང་ཡིན་པ་དེ་ནི། ་དགོས་པ་ཞེས་བྱ་བའི་དོན་ཏེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བཤད་དོ།། དགོས་པའི་དགོས་པ་བཤད་བྱ་སྟེ། བརྟུལ་ཞུགས་བཟང་པོ་ནི་སྡོམ་པ་དང་ལྡན་པ་དང་། དབང་བསྐུར་བ་ནི་དབང་ཐོབ་པ་དང་། བདག་ཉིད་ཆེ་བ་ནི་ཐོས ་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་འཆང་གི་གོ་འཕང་རྟོགས་པསོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོ་བ་དང་བར་པ་དང་། དམན་པ་རྣམས་ལ་བསྟན་པའི་སྒོ་ནས་ཡོངསུ་གྲོལ་བ་ནི་འདོད་ཆགས་ལ་སོགས་པ ་རྣམ་པར་དག་ཅིང་འོད་གསལ་བ་ཉིད་དུ་བྱ་བ་གང་ཡིན་པ་དེ་ནི་དགོས་པ་ཞེས་བྱ་བའི་དོན་ཏོ།། བསྒྲུབ་པའོ།། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ཤེས་རབ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་དེ་སྟོང་པ་ཉིད་དོ།། ཐབས་ནི་ཐུགས་རྗེ་ཆེན་པོའོ།། དེ ་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་འཚོང་གིས་བཅུ་གསུམ་པ་ལ་གནས་པ་བཅོམ་ལྡན་གྱིས་སྒོམ་པ་མཐར་ཐུག་པ་ཡང་དག་པར་སྦྱོར་བ་ཞེས་བཤད། རྒྱས་པར་བཤད་པ་ནི་གང་ཞིག་དངོས་མེད་ནི་ཐམས་ཅད་སྟོང་པ་ཤེས་རབ་སྟེ། ཕུལ་དུ་བྱུང་བའི་ཡིས ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཐབས་ནས་དངོས་པོའི་མཚན་ཉིད་དེ། སྙིང་རྗེའི་རང་བཞིན་གྱི་མིང་གིས་རྣམ་གྲངས་ཏེ། རྫོགས་པའི་རིམ་པའོ།། ཡང་ན་ཤེས་རབ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམས་པས་སྤྲིན་མེ་པའི་རྣམ ་དདུ་འདྲུ་བར་བདག་ཉིད་མཐོང་བའོ།། ཐབས་ནི་ས་བོན་ལ་སོགས་པ་འདས་པའི་སྨོ་ནས་སྐུ་བསྒྲུབ་པའོ།། དེ་དག་སྙོམས་པར་འཇུག་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང་། བསྟོད་པ་ཡང་ངོ་།། དེ་ཉིད་བཤད་པར་བྱ་སྟེ། གང་ཞིག་དངོས་མེང་ནི་སྟོང་པ ་ཉིད་སྒོམ་པ་སྟེ་ཤེས་རབ་བོ།། ཐབས་ནི་དངོས་པོའི་མཚན་ཉིད་དེ་འགྲོ་བའི་ཉེ་དོན་བྱེད་པ་ནུས་པའི་ལྷའི་སྒྲས་དམིགས་ལ། རྀས་ནི་འགྲོ་བའི་དོན་གྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། དེ་ན་དབང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས ་རྒྱལ་པོ་མཆོག་གོ།། ཡང་ན་ཤེས་རབ་ནི་རྩ་སྟོང་ཕྲག་འདུན་ཅུ་རྩ་གཉིས་ཀྱི་དལུས་ས་འདོད་པའི་གདུནས་ལ་སོགས་པའི་རྩ་ལྔའོ།། ཐབས་ནི་དེའི་ནང་དུ་དྷ་བ་བྱང་ཆུབ་ཀྱི་སེམས་སྟེ། དེ་དག་གི་སྙོམས་པར་འཇུག་པ་ནི་དབུས་མར་རོ་གཅིག་པར་གྱུར་པའོ།། གང་ནི ་དངོས་མེད་ནི་བདེ་བ་ཆེན་པོའི་གཞིར་གྱུར་པ་རྩཝ་རྣམས་ཏེ་ཤེས་རབ་བོ།། ཐབས་ནི་འགྲོ་བ་མ་ལུས་པ་སྐྱེད་པའི་རྒྱུར་གྱུར་པ་དངོས་པོའི་མཚན་ཉིད་དེ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མཚོན་པའི་རྒྱུན་མཚན་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན ་ཏོ། དེ་ནི་སྐྱེད་པའི་རིམ་པའོ།། ཤེས་རབ་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་ས་བོན་གསུམོ།། ཐབས་ནི་སྲོག་ལ་སོགས་པའི་རླུང་གསུམ་མོ།། དེ་དག་སྙོམས་པར་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་སྟེ། གང་ཞིག ་དངོས་མེད་ནི་རྡོ་འཆང་གི་གོ་འཕང་འོད་གསལ་བ་དེའི་རྒྱུ་མཚན་དུ་གྱུར་པ་ཡི་གེ་གསུམ་ཏེ་ཤེས་རབ་བོ།། ཐབས་དངོས་པོའི་མཚན་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་མཚོན་པར་གྱུར་པས་ཐབས་ནི་རླུང་ངོ་།། དེ་ནི ་རྡོ་རྗེ་བཟླས་པའི་རིམ་པའོ།། ཤེས་རབ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་མོ།། ཐབས་ནི་ཐབས་ཀྱི་རང་བཞིན་བཞི་བཅུའོ།། སྙོམས་པར་འཇུག་པ་ནི་མ་རིག་པའི་རང་བཞིན་བདུན་ནོ།། རྣལ་འབྱོར་ནི་དེ་དག་འོད་གསལ་བ་ལ་ཞུགས་པའི་མཚན ་ཉིད་དོ།། གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ།། སེམས་ལ་དམིགས་པའི་རིམ་པའོ།། ཐབས་དང་ཤེས་རབ་ཀྱི་རང་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོས་པ་དེ་ཉིད་སྙོམས་པར་འཇུག་པའི་རྣལ་འབྱོར་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར ་བྱའོ།། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཞེས་བྱ་བ།། གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པའོ།། ཤེས་རབ་དང་ཐབས་ནི་རིལ་པོར་འཛིན་པ་དང་རྗེསུ་གཞིག་པའི་ཏིངེ་འཛིན་ཏོ།། དེ་དག་སྙོམས་པར་འཇུག་པ་ནི་མངོན་དུ་བྱེད ་པས་རྣལ་འབྱོར་ཞེས་བྱའོ།། གང་ཞིག་དངོས་མེད་ནི་རིལ་པོར་འཛིན་པའི་ཏིངངེ་འཛིན་ཏེ་ཤེས་རབ་བོ།། དངོས་པོ་ནི་ཁམས་གསུམ་མི་སྣང་བར་བྱེད་པའི་མཚན་ཉིད་རྗེས་སུ་གཞིག་པའི་ཏིངེ་འཛིན་ཏེ་ཐབས་སོ།། དེ་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ།། ། ་ཤེས་རབ་དང་ཐབས་ནི་དོན་དམ་པ་དང་ཀུན་རྫོབ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་དབྱེར་མེད་པར་གྱུར་པ་རྣལ་འབྱོར་ཏེ། ཟུང་དུ་འཇུག་པའི་ཏིང་འཛིན་ཅེས་བྱའོ།། གང་ཞིག་ཅེས་བྱ་བ་ནི་གོ་བླ་སྟེ་ཟུང་དུ་འཇུག་པའི་རིམ་པའོ།། ཐབས་དང་ཤེས་རབ་ནི་རིགས ་མ་དང་སྐྱེས་བུ་སྟེ། དེ་དག་སྙོམས་པར་འཇུག་པ་ན་རྣལ་འབྱོར་ཞེས་བྱའོ།། གང་ཞིག་ཅེས་བྱ་བ་ནི་སྔ་མ་བཞིན་ཏེ་རང་བཞིན་ནོ།། ཤེས་རབ་དང་ཐབས་ནི་པད་མ་དང་རྡོ་རྗེའོ།། དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་རྒྱུའོ།། ཤེས་རབ་དང་ཐབས་ནི་ཧཱུཾ་དང ་ཕཊ་ལ་སོགས་པ་དགོད་པ་ནི་སྙོམས་པར་འཇུག་པའི་རྣལ་འབྱོར་ཏེ་ལསོ།། ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སྙོམས་པར་འཇུག་པ་ནི་རྡོ་རྗེ་རྩེ་མོར་འཛིན་པ་ནི་རྣལ་འབྱོར་ཏེ་འབྲས་བུའོ།། ཤེས་རབ་ནི་དབང་པོ་རྣམས ་དང་ཐབས་ནི་ཡུལ་རྣམས་སོ།། དེ་དག་སྙོམས་པར་འཇུག་ཅིང་ལོངས་སྤྱོད་པ་ནི་རྣལ་འབྱོར་ཏེ་སོ་སོར་སྡུད་པའོ།། ཤེས་རབ་ནི་དང་པོ་རྣམ་སོ།། ཐབས་ནི་དེ་བཞིན་གཤེགས་པ་རྣམསོ།། དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ་བསམ་གཏནོ།། ཤེས ་རབ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཐབས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་སྙོམས་པར་འཇུག་པ་ནི་རྣལ་འབྱོར་ཏེ། དེ་དག་དེ་དང་འོག་གི་རིམ་པས་སྤྲོ་བ་དང་བསྡུ་བ་ནི་སྲོག་དང་རྩོལ་བའོ།། སྔ་མ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་རང་བཞིན་དུ་ཡུངས ་ཀར་གྱི་ཚད་ཙམ་གྱི་ཐིག་ལ་སྣའི་རྩེ་གསུམ་ལ་འཛིན་པ་ནི་སྙོམས་པར་འཇུག་པ་དང་རྣལ་འབྱོར་ཏེ་འཛིན་པའོ།། ཤེས་རབ་དང་ཐབས་ཀྱི་རང་བཞིན་ནི་ལྷ་མོས་མཁྱུད་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དག་སྙོམས་པར ་འཇུག་པ་ནི་ན་མཁའི་དབྱིངསུ་སྤྲོ་བ་རྣལ་འབྱོར་ཏེ་དྷེ་སུ་དྲན་པའོ།། ཤེས་རབ་དང་ཐབས་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་འབྲེལ་པ་ནི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་ཏོ།། ཤེས་རབ་ནི ་ས་བོན་ལྔ་དང་། ཐབས་ནི་བདུད་རྩི་ལྔ་སྟེ། དེ་དག་སྙོམས་པར་འཇུག་པ་ནི་དེ་རྣམས་ཀྱིས་དེ་དག་བྱིན་གྱིས་བརླབོས་པའི་བཟའ་བ་ནི་རྣལ་འབྱོར་ཏེ་སྒྲུབ་པའོ།། རྒྱུད་ཅེས་བྱ་བ་ལ་སོགས་པས་རྒྱུད་ཀྱང་དོན་བསྟན་པར་བྱ་སྟེ། ཁྱད་པར་དུ་ཚིག་གི་དོན་བཅུ་དྲུག ་གཙོ་བོར་གྱུར་པའི་ངག་གི་ཚོགས་ཀྱིས་རྒྱུན་ནི་སྤྲས་པས་ན་རྒྱུན་ཏེ། དེ་ཉིད་རྒྱུད་ཅེས་བྱ་བ་སྟེ། ཚིག་གི་དོན་བཅུ་དྲུག་རྒྱས་པར་བྱེད་པས་ན་རྒྱུད་དེ་སྒྲའི་ཚོགས་ཀྱི་བདག་ཉིད་ཀྱི་བསྟན་བཅོས་ཞེས་བྱ་བའོ།། དེའི་ཚིག་ནི་དོན་བཅུ་དྲུག་གོ།། རྒྱུན་དེ་རྣམ་པ་གསུམ་དུ ་འགྱུར་ཞེས་བྱ་བ་ནི་མངོན་བསྟན་པའོ།། གཽཞྀ་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བཤད་པའོ།། གཞི་ཞེས་བྱ་བ་ནི་རྒྱུ་འབྲས་བུ་འཛིན་པས་ན་ཐབས་ཀྱི་རྒྱུད་དེ། སྔགས་དང་ཕྱག་རྒྱ་ལ་སོགས་པ་རྗོད་པར་བྱེད་པའི་ཚིག་རྣམ་སོ།། རང་བཞིན་ནི་རྒྱུའི་རྒྱུད ་དེ་དག་གང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་མེད་པ། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་བསྟན་ཏོ།། མི་འཕྲོག་པ་ནི་འཇིགས་པར་མི་འགྱུར་བ་འབྲས་བུའི་རྒྱུད་ཡིན་ཏེ། གང་དུ་བསྐྱེད་པའི་རིམ་པོ་འམ། རྫོགས་པའི་རིམ་པའི་ཕྲ་མོའི་རྣ ་འབྱོར་ལ་སོགས་པ་འམ། རྡོ་རྗེ་བཟླས་པ་ལ་སོགས་པ་འམ། ཡན་ལག་དྲུག་པའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་ལ་སོགས་པའི་སྐུར་བསྟན་ཏོ།། རྒྱུད་ཀྱི་དབྱེ་བ་གསུམ་ནི་དེ་དག་ཡིན་ནོ།། དཔལ་རྡོ་རྗེ་འཆང་ཡང་རྣམ་པ་གསུམ་པ་སྟེ། རྒྱུའི་རྡོ་རྗེ་འཆང་དང ་འབྲས་བུའི་རྡོ་རྗེ་འཆང་དང་། ཐབས་ཀྱི་རྡོ་རྗེ་འཆང་ངོ་།། དེ་ལ་རྒྱུ་རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དང་པོའི་མགོན་པོའོ།། འབྲས་བུ་རྡོ་རྗེ་འཆང་ནི་དེ་ལས་བྱུང་ཞིང་དེ་ལས་བྱུང་ཞིང་དེ་ལ་རྗེ་སུ་ཞུགས་ལས་བྱུང་བ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན ་གཤེགས་པ་རྣམས་སོ།། ཐབས་ཀྱི་རྡོ་རྗེ་འཆང་ནི་རྣམ་པ་གསུམ་སྟེ། གནས་བསྲུང་བ་དང་། རྣལ་འབྱོར་བསྲུང་བའོ།། དེ་ལ་གནས་བསྲུང་བ་ནི་ཁྲོ་བོ་བཅུ་སྤྲོས་ནུས་བགེགས་བསྐྲད་པའོ།། བདག་བསྲུང་བ་ནི་དོན་དམ་པའི་བདེན་པ་འབའ་ཞིག་བསྒོམ་པ་སྟེ། ་ཨོཾ་ཤཱུ་ནྣ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་རྗེསུ་དྲན་པས་སྟོང་པ་ཉིད་ལ་འཇུག་པོའི་མཚན་ཉིད་དོ།། རྣལ་འབྱོར་བསྲུང་བ་ནི་རྣམ་པ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་མཚན་ཉིད་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ།། དེ་ལ་བསོད་ནམས་ཀྱི ་ཚོགས་ཀྱི་མཚན་ཉིད་ནི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ཚངས་པའི་གནས་བཞི་སྟོང་པའོ།། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པའོ།། དེ་ནི་ཐབས་ཀྱི་རྡོ་རྗེ་འཆང་ཞེས་བྱའོ།། རྒྱས་པར་བཤད་པར་བྱ་སྟེ། གཞི་ན ་སྟོང་པ་དེའི་སྔགས་ཏེ་དེ་ནི་རྒྱུ་ཡིན་ཏེ། རང་བཞིན་དང་ངོ་བོ་ཞེས་བྱའོ།། ཇི་སྐད་དུ་བུ་རམ་མངར་ཉིད་མེ་ཡཱི་ནི།། ཚ་བ་ཇི་ལྟར་རང་བཞིན་ཏེ། སྟོང་པ་ཉིད་ནི་ཆོས་ཀུན་གྱི།། དེ་བཞིན་རང་བཞིན་ཉིད་དུ་འདོད་ཅེས་འབྱུང་ངོ་།། བཅོམ་ལྡན་འདས་བྱམས་པས་ཀྱང་། ་ཆོས་དབྱིངས་ཐ་མི་དད་པའི་ཕྱིར།། རིགས་ཀྱི་དབྱེ་བ་མི་རིགས་ཏེ། རྟེན་པའི་ཆོས་ཀྱི་དབྱེ་བ་ཡིས།། དེའི་དབྱེ་བ་རབ་ཏུ་གྲགས་ཞེས་འབྱུང་ངོ་།། དེ་བཞིན་དུ་མི་འཕྲོགས་པ་ནི་མི་འཇིག་པ་སྟེ། རང་བཞིན་གྱིས་རྟག་པ་ཆོས་ཀྱི་སྐུ་དང་། མི་འཇིག ་བའི་རྟག་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྒྱན་གྱི་རྟག་པ་ནི་སྤྲུལ་པ་སྟེ། སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་ངོ་བོ་མི་འཕྲོགས་པ་སྟེ། འཇིགས་པའི་ངང་ཚུལ་མ་ཡིན་པ་འབྲས་བུ་ཞེས་བྱའོ།། གཞི་ནི་རྒྱུ་དང་། ་འབྲས་བུ་ཐབས་ཀྱི་ངོ་བོས་འཛིན་ཅིང་འཛེམ་པར་བྱེད་པས་ན་གཞིའོ།། སྔགས་དང་ཕྱག་རྒྱ་ལ་སོགས་པ་སྒོམ་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་གང་བསྒོམ་པ་དེ་ནི་ཐབ་སོ།། གསུམ་པོ་དེ་དག་གི་རྒྱུད་དོན་གྱིས་བསྡུས ་ལ་རྒྱུད་ནི་སྒྲའི་ཚོགས་ཀྱི་བདག་ཉིད་དང་དོན་དེས་བརྗོད་པར་བྱ་བའི་རྡོ་རྗེ་འཆང་བསྡུས་ཏེ། རྣམ་པ་གསུམ་གྱིས་དོན་བསྡུས་པར་ཤེས་པར་བྱའོ།། དེ་ནི་དང་པོ་སྦྱོར་བ་ལ་སོགས་པ་གསུམ་མོ།། རིགས་ལྔ་ཞེས་བྱ་བ་ལ་སོགས་པས། དེ་ཁོ་ན ་ཉིད་ལ་སོགས་པ་མདོར་བསྟན་པར་བྱ་སྟེ། རང་བཞིན་ནི་གསོང་བའོ།། བྱང་ཆུབ་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུང་སྟེ།། རྒྱུས་པར་བཤད་པར་བྱའོ།། དེ་ཉིད་རྣམ་པ་ལྔ་རུ་ནི་ཕུང་པོ་ལྔའི་བདག་ཉིད་ཁམས ་གསུམ་པ་སྟེ། དེ་ནི་རང་བཞིན་ཡིན་པའི་ཕྱིར་རོ།། ཞེས་པ་བསྐྱེད་པའི་རིམ་པའོ།། དེའི་རྣམ་པར་དག་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དེ། བསྐྱེད་པའི་རིམ་པ་ཁོ་ནའོ།། རྣམ་པར་ཤེས་པ་ལྔའི་བདག་ཉིད་དག་པའི་ངོ་བོ་མེ་ལོང་ལྟ་བུ་ལ་སོ ་པ་ཡེ་ཤེས་ལྔའི་བདག་ཉིད་དེ་ཁོ་ན་ཉིད་དེ་རྫོགས་པའི་རིམ་པའོ།། མངོན་པར་བྱང་ཆུབ་རྣམ་པ་ལྔ་ལ་སོགས་པ་དེ་ཁོ་ན་ཉིད་དེ་དང་པོ་སྦྱོར་བ་དང་། དཀྱོར་རྒྱལ་པོ་མཆོག་དང་། ལྷ་གྱི་རྒྱལ་པོ་མཆོག། རྡོ་བཟླས་པ་ལ་སོགས་པའི་རིམ་གྱིས་ངག་དང་སེམས་དང་ལུས་དང་། ་ཀུན་རྫོབ་དང་གེ་ཉི་གུ་དག་པ་ནི་དེ་ཁོ་ན་ཉིད་ལྔ་སྟེ། རྡོ་རྗེ་བཟླས་པ་དང་། སེམས་ལ་དམིགས་པ་དང་། བདག་ལ་བྱིན་གྱིས་བརླབས་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་དུ་འཇུག་པའི་རིམ་པའོ།། ཡུལ་དང་དབང་པོ་གཅིག་ཏུ་བྱས་ན་དུ ་ན་ཉིད་ལྔ་སྟེ། སོ་སོར་སྡུད་པའོ།། དེ་བཞིན་གཤེགས་པ་ལྔར་མོས་པ་དང་། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དེ་ཡན་ལག་ལྔའི་བསམ་གཏན་ནི་དེ་ཁོ་ན་ཉིད་ལྔ་སྟེ་བསམ་གཏན་ནོ།། སྲོག་ལ་སོགས ་པ་རླུང་ལྕེ་ཐིག་ལེའི་གཟུགསུ་སྤྲོ་བ་ནི་དེ་ཁོ་ན་ཉིད་ལྔ་སྟེ། སྲོག་དང་རྩོལ་བའོ།། ཕུང་པོ་ལྔའི་སྙིང་པོར་གྱུར་པའི་ཐེག་ལེ་པདྨའི་ལྟེ་བར་འཛིན་པ་ན་དེ་ཁོ་ན་ཉིད་ལྔ་སྟེ་འཛིན་པའོ།། དེ་བཞིན་གཤེགས་པ་ལྔའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེཾ ་སྤྲོསྒོབོ་ན་དེ་ཁོ་ན་ཉིད་ལྔ་ལྔ་རྗེས་དྲན་པའོ།། སྐུ་ལྔ་དང་སྤྱན་ལྔ་དང་མངོན་པར་ཤྭེ་པ་ལྔ་དང་ཡེ་ཤེས་ལྔ་དང་། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་མཛད་པ་དང་། འགྲོ་བ་ལྔ་རྣམ་པར་སྦྱོང་བ་མཛད་པ་དང་། དེ་བཞིན་གཤེགས་པ་ལྔའི་བདག་ཉིད ་འབྱུང་བ་ཆེན་པོ་ལྔའི་ཇི་འོང་ཟེར་ལྔ་སྤྲོ་བ་དང་། སྡུང་པོར་མཛད་པ་རྡོ་རྗེ་འཆང་གི་ཕྲག་བརྒྱ་ཆེན་པོའི་སྐུར་ཁོ་ན་ཉིད་ལྔ་སྟེ། ཏིང་འཛིན་ནོ།། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔས་བོན་ལྔས་བྱིན་གྱིས་བརླབས་པའོ ་ཁོ་ན་ཉིད་ལྔ་སྟེ་དམ་ཚིག་གོ།། རིགས་ལྔའི་འབྲེལ་པ་དང་ལྡན་པའི་བསླབ་པ་བླང་བ་ནི་དེ་ཁོ་ན་ཉིད་ལྷ་སྟེ་སྡོམ་པའོ།། དེ་ནི་སྒྲུབ་པ་སྟེ་དོན་བཅུ་དྲུག་གོ།། གསང་བ་གསུམ་ནི་སྔར་བཤད་ཟིན་ཏོ།། གསང་བ་ཞེས་བྱ་བ་ནི་གསང་བ་ཡིན ་བས་ན་ལྷག་པའི་ལྷ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་བསྐྱེད་པའི་རིམ་པའོ།། ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་ལྷག་པ་ཡང་ཡིན་ལེཊ་གསང་བའི་རང་བཞིན་ཡིན་པས་ན་ལག་པ་ཡང་ཡིན་ཏེ། ལྷག་པའི་ལྷ་ནཱི་ཡུངྒ་ཀར་གྱི་འབྲུའི་ཚད་ཙམ་འམ་སའི་རྩེ་མོས ་བརྒྱ་སྟོང་གི་ཚད་ཙམ་གྱི་ཐིག་ལེ་སྟེ་རྫོགས་པའི་རིམ་པའོ།། དམ་ཚིག་ནི་ཕུལ་དུ་བྱེང་བ་སྟེ། བསམ་པ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སེམས་ཅན་གྱི་ཁམས་གྲོལ་བར་བྱེད་པས་ན་རྡོ་རྗེ་འཆང་གི་རིགས་གཅིག་ཡིན་ན་ཡང་རྣམ་པ་བརྒྱར་འགྱུར་ཏེ། ང་བཞིན ་གཤེགས་པ་རེ་རེ་ལ་ལྔ་ལྔ་ལ་སོགས་པར་ཕྱེ་བའི་ཕྱིར་རོ།། ཞེས་བྱ་བ་ལ་སོགས་པའོ།། དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་འབྱུང་བ་རགས་པ་དང་ཕྲ་བའི་བག་ཆགས་ཀྱི་ངོ་བོ་ཇི་སྲིད་ཡོད་པ་དེ་སྲིད་རྣམ་པར ་དག་པའི་ཐབས་གྱུར་པ་བཅོམ་ལྡན་འདས་ཀྱིས་རིགས་བསྟན་ཏོ།། དེ་བས་ནས་ན་གངྒཱའི་ཀླུང་གི་བྱེ་མ་དང་མཚུངས་པའི་རིགས་ཡིན་ཏེ། ཇི་སྲིད་གྲངས་མེད་པའི་རིགས་ཡིན་པས་རྒྱ་ཆེ་བ་ཏེ། བསྐྱེད་པའི་རིམ་པའོ།། བྱང་ཆུབ་ཀྱི་སེམས་བཤད་པར་བྱ་སྟེ། ཐོག་མ ་ཐ་མ་མེད་པ་ནི་རང་བཞིན་གྱིས་རྟག་པ་ཆོས་ཀྱི་སྐུའི་ངོ་བོ་སྐྱེ་བ་དང་འཇིག་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོང་བ་དང་རྣར་བྱང་བའི་བག་ཆགས་ཀྱི་རྟོག་པ་དང་དྲི་མ་ཞི་བས་ན་ཞི་བའོ།། དངོས་པོ་ནི་ཁམས་གསུམ་གྱི་རང་བཞིན་ཕུང་པོ་ལྔ་ལྔ་ལ་སོགས ་པ་དང་། དངོས་མེད་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། དེ་དག་ཟད་པ་ནི་དེའི་སོ་སོར་སྣང་བ་དང་བྲལ་བའོ།། དེ་ཉིད་ཀྱི་ཕྱིར་འགྲོ་བ་མ་ལུས་པའི་གཞིར་གྱུར་པ་སྐུ་གཉིས་པོའི་རྒྱུར་གྱུར་པ་ཡིན་པས་གཙོ་བོ་སྟེ་བདག་པོའོ།། སྟོང་པ་ཉིད་ནི་ཐམས་ཅད་སྟོང་པའོ།། སྙིང ་རྗེ་ནི་ཐུགས་རྗེ་ཆེན་པོའོ།། དེ་དག་དབྱེར་མེད་པ་ནི་གཅིག་ཏུ་གྱུར་པ་སྟེ། བྱང་ཆུབ་ཀྱི་རང་བཞིན་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། སེམས་ནི་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་རྣལ་འབྱོར་གྱིས་མངོན་གསུམ་གྱིས་མྱོང་བ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ ་སྟེ་རྫོགས་པའི་རིམ་པའོ།། ཡང་ན་ཐོག་མ་ནི་སྣང་བ་དང་སྣང་བ་མཆོད་པའོ།། ཐ་མ་ནི་སྣང་བ་ཉེ་བར་ཐོབ་པའོ།། དེ་མེད་པ་ནི་ཞི་བ་སྟེ་འོད་གསལ་བའོ།། དངོས་པོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ནོ།། དངོས་མེད་ནི་མ་རིག་པའི་རང་བཞིན་ནོ།། འོད་གསལ ་བས་རྟོག་པ་མེད་པའི་ཕྱིར་རོ།། དངོས་དང་དངོས་མེད་ཀྱི་རང་བཞིན་དེ་ཟད་པས་ན་ཟད་པ་སྟེ་ཐམས་ཅད་སྟོང་པའོ།། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སྟེ། འོད་གསལ་བ་ལ་ཞུགས་པའི་སེམས་ནི་རྣམ་པར་ཤེས་པ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་ནི་བཅོམ ་ལྡན་འདས་ཀྱིས་གསུང་སོ།། ད་ནི་སེམས་ལ་དམིགས་པའི་རིམ་པའོ།། ཡང་ན་ཐོག་མ་ནི་ཆགས་པ་དང་ཆགས་པ་དང་བྲལ་བའོ།། ཐ་མ་ནི་ཆགས་པ་བར་བའོ།། དེ་དང་བྲལ་བས་ན་ཐོག་མ་ཐ་མ་མང་པའོ།། ཞི་བ་ནི་རང་རིག་པ་སྟེ་ཆོས་ཀྱི་སྐུའོ།། དངོས་པོ་ནི ་མཚམས་དང་མཚན་མ་དང་ཉིན་མོའོ།། དངོས་མེད་ནི་སྨིག་རྒྱུ་ལ་སོགས་པ་མཚན་མ་ལྔ་སྟེ། དེ་དག་ཟད་ཅིང་ཐོབ་པས་ན་དངོས་དང་དངོས་མེད་ཟད་པའོ།། འབྲས་བུར་གྱུར་པ་ན་གཙོ་བོའོ།། སྟོང་ཅིང་མི་ཤེས་རབ་དང་སྙིང་རྗེ་ནི་ཐབས་ཏེ་དེ་དག་མི་ཕྱེད ་ནི་སྙོམས་པར་འཇུག་པའི་དབང་གིས་ཐོབ་པའི་བྱང་ཆུབ་ནི་མངོན་པར་བྱང་ཆུབ་པ་སྟེ། དེའི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། མངོན་པར་བྱང་ཆུབ་པའི་རིམ་བྱའོ།། ཡང་ན་རྒྱུན་གྱིས་ཞུགས་པས་ན་ཐོག་མ་ཐ་མ ་མེད་པའོ།། སེམས་རྩེ་གཅིག་པ་ཉིད་དུ་སྐྱེད་པར་བྱེད་པས་ནི་ཞི་བའོ།། དྲངོས་དང་དངོས་མེད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ། དེའི་རང་བཞིན་ཡིན་ཡང་སྒོམ་པར་གྱུར་པས་ན། དེའི་རྣམ་པར་རྟོག་པ་ཟད་པ་ས་ན་དངོས་དང་དངོས་མྱེད་ཟད་པའོ།། ་ཁམས་གསུམ་སྐྱེད་པས་ནཱ་གཙོ་བོའོ།། སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་ནི་ཀུན་རྫོབ་ཀྱི་གཟུགས་སྟེ། མི་ཕྱེ་བ་ནི་དེ་དག་དབྱེར་མེད་པའི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སྟེ་འབྲས་བུའོ།། ཡང་ན་བྱང ་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཞན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ།། ཇི་སྐད་དུ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་འབྱུང་ངོ་།། དེའི་དབྱེ་བ་གཉིས་ཏེ། སྨོན་པ་བྱང་ཆུབ ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམསོ།། དེ་ལ་སངས་རྒྱས་གྱུར་ནས་སེམས་ཅན་གྱི་དོན་བྱའོ།། ཞེས་བྱ་བ་ནི་འདོད་པའི་བློ་དང་སྙིང་རྗེ་དག་གིས་ཟབ་པ་དང་རྒྱ་ཆེ་བ་དོན་དུ་གཉེར་བ་གང་ཡིན་པ་དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམསོ།། བྱང་ཆུབ་ཀྱི་སྤྱོད ་པ་ཡང་དག་པར་ལེན་པ་ལ་སོགས་པ་ལ་འཇུག་པ་ནི་འཇུག་པ་བྱང་ཆུབ་སེམས་ཏེ་རྣམ་པ་གཉིས་སོ།། ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་དེ་རྙེད་པར་དཀའ་སྟེ། གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང་། གྲང་ཞིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་པ་དེ་དག་དེ་རྣམས་ལས་ཀྱང་ཤིན་ཏུ་རྙེད་པར་དཀའ་བའོ།། ཞེས་གསུང་སོ།། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་དབྱེ ་བས་རྣམ་པ་མང་པོར་འགྱུར་ཏེ། འདིར་ནི་རེ་ཞིག་རྣམ་པ་བཅུ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་། སྡིག་པ་བཤགས་པ་ལ་སོགས་རྣམ་པ་བདུན་གྱི་མཆོད་པ་དང་། བྱང་ཆུབ་ཀྱི་སེམས་བླང་བ་དང་། བག་དང་བཅས་པ་དང་། དེ་ཤེས་བཞིན་དུ ་བསྲུང་བ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡོངསུ་བསྔོ་བ་སྟེ་བཅུའོ།། དེ་ནི་རྒྱ་ཆེ་བ་ཏྲེ། བསླབ་པ་ཀུན་ལས་བསྡུས་པ་ལས་བལྟ་བར་བྱའོ།། དེ་བཞིན་དུ་དེ་ཡང་རྣམ་པ་ཉི་ཤུ་གཉིསུ་འགྱུར་ཏེ། ཇི་སྐད་དུ། འཕགས ་བ་བྱམས་པས།། དེ་ཡངས་གསེར་ཟླ་བ་མེ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་ར་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུཉྩི་མ་གྲུ། རྒྱལ་པོ་མཛོད་དང་ལམ་པོ་ཆེ།། བཞོན་པ་བཀོད་མའི་ཆུ་དང་ནི།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། དེ་ལྔ་འདི་ལྟར ་བལྟ་བར་བྱ་སྟེ།། འདུན་པའི་སྐབས་ལ་དབྱེ་བ་ཡིས།། སྨོན་པའི་སེམས་ནི་རྣམ་པ་གསུམ།། འཇུག་པ་ཞེས་བྱའི་སེམས་རྣམས་ནི།། དེ་ཡི་སེམས་ལ་བཅུ་དགུ་ཡིན།། དེ་ལ་སྨོན་པའི་སེམས་ནི་དབྱེ་བ་རྣམ་པ་གསུམ་སྟེ།། བདུན་པ་དང་བཅས་པ་ནི་ཆོས་ཐམས ་ཅད་མངོན་པོར་རྟོགས་པར་འདོད་པའི་མཚན་ཉིད་དེ་བས་དང་འདྲ་བའོ།། བསམ་པ་དང་བཅས་པ་ནི་ཕ་རོལ་བྱིན་པ་དྲུག་ལ་སྤྱོད་པར་འདོད་པའི་མཚན་ཉིད་དེ། མ་འོངས་པ་དང་འདི་ཉིད་དུ་འགྱུར་བ་ལ་མི་བརྟེན་པས་གསེར་བཟང་པོ་ལྟ་བུའོ།། ལྷག་པའི་བསམ་པ་དང ་བཅས་པ་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་སྤྱོམ་པར་འདོད་པའི་མཚན་ཉིད་དེ།། དཀར་པོའི་ཕྱོགས་ཐམས་ཅད་འབྲེལ་བར་འགྲོ་བས་ན། ཟླ་བ་སར་པ་ལྟ་བུའོ།། འཇུག་པའི་སེམས་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང ་བཅས་པ་དང་། སྦྱིན་པ་ལ་སོགས་བྱ་དང་བཅས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། མངོན་པར་ཤེས་པ་དང་བཅས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བཅས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པ་དང་། ཞི་གནས་དང་ལྷག་མཐོང ་དང་བཅས་པ་དང་། གཟུངས་དང་སྐྱོབས་པ་དང་བཅས་པ་དང་། ཆོས་སྟོན་པ་དང་བཅས་པ་དང་། ཐེག་པ་གཅིག་གི་ལམ་དང་བཅས་པ་དང་། ཆོས་ཀྱི་སྐུ་དང་བཅས་པའོ།། དེ་ནས་སྐབས་ནི་བཞི་པོ་ཡིས། དེ་དག་ཐམས་ཅད་ཁྱབ་པར་བྱ།། འབྲས་བུ་རྒྱུ་དང ་སྦྱོར་སྩོགས་དང་།། ལས་ཀྱི་དང་པོའི་དབྱེ་བ་སོ།། དེ་ལ་གསུམ་གྱིས་ནི་ལས་དང་པོའི་སྐབས་དང་།། བཞི་པས་དེ་དང་ངེས་པར་འབྱེད་པའི་ཆའི་སྐབསོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སེམས་ཀྱིས་རྒྱུ་བའི་སྐབས་སོ།། མངོན་པར་ཤེས་པ་ལ ་སོགས་པ་དང་བཅས་པའི་སེམས་བརྒྱད་ཀྱི་འབྲས་བུའི་སྐབ་སོ།། སྨོན་པའི་རྣམ་པ་དང་པོར་ནི།། དེ་ལ་མགོན་པོས་ཡང་དག་གསུངས།། སྦྱིན་སོགས་འཇུག་པའི་རྣམ་པ་ནི། གཉིས་པར་ཡོངསུ་གྲགས་པ་ཡིན། འདུན་པའི་རྣམ་པ་སྨོན་པའི་སེམས་ནི ་རྣམ་པ་གསུམ་དུ་བཤད་དོ།། གང་ནས་བརྩམས་ཏེ་སྡོམ་པ་བླང་བ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པའི་སེམས་སོ།། སྡོམ་པ་ཡང་སྡོམ་པ་གནས་པ་དང་མཁས་པ་དང་སྟོབས་དང་ལྡན་པའི་སློབ་དཔོན་ལས་བླང་བར་བྱའོ།། དེ་མི ་བཞུགས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་གནས་པར་ཡིད་ཀྱིས་དམིགས་ལ་བླང་བར་བྱའོ།། དེ་ཡང་སྟོབས་ཀྱི་འམ་ནི།། སྦྱིན་སོགས་ཤེས་རབ་མེད་པས་མིན།། གཞན་ཡང་ཞི་གནས་བསྐྱེད་བྱས་ནས། དེ་ཕྱིར་ཤེས་རབ་བསྐྱེད་པར་བྱ།། ་ཅིའི་ཕྱིར་ཞེ་ན། ཤེས་རབ་མེད་པའི་སྦྱིན་པ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་མི་འགྱུར་བ་དང་། ཐུབསུ་ཡང་མི་འགྱུར་རོ།། དེ་བས་ན་ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར། ཞི་གནས་བསྐྱེད་པོ་ལ་འབད་རྩོལ་བྱའོ།། གང་ཞིག་ཚུལ་ཁྲིམས ་དང་ལྡན་སྡུག་བསྔལ་བཟོད་པ་དང་།། གང་ཞིག་བརྩོན་འགྲུས་དང་ལྡན་བརྟེན་པ་བག་དང་བཅས། ཡང་དག་རབ་ཏུ་སྦྱིན་ཞིང་གང་ཚེ་དེ་དང་ནི།། ཏིང་ངེ་འཛིན་དུ་མྱུར་དུ་འགྲུབ་པོར་འགྱུར་ཚུལ་ཁྲིམས་ལོ་སོགས་པ་གསུམ་དང་ཞི་གནས་ཤིང་ཚོགས་ལ ་གནས་ཤིང་། ཡིད་དང་རྗེ་སུ་མཐུན་པའི་ས་ཕྱོགསུ་ལུས་པོ་དྲང་པོར་བྱས་ལ་སྟན་འཇམ་པ་ལ་འདུག་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ནས་སེམས་ཅན་ཐམས་ཅད་གདོན་པའི་བསམ་པ་དང་ལྡན་པས་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཏིང ་འཛིན་བསྐྱེད་པར་བྱ་སྟེ།། བྱང་ཆུབ་ཀྱི་སེམས་ཀྱི་མདོར་བསྡུས་པའི་དབྱེ་བའོ།། སྟོང་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། སྙིང་རྗེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔའོ།། དེ་དག་མི་ཕྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཞེས ་བྱའོ།། གང་གི་ཕྱིར་ཤེས་རབ་མེད་པས་བྱང་ཆུབ་སེམས་དཔའ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་མི་འགྱུར་བ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་ཤེས་རབ་ནི་མ་ཡིན་ཏེ། ཆད་པའི་ལྟ་བར་གྱུར་པའི་ཕྱིར། ་དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་ལ་དམིགས་ཏེ། ཐོག་མ་དང་ཐ་མ་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་ཆོས་ཀྱི་སྐུ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་པ་སྟེ། རྫོགས་པའི་རིམ ་ནོད་རིག་པའི་སྐྱེས་བུའི་འདྲི་བའི་ལན་གདབ་པར་བྱ་བའི་ཕྱིར་སྐུ་ཞེས་བྱ་བ་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་རྔོན་དེ་འཆང་ཆེན་པོའོ།། མི་ཕྱེད་པའི་ངོ་བོ་ནི་དེ་ལ་རྗེས་སུ་ཞུགས་ཤིང་གཅིག་ཏུ་གྱུར་པའོ།། ཕྱེད་པའི་ངོ་བོ་ནི་ཐ་དད་པར་སྣང་བའོ།། རིག་པ་ནི། ་ཧཱུཾ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ལྡན་པ་ནི་འཁྱུད་པ། སྐྱེས་བུ་ནི་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ། དེ་ནི་རིག་པའི་སྐྱེས་བུ་ཞེས་བརྗོད་དོ།། འདི་སྐད་བཤད་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་ཡོངསུ་གྱུར་ནས།། ཐུགས་རྡོ་རྗེ་འཆང་ལ་སོགས་པ ་རྙིམ་པ་གཉིས་ཀྱིས་བསྒོམ་པར་བྱ་བ་ནི་རིག་པའི་སྐྱེས་བུ་བྱ་སྟེ། བསྐྱེད་པའི་རི་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་དག་གོ།། ཕྱུང་བའི་སྔགས་བཅུ་གསུམ་གྱི་དོན་བཤད་དེ། སྔ་འཇོམས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཉོན་མོངས ་དྡྷི་ལྡན་པ་ལྔ་འོག་གི་རྩེ་མོ་ལྔའི་རང་བཞིན་དང་དེ་བཞིན་དུ་བྱེང་གི་རྩེ་མོ་ལྔ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཏེ། མི་མཐུན་པ་དང་གཉེན་པོའི་ཚུལ་དུ་གནས་པ་དེ་ནི་རྡོ་རྗེ་ཞེས་བྱའོ།། གང་གི་ཕྱི་རུ་ལྟ་འཇོམས་པ་ནི ་བེ་དང་ལྔ་རིག་པ་ནི་ཤེས་པ་སྟེ། བ་དང་ཛྭ་ཡི་གེ་གཉིས་ཀྱི་དོན་གྱི་རྡོ་རྗེ་སྟེ། དེ་འཛིན་པས་ན་རྡོ་རྗེ་འཆང་སྟེ་རྫོགས་པའི་རིམ་པའོ།། ཡང་ན་རྩ་ལྔ་བྷ་གའི་ནང་དུ་ཆུད་པ་དེ་རྣམས་ཐ་དད་པར་སྤོང་བ་དང་། རིག་པ་ནི་བདེ་བ་ཆེན་པོ་རྟོགས་པས་ན་རྡོ། ་རྒྱལ་མཚན་ནོ།། དེ་འཛིན་པ་ནི་ལས་སུ་རུང་བ་ཉིད་ཀྱིས་འཆང་བ་རྣམ་ཤེས་ཡིད་ནི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་རྡོ་རྗེ་འཛིན་ཞེས་བྱ་སྟེ། རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུའོ།། ཡོད་ཅེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་དམ་པས ་སྤྲུལ་པ་དངོས་པོ་རྣམས་ཡོད་དོ་ཞེས་དབང་ཕྱུག་ཏུ་སྒྲུབ་པའོ།། དུས་གསུམ་ཡོངསུ་འགྱུར་བ་དངོས་པོ་ཡོད་དོ་ཞེས་གྲངས་ཅན་པའོ།། བདག་གིས་བྱིན་གྱིས་བརླབས་པ་ཡོད་དོ་ཞེས་རིགས་པ་པའོ།། ཚངས་པའི་རང་བཞིན་དངོས་པོ་ཡོད་དོ་ཞེས་དཔྱོད་པ་པའོ།། ་ཞོ་ཡང་སྔ་མོར་འགྱུརོ་ཞེས་འགྱུར་བར་སྨྲ་བ་ནི་གཅེར་བུ་པའོ།། དུས་ཀྱི་སེམས་ཅན་སྨིན་པར་འགྱུར་ཞེས་དུས་སྨྲ་བ་པའོ།། ཡང་དང་ཡང་དུ་སྐྱེ་ཞིང་ཡང་དང་ཡང་དུ་ཟག་པས་ན་གང་ཟག་སྟེ། དེའི་རང་བཞིན་དངོས་པོ་ཡོད་དེ་ཞེས་གང་ཟག་ཏུ་སྒྲུབ་པའོ།། ་སྨ་ནི་ཚངས་པ་དམ་པ་དེའི་རང་བཞིན་དངོས་པ་ཐམས་ཅད་ཡོད་དོ་ཞེས་པ་སྟེ། བརྡའ་སྤྲོད་པ་པའོ།། རུས་པ་གཅིག་པུས་འདི་དག་ཐམས་ཅད་སྒོ་ཞིང་སྡུད་པས་ན། དེའི་རང་བཞིན་དངོས་པོ་ཐམས་ཅད་ཡོད་དོ་ཞེས་ནུས་པ་པའོ།། འདུས་བྱས་པ་ཐམས ་ཙདྷ་མི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པ་དང་བདག་མེད་པ་སྟེ། བྱེ་བྲག་ཏུ་སྐྱེ་བ་པའོ།། རྣམ་རིག་ཡོད་ཀྱི་དངོས་པོ་ནི་མེད་དོ་ཞེས་རང་སངས་རྒྱས་པའིའོ།། ཕྱི་རོལ་གྱི་རྣམ་པ་དང་བྲལ་བ་སྦྱིན་མེད་པའི་ན་མཁའ་དང་མཚུངས་པ་རྣམ་པར་རིག ་པ་ཉིད་སྣ་ཚོགས་ཡིན་ཞེས་རྣལ་འབྱོར་སྤྱོད་པ་པའོ།། གཟུང་བ་དང་འཛིན་པ་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྟོང་པ་ཡིན་ནོ་ཞེས་དབུ་མ་པ་སྟེ། དེ་དག་ཐམས་ཅད་ཡོད་པ་ཉིད་དུ་སྨྲ་བ་པའོ།། མེད་པར་སྨྲ་བ་ནི་ཇི་ལྟར་འཚོ་བས་བདེ་བ་འཚོ། ་འཆི་འཕོ་བྱ་ནི་ཁྱོད་ལ་མེད།། ཐལ་བར་གྱུར་པ་ཤེ་བ་ནི།། སླར་འོང་བ་ནི་ག་ལ་ཡོད་ཅེས་བྱ་བ་སྟེ། འབྱུང་བ་ཤེས་པར་སྨྲ་བ་ནི་འཇིག་རྟེན་རྒྱང་པན་པའོ།། ཡོད་པ་དང་མེད་པ་དེ་དག་དབུས་ནི་གཉི་ཀའི་ཆའི་རང་བཞིན ་ལས་འདུས་པ་ནི་བྲལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། འབྱུང་བ་ནི་ཁམས་ཕྲ་བ་ས་ལ་སོགས་པ་བཞིའོ།། འབྱུང་བ་ལས་གྱུར་པ་ནི་དེ་རྣམས་ཀྱི་བྱས་པ་རགས་པའོ།། དེ་ལས་བྱུང་བ་ནི་སྐྱེས་པ་སྟེ་དེའི་རང་བཞིན་རྣ་དག་པ་ནི་ནཱར་དག་པའི ་རང་བཞི་ནོ།། སེམས་ཅན་ཀུན་གྱི་ལུས་ཏེ་ཞེས་བྱ་བ་ནི་ཁྱད་པར་དུ་འཛིན་ཅིང་འཆིང་བས་ན་ལུས་ནི་གཏི་མུག་སྟེ། དེ་ཁོ་ན་ཉིད་ཀྱིས་མི་མཐུན་པར་གྱུར་པ་སྟེ། སེམས་ཅན་ལས་རྒྱལ་བས་རྒྱལ་སྟེ། དེ་ལས་ཀྱང་རྒྱལ་ཞིང་ཟིལ་གྱིས་གནོན་། ་པས་ན་ཛི་ན་ཇི་ཀ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་དེ་རྫོགས་པའི་རིམ་པའོ།། རེ་ཞིག་སེམས་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་རིན་ཆེན་དང་འདྲ་བས་ན་རིན་ཆེན་ཏེ། དེ་ཉིད་ན་མཁའི་ཁམས ་རྣམ་པར་དག་པས་ན་མཁའ་མཛོད་ཀྱི་ཏིངངེ་འཛིན་གྱིས། དོན་ཀུན་ནི་མངོན་པར་འདོད་པའི་རིམ་པས་འབྱུང་བ་སྟེ་སྐྱེད་པའི་རྒྱུའོ།། དེ་བས་ན་ཚོར་བྱ་དང་ཚོར་བྱེད་དང་ཚོར་དེ་བདག་ཉིད་ཀྱིས་རྣམ་པར་ཤེས་པ་དག་པར་བྱེད་པས་ན་དེ་ཉིད་རིན་ཆེན་ཏེ ་དེ་དང་འདྲ་བའི་ཡེ་ཤེས་འཛིན་པས་ན་རང་ནི་དྷྲྀཀ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ཞེས་བྱ་བའི་བར་དུའོ།། དེ་ནི་རྫོགས་པའི་རིམ་པའོ།། ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་ལ་རྣམ་པར་འཇོག་པར་བྱེད་པའི་ཆོས་ནི་མཚན་ཉིད་དེ། དཔེར ་ན་ལྟོ་བ་ཆེ་བའི་བུམ་པ་བཞིན་ནོ།། དེ་འཛིན་པར་བྱེད་པའི་བདག་ཉིད་ནི་འདུ་ཤེས་སོ།། དེའི་ཡུལ་ནི་བུམ་པ་ལ་སོགས་པའི་མཚན་གཞིའོ།། གང་གིས་མཚོན་པ་དེ་ནི་བྱ་བའི་མཚན་ཉིད། གསུམ་པོའི་བདག་ཉིད་འདུ་ཤེས་ཀྱི་ཕུང ་དེ་རྣམ་པར་དག་པར་བྱེད་པ་ནི་དངོས་པོའོ།། དེ་བཞིན་དུ་ཀུན་ནི་མེའི་ཁམསོ།། ཀུན་གྱིས་ནི་ཁྱབ་པར་བྱེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དག་པར་བྱེད་པས་ན་དེ་ངོ་བོའོ།། དགའ་བའི་མཚན་ཉིད་ནི་བུད་མེད་ཀྱི་མཚན་པ་མཚན་གཞི ་ནཱི་དམིགས་ཤིང་སྐྱེ་བ་སྟེ། འདོད་ཆགས་སོ་ཡེ་ཤེས་དེ་ཉིད་ཀྱིས་དེ་ལ་རྒྱལ་བར་བྱེད་པས་ནི་ཡེ་ཤེས་ཨ་རོ་ལྀཀ་སྟེ། འོད་དཔག་ཏུ་མེད་པའི་རང་བཞིན་གྱིས་ཡེ་ཤེས་ཀྱི་སྟེ། རྫོགས་པའི་རིམ་པའོ།། རྣམ་པར་ཤེས་རབ་མཐར ་ཕྱིན་ནི་བྱ་བ་ནན་ཏན་སྒྲུབ་པའི་རང་བཞིན་འགྲོ་བའི་དོན་བྱེད་པ་དེ་ཉིད་ཕྲག་དོག་གི་ཉོན་མོངས་པ་འཇོམས་པར་བྱེད་པས་ན་ཤེས་རབ་ཅེས་བྱའོ།། དེ་བས་ན་འདུ་བྱེད་སེམས་པ་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང་། འཛིན ་པ་ནི་རླུང་གི་ཁམས་རྣམ་པརརུ་དག་པར་བྱེད་པས་ཡེ་ཤེས་དེ་ཉིད་བཛྲ་དྷྲྀཀྐ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་གྱི་ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ།། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རིགས་ནི ་རྒྱུད་དེ་དེ་བཞིན་གཤེགས་པའི་རིགས་ལྔའི་རྒྱུད་།། རྒྱུད་ནི་ཐོག་མ་སྟེ་རྗེ་འཆང་ཆེན་པོའོ།། མི་འཇིགས་སྐྱེ་བ་མེད་པ་ནི་མགོན་པོ་དེ་ཉིད་དེ། དེ་ཉིད་ཀྱི་ཁྱད་པར་རོ།། སྤོང་བའི་རིག་པ་ཞེས་བྱ་བ་ལ་སོགས་པས་མི་མཐུན་པ ་དང་གཉེན་པོའི་ཕྱོགསུ་གྱུར་པ་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཞེ་སྡང་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་མི་བསྐྱོད་པར་བཤད་དོ།། དེ་བཞིན་དུ་གཟུགས་དང་ཉོན་མོངས་པ་གཏི་མུག་དང་བེམས་པོ། ་བཅིང་བའི་རང་བཞིན་ནི་སའི་ཁམས་ཏེ། དེ་རྣམ་པར་དག་པའི་རང་བཞིན་ནི་རྣམ་པར་སྣང་མཛད་དོ།། ཚོར་བའི་ཕུང་པོ་དང་ང་རྒྱལ་དང་དྲེགས་པ་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་རང་བཞིན་ནི་རིན་ཆེན་འབྱུང་ལྡནོ།། འདུ་ཤེས་ཀྱི་ཕུ ་པོ་དང་དངོས་པོ་ལ་ཆགས་པ་ནི་ཉོན་མོངས་པའི་འདོད་ཆགས་དང་། མེའི་ཁམས་རྣམ་པར་དག་པའི་རང་བཞིན་ནི་འོད་དཔག་ཏུ་མེད་པའོ།། འདུ་བྱེད་དང་ཕྲག་དོག་དང་རྐྱེན་གྱིས་དྲངས་པའི་རང་བཞིན་ནི་རླུང་གི་ཁམས་རྣམ་པར་དག་པ ་སྟེ། དོན་ཡོད་གྲུབ་པའོ།། དེ་དང་འདྲ་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ནི་སྲིད་པ་ཀུན་འབྱུང་ཐམས་ཅད་དེ། སྐྱེ་བ་པོ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་ཤེས་པར་བྱའོ།། རིགས་བསྟན་པར་བྱ་བའི་ཕྱིར་འདོད་ཆགས་ཞེ་སྡང་ཉོན་མོངས ་ལྡན་པ་ནི་དེའི་ལྷན་ཅིག་བྱེད་པའི་རྒྱུ་ལས་སྐྱེས་པ་ང་རྒྱལ་ལམ་དྲེགས་པ་གཞོམ་པར་བྱ་བའི་ཕྱིར་དང་། ནོར་གྱི་དྲེགས་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་གཞོམ་པར་བྱ་བའི་ཕྱིར་བུའི་རིགས་ཏེ། རྣམ་པ་སྣ་ཚོགས་ཀྱི་རིན ་ཕྱི་ཆེའི་ཆར་གྱིས་བསམ་པ་ཐམས་ཅད་ཡོངསུ་རྫོགས་པ་བྱེད་པ་རིན་ཆེན་འབྱུང་ལྡན་གྱིས་རིགས་ཞེས་བྱ་བའི་དོན་ཏོ།། དམ་ཚིག་གི་རིགས་ཞེས་བྱ་བ་ནི་འགྲོ་བ་སྣ་ཚོགས་ཀྱི་ལས་ལས་སྐྱེད་པའི་འབྲས་བུ་འདྲེ་བ་སྟེ། ཉོན་མོངས་པ ་དང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་དམ་ཚིག་དང་སྡོམ་པ་སྦྱིན་པས་འཇོམས་པས་སདམ་ཚིག་གི་རིགས་ནི་དོན་ཡོད་གྲུབ་པའི་རིགས་ཞེས་བྱའོ།། དེ་བཞིན་དུ་གཉིས་མེད་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཏེ། དེའི་རང་བཞིན ་གྱི་དངོས་པོའི་ང་རྒྱལ་བྱེད་པ་ནི་ཁྱབ་པར་བྱེད་པ་རྨོངས་པ་སྟེ། དེ་ལ་ཆགས་པའི་རང་བཞིན་ནི་གཏི་མུག་གི་རིགས་ཞེས་བྱའོ།། དེ་ལ་ནི་གཉིས་མེད་པའི་ཡེ་ཤེས་དེ་ལ་ཉོན་མོངས་པ་རྣམ་པར་དག་པས་ཕན་ཚུན་འབྱོར་བ་ནི་ཞེ་སྡང ་དང་ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་གཉེན་པོ་དང་མི་མཐུན་པའི་ཚུལ་གྱིས་བཞག་པ་གང་ཡིན་པ་དེ་ནི་ཞེ་སྤྱང་ཏེ་ཞེ་སྡང་གི་རིགས་ཞེས་བྱའོ།། འཇིག་རྟེན་པའི་ཆགས་པའི་མཚན་ཉིད་ནི་འདོད་ཆགས་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཐབས ་ཀྱིས་སྦྱོར་བར་བྱེད་པས་ན་འདོད་ཆགས་ཀྱི་རིགས་སོ།། གཏི་མུག་ལ་སོགས་པའི་རིགས་དེ་རྣམས་ཉོན་མོངས་པ་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་ལ་དགའ་བ་གང་ལ་ཡོད་པ་ནི་གཏི་མུག་དགའ་མ་ལ་སོགས་པ་སྟེ། དོན་དམ་པའི ་ཕྱོག་སོ།། ཀུན་རྫོབ་ནི་བུད་མེད་ཀྱི་རང་བཞིན་གྱི་གཟུགས་ལ་དམིགས་ཤིང་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་གདོན་པའི་ཐབས་ཀྱིས་གཏི་མུག་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ ་དང་། ཡང་དག་པར་སྦྱོར་ཞིང་བདེ་བ་ཉམས་མྱོང་བར་བྱེད་པ་སྤྱན་ལ་སོགས་པའི་ལྷ་མོ་ནི་གཏི་མུག་དགའ་མ་ལ་སོགས་པར་བཤད་དོ།། དེ་ལྟར་ན་ཉོན་མོངས་པ་གསུམ་དང་། དེ་བཞིན་དུ་རྡོ་རྗེ་སྡེ་ཕྲག་དོག་དང་དེ་དག་རྣམ་པར་དག་པར ་བྱ་བའི་ཕྱིར། དགའ་མ་ནི་སྤྱན་ལ་སོགས་པ་རྣམསོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་སོན་ཐམས་ཅད་དེ་སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་ཐབས་ནི་རྒྱུའོ།། དེ་ཉིད་རྡོ་རྗེ་ཐེག་པ་སྟེ་རྒྱུན་མ་ཆད་པའི་སེམས ་ཅན་གྱི་དོན་རྫོགས་པར་བྱེད་པ་ལམ་ཡིན་ནོ།། ཞེས་རྫོགས་པའི་རིམ་པའོ།། སྒོ་བསྲུངས་རྣམ་པར་དག་པར་བྱ་བ་བཤད་པར་བྱ་སྟེ། མི་འཇིགས་པའི་བདག་ཉིད་ནི་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའི་རང་བཞི་ནོ།། མི་སྐྱེས་པའི་ངོ་བོ་ཉིད ་ནི་ཐོག་མ་ནས་མ་སྐྱེས་པའི་རང་བཞིན་ནོ།། ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ།། དེའི་རང་བཞིན་ཡོངསུ་མ་ཤེས་པ་ནི་གཤིན་རྗེ་སྟེ། དེའི་དངོས་པོ་ཀུན་གྱི་དམ་ཚིག་ནི་དེ་དག་མཐར་བྱེད་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའི་རང་བཞིན ་ནི་གཤིན་རྗེ་མཐར་བྱེད་དོ།། དེ་བཞིན་དུ་རྣམ་ཤེས་མིན་བདག་ཆོས་རྣམས་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་མཚན་དང་བྲལ་བ། དོན་དམ་མི་འགྱུར་དག་གྱུར་ཉིད་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནོ།། སེམས་ཅན ་ཀུན་གྱི་ནི་དམ་ཚིག་སྟེ། དེ་མྱི་ཤེས་པའི་མཚན་ཉིད་ནི་ཤེས་རབ་སྟེ།། དེ་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ།། སྨོན་པ་མེད་པའི་ཕྱིར་བསྟན་དུ་མེད་པས་ན་བརྗོད་དུ་མེད་པའི་བདག་ཉིད་དོ།། དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་རིག ་པས་མིང་དང་གཟུགས་བློ་དངོས་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པ་དང་བྲལ་བའོ།། དེ་རྣམས་ཀྱི་རང་བཞིན་མི་ཤེས་པས་ན་བེམས་པོ་ཡིན་པས་ན་པད་མའོ།། ཆོས་རྣམས་ཀུན་གྱི་དམ་ཚིག་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི ་སྒོའི་རང་བཞིན་ནི་པདྨ་མ་མཐར་བྱེང་ངོ་།། མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའི་རྣམ་པར་དག་པའི་སྒོའི་རྣམ་པར་མི་རྟོག་པའི་བདག་ཉིད་དང་། རང་བཞིན་ཡོངསུ་དག་པའི་ཆོས་ཐམས་ཅད་དོ།། དེའི་རང་བཞིན་ཡོངསུ་མ ་ཤེས་པ་ནི་བགེག་སོ།། དེ་དག་མཐར་བྱེད་པས་ན་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པའི་སྒོའི་རང་བཞིན་ནི་བགེགས་མཐར་བྱེད་དོ།། མེ་འཇིགས་པ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར ་བསྒོ་བཞི་ཉེ་བར་བསྡུས་པ་སྟེ་རྫོགས་པའི་རིམ་པའོ།། གཏི་མག་ནི་མ་དང་པའོ།། དེའི་ལྗོངས་སྤྱོད་ནི་སྤོང་བ་བྱེད་པ་ནད་པའོ།། གཏི་མུག་ནི་འཇིག་ཚེགསུ་ལྟ་བའོ།། དེ་ཟད་པར་བྱེད་པ་དེ་དེ་བཞིན་དུ་ལུས་ནི་ཕུང་པོའི་བདུད་དོ།། ཤེས་བྱ་ནི ་ཤེས་བྱའི་སྒྲིབ་པའོ།། དེ་དག་འཁོར་བ་པ་རྣམས་གསོད་པར་བྱེད་པས་ན་གཤིན་རྗེའོ།། དེ་དོག་དད་པས་མཐར་བྱེད་པས་ན་གཤིན་རྗེ་མཐར་བྱེད་པའོ།། ཉེས་པ་ནི་མཐར་འཛིན་པའི་ལྟ་བའོ།། ཉེས་པ་ལོངས་སྤྱོད་ནི་དེ་རྣམ་པར ་དག་པའོ།། ཉེས་པ་ནི་དགེ་བའི་ལས་ལ་ལཱི་ལོ་སྟེ། དེ་ལ་ཤེས་རབ་ནི་བརྩོན་འགྲུས་ཀྱི་མཐར་བྱེད་པས་ན་ཤེས་རབ་མཐར་བྱེད་དོ།། དེ་བྱས་ན་མཐུར་འཛིན་པའི་ལྟ་བ་རྣམ་པར་དག་པས་ཞེ་སྡང་མཐར་བྱེད་ཀྱང་ཡིན་ལ། ལེ་ལོ ་རྣམ་པར་དག་པས་ཤེས་རབ་མཐར་བྱེད་ཡིན་ནོ།། སེམས་ནི་ཉོན་མོངས་པའི་བདུད་དེ། དེ་རྣམ་པར་དག་པས་ན་སེམས་མཐར་བྱེད་དོ།། ཉོན་མོངས་པ་ནི་ཉོན་མོངས་པའི་སྒྲིབ་པའོ།། དེ་རྣམ་པར་དག་པོས་ཉོན་མོངས་པ་མཐར་གྱི ་དེ་བས་ན་བརྩོན་འགྲུས་ཀྱི་རང་བཞིན་ནི་ཤེས་རབ་མཐུར་བྱེད་དོ།། འདོད་ཆགས་ནི་བརྗེད་ངས་པའོ།། ཡང་འདོད་ཆགས་ནི་འཆི་བདག་གི་བདུད་དོ།། དེ་དག་ཟད་པ་ནི་པད་མ་མཐར་བྱེད་དོ།། ཡང་འདོད་ཆགས་ནི་ལོག་པའི་ལྟར ་སྐྱེ་དེ་མཐར་བྱེད་པས་ནི་ཆགས་པ་མཐར་བྱེད་དོ།། སྙོམས་འཇུག་ནི་སྲིད་པ་གཞན་ལ་འཕོ་བ་སྟེ། སྐྱེ་བའི་སྒྲིབ་པའོ།། དེ་རྣམ་པར་དག་པས་ན་སྙོམས་འཇུག་མཐར་བྱེད་ནི་དྲན་པའི་རང་བཞིན་ཏེ། པདྨ་མཐར་བྱེད་དོ།། ཉོན་མོངས་པ་ཐད ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན། རྣམ་པར་གཡེང་བའོ།། སེམས་ཅན་ཐམས་ཅད་རླག་པར་བྱེད་པས་ན་རྡོ་རྗེ་སྟེ་རྡོ་རྗེ་དང་འདྲ་བས་ལྷའི་བུའི་བདུད་དོ།། སྒྲིབ་པ་ནི་ལས་ཀྱི་སྒྲིབ་པ་དང་ཀུན་ནི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། དེ ་རྣམ་པར་དག་པར་བྱེད་པས་ན་བགེགས་མཐར་བྱེད་དོ།། རྣམ་པར་དག་པའི་འབྲས་བུ་བཤད་པར་བྱ་སྟེ། ཉོན་མོངས་པ་ནི་མ་དད་པ་ལ་སོགས་པ་དེ་རྣམས་བརྟེན་པས་ན་རྡོ་རྗེའོ།། དེ་རྣམས་ཀྱིས་བསྒྲིབས་པའི་སེམས་གང ་ཡིན་པ་དེ་རྣམ་པར་དག་པར་གྱུར་ན་ལས་རྣམས་ཐམས་ཅད་ནི་དགེ་བ་དང་མི་དགེ་པ་དང་མི་དགེ་བའི་ལས་རྣམ་པར་དག་པར་འགྱུར་རོ།། ལྔས་རྣམས་རྣམ་པར་དག་པར་གྱུར་ན་རྣལ་འབྱོར་པའི་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི ་གོ་འཕང་ཐོབ་པའི་མཚན་ཉིད་དག་པ་ཆོས་ཀྱི་སྒྲ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བས་ན་དོན་བསྡུས་པ་ནི་འདི་ཡིན་ཏེ། མ་དད་པ་ཕུང་པོའི་བདུད་དང་འཇུག་ཚོགས་ཀྱི་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་སྟེ།། ་འདི་དག་འཇོམས་པ་དང་པའི་རང་བཞིན་ནི་གཤིན་རྗེ་མཐར་བྱེད་དོ།། ལེ་ལོ་དང་ཉོན་མོངས་པའི་བདུད་དང་མཐར་འཛིན་པའི་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་སྟེ་འདི་དག་འཇོམས་པས་བརྩོན་འགྲུས་ཀྱི་རང་བཞིན་ཤེས་རབ་མཐར ་བྱེད་དོ།། བརྗེད་ངས་པ་དང་འཆི་བདག་གི་བདུད་དང་ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པ་སྟེ། འདི་དག་སྤོང་བས་དྲན་པའི་གཞི་ནཱི་པད་མ་མཐར་བྱེད་དོ།། རྣམ་པར་གཡེང་བ་དང་ལྷའི་བུའི་བདུད་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ ་པ་སྟེང་འདི་དག་རྣམ་པར་དག་པས་ཏིང་ངེ་འཛིན་གྱིས་རང་བཞིན་ནི་བགེགས་མཐར་བྱེད་དོ།། དེ་ནི་རྫོགས་པའི་རིམ་པའོ།། གཙུ་གཏོར་ལ་སོགས་པའི་རྣམ་པར་དག་པ་བཤད་པར་བྱ་སྟེ། འདིས་གཟུང་བས་ན་གཟུང་བའི་དབང་པོའོ།། ཆགས ་པ་ནི་ཆགས་པ་བསྐྱེད་པ་ནི་ཡུལོ།། རྣམ་པ་ནི་ཡིད་ལ་བྱེད་པའོ།། མི་གཡོ་བ་ནི་ཡིད་ལ་བྱེད་པའོ།། མི་གཡོ་བ་ནི་གང་གི་དབང་གིས་རྣམ་པར་ཤེས་པ་གནོད་པ་མེད་པས་དོན་འཛིན་པ་དེ་ནི་སྣང་བའོ།། མིག་དང་གཟུགས་དང་སྣང་བ་དང་ཡིད ་ལ་བྱེད་པ་བཞི་པོ་དེ་དག་ནི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུའི་དབྱེ་བས་གནས་སོ།། གང་ཞིག་འདས་མ་ཐག་ཏུ་བྱུང་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐད་ཅིག་མ་དེའི་སྔ་མའི་སྐད་ཅིག་མ་ནི་རྒྱུའོ།། མིག་གི་རྣམ་པར ་ཤེས་པ་ནི་འབྲས་བུ་སྟེ། རྒྱུ་དྲུག་ལས་སེམས་ཡང་དག་པར་འབྱུང་བའོ།། ཡང་ན་མིག་ལ་སོགས་པ་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་དབང་པོ་རྣམས་ལས་སེམས་ཡང་དག་པར་འབྱུང་བའི།། རྒྱུ་དང་ལྷན་ཅིག་འབྱུང་བ་དང་།། རྣམ་པར་སྨིན་པས ་ཡང་དག་ལྡན།། ཀུན་འགྲོ་སྐལ་མཉམ་དང་བཅས་པ།། རྒྱུ་ནི་རྣམ་པ་དྲུག་དུ་བཤད་ཅེས་བྱ་བ་དྲུག་པོ་དེ་དག་ལས་སེམས་ཡང་དག་པར་འབྱུང་བའོ།། དེའི་རྣམ་པར་དག་པ་འདོད་པའི་རྒྱལ་པོ་ནས་གཙུག་ཏོར་གྱི་བར་དུ་ཁྲོ་བོ་དྲུག་བཤད་པའོ ་དེའི་རྣམ་པར་ཤེས་པའི་རྣམ་པར་དག་པ་སྟེ། ཁྲོ་བོ་ཞེ་སྡང་རིགས་ལས་བྱུང་ཞེས་བཤད་པའི་ཕྱིར་རོ།། དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་ནི་ལེའུ་དང་པོ་ལས་བཤད་པའི་རིགས་པས་སྒྲིབ་པ་ཐམས་ཅད་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔ ་དྲུག་སྟེ། ས་ལ་སོགས་པ་འབྱུང་བ་ལྔ་དང་། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རང་བཞིན་གྱིས་རྣམ་པར་ཤེས་པའི་ཁམས་ལ་གནས་པ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྣམ་པར་དག་པའོ།། བྱམས་པ་དང་ཀུན་ཏུ་བཟང་པོ་ནི་རྩ་རྒྱུས ་ཐམས་ཅད་དང་ཚིགས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ནོ།། གཟུགས་རྡོ་རྗེ་ལ་སོགས་པ་ནི་ལྷ་མོ་དྲུག་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ།། དེ་བས་ན་རིགས་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྒྱལ་པོ་ནི་རི་ཊ ་པའི་རྒྱལ་པོ་སྟེ། བྱང་ཆུབ་སེམས་དཔའ་རྣམསོ།། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་དག་གི་བདག་པོ་གང་གི་གཙོ་བོར་གྱུར་པ་དེ་ནི་རྡོ་རྗེ་བདག་པོས་ཏེ། གཟུགས་རྡོ་རྗེ་མ་ལ་སོགས་པ་བཤད་དོ།། དེ་ནི་རྫོགས་པའི་རིམ་པའོ།། ཀུན་ཏུ་སྤྱོད ་པ་བཤད་པར་བྱ་སྟེ། སྐུ་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིསུ་མེད་པ་སྙོམས་པར་འཇུག་པ་ལ་དམིགས་ཏེ། གཅིག་ཅར་དུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་དང་ལྡན་པའི་རྣལ ་འབྱོར་པས་འགྲོ་བ་འདི་དག་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་མོས་པར་བྱས་ལ། འཇིགས་པ་ཐམས་ཅད་ནི་སྨྲ་བ་དང་འཇིག་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་སྦྱངས་པ་སྟེ། སེང་གེ་བཞིན་དུ་དོགས་པ་མེད་པར་བ ་བ་དང་བཟའ་བ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཅི་རྙེད་པ་ཟ་བ་འམ་བསམ་གཏན་གྱི་ཟས་ཟ་བ་ཅན། མཉམ་པར་མ་བཞག་པ་ནི་སྤྱོད་ལམ་རྣམ་པ་བཞི་པོར་རང་གི་ལྷའི་རྣལ་འབྱོར་གྱིས་ཐམས་ཅད་ཀྱི་རང་བཞིན་དུ ་མཐོང་བས་རྟག་ཏུ་ནི་དུས་ཐམས་ཅད་དུ་མཉམ་པར་འཇོག་ཅིང་། སེམས་ཀུན་ནི་ཟག་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱིས་སྤྱོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་སྤྱོད་པ་ཞེས་བྱ་སྟེ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་སྒྲུབ་པའོ།། སྔགས་ཀྱི ་སྤྱོད་པ་བཤད་པར་བྱ་སྟེ། དབང་པོ་ཡུལ་རྣམས་ནི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་རྟེན་ཅིང་བླངས་ན། ཡིད་ནི་བདེ་བོའི་རང་བཞིན་ཡེ་ཤེས་སྐྱེ་བར་འགྱུར་རོ།། དེ་མི་མཐུན་པའི་ཡིད་ལ་བྱེད་པ་ནུས་པར་བྱེད་པ་དང་། དེ་ཁོ་ན ་ཉིད་སྤང་བར་བྱེད་པས་སྐྱོབ་པས་ན་སྤྱུགས་ཏེ། ཤེས་རབ་དང་ཐབས་སྙོམས་པར་འཇུག་པ་ལས་བྱུང་བ་བདེ་བའོ།། དེ་ལ་དམིགས་ནས་འཇིག་རྟེན་སྤྱོད་པོ་ནི་ཐ་མལ་པའི་ལུས་རྣམ་པར་རྟོག་པ་དང་བྲལ་བ། ལྷའི་སྐུར་བསྒོམ་པ་བླངས ་ནས་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་འམ། གནས་ཚལ་དུ་སློངས་མོ་སློང་བས་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་གང་ཡིན་པ་དེ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་སྟེ་སྒྲུབ་པའོ།། དེ་ནི་སྤྲོས་པ་མེད་པའི་སྤྱོད ་པའོ།། བཟླས་པ་བཤད་པར་བྱ་སྟེ། རང་གི་ངོ་བོ་ཉིད་ནི་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་ཡིད་ནི་ཚིག་སྤངས་པའི་རྡོ་རྗེའི་ཚིག་གི་སྙིང་པོ་རྣམ་པར་བསམ་པ་ནི་དོན་རྟོགས་པའི་རྣམ་པར་བསམས་ནསོ།། ་སྤྲོ་བ་དང་བསྡུ་བ་ནཱི་འཇུག་པ་དང་གནས་པ་དང་ལྡང་བས་སོ།། སྔགས་ནི་ཡི་གེ་གསུམ་སྟེ། དེའི་ཟློས་པ་ནི་འགྲོ་བ་དང་འོང་བའི་སྦྱོར་བའོ།། དེའི་དབྱེ་བའི་སྟེང་དང་ལོགས་དང་དང་པོ་དང་འོག་གི་དབྱེ་བས་སོ།། ཟློས་པར་བྱེད་པ་ནི་ཟོ་ཆུན་གྱི ་འཁྲུལ་འཁོར་གྱི་རིགས་པས་སློབ་པའོ།། དེ་ལྟར་ཡི་གེ་གསུམ་གྱིས་རིམ་གྱིས་བཟླས་པ་བཤད་དོ།། སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་སོ།། དེ་དག ་ཡིས་ས་བོན་དག་གིས་བསྡུ་ཞེས་པ་ནི་ཡི་གེ་ཨོཾ་གྣེ་ནང་དུ་གཞུག་པར་བྱའོ།། བྱང་ཆུབ་བདག་མེད་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་འོད་དཔག་ཏུ་མེད་པའི་ས་བོན་ཏེ་ཡི་གེ་ཨཱའོ།། བདག་མེད་ནི་དེའི་རིགས་ཅན་དེ་བཞིན་གཤེགས ་པ་རྣམས་སྒོམས་ནས་དེའི་སྙིང་ཀར་བཞག་པར་བྱའོ།། དེ་བཞིན་དུ་སྣ་ཚོགས་བཞིན་དུ་སྣ་ཚོགས་སྒོ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུས་གསུམ་གྱི་དེ་བཞིན་གཤེགས་པ་མི་བསྐྱོད་པའི་རིགས་ཅན་གྱི་ཡི་གེ་ཧཱུཾ་གི་སྤྲོ་བ་བྱ་སྟེ། ་དེནི་རྡོ་རྗེ་བཟླས་པ་ཞེས་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ།། ངག་གི་བཟླས་པ་བཤད་པར་བྱ་སྟེ། བཟླས་པ་ཞེས་བྱ་བ་ནི་ན་མཁའི་ཁམས་ཐམས་ཅད་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོན་ཅིག་ཅེས་བྱི་བར་མོས་པས ་ངག་ཀུན་བཟླས་པ་ནི་སྦྲུལ་ལ་སོགས་པའི་སྔགས་ཁྲོ་བོའི་ཚིག་གིས་བཟླས་པ་གང་ཡིན་པ་དེ་ནི་བཟླས་པ་ཞེས་བྱ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གཱི་ཏིང་ངེ་འཛིན་ཏོ།། སྔགས་ནི་འབོད་པ་སྟེ། གསད་ནས་བརྗོད་པའོ།། དེ་བཞིན་དུ་དེ་ཉིད་ནི་རྣམ་པར་སྣང ་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་ནོ།། དེའི་བསྐུལ་བ་ནི་དེའི་དབྱེ་བ་ལ་བརྟེན་ཅིང་ཨོཾ་ལ་སོ། པ་སྨྲ་བ་རྡོ་ཟླས་པ་སྨྲ་བ་བཟླས་པའི་རིམ་པའོ།། དེ་ནས་རྒྱས་གདབ་པ་བཤད་པར་བྱ་སྟེ། དེ་ནི་རྒྱས་གདབ་པ་རྣམ་པ་བཞི་སྟེ། ཡེ་ཤེས ་སེམས་དཔའ་གཞུག་པའི་རྒྱས་གདབ་པ་དང་། ཏིང་ངེ་འཛིན་སེམས་དཔའི་རྒྱས་གདབ་པ་དང་། དབང་ཐོབ་ནས་ཅོད་པན་གྱིས་རྒྱས་གདབ་པ་དང་། མཆོད་པའི་རྒྱས་གདབ་པའོ།། དེ་ཉིད་བཤད་པར་བྱ་སྟེ། ཇི་ལྟར་རྣམ་པར་སྣང་མཛད་ལྔ་སོ ་པའི་དམ་ཚིག་སེམས་དཔའ་སྒོམ་པ་དེ་བཞིན་དུ་ཐུགས་བྱིན་གྱིས་བརླབ་པ་ནི་ཡེ་ཤེས་སེམས་དཔའི་རྒྱས་བད་པར་བྱ་བ་དང་། དེའི་ཐུགས་ཀར་ཡང་དེ་དང་འདྲ་བའི་ས་བོན་ཏིང་ངེ་འཛིན་སེམས་དཔའི་བསྒོམ་པའི་རྒྱས་གདབ་པར་བྱའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དབང་ཐོབ་ནས་སྤྱི་བོར་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བའི་ཅོད་པན་དུ་དེ་བཞིན་གཤེགས་པས་རྒྱས་གདབ་པར་བྱའོ།། དེ་ནས་མཆོད་པའི་དུས་སུ་ཡང་སེམས་དཔའ་གསུམ་གྱི་བདག་ཉིད་དང་འདྲ་བར ་མཆོད་པའི་ལྷ་མོ་སྤྲོ་ཞིང་མཆོད་པར་བྱའོ།། དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། རྡོ་རྗེ་འཆང་བ་གང་ཡིན་པའི་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་གང་རུང་བ་རིག་མ ་ཤེས་རབ་དང་ལྡན་པ་རྣལ་འབྱོར་པ་ནི་སྒྲིབ་པ་པོས་བསྒོམ་པར་བྱའོ་དེའི་ལོངས་སྤྱོད་བཞི་ནི་ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་དང་། བསྟོད་པ་དང་མཆོད་པ་རྒྱུས་གདབ་པའི་མཚན་ཉིད་དོ།། བདག་བྱིན་བ་རླབ་ལྔ ་སོགས་པ་ནི་རང་དང་འདྲ་བར་ཡེ་ཤེས་སེམས་དནཱ་ལ་སོགས་པ་ཤེས་པར་བྱའོ།། དེ་ནི་དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ། སྤྱིར་བཤད་ཅིང་ཁྱད་པར་དུ་བཤད་པར་བྱ་སྟེ། དབང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རྡོ་རྗེ་གཅིག་པུ་ནི ་རྡོ་རྗེ་འཆང་ཆེན་པོས་རེ་རེའི་སྤྱི་བོར་དབང་བསྐུར་བ་ནི་ཅོད་པན་དུ་ཤེས་པར་བྱའོ།། སྔགས་རྣམས་ཐམས་ཅད་རྣམས་ཀྱི་ནི་རྡོ་རྗེ་སེམས་དཔའ་ཡང་དྲག་བསྒོམ་ཞེས་ལྕེའུ་བཅོ་ལྔ་པ་ལས་གསུངས་པའི་ཕྱིར་རོ།། སྙིང་པོ་ནི་ཡེ་ཤེས་སེམས་དཔའ་དང་ཕྱག ་རྒྱ་ནི་ཏིང་ངེ་འཛིན་སེམས་དཔའ་དང་། སྔགས་ཙམ་ནི་མཆོད་པའི་ལྷ་མོ་སྟེ། དེ་དག་རང་རིགས་རིམ་གྱིས་རྒྱས་གདབ་པར་བྱ་སྟེ་ཁྱད་པར་རོ།། དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་པོ་མཆོག་གོ།། རྒྱས་གདབ་པའི་རྣམ་པར་དག་པ་བཤད་པར་བྱ་སྟེ། ་འབྲས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྡོ་རྗེ་འཆང་གི་སྐུའོ།། རྒྱུ་ནི་རྡོ་རྗེ་འཆང་ཆེན་པོའི།། དེ་ལ་རྗེ་སུ་ཞུགས་པས་རྒྱས་གདབ་པར་བྱ་བ་དང་། འབྲས་བུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྟེ། རྒྱུ་ནི་རྡོ་རྗེ་སེམས་དཔའ་སྔར་གྱིས་བཤད་པའི ་རིགས་ཀྱིས་རྒྱས་གདབ་པར་བྱ་སྟེ། དེ་ལྟར་བསྒོམ་པར་བྱའོ།། གཞན་དུ་ནི་རྒྱུ་དང་འབྲས་བུ་ཐ་དད་པ་བསྒོམས་ན་བསྐལ་པ་བྱེ་བ་བརྒྱས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་བཞིན་དུ་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྐྱེད་པ་ལ་ཡང་ཤེས་པར་བྱའོ།། ་དེ་ནི་བསྐྱེད་པའི་རིམ་པའོ།། ཆོས་འབྱུང་གི་ངེས་པའི་ཚིག་བཤད་པར་བྱ་སྟེ། ལོངས་སྤྱོད་བཞི་ནི་སྤྱན་ལ་སོགས་པ་བཞི་སྟེ། དེ་དང་ཡང་དག་པར་ལྡན་པ་ནི་ཡོངསུ་བསྐོར་བ་རིག་པའི་སྐྱེས་བུ་རེག་བྱ་རྡོ་རྗེ་མ་དང་བཅས་པའི་བསྒྲེས་བྱ་སྟེ་རྡོ་རྗེ་འཆུ་།། ་རྡོ་རྗེ་འཚོང་དེ་ཡོངསུ་གྱུར་ནས་ཞེ་སྡང་རྡོ་རྗེ་དབུས་སུ་བསྒོམས་ནས་གྲུ་གསུམ་དུ་སྐུ་རྡོ་ལོ་སོགས་པོ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་བསྒོམ་ཞིང་ཆོས་འབྱུང་དེའི་དབུ་སུཾ་རྩིབས་བཅུ་པ་དམར་སེར་བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་བསྐུས ་ཏེཏིརྩིབས་བཅུ་ལས་འཕགས་པེ་གྲཱ་ཤྲཱིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་དགོད་ཅིང་འགོག་པ་རྡོ་རྗེ་སྐྱེ་ཕ་རོལ་གནོན་པར་བྱེད་པའོ།། བསྒྲུབ་པ་ནི་བསྐྱེད་པའོ།། མཆོག་ཏུ་མཛེས་པ་ནི་མཱ་མ་ཀཱི་མཚོ་སྐྱེས་ཀྱི་ནང་དུ་གནས་པ་དང་། རྡོ་རྗེ ་འཆང་གིས་བྱིན་གྱིས་བརླབས་པའི།། རྡོ་རྗེ་འབར་བ་ནི་མེ་སྡུག་འཕྲོ་བའོ།། འཁོར་བ་ནི་ཀུན་ཏུ་འཁོར་ཞིང་མི་གཡོ་བ་ནི་ན་མཁའ་སྟེ། དེ་དང་མི་ཚུངས་པ་ནི་དེ་ལ་གནས་པའི་འཇའ་ཚོན་དང་མཚུངས་པའོ།། དེ་ལྟ་བུའི་ཆོས་འབྱུང་ནི་ཆོས་འབྱུང ་བའི་རྒྱུའོ།། རང་བཞིན་དྷི་མེད་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པར་བྱ་ཞིང་མངོན་སྤྱོད་ལ་སོགས་པའི་ཕྲིན་ལས་བྱའོ།། བྱ་བ་སྟེ་ཚིག་གི་ལྷག་མའོ།། དེ་ནི་བསྐྱེད་པའི་རིམ་པའོ།། གང་གི་ཚེ་ཆོས ་འབྱུང་བ་དེ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་པོ་འོད་གསལ་བའི་ངོ་བོ་དེའི་ལྟེ་བ་ལ་གནས་པ་དེའི་བདུད་རྩིའི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ཕྲ་མོའི་རྣལ་འབྱོར་བསྒོམས་ན།། དེ་བསྒོམས་པས་སྐད་ཅིག་གིས་དེ་དེའི་སྐད་ཅིག་གིས་ཉེས ་མྱོང་བས་ན་སངས་རྒྱས་སྤྱན་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་པ་སྟེ། རྫོགས་པའི་རིམ་པའོ།། དེ་ལ་དོན་བསྡུས་པ་འདི་ཡིན་ཏེ། མ་མ་ཀཱིའི་མཚོ་སྐྱེས་ལ་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དམར་སེར་རྩིབས ་བཅུ་པ་འབར་བ་བསམས་ཏེ། དེའི་ལྟེ་བུའི་དབུསུ་ཛཱི་སྐད་བཤད་པའི་ཞེ་སྡང་རྡོ་རྗེར་བདག་བསམས་ཏེ། སྙོམས་པར་འཇུག་པ་ལས་ཁྲོ་བོ་སྤྲོས་ཏེ། ཅུང་ཟད་གཡོ་བ་རྣམ་པར་སྣང་མཛད་ལ་སོགས་པ་ཀྱེའི་གནས་ལ་བརྟེན་པའི་རྩིབས་བཞི་པོར ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་བཞི་དང་། དེ་བཞིན་དུ་ཅུང་ཟེད་ཡོ་བ་ཅན་ལ་སོགས་པའི་གནས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་འཕགས་པ་འདོད་པའི་རྒྱལ་པོ་དང་། དབྱིག་སྔོན་དང་མི་གཡོ་བ་དང་སྟོབས་པོ་ཆེ་རྣམས་དགོད་དེ། ཅུང ་ཟད་ཡོབ་དབང་པོ་དྲང་དབང་ལྡན་གྱི་མཚམས་ཀྱིས་དབུས་སུ་གནས་པའི་རྩིབས་ལ་གཙུག་ཏོར་འཁོར་ལོ་སྒྱུར་བ་དང་། དེ་བཞིན་དུ་ཆུ་ལྷ་དྲང་བདེན་བྲལ་གྱི་མཚམས་ཀྱི་དབུས་སུ་གནས་པའི་རྩིབས་ལ་ཁྲོ་བོ་དཔལ་གནོད་མཛེས་ཀྱི་རྒྱལ་པོ ་བསམ་མོ་ཞེས་བསྐྱེད་པའི་རིམ་པའོ།། རྩ་བཅུའི་འཁོར་ལོར་རླུང་དང་ཉེ་བའི་རླུང་གི་དབྱེ་བས་རྣམ་པ་བཅུ་བསམས་ལ། འབྲས་བུ་ཐིག་ལེའི་གཟུགསུ་གནས་པར་བྱ་སྟེ། རྫོགས་པའི་རིམ་པའོ།། དེ་ནི་ཆོས་འབྱུང་གི་ཕྱག་རྒྱའི་དབྱེ་བས་སོ།། ་ད་ནི་རིམ་པ་གཉིས་ཀྱིས་དབྱེ་བ་བཤད་པར་བྱ་སྟེ། རིམ་པ་གཉིས་ལ་ཡང་དག་བརྟེན་ཞེས་བྱ་བ་ལ། ལས་དང་པོ་པ་དང་རྫོགས་པའི་དབྱེ་བས་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རིམ ་པས་དབྱེ་བ་སྟེ་མདར་བསྟན་པའོ།། སྒྲུབ་པ་ནི་བསྟན་པ་ལ་སོགས་པ་ཡན་ལག་རྡོ་རྗེ་བཞི་འམ། བུམ་པ་ལ་སོགས་པའི་ཐབས་ཀྱི་རིམ་པ་འམ། དཀྱིལ་འཁོར་གྱི་རིམ་པས་སོ།། ནན་ཏན་ནི་དམ་ཚིག་དང་སྡོམ་པའི་མཚན་ཉིད་དེ། དེ་ཡང་བསྣད་བྱུར ་རིམ་པའོ།། སྔར་ནི་གངྒཱ་བསྙེན་པའི་ཡེ་ཤེས་བདུད་རྩི་ཡན་ལག་དྲུག་པའི་རྣལ་འབྱོར་གྱི་མཚན་ཉིད་སྔར་བཤད་པ་རྒྱས་པར་ལེའུ་བཅུ་གཉིས་པ་ལ་སོགས་པར་གསུངས་པ་དེ་ཡང་རྫོགས་པའི་རིམ་པ་ཡིན་ཏེ། རིམ་པའི་དབྱེ་བའོ།། ཚིག ་དོན་བཅུ་དྲུག་བཤད་པའི་སྟོབས་ཇི་ལྟར་རིམ་པ་གཎྜཱིས་ཡིན་ནོ།། ཉི་ནུ་དེ་ནི་སྦྱིན་མ་ཡིན་ཏེ་རྩ་བའི་རྒྱུད་ལས་རིམ་པ་གཉིས་པ་གཉིས་བཤད་པ་དང་། བཤད་པའི་རྒྱུད་ལས་དེ་ལས་གཞན་གསུངས་པའི་ཕྱིརརོ།། དེ་ལ་དང་པོ་སྦྱོར་བ་ལ་སོགས ་པ་གསུམ་དང་བསྒྲུབ་པ་ནི་བཞི་སྟེ་བསྐྱེད་པའི་རིམ་པའི་ཡན་ལག་གོ།། རྡོ་རྗེ་བཟླས་པ་ལ་སོགས་པ་དང་། རང་བཞིན་ལ་སོགས་པ་ནི་བཅུ་སྟེ། རྫོགས་པའི་རིམ་པའི་ཡན་ལག་གོ།། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ།། དམ་ཚིག་བརྗོད་པར་བྱ ་དང་། གཟུགས་རྡོ་རྗེ་ལ་སོགས་པ་ཡུལ་ལྔ་པོ་གང་ཡིན་པ་དེ་དག་ནི་དམན་པ་དང་བར་པ་དང་མཆོག་སྟེ། ཡིད་དུ་འོང་བང་ཡི་དུ་མི་འོང་བ་དང་གཉིས་ཀའི་དབྱེ་བས། བདེ་བ་དང་སྲོག་བསྔལ་དང་གཉིས་ཀ་སྟེ་བདེ་བ་དང་སྡུག་བསྡུ ་ཡིན་པའི་ངོ་བོ་དེ་དག་ལ་དམིགས་ནས་འོད་གས་ལེ་བརྟོགས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཅིང་ལྡོག་པ་ནི་བྱང་པར་དང་ལྡན་པ་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ།། དེ་ནི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པའི་དཔེ་ཚིག་ནོ།། ་དེ་བཞིན་དུ་འདོད་ཆགས་ཀྱི་དམ་ཚིག་ནི་འདོད་ཆགས་ཀྱི་རང་བཞིན་ཏེ། འདོད་ཆགས་རྣམ་པར་དག་པ་དང་། དེ་བཞིན་དུ་རྡོ་རྗེ་ནི་ཞེ་སྡང་གི་དམིགས་པའི་དངོས་པོ་མཐོང་ནས། རྡོ་རྗེ་ནི་ཞེ་སྡང་རྣམ་པར་དག་ཅིང་རིན་ཆེན་ནི་འོད་གསལ་བའི ་ཡེ་ཤེས་རྣལ་འབྱོར་པ་ལ་འབྱུང་བར་འགྱུར་རོ།། དེ་བཞིན་དུ་གཏི་མུག་ཏུ་དམིགས་པའི་མ་རིག་པའི་རང་བཞིན་དངོས་པོ་མཐོང་ནས། དེ་སྦྱང་ཞིང་རིན་ཆེན་དང་འདྲ་བ་མངོན་པར་འདོད་པའི་དོན་སྟེར་བ་འོད་གསལ་བ་རྟོགས་པར་འགྱུརརོ།། དེ་བླ་ན་འདོད་པ་ནི ་ཡུལ་ལྔ་སྟེ། དམ་ཚིག་མཚུངས་པ་ནི་ཐ་མལ་བར་གནས་ན་ཡང་རྣལ་འབྱོར་པ་ལ་དམ་ཚིག་ཉིད་དུ་འགྱུར་རོ།། དེ་ནི་སེམས་རྣམ་པར་དག་པ་དང་སྒྲུབ་པའོ།། ཚར་བཅད་པ་དང་ཕན་འདོགས་པ་སྔར་བཤད་པ་དེ་ནི་ཞེ་སྡང་ལ་སོགས་པ་བསྒོ། མས་པ་བཤད ་པར་བྱ་སྟེ། རེ་ཞིག་དང་པོར་རྣམ་བཅས་ནི་དབྱིབས་དང་ཁ་དོག་ལྡན་པའི་ཡི་གེ་གསུ་སྤྲོ་བ་དང་བསྡུ་བའི་གནས་པའི་རིམ་པ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་བཟླས་པ་ནི་རྡོ་རྗེ་བཟླས་པ་བྱའོ།། དེ་དག་རྣམས་མེད་ནི་རིམ་གྱིས་ཡི་གེ་བསྡུ་ཞིང་ཀུན ་འགྲོ་བ་ནི་ཕྱོགས་དང་ཡུལ་དང་དུས་དང་། དབྱིབས་དང་ཁ་དོག་དང་བྲལ་བ་རྣམ་པར་མི་རྟོག་པ་རྡོ་འཆང་ཆེན་པོའི་ངོ་བོ་མ་ནིང་གི་བཟླས་པ་བྱ་སྟེ། རྡོ་རྗེ་བཟླས་པའི་རིམ་པའོ།། རྡོ་རྗེ་བཟླས་པ་སེམས་རྩེ་གཅིག་པ་ཉིད་ཐོབ་ནས་ཡང་བསྐྱེད་པའི་རིམ་པ ་བཤད་པར་བྱ་སྟེ། ཞེ་སྡང་རྡོ་ལ་སོགས་པའི་གཟུགས་གསུམ་ནི་ཁམས་གསུམ་སྐྱེད་ཅིང་གསང་བ་དག་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པས་རྒྱས་གདབ་ཅིང་། རྡོ་རྗེ་ཅན་གྱི་དོན་བྱེད་པ་ནི་གདུག་པ་ལ་སོགས་པ་ལ་ཚར་གཅོད་པའི་བྱ་བ་བྱེད་དོ།། ་ཇི་ལྟར་ཞེ་ན། སྔར་བཤད་པའི་རིམ་གྱིས་མཱ་མ་ཀཱིའི་པདྨར། ཞེ་སྡང་འཁོར་ལོ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་ལ། དེའི་འོད་ཟེར་སྤྲོ་བས་ཁྲོ་བོ་རྣམས་ཕྱུང་ཞིང་དེ་རྣམས་ཀྱི་རང་གི་ཕྱག་ན་གནས་པའི་ཕྱག་མཚན་གྱིས ་གདུལ་དཀའ་བ་གསོད་ཅིང་དེའི་རྣམ་པར་ཤེས་པའི་ཡི་གེ་གསུམ་བདག་ཉིད་ཡི་གེ་ཧོཿགཉིས་ཀྱིས་སྤེལ་བ་འོད་ཟེར་དེ་ཉིད་ཀྱིས་འགུག་ཅིང་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་བསྡུ་བར་བྱ་སྟེ། དེའི་ཚེ་འཆི་བར་འགྱུར་རོ།། གཞན་ཡང་ཡི ་གེ་གསུམ་གྱི་བདག་ཉིད་གདུལ་དཀའ་བའི་རྣམ་པ་སྔ་མའི་རིམ་གྱིས་སྤྲོ་ཞིང་། གདུལ་དཀའ་བའི་ལུས་ལ་ཞུགས་ཤིང་། རྟོགས་པ་ནི་སད་པར་བྱས་ན་དེའི་ཚེ་འཚོ་བར་འགྱུརརོ།། རིམ་པ་དེ་ཉིད་ཀྱིས་བསྒྲུབ་བྱའི་ལུས་ཞུགས་པར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ།། དེ་ལྟར་སྦྱོར་བ་ནི་ཏིང་ངེ་འཛིན་སློབ་པའི་རྣལ་འབྱོར་པ་ཞེ་སྡང་དང་རྡོ་རྗེ་འདྲ་བར་བདག་ཉིད་འགྱུར་བ་སྟེ། ཚར་གཅོད་པ་དང་ཕན་འདོགས་པར་ནུས་པར་འགྱུར་རོ།། ཁམས་གསུམ་པ་ལ་ཡང་སྐད་ཅིག་ཙམ་གྱིས་ཏེ། ཏིང་ངེ་འཛིན་དེ་བསྒོམ་པ ་ཙམ་གྱིས་བསད་པ་ནི་གསོད་པ་དང་། སློང་བ་ནི་སླར་ཡང་ལྡང་བར་བྱེད་དོ་ཞེས་ཐེ་ཚོམ་མེད་དོ།། ནུས་པ་ནི་བསམ་གཏན་གསལ་ཞིང་བརྟན་པར་གྱུར་ན་ཞེས་བྱ་བའོ།། དེ་ལྟར་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སངས་རྒྱས་སྤྱན་གྱི་པད་མར་གཏི ་མུག་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའི་ཁྲོ་བོའི་འཁོར་ལོ་བསྐྱེད་ལ། ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ཁྲོ་བོ་རྣམས་སྤྲོས་ཏེ། སེར་སྣ་ཅན་གྱི་མཛོད་ཀྱི་ནང་དུ་ཞུགས་པར་བསམས་ལ། དེ་དང་མཐུན་པོའི་ཁ་དོག་དང ་ལྡན་པའི་ཁྲོ་བོ་རྣམས་ཀྱིས་རིན་པོ་ཆེ་ལ་སོགས་པ་བླངས་ནས་རླུང་གི་དཀྱིལ་འཁོར་སྦྱོར་བས་འདྲེན་ཅིང་གཏི་མུག་སེམས་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་སྟེ། དེའི་རྒྱལ་མཚོ་ནི་དེའི་རང་གི་མཛོད་དེ། རིན་ཆེན་ཐམས ་ཅད་ནི་སེར་སྣ་ཅན་གྱི་གང་ཟག་ལས་ཁུགས་པའི་ཨིནྡྲ་ནཱི་ལ་སོགས་པས་རབ་ཏུ་གང་པོ་ནི་ཁེངས་པར་བསྒོམ་པར་བྱའོ།། རྒྱུན་དེ་དག་བླང་ཞིང་བཀའི་འཁོར་ལོ་བསྐུལ་ཏེ། ནོར་ལ་སོགས་པ་དང་བྲལ་བ་ཡོན་ཏན་དང་ལྡན་པའི་གང་ཟག་གི ་ཁྱིམ་དུ་གཏི་མུག་འཁོར་ལོ་ཅན་ཀུན་ནི་ཁྲོ་བོ་བསྐུལ་ཞིང་སྦྱིན་པའི་ཆར་ནི་རིན་པོ་ཆེའི་ཚོགས་ཀྱིས་ཆར་འབེབས་པར་བྱའོ།། སྦྱིན་པ་དེ་དང་འཕྲོག་པ་དེ་ཉིད་གང་གི་ཚེ་སེམས་རྡོ་རྗེ་བཞིན་དུ་ཏིང་ངེ་འཛིན་ལ་བརྟན་པར་གྱུར་ན་དེའི་རྫས་ཐམས་ཅད ་འཕྲོག་པ་དང་སྦྱིན་པ་དང་སྐད་ཅིག་ཙམཱ་གྱིས་བྱའོ།། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་གོས་དཀར་མོའོ་པདྨར་རྟ་མགྲིན་ལོ་སོགས་པའི་འཁོར་ལ་བསམས་ལ། དེ་རྣམས་སྤྲོ་ཞིང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་བཀུག་ཅིང་གོས་དགྲ ་མོ་བཅུག་སྟེ། དེ་དང་གཉིསུ་མེད་པའི་སྦྱོར་བས་མཉེས་པར་བྱའོ།། དེ་ཉིད་བཤད་པར་བྱ་སྟེ། དགའ་བ་ནི་སྣང་བ་དང་སྡུག་པ་ནི་སྣང་བ་ཆེད་པ་དང་། བདེ་བ་ནི་སྣང་བ་ཉེ་བར་ཐོབ་པའོ།། རངས་པ་ནི་འོད་གསལ་བའོ།། འདོད་པའི་རྩེ་མོས་རྣམ་འཕྲུལ་ནི་འབྱུང ་པ་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་ཉམས་སུ་མྱོང་བར་བྱའོ།། དེ་ནི་ལྷ་མོ་དགུག་པ་ལ་སོགས་པའོ།། དེ་ནས་འོད་ཟེར་གྱི་སྦྱོར་བས་གོས་དཀར་མོའི་ཐུགས་ཀ་ནས་དེ་དག་སྤྲོ་ཞིང་འཁོར་ལོ་ཅན་ཀུན་ནི་འདོད་ཆགས་འདོད་པས་སེམས་ཅན་རྣམས ་ལ་གདུལ་བར་བྱ་བའི་ཕྱིར་ལྷ་མོ་ལ་སོགས་པ་དེ་དག་སྦྱིན་པར་བྱའོ།། ཏིང་ངེ་འཛིན་དེ་ཉིད་ཀྱི་ཁམས་དག་ཏུ་བྱུང་བའི་བུད་མེད་ཅེས་བྱ་བ་ནི་ཕུལ་དུ་བྱུང་བའི་ཚིག་ཏུ་གང་གི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ལ་བུད་མེད་མྱི་སྲིད་དེ། ་ཆགས་པ་དང་བྲལ་བའི་ཕྱིར་རོ།། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་སྒོ་ནས་འབྲེལ་པ་དང་ལྡན་པ་དེ་དག་སྐད་ཅིག་ནི་ཏིང་ངེ་འཛིན་བརྟན་པས་སྐད་ཅིག་གིས་འདོད་སྤྱོད་པ་ནི་འགུགས་ཤིང་སྤྱོད་ལ་གཞན་རྣམས་ལ་ཡང་སྦྱིན་ན། མིའི་བུད་མེད ་སྨོས་ཅི་དགོས་ཏེ་ཏིང་ངེ་འཛིན་མེ་བ་བསྟན་ཏོ།། དེ་ནི་བསྐྱེད་པའི་རིམ་པའོ།། འདོད་ཆགས་ལ་སོགས་པའི་སྒོ་ནས་འགྲོ་བ་འདུལ་བར་བསྟན་ཅིང་དཀྱིལ་འཁོར་འབྲི་བའི་ལོན་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐད ་གཞིར་གྱུར་པ་འབྲི་བ་ནི་ཅིའི་ཕྱིར་ཞེ་ན། དབང་བསྐུར་བ་ནི་འོག་ནས་བཤད་པར་འགྱུར་བ་རྣམ་བྱ་བ་ནི་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་དང་། དེ་བཞིན་དུ་ལས་ཀྱི་ཚོགས་ཀྱང་བྱ་བའི་ཕྱིར་དང་། ཉམ་སུ་ལེན་པ་ནི་བསྐྱེད་པའི་རིམ་པའི་ལྷའི་སྐུ་བསྐྱེད་པར ་བྱ་བའི་ཕྱིར་དང་། བྱིན་གྱིས་བརླབ་པ་ནི་རྫོགས་པའི་རིམ་པས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྲི་བ་སྟེ། རྟོག་པའི་རྣལ་འབྱོར་པ་རྣམས་ཀྱིས།། གྲུབ་པའི་བགྲོད་པ་གཞན་ཡིན་ན་ནི་རྫོགས་པའི་རིམ་པོ་མྱཐོར་ཕྱིན ་པའི་རིམ་པ་མཐར་ཕྱིན་པའི་བགྲོད་པ་དཀྱིལ་འཁོར་ཚུལ་ཏེ། གཞན་ནི་རྣམ་པ་གཞན་གྱིས་ཡིན་ནོ་དེ་ཉིད་བཤད་པར་བྱ་སྟེ། བྷ་ག་ནི་ཆོས་འབྱུང་གི་ཕྱག་རྒྱའོ།། དེ་ནི་སྙིང་པོར་གྱུར་པ་ནི་དཀྱིལ་འཁོར་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ ་ལྷའི་འཁོར་ལྷོ།། དེར་གནས་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སེམས་ཀྱང་དཀྱིལ་འཁོར་ཏེ། ཀུན་རྫོབ་ཀྱི་ཚུལ་དུ་དེ་ལ་དེ་བཞིན་གཤེགས་པ་ལྔ་གནས་པའི་ཕྱིར་དང་། བདེ་བ་ཆེན་པོའི་ཚུལ་དུ་རྡོ་རྗེ་འཆང་གི་རྟེན་ཡིན་པའི་ཕྱིར་རོ།། ལུས ་ནི་ལུས་ཏེ་དེ་ཡང་དཀྱིལ་འཁོར་ཡིན་ལ། ལྷ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ།། ཕུང་པོ་ལྔ་ནི་མདོར་བསྡུས་པ། སངས་རྒྱས་ལྔར་ནི་རབ་ཏུ་གྲགས་ཞེས་ལེའུ་བཅུ་བདུན་པ་ལས་གསུངས་པའི་ཕྱིར་རོ།། དེ་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ ་པཔ་དག་གོ།། ཕྱག་རྒྱ་དྲི་བའི་ལན་བསྟན་པ་ནི་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་དང་ཉོན་མོངས་པ་ལ་སོགས་པ་ཡང་ཕྱག་རྒྱས་རྒྱས་གདབ་པ་ནི་བདེ་བ་ཆེན་པོས་ཕྱག་རྒྱས་རྒྱས་གདབ་པའོ།། དེ་ཉིད་དཀྱིལ་འཁོརོ་ནི་འགྲོ་བའི་དཀྱིལ་འཁོར་རྒྱས ་བཏབ་པ་སྟེ། དེས་ན་ཕྱག་རྒྱ་ཞེས་བྱའོ།། དེ་ནི་རྫོགས་པའི་རིམ་པའོ།། ཡང་ན་ཕྱག་རྒྱ་ཞེས་བྱ་བ་ནི་བཙུན་མོའི་མཚན་མའོ།། དེས་ཐམས་ཅད་ནི་ཕུང་པ་ལ་སོགས་པའི་རང་བཞིན་གྱིས་འགྲོ་བ་རྒྱས་བཏབ་པ་ན་ཕྱག་རྒྱའོ།། དེ་ཡང་རྡོ་རྗེ་དང་པདྨའི་མཚན ་ཉིད་དེ། གང་གི་ཕྱིར་རྡོ་རྗེ་དང་པད་མའི་ཕྱག་རྒྱ་དག་གིས་སེམས་ཅན་གྱི་སྐྱེ་གནས་བཞི་པའི་འབྲེལ་པ་དང་ལྡན་པའི་འགྲོ་བ་ཐམས་ཅད་རྒྱས་བཏབ་པ་སྟེ། དེ་བས་ན་རྡོ་རྗེའི་ཕྱག་རྒྱ་དང་པདྨའི་ཕྱག་རྒྱ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་ཤེས ་པར་བྱའོ།། དེ་ནི་རྫོགས་པའི་རིམ་པའོ།། ཡང་ན་ཕྱག་རྒྱ་ནི་ཕུང་པོ་ལ་སོགས་པའི་རང་བཞིན་བསྐྱེད་པར་བྱེད་པ། ཆོས་འབྱུང་གི་ཕྱག་རྒྱ་སྟེ། དེས་རྒྱས་བཏབ་པས་ན་ཕྱ་རྒྱ་ནི་ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། དེ་ཉིད་བསྒོམ་པའི ་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་མཚན་ཉིད་ཕྱག་རྒྱ་ཆེན་པོའོ།། དེ་རྣམས་ཀྱིས་འགྲོ་བ་ཐམས་ཅད་རྒྱས་བཏབ་པས་ན་ཕྱག་རྒྱའོ།། ཡང་ན་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་རང་བཞིན་ནི་ས་ལ ་སོགས་པ་ཁམས་བཞི་པོ་སྟེ། སྤྱན་དང་མཱ་མ་ཀྵི་དང་གོས་དཀར་མོ་དང་། སྒྲོལ་མ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ཁམས་གསུམ་པ་རྒྱས་བཏབ་པས་ནི་ཕྱག་རྒྱ་ཞེས་བྱའོ།། དེ་ནི་བསྐྱེད་པ་དང་རྫོགས་པ་དག་གོ།། ཕྱི་རོལ་གྱི་རིམ་པས ་མཚན་མའི་ཕྱག་རྒྱས་བཤད་པར་བྱ་སྟེ། ལྕགས་ཀྱུ་ལ་སོགས་པ་བཞི་པོ་ནི་འདོད་པའི་རྒྱལ་པོ་ལ་སོགས་པ་བཞིའི་གྲཝ་ནི་སྒོའི་གྲཝ་རྣཾས་དགོད་པར་བྱའོ།། དེའི་འཁོར་ལོ་དང་རྡོ་རྗེ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོའི་མཚན་མ་སྟེ། ་སྟེང་དང་འོག་ཏུ་དགོད་པར་བྱའོ།། རིག་པའི་རྒྱལ་པོ་དྲུག་པོ་ནི་འདོད་པའི་རྒྱལ་པོ་དྲུག་པའོ།། ཕྱག་རྒྱ་དྲུག་པོ་སྟེ། མཚན་མ་དྲུག་ཏུ་རབ་ཏུ་གྲངས་ཞེས་གསུང་སོ།། ས་ནས་བསྣམས་ཏེ་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་གཟུགས་ཀྱི་བར་དུ་གཟུག ་རྡོ་རྗེ་མ་ལ་སོགས་པ་གང་ཡིན་པ་དེའི་དཀྱིལ་འཁོར་དུ་རིམ་པ་ཇི་ལྟ་བ་བཞིན་དུ་མ་ལོང་ནི་གཟུགས་བརྙན་གྱི་རང་བཞིན་དང་། པི་ཝཾ་ནི་བྲག་ཅའི་རང་བཞིན་དང་མཚུངས་པའི་སྒྲའི་རང་བཞིན་དང་། དུང་ནི་ཆོས་ཀྱི་ཚུལ་ཁྲིམས་ཏེ་དྲི་བཟང་པོའི་རང ་བཞིན་དང་། སྣོང་ནི་དདུད་རྩི་ལྔས་གང་བ་སྟེ། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་རྣམ་པར་དག་པའི་རང་བཞིན་དང་། སྣ་ཚོགས་རས་ནི་འདོད་ཆགས་ལ་སོགས་པའི་ཚ་བསལ་བས། འཇིག་རྟེན་ལས་འདིས་པའི་རིག་པའི་བདེ་བའི་རང་བཞིན་དང་། ་ཆོས་འབྱུང་བ་ནི་སྐུ་གསུང་ཐུགས་དང་། སྐུ་གསུམ་དང་ཏིངངེ་འཛིན་གསུམ་གྱི་རང་བཞིན་ཕྱག་རྒྱ་དྲུག་པོ་དེ་དག་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་བདག་པོ་གང་ལ་ཡོད་པ་དེ་ནི་རྡོ་རྗེའི་བདག་པོ་སྟེ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ཕྱག ་རྒྱ་དགོད་པར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དྲང་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་དག་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་ཐོ་བ་ལ་སོགས་པ་དང་། དེའི་རིགས་ཀྱི་ཁ་དོག་སྟེ་ཁ་དོག་ལྔ་པ་དགོད ་པབར་བྱའོ།། དེ་ལས་གཞན་ཡང་དཔའ་བོ་གཅིག་ཅེས་བྱ་བ་ནི་སའི་སྙིང་པོས་ལ་སོགས་པའི་ཕྱག་རྒྱ་རིགས་ཀྱི་ཁ་དོག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་རྗེསུ་འབྲང་བར་བརྟགས་པ་ནི་དགོད་པར་བྱ་སྟེ། དེ་ནི་བསྐྱེད་པ་དང་རྫོགས་པའི་རིམ ་པ་དག་གོ། མེ་ཏོག་འདྲི་བའི་ལན་བསྟན་པ་བཤད་པར་བྱ་སྟེ། མེ་ཏོག་ཅེས་བྱ་བ་ནི་ལྷ་མོ་ན་མཁའི་ཁམས་ཏེ་ཤེས་རབ་ཀྱི་པདྨའི་ནང་ན་དགུ་ནི་ཁམས་སར་པ་སྤྲེ་རཀྟ་ཕྲལ་ཏུ་དབྱུང་བའོ།། དེ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བ་སྟེ། སྐུ་ལ་སོགས ་པའི་དཀྱིལ་འཁོར་ལས་ལྕེས་བླང་ཞིང་རིགས་ཀྱི་རིམ་སྟེ། རིགས་གསུམ་གྱི་ས་བོན་གྱིས་བྱིན་གྱིས་བརླབ་ཅིང་དགོད་པ་ནི་སྤྱོད་པར་བྱི་སྟེ་སྒྲུབ་པའོ།། ཡང་ན་བཙུན་མོའི་ནམ་མཁའི་ཁམས་ནི་ཤེས་རབ་ཀྱི་ན་མཁའི་སྟེ། དེ་ལ་རྩ་བ་རེ་རེ་ལོ་པདྨ་འདབ་མ། ་བརྒྱད་དང་ལྟེ་བ་སྟེ་དགུའོ།། དེ་ལས་བྱུང་བའི་ཁམས་རྣམས་ནི་རཀྟ་དང་ཤུཀྲ་དང་དྲི་ཆབ་བོ།། སྐུ་རྡོ་རྗེ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ།། སྔ་མ་བཞིན་དུ་དགོད་པ་ནི་སྤྱོད་པ་སྟེ་སྒྲུབ་པའོ།། ཡང་ན་ལྷ་མོ་ནི་དམིགས་པ་མེད ་པའི་ཤེས་རབ་བོ།། དེའི་མམཁའི་ཁམས་ནི་ཐམས་ཅད་སྟོང་པའོ།། དེའུ་སྐུ་ལ་སོགས་པ་དང་ཁམས་རྣམས་དང་རྣམ་པར་ཤེས་པ་སྟེ། དགོད་པ་ནི་ཉེ་བར་བྱ་སྟེ་མེ་ཏོག་ཅེས་བྱའོ།། དེ་ནི་སེམས་རྣམ་པར་དག་པའོ།། མཆོད་རྟེན་དྲི་བའི་ལན་བསྟན་པ ་ཕྱིར་བཤད་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱི་གཞི་ནི་བཞུགས་གནས་ཏེ་གཞི་ནི་ལུས་ཞེས་བྱའོ།། དེ་ནི་རྫོགས་པའི་རིམ་པའོ།། ཡང་ན་སངས ་ཆོས་ཐམས་ཅད་ནི་དབུཾབ་ལ་སོགས་པ་ཁྱམས་ལྟ་སྟེ། དྷེ་རྣམས་ཀྱི་བཞུགས་གནས་ནི་གཞི་སྡེ་ཤེས་རབ་ཀྱི་པདྨ་ཞེས་བྷའོ།། ཤེས་རབ་ཀྱི་པདྨ་ནཱི་མཆོད་རྟེན་ཞེས་བྱའོ།། དེ་ཡང་རྡོ་རྗེ་བདུད་རྩིའི་རྒྱུང་ལས་གསུངས་པའི་རིགས་པ་ན་མ་ཧཱ ་ལྔ་དང་འདབ་མ་བརྒྱད་དང་། ལྟེ་བ་སྟེ་མཆོད་རྟེན་དེ་ཉིད་ཀྱི་འཁོར་ལོ་བཅུ་བཞི་ཞེས་བྱའོ།། ཡང་ན་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱིས་ཐིག་ལེ་འཛིན་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ནི་མཆོད་རྟེན་ཞེས་བྱ་སྟེ་དེ་ནི་རྒྱུའོ།། ་རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་སེམས་དཔའ་ན་མཁྭའི་དབྱིངས་ལཾ་བཞུགས་པས་རེག་པ་ནི་དེ་དང་ལྡན་པ་འཁོར་ལོ་ནི་དཀྱིལ་འཁོར་པའི་འཁོར་ལོ་སྟེ་དྭེ་ནཱི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱའོ།། ལ་ལ་ནཱ་རེ་སྙིང་ག་ལ་གནས་པ~ཾ ་བྱ་བ་དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གོ།། ས་བོན་གྱི་ཡི་གོ་བཤད་པར་བྱ་སྟེ། ས་བོན་གྱི་ཡི་གེ་ནི་བསྐྱེད་པའི་དོན་དུ་ཡི་གེ་རྣམ་སོ།། གནས་ནི་བསྐྱེད་པའི་དོན་ཏེ་མི་འཇིགས་པའི་ནུས་པ་དང་ལྡན་པའོ།། རྡོ་རྗེ་གསུམ་ནི་སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པའི་མི་འགྱུར་བ་ནི་ས་བོན་ཏེ། དེ་བཞིན་དུ་ཡི་གེ་ནི་མེ་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། ཆོས་ཉིད་རང་བཞིན་གྱིས་རྟག་པ་མི་འཇིག་པས་ན་ཡི ་གེ་ནི་ས་བོན་རྣམ་སོ།། དེ་ནི་བསྐྱེད་པའི་རིམ་པའོ།། སྐུལ་བ་བཤད་པར་བྱ་སྟེ། སད་པ་ནི་འོད་གསལ་བ་ལ་ཞུགས་པ་སེམས་ཅན་གྱི་དོན་དུ་ལྡང་བར་བྱ་བས་ན་སད་པ་སྟེ། སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི་འོད་གསལ་བ་ལས ་ལྡང་བར་བྱ་བ་ནི་བསྐུལ་བ་ཞེས་བྱ་སྟེ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ།། ཡང་ན་སྐུ་གསུང་ཐུགས་ནི་འདོད་པའི་གདུགས་ལ་སོགས་པ་སྟེ་གཙོ་བོའི་རྩ་གསུམ་མོ།། དེའི་སད་པ་ནི་སོར་མོ་འམ་ལྕེས་བསྐུལ ་བྱ་སྟེ་བསྒྲལ་བ་ཞེས་བྱའོ།། ཡང་ནཱ་སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི་ས་བོན་གསུམ་མོ།། དེ་རྣམས་ཀྱི་བདུད་རྩི་ལྔ་སད་པ་ནི་འོད་གསལ་བར་བྱས་པས་བསྐུལ་པ་སྟེ་སྒྲུབ་པའོ།། གཏོང་བ་འདྲེ་བའི་ལན་བཤད་པར་བྱ་སྟེ། ་འོད་ཟེར་སྒྲི་བ་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་འོང་བར་འགྱེད་པ་གཏོང་བ་ཞེས་བྱ་སྟེ་ལུས་ཀྱིས་རྒྱལ་པོ་མཆོག་གོ།། ཡང་ཕྱོགས་བནྡྷའི་འཛིན་གྱི་ཁམས་ལ་ལྷྭས་གྱི་ནུས་པ་དགུག་པར ་བྱ་བའི་ཕྱིར་རམ། གདུལ་དཀའ་གདུལ་བར་བྱ་བའི་ཕྱིར་བཀའ་ཉན་གཏོང་བ་གང་ཡིན་པ་དེ་ནི་གཏོང་བ་ཞེས་བྱ་སྟེ་སྒྲུབ་པའོ།། སྤྱན་འདྲོན་པཱ་འདྲི་བའི་ལ་བསྟན་པར་བྱ་བའི་ཕྱིར། སྤྱན་འདྲེན་པ་ཞེས་བྱ་བ་ནི་ན་མཁའི་དབྱིངས་ལ ་བཞུགས་པའི་རྡོ་རྗེ་ཅན་ཐམས་ཅད་དེ་ཏིང་ངེ་འཛིན་གསུམ་ཅར་ཡང་འགུག་ཅིང་ཞུགས་པ་དེ་ནི་སྤྱན་འདྲེན་པ་ཞེས་བྱ་བ་སྟེ། བསྐྱེད་པའི་རིམ་པའོ།། དེ་དག་གོང་བུའི་ཚུལ་ནི་སྔགས་ཀྱི་ཡི་གེའི་ཐེག་ལེའི་གཟུགས་སམ། ཡང་བྱང་ཆུབ ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་བསྡུས་པ་ནི་གཅིག་ཏུ་བྱས་ཏེ། སྙིང་ཀ་འམ་རྡོ་རྗེ་འམ་པད་མ་འམ་གདོང་གི་སྣའི་རྩེ་མོར་འཆིང་བ་སྟེ། བསྡམས་པ་འམ་འཛིན་པ་ཞེས་བྱའོ།། དེ་ལུས་ཀྱང་མི་གཡོ་བྱ་དབང་དུ་བྱ་བ་ནི་བཙི། ་པ་ཞེས་བྱ་སྟེ། དེ་ནི་ལས་ཀྱི་རྒྱལ་པོ་མཆོག་དང་རྣལ་འབྱོར་རོ།། བྲི་བའི་དཀྱིལ་འཁོར་འདྲི་བའི་ལན་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ ་རྡོརྗེ་ལ་སོགས་པའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛོད་ལ་སོགས་པའི་དཀྱིལ་འཁོར་གང་གིས་ཚེ་བཱི་བྷར་བྱེད་ན། དེའི་ཚེ་ཐིག་སྨད་འཛིན་པའི་སློབ་མ་རྣམས་སྒྲ་ལ་སོགས་པའི་རང་བྱཞིན་ཏེ། རྣམ་པར་སྣང་མཛྙཱ་ལ་སོགས་པའི་ངོ ་བོ་རྒྱས་བཏབ་བྱས་བསྐྱེད་པར་བྱས་ལ་བྲི་བའི་དཀྱིལ་འཁོར་བརྟག་པ་ནི་ཐིག་གདབ་པར་བྱའོ།། དེ་ལ་དགོངས་པ་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་སྐུཥྚི་དཀྱིལ་འཁོར་བྲི་བར་འདོད་པས་རང་གྲི་བདག་ཉིད་རྣམ་པར ་སྣང་མཛད་དུ་བསྒོམས་ལོ།། སློབ་མ་ནི་འོད་དཔག་མེད་པའམ་མི་བསྐྱོད་པ། བདུད་རྩི་འཁྱིལ་བར་བསྒོམ་པར་བྱའོ།། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་གསུང་གི་དཀྱིལ་འཁོར་བྲི་བར་འདོད་ན་བདག་ཉིད་ནི་འོད་དཔག་ཏུ་མེད ་པར་བསྒོམས་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་འམ་བདུད་རྩི་འཁྱིལ་པར་བསྒོམ་པར་བྱའོ།། མི་བསྐྱོད་པའི་རྣལ་འབྱོར་པས་ཐུགས་ཀྱི་དཀྱིལ་འཁོར་ཕྱི་བར་འདོད་ན་བདག་ནི་མི་བསྐྱོད་པར་བསྒོམ ་ལ། སློབ་མ་ནི་རྣམ་པར་སྣང་མཛད་དམྦྷ། འོད་དཔག་ཏུ་མེད་པ་འམ། བདུད་རྩི་འོ་ཁྱིལ་པར་བསྒོམ་པར་བྱའོ།། ཡང་ན་སློབ་མ་ནི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ།། དེ་ནི་བསྐྱེད་པའི་རིམ་པའོ།། དབང་བསྐུར་འདྲི་བའི་ལན་བཤད་པར་བྱ ་སྟེ། དབང་བསྐུར་ཞེས་བྱ་བ་རྒྱུད་འདི་ལ་ནི་དཔལ་གསང་བ་འདུས་པ་ལ་རྣམ་པ་གསུམ་ཡིན་ཏེ། ལུས་དང་ངག་དང་སེམས་རྣམ་པར་དག་པའི་ཕྱིར་རོ།། དེ་ལ་བུམ་པའི་དབང་བསྐུར་གྱིས་ནི་ལུས་རྣམ་པར་དག་པར་འགྱུར་ཏེ། བསྐྱེད་པའི ་རིམ་པ་གཙོ་བོ་ཡིན་པའི་ཕྱིར་རོ།། གསང་བའི་དབང་གིས་ནི་ངག་རྣམ་པར་དག་པར་འགྱུར་ཏེ། བདུད་རྩི་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ།། ཤེས་རབ་ཀྱི་དབང་གིས་ནི་སེམས་རྣམ་པར་དག་པར་འགྱུར་ཏེ། རྫོགས་པའི་རིམ་པ་ག ་བོ་ཡིན་པའི་ཕྱིར་རོ།། དེ་རྣམས་ཀྱི་དབྱེ་བ་དང་རིམ་པ་ནི་ལེའུ་བཅུ་དྲུག་པ་ལས་བཤད་དོ།། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཡེ་ཤེས་དེ་ཉིད་ཡང་བླ་མས་བསྟན་པ་ནི་བཞི་པ་ཞེས་བྱའོ།། འདིར་ཤེས་རབ་ཡེ་ཤེས་ནི་བདེ་བ ་ཆེན་པོ་ཞེས་བཤད་དེ། དེ་ཡང་རྣམ་པ་གཉིས་ཏེ། དཔེའི་བདེ་བ་དང་དཔེ་ལས་བྱུང་བའི་བདེ་བའོ།། དེ་ལ་དཔེའི་བདེ་བ་ནི་ཤེས་རབ་ཡེ་ཤེས་ཡིན་ལ། དཔེ་ལས་བྱུང་བའི་བདེ་བ་ནི་དེ་ཡང་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ཏེ། རང་གི་མངོན་སུམ་པའི ་ཚད་མས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་སྒྱུས་མ་གསུང་སོ།། འོ་ན་རྟོག་པ་དང་བཅས་པ། དཔེའི་བདེ་བས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཇི་ལྟར་འབྱུང་བ་ཡིན་ཏེ། འབྲས་བུ་ནི ་རྒྱུ་དང་མཐུན་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྒྱུ་ཡོད་པ་མ་ཡིན་ཏེ། རྟག་པའི་ཕྱིར་རོ།། རྒྱུ་དང་བཅས་པ་ཡིན་ན་སྐད་ཅིག་མ་ཅན་དང་འཇིག་པར་ཡང་ཐལ་བར་འགྱུར་ཏེ་བུམ་པ་བཞིན་ནོ།། ཆོས་ཉིད་ནི་རང་བཞིན་གྱི། ་རྟོག་པ་ཉིད་ཀྱིས་ན་མཁའ་བཞིན་དུ་གནས་པའི་ཕྱིར་དང་། དཔེའི་བདེ་བ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་དེ་ཉིད་ལ་རྒྱུ་མི་རིགས་པའི་ཕྱིར་རོ།། དེ་ཉེ་བར་མཚོན་པ་ཉིད་ཀྱིས་དེ་ཁས་བླངས་པ་ཡིན་ལ། ཉེ་བར་མཚོན་པའི་རྒྱུ་ཉིད་མི་རིགས་ཏེ། ཟློ། ་བ་བསྟན་པའི་སོར་མོ་ཡང་རྒྱུད་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། རྒྱ་དང་འབྲས་བུ་མ་ཡིན་པ་ནི་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན་མཁའ་བཞིན་ནོ།། གློ་བུར་པའི་སྤྲིན་དང་འདྲ་བའི་དྲི་མ་སེལ་བར་བྱེད་པ་དཔེ་ལེན་པ་ནི་རིགས་པ་ཡིན།། ་དེ་ཁས་མ་བླངས་ན་ཐམས་ཅད་ཀྱིས་སངས་རྒྱས་ཉིད་ཐོབ་པ་ཐལ་བར་འགྱུར་བ་དང་། སྒོམ་པ་ལ་སོགས་པ་དོན་མེད་པ་དང་རྟེན་པར་བྱེད་པ་མེད་པར་འགྱུར་བ་དང་། བསོད་ནམས་དང་སྡིག་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིརརོ།། ། ་དེ་བས་ན་དཔེའི་བདེ་བ་ནི་རྒྱུ་ཉིད་མ་ཡིན་ཏེ་རྟོག་པ་དང་བཅས་པའི་ཕྱིར་རོ།། ཉེ་བར་མཚོན་པ་ཙམ་ཉིད་ནི་རིགས་ཏེ་མར་མེ་བཞིན་ནོ།། ཞེས་སྔར་བཤད་ཟིན་ཏེ། ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ།། རིག་པའི་བརྟུལ་ཞུགས་ཀྱི་སྐབས་སུ་དབང ་གཉིས་པོ་དཀའ་བ་ཡིན་པའི་ཕྱིར་དེའི་རིམ་པ་བཤད་པར་བྱ་སྟེ། སྔགས་ཀྱི་ཚུལ་དུ་སྣོད་དུ་རུང་བ་ནི་སྔགས་ཀྱི་ཚུལ་དུ་རུང་བའོ།། སྣོད་དུ་རུང་བ་ཞེས་བྱ་བ་རིགས་ཀྱི་དབྱེ་བས་ཡིནོ།། གང་གི་ཕྱིར་ཞེ་སྡང་གི་རིགས་ཀྱི་བུད་མེད་གང་ཡི ་པ་དེ་ནི་མི་བསྐྱོད་པའི་རིགས་ལ། དེ་བཞིན་དུ་གཏི་མུག་ལ་སོགས་པའི་རིགས་ཅན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་ཡིན་ནོ།། ཁ་དོག་གིས་ཀྱང་གང་ཞིག་ནག་པོ་དེ་ནི་མི་བསྐྱོད་པའི་རིགས་ཡིན་པ་དང་། དེ་བཞིན་དུ་དཀར་པོ་ལ ་སོགས་པའི་ཁ་དོག་དེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགསུ་ཤེས་པར་བྱའོ།། ལས་ཀྱིས་ཀྱང་རིགས་ཤེས་པར་བྱ་སྟེ། དྲག་པ་ལ་སོགས་པའི་ལས་བྱེད་པའི་ལས་བདེ་བའི་ཕྱིར་རོ།། དེ་ལྟར་རིགས་དཔྱད་ནས་སྔགས་སྣོད་དུ་རུང་བ་ཤེས་ར ་ཡིན་ནོ།། མིག་ཡང་ས་སོགས་ཞེས་བྱ་བ་འདིས་གཟུགས་ཀྱི་ཕུན་སུམ་ཚོགས་པ་ཉིད་དུ་བསྟན་ཏོ།། མེ་ཏོག་བཅས་པ་ཞེས་བྱ་བ་འདིས་ན་ཚོང་དང་ལྡན་པ་ཡིན་ཏེ། ན་ཚོད་དང་མི་ལྡན་ན་མེ་ཏོག་མི་ལྡན་ནོ།། ས་བོན་འབྱུང་ཞེས་བྱ་བ་འདིས ་ནི་ས་བོན་འཛག་པ་ཞེས་འཇིག་རྟེན་ལས་གྲགས་པ་དང་པདྨ་ཅན་ནོ།། ཡང་ན་གང་གི་ཚེ་དེའི་མེ་ཏོག་འབྱུང་བ་དེའི་ཚེ་བླང་བར་བྱའོ།། དེ་དང་འདྲ་བར་ཤེས་རབ་བླ་བ་ནི་དམ་ཚིག་ལེ་སོགས་པ་ལེགས་པར་བཟླས་པ་གཟུང་ཞིང་སྔག ་པས་སློབ་མ་ལས་གསང་བའི་དབང་ནི་གསང་བའི་དབང་སྟེ་སྦས་པའི་བཀའ་དྲིན་སྦྱིན་པར་བྱའོ།། དེ་ཉིད་ཀྱི་རིམ་པ་བཤད་པར་བྱ་སྟེ། ན་མཁའི་དབྱིངས་ཀྱི་དབུས་སུ་བཤང་གཅི་ལ་སོགས་པ་བདུད་རྩི་ལྔས་གང་པའི་བུམ་པ་རྣམས་བཅོམ ་མས་9། ཤེས་པ་བསམས་ལ་དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པས་གནས་པའི་རྡོ་རྗེ་སྐྱོབ་དཔོན་གྱིས་མཆོག་ཏུ་དགའ་བྱའི་སྒྲས་དེ་དག་དགུག་ཅིང་སྙིང་གར་བཅུག་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་རྩཝ་གསུམ་རོ་བྷྱཿ། ་པབར་གྱུར་པའི་རྩ་དབུས་མ་ལ་ཞུ་སྟེ། རྡོ་རྗེ་ལམ་ནུས་བྱུང་ཞིང་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དྲང་པོར་ལ་སོགས་པར་སྦྱངས་ཏེ། སྐྱོབ་མོ་ཁྱེར་སྦྱིན་པར་བྱའོ།། ཁ་ཅིག་ན་རེ་རྡོ་རྗེ་དེ་ཉིད་ཁར་གཞུག་པར་བྱའོ།། ཞེས་ཟེར་རོ།། ་དབང་བསྐུར་བ་དེ་ནི་རྣམ་པ་རྟོག་པ་མེད་པར་བྱེད་པ་ནི་མཆོག་ཏེ་དམ་པའོ།། དེ་བཞིན་དུ་གསུང་སྔགས་ཀུན་ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་ཐོག་པོའི་རྒྱུད་ཡིན་པས་ནགོ་འཕང་ངོ་།། དེ་བས་དབང་བསྐུར་བ་འདི་ཡིས་སྔགས ་ཀུན་དང་སྔགས་ཐམས་ཅད་དེ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་། ལས་མཆོག་གི་ཚོགས་རྣམས་ནི་ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་རྣལ་འབྱོར་པས་གྲུབ་པར་འགྱུར་རོ་ཞེས་ཚིག་གི་ལྷག་མའོ།། དེ་ནཱི ་པའི་རིམ་པ་དང་བསྒྲུབ་པའོ།། ཡང་ཤེས་རབ་ཀྱིས་དབང་བསྒྱུར་བར་བྱ་སྟེ། མཆོག་ཏུ་དང་པ་ཅན་ནི་དཀོན་མཆོག་གསུམ་ལ་སེམས་དད་པའོ།། ཤེས་རབ་ཆེན་པོ་ནི་ཐོས་པ་ལྔ་སོགས་པའི་རིམ་གྱིས་ཕུལ་དུ་བྱུང་བཱིའི་ཡེ་ཤེས་ཐོབ ་པའོ།། གཟུགས་བཟང་ནི་མཛེས་པ་དང་སྒྲེགས་པ་དང་། ན་ཚོད་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། སྒྲུབ་པ་པོ་ལ་དགའ་བ་ནི་རྣལ་འབྱོར་པ་དང་མཐུན་པའོ།། སྦྱོར་བ་གཅིག་ནི་ཟླ་བ་མེད་པའི་སྦྱོར་བ་སྟེ་སྔགས་ཀྱི་ཚུལ་ལོ།། དེ་ལ ་བྱ་བ་གོམས་པ་ནི་ལམ་དེ་ཉིད་དུ་སྙོམས་པ་ལ་སོགས་པར་བྱེད་པའོ།། དམ་ཚིག་དག་ནི་བྱ་བའི་རྒྱུད་ལ་སོགས་པའི་དམ་ཚིག་གི་ནང་ནས་དམ་ཚིག་ཅན་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པའི་དམ་ཚིག་གི ་སྤྱོད་པ་དང་ལྡན་པའི་ཤེས་རབ་དེ་བླངས་ནས་མཆོད་པ་དང་། བསྟོད་པ་དང་བསྙེན་བཀུར་སྔོན་དུ་འགྲོ་བའི་སློབ་མས་བླ་མ་ཡོན་དུ་དབུལ་བར་བྱའོ།། སློབ་མ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། རྡོ་སློབ་དཔོན་གྱིས་ཀྱང་རིགས་ལྔ་དང་སྐུ ་གསུང་ཐུགས་ཀྱི་ས་བོན་བྱིན་གྱིས་བརླབ་པར་བྱས་ལ་མཱ་མ་ཀཱི་ལ་སོགས་པའི་གཟུགསུ་བསྐྱེད་ཅིང་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་ལ་དེ་སྦྱིན་པར་བྱའོ།། དེ་ནས་དམ་ཚིག་དང་སྡོམ་པ་བླང་བ་དེང་ལུསུ ་རུང་བའི་རྡོ་རྗེ་ལ་འཇུག་པ་ཤེས་རབ་དང་སྙོམས་པར་འཇུག་པ་དང་ལྡན་པར་སློབ་མ་བལྟས་ཏེ། རང་གི་སྒྱིང་ཀ་ནས་གཏི་མུག་དགའ་མ་ལོགས་པ་སྤྲོ་ཞིང་དེའི་ཁར་གཞུག་པར་བྱའོ།། དེ་ཉིད་བཤད་པར་བྱ་སྟེ། གཏི་མུག་སྦྱོར་བ་ནི ་རྣརྣམ་པར་སྣང་མཛད་དང་སྙོམས་པར་འཇུག་པ་གཏི་མུག་དགའ་མ་སྤྲོས་ཞིང་དེའི་ཁ་ལ་བཅུག་ཅིང་ཞུགས་ཏེ། དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་ན་སློབ་མ་གཏི་མུག་རྡོ་རྗེར་འགྱུར་རོ།། དེ་བཞིན་དུ་ཞེ་སྡང་དང་འདོད ་ཆགས་དང་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ནི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་འགྲུབ་པ་ཞེ་སྡང་དགའ་མ་དང་འདོད་ཆགས་དགའ་མ་དང་། རྡོ་རྗེ་དགའ་མ་དང་སྙོམས་པར་འཇུག་པ་དང་ལྡན་པར་སྤྲོས་ཏེ། དེའི ་བར་བཅུག་ཅིང་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་ཞེ་སྡང་ལ་སོགས་པ་དག་པར་བྱ་བའི་ཕྱིར་ཞེ་སྡང་ལ་སོགས་པའི་རྒྱུན་གྱིས་སློབ་མ་ལ་དབང་བསྐུར་བར་བྱའོ།། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གུ་སྟེ། ་བསྐྱེད་པའི་རིམ་པ་དང་འབྲས་བུ་དག་གོ།། རིག་པའི་བརྟུལ་ཞུགས་བཤད་པར་བྱ་སྟེ། དེ་ནས་ལྷ་མོ་དེ་ཉིད་ནི་སྔར་བཤད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པ་བླངས་ནས་རྡོ་རྗེ་ཅན་གྱི་སློབ་མ་སྟེ། དེའི་ལག་པ་གཉིས་བཟུང་སྟེ། དེའི ་བར་ན་གནས་པའི་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ལག་པ་བཞག་ཅིང་ན་མཁའི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་པོར་བྱས་ལ་དེ་རྣམས་ཀྱི་སྤྱན་སྔར་དེ་དེ་ལ་སྦྱིན་པར་བྱའོ།། འདི་ཡང་བརྗོད་པར ་བྱ་སྟེ། ཐབས་གཞན་ནི་ཉན་ཐོས་པ་ལ་སོགས་པའི་སྤྱང་པའི་ཡོན་ཏན་དང་། ལུས་དྲལ་བ་ལ་སོགས་པ་དང་ཤིན་ཏུ་དགའ་བ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོགས་པ་དེས་འཚང་མི་རྒྱུ་བ་ནི།། རྡོ་རྗེ་འཆང་ཉིད་ཐོབ་པར་མི་འགྱུར ་ཏེ་མ་དག་པའི་ཐུབས་དང་ལྡན་པའི་ཕྱིར་རོ།། དེ་བས་རོག་པ་འདི་ནི་འོད་གསལ་བའི་རིག་པ་འདིས་རིག་པས་ཤེས་རའོ།། འདི་ནི་བདག་གིས་བྱིན་གྱིས་བརླབས་པ་ཡིན་ལ་མཆོག་སྟེ་དམ་ཚིག་དང་སྡོམ་པས་མཆོག་ཏུ་གྱུར་པ་ལོ།། ་ཞིག་ཅེས་བྱ་བ་ནི་ཚིག་གོ།། གེང་ཕྱིར་ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ། དེ་དག་གཟུང་བ་དང་འཛིན་པའི་རྟོག་པ་མེད་པས་གཉིས་མེད་པ་སྟེ་གཉིས་དང་བྲལ་བའོ།། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་འཁྲུལ་པས་དངོས ་གཉིས་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་ཉིད་དུ་སྣང་བ་ཡིན་ནོ།། དེ་བས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཞོམ་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོར་རིག་པ་འདི་དང་ཁྱོད་ཀྱིས་ནི་བྲལ་བར་མི་བྱ། ་སྟེ། འདྲི་དང་བྲལ་བར་མི་བྱའོ་ཞེས་བྱ་བ་ནི་རིག་པའི་བརྟུལ་ཞུག་སོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་སངས་རྒྱས་ཐབས་ཏེ། མར་ནི་ཚེ་ཞེས་བྱ་བའི་རིགས་པས་རིག་པའི་བརྟུལ་ཞུག་སོ།། བརྟུལ་ཞུགས་ནི་སྡོམ་པའོ།། བླ་ན ་མེད་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པས་རྙེད་པར་དཀའ་བའོ།། གང་ཞིག་རྨོངས་པ་ནི་འཁྲུལ་པ་འམ་བརྗེད་ངས་པས་འདའ་བ་ནི་སྲུན་པར་བྱེད་ན་དེའི་དངོས་གྲུབ་མཆོག་ནི་རྡོ་རྗེ་ཆེན་པོའི་གོ་འཕང་གི་མཚན་ཉིད་གྲུབ་པར་མི ་འགྱུར་རོ་ཞེས་བྱ་བ་ནི་སྒྲུབ་པའོ།། བདུད་རྩི་ལྔའི་དྲི་བོའི་ལན་བཤད་པར་བྱ་སྟེ། ཐ་མལ་པ་ནི་རང་བཞིན་གྱིས་གྲུབ་པ་དྲི་མ་ནི་བཤང་བ་ལ་སོགས་པ་ལྔ་དང་། ལྔ་ནི་ལྕགས་ཀྱུ་ལྟའོ།། སྣང་བ་ནི་དག་པ་ཉིད་དུ་སྣང་བ་སྟེ། ཆོས་ཐམས་ཅད ་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ།། དེ་བས་ནི་འཁོར་གསུམ་མ་ཡིན་མོ་དམིགས་པའི་རྣལ་འབྱོར་པས་གལ་ཏེ་བདུད་རྩི་དང་ལྕགས་ཀྱུ་སྤྱོད་ན་དེའི་ཚེ་ཅུང་ཟད་ཀྱང་སྐྱོན་མེད་དེ། འོན་ཀྱང་རྣམ་པར་རྟོག་པའི་འཆིང་བ་ལས་སེམས ་གྲོལ་བར་བྱས་པའི་ཕྱིར་སྒོམ་པའི་ཁྱད་པར་བརྟེན་པར་བྱའོ།། དེ་ཉིད་བཤད་པར་བྱ་སྟེ། ཡེ་ཤེས་ལྔ་ནི་དེ་བཞིན་གཤེགས་པའི་ས་བོན་ལྔ་སྟེ། ཨོཾ་ལ་སོགས་པའོ།། དེ་རྣམས་ཀྱི་བྱིན་གྱིས་བརླབས་པར་བྱས་ལ། བདུད་རྩི་ལྔ་ནི་བདུད ་ཅི་དང་འདྲ་བར་རིམས་ལ་སོགས་པའི་སྐྱོན་སེལ་བར་བྱེད་པར་འགྱུར་རོ།། སྦྱར་བ་ནི་ཡི་གེ་ཨོཾ་གྱིས་མེ་ཏོག་སྤྲོ་བར་བྱའོ།། བསྲེག་པ་ནི་པདྨའི་སྣོད་ཀྱི་འོག་ན་གནས་པའི་རླུང་དང་མེའི་དཀྱིལ་གྱིསོ།། སྱཱང་པཱ་ནི་སད་པ་སྟེ། གཡོན་བསྐོར ་བབས་འཁོར་བ་དང་བེམས་པོ་མྦྷ་ཡིན་པོར་བྱའོ།། གཟུགས་སྣང་བ་ནི་སྦྱང་བ་སྟེ་དག་པའི་ངོ་བོ་ཉིད་དུ་བྱའོ།། དེ་དག་དང་ཡི་གེ་ཨཱཿདང་ཧཱུ~ཾ་དག་གིས་བྱ་བའོ།། སྔགས་ཀྱི་སྐུ་རབ་སྦྱོར་བ་སྟེ། རང་གི་ཡི་དམ་གྱི་ལྷའི་སྦྱོར་བས་ལ ་པ་དང་ལྐོག་མ་སྦྱང་ཞིང་ནང་གི་སྦྱིན་སྲེག་གི་རིམ་གྱིས་བདུད་རྩི་ལྔ་ནི་རྫས་ལྔ་བསྡུས་པ་ལས་འབྱུང་བའི་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བཟའ་བར་བྱའོ།། དེ་ཉིད་རིམ་པར་བཽ་ཤྱད་བྱ་སྟེ། བར་སྣང་ནི་སྣོད་ཀྱི་སྟེང་གི་ཆ་སྟེ། ་དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམས་ལ། འོག་ཏུ་ནི་ཡི་གེ་ཨཱཿལས་བྱུང་བའི་པདྨ་འདབ་མ་བརྒྱད་པས་མཚན་པའི་སྣོད་བསྒོམས་ཏེ་དེ་ལ་གནས་པའི་བདུད་རྩི་ཡི་གེ་ཨོཾ་གྱིས་ཚིམ་པར་བྱེད་པའི་བདུད་རྩིའི་རང ་བཞིན་དུ་བསྣམས་ལ། ཡཾ་དང་རཾ་ལས་བྱུང་བའི་རླུང་དང་མེའི་དཀྱིལ་འཁོར་དག་གིས་སྔར་ལཱ་རྡོ་རྗེ་དང་པདྨ་སྟེ་དང་འོག་ཏུ་འཚོད་པ་བཞིན་དུ་འདུས་པར་བྱས་ལ། ཚིམ་པར་བྱ་བའི་ངོ་བོ་ཤེ་ལྔ་ལྟར་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསྣམ ་ཏེ། རང་གི་སྙིང་ག་ལས་བྱུང་བ་རྣོ་བའི་འོད་ཟེར་གྱི་ཚོགས་ཀྱི་མཚོན་ཆས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ཅིང་བདུད་རྩིལ་བཅུག་སྟེ། ས་བོན་ལྔ་ཡོངསུ་གྱུར་པ་ལས་དེ་བཞིན ་གཤེགས་པ་ལྔར་རང་གི་ལྷ་མོ་དང་སྙོམས་པར་ཞུགས་པས་ཡོངསུ་གྱུར་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་སྦྱང་བ་ལ་སོགས་པ་བྱས་པ་ལྐོག་མ་དང་ལྕེ་ལ་སོགས ་པ་སྦྱང་བ་ལ་སོགས་པའི་རིམ་གྱིས་བཟའ་བར་བྱ་བ་ནི་སྤྱད་པར་བྱའོ།། གཞན་དུ་ནི་གལ་ཏེ་རྣལ་འབྱོར་བྱས་དེ་ལྟར་མི་བྱད་ན། དེའི་ཚེ་འགྲུབ་མི་འགྱུར་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་མི་འགྱུར་སྟེ་སྒྲུབ་པའོ།། ཐ་མལ་པའི ་དངོས་གྲུབ་བཤད་པར་བྱ་སྟེ། མི་སྣང་བ་ལ་སོགས་པ་ནི་རིལ་བུ་ལ་སོགས་པ་འཛིན་པའི་སྒོ་ནས་དངོས་གྲུབ་དང་། མིག་སྨན་དང་རྐང་འགྱོགས་དང་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་གང་ཡིན་པ་དེ་དག་ནི་ཐ་མ ་པའི་དངོས་གྲུབ་ཡིན་ཏེ་ལོངས་སྤྱོད་སྟེར་བའི་ཕྱིར་རོ།། དེ་བཞིན་དུ་སངས་རྒྱས་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བསྒྲུབ་པར་བྱས་པས་ན་སངས་རྒྱས་ཀྱི་བསྒྲུབས་ཏེ། རྡོ་རྗེ་འཆང་ཉིད་དང་སངས་རྒྱས་ཉིད་དེ་བཞིན་གཤེགས་པ ་ལྷའི་གོ་འཕང་ངོ་།། གཉིས་པོ་དེ་ཡང་དེ་བཞིན་གཤེགས་པ་དང་རྡོ་འཆང་གི་དབུགས་དབྱུང་བའི་མཚན་ཉིད་ནི་དངོས་གྲུབ་མཆོག་ཅེས་བྱ་སྟེ་ཐར་པ་སྟེར་བར་བྱ་བའི་ཕྱིར་རོ།། དེ་ནི་བསྒྲུབ་པ་དང་རྫོགས་པའི་རིམ་པའོ།། རིམ་པ་གཉིས་པར ་བསྙེན་པ་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་རྣམས་བཞི་པོ་ནི་དབྱེ་བ་རྣམ་པ་བཞིའོ།། བྱང་ཆུབ་དེ་ནི་རྡོ་འཆང་ཆེན་པོསོ།། སྒྲུབ་པ་ནི་ལྷོའི་སྐུ་སྒྲུབ་པར་བྱེད་པ་དང་། འོད་གསལ་བ་རྟོགས་པར་བྱེད་པ་གསུངས་ཞེས་བྱ་བ་ནི་རྣལ་འབྱོར་གྱིས་རྒྱུད ་གསུངས་པའོ།། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ནི་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེས་འོག་གི་རྒྱུད་ལ་སོགས་པའོ།། རྣལ་འབྱོར་པ་ནི་རྣམ་པ་གཉིས་ཀྱི་རྣལ་འབྱོར་པ་སྟེ། སྔགས་པ་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་གསུངས་པའོ།། དེ་ནི་བསྐྱེད་པའོ།། ་རིམ་དང་རྫོགས་པའི་རིམ་པ་དག་གོ།། བསྙེན་པ་ལ་སོགས་པ་ནི་ཡན་ལག་བཞི་པོ་མདོར་བསྟན་པའོ།། ཐུན་མོང་ཞེས་བྱ་བ་ལ་སོགས་པ་ལ་ཐ་མལ་པ་དང་མཆོག་གི་དབྱེ་བས་རྣམ་པ་གཉིསུ་བསྟན་ཏོ།། རྡོ་རྗེ་བཞི་པོ་ནི་མངོན་པར་བྱང་ཆུབ་པ་ལྡི ་རིམ་གྱིས་བསྙེན་པ་ལ་སོགས་པ་ཐ་མལ་པའོ།། ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ནི་མཆོག་གི་བསྙེན་པའོ།། སྟོང་པོ་ཉིད་ལ་སོགས་པ་རྒྱུད་ཐམས་ཅད་ལས་གསུངས་པའི་དང་པོ་སྦྱོར་བ་ལ་སོགས་པའི་ཏི་ངེ་འཛིན་གསུམ་གྱི་ནང་དུ་བསྡུས ་པར་འགྱུར་རོ།། དེ་ནི་རྡོ་རྗེ་བཞི་པོའི་མཚན་ཉིད་དེ། ཐ་མལ་པའི་བསྙེན་པ་ལ་སོགས་པའོ།། དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་གོ།། ཡེ་ཤེས་ནི་རྫོགས་པའི་རིམ་པ་སྟེ། དེ་ཉིད་དགའ་བ་དང་འཆི་བ ་མེད་པའི་གོ་འཕང་ཐོབ་པར་བྱེད་པས་ན་བདུད་རྩི་སྟེ། དེ་ནི་བསྙེན་པ་ལ་སོགས་པ་མཆོག་སྟེ། ཕུ་ལོ་བྱུང་བ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ཡན་ལག་བཞི་པའི་ནང་ནས་བསྙེན་པ་གཅིག་པུ་ནི་སྦྱོར་བ་དྲུག་གིས་ཏེ། སོ་སོར་སྡུད་པ་ལ ་སོགས་པ་སྦྱོར་བ་དྲུག་གིས་བྱའོ།། གཞན་དུ་ན་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་ཏེ། རྫོགས་པའི་རིམ་པའོ།། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་པས་ཡན་ལོག་དྲུག་གིས་རྣལ་འབྱོར་མདོར་བསྟན ་དབང་པོ་བཅུ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་བཤད་པའོ།། དབང་པོ་ནི་མིག་ལ་སོགས་པ་ལྔའོ།། དོན་ནི་གཟུགས་ལ་སོགས་པ་ཡུལ་ལྔའོ།། དེ་དག་བསྡུས་པ་ནི་དབང་པོ་དག་གོ།། དབུ་པོ་ཡུལ་དང་བཅུ་པོ་དེ་དག་ནི་རང་གི་འཇུག་པའི ་ཡུལ་གཟུང་བར་བྱ་བའི་མཚན་ཉིད་དོ།། དེ་བླངས་ནས་སོ་སོར་ནི་རང་གི་ཡུལ་རེ་རེ་ལ་ཉེ་བར་སྤྱོད་པ་དང་། འདོད་པ་ལྔ་ཉེ་བར་སྤྱོད་པས་དེ་ནི་སོ་སོར་སྡུད་པ་ཞེས་བྱ་བ་སྟེ། ཡན་ལག་དང་པོའོ།། དེ་རྣམ་པར་དག་པའི་ཕྱིར་བསམ་གཏན་བཤད་པར་བྱ་སྟེ། ་འདོད་པ་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ཏེ། དེ་དག་དབང་པོ་དང་བཅས་པས་གཅིག་ཏུ་བྱས་ལ་དེ་བཞིན་གཤེགས་པོ་ལྔའི་རང་བཞིན་དུ་བརྟག་པར་བྱ་སྟེ། བསམ་གཏན་ཞེས་བྱའོ།། དེའི་ཡང་བྱེ་བྲག་ལྔ་སྟེ། རྟོག་པ་དང་དཔྱོད་པ་ནི་རགས་པ ་དང་ཕྲ་བའི་རྟོག་པ་སྟེ་ཆགས་པའི་རང་བཞིན་ནོ།། དགའ་བ་དང་བདེ་བ་ནི་ལུས་དང་སེམས་ཀྱི་བདེ་བའི་རང་བཞིན་ཏེ། ཆགས་པ་དང་ཆགས་པ་བྲལ་བའི་ངོ་བོ་སེམས་རྩེ་གཅིག་ནི་རྨུགས་བློ་དང་ཆགས་པ་བྲལ་བ་དང་ཆགས་པ་བར་མ་མེད་པ་འོད་གས ་པའི་རང་བཞིན་ནོ།། དེ་ཉིད་པ་ཤད་པར་བྱ་སྟེ། གསང་བ་གསུམ་འབྱུང་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རེག་པ་ལས་བྱུང་བའི་བདེ་བ་འཁྲུགས་པའི་མཚན་ཉིད་གང་ཡིན་པ་དེ་ཉིད་སྦྱོར་བ་སྟེ་རྟོག་པ་གསུམ་ཡོངསུ་སྤངས་ནས་ཉམ་སུ་མྱོང་བ ་ནི་སྤྱོད་པ་སྟེ་གཉིས་པོ་དེ་དག་མི་ཆགས་པ་དང་སྣང་བའོ།། དེ་ནས་དབང་པོ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ཡོང་སུ་སྤངས་ནས་ལུས་ཤིན་ཏུ་སྦྱངས་པ་ཙམ་ནི་དགའ་བའོ།། དེ་ནས་ལུས་ཤིན་ཏུ་སྦྱངས་པ་དང་བྲལ་བས་ན་སེམས་ཤིན་ཏུ་སྦྱངས་པ་སྟེ། བསྔོས་པ ་བྷུར་བྱ་པ་ས་པརྫྫ་ཉམས་སྐྱོང་ནལྡན་པའོ།། གཉིས་བྱེ་དག་ཏུགས་པ་དྨ་རྒྱགས་པ་ཙལ་བ་སྟེ། སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཆུབ་པའོ།། དེ་ནས་ཤེས་པ་དང་ཤེས་བྱ་བྱུང་བབང་པ་རྣམ་པར་མརྟོག་པ་སངས་རྒྱས་གཅིག་གི་རརུང་བནནན ་ནེཁམས་གསུམ་པ་ལ་གནས་པ་འགྲོ་བ་ཐམས་ཅད་ཀྱི་ངོ་བོ་རང་གཱི་སྣརུམས་མཽ་ད་གསལ་པའི་རང་བཞིན་ལྔ་པཱརྞྞ་ཤེས་པ་བྱའོ།། ཧྲཱི་བརྙན་པརྱཱབྱཱ་པཱ་ཕྱིར་ཡན་ལག་གསམྦྷ་པ་བ་ཤྱ་བ་མྦྷ། ཡེ་ཤེས་ལྔའི་རང་བཞིན་ནི་མེ་ལོང ་སོགས་པའི་ངོ་བོའོ།། དེ་ལ་ཐིག་ལེ་ནི་གསལ་བ་ཉིད་མེ་ལྕོང་ལྟ་བུ་ཡེ་ཤེསོ།། ཁམས་ཐམས་ཅད་དང་མཚུངས་པ་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེའི་བདེ་བ་ཆེན་པོ་ལ་དཔྱོད་པ་ལ་སོ་སོར་རྟོག་པའི་ཡེ་ཤེས།། དེའི་འོད་ཟེར་སྤྲོ་བ་དང་བསྡུ་བས ་འགྲོ་བའི་དོན་བྱ་བ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དོ་ནཱ་དམྦྷ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེ་སོ།། དེ་བསྠཱ་ནཱ་ཡེ་ཤེས་ལྔའི་རང་བཞིན་ནོ།། རྒྱུད་དང་བཱིའི་རྒྱུ ་བཅུཉེ་བར་བསླུ་བར་བྱེད་པས་གནས་པའི་སྐབསུ་དབུགས་སོ།། འབྱུང་བ་ལྔའི་ངོ་བོ་ཉིད་ནི་ལུས་ཏེ། དེའི་སྙིང་པོར་གྱུར་པས་སྲ་བ་དང་གཤེར་བ་དང་དྲོ་བ་དང་། འགྲོ་བ་དང་འོང་བ་དང་ཁོང་སྟོད་དང་ལྡན་པའི་ཕྱིར་རོ།། ཐིབཱི་ལེའི་གཟུགས་དེ་ཉིད་ནི་བུའི་གཟིགས ་ཀྱིས་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་བསྲེས་ངོ་བོ་ཡུངས་ཀོར་གྱི་ཚད་ཙམ་རྩ་དབུས་མ་དང་རྡོ་རྗེའི་ལམ་ནས་ཕུང་ནས་སྣའི་རྩེ་མོ། རིའི་རྩེ་མོར་བརྟག་པ་ནི་བསྡུ་བར་བྱའོ།། ཆེན་ཁེ་དོག་སཱ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་འོད ་ཚོགས་སྟེང་ནས་ཀྱང་སྤྲོ་བ། སྲོག་དང་རྩོལ་བ་ནི་སྲོག་དང་རྩོལ་བ་སྟེ། ཡན་ལག་གསུམ་པའོ།། རང་སྔགས་ནི་རྡོ་རྗེ་འཆང་ཆེན་པོའོ།། སྙིང་ཀར་བསམས་ནི་བསྒོམ་པ་སྟེ། སྲོག་ནཱི་སྟེང་དང་འོག་ཏུ་རྒྱུ་བ་ཁ་དོག་ལྔའི ་རླུང་སྟེ། ཐིག་ལེར་གྱུར་པ་ནི་ཐིག་ལེ་དང་དབྱེར་མེད་པར་གྱུར་པ་བཞག་པ་ནི་བསྲེ་བར་བྱའོ།། དེའི་ཚེ་རང་དང་ནི་སྔ་མ་བཞིན་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའོ།། དེ་བཞིན་དུ་རིན་ཆེན་ནི་ཐིག་ལེ་རིན་ཆེན་དེ་དགག་པ་ན།། ་གཟུང་བ་ནི་རྡོ་རྗེ་རྩེ་མོ་འམ་པདྨའི་ལྟེ་བར་སྲོག་ལ་སོགས་པར་ཉེ་བར་སྡུད་ཅིང་གནས་པ་གང་ཡིན་པ་དེ་ནི་འཛིན་པ་སྟེ་ཡན་ལག་བཞི་པའོ།། འགོག་པ་རྡོ་རྗེར་ཞུགས་པ་ནི་འོད་གསལ་བ་ལ་ཞུགས་པའི་སེམས་ཏེ། སེམས་ཀྱིས ་བྱིན་གྱིས་བརླབས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གྱུར་ནའོ།། མཚན་མའི་རྟགས་དེ་ཉེ་བར་འཛིན་ནི་ལྷུན་གྱིས་གྲུབ་སྟེ། སོ་སོར་སྣང་བ་འབྱུང་བར་འགྱུར་ནི་སྐྱེ་བར་འགྱུར་རོ།། མཚན་མ་དེ་ཡང་བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན ་པོས་རྣམ་པ་ལྔ་གསུངས་པ་ནི་བཀའ་སྩལ་ཏོ།། སའི་ཁམྦ་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་ལྟ་བུར་སྣང་བ་དང་། ཆུའི་ཁམས་མེ་ལ་ཐིམ་པ་ན་དུ་བ་ལྟ་བུར་སྣང་བ་དང་། མེའི་ཁམས་རླུང་ལ་ཐིམ་པ་ནི་མཁའ་སྣང་འདྲ་བ་ན་མཁའ ་སྣང་སྟེ། གཡོ་བ་སྲོག་ཆགས་ཀྱི་ནོར་བུའོ།། རླུང་གི་ཁམས་ནི་རྣམ་པར་ཤེས་པ་ལ་ཐོམ་པ་ན་མེར་མེ་ལྟ་བུའོ།། རྣམ་པར་ཤེས་པ་འོད་གསོལ་བ་ལ་ཐིམ་པ་ན་ཉི་མ་ཕྱེད་ཀྱི་དྲི་མ་མེད་ཅིང་རླུང་མེད་སྤྲིན་མེད་པའི་ནམ་མཁའ་དང ་འདྲ་བ་སྣང་བར་འགྱུར་རོ།། མཚན་མ་དེ་དག་བརྟན་པར་བལྟས་ནས། རྡོ་རྗེའི་ལམ་ནས་ཐིག་ལེའི་འོད་ཟེར་སྤྲོ་ཞིང་དེ་དག་གིས་ན་མཁའི་ཁམས་གང་བར་བསམས་ཤིང་དེ་དང་འདྲ་བ་རྗེས་སུ་འདྲ་བ་ལ་དམིགས་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུ་ལྟ་བུ་དེ་བཞི ་གཤེགས་པ་རྣམས་སྤྲོ་བ་ནི་རྗེས་དྲན་པ་སྟེ་ཡན་ལག་ལྔ་པའོ།། དེ་ལ་ནཱི་དེའི་སོ་སོར་སྣང་བ་སྟེ། སྒྱུ་མ་དང་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་སོ་སོ་སྣང་བར་འགྱུར་རོ།། དེ་ནས་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང ་གཉིས་སུ་མེད་པར་སྦྱོར་བས་དངོས་པོ་ཐམས་ཅད་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་དབྱེ་བས་གནས་པ་དང་། སྔར་སྤྲོས་པ་དེ་དག་གོང་བུའི་ཚུལ་གྱིས་བསྡུས་པ་ནི་གཅིག་ཏུ་བྱས་སྟེ། ཀུན་རྫོབ་དང་དོན་དམ་པ་ཐ་མི་དང་བའི་ཚུལ་གྱིས་བསྡུས ་བཱ་སྟེ། དབུས་སུ་ནི་དེ་གཉིས་ཐ་མི་དད་པའི་དབུས་ཏེ། གཟུགས་ནི་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ།། དེ་ཡང་ཅིག་ཙམ་གྱིས་ཡེ་ཤེས་རྫོགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་དབྱིངས་རྫོགས་པ་སྟེ། ཏིང ་འཛིན་ཅེས་བྱ་བ་ཡན་ལྕག་དྲུག་པར་གནས་པར་རབ་ཏུ་གྲགས་པའོ།། ཕན་ཡོན་བཤད་པར་བྱ་སྟེ། སོ་སོར་སྤྱད་ལ་སྙོམས་པར་འཇུག་པ་ནི་སྤྱོད་པ་རྣམ་པ་གསུམ་གྱིས་འཇིག་རྟེན་ལས་འདས་པའི་ལཱམ་ཡིད་ལ་བྱེད་པའི་རྣལ་འབྱོར ་པས་ཡུལ་རྣམས་ལ་སྤྱོད་ན་སྔགས་རྣམས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་རློབ་པ་སྟེ། དེའི་རང་བཞིན་དུ་འགྱུར་རོ་ཞེས་དེ་བཞིན་གཤེགས་པའི་དབུགས་དབྱུང་བའོ།། བས་སོ ་གཏན་ནི་ཡན་ལག་ལྔ་པ་ཡེ་ཤེས་ནི་དེ་མངོན་དུ་རྟོགས་པ་དེ་ལ་སྙོམས་པར་འཇུག་ཅིང་ཐོབ་ནས། མངོན་ཤེས་ལྔ་ནི་ལྷའི་མིག་ལ་སོགས་པ་ཐོབ་པར་འགྱུར་ཏེ། ཡུལ་དང་དབང་པོའི་རང་བཞིན་ཡོངསུ་ཤེས་པའི་ཕྱིར་རོ།། དེ་ནས ་སྲོག་དང་རྩོལ་བ་ནི་རླུང་གི་དེ་ཁོ་ནི་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་ཡོངསུ་ཤེས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྱིས། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་ཁྱད་པར་དང་ལྡན་པ་རྣམས་ཀྱིས་གཟིགས་པ་ནི་ལྟ་བར ་གྱུར་པའོ།། དེ་བཞིན་དུ་འཛིན་པའི་སྟོབས་ནི་བརྟེན་པ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་ཡང་དག་འཇུག་ནི་ཐོབ་པར་འགྱུར་སྟེ། འཛིན་པ་ནི་འོད་གསལ་བའི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་རྗེས་སུ་དྲན་པའི་སྦྱོར་བ་ནི་རྗེ་སུ་དྲན་པ་ཐོབ། ་པབས་འོད་ཀྱི་དཀྱིལ་འཁོར་སྐྱེ་བར་འགྱུར་ཏེ། དྷེ་སུ་དྲན་པ་ནི་སྤྲོ་བའི་ངོ་བོ་ཡིན་ཕྱིའི་ཕྱིར་རོ།། ཐམས་ཅད་མཁྱེན་པ་ཉིད་དུ་ཡང་འོད་ཀྱི་དཀྱིལ་འཁོར་གྱིས་ལྷ་རྣམས་ཀྱི་འོད་ཀྱི་ཚོགས་ཟིལ་གྱིས་གནོན་ཅིང་འདུལ་བར་མཛད་པའོ།། ཏིང་ངེ་འཛིན་དབང་གྱུར ་ཙམ་གྱིས་ནི་ཏིང་ངེ་འཛིན་བརྟན་པར་གྱུར་ནའོ།། སྒྲིབ་པ་རྣམས་དང་བྲལ་བར་འགྱུར་བ་ནི་རྣལ་འབྱོར་པ་ཟག་པ་མེད་པར་འགྱུར་བའོ།། དེ་ལྟར་ཡན་ལག་དྲུག་སྒོམ་པར་བྱེད་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་། རྡོ་རྗེ ་འཆང་གི་དབུགས་དབྱུང་བ་དང་། མངོན་པར་ཤེས་པ་ལྔ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ནི་རྣལ་འབྱོར་རོ།། ད་ནི་ཐབས་བཞི་བཤད་པར་བྱ་སྟེ། སྙིང་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་རེ་ཞིག་དང་པོར་རྡོ་རྗེ་འཆང་ཆེནི་ལ་སོགས་པ ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་སྟོང་པ་ཉིད་སྒོམ་པ་སྤོ་དུ་འགྲོ་བས་ཡེ་ཤེས་གསུམ་ཡོངསུ་གྱུར་པ་ལས་སྐྱེས་པའི་ཟླ་བའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམ་ཞིང་དེའི་ལྟེ་བར་ཡང་ཡི་གེ་ཧཱུཾ་དགོད་དེ་དེ་ལས་བྱུང་བའི ་འོད་ཟེར་གྱི་ཚོགས་ཏེ་མཚོན་ཆ་དམ་པ་ནི་རྩེ་མོའི་ཆ་རྣོ་བ་ན་མཁར་སྤྲོ་ཞིང་དེས་ཇི་ལྟར་འདོད་པའི་ལྷ་མོའི་འཁོར་ལོ་བཀུག་ཅིང་བཙུག་སྟེ། སེམས་ནི་སེམས་ཀྱི་རྣམ་པར་ལྷའི་ཚོགས་སྔགས་ཀྱི་ངོ་བོར་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རང་བཞིན་དུ་བསམས་ཏེ་ཡོངསུ་གྱུར་པ་ལས་སྔགས་ཀྱི་སྐུའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་བསྐྱེད་ལ། བྱང་ཆུབ་ཚིགས་བཅད་ནི་དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ཞེས་བྱ་བ་ལ་སོགས་པ་དང་། ་ཨོཾ་སརྦྦ་ཏ་ཐཱ་ག་ཏྭཱཾ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾཞེས་བྱ་བ་ལ་སོགས་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཚིག་དང་སྔགས་ཀྱང་བརྗོད་པར་བྱའོ།། གཞན་ཡང་རང་གི་དཀྱིལ་འཁོར་ནི་དཀྱིལ་འཁོར་བའི་ཚོགས་སྤྲོ་ཞིང་དེའི་དབུསུ ་གནས་པའི་དཀྱིལ་འཁོར་རྣལ་འབྱོར་པས་བྱང་ཆུབ་སྦྱོར་བའི་སྒོམ་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྦྱོར་བས་སེམས་དེ་ནི་དཀྱིལ་འཁོར་བའི་དབུས་སུ་གནས་པའི་གཙོ་བོའི་སྐུ། ཡེ་ཤེས་ཀྱི་གཟུགས་ཏེ་འོད་དུ་ཞུ་ཞིང ་ཐིག་ལེ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་བསྒོམ་པར་བྱ་བ་སྟེ་ཉེ་བར་སྒྲུབ་པའོ།། དེ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོའི་མཆོག་དང་། ལས་ཀྱིས་རྒྱལ་པོ་མཆོག་སྟེ་བསྡུམ་པའི་ཐབ་སོ།། དེ་ལྟར་བྱས་པས་རྣལ་འབྱོར་པས་དངོས ་གྲུབ་ཐོབ་པར་མ་གྱུར་ནཱ། དེའི་ཚེ་སྦྱིན་པའི་ཐབས་བརྩམས་པར་བྱ་སྟེ། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་གཉིས་ནི་ཟླ་བ་གཉིས་དང་ཟླ་བ་ཕྱེད་གཉིས་དང་། ཟླ་བ་གཅིག་དང་ཟླ་བ་ཕྱེད་དང་། ཞག་བདུན་དང་། ཞག་དྲུག ་གྲིས་དངོས་གྲུབ་གྲུབ་པར་མ་གྱུར་ན། དེའི་ཚེ་སྦྱོར་བ་ཉིད་ཀྱིས་གཟུགས་རྡོ་རྗེ་མྱ་ལ་སོགས་ལྷ་མོ་སྤྲོས་ཏེ། ན་མཁའི་ཁམས་ལ་གནས་པའི་དེ་བཞིན་གཤེགས་པའི་རིམ་པ་འདིས་མཆོད་པར་བྱའོ།། གཟུགས་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་ལྔའི་མེ་ཏོག་གིས ་དེ་བཞིན་གཤེགས་པ་རྣམས་ལ། ཨོཾ་བཛྲ་པུཥྤེ་ཨཿཧཱུཾ་ཞེས་པས་མཆོད་དོ།། དེ་ནས་སྒྲ་རྡོ་རྗེ་མ་སྤྲོས་ཞིང་རོལ་མོ་དབུལ་བར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲེ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་པས་མཆོད་དོ།། དེ་ནས་དྲི་རྡོ་རྗེ་མ་སྤྲོ་ཞིང་དུ ་ཕོར་ན་གནས་པའི་བཞི་མཉམ་པའི་དྲིས། ཨོཾ་བཛྲ་གནྡྷེ་ཨཿཧཱུཾ་སྭཱ་ཧཱ་ཞེས་བྱ་བས་བཅོམ་ལྡན་འདས་ལ་བྱུག་པ་བྱའོ།། རོ་རྡོ་རྗེ་མ་སྤྲོ་ཞིང་སླ་ཞང་སྣོད་ལ་གནས་པའི་བདུད་རྩི་ལྔས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་དེ་རྣམས་ཀྱིས་ཀྱང་ཞེས་ཏེ། ་བདེ་བ་ཆེན་པོ་དམ་པའི་དགོངས་པས་སྤྱོད་དོ།། ཨོཾ་བ་ཛྲ་ཨ་མྲྀ་ཏི་ཨཱཿཧཱུ~ཾ་སྭཱ་ཧཱ། དེ་ནས་རེག་བྱ་རྡོ་རྗེ་མ་སྤྲོ་ཞིང་རྣམ་པ་སྣ་ཚོགས་པའི་ན་བཟའ་དབུལ་བར་བྱ་བ་སྟེ། ཨོཾ་སཨཱརྱེ་བྷཛྲ་ཨཿཧཱུཾ་སྭཱ་ཧཱ་ཞེས་བརྗོད་དོ།། དེ་ནས་ཆོས་ཀྱི་དཔྱིད་ཀྱི་རྡོ་རྗེ་མ་སྤྲོ་ཞིང་འཁྱུད ་པ་དང་ཙུམ་པ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བརྗོད་ལ། མཆོད་པའི་མཐར་ལྷ་མོ་བསྡུ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིག་སུ་བཅད་པ་རྣམས ་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་ལ། དེ་རྣམས་དབང་བསྐུར་བ་ཐོབ་ནས་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་ཅིང་ཚངས་པའི་སྒྲོ་ན་དེ་བཞིན་གཤེགས་པ་རྣམས་བཞུགས་ཤིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་པ་རཱ་མ་ནོ་བ་རེ་གཱ་ཏྭེ་ཏ་སྭ་བྷཱ་བ ་ཨཱཏྨ་ཀོ&ཧཾ་ཞེས་བརྗོད་ཅིང་ལངས་ལ་གནས་པར་བྱ་སྟེ། དེའི་ཚེ་འགྲུབ་པར་འགྱུར་རོ་ཞེས་དང་པོ་སྦྱོར་བ་ལ་སོགས་པ་གསུམ་དང་སྦྱིན་པའི་ཐབས་སོ།། ཟླ་དྲུག་ལ་སོགས་པར་དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་དབྱེ་བའི ་ཐུབས་བརྩམ་པར་བྱ་སྟེ། གལ་ཏེ་ཟླ་བ་དྲུག་གིས་མ་མཐོང་བ་ནི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བཤད་པའི་རྡོ་རྗེ་འཆང་ཆེན་པོའི་མཚན་ཉིད་ཀྱི་དངོས་གྲུབ་མི་སྩོལ་ན། ལན་གསུམ་ནི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང ་ཏིངེ་འཛིན་སེམས་དཔའི་དབྱེ་བ་དང་། ཇི་ལྟར་བཤད་པའི་བསྲུང་བ་ལ་སོགས་པའི་དམ་ཚིག་དང་སྡོམ་པ་སྤྱོད་པ་དང་ལྡན་པ་སྔར་བཤད་པའི་སྐུའི་རྣལ་འབྱོར་དང་ལྡན་པས་རང་རང་གི་སྙིང་ཀར་རྡོ་རྗེ་རྣོ་བ་བསམས་ཏེ། དེའི་ཧཱུཾ་ལས་བྱུང་བའི་འོད་ཟེར ་ལྕགས་ཀྱུ་ངག་གི་ལམ་ནས་ཕྱུང་དེ་ཡོངསུ་གྱུར་པ་ལས་གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་ཏེ། དེ་ལ་བཀའ་སྒོ་ཞིང་རླུང་གི་དཀྱིལ་འཁོར་གྱི་ཤིང་རྟས་སོང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཕྱིན་ནས་རྡོ་རྗེ་ཐོ་བས་དེ་རྣམས་ཀྱི་ཐུགས ་ཀར་བརྡེག་ཅིང་འདི་སྐད་བརྗོད་པར་བྱའོ།། ཆེ་གེ་མོ་ཞིག་རྡོ་རྗེ་ཆེ།། ཁྱོད་རྣམས་ཀྱི་ནི་བསྟན་པར་གནས།། རྟག་ཏུ་ཁྱེཁྱོད་ལ་དད་པ་ཅན།། དམ་ཚིག་བསྲུང་བ་ལ་བརྩོན་པ།། དབང་བསྐུར་བ་དང་རྗེས་སྟོང་ཐོབ།། དེ་ལ་དངོས་གྲུབ་སྩལ་བར་མཛོད།། ཅེས ་བྱ་བ་བརྗོད་པས་ཞག་བདུན་གྱིས་དངོས་གྲུབ་སྟེར་བར་འགྱུར་རོ།། ཏིང་ངེ་འཛིན་གསུམ་དང་དབྱེ་བའི་ཐབས་སོ།། དེ་ལྟར་བྱས་ན་ཡང་གལ་ཏེ་འགྲུབ་པར་མི་འགྱུར་ན་དེའི་ཚེ་ཆད་པའི་སྦྱོར་བ་བརྩམ་པར་གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ།། གང ་གི་ཚེ་བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་མ་གྲུབ་ན་ཐོབ་པར་མ་གྱུར་ན། དེའི་ཚེ་དྲག་ཤུལ་སྦྱོར་ནི་ཆད་པའི་ཐབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ་སྟེ། དེའི་ཚེ་དེའི་ཡེ་ཤེས་འགྲུབ་པ་ནི་ངེས་པར་དངོས་གྲུབ་འབྱུང་བར་འགྱུར་རོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། མཱ་མ་ཀཱི་ལ་སོགས ་པའི་པདྨ་ར་ཧ་ལས་བྱུང་བའི་སྣ་ཚོགས་འོད་ཟེར་ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་བསྒོམས་ཏེ། དེའི་ཕྱེད་དུ་རཾ་ལས་བྱུང་བའི་མོའི་དཀྱིལ་འཁོར་ལ་ཡི་གེ་ཕཊ་དགོད་ཅིང་རང་གི་གསང་བའི་རྡོ་རྗེར་ཡང་བསྐལ་པའི་མེ་ལྟར་འབར་བ་དང་འདྲ་བར་བསམ ་ཏེ་ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་སྣ་ཚོགས་འོད་ཟེར་གྱི་སྒོ་ནས་དེ་བཞིན་གཤེགས་པ་བཀུག་ཅིང་རིགས་ཀྱི་དབྱེ་བ་ནཱི་རིགས་ཀྱི་རྗེསུ་འབྲང་བའི་ཁོ་ལོའི་གཟུགས་ཀྱི་པདྨར་བཅུག་ལ་རྡོའི་རྩས་འཾ་ཥྐཾ་ཋ་ས་པསཏེ། དབང་དུ་བྱས་པ་དེ ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་པར་བསྒོམས་ལ། ཁྲོ་བོའི་འཁོར་ལོ་ཕྱི་རོལ་ཏུ་སྤྲོ་ཞིང་རང་གི་ལྷའི་སྐུ་ལ་བསྲུང་བར་བྱའོ།། དེ་ནི་ཏིང་ངེ་འཛིན་གསུམ་དང་ཆད་པའི་ཐབས་ཏེ་བསྒྲུབ་པའི་ཕྱོགས་གཅིག་གོ།། དེ་ལ་དོན་བསྡུས་པ་འདི་ཡིནྡ་ཏེ། ་བཅོམ་ལྡན་འདས་ཀྱིས་འདི་ལྟར་མི་བསླུ་བར་གསུངས་ཏེ། ཡིད་ཆེས་པ་དང་སྡོམ་པ་ལ་གནས་པ་ལྷའི་སྐུ་བསྐྱེད་པ་ལ་བརྩོན་པ་ལྷ་རྣམས་ཀྱི་རྗེསུ་གནང་བས་གང་གི་ཚེ་ཟླ་བ་དྲུག་དང་ཟླ་བ་གཉིས་དང་གཅིག་དང་ཟླ་བ་ཕྱེད་ཀྱིས་འགྲུབ་པར་མི་འགྱུར ་ན། དེའི་ཚེ་ཞག་བདུན་གྱིས་བསྒྲུབ་པ་བརྩམ་པར་བྱ་སྟེ། ས་བོན་བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་པའི་ནང་དུ་བཀོད་པའི་དཀྱིལ་འཁོར་གྱིས་དབུས་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་དང ་ལྡན་པས་རང་གི་བཾ་སྤུ་ག་ནས་བྱུང་བ་ལྷ་མོའི་ཚོགས་གིས་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ་བླ་ན་ཡོད་པའི་མཆོད་པས་མཆོད་ལ། དེ་རྣམས་ཀྱིས་ཀྱང་སྙན་པ་དང་ཡིད་དུ་འོང་བའི་ཚིག་གིས་གསོ ་བ་བཏབ་ཅིང་སྤྱན་དྲངས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་ཏུ་ཐ་མི་དད་པར་བདག་ཉིད་བསྒོམས་པར་བྱའོ།། དེའི་ཚེ་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ།། དེ་ལྟར་བྱས་ཀྱང་གྲུབ་པར་མ་གྱུར་ན་དེའི་ཚེ་རང་གི་ཡེ་ཤེས་སེམས་པའི་ཐུགས ་ཀ་ལ་གནས་པོའི་པདྨ་དང་ཟླ་བ་རྡོ་རྗེའི་ཆང་ཟུངས་ཀྱི་ཧཱུཾ་ལས་འབྱུང་བའི་གནོད་མཛེས་ཀྱིས་རྒྱལ་པོ་དང་འདྲ་བ་ས་བོན་གསུམ་གྱིས་བརླབས་པ། རྡོ་རྗེ་ལྕགས་ཀྱུ་རང་གི་ཁམས་ཕྱུང་ཞིང་དེ་ཡོངསུ་གྱུར་པ་ལ་གནོད་མཛེས་ཀྱི་རྒྱལ་པོ་ཡཾ་ལས ་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྦྲང་དུ་རཾ་ལས་བྱུང་བ་གྲུ་གསུམ་གྱི་ཤིང་རྟ་ལ་གནས་པར་བྱས་ལ་བསྐལ་པའི་མེ་དང་ཉི་མ་ལྟར་འབར་བ་བཀའ་བསྒོ་བ་པར་བྱ་ཞིང་བཏང་བར་བྱའོ།། དེ་སོང་ཞིང་ཡིས་སེམས་དཔའ་དི་ཉིད་ཀྱི་ཐུགས་འབར ་བཾ་ཐོབས་བརྡེག་ཅིང་། ཆེ་གེ་མོ་ཞིག་རྡོ་རྗེ་ཆེ། ཁྱོད་རྣམས་ཀྱིས་ནི་བསྟན་པར་གནས།། ཁྱེད་ལ་རྟག་ཏུ་དད་པ་ཅན།། དམ་ཚིག་བསྲུང་བ་ལ་བརྩོན་པ།། དབང་བསྐུར་བ་དང་རྗེས་གོ་ནང་ཐོབ།། དེ་ལ་དངོས་གྲུབ་སྦལ་བར་མཛོད།། ཅེས་བརྗོད ་ཅིང་ལྡོག་པར་བསམས་ཏེ། དེ་ལྟ་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ།། དེ་ལྟར་ཡིན་ཡང་གལ་ཏེ་དངོས་གྲུབ་མི་སྩོལ་ན་དེའི་ཚེ་རིག་མའི་པདྨའི་ནང་དུ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་ཧཱུཾ་ལས་སྐྱེས ་པའི་ཉི་མའི་དཀྱིལ་འཁོར་ཉི་མ་བྱེ་བ་དང་མཚུངས་པ་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཕཊ་དང་ཡི་གེ་རཾ་ཡོངསུ་གྱུར་ནས་བསྐལ་པའི་མེ་ལྟར་འབར་བ་གྲུ་གསུམ་བསམས་ཏེ། གསང་བའི་རྡོ་རྗེ་སྔ་མ་བཞིན་དུ་འབར་བར་བསམས་ལ་དེ་བོའི ་རྡོརྗེ་ལྕགས་ཀྱུ་ཡང་སྤྲོ་ཞིང་བསྟན་ལ། དེས་ཡེ་ཤེས་ཀྱི་ལྷའི་ཐུགས་ཀར་འབིགས་ཤིང་འགུགས་པ་དང་ཞུགས་ཤིང་ལྷ་མོའི་པདྨའི་གནས་སུ་མེ་ལོང་གི་དཀྱིལ་འཁོར་དུ་གཞུག་གྲོ། གསང་བའི་རྡོ་རྗེ་དེ་ཡང་མེའི་འོད་སྤྲོ་བ་པདྨ་ལས ་ཞུགས་ཏེ། རིག་མའི་ཁར་བཅུག་པའི་སྔགས་ཀྱི་ཕྲེང་བ་དོ་དེའི་སྤྱི་བོར་བསྐལ་པའི་མེ་ལྟར་འབར་བ་ཕབ་པར་བསམ་མོ།། དེ་དག་ཐམས་ཅད་ཀྱིས་ནི་ཐལ་བར་འགྱུར་བར་བསམས་ཏེ། དེའི་ཤེས་པ་མར་མེ་དང་མཚུངས་པ་ཡི་གེ་ཧཱུ~ཾ་གི་གཟུན ་ཅན་ཡོངས་གྱུར་པ་ལས་རྡོ་རྗེ་འཆང་གི་སྐུ་བསྒོམས་ཏེ། རང་གི་ལུས་ལ་ཞུགས་ཤིང་དེ་དང་ལྷན་ཅིག་དབྱེར་མེད་པར་བདག་ཉིད་བསྒོམ་ན་ཞག་བདུན་ཉིད་ཀྱིས་གསང་བའི་དམ་ཚིག་ལྡང་བའི་རིག་པར་ངེས་པར་འགྲུབ་པར་འགྱུར་རོ།། ་རྣམ་པ་བཞི་པོ་དེ་དག་གིས་རིམ་པ་ཇི་ལྟ་བ་བཞིན་དུ། བསྡུམ་པ་དང་། སྦྱིན་པ་དབྱེ་བ་དང་། ཆད་པའི་རིམ་པ་ཤེས་པར་བྱའོ།། དེ་ནི་སྒྲུབ་པའི་ཕྱོགས་གཅིག་གོ།། འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་བཤད་པར་བྱ་སྟེ། རྡོ་རྗེ་འཆང ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པས་རང་གི་རིག་མ་དང་སྙོམས་པར་འཇུག་ཅིང་མཆོག་ཏུ་ཆགས་པའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་རང་གིས་ལུས་ལ་བཅུག་སྟེ། སྤྱན་མ་ནས་བརྩམས་ཏེ་རེག་བྱ་རྡོ་རྗེ་མའི་བར་དུ་ལྷ་མོ་དགུའི་ཚུལ་དུ ་སྤྲོས་ལ། དེས་ནི་འདོད་ཆགས་ཀྱི་སྤྱོད་པ་དང་ལྡན་པའི་སེམས་ཅན་གྱི་དོན་བྱས་ལ་དགུག་ཅིང་བསྒྲུབ་བྱ་ནི་རང་གི་རིག་མའི་སྐུ་ལ་ཞུགས་ཏེ། ཡང་སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་སྤྲོ་ཞིང་ཕྱོགས་བཞི་ལ་གནས་པའི་ཕྱག་རྒྱའི་དཀྱིལ་འཁོར་གྱི ་དབུས་སུ་ལྷའི་བདག་ཉིད་བསམས་ཏེ། འཁོར་ལོ་ཅན་ཐམས་ཅད་བསྡུ་ཞིང་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་མཉེས་ཤིང་། སྔགས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་པས་མཆོག་ཏུ་དགའ་བའི་དུས་སུ་མི་གསུང་བར་འགྱུ ་ང་དདེའི་ཚེ་བྱང་ཆུ་བ་ནི་འོད་གསལ་བའི་དེ་ཁོ་ན་ཉིད་བསྒོམ་པ་ནི་ལྕགས་ཞིང་ཐིམ་པར་བྱའོ།། དེ་ནས་ཁྱོད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཚིགསུ་བཅད་པ་བཞི་པོས་སྟན་ལ་སོ། པས་རྒྱལ་ཞིང་ས་རྦྦ་ཙྪིནྡ་གྱི་དོན་བྱའོ།། དེ་ནི་དང ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་པོ་དང་ལས་ཀྱི་རྒྱལ་མཆོག་གོ།། ནང་གི་བདག་ཉིད་ཀྱི་རིམ་པས་དབང་བསྐུར་བཤད་པར་བྱ་སྟེ། དུས་གསུམ་རྡོ་རྗེ་ནི་དུས་གསུམ་པོའི་དེ་བཞིན་གཤེགས་པའོ།། དེའི་རང་བཞིན་ནི་དེའི་ཇོ་བོ་སྟེ། ཡེ་ཤེས་ནི ་དེའི་བདག་ཉིད་ཀྱི་ཡེ་ཤེས་བསྡུས་པས་བསམས་ལ། དེ་བཞིན་དུ་ནི་དུས་གསུམ་པའི་དེ་བཞིན་གཤེགས་པ་བཞིན་དུ་ལུས་ནི་ལུས་ཀྱང་བསྒོམ་པར་བྱའོ།། དེ་ནས་དུས་གསུམ་པའི་དེ་བཞིན་གཤེགས་པ་རིག་མའི་པདྨར་ཞུགས་ཏེ། ་ཁ་དོག་དེ་ཉིད་ནི་རྡོ་རྗེ་འཆང་ཆེན་པོའི་འདྲ་བའི་ཁ་དོག་སྟེ་དཀར་པོའོ།། ཐུགས་ཀ་ནས་ཕྱུང་ཞིང་རོ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེའི་ལམ་ནས་སྤྲོ་ཞིང་རང་གི་རྒྱུ་ནི་རིག་སྡེ་སྤྱི་ནང་དུ་དབང་བསྐུར་བར་བྱ་སྟེ། ཕྱེ་བ་ནི་བསྒྲུབ་པར་བྱ་བ་འབྲས་བུ་ནི་རྡོ་རྗེ་འཆང ་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར་རོ།། དེ་ནས་གཞན་གྱིས་དོན་གྱིས་བྱེད་པར་འདོད་པས་སྔགས་ནི་ཕྱུང་བའི་སྔགས་ཏེ། རང་རང་གི་སྔགས་ཀྱིསོ།། ཆོས་ནི་ཞལ་གསུམ་པ་ལྟ་བུ་ལ་སོགས་པའོ།། དབྱེ་བར་གྱུར་པ་ནི་སྤྲོ་བར་བྱ་སྟེ། རིགས་ནི་ལས་ཀྱི་ཕྱག་རྒྱ ་མ་འམ། ཆོས་ཀྱི་ཕྱག་རྒྱ་ནི་ཡེ་ཤེས་ཀྱི་པད་མའི་ནང་ནས་སྤྲོ་བར་བྱའོ།། དེ་གང་ཡིན་ཞེ་ན་འཁོར་ལོ་སྒྱུར་བ་དྲུག་གཙུག་ཏོར་ཏེ། འདོད་པའི་རྒྱལ་པོ་ལ་སོགས་པའོ།། རིག་པའི་རྒྱལ་མོ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའོ།། རྫུ་འཕྲུལ་ཆེ་ནི་དེ་བཞིན ་གཤེགས་པ་ལྔའོ།། འཁོར་ལོས་སྒྱུར་བ་ནི་གཙུག་ཏོར་སྟེ་འདོད་པའི་རྒྱལ་པོ་ལ་སོགས་པའོ།། འདོད་པ་ཀུན་ནི་གཤིན་རྗེ་གཤེད་ལ་སོགས་པའོ།། རྡོ་རྗེ་བདག་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་སྤྲོ་ཞིང་ལེའུ་བཅུ་བདུན་པ་ལས་གསུངས ་པའི་བསམ་གཏན་གྱི་འཁོར་ལོ་སྟེ། ནོང་གི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རིག་པའི་དབང་བསྐུར་བ་ན་རག་པའི་དབང་བསྐུར་བར་བྱའོ།། ཆོ་གའི་སྦྱོར་བ་ནི་བསམ་གཏན་གྱི་སྦྱོར་བས་སོ།། ཡེ་ཤེས་ནི་མཆོག་ཏུ་དགའ་བའི་ཡེ་ཤེས་དང་ཆབ ་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་རྡོ་རྗེ་ནི་རིག་མའི་པདྨའི་དཀྱིལ་འཁོར་བ་རྣམས་དང་གཉིས་མེད་པ་བྱེད་པ་ནི་རོ་གཅིག་པར་བྱེད་པ་སྟེ་སྒྲུབ་པ་ཞེས་བྱའོ།། གཞན་ཡང་སྔར་བཤད་པའི་རིམ་གྱིས་ནི། རིག་པའི་སྐྱེས་བུ་རྡོ་རྗེ་ཅན་ནི་ཡེ་ཤེས་ཀྱི ་ཕྱག་རྒྱ་དང་སྙོམས་པར་འཇུག་པ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་རིག་མའི་པདྨའི་དཀྱིལ་འཁོར་དེ་ཉིད་ལས་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྤྲོས་ལ། དེ་རྣམས་ཀྱི་འགྲོ་བ་སྦྱངས་སྟེ། ཡང་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་ཤར་ཕྱོགས ་ལ་སོགས་པར་རིམ་གྱིས་ཞུགས་ཏེ། དཀྱིལ་འཁོར་ཆེན་པོར་བསྒོམ་པར་བྱའོ་ཞེས་པ་སྒྲུབ་པ་ཆེན་པོར་བཤད་དོ།། དཀྱིལ་འཁོར་ལ་ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། ས་བཟུང་བ་ནི་བསྙེན་པའི་དུས་ཏེ། དེ་ལ་གཙུག་ཏོར་འཁོར་ལོས་སྒྱུར ་བའི་གཟུགས་བསྒོམ་པར་བྱ་སྟེ། ཐམས་ཅད་དུ་དབང་བྱེད་པའི་ཕྱིར་རོ།། དེ་ནས་ས་བརྐོ་ཞིང་གང་བར་བྱས་ལ་ཟུག་རྔུའི་སྐྱོན་ཐམས་ཅད་གདོན་པར་མི་ནུས་ན། དེའི་ཚེ་ཉེ་བར་བསྒྲུབ་པ་དུ་ཅེས་སྦྱོང་འི་དུས་ནས་ཀྱི་འཁྱིལ་པའི་གཟུགསུ་བསམས་ལ། ཨོཾ་ཨ ་མྲྀ་ཏཱ་ཀྲཱཏྟཱ་ལཱི་ཨཱཿཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱི་སའི་དབུས་སུ་ལག་པ་བཏབ་ནཱ་སྟོབས་དང་ལྡན་པའི་སྦྱང་བར་འགྱུར་རོ།། དེ་ནས་སྒྲུབ་པ་ནི་དཀྱིལ་འཁོར་བྲི་བའི་དུས་སུ་སྐུ་རྡོ་རྗེ་ལྔ་སོགས་པའི་དཀྱིལ་འཁོར་བྲི་བར་འདོད་པའི་རྣལ་འབྱོར་ཐ ་རང་གྱི་བདག་ཉིད་ནི་རང་གི་ལྷའི་སྦྱོར་བ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་སྐུ་བསྒོམ་པར་བྱའོ།། སྒྲུབ་པ་ཆེན་པོའི་དུས་ནི་ཐིག་གོདབ་པའི་དུས་ཏེ། དེ་ལ་སྒྲ་ནི་སློབ་མ་བདུད་རྩི་འཁྱིལ་པ་དང་། སངས་རྒྱས་བདག་པོ་ནི་སྐུའི་དཀྱིལ་འཁོར་ལ ་བལྟོས་ལ་འོད་དཔག་ཏུ་མེད་པ་འམ། མི་བསྐྱོད་པའི་གཟུགསུ་བསྒོམས།། གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ་བལྟོས་ཏེ། རྣམ་པར་སྣང་མཛད་དམ། མི་བསྐྱོད་པ་འམ། འོད་དཔག་ཏུ་མེད་པ་འམ། རྣམ་པར་སྣང་མཛད་ཀྱིས་གཟུགསུ་བསྒོམས་ཏེ། ་ཁྱབ་བདག་ནི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ།། འདི་དེ་སངས་རྒྱས་ཐམས་ཅད་ནི་རྣལ་འབྱོར་པ་ཐམས་ཅད་ཀྱིས་གསང་བ་སྟེ། བྱ་བའི་རྒྱུད་ལ་སོགས་པའི་རྣལ་འབྱོར་པཱ་ལ་བསྟན་པར་མི་བྱའོ།། མཆོག་ནི་དམ་པའི་རྣལ་འབྱོར ་བ་སྟེར་སྒྲུབ་པ་པོ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཕྱེ་བ་ན་བསྙེན་པ་ལ་སོགས་པའི་དབྱེ་བ་ཤེས་ཤིང་རྟོགས་ནས། དངོས་གྲུབ་ནི་རྣམ་པ་གཉིས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ།། གཞན་དུ་ན་བསྐལ་པ་བྱེ་བས་ཀྱང་འགྲུབ་པར་མི ་འགྱུར། མཆོག་ནི་འཇིག་རྟེན་ལས་འདས་པའོ།། ཞི་བ་ནི་ཐུན་མོང་མ་ཡིན་པའོ།། སངས་རྒྱས་ནི་དེ་བཞིན་གཤེགས་པ་དང་། སྐྱོབ་པ་ནི་རྡོ་རྗེ་འཆང་ཆེན་སྟེ། དེ་རྣམས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ།། ཞེས་བྱ་བ་ནི་ཕུལ་དུ་ཕྱུང་བའི་ཚིག་སྟེ། ་བསྐྱེད་པའི་རིམ་པའོ།། རྫོགས་པའི་རིམ་པའི་བསྐྱེད་པ་ལ་སོགས་པ་བཤད་པར་བྱ་སྟེ། བསྒྲུབ་བྱ་དང་སྒྲུབ་པ་ནི་ཤེས་རབ་དང་ཐབས་སོ།། དེ་དག་སྦྱོར་བ་ནཱི་ཙུམ་པ་ན་དང་། ཨ་ལཱི་ཀ་ན་དང་། ན་གཱ་པུ་ཤ་དང་། བཏབ་པའི་མཚན་ཉིད་དེ། ཕྱི་རོལ་གྱི ་བྱ་བོ་ནི་བསྙེན་པར་བཤད་དོ།། སྔ་མ་བཞིན་དུ་སྔགས་ལ་བསྐྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་དང་། པདྨོར་མཉམ་པར་སྦྱོར་བ་ནི་ཉེ་བར་སྒྲུབ་པའོ།། ས་བོན་གྱི་བྱིན་གྱིས་བརླབས་པས་དེ་དག་གིས་བསྐྱོད་པ་ནི་སྒྲུབ་པའོ།། རང་རིག་པ་རང་བཞིན་གྱིས ་འོད་གསལ་བ་བདེ་བ་ཆེན་པོ་ཉམ་སུ་མྱོང་བ་ནི་སྒྲུབ་པ་ཞེས་བྱ་བའོ།། དེ་ཉིད་ཐབས་ལས་བྱུང་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་སྟེ། ཡེ་ཤེས་དེ་ཉིད་སངས་རྒྱས་ཐམས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོའོ།། དཔལ་ལྡན་ནི་བསོད་ནམས་དང་ཡིས ་དང་ལྡན་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་གན་སོ།། སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཆེན་པོ་ལྔ་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་ཐབས་ནི་རྒྱུ་ཡིན་ལ། འདི་ནི་ཐབས་ལས་བྱུང་བ་སྟེ།། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ནི་དངོས་པོ་རྣམས་ཀྱི་དེ་ཉིད ་ཆོས་ཉིད་དེ། རང་བཞིན་དང་དེ་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། རབ་ཏུ་བྱེད་པ་ལས་ཀྱང་། འདི་ནི་རྫོགས་པའི་རྣལ་འབྱོར་པ།། རྡོ་རྗེ་འཛིན་པ་ཆེན་པོ་འང་དེ།། རྣམ་པ་ཀུན་གྱིས་མཆོག་ལྡན་པའི།། ཐམས་ཅད་མཁྱེན་པར་དེ་ནས་འགྱུར། འདས་པ ་དང་ནི་མ་འོངས་དང་།། ད་ལྟར་བྱུང་བའི་སྲིད་གསུམ་ནི།། འོད་གསལ་བས་ནི་རྣམ་དག་པས།། སྐད་ཅིག་དེ་ལསས་། བ་ཤད་དོ།། དེ་ནི་རང་བཞིན་དང་རྒྱུ་དང་ལས་དང་འབྲས་བུའོ།། དེ་ནི་ལས་ཀྱི་ཚོགས་དྲི་བའི་ལན་བཤད་པར་བྱ་སྟེ། ལུས་ཞེས ་བྱཱབྱ་བ་ལ་སོགས་པ་ལ། ལས་གང་དང་གང་གིས་རྣལ་འབྱོར་པས་དེ་བྱེད་པར་བརྩམ་ན། དེ་དང་འདྲ་བའི་སྦྱོར་བ་ནི་ཏིང་ངེ་འཛིན་ལ་དམིགས་པར་བྱའོ།། ཞི་བ་འམ་དྲག་པོ་འམ་དེ་དང་མཐུན་པའི་དཀྱིལ་འཁོར་བྱའོ་ཞེས་ཚིག་གིས་ལྷག་མའོ།། ལན ་ཅིག་དྲག་པོའི་ལས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ཅིང་ན་མཁའི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དམ་ཚིག་མི་བཟད་པ་ནི་དྲག་ཤུལ་གྱི་སྤྱོད་པ་བསྒོམ་པ་ནི་ཞུ་བར་བྱའོ།། དམ་ཚིག་ནི་རང་གི་བདག་ཉིད་ཀྱི་ལུས ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པ་ལ་བསྲུང་བར་བྱའོ།། ཡང་ནི་གཙུག་ཏོར་དམ་ཚིག་ནི་གཙུག་གཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་ཁྲོ་བོའི་འཁོར་ལོ་སྒོ་ཞིང་། ཇི་ལྟར་ཆོ་ག་གསུང ་པ་ལས་བྱུང་བ་ནི་རྟོག་པ་ལས་གསུངས་པའི་ཆོ་གའི་རིམ་པ་ལས་འབྱུང་བས་བསྲུང་བའི་འཁོར་ལོ་བཅིང་བར་བྱའོ།། དེ་ནི་ཁྲོ་བོའི་རྒྱལ་པོའི་འཁོར་ལོ་སྟེ། དེ་དང་རྗེས་མཐུན་པ་ནི་དེ་དང་འདྲ་བའི་དབུས་ཀྱིས་གཙོ་བོའི་ཚུལ་གྱིས་རང ་འཁོར་ལོ་ནི་ཁྲོ་བོའི་འཁོར་ལོ་བཀའ་བསྒོམ་པར་བྱའོ།། དེ་བཞིན་དུ་སྒྲུབ་པ་ནི་གདུག་པའི་བདག་ཉིད་ལུས་གང་ཡིན་པ་དེ་ཡང་ཡིན་པ་དེ་ཡང་དཀྱིལ་འཁོར་གྱི་དབུསུ་བསྒོམ་པར་བྱའོ།། དེ་ནས་དེའི་ཉེས་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ ་གནོད་པའི་མཚན་ཉིད་ཀྱི་ལས་ངན་སྡེ། དེའི་ལུས་ལ་གནས་པའི་འཁོར་ལོ་ལ་ནི་འགྲོ་བ་ཐམས་ཅད་ལ་ཁྱད་པར་བྱེད་པ། དེ་བཞིན་གཤེགས་པ་རྣམས་ལ་བསྒྲགས་པར་བྱ་བ་ནི་འདི་ལྟ་སྟེ། འདི་ནི་དཀོན་མཆོག་གསུམ་གནོད་བྱེད།། ཕ་དང་། ་མ་ནི་གསོད་པར་དགའ།། དམ་པའི་ཆོས་སྨོད་ལ་བརྩོན་པ།། སློབ་དཔོན་གསོད་ཅིང་གདུལ་བར་དཀྲུའ།། བསྟན་པ་ལ་སོགས་རིམ་པས་ཀྱང་།། ལམ་ལ་བརྟེན་པ་མ་ཡིན་པ།། བཅོམ་ལྡན་དེ་རིང་བདག་གིས་ནི།། དེ་ལ་དྲུག་ཤུལ་མངོན་སྤྱོད་བགྱི།། ་ཞེས་དམ་ཚིག་བསྒྲགས་པའོ།། དེ་ནས་གདུག་པའི་སེམས་ཅན་དེ་ལ་བསད་པར་བྱ་བའི་དོན་དུ་ཁྲོ་བོ་དེ་དག་བྱུང་བ་ནི་ཕྱོགས་བཅུར་སོང་བར་བསྒོམ་པར་བྱའོ།། དེ་རྣམས་ཀྱིས་དེ་བཀུག་ཅིང་རང་གི་འཁོར་ལོ་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་དབུས ་སུ་བཅུག་ནས། རལ་གྲི་ལ་སོགས་པས་གཅོད་པར་བསྒོམ་པར་བྱའོ།། ཡང་ན་ཇི་ལྟར་གསུངས་པ་ནི། ལེའུ་བཅོ་ལྔ་པ་ལས་གསུངས་པའི་རྫས་ནི། དེ་ལས་བྱུང་བའི་ནི་བསྐྱེད་པའི་གཟུགས་བརྙན་ནི། དེ་དང་འདྲ་བའི་གཟུགས་ཏེ། ་ཐོ་བྱས་ཁྱབ་བཱ་སྐེམས་ནི་དྲག་ཤུལ་དང་ལྡན་པའི་སེམས་ཀྱིས་གཅེར་བུ་དང་སྒྲ་དཀྲོལ་བར་གྱུར་ཅིང་། རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་པས་དེ་མནན་ཅིང་། གཡས་བརྐྱང་བས་གནས་པས་ལྷོ་ཕྱོགས་ཁ་བལྟས་ཏེ། གཤིན་རྗེག ་ལ་སོགས་པའི་ཁྲོ་བོའི་སྔགས་བརྗོད་པས། རང་གི་སྙིང་ཁ་ནས་ཁྲོ་བོའི་འཁོར་ལོ་སྤྲོས་ཏེ། སྣ་ཚོགས་ཚོགས་ནི་བླུན་དང་བྲན་མོ་དང་། ཕོ་ཉ་དང་ཕོ་ཉ་མོ་དཀའ་ཉན་མོའི་ཚོགས་ཀྱིས་ཡོངསུ་བསྐོར་བ་ནི་འཁོར་དང་བཅས་པ་ཡི་གེ་དྷྭཾ་གིས་བརྡེག་པར ་བྱ་བའི་ཕྱིར་བཀའ་བསྒོ་བར་བྱའོ།། དེ་དག་སོང་ཞིང་སྒྲུབ་པ་རྡོ་རྗེ་ཅན་ནི།། རྣལ་འབྱོར་པའི་བཀར་བསྒྲུབ་པར་བྱ་བའི་དོན་དུ། བསྒྲུབ་བྱ་ནི་ཞགས་པས་བཅིངས་ལ་ཐོ་བས་བརྡེག། ཁྲོ་བོའི་རྒྱལ་བ་ནི། ཁྲོ་བོའི་ཚོགས་ཀྱིས་བཀུག་ཅིང་། འཇིགས་པ་ནི ་འཇིགས་པས་ཁྱབ་ཅིང་བརྡུང་བབ་ནི་སྐབས་མེད་པ། སྐྲག་པ་ནི་སྐྱབས་དང་བྲལ་བ། གྱུར་པ་ནི་མིག་བཟློག་པཱ། བསྒྲུབ་བྱ་ནི་འགུགས་པར་བྱའོ།། དེ་ནས་སྒྲུབ་པ་བྱོས་བསྒྲུབ་བྱ་དེ་དོན་དུ་གནས་པར་མཐོང་ཞིང་། དེའི་གཟུགས་བརྙན་ལ་ཕབ་པ་ནི་ཞུགས་པར་བྱའོ།། ་དེདྲིའི་རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་ཚར་དུ་གནས་པ། ཕུར་བུའི་སྔགས་ནི་གནོད་མཛེས་ཀྱི་རྒྱལ་པོའི་སྔགས་ཀྱིས་གདོབ་པར་བྱའོ།། སྤྱི་བོ་དང་ལྐོག་མ་དང་། སྙིང་ཀ་ལ་སྐུ་གསུང་ཐུགས་ཀྱི་ས་བོན་གྱི་གཟུགས་ལ་ཕུར་བུས་གདབ་པ ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་ཡམས་ནི་སྡུག་བསྔལ་ལོ།། ཉེ་བར་འཚོ་བ་ནི་ཤ་ལ་སོགས་པ་དང་། ནང་ནི་རིམ་ལེ་སོགས་པ་དང་། སྣ་ཚོགས་ཡུལ་ལས་བྱུང་བ་ནི་དུག་ནག་པོ་བརྩེགས་པ་ལ་སོགས་པ་དང་། འབྱུང་བ་ནི་གང་ལས་བྱུང་བར ་ནི་འབྱུང་བ་སྟེ། མཆེ་བའི་དུག་དང་། དྲན་པའི་དུག་དང་། རེག་པའི་དུག་དང་། རེག་པའི་དུག་དང་། ལྟ་བའི་དག་དང་། ལྟ་བའི་དུག་ལ་སོགས་པའི་སྦྲུལ་རྣམས་སོ།། སྦྲུལ་རྣམས་ཀྱི་དུག་དེ་དགུག་ཅིང་གཟུགས་བརྙན་དེའི་མགོ་བོ་ལ ་སོགས་པ་ལ་གཞུག་ཅིང་སྔ་མ་བཞིན་དུ་ཕུར་བུ་གདབ་པར་བྱའོ།། དེ་ནས་སྦྱོར་བ་ཐམས་ཅད་ཀྱི་ཆོ་ག་ཇི་སྐད་གསུངས་པ་བཞིན་བྱ་བ་ནི་ཕྱོགས་དང་། ཡུལ་དང་། དུས་དང་། རིམ་པ་དང་མཐུན་པའི་སྔགས་ཀྱི་ནི་ཁྲོ་བོའི་སྔགས་དང་། འཁྲུལ་འཁོར་ནི་འངྒཱ ་འཁོར་གྱིས་སྦྱོར་བ་དང་། སོགས་པའི་སྒྲས་ནི་རྫས་ལ་སོགས་པ་དང་། ཕྱོག་རྒྱ་རྣམས་ཀྱིས་ཀྱང་སྦྱོར་བར་བྱ་བ་ནི། སྦྱོར་བ་བཞིའི་རིམས་ཀྱིས་རྫོགས་པར་བྱའོ།། ཡང་ནཱ་སྔར་བཤད་པའི་ཁྲོ་བོའི་གཟུགས་དང་ལྡན་པས་ཁྲོ་བོའི་སྔགས་དང་ལྡན་པ། ་ཁྲོ་ཟའི་སྔགས་བཟློས་པས་འགྲོ་བའི་གཟུགས་བརྙན་མཚན་མ་གཅིག་ལ་སོགས་པའི་སཱ་རུ། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་ནི་རྐང་པ་གཡོན་པས་མནན་ཞིང་ཤི་མ་ད་ནའི་མེ་ལ་ཁྲོ་བོའི་དཀྱིལ་འཁོར་གྱིས་དབུས་གནས་པ་ནི་མི་བསྐྱོད ་པའི་རྣལ་འབྱོར་པས་གཟུགས་བརྙན་གྱི་དུམ་བུ་དུམ་བུ་གཏུབ་ཅིང་བསྲེགས་ན་དགྲ་འཆི་བར་འགྱུར་རོ།། ཡང་ན་གདུག་པའི་སེམས་ཅན་ནི་རེ་ཞིག་མཁའ་ལ་སྤྱོད་པ་སྟེ། བྱཱ་དང་། བྱ་རྒོད་དང་། ཀང་ཀཱ་ལ་སོགས་པའོ།། ས་ལ་སྤྱོད་པ་ནི་སྐྱོང་ཀི། ་དང་དོམ་དང་དྲོད་ལ་སོགས་པའོ།། ས་འོག་སྤྱོད་པ་ནི་ཆུ་སྲིན་དང་རུ་སྦལ་ལ་སོགས་པའོ།། ཐང་ལ་སྤྱོད་པ་ནི་སྦྲུལ་ལ་སོགས་པ་སྟེ། དེ་དག་ཁྲོས་པར་གྱུར་པས་ཁ་སྦྱོར་ཆེ་ཞིང་འཇིགས་པ་མིག་བཟློག་པས་ལ་ལྟུང་རྡུལ་གྱིསཽ་ལུས་བྱུགས ་པ་སྟེང་དང་འོག་ལས་ཁྲག་བྱུང་བས་བོས་པར་འགྱུར་བ་ནི་དུམ་བུར་ཟློས་པར་གྱུར་པར་རབ་ཏུ་བརྟགས་པས་བསམས་ན་དགྲ་པོ་འཆི་བར་འགྱུར་རོ།། ཁྱབ་པར་ནི་ཡི་གེ་ཧཱུཾ་གི་རྣམ་པའི་ཤེས་པ་དཔལ་ལྡན་མི་བསྐྱོད་པའི་གཟུགས་ཅན་དཀྱིལ་འགྲོ ་པས་ཡོངསུ་བསྐོར་བ་ཆོས་སྦྱིན་པའི་དྲུང་དུ་སོང་བར་བསམས་པར་བྱའོ།། ཡང་ནཱ་རང་གི་སྙིང་ཀའི་ཡེ་ཤེས་དཔའི་ས་བོན་གྱི་ཐཱག་ལེ་ལ་འཇུག་གོ།། འོན་སྲོག་གཅོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མདོ་སྡེ་དང་དེར་རྣམ་པར་སྨིན་པ ་བཟོད་བཀའ་བར་གསུངས་ཏེ། གང་ཞིག་སྲོག་གཅོད་པ་མི་གདུག་པ།། དྲག་པོ་ཁྲག་གིས་ལག་པ་བྱུག། སྡིག་པའི་ལས་ནི་ཀུན་སྤྱོད་པ།། རྟག་ཏུ་ངུ་འབོད་སྐྱེ་བར་འགྱུར།། དེ་བཞིན་འཆི་བས་ཚེ་ནི་ཐུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ ་གསུངས་ན། དེ་བཅོམ་ལྡན་འདས་ཀྱིས་གསུང་ཇི་ལྟར་འགལ་བ་མ་ཡིན་ནམ་ཞེ་ན། སྨྲས་པ་སྒྲོག་ཆགས་ཞེས་བྱ་བ་ནི་ཐམས་ཅད་དོ།། འཚེ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་གང་ཞིག་སྡིག་པའི་ལས་ཅན་ཐབས་མཁས་གྱེས་ཀྱང་འདུ ་བར་མི་ནུས་ན་མན་མེད་པའི་དམྱལ་བར་ལྷུང་བ་དང་ཉེ་བར་བསྲུང་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་སྔགས་དང་ཕྱག་རྒྱའི་རིམ་པས་གསོད་ཅིང་དེ་བཞིན་གཤེགས་པའི་སྒྲ་སྐྱེད་པར་བྱེད་དེ་ཚར་གཅོད་པའི་སྒོ ་ཕན་འདོད་པར་བྱེད་དོ།། གལ་ཏེ་གཅིག་ནི་གསོད་འགྱུར་ན།། མང་པོ་བདེ་བ་ལྡན་གྱུར་ཏོ།། ད་ནི་བསོད་ནམས་ཚོགས་ཆེན་པོ།། གཞན་དུ་ན་ནི་སྡིག་པ་ཆེ་ཞེས་གསུངས་པའི་དོན་ཏོ།། འོ་ན་བསད་པའི་ཚེ་དང་བྲེ་ལ་བ་སྟེ།། ཇི་ལྟར་མ་མཚན་མ་ལ་མི ་པས་གནད་གཅོད་པའི་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་བཞིན་དུ་སྔགས་དང་ཕྱག་རྒྱའི་རིམ་པས་ཀྱང་ཡིན་ཏེ། དེ་བས་ན་དེའི་རྣམ་པར་སྨིན་པ་ནི་མཚུངས་པ་ཉིད་དོ།། གང་གི་ཕྱིར་ཕ་རོལ་པོ་ནི་བདག་ཉིད་ཀྱི་སྲོག་དང་བྲལ ་ནི་མྱི་འདོད་དེ། དེ་ནི་ཐམས་ཅད་འདོད་དོ་ཞེས་པའི་ཕྱིར་རོ་ཞེ་ན། དེ་ལྟར་མ་སྨྲ་ཞིག། སྔགས་ལ་སོགས་པའི་རིམ་གྱིས་སྲོག་དགུག་པར་བྱས་པ་ནི་ཕ་རོལ་ནི་སྡུག་བསྔལ་འབྱུང་བར་མི་འགྱུར་གྱི། འོན་ཀྱང་རྨི་ལམ་དུ་སྣ་ཚོགས་ཀྱི་ཀུན་དགའ་ར་བ་ལ་ས ་པོ་མཐོང་བ་བཞིན་དུ་ཡིད་བདེ་བ་ཉམསུ་མྱོང་བར་འགྱུརརོ་ཞེས་མཚུངས་པ་ཡིན་ནོ།། ཐམས་ཅད་ཀྱི་སྲོག་ཅེས་ཤེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་འདོད་ཆགས་ལ་སོགས་པ་དང་། སྲིད་པའི་ལོངས་སྤྱོད་བཅོས་མ ་མ་ཡིན་ན་ཡང་ཐམས་ཅད་ཀྱི་ཞེན་པ་དེ་སྤང་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་དོན་མེད་པར་ཐལ་བར་འགྱུར་རོ།། དེ་བྱས་ན་དེའི་སྡིག་པ་སྤོང་བའི་དོན་དུ་སྒྲོག་ཅེས་པ་ཡིན་ན་ཡང་བགུགས་ན་སྐྱོན་ནོ་ཅུང་ཟད་ཀྱང ་མྲྀད་དེ། གཞོན་ནུ་དོན་ཐམས་ཅད་གྲུབ་པས་འཁོར་ལོས་སྒྱུར་བའི་རྒྱ་ལ་སྐྱིད་ཀྱི་ལོངས་སྤྱོད་བོར་བ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་ཞེས་སྒྲུབ་པའོ།། ཞི་བ་ལ་སོགས་པ་བཤད་པར་བྱ་སྟེ། ཞི་བ་བྱེད་པར་འདོད་པའི་རྣལ་འབྱོར་པས། ཞི་བའི ་སེམས་ནི་འཇམ་པའི་སེམས་དང་ཕྱི་རོལ་གྱི་ཡོ་བྱད་ཀྱང་འཇམ་པར་བྱའོ།། རྒྱས་པར་བྱེད་པར་འདོད་ན་སེམས་ནི་རྒྱས་པ་དང་རྫས་ཀྱང་གསེར་གྱི་ཁ་དོག་ལྟ་བུར་བྱའོ།། དབང་ནི་རྒྱལ་པོ་ལ་སོགས་པ་དབང་དུ་བྱེད་ན་སེམས་ཆགས་པ་དང ་ཕྱི་རོལ་གྱི་རྫས་རྣམས་ཀྱང་དམར་པོར་བྱའོ།། གཏུམ་པ་ནི་དྲགུ་པོའི་ལས་ཏེ་གསོད་པའི་ལས་བྱེད་ན་སེམས་ཁྲོ་བ་དང་ཕྱི་རོལ་གྱི་རྫས་རྣམས་ཀྱང་ནག་པོར་བྱའོ།། ཟླུམ་པོ་དང་གྲུང་ཞི་དང་ཟུར་གསུམ་དང་ཟླ་གམ་གྱི་རྣམ་པ་སྟེ་མེ་ཐུབ་པོ།། བྲམ་ཟེ ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་ཀྱི་ཁྱིམ་ལས་མེའོ།། འོ་མ་ཅན་གྱི་ཤིང་དང་མ་ཐ་ནའི་ཤིང་དང་པདྨའི་རྩ་བ་དང་ཚེར་མ་རྣམས་ནི་ཡམ་ཤིང་ངོ་།། ཝཾ་ཤང་དང་ཝ་ཥ་ཌ་དང་ཛཱཿཧྲཱིཿདང་ཧཱུཾ་ཕཊ་ནི་སྔགས་སྤེལ་པའོ།། དང་ས ་དམར་པོ་དང་ནག་ནི་གོས་སོ།། གདན་ལྱ་འང་དེ་བཞིན་ནོ།། ཤེལ་དང་གསེར་དང་གཞི་མཉམ་དང་མི་རུས་ཕྲེང་བའོ།། འོ་མ་དང་། མར་དང་། པདྨ་དང་། བིལྦ་དང་། གུར་ཀུམ་དང་། ཙན་དན་དང་། ཤ་ཆེན་ལ་སོགས་པ་ནི་བསྲེག་རྫས་སོ།། སེམས ་དཔའི་སྐྱིལ་མོ་ཀྲུང་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། གཡས་བརྐྱང་བ་གཡོན་བརྐྱང་བ་ནི་སྟང་སྟབསོ།། སྭཱ་རྗེ་ལ་གཏད་པ་དང་། མཉམ་པ་དང་། གཡོན་ལ་མྱུར་དུ་བལྟ་བ་དང་། དཔྲལ་བ་ལ་བ། པ་ནི་བལྟ་བའོ།། སྒྱུ་མཉམ་པ ་སྒྲ་བཙོངས་པ་དང་། གཡོན་དུ་སྒྲ་ཡོ་བྱཱ་དང་། གྲོལ་ནི་ཆ་ལུག་སོ།། རྩེ་ལྔ་པ་དང་། རྩེ་དགུ་པ་དང་། རྩེ་གསུམ་པ་དང་། རྩེ་གཅིག་པ་ནི་རྡོ་རྗེ་དྲིལ་བུའོ།། དངུལ་དང་གསེར་དང་སངས་དང་ལྕགས་ལ་བརྡུངས་པའི་ཕུར་བུའོ།། དཀར་པོ ་དང་སེར་པོ་དང་དམར་པོ་དང་། ནག་པོ་ནི་ཐིག་སྐུད་དོ།། འོ་མ་དང་ཆུ་དང་ག་བུར་གྱི་ཆུ་དང་ཁྲག་གིས་གང་བ་ནི་མཆོད་ཡོན་ནོ།། དཔལ་གྱི་དབྱངས་དང་། དགའ་བའི་དབྱངས་དང་དྲག་པོའི་དབྱངས་ནི་ཀླུའོ།། རྣམ་པར་སྣང་མཛད་དང་རིན་ཆེན ་བབྱུང་ལྡན་དང་། སྣང་བ་མཐུའ་ཡས་དང་། མཾ་བསྐྱོད་པ་ནི་ལྷའི་རྣལ་འབྱོར་རོ།། གཙུག་ས་བ་དང་། རྒྱལ་པོའི་ནགས་ཚལ་དང་། དུར་ཁྲོད་ནི་གནས་སོ།། ཤར་དང་བྱུང་ངང་ནུབ་དང་ལྷོ་ཕྱོགས་ནི་ཕྱོགས་སོ།། སྲོང་དང་ནང་བཱ། ་དང་། ཉི་མ་ཕྱེད་དང་མཚན་ཕྱེད་ནི་དུ་སོ།། རྒྱལ་སྟོང་དང་རྒྱལ་སྨད་དང་། ལག་པ་ནམ་མཐོང་གོང་མ་ནི་རྒྱུ་སྐར་རོ།། ཟླ་བ་དང་གཟའ་ལྷག་པ་དང་། སྦ་བ་སངས་དང་མིག་དམར་སྤེན་པ་ནི་གཟའོ།། བྱིས་པ་དང་གཞོན་ནུ་མ་དང་། དར་ལ་བབ་པ་དང་རྒན་པ་ནི། ་འཁོར་རོ།། དབྱར་དང་། སྟོན་ཀ་དང་དཔྱིད་ཀ་དང་སོ་ཀ་དང་ནི་དུས་སོ།། དབྱར་ཟླ་འབྲིང་པོ་དང་། དབྱར་ཟླ་ཐ་ཆུངས་དང་། སྟོན་ཟླ་ར་བ་དང་། སྟོན་ཟླ་འབྲིང་པོ་དང་། དཔྱིད་ཟླ་འབྲིང་པོ་དང་། དཔྱིད་ཟླ་ཐ་ཆུང་དང་། དབྱར་ཟླ་ར་བ་སྟེ་ཟླ་བ་རྣམ་སོ།། ལྕེ་གཅིག ་པ་དང་། ལྕེ་གཉིས་པ་དང་། ལྕེ་གསུམ་པ་དང་། ལྕེ་བཞི་པ་ནི་དྲིལ་བུ་རྣམས་སོ།། དུང་དང་། རྫ་རྔ་དང་། པི་ཝང་དང་། ཟངས་དུང་ནི་རོལ་མོ་རྣམས་སོ།། བྲམ་ཟེ་མོ་དང་། རྒྱལ་རིགས་མོ་དང་། རྗེ་རིགས་མོ་དང་། སྨེ་ཤ་ཅན་ནི་དམ་ཚིག་གི་ཕྱག ་རྒྱའོ། མུ་ཏིག་དང་གསེར་དང་། བྷུ་རུ་དང་། མྱི་རུས་ནི་རྒྱན་ནོ།། ལུག་དང་།། གླང་དང་། འཁྲིག་པ་དང་། སེང་གེ་ནི་ཁྱི་མོ།། ཟླ་བ་གཟས་ཟིན་པའི་དུས་སུ་ཞི་བ་དང་རྒྱས་པའོ།། ཉི་མ་གཟས་ཟིན་པའི་དུས་སུ་དབང་དང་མངོན་སྤྱོད་དོ།། ཉི་མ་བྱང ་དུ་ལྡོག་པའི་དུས་ཞི་བ་དང་རྒྱས་པའོ།། ལྷོ་ཕྱོགསུ་ལྡོག་པའི་དུས་སུ་དབང་དང་མངོན་སྤྱོད་དོ།། གཡ་སུ་འཁྱིལ་པ་དང་། གཡོན་དུ་འཁྱིལ་པ་དང་། སྟེང་དུ་འགྲོ་བ་དང་ལྷོ་རུ་འགྲོ་བ་ནི་མེའི་རྟག་སོ།། རང་པ་དང་། ཁུ་བྱུག་དང་། པུརྣོན་དང་། འུག་པ ་སྨད་ན་མཆུམྱ་ས་ནས་སྷོ།། མཁས་པ་དང་། ཚོང་པ་དང་། རྒྱལ་སྲས་དང་། ཞར་བ་འམ། སྐུར་བ་འམ། ཕེད་བ་འམ། བྲེ་བོ་འམ། ཞུགས་པ་འག། འན་པ་འམ། ལུང་བ་ལ་སོགས་པ་ན་གློ་བུར་པའི་ཚོགས།། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བྷར ་བླརྣམས་ནི་ཅོད་པན་ནོ།། མདུང་དང་། མངའ་དང་། འཁོར་ལོ་དང་། ཨུཏྤ་ལ་དང་། པདྨ་དང་། གཞུ་དང་། ཐོད་པ་དང་། རལ་གྲི་དང་། ཕྱག་མཚན་རྣམས་སོ།། ན་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་།། ཁྱིམ་བདག་རིན་པོ་ཆེ་དང་། ཡིད་བཞིན་གྱི་ནོར་བུ་རིན ་བོ་ཆེ་དང་། གཙུན་མོ་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེན་མེན་ནོ།། མངར་གསུམ་དང་། ནི་དང་འོ་མ་དང་། ཤ་དང་ཆང་ཆབ་གསུམ་ནི་ལྷ་བཤོསོ།། དེ་རྣམས་ནི་གཏོར་མའོ།། པདྨས་བསྐོར་བ་དང་། ཨུཏྤ་ལའི་ཕྱག་རྒྱ ་ཆོས་འབྱུང་བའི་བྷག་རྦྷ་དང་། སྡུད་པའི་ཕྱག་རྒྱའོ།། ཙན་དྲན་དང་ཨ་གུ་རུ་དང་། ག་པུར་དང་ཤ་ཆེན་ནི་སྤོས་སོ།། ཡུངས་ཀར་བྷི་མར་ཁྭ་དང་། ཏིད་མཱར་དང་། མཱར་དང་དྲི་ཞིམ་པའི་ཏིལ་མུར་དང་། ཏིལཱ་མར་ན་པོ་ནཱཾ་མར་མའོ།། བྱུངྒཱའི་རྩ་བའི་སྦྲུལ ་མ་དང་། མ་ཅནྡྲ་ཀྱེ་ཤིང་གི་པགས་པ་དང་། རས་དམར་པོ་དང་ཞག་ནི་སྡོང་བུའོ།། རྟུལ་མོ་ཁ་རཱ་དང་ཁ་ར་དང་། ཆང་དང་ཁྲག་ནི་བཏུང་བའོ།། མལླི་ཀ་དང་། ཛྙཱ་ཏཱི་དང་། ཨུཏྤ་པལ་སྔོན་པོ་དང་། ཀ་ར་བཱི་ར་ནི་མྱེ་ཏོག་ཏོ།། གཙང་པོ་གཉིས་འདྲེས ་དང་ཤིང་དྲུང་གི་རྩ་བ་དང་ལྷ་ཁང་དང་སུམ་མདོ་ནི་གནས་ཀྱི་ཁྱད་པར་རོ།། རླུང་མེད་པ་དང་། སྤྲིན་མེད་པ་དང་། རླུང་དང་བཅས་པ་དང་། སྤྲིན་དང་བཅས་པ་ནི་ཞག་གོ།། གཙང་པོ་ལེ་ཁྲུས་བྱེད་པ་དང་། མཚོ་ལ་ཁྲུས་བྱེད་པ་དང་། ཙནྡན་ལ་སོཀྲ ་པས་ཁྲུས་བྱེད་པ་དང་། དྲི་མ་ཅན་མ་བཀྲུས་པས་ནི་ལུས་ཀྱི་ཆ་ལུགས་ཀྱི་ཁྱད་པར་རོ།། དེ་ནི་བྱེ་བྲག་ཉིས་བརྒྱ་སྟོན་ཏོ།། རྣམ་པ་གཞན་ནི་རིག་པ་འཛིན་པའི་སྡེ་སྣོད་ཀྱི་ལས་རྗེསུ་འབྲང་བར་བྱའོ།། དེ་ནི་སྒྲུབ་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་རྣམས་ནི་སྔར་བཤད་པ་འདྲི་བ་རྣམས་བཅོམ་པ་ནི་ལན་བཏབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱ་བ་རྫོགས་པའི་ཕྱིར་སྐུ ་གསུང་ཐུགས་རྡོ་རྗེ་ནི་རིག་པ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ལ་ཞུགས་ཤིང་། མི་གསུང་བར་བཞུགས་པར་གྱུར་པ་ནཱི་རོ་གཅིག་པར་ཉིད་དུ་འགྱུར་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་འདྲི་བ་ལུས་པ་ཙམ་གྱི་ཕྱིར། དེ་བཞིན་ག ་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ལ། འདི་ནི་འོག་ནས་བཤད་པའི་བསྟོད་པའི་རྒྱལྔ་པོ་ནི་མཆོག་ཏུ་གྱུར་པའི་བསྟོད་པས་བྱམས་པ་ལ་སོགས་པ་བསྟོད་པར་གྱུར་ཏོ།། ཐམས་ཅད་སྐུ་ནི་ཞེས ་བྱ་བ་ལ་སོགས་པས།། སྐུའི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། གསུང་གི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། ཐུགས་ཀྱི་རིགས་ཐམས་ཅད་ཀྱི་རང་བཞིན་དང་། ཐམས་ཅད་མཛད་པ་ནི་རིན་ཆེན་དང་། དོན་ཡོད་གྲུབ་པའི་རང་བཞིན་ཏེ། ་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་ལ་ནི་ལུས་ངག་ཡིད་ཀྱིས་འདུད་པ་ཉིད་དུ་བསྟན་ཏོ།། ཕྱག་བཙལ་བ་གཉིས་པ་བསྟན་པ་ནི་དད་པའི་ཁྱད་པར་བསྟན་པའི་ཕྱིར་ཏེ་རབ་ཏུ་བྱེད་པ་ལས་ཇི་སྐད་དུ། ཕྱག་འཚལ་ཕྱག ་ག་རྒྱལ་འདུད་ས་བྷུ་བྱུ་ལ་སོགས་པ་ཡྀདྷཱ་བ་ཕྱུག་པ་དྲུག་ཀྱ་སྟ་བྲུ་ཧཱ། དྷནྟ་ས+འུ་གྷཱརྦྷ་མྦྷནྟ་གྶ་ཀྲཱཏཱ་ངྒ་དུ་།། ས་འདུས་དུ་བཞན་ག་ཤུགས་པ་རྣམས་སྨྲ་སྒྱང་ཐཱན་དུན ་ཞེས་བྱ་བ་རྣམ་པར་སྦྱང་སེཾ་དུ་སོགས་པ་དང་རོ་གཅིག་པར་གྱུར་པས་རྡོ་རྗེ་འཆུ་ན་ཉིད་དེ།། དེ་ཚུལ་སོགས་ཐོབ་པར་བྱ་བའི་རྒྱུར་ནི། སྐུ་ལ་སོགས་པའི་རང་བཞིན་ཡིན་པས་ནསེམས་ཅན་ཐམས་ཅད་ནི་སེངས་རྒྱས་མ ་ད་དང་མཚུངས་པར་ཉིད་དེ། དེའི་རིགས་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ཡིན་ནོ།། ཞེས་རྒྱ་ཆེ་བར་གསུངས་པའི་ཕྱིར་རོ།། དེ་དང་འདྲ་བར་སེམས་ཅན་ཡིནྡྲན། སྦྱར་བྱ་ཤད་པའི་དྲུག་པོའི་ལས་ཀྱི་གལ་ཏེ། གསོད་པར་གྱུར་ན། དེའི ་སྤངས་རྒྱས་ཐམས་ཅད་ཀྱང་གསོད་པར་འགྱུར་རོ།། སངས་རྒྱས་ཐམས་ཅད་གསད་པས་ན། སྒྲུབ་པའི་དབང་པོ་རྣལ་འབྱོར་པ་སྟེ། དེ་དག་ལ་ཇི་ལྟར་ན་སྡིག་པས་གོས་པར་མི་འགྱུར། གལ་ཏེ་གོས་པར་གྱུར་ན་འབྲས་བུ་ནི་རྡོ་རྗེ་འ ་དེ་དོ་ལྟར་འགྲུབ་པར་འགྱུར་ཏེ། དེ་ནི་རྫོགས་བྱའོ།། དེནཱ་མྦྷ་ཞེས་བྷ་བ་ལ་སོགས་པས་། དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྙན། རྡོ་རྗེ་འཆུང་ཆེན་པོས་བྱང་ཆུབ་སེམས་དཔའ་དི་རྣམས་ལ་འདི་སྐད ་ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཆེན་པོ་ནི་སྐུ་རྡོ་རྗེའི་རང་བཞིན་དང་། བདག་ཉིད་ཆེ་ནི་ཐུགས་རྡོ་རྗེའི་རང་བཞིན་དང་། གསུང་དབྱངས་མི་ནི་གསུང་རྡོ་རྗེའི་རང་བཞིན་དང་། མཆོད་པ་ཆེནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ། བྱང ་སེམས་དཔའ་ཆེན་པོ་རྣམས་ལ་བོད་པའོ།། དེ་ཉིད་ཀྱི་ཕྱིར་ལེགས་བཞི་སྟེ། ཤིན་དུ་ཕུལ་དུ་བྱུང་བའི་གནསུ་ཞུགས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱིས་ལེག་སོ་ལེག་སོ་ཞེས་གསུང་སོ།། གསང་བ་འདུས་པར་དབང ་བསྐུར་བའི་སློབ་དཔོན་རྣལ་འབྱོར་གང་ཡིན་པ་དེ་ནི་སྔར་བཤད་པའི་རིགས་པས་ཐ་མི་དད་པ་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་ན། དཔལ་ལྡན་ནོ།། ་བྱང་ཆུབ་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ། རང་བཞིན་ཡིན་པས་ནུ། བྱང་ཆུབ་རྡོ་རྗེ་ཅན་ནོ།། དངོས་རྣམས་ཐམས་ཅད་ནི་སྒྱུ་མ་བཞིན་དུ་ཤེས་པ་དང་། སྤྲོ་བ་དང་བསྡུ་བའི་རིམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ།། གཉིསུ་མེད་པའི་ཡེ ་ཤེས་ཐོབ་པའི་རྣལ་འབྱོར་པ་དེ་ལ་བསོད་ནམས་དང་སྡིག་པའི་རྣམ་པར་རྟོགས་པ་ནི་མེད་དེ། གང་གི་ཕྱིར་འོད་གསལ་བ་ལ་ཞུགས་པའི་བསོད་ནམས་དང་སྡིག་པ་དང་། དེའི་འབྲས་བུ་ནི་བདེ་འགྲོ་དང་ངན་འགྲོ་མེད་པས་ནི། དེའི་ཚེ་བྱང ་ཆུབ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དེ། ཐར་པར་རབ་ཏུ་གསུང་སོ།། འགྲོ་བ་རྣམས་ཀྱང་ཡང་དག་བཤད།། ལས་རྣམས་འབྲས་བུ་དང་བཅས་པ།། དེའི་རང་བཞིན་ཡོངས་ཤེས་པས།། མ་སྐྱེས་པ་ཡང་བསྣུན་པ་ཡིན་ཞེས་འབྱུང་ངོ་།། དེ་ནི་རྫོགས་པའི ་རིམ་པའོ།། མགོན་པོ་དེ་ནི་རྡོ་རྗེ་འཆང་དང་འདྲ་བའི་རྣལ་འབྱོར་པ་གང་ཡིན་པ། དེས་ནི་གདུག་པ་བླ་མ་ལ་སོགས་པ་སྨོད་པར་བྱེད་པ་ལ། སྔགས་དང་ཕྱག་རྒྱའི་རིམ་པས་མངོན་སྤྱོད་བྱེད་ན། དེའི་ཚེ་སེམས་ཅན་ཐམས་ཅད་རང་གིས་བྱས། ་པའི་ལས་གྱི་གླུ། ངན་སོང་ནི་མཱནྟར་མེད་པ་སོགས་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་ཤིན་ཏུ་རྙེད་པར་དཀའ་བ་བསྐལ་པ་བྱེ་བས་འཐོབ་པའི། བྱང་ཆུབ་ནི་རྡོ་རྗེ་འཆང་ཉིད་དེ། རྙེད་མི་དཀའ་བ་ནི་རྙེད་སླའོ་ཞེས་བྱ་དོན་ཏོ།། སྔར་བྱས་པའི་ལས་མི་བཟུང་། ་འི་དམྱལ་བའི་འབྲས་བུ་སྐྱེ་བོ་དེ་དག་གིས་ཉམས་མྱོང་བའི་ཕྱིར། གལ་ཏེ་དམྱལ་བར་སྨྲས་པར་གྱུར་ན། དེའི་རྣལ་འབྱོར་པ་དེས་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱས་བཏབ་པ་ནི་བྱིན་གྱིས་བརླབས་པར་གྱུར་པ། བྱང་ཆུབ་རྡོ་རྗེ་ཅན ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་འགྱུརརོ།། དེ་བས་ན་དེའི་མཆོག་ཏུ་ཕན་བཏགས་པ་སྟེ། མཆོག་ཏུ་གྱུར་པའི་བཀའ་དྲིན་སེམས་ཅན་དེ་རྣམས་ཏེ། གདུག་པ་རྣམས་ལ་རྣལ་འབྱོར་པ་དེས་བྱ་བ་ཡིན་ནོ་ཞེས་ཤེས་པར་བྱ་བ་ནི་རྟོགས་པར་བྱའོ་ཞེས་བྱ་བའི ་དོནི་སྷོ།། དེ་ནི་རྫོགས་པའི་རིམ་པའོ།། ཐབས་བཤང་བར་བྷ་སྟེ། བདག་ཉི་ཆེན་པོ་རྣ་རྣལ་འབྱོར་པ་སྟེ། རྣལ་འབྱོར་པ་དེས་ཕན་འདོགས་པ་ནི་ཞི་བ་ལ་སོགས་པ་དང་། ཚར་གཙང་བ་ནི་གསོད་པ་ལ་སོགས་པའི་ལས་བྱེད་ན། དེའི་ཚེ་སྒྲུབཔ ་རྐྱེན་པོ་བསྐྱེད་པའི་རིམ་པས་ལུས་ཀྱི་རྒྱལ་པོ་མཆོག་དང་། རྫོགས་པའི་རིམ་པས་ནི་བདེ་བ་ཆེན་པོ་སྟེ། བྱས་ནས་ནི་བསྐྱེད་པར་བྱས་ལ། ལས་རྣམས་ནི་སྔར་བཤད་པ་རློམ་པར་བྱེད་ན། དེའི་ཚེ་འགྲུབ་པར་འགྱུརོ།། དེ་ནི་དང་པོ་སྦྱོར་བ ་སོགས་པ་དང་རང་བཞིན་ལ་སོགས་པའོ།། ང་ནས་ཞེས་པའི་ལ་སོགས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་ཆོས་ཏེ། གསོང་པའི་ལས་ཀྱང་ཐུགས་རྗེ་ཆེནཿ། ་བྱས་པ། ཐོས་པ་ནི་མཉན་ནས་དགའ་ཞིང་ནི་ཐོས་པས་སོ།། མགུ་བ་ནི་བསམ་པས་སོ།། རབ་ཏུ་དགའ་བ་ནི་བསྒོམ་པས་དགའ་བར་འགྱུར་ཞིང་། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ལེགསོ་ཞེས་གསོལ་ཏོ།། མགོན་པོ་ཆེན ་བོ་ནི་རྡོ་རྗེ་འཆང་ཆེན་པོའོ།། ཐུབ་པ་ཆེན་པོ་ནི་རྣམ་པར་སྣང་མཛད་དོ།། ཆོས་རྐྱེན་ནི་འོད་དཔག་ཏུ་མེད་པའོ།། ཐུགས་རྗེ་ཆེན་པོ་ནི་མི་བསྐྱོད་པའོ།། དེའི་རང་བཞིན་ཡིན་པའི་ཕྱིར་ལེགས་སོ་ཞེས་བྱ་བ་ནི་བཞིའོ།། དང་པའི་དབང་གིས་ནི་ཚིག་གཉིས་སོ།། ་ལ་ན་རེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཟེར་རོ།། དོ་ནི་ལས་ཀྱི་རྒྱལ་བ་མཆོག་གོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ།། ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེ་ཆེན་པོ་སྟེ། མཆོག་ནི་ཉན་ཐོས་པ་ལ་སོགས་པ་ལས་ཕུལ་དུ་བྱུང་བྱ་ལ ་དྲི་མ་མེད་པ་ནི་ཐབས་ལ་མཁས་པ་ཉིད་ཀྱིས་བསྡུས་པ་གང་ཞིག་གི་བཟང་བའི་ལས་ནི་གསོད་པའི་ལས་བྱས་ན་ཡང་། གདུག་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་འབྲས་བུ་ཉིད་སྩོལ་ནི་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ང་བསྟེ་ནི་བཅོམ ་ལྡན་འདས་ལ་ཁོ་བོ་ཅག་ཐེ་ཙོམ་དང་བྲལ་བ་རྙེད་པ་ཡང་བརྙེས་སོ་ཞེས་བྱ་བ་སྟེ་སྒྲུབ་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད ་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཞེས་བྱ་བ་ནི་བོང་པའོ།། རྡོ་རྗེ་རིགས་ལ་སོགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་དཔལ་གསང་བ་འདུས་པའི་རྒྱུད་འདི་ལ་དབང་བསྐུར་བ་གངམ ་སྡུགས་པ་སྟེ། རྣལ་འབྱོར་པ་དེ་ཐ་མ་ཆོས་ཐོས་ནས། སྭཱ་དྷཱི་བཱཞིན་པ་ཙམ་ལ་བརྟེན་ཅིང་འཇིགས་པར་མི་བྱ་སྟེ། སུན་དབྱུང་བར་མི་བྱའོ།། སྐྲག་བུར་གྱུར་པར་མྱི་བྱ་བ་ནི་བྱསྙས་པ་འོ།། ཡང་དག་པར་སྐྱུག་པར་མི་བྱ་བ་ན་བསྒོམ་པས་སྷོ།། དེ་ཧཱུ~ཾ ་ཕྱིར་ཞིས། ཞེས་བྱ་བས་ནཱི་གཏན་ཚོགས་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་རྡོ་རྗེ་ལས་བྱུང་བ་ནི།། སྡང་མས་སྐྱེས་པའི་ཝ་བོའོ་རྒྱལ་པོའི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་རྣམས་ཀྱིས་གསོད་པ་ལ་སོགས ་ཕྲིན་ལས་གང་ཡིན་པ་དེ་ནི་ཁྲོ་བོའི་སྡང་གནས་ལ་སྐྱེས་ཅེས་གསུངས་ཏེ། གང་གི་ཕྱིར་ཐམས་ཅད་བྱུང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོ་ལས་སྨྱོས་པ་ནི་བྱུང་བའོ།། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའི་རིགས་པས། ག ་རླུང་བའི་རྣམས་ཀྱི་རྣལ་འབྱོར་གྱིསེ་ལུས་བྱེ་པ་འདུདུ་ན་རང་བ་ན་གྱིས་དག་པའོ་ཆོས་ཉིད་དང་སྙིང་རྣོ་ཆེ་བྱེ་ལ་དམིགས་པར་བྱེ་ན། ཁ་མ་སྐྱོན་རླུང་བ་ཀྲུང་ཡོང་།། འོད་ཀྱང་སྒྲ་ཇི་བཞིན་པ་ཙས་ནས་ཆོས་ཉིད་སྦྱངས་ཏེ། སྣུ་མང ་ཕྱི་མའི་རྣམ་པར་དཔྱོད་པ་སྤངས་ནས་ས་ལབ་སྟེ། དེ་བཞིན་གཤེགས་པའི་གསུང་ནི་བབ་པ་དུང་དོན་མ་ཡིན་པའི་ཕྱིར་རོ།། དེ་བས་ར~ཾ་ཀྵ་བྱང་ཆུབ་སེམས་དཔའ་རྣམས་རྒྱུད་ནི་ཆོས་ཉིད་དེ། བསྟུམྦྷ་པཱ་ནི་རྗེས་དྲན་པ་དང་བསྣམ ་པར་བྱའོ།། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དང་། བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ།། ཞེས་པ་བྱེད་དོ་ཅི་ཉིད་ཆོས་ཉིད་ལ་འཇུག་ཅིང་གཉིས་མེད་པའི་རྣལ་འབྱོར་གྱིས་ལས་ཐམས་ཅད་བྱིའོ་ཞེས་བྱ་བ་ནི་རྫོགས་པའི ་རིམ་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་བྲལ་བར་གྱུར་ཅིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འོག་ནས་བཤད་པའི་ཚིག་སུ་བཅད་པ ་རྣམས་ཀྱིས་བསྟོད་པ་ནི་འདུད་དོ།། དེ་ཉིད་བཤད་པར་བྱ་སྟེ། སྟོན་པ་དང་བསྟན་པ་དང་བསྟན་པ་བྱཱ་ངྒེ་བྷག་གྱི་བསྐྱོད་པ་ནི་རྣམ་པ་གསུམ་སྟེ། དེ་ལ་སྟོན་པ་ནི་རྡོ་རྗེ་འཆང་ངོ་།། དེའི་འཁོར་དང་བཅས་པ་དེ་ཉིད་ལ་བསྟོད་པ་བཤད་པར་བྱ་སྟེ། གང་ཞིག་དུས་གསུམ ་རྡོ་རྗེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རང་བཞིན་ནི་རང་བཞིན་ཅ་ནོ།། ཐུགས་ནི་སྤྲོ་བའི་བདག་ཉིད།། སྐྱིད་པ་ཐར་གྱུར་པའི་ཐར་པ་སྦྱར་བ་དེ་དག་ལ་མི་གནས་པའོ།། ཞི་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དང་། སྒྲིབ་པ་མེད་པ་ནི་མཚན་མ་མེད་པའི་རང ་བཞིན་དང་། དག་པ་ནི་སྨོན་པ་མེད་པའི་རང་བཞིན་དང་། ན་མཁའི་ངོ་བོ་ནི་མངོན་པར་འདུས་མ་བྱས་པའི་རང་བཞིནོ།། སངས་རྣམས་ཀྱི་ལྷག་པའི་བྱང་ཆུབ་ནི་ཡེ་ཤེས་ལྔ་སྟེ། དབང་ཕྱུག་དམ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞི་ནོ།། བྱང་ཆུབ་ནི་རྡོ ་འཆང་ཆེན་པོ་སྟེ། དེ་ལྟ་བུ་ཁྱུད་ལ་ལུས་དང་། ངག་དང་ཡིད་ཀྱི་རྟག་ཏུ་ཕྱག་འཚ་ལོ།། གཟུགས་ལ་སོགས་པའི་ཕུང་པོ་ལྔའི་རྣམ་པར་དག་པའི་མཚན་ཉིད་ཅན་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དང་། སྐྱེ་མཆེད་དྲུག་རྣམ་པར་དག་པའི་བྱང ་ཆུབ་སེམས་དཔའི་བདག་ཉིད་དང་། ཡུལ་རྣམ་པར་དག་པའི་བདག་ཉིད་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང་། སེ་ལ་སོགས་པའི་ཁམས་རྣམ་པར་དག་པའི་བདག་ཉིད་དེ། སྤྱན་དང་མཱ་མ་ཀཱི་དང་ན་བཟོའ་དཀར་མོ་དང་། སྒྲོལ་མ་དང་། མཱ་མ ་ཆེན་མའི་རང་བཞིན་ཏེ། བྱང་ཆུབ་ཀྱི་སེབྱས་ན་དོན་དམ་པ་དང་དེ་དང་འདྲ་བ་ནི་ཀུན་རྫོབ་སྟེ། དེའི་བདག་ཉིད་ཁྱེད་ལ་ལུས་ལ་སོགས་པ་རྣམས་ཀྱིས་དེ་ལ་ཕྱག་འཚལ་ལོ།། དེ་བཞིན་དུ་གཏི་མུག་ལ་སྩོགས་པ་ནི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་དང་། ་ཕྱུང་པོ་ལ་སོགས་པའི་བདུད་དང་། ལོག་པའི་ལྟ་བ་ལ་སོགས་པ་སྟེ། དེའི་རྣམ་པར་དག་པའི་ངོ་བོ་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུང་བཞིའི་རང་བཞིན་དང་། རིག་པ་ནི་རྡོ ་རོ་ལངས་མ་ལ་ས་། ཏུ་སྦྱོར་བ་ནི་སྙོམས་པར་འཇུག་པས་འབྱུང་བ་ནི་སྐྱེད་པར་གྱུར་པ། རྟག་ཏུ་རབ་འཕྲུལ་བ་ནི་ངས་ཐམས་ཅད་དུ་སྟྭཾ། རྣམ་པ་སྣ་ཚོགས་པ་ནི་བྱེད་པ་དང་། ཡན་ལག་གི་བྱཱ་བ་ལ་སོགས་པ་གང་ཡིན་པ་དེ ་གཙོ་བོར་གྱུར་པའི་དགའ་བ་ནི་རབ་ཏུ་དགའ་བ་སྟེ། དེས་མྱོས་པའི་དངོས་པོ་ནི་དགའ་བ་ལ་སོགས་པའོ།། དེ་གྱུར་པ་ནི་ཐོབ་པ་སྟེ་ཁྲོ་བོའི་རྒྱལ་པོ་རྣམ་སོ།། དེ་དག་རྣམ་པར་དཔྱད་ན་བྱང་ཆུབ་སེམས་དང་འདྲ་བ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས ་དུ་ལ་ཕྱག་འཚུལ་ལོ།། སྤྲོས་པ་ལ་སོགས་པ་ནི་སྔར་བཤད་པ་སེམས་འབྱུང་བའི་རྒྱུར་གྱུར་པ། དེའི་རང་བཞིན་ནི་འདོད་པའི་རྒྱལ་པོ་ལ་སོགས་པའི་གཙུག་ཏོར་དྲུག་གོ།། དེ་བཞིན་དུ་རྨོངས་པ་གཏི་མུག་གོ།། ཞེ་སྡང་ནི་སྣང་བའོ།། འདོད ་རིམམས་པས། དེ་དགས་ཁམས་གསུམ་པ་ཡིན་རློན་མྱེང་རྡུང་ཤེས་རབྱིགངས་ཡོད་པ་དེ་ལ་གང་ཅེས་བྱས།། ཁམས་ཀྱི་སུམ་གྱི་ཤེས་རབ་ངས་ཀྱི་བཞིན་ཞེས་བྱ་བའི་ད་ཏོ།། བྱ ་སེམས་དང་འདྲ་བ་ནི་སྒྱུ་མ་བཞིན་ཏེ། ཕྱག་འཚལ་ལོ་ཞེས་བྱ་བ་དང་སྦྱོར་བ། བསྟན་པ་ལ་བསྟོད་པ་བཤད་པར་བྱ་སྟེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཐོག་མེད་དངོས་མེད་ནི་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་ཐབསུ་གྱུར ་པ་དང་ཤེས་རབ་དང་ཐབས་ལས་བྱུང་བ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན། སྤྲོས་པོ་དང་རྣམ་པར་བྲལ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མཚན་ཉིད་དོ།། དེ་བཞིན་དུ་གསང་བའི་དབང ་བསྐུར་བའི་མཚན་ཉིད་དང་། བརྟུལ་ཞུགས་ནི་རིགས་པའི་བརྟུལ་ཞུགས་དང་། དམ་ཚིག་སྦྱོར་བ་ནི་དམ་ཚིག་སྡོམ་པ་ལ་སོགས་པ། སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་རྡོ་རྗེ་དང་འདྲ་བ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བ་དེ་ལ་ཕྱག་འཚལ ་གྲང་ཞིག་འདི་བསྙེན་པ་ལ་སོགས་པ་ཡན་ལག་བཞི་གཙོ་བོར་གྱུར་པ། དངོས་གྲུབ་མཆོག་གི་ཐབས་ནི་བེསྒྲུབ་བྱ། སྒྲུབ་པའི་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་སྒོམ་པར་བྱེད་པ་དེ་དག་བྱང་ཆུབ་རྗེ ་ནི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟས་ནས། དེ་ལ་རྟག་ཏུ་ཕྱག་འཚལ་བར་བྱའོ།། དེ་བཞིན་དུ་བསྙེན་པ་ལ་སོགས་པ་ཡན་ལག་དེ་ཉིད་རྡོ་རྗེ་བཞིའི་རིམ་གྱིས་སྒྲུབ་པར་བྱེད་པ་དང་། དམན་པའི་དངོས་གྲུབ་ནི་རྟོག་པའི་ལྷའི་སྒྲུབ་པར་བྱེད་པ ་སངས་རྒྱས་དང་། བླ་མའི་དྲིན་གྱིས་ནི་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་སྒྲུབ་པར་བྱེད་པ་ནི་སྔ་མ་བཞིན་ནོ།། བསྟན་པར་བྱ་བ་ལ་བསྟོད་པར་བཤད་པར་བྱ་སྟེ། རྒྱུད་འོང་བཤད་པར་གྱུར་པའི ་ཉན་པ་ནི་དོན་དང་བྲལ་བ་སྒྲ་ཙམ་ཐོས་པ་དང་། འདོན་པ་ནི་རྒྱུན་མ་ཆད་པར་ཁ་ཏོན་བྱེད་པ་དང་། ཀློག་པ་ནི་རེས་འགའ་འདོན་པ་དང་། སེམས་པ་ནི་ཐོས་ནས་བསམ་པར་བྱེད་པ་དང་། ཡང་ན་གླེགས་བམ་ལ་དད་པས་མཆོད་པར་བྱེད་པ་དང་། 8 ་འདྲི་བ་འམ་གཞན་འདིར་འཇུག་པའོ།། དེ་དག་ལ་ཞེས་བྱ་བཾ་ནི་སྔམ་བཞིན་ནོ།། གང་ཐེག་སྒྲུབ་པ་བྱ་རྒྱུད་འདི་ཉིད་ཀྱི་ཞི་བ་ལ་སོགས་པའི་ལུས་ཀྱི་ཚོགས་དང་། སྔགས་དང་འཁྲུལ་འཁོར་དང་ཕྱག་རྒྱ་སྒྲུབ་པར་བྱེད་པ་དེ་ལ་ཞེས་བྱ་བ་ཡ ་སྔ་མ་བཞིན་ནོ།། དེ་བཞིན་དུ་གྲང་ཞིག་མཐོང་བ་ནི་གླེགས་པོ་ཅོ་མཐོང་བ་དང་། རེག་པ་ནི་ལག་པས་རེག་པ་དང་། གྲོང་དང་དགོན་པ་ལ་སོགས་པར་ཡང་གླེགས་བམ་དྲན་པ་འམ། དེའི་དོན་དྲན་པ་འོ། མིང་ནི་འདུས་པ་ཞེས་བྱ་བ་ཐོབ་པ ་མ་ཙས་ནི་ཕྱོག་གཅིག་གི་མིང་སྟེ་གསང་བ་འམ། འདུས་པ་ཞེས་ཐོས་པ་དང་། འབྲི་བར་བྱེད་དུ་བཅུག་པ་དང་། ཉན་པཱ་དང་། ཀློག་པ་དང་། སེམས་དཔའ་དང་། སྒོམ་པ་ལ་སོགས་པ་གང་ཡིན་པ། དད་པར་བྱེད་པ་ནི་སེམས་དང་བར་བྱེད་བྱང ་དེ་བཞིན་དུ་སྔར་མ་ལུས་པ་དྲན་པར་བཤད་ཅིང་ཕྱོགས་གཅིག་དྷན་ཡང་བཤད་པར་བྱ་སྟེ། ཕྱོགས་གཅིག་དྲན་པ་ནི་ཡི་གེ་ཕྱོགས་གཅིག་དྲན་པ་དང་། དོན་གྱི་ཕྱོགས་གཅིག་དྲན་པ་གྲང་ཡིན་པ་དེ་ནི་བྱང་ཆུབ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་དང ་འདྲབས་དེ་ལེ་རྟག་ཕྱག་འཚལ་བ་དང་བརྗིད་དུ་ཞེས་བྱ་བའི་ངན་ཏོ།། བསྟོད་པའི་ཚོགས་བནང་པོའི་འོག་ཏུ། རྗེསུ་ཡི་རང་བ་པོཤད་པར་བྱ་སྟེ། བསྐྱོད་པའི་ཚིག་འདི་ནི་སྔར་བཤང་བའི་བསྟོད་པའི་ཚིག་གིས་བསྟོད་ཅིང་བཤད་ནས། ལྲྀན ་པ་ཀུན་ནི་དཀྱིལ་འཁོར་པ་དང་བཅས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སྟེ། དེའི་དོན་ནི་བསྟན་པའི་རྣམ་པ་དང་། སྒྲུབ་པ་པོ་དང་བསྟན་པར་བྱ་བ་ལ་བསྐྱོད་ཅིང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་རྒྱུད་ནི་རྒྱུན་ཏེ་རྒྱུ་དང་ཐབས་དང་འབྲས་བུའི་དབྱེ་བས ་རྣམ་པ་གསུམ།། རྒྱུད་ཀུན་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུདདོ། དེ་རྣམས་ཀྱི་དངོས་གྲུབ་དང་ཏིང་ངེ་འཛིན་གཙོ་བོ་ཡིན་པས་ན་དེ་དག་པོའོ།། བདེ་བའི་ཐབས་ཡིན་པའི་ཕྱིར་མཆོག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི ་རྒྱུ་ཡིན་པ་ན། དེ་བཞིན་གཤེགས་པ་ཐམས་ཅད།། གསང་བ་ནི་བྱ་བའི་རྒྱུད་ལ་སོགས་པ་ཞུགས་པ་ལ་བསྟན་པར་མི་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པས་ན་འདུས་པའོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འོངས ་པོའི་དངོས་གྲུབ་ཀྱི་རྒྱུ་ཡིན་པས་ན་འབྱུང་ངོ་།། ལེགས་པར་མཉན་པས་ནྱ་ལེགས་པར་གསུངས་པ་ཡིན་ཏེ། ལེགས་པར་བཀའ་སྩལ་པའོ།། འདི་ནི་དཔལ་གསང་བ་འདུས་པའི་རྒྱུད་དོ།། རྗེ་སུ་ཡི་རང་ནི་མངོན་པར་དགའ་ཞིང་ཉེ་བར་བསྡུ་བའོ།། ་དེ་ནི་ལས་ཀྱི་རྒྱལ་པོ་མཆོག་གོ།། འདི་སྐྱེད་གསུངས་ནས་ཞེས་བྱ་བ་ནི་བསྟོད་པའི་ཚིག་བརྗོད་ནས་སོ།། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ནི་མི་བསྐྱོད་པ་ལ་སོགས་པ་དང་བྱམས་པ་ལ་སོགས་པའོ།། ཉིད་ཀྱི་སྐུ་གསུང ་ཐུགས་ནི་རྡོ་རྗེ་འཆང་ཆེན་པོ་པ་སྐུ་ལ་སོགས་པ་ལ་རང་གི་སྐུ་ལ་སོགས་པ་ཞུགས་ཤིང་གཅིག་ཏུ་གྱུར་ཏེ། གཉིསུ་མེད་པའི་ཏིང་ངེ་འཛིན་མི་གསུང་བར་གྱུར་པ་ནི་བདེ་བ་ཆེན་པོ་ལ་དམིགས་ཏེ་གནས་པར་གྱུར་ཏོ།། ཞེས་རྫོགས་པའི ་ད་པལ།། དདྷཱན་ཤུགས་པ་ཐམས་པ་རྒྱས་པ་སྒྱུང་བུ་ལ་སོགས་པ་སྩ་གས་ཐཱག་ནྣ་དྷ་གླུས་སམ་གཟུགས་ཏུ། དྷཱ་མྦྷས་གས་བ་སྩུ་བ་བྱ། དང་ལ་གསང་བ་འས་པན་བསྤྱད་ནམས་དང་ཡ་ནས་ཀྱི་དྲུག་ས་དང ་ལྡན་པ་རྒྱུད་ཀྱི་རྒྱལ་པོའི་གསང་བ་ཐམས་ཅད་དེ་འདྲི་དག་ས། དེ་རྣམས་ཀྱི་སྦྱིན་པ་ནི་ལན་ནྡྷེ་ཚིག་སྟེ། དྲི་དྲུག་བྱིན་གྱིས་རློབ་པརྗོད་པར་བྱེད་བྱེ་ག་ཡིན་པ་དེ་ནི་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་ཡེ་ཤེས་བྱིན་མྦྷི་རླུ ་ས~ཾམྦྷཿ། །། སྦྱིནས་། ན་ས་མ་སེམས་པ་ལྟས་བསྲུང་བ་མ་ན་མོངས་པའི་སྒྲིབ་པ་སྣརེས་བྷར་བྱེད་པས་ནི་གོས་དང་བྱུ་བ་སྟེ། དེ་འཛིམ ་ལེན་པོར་བྱེད་པས་ན་པ་ཏ་ལཱ་སྟེ། དེརྗོད་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་ལེའུ་ཞེས་བྱའོ།། རླིག་གི་དོན་བཅུ་དྲུག་གོ།། རྒྱུད་ཀྱི་འགྲེལ་པ་ལས་ལེའུ་བཅོ་བརྒྱད་པའི་ཚིག་གི་དོས་རྒྱ་ཆེར་བཤད་པའོ།། ་དཱིསྨཱ་ག་སྦྱོང་བྱ་ས་པ་སྟེ། རྒྱུ་མས་ནི་གིས་ལ་ཙྪེད་ཀྵབྷཱུ་ས་ས་རྙེད་ནས་ནི།། དག་གི་ས།། ཚིག་གས་ལ་ས་ན་ཟླུམ་པས་བྱུང་།། སྨྲས་དང་སྒྱུས་རབ་ས་འབྱུ་དགཱ། ་སྙིང་པོ་བདག་གིས་ནི།། མདོར་ན་འགྲེལ་པོ་སྡོམ་བུ་བསྡུས།། དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་།། གསང་བའི་དུས་པའི་རྒྱུད་རྒྱལ་དང་།། བླ་མ་ལ་ནི་དང་ཆེས་པས།། གང་ཞིག་འགྲོ་ལ་ཕན་འདོགས་པའོ།། དཔལ་ལྡན་རྒྱལ་པོ ་གཞོན་དུས་སྐུ་ལོ་ན་བཅོ་བརྒྱུད་ལ།། འཕགས་པའི་ཝཱ་ཡི་སྭཱ་བྷྱས་པའཾ་དཔལ་ལྡན་གནས་ནི་ཤར་ཕྱོགས་སུ།། དགེ་སྦྱོང་རྣམས་ཀྱྀ་གརྦྷགྶ་ལག་ཁང་གི་ཕྱོགས་གཞན་གྱིས་ན་གསོལ་བ་བཏབ་པས།། རྡོ་རྗེ་ད། ་དཔའི་དྲིན་གྱིས་བདག་གིས་རྒྱུད་འགྲེལ་འདི་ནི་རྣམ་པར་བརྩམས།། དཔལ་ལྡན་འདས་པའི་རྒྱུད་ཀྱི་ནི།། འགྲེལ་པ་སྒྲོན་མ་རྣམས་རྒྱལ་དང་།། ཉོན་མོངས་ཤེས་བྱའི་སྒྲིབ་པ་མུམ།། དེ་ཉིད་ཀྱིས་ནི་འཇོམ་པར་ཤོག། དཔལ་གསང་བ་འདྲེས་པ ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ།། རྡོ་རྗེ་ཐེག་པ་ཆེན་པོ་པ། དཔལ་ཀྱེ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། ཐོས་དག།། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་དུ ་བུམ་པའི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་གཏཱན་ལ་ཕབ་པའོ།། ། བཀྲ་ཤིས ་བསོད་ནམས་སྟོབས་རྒྱས་ཀྱིས་མཚོན་མར་གྱུར་འགྲོ་བ་ཡིས། ཚེ་རབས་དུ་མར་བསགས་པའི་སྡིག་སྒྲིབ་མ་ལུས་ཀུན། དགེ་འདིས་དུག་ལྔའི་མེ་ལྕེ་ཆུ་ཡི་བཅིལ་བ་བཞིན། རིང་མིན་བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྷ་བས་སྒོ་གསུམ་ཚིག་དྲིལ ་གྷི་སྨོན་ལམ་བཏབ་པའོ།། ་