CLOSE WINDOW

GT65: bsdus pa'i rgyud kyi rgyal po dus kyi 'khor lo'i 'grel bshad rtsa ba'i rgyud kyi rjes su 'jug pa stong phrag bcu gnyis pa dri ma med pa'i 'od ces bya ba
Wyliee-texts produced with BDRC’s OCR application

text in 2 volumes

volume 1 - volume 2 -

དཔལ་དུས་ཀྱི་འཁར་ལ་ལ་ཕྱག་འཚལ ་རྣལ་སོགས་པ་སྨྱོན་པ་རྣམ་བཅུ་གོང་གིས་རྒྱུན ་པ་དོན་གཉེར་རྣམས་ལ་བྱིན།། བསོད་ནམས་ཡེ་ཤེས་སྟོབས་ནི་ཆེན་པོ་དེ་ཡིས་བདུད་ལ་སོགས་པ་བཅོམ ་བྱས་ཏེ།། དཔལ་ལྡན་ཆོས་དབྱིངས་དྲི་མེད་གསུང་གི་དབང་ཕྱུག་དཀྱིལ་འཁོར་དུ་ནི་དབང་བསྐུར་ནས།། ཐམས་ཅད་སྟོན་པ ་གཅིག་པུའི་ཡུལ་ལ་ལུང་བསྟན་སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། དེ་བཞིན་དུས་འཁོར་བདེ་ཆེན་པོ།། སྐུ་གསུམ་མཆོག ་དང་དཀྱིལ་འཁོར་གསུམ།། རྡོ་རྗེ་གསུམ་མཆོག་རྡོ་རྗེའི་དབྱངས།། འགྱུར་བ་མེད་ལ་ཕྱག་འཚལ་ཏེ།། བསོད་ནམས་ཡེ་ཤེས་འབྲས་ཐོབ་སླད།། རྩ་བའི་རྒྱུད་ནི་རྟོགས་པ་ལས།། རྒྱུད་འདིར་དབུ། ་གི་ལེའུ་ལ།། འགྲེལ་བཤད་བདག་གིས་བི་བར་བྱ།། འདིར་དཔལ་ལྡན་ཀ་ལཱ་པའི་གོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེས་མོས་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱོར་གྱི་ཁང་པའི་ཤར་སྒོའི ་མཐར་ནོར་བུ་རིན་པོ་ཆེ་ཆེན་པོའི་ཁང་བཟངས་ནི། ནོར་བུ་རིན་པོ་ཆེ་ཆེན་པོའི་སེངྒེའི་ཁི་ལ་བཞུགས་པ། དེ་བཞིན་གཤེགས་པས་ལུང་བསྟན་པ་འཇམ་དཔལ་གྱི་སྤྲུལ་པའི་སྐུ་རྒྱལ་པོ ་གྲ་ཌ་པ་ལ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པས། མཆོགས་དང་པོའི་སངྱས་ལས་ཟླ་བ་བཟང་པོ་གསོལླ་བཏབ་བཱི་དོན་རཔྟ་སྟོན་པ་བྱེད་པའི་ཚིགསུ་བཅད་པ་དང་པོ།། བསྡུས་པའི་རྒྱུད་ཀྱི་དགྲ ་བསྐུར་བའི་ལེའུ་ལས་ལུས་ལ་སྣ་ཚོགས་ཚད་ཅེས་པ་ལ་སོགས་པས་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་འཇམ་དཔལ་གྱིས་བསྐུལ་བ། འཇིག་རྟེན་དབང་ཕྱུག་གིས་སྤྲུལ་པའི་སྐུ་པདྨ་དཀར་པོ་བདག་གིས་མདོར་བསྡུས་ཆེན་པོའི་འགྲེལ་བཤད ་ཀྱིས་རྒྱས་པར་བྱ་སྟེ། འདིར་ལུས་ལ་སྣ་ཚོགས་ཆེད་དང་ཞེས་པ་ལ་སོགས་པ་ནས་དཀྱིལ་འཁོར་དག་ནི་བསྟན་དུ་གསོལ་ཞེས་པའི་མཐར་ཐུག་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ།། དེ་ནས་ཟླ་བ་བཟང་པོའི་ཚིག་དག་གསན་ནས་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི ་དཀྱིལ་འཁོར་རབ་ཏུ་གསུངས་ཞེས་པ་ལ་སོགས་པ་དབང་གི་ལེའུའི་ཚིགས་སུ་བཅད་བ་མཐའ་དག་ནི་དེ་བཞིན་གཤེགས་པས་ལན་གསུངས་པ་སྟེ། ལེའུ་ཡི་མཐའི་བར་དུ་སླར་གསོལ་བ་བཏབ་པ་མེད་དོ།། འདིར་ཟླ་བ་བཟང་པོས་གསོལ་པ། བཅོམ་ལྡན་འདས་འདིར་ལུས་ལ་ནང་གི ་ལེའུ་ལས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ། སྣ་ཚོགས་ཆེད་དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་བ་རྣམས་ལ་སོགས་པ་རིག་བྱེད་དང་ནི་བྱེད་པ་པོ་ལ་སོགས་དབྱེ་བའི་མཐར་ཐུག་པ་བདག་གིས་ཐོས་ཏེ་ཐམས་ཅད་ཤེས་སོ་ཞེས་པའི་དོན་ཏོ།། དེས་ན་ད་ནི་སེམས་ཅན ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་འཐོབ་པར་བྱ་པ་དང་། སློབ་མ་རྣམས་ལ་དབང་བསྐུར་བ་སྦྱིན་པ་དང་། སྐུ་གཟུགས་ལ་སོགས་རབ་ཏུ་གནས་པ་བྱ་བ་དང་། འཇིག་རྟེན་པའི་བདེན་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པར་དེ་ཉིད་བཅུ་དང་ཡང་དག་པར་ལྡན་པའི་འཇིག་རྟེན་པའི་དངོས་གྲུབ ་སྒྲུབ་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བསྟན་དུ་གསོལ་ཅེས་པའོ།། དོན་དམ་པའི་བདེན་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་མེད་དེ། བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ།། དེ་བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་ཐིག་རྣམས ་གདབ་པ་དང་། རྡུལ་ཚོན་དག་ཀྱང་གདབ་པ་ནི། མི་བྱ་སྔགས་ཀྱི་དེ་ཉིད་ཀྱིས། བྱེད་ན་བྱང་ཆུབ་ཐོབ་པར་དཀའ་ཞེས་པ་སྟེ། འདིར་གལ་ཏེ་སྔགས་ཀྱི་དེ་ཉིད་ནི། སྔགས་ཞེས་པའི་ཡེ་ཤེས་ཏེ་ཡིད་སྐྱོབ་པར་འགྱུར་བའི་ཕྱིར་རོ།། སྔགས་ཀྱི་དེ་ཉིད་དེ་ཡིས་གལ་ཏེ་རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས ་ཀྱི་དོན་དུ་ཐིག་གདབ་པ་ལ་སོགས་པ་བྱེད་ན། དེའི་ཚེའི་བྱེད་པ་དེའི་བྱང་ཆུབ་ཐོབ་པར་དཀའ་བར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། རྒྱུ་དེས་ན་ཟླ་བ་བཟང་པོས་གསོལ་པ་གདབ་པ་འདི་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་དོན་དང་བསོད་ནམས་ཀྱི་ཚོགས་ཀྱི ་དོན་དུ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་དོན་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ནི་མ་ཡིན་ནོ།། འདིར་ཡེ་ཤེས་བསྒྲུབ་པའི་སླད་དུ་མཆོག་གི་དཀྱིལ་འཁོར་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་བྷ་ག་སེམས། སྐུ་གསུང་། ཐུགས་ཀྱི ་རྡོ་རྗེ་ཡིས། དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར།། གཞན་པ་ཆོ་ན་ལྔ་ལྡན་པ་མིན། ཞེས་པ་སྟེ། དེའི་ཕྱིར་བདེ་བ་ཆེན་པོ་སྒྲུབ་པ་དང་། མཆོག་གི་དབང་བསྐུར་བ་སྦྱིན་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་འགྱུར་རོ་ཞེས་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ ་པཔའོ།། ཟླ་བ་བཟང་པོའི་ཚིག་དག་སྟེ་གསོལ་བ་བཏབ་པའི་ཚིག་དེ་ཉིད་གསན་ནས་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གསུངས་ཏེ། ཐམས་ཅད་འཆང་བའི་རིམ་པས་བསྟན་ཏོ་ཞེས་པའི་དོན་ཏོ།། སྟོན་པ་པོ་དང་གསོལ་བ ་འདེབས་པ་པོའི་ཚིག་བསྡུས་པའོ།། ད་ནི་བླ་མ་བསྟེན་པའི་དོན་དུ་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་སྔགས་ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་ལས་འདས་པའི་དངོས་གྲུབ་འདོད ་པའི་སློབ་མ་རྣམས་ཀྱིས་དང་པོར་བླ་མ་བསྟེན་པར་བྱ་སྟེ། དེ་ཡང་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ཆོ་གས་ཡང་དག་པར་ཡོངས་སུ་བརྟགས་ནས་སོ།། རྣམ་པ་གཞན་དུ་ཡོངས་སུ་བརྟག་པའི་མཚན་ཉིད་དང་བྲལ་བའི་བླ་མ་བསྟེན་པས་སློབ་མ ་རྣམས་ཀྱིས་ཆོས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ཆོས་ཕྱིན་ཅི་ལོག་པས་དམྱལ་བར་འགྲོ་བར་འགྱུར་རོ།། དེའི་ཕྱིར་གསུངས་པ། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་ཞེས་པ་ལ་འདིར་དམ་ཚིག་རྣམ་པ་གཉིས་ནི། ཕྱི་དང་ནང་གི་སྟེ་དྲང་བ་དང་ངེས་པའི་དོན་གྱིས་རྟོགས ་པར་བྱ་བ་འཆད་པར་འགྱུར་བའོ།། དམ་ཚིག་འདི་ལ་ཡོད་པའི་ཕྱིར་དམ་ཚིག་ལྡན་པའི་བླ་མའོ།། དང་པོར་ཡང་དག་པར་བསྟེན་པར་བྱ་སྟེ། བུ་དང་ཆུང་མ་ལ་སོགས་པས་མཉེས་པར་བྱའོ།། ཞེས་པའི་དོན་ཏོ།། རྡོ་རྗེ་ཐེག་པར་ལྷག་པར་གནས། ཞེས་པ་ལ་འདིར་རྡོ་རྗེ་ཐེག་པ་ནི ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། མུ་སྟེགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། ཐར་པར་འདིས་འགྲོ་བའི་ཕྱིར། རྡོ་རྗེ་ཐེག་པའོ།། དེ་ལ་ལྷག་པར་གནས་པ་ནི། རྡོ་རྗེ་ཐེག་པ་ལ་ལྷག་པར་གནས་པའོ།། དེ་ཉིད ་བསྒོམས་ཤིང་འདིར་དེ་ཉིད་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྒྲུབ་པར་བྱེད་པོ་རྣམ་པ་གཉིས་ཏེ། ལྔ་པ་ཡེ་ཤེས་ཀྱོ་ལེའུ་ཡི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་འཆད་པར་འགྱུར་བ་ལས་བརྗོད་པར ་བྱའོ།། དེ་ཉིད་དེ་ཁོ་ན་ཉིད་སྒོམ་པ་ནི་འདིའི་ངང་ཚུལ་ལོ་ཞེས་པའི་དོན་ཏོ།། མ་ཆགས་ཞེས་པ་ནི་བུ་དང་ཆུང་མ་ལ་སོགས་པ་ཐམས་ཅད་དང་། རང་གི་ལུས་ལ་ལྟོས་པ་མེད་པའོ།། དྲི་མ་དག་དང་རྣམ་པར་བྲལ་ཞིང་ཞེས་པ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ ་དང་ཕྲག་དོག་དང་སེར་སྣའི་ཚོགས་ནི་དྲི་མ་སྟེ། དེ་ཉིད་རྣམ་པ་མང་པོས་བྲལ་བ་གང་ཡིན་པ་དེ་ནི་དྲི་མ་དག་དང་རྣམ་པར་བྲལ་བའོ།། བཟོད་པའི་ངང་ཚུལ་ཞེས་པ་ནི་བཟོད་པ་ལ་འདི་འབྲས་བུ་ལྟོས་པ་མེད་པའི་རང་བཞིན་གྱིས་རབ་ཏུ་ཞུགས་པའོ།། ལམ་ལ་ཞུགས་ཞེས་པ་ལ་ལྡུམ ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེ། དེ་ལ་ཞུགས་པའི་ངང་ཚུལ་ཅན་ནོ།། བླ་མ་དེ་བསྟེན་པར་གྱུར་ན་སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་པར་འགྱུརརོ།། དེ་ཉིད་ལས་ནི་ཚངས་སྤྱོད་ལྡན་ཞེས་པ་གང་ཞིག་མཆོག་ཏུ་མི ་འགྱུར་བའི་བདེ་བ་ཐོབ་པའོ།། བདུད་རྣམས་ལ་ཞེས་པ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་སྟེ། བདུད་བཞི་པོ་རྣམས་ལ་རྡོ་རྗེ་དབྱུག་པ་དང་འདྲ་བས་རྡོ་རྗེ་དབྱུག་པའོ།། དེ་ཡང་འཛིན་མའི་བཞི་ལ་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་པ་སྟེ་སྤྲུལ་པའི ་སྐུ་ཡིས་སོ།། ཞེས་པ་ནི་རྡོ་རྗེ་སློབ་དཔོན་བསྟེན་པའི་ངེས་པའོ།། ད་ནི་གདུག་པའི་སློབ་དཔོན་གྱི་སྐྱོན་ཡོངས་སུ་བརྟག་པའི་དོན་དུ་ང་རྒྱལ་དང་ལྡན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པ་ཉིད་ཀྱིས་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་བླ་མ་གང ་ཞིག་ང་རྒྱལ་ལ་སོགས་པའི་སྐྱོན་དང་བཅས་པའི་བླ་མ་དེ་ནི་བླ་མར་བྱས་ཀྱང་། དམྱལ་བ་བཞིན་དུ་སློབ་མ་མཁས་པ་སྟེ། ཤེས་ལྡན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱའོ།། ང་རྒྱལ་འདི་ལ་ཡོད་པའི་ཕྱིར་ང་རྒྱལ་དང་ལྡན་པའོ།། ང་རྒྱལ་ཡང་རྣམ་པ་དུ་མ ་མཁས་པའི་མངོན་པའི་ངོ་རྒྱལ་དང་། རྫས་དང་དབང་ཕྱུག་གི་མངོན་པའི་ང་རྒྱལ་དང་། དེ་ཉིད་བཅུ་ཡོངས་སུ་ཤེས་པ་དང་། ལམ་དང་གཟུགས་ལ་སོགས་པའི་མངོན་པའི་ང་རྒྱལ་ཏོ། དེ་གང་ལ་ཡོད་པ་དེ་ནི་སྤང་བར་བའོ།། འོག་མ་འོག་མའི་སེམས་ཅན་རྣམས་ལ ་བལྟས་ཤཱང་ང་རྒྱལ་དང་ལྡན་པ་དང་། གོང་མ་གང་མ་བ་སེམས་ཅན་རྣམས་ལ་བལྟས་ཤིང་ང་རྒྱལ་དང་བྲལ་བར་འགྱུར་ཏེ། ཡང་དག་པའི་ལམ་རིག་པའོ།། དེ་ནས་ང་རྒྱལ་དང་ལྡན་ཞིང་སྙིང་རྗེ་དང་བྲལ་བ་ནི་སྤང་བར་བྱ་སྟེ། དེ་བཞིད་དུ ་ཁྲོ་བས་ཟིལ་གྱིས་མནན་པའོ།། དམ་ཚིག་རྣམ་བྲལ་ཞེས་པ་ནི་འཇིག་རྟེན་པས་སྨད་པ་གསང་བའི་དམ་ཚིག་རྣམས་གསལ་པོར་སྤྱད་པས་དམ་ཚིག་དང་བྲལ་བར་འགྱུར་ཏེ། དེ་ཡང་སྤང་བར་བྱའོ།། རྫས་ལ་བསྐམ་པ་ཡང་སྟེ། དགེ་འདུན་དང་མཆོད་རྟེན་གྱི་རྫས་ལ ་སོགས་པའི་ལྕི་བའི་རྫས་ཉེ་བར་ལོངས་སྤྱོད་པ་ནི་རྫས་ལ་བ་རྐང་པའོ།། དེ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱི་དོན་དུ་རྫས་སོགས་པར་བྱེད་པའོ།། ཐོས་པ་དག་ཀྱང་མེད་ཅེས་པ་ནི་རྨོངས་པ་སྟེ་དམ་པའི་ལམ་གྱི་མན་ངག་དང་བྲལ་བའོ།། དེ་བཞིན་དུ་དམ་པའི་སློབ་མ་རྣམས ་ནི་སླུ་བ་དོན་དུ་གཉེར་ཞིང་ཞེས་པ་ནི་བརྫུན་སྨྲ་བ་པོ་སྟེ་སྤང་བར་བྱའོ།། མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར་ཞེས་པ་ནི་དབང་བསྐུར་མེད་པར་བརྒྱུད་འཆད་པ་པོ་ཞེས་པ་སྟེ་སྤང་བར་བྱའོ།། ལོངས་སྤྱོད་དག་ལ་ཀུན་ཆགས་ཞེས་པ་ནི་ཕྱི་རོལ་འཁོར ་པའི་ལོངས་སྤྱོད་རྣམས་ལ་ཀུན་ཏེ། རྣམ་པ་ཀུན་ནས་ཡང་དག་པར་ཆགས་པའོ།། བག་མེད་ནི་ཆང་འཐུངས་པ་སྟེ་མཉམ་པར་མ་གཞག་པ་སྤང་བར་བྱའོ་ཞེས་པའི་དོན་ཏོ།། དབང་པོའི་དོན་དུ་འདོད་ལྡན་པ་ཞེས་པ་ནི་དབང་པོ་གཉིས་ཀྱི་བདེ་བའི་དོན་དུ་འདོད་ལྡན་ཡང་སྤང་བར ་བྱའོ།། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་སྔགས་ཀྱི་ཚུལ་ལས་འདི་ལྟ་སྟེ། སློབ་དཔོན་ཡོན་ཏན་བླང་བྱ་སྟེ། སྐྱོན་ནེ་ནམ་ཡང་མིན་པ་ཉིད།། ཡོན་ཏན་བླངས་པས་དངོས་གྲུབ་འགྱུར།། སྐྱོན་བརྗོད་པ་ལས་དངོས་གྲུབ་མེད།། ཅེས་དང་། དེ་བཞིན་དུ། དབང་མཆོག་ཐོབ ་གང་རྡོ་རྗེ་ཡི་སློབ་དཔོན་ལ་ནི་དེ་བཞིན་གཤེགས།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས།། དུས་གསུམ་བྱོན་ནས་ཕྱག་འཚལ་ལོ།། ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་སློབ་དཔོན་གྱི་གོན་ཏན་བླང་བར་བྱའོ་ཞེས་པ་ལམ་ཉམས ་པ་འགའ་ཞིག་གི་ཚིག་འབྱུང་བར་འགྱུར་ཏེ། འི་ཕྱིར་བརྗོད་པར་བྱ་སྟེ། འདིར་མ་འོངས་པའི་དུས་སུ་ལམ་ཉམས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱིས།། སློབ་དཔོན་ཡོན་ཏན་བླང་བ་སྟེ། སྐྱོན་ནི་ནམ་ཡང་མིན་། ཅེས་པ་གང་བརྗོད་པར་བྱ་བ་དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན ་གང་གི་ཕྱིར་བླ་མ་བསྟེན་པའི་སླད་དུ་སློབ་དཔོན་གྱི་སྐྱོན་དང་ཡོན་ཏན་ཡོངས་སུ་བརྟག་པ་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག། ཁེངས་ཤིང་ཆགས་ལ་མ་བསྡམས་དང་།། རང་བསྟོད་བླ་མར་སློབ་མ་ནི། བློ་བཟང་ལྡན་པས ་མི་བྱའོ།། ཞེས་པ་སྟེ། གསུང་འདིའི་ཕྱིར་བླ་མར་བས་ཀྱང་བྱ་བ་མ་ཡིན་པ་བྱེད་པ་ནི་ཐར་པ་དོན་དུ་གཉེར་བའི་སློབ་མས་སྤང་བར་བྱ་བ་ཉིད་དོ།། དེ་བཞིན་དུ་དང་པོའི་སངས་རྒྱས་ལས།། གང་ཞིག་ཁྱིམ་པ་བསྟི་གནས་སྤྱོང་།། གཡོག་པོ་ཞིང་པ་ཚོང་པ་དང་། དམ་ཆོས ་འཚོང་བའི་རྨོངས་པ་དེ། ས་ལ་རྡོ་རྗེ་འཛིན་པ་མི་ནི། ཞེས་པ་ལ་སོགས་པས་སོ།། བླ་མ་རྣམ་པ་གསུམ་སློབ་དཔོན་ཡོངས་སུ་བརྟག་པ་ལས་གསུངས་པ།། དེ་ཉིད་བཅུ་ནི་ཡོངས་ཤེས་པ།། གསུམ་ལས་དགེ་སློང་མཆག་ཡིན་འབྲིང་།། དགེ་ཚུལ་ཞེས་བྱ་དེ་དག་ལས། ་ཁྱིམ་ན་གནས་པ་ཐ་མའོ།། ཞེས་དང་དེ་བཞིན་དུ་ས་ཐོབ་མ་གཏོགས་ཁྱིམ་པ་ནི།། རྒྱལ་པོས་བླ་མར་མི་བྱ་སྟེ།། དེ་ལ་ཐོས་པ་ཡོངས་ཤེས་པས།། གང་ཞིག་རྟགས་ཅན་བྱ་བ་ཉིད།། ས་ཐོབ་མ་གཏོགས་སློབ་དཔོན་ནི།། ཁྱིམ་ནས་གང་ཆེ་མཆོད་བྱེད་པ། ་སངས་རྒྱས་ཆོས་དང་ནི། དགེ་འདུན་རྣམས་ལ་གུས་མང་འགྱུར།། དེ་བཞིན་དུ་ལྷ་ལང་སགས་ཀྱི་རབ་གནས་སོགས།། རྟགས་ཅན་གྱིས་ནི་རྟག་ཏུ་བྱ།། གནས་གཅིག་དག་ནི་གསུམ་ཡོད་ན།། ཁྱིམ་པ་གོས་དཀད་ལྡན་པས་མིན། ཞེས་པ་སྟེ། དེ་ལྟར། ་རྣམ་པ་དུ་མས་སློབ་དཔོན་ཡོངས་སུ་བརྟགས་པ་ལས།། བཅོམ་ལྡན་འདས་ཀྱིས་གསུངས་པའི་བླ་མ་སློབ་མ་རྣམས་ཀྱིས་བསྟེན་པར་བྱ་སྟེ།། སྔར་གསུངས་པའི་ངེས་པ་ནི་སྐྱོན་དང་ལྡན་པ་སྤང་བའི་སླད་དུའོ།། དེ་བཞིན་དུ་ཡོན་ཏན་ལས་ཀྱང་གསུངས་པ། འདི་ལྟ་སྟེ། ་བརྟམ་ནིང་དུལ་ལ་བློ་གྲོས་ལྡན། བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།། སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས།། དེ་ཉིད་བཅུ་ནི་ཡོངས་སུ་ཤེས།། དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། གསང་སྔགས་འཆང་བྱེད་སློབ ་དཔོན་ཏེ།། དང་བའི་བདག་ཉིད་དབང་པོ་ཐུལ།། ཞེས་པ་ལ་སོགས་པས་སོ།། འོན་ཀྱང་ཚིགས་སུ་བཅད་པ་གཞན་གྱིས་གསུངས་པའི་ཚིག་རྣམ་པར་དཔྱད་པར་བྱ་སྟེ།། ཅི་སྟེ་རྣམ་པར་མི་དཔྱད་ཅེ་ན། དབང་མཆོག་ཐོབ་གང་ཞེས་པ་ལ་སོགས་པའི་ཚིག་ནི་མཁས་པ ་རྣམས་ཀྱིས་དོན་དམ་པའི་བདེན་པ་དང་། འཇིག་རྟེན་པའི་བདེན་པ་ངེས་པའི་དོན་དང་དྲང་བའི་དོན་གྱིས་རྟོགས་པར་བྱའོ།། དེ་ལ་རེ་ཞིག་ངེས་པའི་དོན་བརྗོད་པར་བྱ་སྟེ། འདིར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མདུན་དུ་ཕྱག་རྒྱ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ཀྱི་ཐ་མ། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་མཆོད་པ་སྟེ། དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ།། གང ་ནི་གང་གི་ཕྱིར་ཏེ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་དེའི་ཕྱིར་རྡོ་རྗེ་སློབ་དཔོན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ།། ཁམས་གསུམ་པོ་འདིར་སེམས་ཅན་གྱི་དོན་དུ་གང་གི་སྐུ་དང་གསུང་དང་ཐུགས་མི་མཆོད་པ་རྡོ་རྗེ་བཞིན་དུ་སྤྱོད་པ་དེ་ནི་རྡོ་རྗེ་སློབ་དཔོན་ཀུན་དུ ་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དོ།། དེ་ལ་ཡང་དེ་བཞིན་གཤེགས་པ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས་ཞེས་པ་ལ་འདིར་ཕྱོགས་བཅུ་རྣམས་ན་བྱང་ཆུབ་སེམས་དཔའ་གང་དག་ཡོད་པ་དེ་དག་རྣམས་ཀྱི་ཅོད་པན་རིན་པོ་ཆེ་བདུན་གྱི་རང ་བཞིན་ནི་ངེས་པའི་དོན་གྱིས་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དེ། ཅོད་པན་དེ་དག་ལ་དེ་བཞིན་གཤེགས་པ་གང་དག་རིགས་ཀྱི་ཕྱག་རྒྱའི་རང་བཞིན་གྱིས་བཞུགས་པ་དེ་དགེ་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས་སོ།། བྱང་ཆུབ་སེམས་དཔའ ་དེ་དག་ཀྱང་དུས་གསུམ་དུ་བྱོན་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་དེ། དེ་དག་ཕྱག་འཚལ་བར་བྱེད་པས་ཅོད་པན་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་། ཕུང་པོ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་ཕྱག་འཚ ་བར་འགྱུར་རོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་དོན་ཏོ།། དེ་བཞིན་དུ་ཉེ་བར་བཏགས་ནས་དྲང་བའི་དོན་བརྗོད་པར་བྱ་སྟེ། འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་སྣ་ཚོགས་ཞེས་གསུངས་པའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་སྒྲས་ཕྱོགས་བཅུ་ན ་གནས་པའི་སློབ་མ་རྣམས་ཀྱི་ལུས་བརྗོད་དེ། འོག་ནི་སའི་ཁང་པ་ལ་གནས་པ་རྣམས་སོ།། སྟེང་ནི་ཁང་བཟངས་སུམ་རྩེག་ལ་སོགས་པ་ལ་གནས་པ་རྣམས་སོ།། དེ་དག་རྣམས་ལ་ཕུང་པོ་ལྔ་གནས་པ་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་དོ།། དེ་ལྟར་འཇིག ་རྟེན་ཁམས་བཞུགས་རྣམས་སོ།། སློབ་མ་དེ་དག་ཀྱང་ཐུན་མཚམས་གསུམ་དུ་འོངས་ནས་བླ་མ་ལ་ཕྱག་འཚལ་བར་བྱེད་དེ། དེ་དག་ཕྱག་འཚལ་བར་བྱེད་པས། ཕུང་པོ་ལྔ་རྣམས་ཀྱིས་ཀྱང་བླ་མ་ལ་ཕྱག་འཚལ་བར་འགྱུར་རོ།། ཞེས་པ ་ནི་དྲང་བའི་དོན་ཏོ།། འདིར་ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་བར་བྱ་སྟེ། ཁྱིམ་པ་དང་གིསར་བུ་རྣམས་ལ་ནི་དམ་པའི་ཆོས་འཆང་པ་མ་གཏོགས་པར་མ་ཡིན་ནོ།། འདི་ལྟ་སྟེ། འཇིག་རྟེན་སྨོད་པ་སྤང་བའི ་ཕྱིར།། དམ་ཚེས་ལ་སོགས་མདུན་བདར་ཏེ། ཁྱིམ་པ་འམ་ནི་གསར་བུ་ལ།། བརྟུལ་ཞུགས་འཛིན་པས་བློས་ཕྲག་བྱ།། དེ་བཞིན་དུ། མཆོག་མིན་ལས་དང་ཕྱག་སྤངས་ནས།། སྟན་བསྟབས་པ་དང་ལྡང་བ་དང་།། དོན་བྱ་བ་ལ་སོགས་བསྙེན་བཀུར་འདི ་ཐམས་ཅད་བརྟུལ་ཞུགས་ཅན་གྱི་བྱ།། ཞེས་པ་ནི་འདིར་གལ་ཏེ་ཁྱིམ་པ་འམ་ནི་གསར་བུ་དག་ཀྱང་དགེ་སློང་དང་རྡོ་རྗེ་སློབ་དཔོན་གྱིས་མཚུངས་པར་གྱུར་ན་དེའི་ཚེ་ཇི་ལྟར་ཞེ་ན། མཆོག་མིན་གྱི་ལས་རྐང་པ་བཀྲུ་བ་ལ་སོགས་པ་དང་། ཡན་ལག་ལྔའི་ཕྱག་སྤངས ་ནས་རང་གི་གནས་སུ་བླ་མ་བྱོན་པ་ལ་ནོར་ལ་སོགས་པའི་བཀུར་སྟི་བྱའོ།། འཆད་པའི་དུས་སུ་འཇིག་རྟེན་སྨོད་པ་སྤང་བའི་ཕྱིར་དམ་པའི་ཆོས་ལ་སོགས་པ་མདུན་དུ་བདར་ནས་ཕྱག་འཚལ་བར་དུའོ།། འདིར་འཇིག་རྟེན་སློད་པ་ནི་ཁྱིམ་པའམ་དགེ་ཚུལ་གང་ཡིན ་པ་དེ་དག་ལེ་ལོ་ཉིད་ཀྱིས་གོང་མའི་རྟགས་མི་འཛིན་པས་སོ་སོར་ཐར་པ་ཐོས་པ་དང་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ།། གལ་ཏེ་ལེ་ལོ་དང་ང་རྒྱལ་མེད་པ་དེ་ལྟ་ན་སྔར་དགེ་སློང་གི་སྡོམ་པ་ཤེས་ནས་ཕྱིས་ཐེག་པ་ཆེན་པོ་ཤེས་པར་བྱ་བ་སྟེ། ཀྱེའི་རྡོ་རྗེ་ལ་སོགས ་པ་ལས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཅིའི་དོན་དུ་མི་བྱེད། དེའི་ཕྱིར་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ན་ཁྱིམ་ན་གནས་པའི་སློབ་དཔོན་ནི་དགེ་སློང་རྣམས་ཀྱིས་བསྟེན་པར་མི་སྟེ། རྒྱལ་པོས་ཀྱང་རྣམ་ད་ཐམས་ཅད་དུ་བསྟེན་པར་མི་བྱའོ།། དེ་བཞིན་དུ་སློབ་དཔོན་ཡོངས་སུ ་བརྟག་པ་ལས། སློབས་མོ་དང་ནི་གོས་དམར་གྱིས།། ངན་པའི་བདག་ཉིད་གང་ངོ་ཚ། གཡེམ་བཅས་ལམ་ཉམས་སངས་རྒྱས་པ།། རྣམས་ཀྱིས་ཕྱག་འོས་མཆོད་འོས་སོ།། འགྱུར་རོ་ཞེས་འབྲེལ་ལོ།། དེ་གན་དུ་གང་ཚོ་གས་དམར་མཐོང་གྱུར་ནས།། ཞེ་སྡང་དུ་འགྱུར་སངས་རྒྱས་པ། ་སྡིག་ཅན་ཀླ་ཀློའི་ཆོས་ལ་དགའ།། དེ་ཚེ་དཀར་པོའི་ཆེས་ལ་མོས།། ཞེས་སོ།། འདིར་སངས་རྒྱས་པའི་ལྟ་བ་ནི་དུས་ཐམས་ཅད་དུ་གོས་དཀར་པོ་མ་ཡིན་ཏེ། དེ་ལྟར་ཡང་འཇམ་དཔལ་གྱི་ཡུལ་གྱི་གཙུག་ལ། ཁང་དུ་དགེ་སློང་དང་དགེ་ཚུལ་ཕམ་པར་གྱུར་པ་དེའི་ཚེ་གོས་དཀར་པོ་བྱིན ་ཞིང་ངུར་སྨྲིག་བླངས་ཏེ། གཙུག་ལག་ཁང་ནས་ངེས་པར་འབྱིན་པར་བྱེད་དོ།། རྡོ་རྗེ་སློབ་དཔོན་ཡང་སྔགས་པའི་གཙུག་ལག་ཁང་ནས་རྒྱལ་པོའི་ངེས་པསོ།། འཕགས་པའི་ཡུལ་འདིར་ཡང་ཁྱིམ་ན་གནས་པ་གོས་དཀར་པོ་ནི་ངུར་སྨྲིག་འཛིན་པ་རྣམས་ཀྱི་བླ་མ་དང་། གཙུག་ལག ་ཁང་ལ་སོགས་པ་རབ་ཏུ་གནས་པ་བྱེད་པ་པོ་ཇི་ལྟར་ཡིན། གང་ཞིག་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ཀྱང་གནོད་པའི་གནས་སྐབས་ཐོབ་པ་དག་སྟེན་པར་བྱེད་ན། འདི་ནི་དགེ་འདུན་ལ་བརྙས་པ་ཆེན་པོ་སྟེ། སྟེ་པར་འདི་ནི་བདེ་བར་གཤེགས་པའི་དབེན་པ་རྣམ་པར་ཉམས་པར་བྱེད་པ་ནི ་དེའི་ཕྱིར་རྣམ་པ་ཀུན་ཏུ་ཡོངས་སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་བྱ་ཞིང་སྐྱོན་དང་ལྡན་པ་སྤང་བར་བྱའོ།། སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ངེས་པའོ།། ད་ནི་ཟབ་ཅིང་ཞེས་ཀ་ལ་སོགས་པ་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་དུ་སློབ ་མ་དམ་པའི་མཚན་ཉིད་གསུངས་པ་ཏེ། འདིར་སྔགས་ཀྱི་ཚུལ་ལ་སློབ་མ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དང་གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བའོ།། གང་མྱ ་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་དང་གསང་བ་ལ་སོགས་པའི་དབང་གིས་ཡང་དག་པར་བསྡུ་བར་བྱའོ།། གང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར ་གྱི་འཁོར་ལོ་བསྒོམ་པའི་དོན་དུ་དབང་བདུན་གྱིས་ཡང་དག་པར་བསྡུ་བར་བྱ་སྟེ་འབྲིང་པོ་བསོད་ནམས་ངག་གི་རྒྱུར་ཞེས་སོ།། ཐ་མ་ནི་དབང་གིས་ཡང་དག་པར་བསྡུ་བར་བྱ་བ་མ་ཡིན་ཏེ། དགེ་བསྙེན་གྱི་བསླབ་པས་ཡང་དག་པར་བསྡུ་བར་བྱའོ་ཞེས་པ་ནི་ངེས་པའོ།། འདིར ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ལ་གང་ཞིག་སེམས་པ་དེ་ནི་ཟབ་ཅིང་རྒྱ་ཆེ་ལ་སེམས་ཤེས་པ་སྟེ་སློབ་མ་མཆོག་གོ།། བླ་མའི་ངེས་པ་ལ་དགའ་ཞེས་པ་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་དགེ་བ་བཅུའི་ཆོས་ལ་དགའ་བའོ།། གཏོང་བའི ་ང་ཚུལ་དང་ལྡན་ཞེས་པ་ནི་འདུ་འཛི་ཐམས་ཅད་རྣམ་པར་སྤངས་ཤིང་རྫས་ལ་སོགས་པ་ལ་ལྟོས་པ་མེད་པའོ།། ཡོན་ཏན་ཤེས་ཞེས་པ་ནི་དཀོན་མཆོག་གསུམ་ལ་དད་པའོ།། ཐར་པ་དོན་གཉིར་ཞེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ལ་ལྟོས་པ་མེད་པའོ།། རྒྱུད་ལ ་གུས་ཤིང་ཞེས་པ་ནི། རྒྱུད་ལས་གསུངས་པའི་སྡོམ་པ་བསྲུང་བར་བྱེད་པའོ།། གཡོ་བ་མེད་པའི་སེམས་ལྡན་ཞེས་པ་ནི་འཇིག་རྟེན་པའི་ལམ་རྣམས་ཀྱིས་གང་གི་སེམས་མི་གཡོ་བ་དེ་ནི་གཡོ་བ་མིན་པའི་སེམས་དང་ལྡན་ནོ།། དེ་ཉིད་ཐོབ་པ་ཤིན་ཏུ་སྦེད་ཅེས་པ་ནི་དེ་ཉིད ་ཐོབ་པ་ན་ཇི་སྲིད་པ་གིས་ཉམས་སུ་མྱོང་བར་གྱུར་པ་ང་སྲང་སྐུད་པ་ན་ཤར་ཏུ་སྣང་པའོ།། གདུག་པ་རྣམས་ཀྱི་གྲོགས་ཉམས་ཞེས་པ་ནི་འདིར་གང་དག་ནོར་དོན་དུ་གཉེར་བའི་ཁྱིམ་པའི་སློབ་བཔོན་རྣམས་པ་དེ་བཞིན་དུ་དག་འཐུབ་པ་རྣམས་ཀྱང་སྟེ། གང་ཟག་གཅིག་གིས་བཅུ ་གནས་དང་གཙུག་ལག་ཁང་ཉེ་བར་ལོངས་སྤྱོད་པ་དེ་རྣམས་ནི་གདུག་པའོ།། དེ་དག་གི་གྲོགས་ནི་མི་དགེ་བ་བཅུའི་ལམ་སྟེ། དེ་དག་ལས་ཉམས་པ་དེ་ནི་གདུག་པ་རྣམས་ཀྱི་གྲོགས་ཉམས་སོ།། དེ་ལྟར་གྱུར་པ་ནི་སློབ་མ་ཆེན་པོ་སྟེ་བླ་མ་ཤིན་ཏུ་མཁས་པ་དེ་ཉིད་རིག་པ ་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པའི་རྒྱུར་བསྡུ་བར་བྱའོ།། སོགས་པའི་སྒྲས་དབང་བཞི་པའི་རྒྱུར་ཡང་དེ་ཉིད་དོ།། གཞན་འབྲིང་པོ་ནི་སླར་ཡང་བསོད་ནམས་ངག་གི་རྒྱུར་ཏེ། ཡོན་ཏན་འབྲིང་པོ་དང་ལྡན་པ་ནི་དབང་བདུན་གྱི་རྒྱུར་ཡང་དག་པར་བསྡུ་བར་བྱའོ།། ་ཐ་མ་ཡང་གལ་ཏེ་བླ་མ་སྟེན་པར་བྱེད་ཅིང་སྨོད་པར་མི་བྱེད་ན་བསླབ་པའི་གནས་ལྔའི་རྒྱུར་ཡང་དག་པར་བསྡུ་བར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། སློབ་མ་ཡོངས་སུ་བརྟག་པའི་ངེས་པའོ།། ད་ནི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་བཞེངས་པ་དང་། དབང་སྦྱིན ་པ་དང་། རྒྱུད་བསྟན་པའི་དོན་དུ་རྣལ་འབྱོན་མ་རྣམས་ལ་མཆོད་པ་བྱེད་པའི་སླད་དུ། ནག་པོའི་མཐར་ཞེས་པ་ལ་སོགས་པས་དཀར་པོའི་ཚིག་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པར་རྒྱས་པར་བྱ་སྟེ། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས ་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཆོས་གཅིག་འཇུག་པས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིན་ཐེག་པ་གསུམ་བསྟན་པ་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི ་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀ་ཆས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ག་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དགེ་བ་མཚན་ཉིད་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དྲུག་གི་རྣམ་པར་དབྱེ་བ་ཅན་དང་ཐའི་སངས་རྒྱས་རྣམ་པར་སྤྲོས་ས། ་འདིར་རྒྱུ་སྐར་གྱི་དཀྱིལ་འཁོར་ཇི་ལྟར་ཤེས་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། འདིར་མཆོད་རྟེན་གྱི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམ་པར་དག་པས་ཀ་བ་ཉི་ཤུ་རྩ་བརྒྱད་དེ། ཕྱོགས་བཞི་རྣམས་སུ་ཐུར་མ་བདུན་གྱི་དབྱེ་བས་ཤར་དུ་ཁྱབ་འཇུག་གིས་ཁྱེར་ནས་འོངས ་པཔ་དང་། ལྷོར་ཀཱར་ཏི་ཀ་ཡིས་དང་། ནུབ་དུ་ཚངས་པས་དང་། བྱང་དུ་བདེ་བྱེད་ཀྱིས་ཁྱེར་ནས་འོངས་པ་དག་བཙུགས་པ་དག་གང་ཡིན་པ་དེས་ནི་མཆོད་རྟེན་གྱི་ཕྱི་རོལ་རྒྱུ་སྐོར་གྱི་རྣམ་པར་དགེ་བ་མཆོད་རྟེན་གྱི་ནང་གི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ ་འཁོར་རོ།། དེ་བཞིན་དུ་གནས་ཉི་ཤུ་རྩ་བཞི་ནི་ཕྱོགས་ཀྱི་ཆུའི་དབྱེ་བས་སོ།། གཞན་འོག་གི་དཀྱིལ་འཁོར་ཆ་བཅུ་དྲུག་དང་ལྡན་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པས་སོ།། དཀྱིལ་འཁོར ་གྱི་གནས་ངེས་པའོ།། གནས་དེར་ཉིན་ཞག་ངོ་ཉིད་ལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་དབང་བྱིན་ནས་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་ཏེ། དེས་ན་མ་འོངས་པའི་དུས་སུ་ཞྭ་འདི་ནི་དུས་ཀྱི་འཁོར་ལོ་ལས་རྡོ་རྗེ་སློབ ་དཔོན་རྣམས་ལ་དེ་བཞིན་གཤེགས་པའི་ངེས་པར་གྱུར་ཏོ།། ནག་པའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་ངག་ལ ་སྦྱིན་པ་ཤྩ། ཞེས་པ་ལ་ནི་ང་པོར་དབང་བདུན་སྦྱིན་པ་ནི་གཞུགས་པའི་དོན་དང་སྔགས་བཟླས་པ་དང་ཀྱིལ་འཁོར་སྙམ་པའི་ངན་དུ་སྟེ། ངོལས་བསོད་ནམས་ཀྱི་ཚོགས་སྷོ།། ངོ་ཕྱིར་བསོད་རྣམས་ཀྱི་རྦྷ་གྷས་པ་རྒྱུར་དབང་བདུཅུ་སྦྱིན་པར་བྱ་ཞིང་མི་འཆི་བ་ལ་སོགས་པ ་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ།། དེ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དབང་གོང་མ་གསུམ་སྦྱིན་པ་ནི་རང་གི་ཤ་ལ་སོགས་པ་ཤིན་ཏུ་འདོད་པ་སྦྱིན་པ་ལ་སོགས་པའི་དོན་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པའི་དོན་དང་། བྱང་ཆུབ ་ཀྱི་སེམས་མི་འགྱུར་བའི་དོན་ཏེ། དེ་ཡིས་ཡེ་ཤེས་ཀྱི་ཚོགས་སོ།། དེའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་དབང་གོང་མ་རྣམས་སྦྱིན་པར་བྱའོ།། དེ་དག་ཀྱང་དབང་བཞི་པ་དང་བཅས་པ་སྟེ། བཞི་པ་ནི་མུན་ངག་གིས་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱི་དབ ་གིས་ངེས་པའོ།། དེ་ལྟར་ནག་པའི་ཉ་གཙོ་བོར་བྱས་ནས་ཉ་བཅུ་གཉིས་པོ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་སྦྱིན་པར་བྱ་ཞིང་སྐུ་གཟུགས་ལ་སོགས་པ་རྣམས་རབ་ཏུ་གནས་པར་བྱའོ།། དེ་བཞིན་དུ་རྒྱུ་སྐར་དང་སྦྱོར་བ་དགེ་བ་དང་བཅས་པའི་ཉིན་ཞག་གཞན་ལ ་ཡང་བྱའོ།། ཞེས་པ་ནི་དབང་ལ་སོགས་པའི་ངེས་པའོ།། ད་ནི་དུས་ནི་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་དོན་དུ་རྣལ་འབྱོར་མ་རྣམས་མཆོད་པའི་ངེས་པ་གསུངས་ཏེ། ནག་པའི་ཉ་ལ་དཀྱིལ་འཁོར། ཞེངས་ནས་སམ། ཡང་ན་དཀྱིལ་འཁོར་བྲིས་པ་མེད་པར་ཡང ་མཐའི་དག་ཡོན་ཏན་གཏེར་རྒྱུད་ཀྱི་རྒྱལ་པོ་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་ངག་ལ་བཟའ་བ་དང་བཏུང་བ་ལ་སོགས་པས་མཆོད་པ་བྱའོ།། ཅི་སྟེ་མ་ཚོགས་པའི་དབང་གིས་ནག་པའི་ཉ་ལ་མཆོད་པ་མེད་པར་གྱུར་ན་དེའི་ཚེ་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག ་ལས་བླ་མ་རྡོ་རྗེ་སློབ་དཔོན་གྱིས་བསྟན་པར་མི་བྱའོ།། ཅི་སྟེ་མཆོད་པ་མེད་པར་གྱུར་པ་ལ་འོས་པའི་སློབ་མ་འགའ་ཞིག་ཐོས་པ་དོན་དུ་གཉེར་ན་དེའི་ཚེ་དེས་ཉ་བཅུ་གཉིས་པོ་ལ་རྣལ་འབྱོར་མ་རྣམས་ལ་མཆོད་པ་བྱས་ནས་མཉན་པར ་བ་སྟེ། དེའི་བསོད་ནམས་ཀྱིས་ཚོགས་ཀྱིས་གཞན་རྣམས་ཀྱིས་ཀྱང་མཉན་ནོ།། འདིར་རྣལ་འབྱོར་མ་རྣམས་ལ་མཆོད་པ་ནི་ཕྱིའི་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་སྟེ། རྟག་ཏུ་བརྒྱད་དང་བཅུ་བཞི་ལ་ཇི་ལྟར་འབོར་པ་ག་བ་དང་། འབྱུང་པོ་ལ་སོགས་པ་རྣམས་ལ ་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་བ་དང་། སངས་རྒྱས་མཆོད་པ་མཎྜལ་ལ་སོགས་པ་བྱ་བ་ནི། ཁྱིམ་ན་གནས་པ་ནོར་དང་ལྡན་པ་རྣམས་ཀྱི་ངེས་པའོ།། ཀུན་སྤངས་ཀྱི་སློབ་མ་རྣམས་ལ་ནི་མཆོད་པ་ངེས་པ་མེད་ཅིང་དེ་དག་ལ་བསྟན་པའི་དོན་དུ་བླ་མ་རྣམས་ལ ་ཡང་ངེས་པ་མེད་དེ། གང་གི་ཕྱིར་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་བསམ་པ་འཛིན་པར་བྱེད་པ་སྟེ། མཆོད་པ་ལ་སོགས་པའི་དངོས་པོ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ།། རྒྱུད་བསྟན་པའི་མཆོད་པའི་ངེས་པའོ།། ད་ནི་དབང་གི་དོན་དུ་ས་ལ་སོགས ་པའི་མཚན་ཉིད་གསུངས་ཏེ། ཚིགས་སུ་བཅད་པ་འདིར་ས་ལ་སོགས་པ་གང་སྨོས་པ་དེ་མཐའ་དག་འཆང་པར་འགྱུར་བ་ལས་བརྗོད་པར་བྱའོ།། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲོས་བུའི་དོན་དུ་ཞི་བ་ལ་སོགས་པ་བྱའོ།། ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ།། སློབ་ས ་རྣམས་ནི་བསྡུ་བ་དག་དང་གང་ཡང་དཀྱིལ་འཁོར་བྲི་བ་དག་ཤེས་ནས་བྱའོ།། ཞེས་པ་ནི་ངེས་པའོ།། གདུག་པའི་སློབ་དཔོན་ཕ་རོལ་སླུ་བ་པོ་རྫས་ལ་ཆགས་པས་ཡོངས་སུ་ཤེས་པ་མེད་པར་བྱད་ནི་དམྱལ་བར་འགྲོ་བར་འགྱུར་རོ།། ཞེས་པ་ནི་སློབ་དཔོན་ལ་རྗེས་སུ ་བསྟན་པའི་ཚོགས་སུ་བཅད་པར།། དབང་གི་དོན་དུ་ས་ནི་ཡོངས་སུ་བརྟག་ཅེས་པ་ལ་སོགས་པ་ན་ག་ཟླའོ།། དམས་མི་ཞེས་པ་ལསམས་པས་མའི་མཚན་ཉིད་གསུངས་ཏེ། འདིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་གོས་པ་རྣམས་ཀྱི་རིགས་རྣམ་པ་བཞིའོ།། དེ་ལ་པ་མ་དག་པ་ནས་རགས། ་པར་བྱ་སྟེ། དམངས་རིགས་ལ་སོགས་པ་རྣམས་ཁ་དོག་ནག་པོ་ལ་སོགས་པས་སོ།། འདིར་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་ཁ་དོག་ནག་པོའི་ས་དམངས་རིགས་སོ།། སེར་པོ་ནི་རྗེའུ་རིགས་སོ།། དམར་བ་ནི་རྒྱ་ལམིགས་སོ།། དཀར་བ་ནི་བྲིམ་ཐའི་རིགས་སོ།། དེ་བཞིན་དུ་དྲི་ལས ་རུལ་པོའི་དྲི་ནཱི་དམངས་རིགས་སོ།། ལན་ཚྭ་དྲི་ནི་སྡེའུ་རིགས་སོ།། པདྨའི་དྲི་ནི་རྒྱལ་རིགས་སོ།། མཆོག་གི་དྲི་ནི་བྲམ་ཟེའི་རིགས་ཏེ། རིམ་པས་སོ།། དེ་བཞིན་དུ་རོ་ལས་ཏེ། སྒུར་དང་ལན་ཚྭའི་རོ་ནི་དམངས་རིགནས།། མང་མ་དང་ཆ་བཞེས་པ་ལ་མངར་བའི་ར་ནི་རྗེའུ་རིགས་སོ ་རྨ་བའི་རོ་ནི་མི་བདག་གི་རིགས་ཏེ་རྒྱལ་རིགས་སོ།། གཞན་པའི་རོ་ཁ་བ་དང་བསྐ་བ་དག་ནི་གཉིས་སྐྱེས་ཀྱི་རིགས་སོ་ཞེས་པས་ཏེ། རོ་ལས་རིགས་ངས་པའོ།། ང་ནི་ཞི་བ་ལ་སོགས་པའི་དོན་དུ་ས་གསནས་པ་དཀར་པོ་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་བ་དང་རྒྱས་པ ་ལས་དཀར་པོ་དང་བསད་པ་དང་བསྐྲད་པ་ལ་མ་དོག་ནག་པོ་དང་། དབང་དང་དགུག་པ་ལ་དམར་པོ་དང་། རེངས་པ་དང་རྨོངས་པ་ལ་སེར་ལོར་འགྱུར་རོ།། ཡང་ཡིག་ལས་དུག་གཞིལ་བ་ལ་སོགས་པ་ཡང་རིམ་པ་ཇི་ལྟ་བས་ཏེ་ངེས་པའོ།། འདིར་ལས་ཀྱི་ཆ་ནི་ཐམས་ཅད ་དག་ལས་ལྗང་ཁུ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ལྔ་པ་དག་ནི་ཐ་མ་དག་གི་རིགས། རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་གཏེར། དེ་ནི་ན་མཁའི་ཁམས་ཀྱི་མཚན་ཉིད་དུ། ལ་འབྱོར་པ་ཡིས་རིག་པར་བྱའོ་ཞེས་པ་སྟེ། སའི་མཚན་ཉིད ་ས་ག་དག་མས་མཚས་ཅད་ས་པན་པ་ལ་སགས་པཔ་དན་དུ་ཡི་ན། ད་ཆམགས་དང་བླང་རྣམ་ས་པགས་པ་གས་ཀྱི་མཐམས་ཅད་དུ་མཚན་ཉིད་འདི་རྣམས་དང་ལྡན་པའི་སར་མི་འགྱུར།། དེས་ན ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་གང་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱ་བ་དེར་གལ་ཏེ་ལས་དང་རྗེས་སུ་འཐུན་པའི་ས་མེད་པར་གྱུར་ན་དེའི་ཆེ་ཁུང་བུ་བརྐོས་ནས་ཏེ། ཆུའི་མཐའ་འམ་རྡོ་བའི་མཐར་བརྐོ་བར་བྱའོ།། དེ་ནས་ས་གཞན ་གྱིས་ལས་དང་རྗེས་སུ་མཐུན་པར་ཁུང་བུ་དགང་བར་བྱའོ།། འདིར་སའི་དྲིའི་དོན་དུས་དཀར་པོ་ནི་ཅན་གྱི་ཆུ་ཡིས་བྲན་པར་བྱའོ།། ས་དམར་པོ་ནི་པདྨའི་ཆུ་དང་ཙན་དན་དམར་པོའི་ཆུ་ཡིས་བྲན་པར་བྱའོ།། ས་སེར་པོ་ནི་བོང་བུ་དང་རྟ་དང་མིའི་གཅིན་གྱིས་བྲན་པར་བལ ་ས་ནག་པོ་ནི་ཤ་རུལ་པའི་ཆུ་ཡིས་བྲན་པར་བྱའོ།། རོ་བྲོ་བའི་དོན་དུ་ནག་པོ་ལ་ལན་ཚྭ་དང་སྐྱུར་བ་བསྲེ་བར་བྱའོ།། སེར་པོ་ལ་བུ་རམ་མོ།། དམར་པོ་ལ་ཚ་བ་གསུམ་མོ།། དཀར་པོ་ལ་ཁ་བ་དང་བསྐ་བའོ།། ལྗང་གུ་ནི་ལས་ཐམས་ཅད་པ་ཉིད་ཀྱི་ཕྱིར་ཅི་ཡང་བསྲེ་བར་མི ་བྱའོ།། དེ་བཞིན་དུ་སའི་ནང་དུ་གཏེར་བཞུག་པར་བྱ་སྟེ། ནག་པོ་ལ་ནི་བསད་པ་ལ་མི་རུས་དང་། བསྐྲད་པ་ལ་བྱ་རོག་གི་མཇུག་སྒོ་དང་། སྡང་བ་ལ་བོང་བུའི་རུས་པའོ།། སེར་པོ་ལ་ནི་ཕུར་བུས་གདབ་པ་ལ་ལུག་གི་ར་དང་། རེངས་པ་ལ་བོ་བླ་དང་། རྨོངས་པ་ལ ་སྦྲུལ་ལོ།། དམར་པོ་ལ་ནི་དབང་ལ་གོ་རོ་ཙ་ན་དང་། དགུག་པ་ལ་འཚལ་དང་བསྐྱོད་པ་ལ་ལྡོང་རོས་སོ།། དཀར་པོ་ལ་ནི་ཞི་བ་ལ་ཤེལ་དང་། རྒྱས་པ་ལ་དུང་དང་། རིམས་འཕྲོག་པ་དང་བསྲེག་པ་ལ་མུ་ཏིག་གོ།། ལྗང་གུ་ལ་ནི་ཅུང་ཟད་ཀྱང་བཞུག་པར་མི་བྱའོ།། ་ཅི་སྟེ་ལྗང་གུ་ལ་ཐུན་མོང་གི་ལས་ཐམས་ཅད་པ་བྱ་བ་ཡིན་ན། དེའི་ཚེ་སའི་སྙིང་པོར་རིན་པོ་ཆེ་ལྔ་བཞུགས་པར་བྱའོ།། དཀར་པོ་དང་དམར་པོ་ལ་ཡང་སྟེ་ལས་ཐམས་ཅད་པ་ལ་དྲག་པོའི་རྫས་རྣམས་སྤང་བར་བྱའོ།། ལས་ཐམས་ཅད་པའི་སྒྲས་ནི་ཞི་བ་ལ་སོགས་པ ་དང་དབང་ལ་སོགས་པའི་ལས་དྲུག་སྟེ། བསད་པ་ལ་སོགས་པ་དང་ཕུར་བུས་གདབ་པ་ལ་སོགས་པ་དྲུག་ནི་མ་ཡིན་ནོ།། ས་ཡོངས་སུ་བརྟག་པའི་ངེས་པའོ།། ད་ནི་དབང་ལྡན་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དོན་དུ་ཕྱོགས་ཀྱི་ཆ་གསུངས་ཏེ། འདིར ་སྤྱིའི་གྲོང་ལས་གྲོང་གི་ཕྱི་རོལ་དབང་ལྡན་ནམ་བང་དུ་ཡང་ཞི་བ་དང་རྒྱས་པ་དག་པའོ།། རྒྱལ་པོ་ཆེན་པོའི་གནས་ལས་ནི་ཕྱོགས་བརྒྱད་ན་རོ་བསྲེགས་པ་ལ་སོགས་པའི་དུར་ཁྲོད་བརྒྱད་དེ། དེས་ན་ཞི་བ་དང་རྒྱས་པ་འགྲུབ་པར་མི་འགྱུར་རོ།། དེས་ན་རྒྱལ ་པོའི་ཁབ་ཀྱི་དབང་ལྡན་ནམ་བྱང་དུ་ཞི་བ་དང་རྒྱས་པ་བྱའོ།། ལས་ལྷག་མ་རྣམས་ནི་གྲོང་གི་བཞིན་རྒྱལ་པོའི་གནས་ལས་ཕ་རོལ་ཏུའོ་ཞེས་པ་སྟེ། ཞི་བ་དང་རྒྱས་པའི་ལས་ངེས་པའོ།། དེ་བཞིན་དུ་མེར་བསད་པའོ།། ཤར་དུ་རྣམ་པར་དབྱེ་བ་དང་བསྐྲད ་པའོ།། བདེན་བྲལ་དུ་དབང་དུ་བྱ་བའོ།། ལྷོར་དགུག་པོའོ།། རླུང་དུ་རྨོངས་པའོ།། ནུབ་ཏུ་རེངས་པ་དང་ཕུར་བུས་གདབ་པའོ།། གྲོང་གི་དབུས་སུ་ལས་ཐམས་ཅད་པའི་དཀྱིལ་འཁོར་དང་ཐ་བ་དང་སྦྱིན་བསྲེག་ལ་སོགས་པ་སྔགས་པས་བྱའོ།། ཞེས ་པ་ནི་ཕྱོགས་ཀྱི་ཆར་ལས་བྱེད་པའི་ངེས་པའོ།། དེ་ནི་ཞི་བ་སོགས་པའི་ཐབ་གསུངས་ཏེ། ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་དབང་ལྡན་ལ་སོགས་པ་དག་ཏུ་རིམ་པ་ཇི་ལྟ་བས་ཏེ། ཞི་བ་སྟེ་ཐབ་ཁུང་ཟླུམ་པའོ།། རྒྱས་པ་ལ་བཞིའོ།། བསད་པ་ལ་གཙུ ་རྣམ་པའོ།། དབྱེ་བ་ལ་ཟུར་ལྔ་པ་སྟེ། དབང་ལ་ཟུར་བདུན་པའོ།། དགུག་པ་ལ་ཟུར་གསུམ་པའོ།། རྨོངས་པ་ལ་ཟུར་དྲུག་པའོ།། རེངས་པ་ལ་ཟུར་བརྒྱད་པའོ།། འདི་དག་གི་ཆོ་ག་ནི་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཆོ་ག་ལས་རྒྱས་པར ་བརྗོད་པར་བྱའོ།། ད་ནི་ཐབ་ཁུང་གི་མཚན་མ་གསུངས་ཏེ། འདིར་ཐབ་ཁུང་ཟླུམ་པོའི་པདྨའི་ལྟེ་བ་ལ་པདྨའོ།། གྲུ་བཞི་པ་ལ་འཁོར་ལོའོ།། གཞུའི་རྣམ་པ་ལ་གྲི་གུག་གོ།། ཟུར་ལྔ་པ་ལ་རལ་གྲིའོ།། ཟུར་བདུན་པ་ལ་མདའོ།། ཟུར་གསུམ་པ་ལ་རྡོ་རྗེ་ལྕགས་ཀྱུའོ།། ཟུར་དྲུག་པའི ་རྨོངས་པ་ལྀ་སྤྲུལ་ལོ།། ཟུར་བརྒྱད་པ་ལ་ལྕགས་སྒྲོག་གོ།། འདིར་ཐབ་ཁུང་གཉིས་ཀྱི་མཚན་མ་བཟློག་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ་མཚན་མའི་ངེས་པའོ།། འདི་རྣམས་ཀྱི་ཚད་གསུངས་པ། གཅིག་ཅེས་པ་ལ་སོགས་པ་སྟེ། ཟླུམ་པོ་ནི་ཁྲུ་གཅིག་པའོ།། གྲུ་བཞི་པ ་ནི་ཁྲུ་གཉིས་པའོ།། གཞུའི་རྣམ་པ་ནི་ཁྲུ་ཕྱེད་པའོ།། ཟུར་ལྔ་པ་ནི་ཟླུམ་པོའི་ཚད་དོ།། ཟུར་བདུན་པ་ནི་སོར་བཞི་བཅུའོ།། ཟུར་གསུམ་པ་ནི་སོར་ཉི་ཤུའོ།། ཟུར་དྲུག་པ་ནི་སོར་སུམ་ཅུའོ།། ཟུར་བརྒྱད་པ་ནི་སོར་དྲུག་ནུའོ།། ཐབ་ཁུང་གི་ཕྱེད་ཀྱི་ཚད་ནི་ཟབས་སོ།། ཐབ་ཁུང་གི ་དྲུག་གི་ཆ་ཤས་ནི་ཁ་ཁྱེར་རོ།། ཐབ་ཁུང་གི་བཅུ་གཉིས་ཀྱི་ཆ་ཤས་ནི་མཆུ་དང་། མཚན་མོའི་འཕྲེང་བ་ཡང་སྟེ། ཁ་ཁྱེར་དང་མཉམ་པའོ།། དེའི་ཕྱི་རོལ་དུ་ཆུ་སྐྱེས་བདབ་མ་རྣམས་ནི་ཞི་བ་དང་རྒྱས་པ་ལའོ།། ལྷག་མའི་ལས་རྣམས་ནི་རྩིག་པའི་ཕྱི་རོལ་དུ་གཞན་དང ་གཞན་འཆད་པར་འགྱུར་རོ།། ཡང་ན་ལས་ཐམས་ཅད་ཀྱི་ཐབ་ཁུང་གི་དབུས་སུ་རྡོ་རྗེ་མཚན་མར་ཤེས་པར་བྱའོ།། ད་ནི་ས་ལ་ཕུར་བུས་གདབ་པའི་དོན་དུ་ཕུར་བུ་གསུངས་ཏེ། འདིར་ཞི་བ་ལ་ཕྱོགས་ཕུར་བུས་གདབ་པའི་དོན་དུ་ནྱ་གྲོ་དྷཱའི་ཕུར་བུའོ།། རྒྱས་པ་ལ་ཨ་ཤྭངྒའོ།། ་བསང་པ་ལ་རུས་པའི་བདག་ཉིད་དོ།། བསྐྲད་པ་ལ་ལྕགས་ཀྱུའོ།། དབང་ལ་སེང་ལྡིང་ལས་སྐྱེས་པའོ།། དགུག་པ་ལ་རཱུ་ཏ་ལས་སྐྱེས་པའོ།། རྨོངས་པ་ལ་ཨརྨ་ལས་སྐྱེས་པའོ།། རངས་པ་བིལ་བ་ལས་སྐྱེས་པའོ།། ཞེས་པ་ནི་ཕུར་དུའི་ངེས་པ་སྟེ་ལས་ཐམས་ཅད་པ་ལ་ཨུ་དུ་བྷར ་ལས་སྐྱེས་པའོ།། ད་ནི་བུམ་པ་གསུངས་ཏེ། ཞི་བ་ལ་ཤེལ་གྱི་བུམ་པའོ།། རྒྱས་པ་ལོ་དངུལ་གྱིའོ།། བསད་པ་ལ་མིའི་ཐོད་པའོ།། བསྐྲད་པ་དང་དབྱེ་བ་ལ་ལྕགས་ཀྱིའོ།། དབང་ལ་གསེར་གྱིའོ།། དགུག་པ་ལ་ཟངས་ཀྱིའོ།། རེངས་པ་ལ་སའི་བདག་ཉིད་དོ།། རྨོངས་པ་ལ ་ཤིང་ལོས་སྐྱེས་པའི་བུམ་པ་བཅུའོ།། དེ་ནས་ཞི་བ་དང་རྒྱས་པའི་དོན་དུ་བུམ་པའི་མཚན་ཉིད་ཀྱི་གསུངས་ཏེ། འདིར་བུམ་པའི་ལྟོ་བ་ཟླུམ་པོ་ནི་བརྒྱད་གཉིས་སོར་དུ་བརྗོད་དེ་སོར་བཅུ་དྲུག་དུ་བརྗོད་དེ།། གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་ནི་བུམ་པའི་ལྟོ ་བའི་འོག་ནས་ཁ་དང་མཆུའི་མཐར་སོར་ཉི་ཤུ་ནི་དཔངས་སོ།། སོར་གཉིས་དག་གི་མཆུ་ཞེས་པ་ནི་གང་དག་གི་མཆུ་སོར་གཉིས་འཕང་བ་དེ་དག་ནི་སོར་གཉིས་དག་གི་མཆུའོ།། ཁའི་མཚམས་ནས་སོར་དྲུག་གི་མགྲིན་པའོ།། སོར་བརྒྱད་ཁ་སྟེ་ཞེས་པ་ནི། མཆུའི ་ཐའ་ནས་མཆུའི་མཐར་ཁ་སོར་མོ་བརྒྱད་དེ། སོར་བརྒྱད་ཆ་གསུམ་དུ་བྱས་ནས་ཆ་གཉིས་ཀྱི་མགྲིན་པའི་བུག་པའོ།། ཆ་གཅིག་གིས་མ་གཉིས་ཀྱི་ཞེང་ངོ་།། དེ་དག་ཀྱང་རིང་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན།། ཞེས་པ་ནི་བུམ་པར་འགྱུར ་པབཔའོ།། ཤེལ་དང་དངུལ་གྱི་བུམ་པ་རྣམས་མེད་ན་སའི་རང་བཞིན་གྱི་བུམ་པ་ནག་པོ་དང་རྩ་བ་མེད་པ་རྣམས་སཱ་ལི་བརྟགས་པ་འམ་ཅན་དན་གྱི་བྱུགས་ཏེ་དཀར་པོར་བའོ།། དེ་བཞིན་དུ་རྩ་བའི་རྒྱུད་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསད་པ་ལ་མའི ་ཐོད་པ་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ།། ཞེས་སོ།། བསྐྲད་པ་དང་དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ།། ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ། སྲིད་དུ་སོར་ཉི་ཤུ་རྩ་བཞི་པ། མདུར ་གཅིག་པ། ཁ་སོར་དྲུག་པའོ།། དབང་དང་དགུག་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་བཟོ་བོས་ཇི་ལྟར་བྱས་པའོ།། རེངས་པ་ལ་སྦོམ་ཐུང་སྟེ་ཟླུམ་པོ་དང་དཔངས་མཚུངས་པར་སོར་བཅུ་དྲུག་པ། མགྲིན་པ་སོར་བཞི་པ། ཁེ་སོར་དག་པ། མཆུ་སྦོམ་པོ་སོར་གཉིས་པ་བུམ ་པའི་ངེས་པ་སྟེ། ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པ་དང་། དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་གཟུང་བར་བྱའོ་ཞེས་པ་ནི་ངེས་པའོ།། ད་ནི་སྔ་དྲོ་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དུས་གསུངས་ཏེ། འདིར་ཉིན་ཞག་སོ་སོ་ལ་སྔ་དྲོ་ནས ་ཐུན་བརྒྱད་ནི་ཐུན་ཚོད་རྣམས་ཏེ། དེ་རྣམས་ལས་དང་པོའི་ཐུན་ལ་ཞི་བ་དང་། གཉིས་པ་ལ་རྒྱས་པ་དང་། གསུམ་པ་ལ་བསོད་པ་དང་། བཞི་པ་ལ་བསྐྲད་པ་དང་། ལྔ་པ་ལ་དབང་དང་། དྲུག་པ་ལ་དགུག་པ་དང་། བདུན་པ་ལ་རྨོངས་པ་དང་། བརྒྱད་པ་ལ་རེངས ་པར་བྱའོ།། ཞེས་པ་ནི་ཞི་བ་ལ་སོགས་པ་ལ་ཐུན་མཚམས་སུ་འགྱུར་རོ།། དེ་བཞིན་དེའི་ཐུན་ཕྱེད་དག་ལ་ཞེས་པ་ནི། སྔ་དྲོའི་ཐུན་ཕྱེད་ལ་ཞི་བ་དང་། ཕྱེད་ཕྱི་མ་ལ་རྒྱས་པ་སྟེ། ཐམས་ཅད་དུ་ཡང་དེ་བཞིན་ནོ།། དེ་བཞིན་དུ་མཚན་མོའི་ཐུན་ཕྱེད་སྔ་མ་ལ་ཞི་བ ་དང་རྡོ་ཕྱེད་ཕྱི་མ་ལ་རྒྱས་པའི་ལས་རྣམས་ཀྱང་སྔགས་པས་བྱའོ།། གལ་ཏེ་འཆད་པར་འགྱུར་བའི་གདན་བཅིངས་ནས་ཐུན་ཚོད་གཅིག་ཏུ་སྦྱིན་བསྲེག་བྱེད་པར་མི་ནུས་ན། དེའི་ཚེ་ཐུན་ཕྱེད་གཅིག་སྦྱིན་བསྲེག་བྱས་ནས་བསྒྲུབ་པར་བྱ་སྟེ། གཉིས་ཀ་གསུངས ་སོ།། དུས་ཀྱི་བྱེ་བྲག་གིས་ལྷ་མཆོད་པ་དང་། བསྒྲུབ་པའི་ངེས་པ་གཞན་ནི་ལེའུ་ལྔ་པར་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། ད་མི་ནི་བ་དང་རྒྱས་པ་དག་ལ་གདུག་པའི་དུས་དང་དུས་སྦྱོར་དགག་པ་གསུངས་ཏེ། འདིར་ཉིན་ཞག་ས་སོར་ཉི་མ་གུང་དང་ནམ་ཕྱེད་དག་ནི་ཞེ ་བ་དང་རྒྱས་པོའི་ལས་ལ་ཡང་སྤང་བར་བྱའོ།། དེ་བཞིན་དུ་འཆར་བའི་དུས་སྦྱོར་གདུག་པའི་གཟའ་རྣམས་གནས་པ་སྟེ། བཀྲ་ཤིས་དང་སྤེན་པ་དང་དུས་མོའི་གཟའ་དང་བཅས་པ་ནི་སྤང་སྟེ། གང་གི་ཕྱིར་འཆི་བའི་འཇིག་བྱེད་དོ།། དེ་ནས་བསད་པ་དང་བསྐྲད་པ་ལ ་ནི་དེ་ཉིད་སྦྱར་བར་བྱའོ་ཞེས་པ་ངེས་པའོ།། ད་ནི་འོ་མ་དང་བཅས་ཤེས་པ་ལ་སོགས་པའི་ཞི་བ་ལ་སོགས་པ་རྣམས་ལ་སྦྱིན་བསྲེག་གི་ཡམ་ཤིང་གསུངས་ཏེ། འདིར་ཞི་བ་དང་རྒྱས་པ་ལ་འོ་མ་དང་བཅས་ཡམ་ཤིང་མདའ་བརྒྱ་ཞེས་པ་ནི་ལྔ་བརྒྱའི་གྲངས་སོ།། ། ་པོ་མའི་ཤིང་རྣམས་ཤེས་པ་ནི་ཨུ་དུམ་པ་ར་དང་ཨ་ཤྭདྠ་དང་ནྱ་གྲོ་དྷཱ་དང་། བརྐ་ཌཱི་དང་། རྒུན་འབྲུམ་གྱི་ཤིང་རྣམས་སོ།། བསད་པ་ལ་མི་རུས་མཐེབ་ཆུང་གི་སོར་མོའི་དབྱིབས་སུ་བྱས་པ་ལྔ་བརྒྱའོ།། དེ་བཞིན་དུ་དབྱེ་བ་དང་བསྐྲད་པ་ལ་བྱ་རོག་གི་མཇུག་མ ་ལྔ་བརྒྱའོ།། དེ་བཞིན་དུ་དབང་ལ་སེང་ལྡེང་ལས་སྐྱེས་པ་དང་། དགུག་པ་ལ་པ་ལ་ཤ་ལས་སྐྱེས་པ་དང་། རྨོངས་པ་ལ་སྨྱོ་བྱེད་ལས་སྐྱེས་པ་དང་། རེངས་པ་ལ་བིལ་བ~ཾ་ལས་སྐྱེས་པ་སྟེ། ཐམས་ཅད་ཁྲུ་ཕྱེད་ནི་སོར་བཅུ་གཉིས་པའོ།། མཐེའུ་ཆུང་གི་སོར ་མོའི་ཚོད་ནས་མཐེ་བོང་གི་བར་དུ་སྟེ། དོར་སྟེང་དུ་ཆོད་པ་འམ་ལྷག་པ་ནི་གཟུང་བར་མི་བའོ།། ཞེས་པ་ནི་ཡམ་ཤིང་གི་ངེས་པའོ།། ད་ནི་སྦྱིན་བསྲེག་གི་རྫས་རྣམས་གསུངས་པ། འོ་མ་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་བ་ལ་བའི་འོ་མ་དང་དུར་བ་ཡི ་སྦྱིན་བསྲེག་གོ།། རྒྱས་པ་ལ་མར་དང་འབྲུ་ལྔ་ཡིས་སོ།། གསད་པ་ལ་ཁྲག་གིས་ཏེ་ཤ་དང་དུག་དང་ལྷན་ཅིག་གོ།། སྐྲད་པ་དང་དབྱེ་བ་ལ་མིའི་ཞག་གིས་ཏེ་སྐྱེ་ཆེ་དང་ལན་ཚྭ་དག་དང་ལྷན་ཅིག་གོ།། དབང་ལ་རྡུལ་གྱིས་ཏེ་ཀ་ར་བཱི་རའི ་མེ་ཏོག་དམར་པོ་ལ་སོགས་པ་དང་ལྷན་ཅིག་གོ།། དགུག་པ་ལ་གཅིན་གྱིས་ཏེ་བིལ་བའི་འདབ་མ་འམ་དེའི་འབྲས་བུའི་འབྲུ་དང་ལྷན་ཅིག་གོ།། རེངས་པ་ལ་འཆིལ་མོས་སྟེ་རྙིངས་པའི་ཕྲེང་བ་དང་ལྷན་ཅིག་གོ།། རྨོངས་པ་ལ་ཆང་གིས་ཏེ་དྷ་དུ་རའི་མེ་ཏོག་དང་ལྷན་ཅིག་གོ།། ་ཞེས་པ་ནི་ཞི་བ་ལ་སོགས་པ་རྣམས་ལ་སྦྱིན་སྲེག་གི་རྫས་ངེས་པའོ།། ད་ནི་སློབ་དཔོན་གྱི་གདན་གྱི་ཕྱོགས་ཀྱི་ཆ་གསུངས་ཏེ། འདིར་ཞི་བ་ལ་གཤིན་རྗེར་འཆད་པར་འགྱུར་བའི་གདན་བྱའོ།། རྒྱས་པ་ལ་བདེན་བྲལ་གྱི་ཟུར་དུའོ།། བསད་པ་ལ་ཆུ་རུའོ།། བསྐྲད་པ་དང ་དབྱེ་བ་ལ་རླུང་དུའོ།། དབང་ལ་གནོད་སྦྱིན་དུའོ།། དགུག་པ་ལ་དབང་ལྡན་དུའོ།། རྨོངས་པ་ལ་ཤར་དུའོ།། རེངས་པ་ལ་མེའི་ཟུར་དུའོ།། ཞེས་པ་ནི་ཞི་བའི་ལས་ལ་སོགས་པ་ལ་སྦྱིན་བསྲེག་གི་ཐབ་ཀྱི་གདན་གྱི་ངེས་པའོ།། དེ་ནི་རྡུལ་ཚན་གྱི་ཆོ་ག་གསུངས་ཏེ། འདིར་ནི ་བོ་ལ་སོགས་པའི་ལས་གཉིས་གཉིས་ལ་ཐབ་ཁུང་ངམ་དཀྱིལ་འཁོར་གྱི་དབུས་སུ་རྡུལ་ཚོན་གདབ་པར་འགྱུར་ཏེ། ཞི་བ་དང་རྒྱས་པ་དག་ལ་རྡུལ་ཚོན་དཀར་པོའོ།། བསད་པ་དང་བསྐྲད་པ་དག་ལ་རྡུལ་མཚོན་ནག་པོའོ།། དབང་དང་དགུག་པ་དག་ལ་དམར་པོའོ།། ་རྨོངས་པ་དང་རེངས་པ་དག་ལ་སེར་པོའོ།། ལས་ཐམས་ཅད་པ་ལ་ལྗང་གུ་སྟེ། དཀར་པོ་དང་ནག་པོ་འམ་དམར་དང་སེར་པོ་ལྗང་གུ་དང་བཅས་པའོ།། དེ་བཞིན་དུ་ཐབ་ཁུང་དག་གམ་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ས་ལ་སངས་རྒྱས་ཀྱི་དབྱེ ་བའམ་བཅོམ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བས་རྒྱུད་ལས་གསུངས་པའི་ཚོ་གས་རྡུལ་ཚོན་གདབ་བོ།། རྡུལ་ཚོན་གདབ་པའི་ངེས་པའོ།། དེ་བཞིན་དུ་འཆད་པར་འགྱུར་བའི་རིམ་པས་སློབ་དཔོན་གྱིས་དགོད་པ་ལ་སོགས་པ་དང་། བསང་གཏོར་ལ་སོགས་པ་དང་། རང་གི ་སྙིང་གའི་རྡོ་རྗེ་དག་ལས་ལྷ་རྣམས་སྤྲོ་བར་བྱའོ་ཞེས་པ་ནི་ངེས་པའོ།། ད་ནི་མཆོད་ཡོན་གྱི་སྣོད་ཀྱི་མཚན་ཉིད་གསུངས་ཏེ། འདིར་ཞི་བ་ལ་ནི་མཆོད་ཡོན་གྱི་པའི་དོན་དུ་ཤེལ་གྱི་སྣོད་ཁལ་ཕོར་གྱི་རྣམ་པ་སྟེ། ཀ་ཅོ་ལའི་རྣམ་པའོ་ཞེས་པའི་དོན་ཏོ།། ཐམས་ཅད ་སོར་བཅུ་གཉིས་པ། ལྟེ་བ་དང་བཅས་པའྀ་ཌ་མ་བརྒྱད་པའི་བདག་ཉིད་དེ། དེ་བཞིན་དུ་ཤེལ་ལ་སོགས་པའི་མཆོད་ཡོན་སྡོད་ལ་པདྨོ་ནོར་གྱི་འདབ་མ་མཐེ་བོ་དག་ནི་བཅུ་གཉིས་ཀྱང་ཞེས་སོ།། འདིར་ལྟེ་བ་སོར་བཞི་དང་འདབ་མ་རྣམས་སོར་བཞི་སྟེ། དེ་ལྟར་སོར ་བཅུ་གཉིས་སོ།། དེ་བཞིན་དུ་རྒྱས་པ་ལ་སོགས་པ་ལ་དངུལ་དང་ཐོད་པ་དང་ལྕགས་དང་གསེར་དང་ཟངས་དང་ཤིང་དང་སིའི་རང་བཞིན་གྱི་སྣོད་རྣམས་ལ་བསྒྲུབ་པོ།། དེ་བཞིན་དུ་བསྲེག་བླུགས་ཀྱི་སྦྱིན་བསྲེག་གི་དོན་དུ་དགང་གཟར་དང་བླུགས་གཟར་གསུངས ་ཏེ། འདིར་ཡུ་བའི་རྩེ་མོར་ཏེ་ཁྲུ་གང་ཙམ་གྱི་ཡུ་བའི་རྩེ་མོར་སྙིམ་པའི་རྣམ་པའི་སྣོད་གྲུ་བཞི་པ་སྟེ་སོར་མོ་གཅིག་གི་དཔངས་སོ།། མཉམ་པའི་གཞི་ལ་པདྨ་སྟེ་པདྨའི་འདབ་མིའི་རྩེ་མོ་འདི་ནི་མཆུའི་ནང་གི་ངོས་སོ།། ཕྱི་རོལ་ཏུ་རྡོ་རྗེ་རྩི་ལྔ་པ་སྟེ་དབུ་མའི ་རྩེ་མོ་ལ་གཅིན་དང་ཁུ་བའི་རྒྱུན་འབྱུང་བ་བཞིན་དུ་མར་གྱི་རྒྱུན་འབྱུང་བའི་དོན་དུ་བུག་པའོ།། བསྲག་བླུགས་ཀྱི་བྱ་བ་ལ་བསྲེགས་བླུགས་ཀྱི་དགང་གཟར་རོ།། ཁྲུ་གང་ཙམ་གྱི་ཡུ་བ་ལས་ཞེས་པ་ནི་རྩ་བའི་རྒྱུད་ལས་སྙིང་གའི་པདྨ་ནས་རྡོ་རྗེའི་མཐར་ཐུག ་པའོ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་ཡུ་བའི་རྩེ་མར་སྦྱིན་སྲེག་གི་བྱ་བ་ལ་ཁྱོར་བར་འགྱུར་ཏེ། མཛད་སྤུའི་གནས་ནས་སྙིང་གའི་བར་དུའོ།། རྩེ་མོ་འམ་ཐངད་ཀཱའི་ཆ་ནས་ཞེས་པ་སྟེ། དེ་ཉིད་དུ་ལག་མཐིལ་གྱི་ཚད་ཀྱི་པདྨ་སོར་དྲུག་པའོ།། རྫས ་ཀྱི་སྦྱིན་བསྲེག་གི་བླུགས་གཟར་གྱི་ཡུ་བའི་རྒྱབ་ལ་རྡོ་རྗེས་མཚན་པ་སྟེ། སྦྱིན་བསྲེག་གི་སྣོད་ཀྱི་ངེས་པའོ།། ད་ནི་ཞི་བ་ལ་སོགས་པ་ལ་ལྷའི་སྐུ་གསུངས་ཏེ། འདིར་ཐབ་ཁུང་གི་མེའི་ལྷ་དང་། དཀྱིལ་འཁོར་གྱི་གཙོ་བོ་ནི་ཞི་བ་དང་རྒྱས་པ་ལ་ཞི་བ་ཁ་དོག་དཀར ་པོར་འགྱུར་རོ།། བསད་པ་དང་བསྐྲད་པ་ལ་སོགས་པ་ལ་དྲག་པོ་ཁ་དོག་ནག་པོའོ།། དབང་དང་དགུག་པ་ལ་ཆགས་པ་དང་བཅས་པ་ཁ་དོག་དམར་པོའོ།། རྨོངས་པ་དང་རངས་པ་ལ་སོགས་པ་ལ་རེངས་པ་ཁ་དོག་སེར་པོའོ།། ཞེས་པ་ནི་ཞི་བ་ལ་སོགས་པ་ལ ་ལྷའི་ཁ་དོག་སྟེ། ལས་ཐམས་ཅད་པ་ལ་ལྗང་གུ་ཅུང་ཟད་བཞད་ཅིང་ཆགས་པའི་སྐུ་སྟེ། ལྷའི་ངེས་པའོ།། ང་ནི་རྡུལ་ཚོན་གྱི་རྣམ་པར་དག་པ་གསུངས་པ། རྣམ་པ་ལྔ་ཞེས་པ་ལ་སོགས་པ་སྟེ། འདིར་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔའ་རྣམ་པ་ལྔའོ།། གང ་ཕྱིར་ཏེ་གང་གི་ཕྱིར་ཡེ་ཤེས་ཀྱི་དཔེར་རྣམ་པ་ལྔ་སྤྲོ་བའི་ཕྱིར་ཏེ། སྙིང་པ་གསུམ་ལ་གནས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པའི་དབྱེ་བ་ཡིས་པ།། དེ་ལས་གང་ནི་ལྷ་རྣམས་དཀྱིལ་འཁོར་དག་ལ་རྡུལ་ཚན་རྣམ་པ་ལྔ་རུ་འགྱུར་ཏེ། རྡུམ་ཚུན ་རྨོངས་པའོ།། དེ་ནི་ཐོག་སྐུད་ཁྲུ་ནི་བརྒྱད་ཅེས་པ་ཡི་སོགས་པས་ཐོག་སུད་ཀྱི་མཚན་ཉིད་གསུངས་ཏེ། འདིར་གཞོན་ནུ་མས་བཀལ་བའི་སྲུང་པོ་གསུམ་སྤེལ་གྱི་བདས་ཉིད་དུས་ས་སྲུང་པ་བྱས་ཏེ། དེ་ནས་དེ་རྗེ་སློབ་དཔོན་གྱི་མཐེ་པོ་ནས་ཀྱི་སུ་རློམ ་དུ་བྱུའོ།། དེ་ཉིད་སྟོ་དྷཱུ་བརྒྱད་ཅེས་པ་སྔལ་ལན་ཚང་རྩུབ་མ། སྒྲུག་གྲུ་བསུདྲུག་གོ་བར་དུ་ཟ་པོན་པོ་རྒྱུམས་པག་སྐུད་གཅིག་དྲུག།། དཀྱིལ་འཁོར་ལ་མཚན་ཉིད་གཞན་པ་མ་ཡིན་ནོ།། ལ་འཁོར་ནརྟགཏུ་རང་གི་བདག་ཉིད་ཀྱི་མ་མིས་ཁྲུག་ཅི ་ནས་བརྩམས་ཏེ་ཞུ་སློ་ཇི་སྲིད་པ་དེ་སྲིད་དུ་འགྱུར་རོ།། དེས་ན་གང་དུ་ཐུག་སྐུང་ཀྱིངས་པ་དང་ཀྱིལ་འཁོར་གྱི་ངེས་པ་སློབ་དཔོན་གྱི་ཁྲུ་མས་ཡིན་པ་དེར་དག་སྐུད་ནི་དཀྱིལ་འཁོར་ལས་གྱུར་རོ།། དེ་ལ་དང་བའི་སངས་རྒྱས་ཀྱི་ཐུགས་ཀྱི་དཀྱིལ་འ ་མྦྷིཐཱ་བཅུ་གཉིས་པ་རབ་ཏུ་བྱུའོ།། ནུས་པའི་དས་པས་དག་སྨང་འཾ་ཤུན་བཞིའོ།། དེ་བཞིན་དྲུ་ག་སུང་གིང་ཀྱིལ་ལ་མ་བཅུ་པ་དང་། སྐུའི་དཀྱིལའི་ཁཾ་ར་ཥྱཱ་ཉྫི་ཤུ་པར་ཞེས་པ་ནི་ས་བཱ་སྟེ། ཐིག་སྨད་ནི་དེ་དག་གི་ཉིས་འགྱུར་རོ།། ཁྲུ་ལྟུང་གི ་དཀྱིལ་འཁོར་ལ་ནི་ཁྲུ་ཉིས་སྟོང་གི་ཐིག་སྐུད་ཀྱིས་ཐིག་གདབ་པར་མངོན་པོར་བརྗོད་པ་མེད་དེ་ཤིན་ཏུ་རྨད་དུ་བྱུང་བའི་ཕྱིར་རོ།། རྒྱུད་གཞན་ལས་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུ་ཆ་དང་། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར་མ་ཡིན་ནམ། ཇི་ལྟར་ན ་སྦོམས་སུ་ནས་ཙམ་དང་རིང་པ་ཁྲུ་བརྒྱད་པ་ཡིན་ཞེས་པ་འགའ་ཞིག་གི་ཚིག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར་གལ་ཏེ་དཀྱིལ་འཁོར་ཐམས་ཅད་ལ་ཐིག་སྐུད་སྦོམས་སུ་སྒོའི་ཉི་ཤུའི་ཆ་ཡིན་ན། དེའི་ཚེ་ཁྲུ་སྟོང་གི་དཀྱིལ ་འཁོར་ལ་འཁོར་ལོའི་བརྒྱད་ཆེའི་སྒོ་ནི་ཉི་ཤུ་རྩ་ལྔ་ལྷག་པའི་ཁྲུ་བརྒྱར་རོ།། དེའི་ཉི་ཤུ་ཆ་སོར་དྲུག་ལྷག་པའི་ཁྲུ་དྲུག་ནི་ཐིག་སྐད་ཀྱི་སྦོམས་སུ་འགྱུར་ཏེ། ཐིག་སྐུད་ཁྲུ་སྟོང་ཕྲག་གཉིས་པ་དེས་སློབ་དཔོན་སུ་ཞིག་དཀྱིལ་འཁོར་གྱིས་ལ ་ཐེག་གདབ་པ་བྱེད་པར་འགྱུར། དེའི་ཕྱིར་ཚིག་འདི་ནི་སྤྱིའི་དཀྱིལ་འཁོར་ཁྲུ་གང་ཙམ་ལ་སོགས་པ་ལ་སྟེ། དེའི་སྟེང་དུ་ཐིག་སྐུད་ཀྱི་སྦོམས་ངེས་པ་ནི་བཅོམ་ལྡན་འདས་ཀྱི་མ་ཡིན་ནོ།། མི་རྣམས་ཀྱི་ལུས་ནི་ཐུན་མོང་གི ་ཁྲུ་བཞི་སྟེ། དེས་ན་ལུས་ལས་ཉིས་འགྱུར་ནི་ཁྲུ་བརྒྱད་དོ།། རྣམ་པ་གསུམ་གྱི་ལམ་ན་གནས་པའི་ལུས་དང་སེམས་ཀྱི་རྩ་ལ་གནས་པ་གཅིག་ཏུ་འདྲེས་པར་གྱུར་པའི་ཐིག་སྐུད་དོ།། དེ་ཡིས་ཁྲུ་སྟོང་གི་མཐར་ཐུག་པའི་དཀྱིལ་འཁོར་ལ་ཐིག་གདབ ་པར་བྱ་སྟེ། སྙིང་པོའི་འཁོར་ལོའི་རྩིབས་རྣམས་ལས་ཡང་དང་ཡང་དུ་ཐིག་གིས་གནས་སུ་ཐིག་བཏབ་པས་སོ་ཞེས་པ་ནི་ཐིག་སྐུད་ཀྱི་ཆོ་གའི་ངེས་པའོ།། ང་ནི་ཞི་བ་ལ་སོགས་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པའི་དོན་དུ་འདུག་སྟངས་རྣམས ་གསུངས་ཏེ། འདིར་ཞི་བ་ལ་སོགས་པ་ལ་རིམ་པས་འདུག་སྟངས་རྣམས་སུ་འགྱུར་རོ།། དེ་ལས་ཞི་བ་ལ་སྐྱིལ་ཀླུང་ཤེས་པ་སྟེ། པུས་མོ་གཡོན་པའི་སྟེང་དུ་རྐང་པ་གཡས་པ་གན་རྐྱལ་དུ་གནས་པ་ནི་སྐྱིལ་ཀྲུང་ངོ་།། རྒྱས་པ་ལ་རྡོ་རྗེའི་འདུག་སྟངས་ནི། ་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དང་། གཡོན་པ་ཡང་བརླ་གཡས་པའི་སྟེང་དུ་སྟེ། ཐང་ཀར་གན་རྒྱལ་གྱིས་སོ་ཞེས་པ་ནི་རྡོ་རྗེའི་གདན་ནོ།། ལྷ་མིན་ཞེས་པ་ནི་ལྷ་མིན་གྱི་འདུག་སྟངས་ཏེ། གསང་པ་ལ་འཐབ་མོ་བྱེད་པའི་རུལ་སྦྲུལ་གྱི་སྟབས ་བཞིན་ནོ།། ཞེས་པ་ནི་ལྷ་མིན་གྱི་གདན་ནོ།། ཙོག་པུ་ཞེས་པ་ནི་བསྐྲད་པ་དང་དབྱེ་བ་ལི་ཙོག་པུར་འགྱུར་ཏེ། རྐང་པ་གཉིས་མཉམ་པ་ལོང་བུ་འཕོངས་ཆོས་ཀྱི་རྩ་བ་ལ་རེག་པ་དག་སྟེ་བྱིན་པ་གཉིས་དང་བརླ་གཉིས་སྟེང་དུ་སོན་པ་ནི་ཙོག་པུའོ།། སྐྱིལ ་ཀྲུང་ཕྱེད་པ་དབྱེ་བ་རྣམ་པ་གཉིས་ཞེས་པ་ནའང་ད་ངདབང་ལ་རྐང་པ་གཡན་པ་སྦྲུལ་ཀྲུང་བཞིན་དང་། གམས་པ་ཅོག་རྔུ་བཞིན་རྟགམས་སུ་ཅུང་ཟད་དུད་པའོ།། དགུག་པ་ལ་དབྱེ་བ་གཉིས་པ་སྟེ། གཡས་པ་སྐྱིལ་ཀྲུང་བཞིན་དང་གཡན་པ་ཅོག་པུ་བཞིན་ཏེ། གཡན་ཏུ། ་རླུང་ཟད་དུང་པའོ།། ཞེས་པ་ནི་སྐྱིལ་ཀྲུང་ཕྱེད་པ་དབྱེ་བ་གཉིས་སོ།། བཤང་ལམ་རྐང་པར་གནས་པ་དག་ཅེས་པ་ནི། འདིར་རྨོངས་པ་ལ་རྐང་པ་གཡན་པར་བ་ཤིང་ལམ་གནས་པ་སྟེ། རྐང་པ་གཞོན་པའི་སྟེང་དུ་བཤང་ལམ་བཞག་ཅིང་གཡས་པ་ཙོག་བུ་བཞིན ་ནོ།། རེངས་པ་ལ་གཡས་པར་བཤང་ལམ་གནས་པ་སྟེ། རྐང་པའི་སྟེང་དུ་བཤང་ལམ་བཞག་ཅིང་གཡོན་པ་ཅོག་པུ་བཞིན་ནོ།། འདུག་སྟངས་ཀྱི་དབྱེ་བ་རྣམས་བརྒྱད་ཀྱི་ངེས་པའོ།། ད་ནི་ཤེལ་དང་ཞེས་པ་ལ་སོགས་པས་སྔགས་བཟླས་པའི་དོན་དུ་ཞི་བ་ལ ་སོགས་པའི་བགྲང་ཕྲེང་གསུངས་ཏེ། འདིར་ཞི་བ་ལ་ཤེལ་གྱི་བགྲང་ཕྲེང་ངོ་།། རྒྱས་པ་ལ་མུ་ཏིག་གི་འབྲས་བུའིའོ།། བསད་པ་ལ་མིའི་སོ་ལས་བྱས་པའོ།། བསྐྲད་པ་ལ་བོང་བུའི་སོ་ལས་བྱས་པ་འམ། རུས་པ་ལས་བྱས་པའོ།། དབང་ལ་དྷུ་དྷཱ་རྩིའི་བགྲང ་ཕྲེང་ངོ་།། དགུག་པ་ལ་པདྨའི་བགྲང་ཕྲེང་ངམ། ཙན་དན་དམར་པོའི་ས་བོན་ལས་བྱས་པའོ།། རྨོངས་པ་ལ་ལུང་ཏང་གི་བགྲང་ཕྲེང་ངོ་།། རེངས་པ་ལ་དབང་པོའི་མིག་ཅེས་པ་རུ་རཱ་ཀྵའི་བགྲོད་ངོ་ཞེས་པ་ནི་བགྲང་ཕྲེང་གཽ་ངེས་པ་སྟེ། བདེ་གཤེགས་རིགས ་ཀྱི་དབང་གིས་ཞེས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། ད་ནི་དྲི་ཞིམ་ཞོས་པ་ལ་སོགས་པས་མཆོད་པའི་དོན་དུ་ཞི་བ་ལ་སོགས་པ་ལ་མེ་ཏོག་རྣམས་གསུངས་ཏེ། འདིར་ཞི་བ་དང་རྒྱས་པ་ལ་དྲི་ཞིམ་པོའི་མེ་ཏོག་དཀར་པོ་རྣམས་ཀྱིས་ལྷ་ལ ་སོགས་པ་རྣམས་མཆོད་དོ།། བསང་བ་དང་བསྐྲད་པ་དང་དབྱེ་བ་ལ་ཚ་བ་དང་བཅས་པའི་ནག་པོ་ཆེར་མ་ཅན་རྣམས་སོ།། དབང་དང་དགུག་པ་ལ་དམར་བ་ཡིས་སོ།། རྨོངས་པ་དང་རེངས་པ་ལ་སར་པ་ཡིས་ཏེ། མཆོད་པའི་མེ་ཏོག་གི་ངེས ་པའོ།། ད་ནི་བསིལ་དང་ཞེས་པ་ལ་སོགས་པས་སྤོས་གསུངས་ཏེ། ཞི་བ་དང་རྒྱས་པོ་དག་ལ་བསིལ་བའི་སྤོས་ཏེ། བསིལ་བ་ནི་ཨ་ཀ་རུ་དང་སིཧླ་ཀ་དང་། ག་པུར་དག་གི་སྤོས་སྦྲང་རྩི་དང་ཤ་ཀ་ར་ལ་སོགས་པ་དང་བཅས་པ་ནི་བསིལ་བའི་སྤོས་ཞེས ་བརྗོད་དེ། བསིལ་བའི་རྫས་རྣམས་ཀྱིས་སོ།། དེ་བཞིན་དུ་བསད་པ་དང་བསྐྲད་པ་ལ་བཤང་བ་དང་ཤའི་སྤོས་ཁྲག་དང་ལྡན་པའོ།། དབང་དང་དགུག་པ་ལ་དྲག་པོའི་སྤོས་ཞེས་པ་སྟེ། གུ་གུལ་དང་རྒྱ་སྐྱེགས་དང་། སརྫ་ར་ས་དང་། ཀུན་ཏུ་རུ་དང་། ཤྲི་བཱ ་སྭ། བུ་རམ་གྱིས་སྦྱར་བ་ནི་དྲག་པོའི་སྤོས་སོ།། དེ་བཞིན་དུ་རྨོངས་པ་དང་རེངས་པ་ལ་བསྐ་བའི་སྤོས་ནི་ཨ་རུ་རའི་ཕྱེ་མ་བུ་རམ་དང་བཅས་པ་བསྐ་བའི་སྤོས་ཏེ། སྤོས་ཀྱི་ངེས་པའོ།། དེ་བཞིན་དུ་ཞལ་ཟས་ནི་ཞི་བ་ལ་འོ་མ་དང་ཟན་ནོ།། རྒྱས་པ་ལ་ཞོ་དང ་ཟན་ནོ།། བསད་པ་ལ་མཆིན་པའོ།། བསྐྲད་པ་ལ་ཤའོ།། དབང་ལ་མར་དང་ཟན་ནོ།། དགུག་པ་ལ་ཏིལ་གྱི་འབྲུ་མར་དང་ཟན་ནོ།། རྨོངས་པ་ལ་སྲན་ཆུང་མུད་ག་དང་བསྲེས་པའི་ཟན་ནོ།། རེངས་པ་ལ་ཙ་ན་ཀ་དང་ཉ་དང་ཟན་ནོ།། དེ་བཞིན་དུ་ཞི་བ་དང་རྒྱས ་པ་དག་ལ་ཙན་དན་གྱི་བྱུག་པའོ།། བསད་པ་དང་བསྐྲད་པ་ལ་ཁྲག་དང་སོལ་བས་སོ།། དབང་དང་དགུག་པ་ལ་གུར་གུམ་དང་། གོ་རོ་ཙ་ན་འམ། ཙན་དན་དམར་པོས་སོ།། རྨོངས་པ་དང་རེངས་པ་ལ་ཡུང་བ་དང་བ་བླ་ཡིས་ཏེ་དྲིའི་ངེས་པའོ།། དེ་བཞིན་དུ ་མར་མེ་ནི་ཞི་བ་དང་རྒྱས་པ་དག་ལ་མར་གྱི་མར་མེའོ།། བསད་པ་དང་བསྐྲད་པ་དག་ལ་མིའི་ཞག་གིས་སོ།། དབང་དང་དགུག་པ་དག་ལ་ཏིལ་གྱི་འབྲུ་མར་གིས་སོ།། རྨོངས་པ་དང་རེངས་པ་ལ་འོད་ལྡན་གྱི་འབྲུ་མར་དང་བྷལླཱ་ཏ་ཀའི་འབྲུ་མར་གྱིས་སོ་ཞེས་པ ་ལ་སོགས་པ་མར་མེའི་ངེས་པའོ།། དེ་བཞིན་དུ་ཞི་བ་དང་རྒྱས་པ་ལ་འབྲས་ས་ལི་མ་ཆག་པའོ།། བསད་པ་དང་བསྐྲད་པ་ལ་སྐྱེ་ཚེའོ།། དབང་དང་དགུག་པ་ལ་ཡུངས་ཀར་རོ།། རེངས་པ་དང་རྨོངས་པ་ལ་སྲན་ཆུང་ངམ་འབྲུ་གཞན་ནོ།། དེ་བཞིན་དུ་གོས ་ལ་སོགས་པ་སྟེ། ཞི་བ་དང་རྒྱས་པ་དག་ལ་མ་ཆོད་པའི་རྫས་ཐམས་ཅད་དཀར་པོའོ།། བསད་པ་དང་བསྐྲད་པ་དག་ལ་ནག་པོའོ།། དབང་དང་དགུག་པ་དག་ལ་དམར་པོའོ།། རེངས་པ་དང་རྨོངས་པ་དག་ལ་སེར་པོའོ།། ལས་ཐམས་ཅད་པ་ལ་ལྗང་གུ་སྟེ། ་མཆོད་པའི་ཆོ་ག་ངེས་པའོ།། ད་ནི་ཞི་བ་ལ་སོགས་པའི་ལས་ལ་འཆད་པར་འགྱུར་བའི་འཁྲུལ་འཁོར་བྲི་བར་ཆོ་ག་གསུངས་ཏེ། འདིར་འཆད་པར་འགྱུར་བའི་འཁྲུལ་འཁོར་ནི་ཞི་བ་དང་རྒྱས་པ་དག་ལ། ནྱ་གྲོ་དྷའི་འདབ་མ་གསར་པ་ལ་ཤི་རི ་ཁཎྜ་དང་སཱ་ལི་བཏགས་པའི་ཆུ་ཡིས་དཱུར་བའི་སྨྱུ་གུ་ཡིས་བྲི་བར་བྱ་སྟེ། རྒྱས་པ་ནི་བསིལ་བའི་སྨྱུ་གུས་སོ།། དེ་བཞིན་དུ་བསད་པ་དང་བསྐྲད་པ་ལ་ཡང་དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་སོལ་བས་མིའི་རུས་པའི་སྨྱུ་གུས་ཏེ། བསྐྲད་པ ་ལ་ནི་བྱ་རོག་གི་མཇུག་མའི་སྨྱུ་གུས་སོ།། དབང་དང་དགུག་པ་ནི་གྲོ་གའི་འདབ་མ་ལ་གུར་གུམ་དང་གཽ་རོ་ཙ་ནས་གསེར་གྱི་སྨྱུ་གུས་ཏེ། དགུག་པ་ལ་ནི་སེང་ལྡེང་གི་སྨྱུ་གུས་ཙན་དན་དམར་པོ་བཏགས་པས་སོ།། རེངས་པ་དང་རྨོངས་པ་ལ་ནི ་ཨརྒའི་འདབ་མ་ཡོངས་སུ་སྨན་པའི་ཁ་དག་སེར་པོ་ལ་འབྲས་བུ་གསུམ་གྱི་ཁུ་བ་དང་བཅས་པའི་བ་བླ་དང་ཡུང་བས་བལ་བའི་སྨྱུ་གུས་ཏེ། རྨོངས་པ་ལ་ཨརྒའི་སྨྱུ་གུས་སོ་ཞེས་པ་ནི་ངེས་པའོ།། ད་ནི་འཁྲུལ་འཁོར་རབ་ཏུ ་བཞག་པའི་ཆོ་ག་གསུངས་ཏེ། འདི་ལ་ཞི་བ་དང་རྒྱས་པ་དག་ལ་འཁྲུལ་འཁོར་བྲིས་པའི་འདབ་མ་ལ་སོགས་པ་ནི་ཇི་སྲིད་འཁྲུལ་འཁོར་མི་མཐོང་གི་བར་དུ་སྐུད་པ་དཀར་པོས་དཀྲི་བར་བྱ་སྟེ། དེ་བཞིན་དུ་ལས་ཀྱི་དབྱེ་བས་སྐུད་པ་ནག་པོ་དང་སྐུད་པ ་དམར་པོ་དང་སྐུད་པ་སེར་པོས་དཀྲི་བར་བྱའོ།། དེ་ནས་ཞི་བ་དང་རྒྱས་པ་དག་ལ་ཁམ་པོར་ཁ་སྦྱོར་དུ་མངར་གསུམ་སྟེ་སྦྲང་རྩེ་དང་མར་དང་འོ་མ་ཡང་དག་པར་བསྲེས་པ་ལ་བཞག་པར་བྱའོ།། བསད་པ་དང་བསྐྲད་པ་ལ་ཐོད་པ་ཁྲག་གིས་གང་བར་གཞག ་པར་བྱའོ།། དབང་དང་དགུག་པ་ལ་མོ་ཡཽས་གདུངས་པའི་གྱོ་མོ་ཁ་སྦྱར་དུ་སྤྲ་ཚིལ་གྱིས་དཀྲིས་ནས་སོ།། རེངས་པ་དང་རྨོངས་པ་ལ་བ་བླ་ཡི་ཆུ་ཡིས་གང་བའི་སོ་ཕག་གི་དབུས་སུ་བཞག་པར་བྱའོ།། ཞི་བ་དང་རྒྱས་པ་དག་ལ་རླན་དང་བཅས་པའི་གནས ་ནི་གཙང་མ་དག་ཏུ་མཎྜལ་གྱི་སྟེང་དུ་བཞག་པར་བྱའོ།། བསད་པ་དང་བསྐྲད་པོ་ལ་རོ་བསྲེགས་པའི་ས་བརྐོས་པའི་འོག་ཏུ་གཞུག་པར་བྱའོ།། དབང་དང་དགུག་པ་ལ་ཐབ་ཀྱི་འོག་ཏུའོ།། རེངས་པ་དང་རྨོངས་པ་ལ་ས་སྐམ་པོ་ལ་གཞུག་པར་བྱ་སྟེ་དགེ་བ་དང་མི ་དགེ་བའི་ལས་ལ་འབྲས་བུ་སྔགས་པ་ཡིས་ནི་རིག་པར་བྱ་ཞེས་པ་ནི་ངེས་པའོ།། ད་ནི་བྲིས་པའི་འཁྲུལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་གྱི་ངེས་པ་གསུངས་ཏེ། འདིར་ཞི་བ་ལ་འཁོར་ལོའི་ཕྱི་རོལ་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་བསྐོར་བར་བྱ་སྟེ། ཟླུམ ་ཐ་མཐ་མ་ཡིས་སོ།། རྒྱས་པ་ལ་གླང་བ་ཆས་བསྐུར་བར་བྱ་སྟ་ཇི་ལྟར་གླང་བ་ཆའི་ལུས་ལ་འཁོར་ལོར་འགྱུར་བར།། བསད་པ་ལ་ཡི་དགས་ཀྱི་ཡུལ་ལག།། བསྐྲད་པ་ལ་རྔ་མའི་ལུས་ལའོ།། དབང་ལ་རི་དགས་ཀྱི་ལུས་ལའོ།། དགུག་པ་ལ་ཊའི་ལུས། ་ལའོ།། རྨོངས་པ་ལ་རའི་ལུས་སམ་ལུག་གི་ལུས་ལའོ།། རངས་པ་ལ་རས་སྦལ་གྱི་ལུས་ལ་སྟེ། ཇི་ལྟར་འཁྲུལ་འཁོར་གྱི་འཁོར་ལར་འགྱུར་བ་དེ་བཞིན་དུ་ཕ་རོལ་དུ་གཟུགས་པའོ།། དེ་ནས་སྔོན་དུ་གསུངས་པའི་སྐུད་པས་དཀྲི་བར་བྱའོ།། དེ་བཞིན ་དུ་རིག་པ་ཡང་ངེས་པ་སྟེ། ཞི་བ་དང་རྒྱས་པ་ལ་དངུལ་གྱི་སྦུ་གུ་རིག་པའི་དབུས་སུ་བཞག་པར་བྱའོ།། བསད་པ་ལ་མོའི་རུས་པའི་སྦུ་གུའོ།། བསྐྲད་པ་ལ་བྱ་རོག་གི་རུས་པའི་སྦུ་གུའོ།། དབང་ལ་གསེར་གྱི་སྦུ་གུའོ།། དགུག་པ་ལ་ཟངས་ཀྱི་སྦུ་གུའོ།། ་རྨོངས་པ་ལ་ལྕགས་ཀྱི་སྦུ་གུའོ།། རེངས་པ་ལ་ར་གན་གྱི་སྦུ་གེའོ་ཞེས་པ་ནི་ངེས་པའོ།། འདིར་གོང་གིས་བསྐྲད་པར་འགྱུར་བའི་ཆོ་ག་དེ་ཉིད་ཀྱིས་དབྱེ་བའི་བྱ་བ་བྱའོ།། གང་གིས་རེངས་པར་འགྱུར་བ་དེ་ཉིད་ཀྱིས་ཕུར་བུས་གདབ་པར་བྱ་སྟེ། འོན་ཀྱང ་དགྲའི་དྲི་མ། དྲིལ་བ་བདུད་རྩི་ལྔ་དང་བཅས་པས་གཟུགས་བརྙན་བཅས་ནས་འཁོར་ལོ་དྲུག་དང་ལག་པ་དང་རྐང་པའི་ཚིགས་རྣམས་ལ་མྱོས་བྱེད་ཀྱིས་ཚེ་རི་མ་རྣམས་ཀྱིས་ཕུར་བུས་གདབ་པར་བྱའོ།། ལྷག་མ་ནི་རེངས་པ་ལ་སོགས་པ་བཞིན ་ནོ།། གང་གིས་དགུག་པར་འགྱུར་བ་དེ་ཉིད་ཀྱིས་རིམས་བསྐྱེད་པ་སྟེ། འོན་ཀྱང་སྐྱེ་ཚེ་དང་ལན་ཚྭས་གཟུགས་བརྙན་ལས་བྱུགས་ནས་མེ་ཡི་ས་རབ་ཏུ་གདུང་བར་བྱའོ།། གང་གིས་ཞི་བར་འགྱུར་བ་དེ་ཉིད་ཀྱིས་གདུག་པའི་ལྟ་བ་དང་དུ་གཞི་ལ ་བ་སྟེ། སློབ་དཔོན་གྱི་ལས་བཅུ་གཉིས་ཀྱིས་ཆོ་ག་ཤེས་ནས་གལ་ཏེ་གཞན་ལ་ཕན་པའི་སླད་དུ་བྱེད་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ངེས་པས་གདོན་མི་ཟ་བར་དེའི་འབྲས་བུར་འགྱུར་རོ།། རང་གི་དོན་དུ་ནི་མ་ཡིན་ནོ།། གང་ཞིག་བྱེད ་ན་ཡང་འདིར་དེའི་ཅུང་ཟད་ཀྱང་འགྲུབ་པར་མི་འགྱུར་ཏེ། གདུག་པའི་སློབ་དཔོན་རྣམས་ཡོངས་སུ་ངལ་བ་ཉོན་མོངས་པ་ཙམ་འབའ་ཞིག་གོ།། དེའི་ཕྱིར་རྒྱུད་ལས་གསུངས་པའི་ངེས་པས། ལྟོས་པ་མེད་པའི་སློབ་དཔོན་མངོན་པར་ཤེས་པ་ཐོབ་པས་གཞན་ལ ་ཕན་པའི་དོན་དུ་བྱའོ།། འཆད་པར་འགྱུར་བ་ལས་ངེས་པ་འབྱུང་བར་འགྱུར་ཏེ་དེས་ན་འདིར་རྒྱས་པར་མ་བརྗོད་དོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི ་འོད་ཀྱི་དབང་གི་ལེའུ་ལས་སློབ་དཔོན་ལ་སོགས་པ་དང་ལས་རབ་འབྱམ་ཐམས་ཅད་ཀྱི་སྒྲུབ་ཐབས་ཀྱི་མཚན་ཉིད་ཀྱི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། དཔའ་བོ་གདུལ་དཀའ ་འདུལ་བ་པོ།། དུས་ཀྱིས་འཁོར་ལོ་ཐོད་པ་ཅན།། ཁམས་གསུམ་རྣམ་རྒྱལ་ལ་བཏུད་དོ།། དཀྱིལ་འཁོར་བྲི་བའི་སླ་དུ་ཡང་།། གནས་བསྲུང་ཆོ་ག་གདུག་པ་ནི།། བསལ་བ་ཉིད་དང་ས་སོགས་ལ།། ལྷག་པར་གནས་པ་བཤད་པར་བྱ།། ཇི་ལྟར་རྒྱུད་རྒྱལ་ལས ་གསུངས་དང་།། འཇམ་པའི་རྡོ་རྗེས་གཞན་ལས་ཀྱང་།། ཆོ་ག་ཐམས་ཅད་སངས་རྒྱས་འབྲས།། ཐོབ་སླད་འགྲེལ་པས་བདག་གིས་དགྲོལ།། འདིར་སྔར་གསུངས་པའི་ཆོ་གས་ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་བཅོམ་ལྡན་འདས་འཇམ་དཔལ་གྱི ་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པས་དཀྱིལ་འཁོར་བྲི་བའི་སླད་དུ་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་ཏུ་གསུངས་པ་བསྲུང་བའི་འཁོར་ལོ་ལ་སོགས་པ་རྣམས་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་ལ་སོགས་པས་རབ་ཏུ ་བསྡུས་ཏེ། དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་ཞེས་པ་ལ་སོགས་པས་རྒྱུད་ལས་གང་གསུངས་པ་དེ་ཐམས་ཅད་དཔལ་ལྡན་རྡོ་རྗེ་ཞེས་པ་ལ་སོགས་པའི་མདོར་བསྡུས་ཆེན་པོས་བདག་གིས་དགྲོལ་བར་བྱའོ།། འདིར་དང་པོར་རེ་ཞིག་རྡོ་རྗེ ་སློབ་དཔོན་གྱིས་རང་གི་ལུས་དང་གནས་བསྲུང་བ་བསམ་བྱ་སྟེ། ཕྱི་ནས་སློབ་མ་ལ་སོགས་པ་བསྡུ་བ་དང་ས་ཡོངས་སུ་གཟུང་བ་ཡང་བའོ།། དེའི་ཕྱིར་དང་པོར་བསྔགས་པས་དཀྱིལ་འཁོར་གྱི་དོན་དུ་བརྟགས་པའི་སར་སོང་ནས་དབུས་སུ་འཇམ ་པའི་སྟན་ལ་ཤར་དུ་མངོན་པར་ཕྱོགས་པར་གྱུར་པས་ཉེ་བར་འདུག་པས་དཔལ་ལྡན་རྡོ་རྗེ་རྣམས་ཡན་ལག་ལ་དགོད་པར་བྱ་སྟེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་དཀར་པོ་ལ་ཨོཾ་ཡིག་དགོད་དོ།། མགྲིན་པར་ཉི་མའི་དཀྱིལ་འཁོར་དམར་པོ ་ལ་ཨཱཿཡིག་དགོད་དོ།། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོ་ལ་ཧཱུཾ་ཡིག་དགོད་དོ།། ལྟེ་བར་དུས་མེའི་དཀྱིལ་འཁོར་ཁ་དོག་སེར་པོ་ལ་ཧོ་ཡིག་དགོད་དོ།། གཙུག་ཏོར་དང་གསང་བར་གྲངས་བཞིན་དུ་ནམ་མཁའ་དང་ཡེ་ཤེས་ཀྱི་དཀྱིལ ་འཁོར་ལྗང་གུ་དང་། སྔོན་པོ་ལ་ཧཾ་ད་ཀཱ་ཡིག་དག་དགོད་དོ།། དེ་ལྟར་དཀྱིལ་འཁོར་དྲུག་བསྒོམས་ཏེ། དཀྱིལ་འཁོར་དེ་རྣམས་ལ་རིམ་པ་ཇི་ལྟ་བས་ས་བོན་འདི་དག་ཡོངས་སུ་གྱུར་པའི་རྡོ་རྗེ་རྣམས་བསྒོམ་པར་བྱ་སྟེ། རྩེ་མོ་བཅུ་བདུན་པ ་དང་། རྩེ་མོ་སུམ་ཅུ་རྩ་གསུམ་པ་དང་། རྩེ་མོ་དགུ་པ་དང་། རྩེ་མོ་དྲུག་སུ་རྩ་ལྔ་པ་དང་། རྗེམོ་ལྔ་པ་དང་། རྩེ་མོ་སུམ་ཅུ་རྩ་གསུམ་པའོ།། དེ་བཞིན་དུ་ཕྱི་རོལ་དུ་གཡོན་པའི་ཕྲག་པ་དང་དཔུང་པའི་ཚོགས་ལ་ཀ་སྡེའི་བདག་ཉིད་རྩེ ་མོ་སུམ་ཅུ་རྩ་གཅིག་པའོ།། དེ་བཞིན་དུ་གཡས་པོ་ལ་ཀ་སྡེ་རིང་པོའི་བདག་ཉིད།། དེ་བཞིན་དུ་གཡོན་པོའི་ཉེ་དཔུང་བའི་ཚིགས་ལ་ཙ་སྡེ་ཐུང་ངའི་བདག་ཉིད་དོ།། གཡས་པ་ལ་རིང་པོའི་བདག་ཉིད་དོ།། དེ་བཞིན་དུ་གཡོན་པའི་ལག་པའི་ཚོགས་ལ་ཊ ་ཐུང་ངུའི་བདག་ཉིད་དོ།། གཡས་པ་ལ་རིང་པོའི་བདག་ཉིད་དོ།། གཡོན་པའི་བརླའི་ཚིགས་ལ་པ་སྡེ་ཐུང་ངུའི་བདག་ཉིད་དོ།། གཡས་པ་ལ་རིང་པོའི་བདག་ཉིད་དོ།། གཡོན་པའི་པུས་མོའི་ཚིགས་ལ་ཏ་སྡེ་ཐུང་ངུའི་བདག་ཉིད་དོ།། གཡས་པ་ལ ་རིང་པོའི་བདག་ཉིད་དོ།། རྐང་པ་གཡོན་པའི་ཚིགས་ལས་སྡེ་ཐུང་ངུའི་བདག་ཉིད་དོ།། གཡས་པ་ལ་རིང་པོའི་བདག་ཉིད་དོ།། ཞེས་པ་ནི་ཚིགས་ལ་རྡོ་རྗེ་དགོད་པའོ།། དེ་བཞིན་དུ་ནང་གི་ལེའུ་ལས་གསུངས་པའི་ས་བོན་གྱི་ཡི་གེ་རྣམས་ཀྱིས་སོ་སོར་སར ་གས་དྲུག་ཅུ་པོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པ་བསྒོམ་པར་བྱའོ།། དེ་བཞིན་དུ་རྣ་བ་དག་ལ་ཨ་ཨཱ་དག་གིས་རྡོ་རྗེ་རྩེ་མོ་གསུམ་པ་བསྒོམ་པར་བྱའོ།། སྣའི་བུག་པ་དག་ལ་ཨ་ཨཻ་དག་གིས་སོ།། མིག་དག་ལ་ཨར་ཨཱར་དག་གིས་སོ།། ལྕེ་དང་ལྕེ ་ཆུང་དག་ལ་ཨོ་ཨཽ་དག་གིས་སོ།། རྡོ་རྗེ་དང་གསང་བ་དག་ལ་ཨལ་ཨཱལ་དག་གིས་སོ།། ཡིད་དང་ཁུ་བིའི་རྩ་ལ་ཨཾ་ཨཿངག་གིས་སོ།། དེ་བཞིན་དུ་གཙུག་ཏོར་དང་མགོ་བོ་དག་ལ་ཧ་ཧཱ་དག་གིས་རྩེ་མོ་ལྔ་པའོ།། དེ་ནས་ལྕེ་དང་རྐན་དག་ལ་ཡ་ཡཱ ་དག་གིས་རྩེ་མོ་ལྔ་པའོ།། ལག་པའི་མཐིལ་དག་ལ་ར་རཱ་དག་གིས་སོ།། དེ་བཞིན་དུ་རྐང་པའི་མཐིལ་དག་ལ་ཝ་ཝཱ་དག་གིས་སོ།། དེ་བཞིན་དུ་བཤང་ལམ་གཡོན་དང་གཡས་སུ་ལ་ལཱ་དག་གིས་སོ།། དེ་ལྟར་རྡོ་རྗེའི་སྐུར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས ་རྡོ་རྗེ་དེ་ལས་འཕྲོས་པའི་རྡོ་རྗེ་འབར་བ་རྣམས་ཀྱིས་ཕྱོགས་བདུན་གནས་པའི་མཐའ་དག་བདུད་ཀྱི་ཚོགས་སེམས་ཅན་ལ་རྣམ་པར་འཚེ་བར་བྱེད་པ་རྣམས་ངེས་པར་བསྲེག་པར་བྱ་སྟེ། སྟེང་དུ་ལྗང་གུ་འབར་བ་རྣམས་དང་། འོག་དུ་སྔོན་པོ་འབར་བ་རྣམས ་དང་། ཤར་དང་མེར་ནག་པོ་འབར་བ་རྣམས་དང་། ལྷོ་དང་བདེན་བྲལ་དུ་དམར་པོ་འབར་བ་རྣམས་དང་། བྱང་དང་དབང་ལྡན་དུ་དཀར་པོ་འབོར་བ་རྣམས་དང་། ནུབ་དང་རླུང་དུ་སོར་པོ་འབར་བ་རྣམས་ཀྱིས་སོ།། བདུད་ཀྱི་ཚོགས་བསྲེགས་པ་དེའི་འོག་ཏུ་ཕྱི ་ནས་འཁོར་ལོ་རྩིབས་བཅུ་དག་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ་ཞེས་པ་ནི་འདིར་འཆད་པར་འགྱུར་བའི་རིམ་པས་བདུད་དང་བགེགས་དང་ལོག་འདྲེན་རྣམས་ཕུར་བུས་གདབ་པའི་དོན་དང་གནས་བསྲུང་བའི་དོན་དོན་དུ ་སྔགས་པས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ།། འདིར་འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་ལས་ངེས་པ་གསུངས་པ། ས་ཡི་ཕྱོགས་རྣམས་སུ་འདིར་དང་པོ་རྡོ་རྗེ་གསུམ་གྱིས་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་བྱ་སྟེ། ཕྱི་ནས་རྡོ་རྗེར་བརྗོད ་པ་བ་བིས་ཕྱོགས་དང་ཕྱོགས་བྲལ་ལ་གནས་བདུད་ཀྱི་ཚོགས་རྣམས་ངེས་པར་བསྲེག་པར་བྱ་ཞེས་པ་སྟེ། འདིར་བཞི་ཡིས་ཤེས་པ་ནི་གཙོ་བོ་ཉིད་ཀྱི་ཕྱིར་གསུངས་པའོ།། རྒྱས་པར་ནི་རྡོ་རྗེ་ཐམས་ཅད་ཀྱིས་ངེས་པར་བསྲེག་པར་བྱའོ།། ཞེས་པ ་ངེས་པ་སྟེ་ཡན་ལག་ཐམས་ཅད་ལ་སྔགས་དགོད་པར་རིག་པར་བྱའོ།། ངོ་ཕྱིར་དང་པོས་ལ་ཞིང་སྐྱོང་གང་ཞིག་རའ་གྲང་ག་མངགས་མཉམ་པ་དང་མི་མཉམ་པའི་ཡི་གེ་སྟེ། དེའི་གཏོར་མའི་སྔགས་ནི། ཨོཾ་ཨཱཿཧཱུཾ། ཆེ་གེ་མོས་པ ་རིཝཱ་རཱ་ཡ། ཨི་དཾ་བ་ལིཾ། གནྡྷཾ། པུཥྤཾ་དྷཱུ་པཾ་པྲདྡྷི་པཀྵཱ་ཏཾ་ད་དཱ་མ་ཧེ། ས་པི་རི་ཝཱ་ར། ཤཱི་གྷཱ་ཨཱ་གཙྪ་ཏུ། ཛཿཧཱུཾ་བཾ་ཧོ། ཨི་དཾ་བ་ལིཾ་གྲིགྣཏ?། ཁཱ་དཱ་ཏུ། པི་བ་ཏུ། ས་པ་རི་ཝཱ་ར་ཀཿསརྦ་སཏྭཱ་ནཱཾ་ཤཱནྟཾ། པུཥྚཾ། རཀྟཱ་ཝ་ར་ཎ་གུཔྟིཾ་ཀ་རོ་ཏུ། ཨི་དཾ་སྠཱ་ནཾ་ཏྱཀྟཱ་ཝ་ཧྱེ་མཎྜ་ལ་བྷཱུ ་མྱ་ཏི་བཱ་ཏུ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པཾ་ཡ་ཏི་སྭཱ་ཧཱ། དེ་ལྟར་སྔར་གསུངས་པའི་ཆོ་གས་གཏོར་མ་བྱིན་ནས་གནས་ཀྱི་བདག་པོ་གཤེགས་ཏེ། དེ་ནས་བདུད་ཀྱི་ཚོགས་བསྲེགས་ནས་བསྲུང་བའི་འཁོར་ལོ་རྣམ་པར་བསམ་མོ།། དེ་ལ་དང་པོར་ཡཾ་ཡིག་ཡོངས ་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཏེ། སྟེང་དང་འོག་ཏུ་ཧཱུཾ་ཡིག་ལས་རྡོ་རྗེ་ཁ་སྦྱར་བའོ།། དེ་བཞིན་དུ་རཾ་ཡིག་གི་བདག་ཉིད་མེའི་དཀྱིལ་འཁོར་དང་། ཝཾ་ཡིག་གི་བདག་ཉིད་ཆུའི་དཀྱིལ་འཁོར་དང་། ལཾ་ཡིག་གི་བདག་ཉིད་སའི་དཀྱིལ་འཁོར་རོ།། དེ་ནས ་ལ་འཁོར་བཞི་པོ་རྣམས་གཅིག་ཏུ་བྱས་ཏེ། ཐོ་རངས་ནས་ནི་གྲིབ་མིའི་མཐའ་ར་ཞེས་པ་མཚམས་ཀྱི་མཐར་ཐུག་པར་རོ།། དེ་ནས་ཁང་པ་བརྩེགས་པ་ཁྲུ་བརྒྱ་ཕྲག་གཉིས་པ་བསྒོམ་པར་བྱ་སྟེ། ཕྱི་རོལ་ཏུ་རིང་དུ་མཐོང་བའི་མཐའ་རུ་སྟེ། གང་དུ ་ན་མཁའ་དང་ས་འབྱུར་བ་ཟླུམ་པོའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་དེར་དཀྱིལ་འཁོར་གཞི་གཅིག་ཏུ་གྱུར་པ་དེ་ཉིད་ཀྱིས་རབ་གསུམ་མོ།། དེ་ནས་ཡུལ་འཁོར་བསྲུང་བའི་དོན་དུ་ཡུལ་འཁོར་གྱི་མཚམས་སུ་ར་བ་ལྔ་བསྒོམ་པར་བྱ་སྟེ། ཐམས་ཅད་དུའོ།། ་ཏུ་མདུང་རྣམས་དང་སྟེང་དུ་མདའི་དྲ་བ་རྣནམ་པའོ།། དབུས་སུ་རྡོ་རྗེའི་ས་ཡུལ་འཁོར་གྱི་མཚམས་ཀྱི་མཐར་རུ་བསྒོམ་པར་བྱའོ།། དེ་ནས་ཁང་པ་བརྩེགས་པའི་དབུས་སུ་ཆུ་སྐྱེས་སམ་འཁར་ལའི་རྩིབས་བརྒྱད་པ་ཁྲུ་བཅུ་གཉིས་པ་བསྒོམ་པར་བྱའོ།། ་དེའི་ལྟོ་བ་འམ་མུ་ཁྱུད་གདན་དང་བཅས་པ་སྟེ། ཉི་མོའི་གདན་དང་བཅས་པ་དག་ཀྱང་ཁྲུ་བཞིའོ།། ཉི་མ་དེའི་སྦྲང་དུ་བདག་ཉིད་འཆད་པར་འགྱུར་བའི་ཁྲོ་བོ་རྡོ་རྗེ་ཤུགས་ཀྱི་གཟུགས་ཕྱག་ཉི་ཤུ་རྩ་དྲུག་དང་ཞལ་བཞི་པོ་ཉེས་པ་དག་དང་རྣམ་པར ་བྲལ་བ་སྟེ། འདི་ལྟར་འཁོར་ལོའི་དབུས་སུ་གཉིས་ལྷག་རྒྱལ་བའི་ཕྱག་དང་དུས་ཀྱི་ཞལ་ལྡན་ཁྲོ་བའི་དབང་པོ་རྡོ་རྗེ་ཤུགས་ཞེས་པ་སྟེ། སྒྲིབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་བ་སྔགས་པས་བསྒོམ་པར་བྱའོ།། ཞེས་པ་ནི་ངེས་པའོ།། ་དེ་ནས་ཏེ་ཁྲོ་བོའི་རྒྱལ་པོ་དེ་བསྒོམས་ནས་བླ་མའི་ངེས་པ་དང་ལྡན་ཞེས་པ་སངས་རྒྱས་ཀྱི་གསུང་ད་ལྡན་པ་གང་ཞིག་ཅུང་ཟད་འདོད་པ་བསྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ་ཞེས་པ་སྟེ། དཀྱིལ་འཁོར་གྱིས་དང་སློབ་མ་ལ་སོགས་པ་རྣམས་བསྲུང ་བའི་དོན་དུ་བསྲུང་བའི་འཁོར་ལོ་ལ་ཁྲོ་བོ་ལ་སོགས་པའི་ལྷའི་ཚིགས་སྤྲོ་བར་བྱའོ།། འདིར་ཏིང་ངེ་འཛིན་དང་པོར་བདག་ཉིད་རྡོ་རྗེ་ཤུགས་སུ་བསྒོམས་ཏེ། དེ་ནས་སྙིང་ཀར་ཉི་མའི་དཀྱིལ་འཁོར་ལ་ཧ་ལ་རཝ་ལ་རྣམས་བརྩེགས་པའི ་བཞིན་བསྒོམ་པར་བྱའོ།། དེ་དག་གི་ནང་ནས་ཧ་ཡིག་ལས་གྲུབ་པ་ཁ་དོག་ལྗང་གུ་འཆང་བར་འགྱུར་བའི་ཕྱག་དང་མཚོན་ཆ་དང་ཞལ་དང་ལྡན་པ་གཙོ་བའི་ཞལ་གྱི་རྣ་བ་གཡོན་པའི་སྒོ་ནས་ཕྱུང་སྟེ། སྟེང་དུ་བརྩེགས་པའི་ནང་དུ་ཟླ་བའི་དཀྱིལ་འཆ ་རམ་ཉི་མའི་དཀྱིལ་འཁོར་ལ་གཙུག་ཏོར་གཡས་བརྐྱང་དུ་གཞག་པར་བྱའོ།། འདིར་ཉི་མའི་རྐང་པའི་དབྱེ་བས་ཁྲོ་བོ་རྣམས་དགོད་པ་ནི་རྣམ་པ་ལྔའོ།། འདིར་རོ་དང་དུས་དང་རི་བོང་ཅན་ཞེས་པའི་ངེས་པ་ལས་ཉི་མའི་རྐང་པ་ནི་བཅུ ་གཅིག་གོ།། དེ་ལ་རི་བོང་ཅན་གྱིས་རྡོ་རྗེ་ཤུགས་སོ།། དུས་ཀྱིས་གེ་ཤིན་རྗེ་མཐར་བྱེད་ལ་སོགས་པ་བཞིའོ།། རོ་ཡིས་གཙུག་ཏོར་ལ་སོགས་པ་དྲུག་གོ། དེའི་ཕྱིར་ཉི་མའི་བུ་ལོན་དང་ནོར་གྱིས་དབྱེ་བས་ཐམས་ཅད་ཉི་མ་ལ་གནས་པ་འམ། དེ་བཞིན་དུ་ཆོས ་ཀྱི་ནོར་དང་བུ་ལོན་གྱི་དབྱེ་བས་ཐམས་ཅད་ཟླ་བ་ལ་གནས་པའོ།། དེ་བཞིན་དུ་ལུས་ཀྱི་དབྱེ་བས་ཕྱོགས་རྣམས་སུ་ཟླ་བ་ལ་གནས་པ་དང་། ཕྱོགས་བྲལ་རྣམས་སུ་ཉི་མ་ལ་གནས་པའོ།། དེ་བཞིན་དུ་བསམ་པའི་དབྱེ་བས་ཕྱོགས་བྲལ་རྣམས་སུ་ཟླ་བ་ལ ་གནས་པ་དང་། ཕྱོགས་རྣམས་སུ་ཉི་མ་ལ་གནས་པའོ།། དེ་བཞིན་དུ་ནུབ་དང་ལྷོ་ཉི་མོའི་གདན་ལ་གནས་པ་དང་། བྱང་དང་ཤར་དུ་ཟླ་བའི་གདན་ལ་གནས་པ་ནི། ཉི་མའི་རྐང་པའི་དབྱེ་བས་ངེས་པའོ།། དེ་ནས་སྔགས་པས་ཇི་ལྟར་མངོན་པར་འདོད ་པ་བཞིན་ཁྲོ་བོའི་ཚོགས་བཞག་པར་བྱའོ།། ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་ཧ་ཡིག་རིང་པོ་ལས་གྲུབ་པའི་གནོད་མཛེས་རྒྱལ་པོ་ཁ་དོག་སྔོན་པོ་ནི་རྣ་བ་གཡས་པའི་སྒོ་ནས་ཕྱུང་སྟེ་རྡོ་རྗེའི་ས་གཞིར་ཉི་མ་ལ་བཞག་པར་བྱའོ།། དེ་བཞིན་དུ་ཡི ་ཡིག་ལས་གྲུབ་པ་བགེགས་མཐར་བྱེད་ཁ་དོག་ནག་པོ་ནི་སྣ་གཡོན་པའི་སྒོ་ནས་ཕྱུང་སྟེ་ཤར་གྱི་རྩིབས་སུ་ཟླ་བའི་དཀྱིལ་འཁོར་རམ་ཉི་མ་ལ་བཞག་པར་བྱའོ།། དེ་བཞིན་དུ་ཡཱི་ཡིག་ལས་གྲུབ་པ་དབྱུག་པ་སྔོན་པོ་ནག་པོ་ནི་སྣ་གཡས་པའི་སྒོ་ནས་ཕྱུང་སྟེ ་མའི་རྩིབས་སུ་ཉི་མ་འམ་ཟླ་བ་ལ་བཞག་པར་བྱའོ།། རཱི་ཡིག་ལས་གྲུབ་པ་ཤེས་རབ་མཐར་བྱེད་དམར་པོ་ནི་མིག་གཡོན་པའི་སྒོ་ནས་ཕྱུང་སྟེ་ལྷོའི་རྩིབས་སུ་ཟླ་བ་འམ་ཉི་མའི་གདན་བཞག་པར་བྱའོ།། དེ་བཞིན་དུ་དྷཱི་ཡིག་ལས་གྲུབ་པ་འདོད་པའི་རྒྱལ་པོ ་དམར་པོ་ནི་མིག་གཡས་པའི་སྒོ་ནས་ཕྱུང་སྟེ་བདེན་བྲལ་གྱི་རྩིབས་སུ་ཉི་མ་འམ་ཟླ་བའི་གདན་ལ་གཞག་པར་བྱའོ།། དེ་བཞིན་དུ་ཝཱ་ཡིག་ལས་གྲུབ་པ་པདྨ་མཐར་བྱེད་དཀར་པོ་ནི་ལྕེའི་སྒོ་ནས་ཕྱུང་སྟེ་བྱང་གི་རྩིབས་སུ་ཟླ་བའམ་ཉི་མ་ལ་བཞག་པར ་བྱའོ།། དེ་བཞིན་དུ་ཝཱ་ཡིག་ལས་གྲུབ་པ་མི་གཡོ་བ་དཀར་པོ་ནི་གཅིན་གྱི་སྒོ་ནས་ཕྱུང་སྟེ་དབང་ལྡན་གྱི་རྩིབས་སུ་ཉི་མ་འམ་ཟླ་བ་ལ་བཞག་པར་བྱའོ།། དེ་བཞིན་དུ་ལླི་ཡིག་ལས་གྲུབ་པ་གཤིན་རྗེ་མཐར་བྱེད་སེར་པོ་ནི་བཤང་ལམ་གྱི་སྒོ་ནས་ཕྱུང་སྟེ། ་ནུབ་ཀྱི་རྩིབས་སུ་ཟླལ་བ་འམ་ཉི་མོ་ལ་གཞག་པར་བྱའོ།། དེ་བཞིན་དུ་ལཱྀ་ཡིག་ལས་གྲུབ་པ་སྟོབས་པོ་ཆེ་སེར་པོ་ནི་རྡོ་རྗེ་གཙུག་ཏོར་གྱི་སྒོ་ནས་བྱུང་སྟེ་རླུང་གི་རྩིབས་སུ་ཉི་མའིམ་ཟླ་བ་ལ་བཞག་པོར་བྱའོ།། ཡང་ན་བསྡུས་པའི་རྒྱུད་ཀྱི ་རྗེས་སུ་འབྲང་བའི་སྔགས་པས་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་བཞག་པར་བྱའོ།། དེ་ལྟར་ན་སྙིང་པོའི་འཁོར་ལོ་དགོད་པའོ།། དེ་ནས་བརྩེགས་པའི་ཕྱི་རོལ་དུ་ཚངས་རིས་ལ་སོགས་པའི་ཟད་པར་ས་ལ་སོགས་པ་རྣམས་སྤྲོ་བར་བྱའོ།། ། ་འདིར་སོ་སོར་བརྗོད་པའི་ཚིག་གིས་ཧ་ཡ་ར་ཝཾ་ལ་ཞེས་བརྗོད་ནས་ང་ཉ་ཎ་མ་ནན་ཅེས་གསུངས་ཏེ། དེ་བཞིན་དུ་འདིར་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ང་ཉ་ཎ་མ་ནོན་བརྩེགས་པའི་རང་བཞིན་བསྒོམས་ནས། དེ་དག་ལས་ང་དཱའི་ཡི་གེ་ལས་གྲུབ་པ ་ཟད་པར་ན་མཁའ་དག་ནི་སྔར་བརྗོད་པའི་སྒོ་ནས་ཕྱུང་སྟེ། བརྩེགས་པའི་སྟེང་དང་། གནོད་མཛེས་ཀྱི་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ།། དེ་བཞིན་དུ་ནིནྟི་ལས་གྲུབ་པ་ཟད་པར་རླུང་དག་ནི་ཤར་དང་མ་དག་ཏུ ་རླུང་གི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ།། དེ་བཞིན་དུ་ཏྲཱཾ་ཎཱཾ་ལས་གྲུབ་པ་ཟད་པར་མེ་དག་ནི་ལྷོ་དང་བདེན་བྲལ་དག་དུ་མེའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ།། དེ་བཞིན་དུ་མུ་མཱུ་ལས་གྲུབ་པ་ཟད་པར་ཆུ་དག་ནི་བྱང་དང་དབང་ལྡན་དག་ཏུ་ཆུའི་དཀྱིལ་འཁོར་ལ་བསྒོམ ་པར་བྱའོ།། དེ་བཞིན་དུ་ནཱཾ་ནཱཾ་ལས་གྲུབ་པ་ཟད་པར་ས་དག་ནི་ནུབ་དང་རླུ་དག་ཏུ་སའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ།། དེ་ནས་གྷ་དྷ་ཌྷ་བྷ་དྷ་དྷ་བརྩེགས་པའི་རྣམ་པར་བསྒོམ་པར་བྱ་ཞིང་དེ་དག་ལས་ཀྱང་ཕྱོགས་སྐྱོང་བ་སྤྲོ་བར་བྱ་སྟེ། གྷ་གྷཱ་ལས ་གྲུབ་པ་ཚངས་པ་དང་ཁྱབ་འཇུག་ལྗང་གུ་དང་སྔོན་པོ་དག་ནི་ར་བའི་ཁྱོན་གྱི་ཚད་ཀྱི་སྟེང་དུ་ཚངས་པ་དང་འོག་དུ་ཁྱབ་འཇུག་སྟེ། ངང་པ་དང་མཁའ་ལྡིང་ལ་གནས་པ་བསྒོམ་པར་བྱའོ།། དེ་བཞིན་དུ་དྷི་ཛྙཱི་ལས་གྲུབ་པ་བདེན་བྲལ་དང་རླུང་ལྷ་ཁ་དོག ་ནག་པོ་དག་ནི་ཤར་དང་མེ་དག་ཏུ་ཡི་དགས་དང་རི་དགས་ཀྱི་གདན་ལ་གནས་པའོ།། དེ་བཞིན་དུ་ལྷོ་དང་བདེན་བྲལ་དུ་བྷྲཱུ~ཾ་བྷྲཱུཾ་ལས་གྲུབ་པ་གཤིན་རྗེ་དང་མེ་དག་ནི་མ་ཧེ་དང་ལུག་ལ་གནས་པའོ།། བྱང་དང་དབང་ལྡན་དུ་བྷུ་བྷཱུ་ལས་གྲུབ་པ་རྒྱ་མཚོ་དང ་བདེ་བྱེད་དག་ནི་ཆུ་སྲིན་དང་ཁྱུ་མཆོག་ལ་གནས་པའོ།། ནུབ་དང་རླུང་དུ་དྷྲྀ་དྷྲྀ་ལས་གྲུབ་པ་དབང་པོ་དང་གནོད་སྦྱིན་དག་ནི་གླང་པོ་དང་གཞལ་ཡས་ཁང་ལ་གནས་པ་སྟེ། དེ་ལྟར་ཕྱོགས་སྐྱོང་རྣམས་ར་བ་ལ་སོགས་པ་ལ་བསྒོམ་པར་བྱའོ།། དེ ་ནས་ར་བ་བསྲུང་བའི་དོན་དུ་གཟའི་འཁོར་ལོ་སྤྲོ་བར་བྱ་སྟེ། སྔར་བརྗོད་པའི་ཉི་མའི་དཀྱིལ་འཁོར་ལ་ག་ཛ་ཌ་བ་དང་བསྒོམས་ཏེ། དེ་དག་ལས་ག་གཱ་ལས་གྲུབ་པ་སྒྲ་གཅན་དང་དུས་ཀྱི་མེ་དག་ནི་ར་བ་གསུམ་པོ་རྣམས་ཀྱི་ཁྱོན་གྱི་ཚད་ཀྱིས་སྟེང་དང ་འོག་དུ་སྟོང་པའི་དཀྱིལ་འཁོར་ལ་གནས་པར་བསྒོམ་པར་བྱའོ།། དེ་བཞིན་དུ་ཛི་ཧྲཱི་ལས་གྲུབ་པ་ཟླ་བ་དང་ཉི་མ་དག་ནི་ཤར་དང་མེ་དག་ཏུ་རླུང་གི་དཀྱིལ་འཁོར་ལ་གནས་པའོ།། ནརྀ་བྷྲཱུཾ་ལས་གྲུབ་པ་གཟའ་ལྷག་དང་བཀྲ་ཤིས་དགོན་ལྷོ་དང་བདེན་བྲལ་དུ་མེའི ་དཀྱིལ་འཁོར་ལ་གནས་པའོ།། བུ་བྷུ་ལས་གྲུབ་པ་པ་སངས་དང་ཕུར་བུ་དག་ནི་བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་ལ་གནས་པའོ།། དྲྀ་དྷི་ལས་གྲུབ་པ་མཇུག་རིངས་དང་སྤེན་པ་དག་ནི་ནུབ་དང་རླུང་དག་ཏུ་སའི་དཀྱིལ་འཁོར་ལ་བསྒོམ་པར་བྱའོ།། འདི ་ནིར་བའི་ཕྱི་རོལ་དུ་སྲུང་ཞིང་སྐྱོང་བའི་གཟའ་རྣམས་སོ།། དེ་ནས་ར་བ་ལྷ་བསྲུང་བའི་དོན་དུ་ཀླུའི་རྒྱལ་པོ་རྣམས་སྤྲོ་བར་བྱ་སྟེ། ཉི་མའི་དཀྱིལ་འཁོར་དེ་ལ་ཁ་ཚ་ཐ་ཕ་ཋ་ཐ་བསྒོམས་ནས། དེ་དག་ལས་ཁ་ཁཱ་ལས་གྲུབ་པ་རྒྱལ་བ་དང་རྣམ་པར ་རྒྱལ་བ་དག་ནིནེ་ར་བ་ལྔའི་ནང་གི་ཁྱོན་གྱི་ཚད་ཀྱི་སྟེང་དང་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ།། དེ་བཞིན་དུ་ཚི་རྨི་ལས་གྲུབ་པ་སྟོབས་ཀྱི་རྒྱུ་དང་པདྨ་དག་ནི་ཤར་དང་མེ་དག་ཏུ་རླུང་གི་དཀྱིལ་འཁོར་ལ་གནས་པའོ།། དེ་བཞིན་དུ ་བྷྲཱུཾ་བྷྲཱུཾ་ལས་གྲུབ་པ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་དག་གི་ལྷོ་དང་བདེན་བྲལ་དག་ཏུ་མེའི་དཀྱིལ་འཁོར་ལ་གནས་པའོ།། དེ་བཞིན་དུ་དུ་པཱུ་ལས་གྲུབ་པ་མཐའ་ཡས་དང་རིགས་ལྡན་དག་ནི་བྱང་དང་དབང་ལྡན་དག་ཏུ་ཆུའི་དཀྱིལ་འཁོར་ལ་གནས་པའོ།། ་བྷྲཱུཾ་བྷྲཱུ~ཾ་ལས་གྲུབ་པ་པདྨ་ཆེན་པོ་དང་འཇོག་པོ་དག་ནི་ནུབ་དང་རླུང་དུ་སའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ།། དེ་ནས་ར་བ་ལྔའི་ཕྱི་རོལ་ཏུ་བསྲུང་བའི་དོན་དུ་འབྱུང་པོ་དང་ལྷ་མ་ཡིན་རྣམས་བསྒོམ་པར་བྱ་སྟེ། ཉི་མའི་དཀྱིལ་འཁོར་དེ་ལ་ཀ ་ཊ་པ་ཏ་ཏ་བརྩེགས་པ་བསྒོམས་ནས། དེ་དག་ལས་ཕྱི་རོལ་དུ་ར་བའི་ཁྱོན་གྱི་ཚད་ཀྱིས་སྟེང་དུ་རོ་ལངས་དང་། འོག་ཏུ་གྲུལ་བུམ་སྟེ། དེ་ནི་ཀ་ཀཱ་ལས་གྲུབ་པ་སྟོང་པའི་དཀྱིལ་འཁོར་ལ་གནས་པ་བསྒོམ་པར་བྱའོ།། ཤར་དུ་ཅི་ལས་གྲུབ་པའི་མི་འམ་ཅི་ཁྱི་གདོང ་ང་། མེར་ནཱི་ལས་གྲུབ་པ་སྐྱེས་བུ་བུ་འམ་ཅི་བྱ་རོག་གི་གདོང་ཅན་ཏེ་རླུང་ལ་གནས་པའོ།། དེ་བཞིན་དུ་ཊཱི་ཊྚི་ལས་གྲུབ་པ་དག་ནི་དྲི་ཟ་ཕག་གི་གདོང་ཅན་དང་འབྱུང་པོ་བ་རྒོད་ཀྱི་གདོང་ཅན་ཏེ་ལྷོ་དང་བདེན་བྲལ་དུ་མེ་ལ་གནས་པའོ།། པུ་པཱུ་ལས་གྲུབ་པ་སྲིན ་པོ་སྟག་གི་གདོང་ཅན་དང་ལྀ་དགས་འུག་པའི་གདོང་ཅན་ནི་བྱང་དང་དབང་ལྡན་དུ་ཆུ་ལ་གནས་པའོ།། ཏཱཾ་རྒྷཾ་ལས་གྲུབ་པ་བརྗེད་བྱེད་ཅེ་སྤྱང་གི་གདོང་ཅན་མཁའ་ལྡིང་ནི་མཁའ་ལྡིང་ཉིད་དེ་ནུབ་དང་རླུང་དུ་ས་ལ་གནས་པའོ།། ཞེས་པ་ནི་བསྲུང་བའི་འཁོར་ལོ་སྟེ་སྐུ ་དང་གསུང་དང་ཐུགས་ཀྱི་ཆོས་རྣམ་པར་དག་པ་ཁང་པ་བརྩེགས་པ་དང་། ར་བ་གསུམ་དང་དང་། རབ་ལྔ་རྣམས་ནི། ཡེ་ཤེས་དང་། ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་དྲུག་ལས་སྐྱེས་པ། ཁྲོ་བོའི་རྒྱལ་པོ་རྣམས་དང་། གཟུགས་དང་གཟུགས་མང ་པ་དང་། ཕྱོགས་སྐྱོང་བཅུ་དང་གཟའ་དང་ཀླུ་དང་འབྱུང་པོ་སྟེ། སྡེ་པ་དྲུག་གི་བདག་ཉིད་སྲུང་ཞིང་སྐྱོང་བ་རྣམས་ནི་ནང་དང་ཕྱི་རོལ་ནས་ཡང་དག་པར་སྦྱར་བའི་སྦྱོར་བས་དགོད་པར་བྱའོ།། ས་དོང་ཆུ་ལས་བྱུང་བ་རྣམས་ནི་ལུས་ཀྱི་ཁམས་བསྲུང་བར་བྱེད་པའོ།། མེ་དང ་རླུང་གི་ཁམས་ལས་བྱུང་བ་རྣམས་ནི་ངག་གི་ཁམས་བསྲུང་བར་བྱེད་པའོ།། སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་རྣམས་ནི་ཐམས་ཅད་དུ་སེམས་ཀྱི་ཁམས་བསྲུང་བར་བྱེད་པའོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། དེ་ནས་བླ་མའི་ངེས་པ་དང་ལྡན ་གང་ཞིག་ཅུང་ཟད་འདོད་པ་བསྒྲུབ་པ་པོ་ཡིས་སྒྲུབ་པར་བྱ་ཞེས་པ་ནི་ངེས་པའོ།། ད་ནི་ཁྲོ་བོ་ལ་སོགས་པ་འདི་རྣམས་སོ་སོའི་གཏོར་མའི་སྔགས་ཀྱི་ཚིགས་རྣམས་སུ་འགྱུར་བ་འདི་ལྟ་སྟེ། ཨོཾ་ཨཱཿཧཱུཾ་ཧཾ་ཨུཥྞཱི་ཥ་སུམྦྷ་ནི་སུམྦྷ། བིགྷྣནྟ་ཀ་ནཱི་ལ་དཎྜ་པདྡྷཱནྟ་ཀ་ཊཀྐི་རཱ ་ཛྙཱ་བདྷཱ་ཊུཀ། ཨ་ཙ་ལ་ཡ་མཱནྟཾ་ཀ། མ་ཧཱ་བ་ལོ་བྷྱོཿས་པ་རིཉྫ་རེ་བྷྱཿི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དྷཱུ་པཾ་ཨཀྵ་ཏཾ། ད་ཏཱ་མ་ཧེ། ཏེ་ཙཱ་ག་ཏྱ་ས་པ་རི་ཝཱ་རཱ། ཤཱཾ་གྷྲྀ་ཨི་དཾ་བི་ལ་གྲྀཧྞནྟུ། ཁཱ་དནྟུ། པི་ཝནྟུ་ཛཿདྷྲྀ་བ་ཧཿསཾ་ཏྲི་པ་ཏཱཿསརྦཾ་སཏྐཱ་ནཱི་བཱནྟི་པུཥྚི་རཀྵཱ་བ་ར་ཎ་གུ་བ ་ཏི་ཀུརྡྷན་ཏུ་ཧཱུཾ་ཧཱུཾ་ཕཊ། བཛྲ་དྷཱ་ནྣ་ཛྙཱ་པ~ཾ་ཡ་ཏྲཱ~ཾ་སྟྭ~ཾདྡྷ།། ཞེས་པ་ནཱི་ཁྲོ་བོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ།། དེ་བཞིན་དུ་བ་པཱར་ནཱ་མཁའ་ལ་སོགས་པ་གྲུབ་པ་རྣམས་ཀྱི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨཱཿཧཱུ~ཾཿཱ་ཀཱ་ཤ་དྷཱ་ཨུ་ཎ་ཛ ་དག་པྲོ་ཀྲྀ་ཧྲི་སཱ་དྷི་ཏི་བྷྱཿས་པ་རིནྟི་རེ་བྷྱཿོཾ་ད~ཾ་པ་ལིཾ་གནྡྷཾ་བུཥྤཾ་དྦྷ་བ་དཱི་པཾ་ཨཀྵ་ཏཾད་དཱ་མ་ཧེ། ཏཻ་རཱག་ཏྱེས་པ་རི་ནྡྲཱརྠ། ཤྭེ་མླྀ་ཨོཾ་དཔ་ལིཾ་གྲ་ཙྪ། ཁཱ་ཙྪ་བོ་བཉྩཿདྷཱུ་བ~ཾ་ཧཽཿས་ཏྲི་བ་ཏཱ། སརྦ་སཏཱནཱཾ་ཤྲཱིནྡྲནྟ་པྲ་ཛྲི་རཀྵ་བ་ད་གུབ་ཏི་ཀུརྦནུ་ཏྱེ་དྷཱུ་ཕ ་རཱ་རཱ་ཛྙཱ་པ་ཡ་ཏཾ་སྭཱ་ཧཱ། དེ་ནས་ཕྱོགས་སྐྱོང་རྣམས་ཀྱི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨཱཿཧུཾ་ཧོ་བྲཧྨ་བིཥྞུ་ནཻ་རྀ་ཏྱ་བཱ་ཡུ་ཡ་མཱ་ག་ནི་ས་མུ་དྲེ་ཤྭ་རེནྡྲ་ཡཀྵེ་བྷྱཿས་པ་རི་ཝཱ་རེ་བྷྱཿཡི་དཾ་བ་ཡ~ཾ་གནྡྷ་བུཙྪ་དྷཱུ་པཾ་དཱི་པཾ་ཨཀྵ་ཙད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ་ས་པ་རི་ཝཱརྠ ་ཤརྫྫ་ཡོང་པ་འི་གྲྀ་ཥཱ་ཙྪ་བ་བན་ཏུ་སྒྲུབ་མ་ས་ཛྲ་པ་ཏཱ། སནརྦས་མྦྷ་བཱཊྚ་པྲཥྚེ་བྷཱ་བ་ར་ཎ་ཀུཊྚི་ཏྤན་ཊྚ་དྷཱ་དྷུ་ཡ་བད་དྷཱནཱདྷཱུ་པཱ་ས་ཏི་སྭཱཿ། དེ་ནས་གཔའི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨཱ་། རཱས་ལྔ་ལྡག་ན་བྷྱཿ། ་བུ་དྷ་མཾ་ག་ལ་ཤུ་ཀྲ་བྲི་ཧ་སྭ་ཏི་ཀེ་ཏུ་ཤ་ནི་བྷཱུཿས་པ་རི་ཝ་རེ་བྷྱཿི་དཾ་བཾ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ཨཀྵི་ཏཾ་ད་དཱ་མ་ཧཻ། ཏནྡ་ག་ཏྱ་ས་པ་རི་ཝཱནྟི། ཤཱི་གྷྲཾ་ཨཻ་ཛཾ་བཾ་ལཾ་གྲྀཧྣ་ནྟུ་ཁཱ་དནྟཿབི་བནྟུ་ཛཿཧཱུཾ་བཾ་ཧོཿསཾ་ཏྲི་པ་ཏཱ། སརྦ་སཏྭཱ་ནཱཾ་ཤཱནྟཾ་པུཥྚིཾ་རཀྵཱ་བ་ར་ཎ་གུདྡྷི་ཀུརྦནྟུ་ཧཱུཾ་ཧཱུཾ་ཕཊ། ་བཛྲ་དྷ་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་ཀླུའི་གཏོར་མའི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨཱཿཧུཾ་ཧོ། ཛ་ཡ་བི་ཛ་ཡ་པདྨ་ཀར་ཀོ་ཊ་བཱ་སུ་ཀི་ཤཾ་ཁ་པཱ་ལ་ཀུ་ལི་ཀཱ་ནནྡ། ཏཀྵ་ཀ་མ་ཧཱ་པདྨེ་བྷྱཿས་པ་རི་ཝཱ་རེ་བྷྱཿི་དཾ་བ་ལིཾ་གནྡྷཾ་པུཥྤཾ་དྷཱུ་པི་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ། ཏེ་ཙཱ་ག་ཏྱ་ས་བཻ་ར་ཝཱ་རཱཿ ་ཤཱི་གྷྲཾ་ཨི་དཾ་བ་ལིཾ་གྲྀཧྞནྟུ་ཁཱ་དན་ཏུ་པི་བནྡྷ་ཛཿཧཱུཾ་བཾ་ཧོཿསཾ་ཀྲི་པ་ཏཱུཿསརྦ་སཏྭཱ་ནཱཾ། ཤཱནྟཾ་པུཥྚིཾ། རཀྵཱ་བ་ར་ཎཱ་གུ་པ་ཏི་ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ནས་འབྱུང་པོའི་གཏོར་མོའི་སྔགས་རྣམས་ནི། ཨོཾ་ཨཱིཿཧུཾ་ཧོ་བེ་ཏཱ་ཌ་བི་ཀྲྀ་ཏ་མུ་ཁ་ཤཱཀྵ་ཀ་སཱུ་ཀ་ར་གྲྀ ་དྷ་བྷྲ་གྷོ་ལུ་ཀ་ཛཾ་བུ་ཀཾ་གཻ་རུ་ཌ་མུ་ཁེ་བྷྱཿས་པ་རྀ་ཝཱ་རི་བྷྱཿི་དཾ་བ་ལཾ་གནྡྷཾ་པུརྠཾ་དྷཱུ་བཾ་དྷྭཾ་བི། ཨཀྵ་ཏཾ། ད་དཱ་མ་ཧེ། ཏི་ནཱ་ག་ཏྱཱ་ས་པ་རི་ཝཱ་རྠ། ཤྲཱི་གྷྲཾ་ཨི་བ་ལཾ་གྲྀདྡྷསྟྱ་བཱདཙྪ་པི་བནྡྷ་ཛཿདྷཱ་\ུ0f7f་ཙཿསཾ་ཏཱཾ་བ་ཏཱ། སརྦ་སཏྭཱ་ནཱ་ཤཱནྟ་པུཥྤཾ་ཀཱ་བ་ར་ཎ་གུ་པ་ཏི་ཀུན་ནྟུ་ཧུཾཧྨཱ ་བཛྲ་དྷ་རཱ་ཛྙཱ་པ་ལ་ཏི་སྭཱཧཱ། ཞེས་པ་ནི་འབྱུང་པོའི་གཏོར་མའི་སྔགས་ཏེ། དེ་ལྟར་སོ་སོའི་གཏོར་མ་འཆད་པར་འགྱུར་བའི་རིམ་པས་སྦྱང་བ་དང་རྟོགས་པ་དང་རབ་ཏུ་འབར་བ་དང་བདུད་རྩིར་བྱས་ནས་ཁྲོ་བོ་ལ་སོགས་པ་རྣམས་ལ་སྔགས་པས་སྦྱིན་པར་བྱའོ།། དེ ་བཞིན་དུ་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་ལ་ཐུན་མཚམས་བཞིར་སློབ་དཔོན་གྱིས་གཏོར་མ་བྱིན་ཏེ་དེ་ནས་གཤེགས་སུ་གསོལ་བར་བྱའོ།། གཤེགས་སུ་གསོལ་བའི་དུས་སུ་གསང་བའི་འཁོར་ལོར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་གཞུག་པར་བྱའོ།། གཙུག་ཏོར ་དུ་ཨཾ་ཡིག་ལ་ཟད་པར་སྟོང་པ་ལ་སོགས་པའི་འཁོར་ལོའོ།། དཔྲལ་བར་ཨཾ་ཡིག་ལ་ཕྱོགས་སྐྱོང་བའི་འཁོར་ལོའོ།། མགྲིན་པར་རྀ་ཡིག་ལ་གཟའ་འཁོར་ལོའོ།། སྙིང་གར་ཨུ་ཡིག་ལ་ཀླུའི་འཁོར་ལོའོ།། ལྟེ་བར་ལི་ཡིག་ལ་འབྱུང་པོའི་འཁོར་ལོ་གཞུག ་པར་བྱའོ།། གཤེགས་སུ་གསོལ་བའི་ཆོ་ག་རྫོགས་ནས། དེའི་འོག་ཏུ་སྔགས་པས་འཆད་པར་འགྱུར་བའི་རིམ་པས་ས་ཡོངས་སུ་བཟུང་བར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་འཆད་པར་འགྱུར་བའི་ཏིང་ངེ་འཛིན་གྱིས་ས་སྦྱང་བའི་དོན་དུ་སའི་ལྷ་མོ་སྤྱན ་དྲང་བ་གསུངས་ཏེ། འདིར་སའི་ཏིང་ངེ་འཛིན་གྱིས་སའི་ལྷ་མོ་སྤྱན་དྲངས་ནས་ཛཿཧཱུཾ་བཾ་ཧོཿཞེས་པའི་སྔགས་ཀྱི་ཚིག་འདི་དག་གིས་སྔར་བརྗོད་པའི་མཆོད་ཡོན་གྱི་སྣོད་ཀྱི་ཆུ་དང་བཅས་པའི་མེ་ཏོག་མཆོད་ཡོན་གྱི་དྲི་ལ་སོགས་པ་དང་བཅས་པ་དག་གིས ་འདི་ལ་མཆོད་ཡོན་རབ་ཏུ་སྦྱིན་ནོ།། དེ་ལ་གསོལ་བ་བཏབ་སྟེ་ཕྱི་ནས་སའི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད་ཅེས་པའོ།། འདིར་གསོལ་བ་གདབ་པ་ནི། རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དབང་དུ ་གྱུར།། དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུང་བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ།། ཞེས་པས་བསྟོད་ནས་དེ་ལ་གསོལ་བ་གདབ་པར་བྱ་སྟེ། ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ ་བཅོམ་གྱུར་པ།། དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ།། ཁྱོད་དབང་དུ་གྱུར་པས་སོ་ཞེས་པའོ།། དེ་ནས་སངས་རྒྱས་ལ་སོགས་པ་རྣམས་ལ་འཆད་པར་འགྱུར་བའི ་མཆོད་པ་བྱས་ཤིང་། མཆོད་ཡོན་ལ་སོགས་པ་ཕུལ་ནས་གསོལ་བ་གདབ་པར་བྱ་སྟེ། འདིར་གསོལ་བ་གདབ་པ་ནི། གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། དེ་དག་རྣམས ་ཀྱིས་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ།། དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེང་རང་བཞིན་སྲ་བའི་ཕུར་པ་ངག་གིས་ས་ལ་གདབ་སྟེ། འཆད་པར་འགྱུར་བའི་རིམ་པས་སོ་ཞེས་པ་ནི། གསོལ ་བ་གདབ་པའི་ངེས་པའོ།། དེ་བཞིན་དུ་གསུངས་པ། ཁྲི་བོས་ཚེ་ནི་ཆ་ལྡན་པ་རྣམས་ནི་ཕྱོགས་བཅུའི་ཆ་རུ་ས་ལ་ཕུར་བུས་གདབ་པ་དང་བསྲུང་བའི་དོན་དུ་དགོད་པར་བྱ་ཞེས་པ་སྟེ་ངེས་པའོ།། ད་ནི་ས་རྐོ་བའི་མཚན་མ་གསུངས་ཏེ། འདིར་སའི་ཆ་ལ་ཟུག ་རྔུ་ལ་སོགས་པ་ངེས་པར་ཞུགས་ན་དགེ་བའི་ལས་ལ་གེགས་བྱེད་པར་འགྱུར་ཏེ། དེའི་ཕྱིར་སྦྱང་བ་བྱའོ།། ཟུག་རྔུ་སྟེ་མིའི་རུས་པ་འམ། སོལ་བ་དང་བཅས་པ་སྷོ་སོལ་བ་འམ་རཱ་ནི་ཐུན་མོང་དུ་དགེ་བའི་ལས་ལ་འཆི་བའི་འཇིགས་བྱེད་དེ། གནས ་དེ་དག་ཏུ་ཡོན་ཏན་དབང་གིས་ཉམས་པར་འགྱུར་ཏེ་དེའི་ཕྱིར་ནི་སྦྱང་བར་བྱ། ཅི་སྟེ་ས་ལ་རིན་ཆེན་ནམ་དུང་ངམ་མཆིང་བུ་མཐོང་ན། དེའི་ཚེ་བདེ་བར་བྱེད་པར་འགྱུར་ཏེ་དཀྱིལ་འཁོར་དག་གི་དོན་དུའོ།། དེ་བཞིན་དུ་ཁང་བཟང་གི་དོན་དང་ཁྱིམ་གྱི་དོན་དང ་རབ་གསལ་ངེས་པར་འདིར་ནི་མཆོད་སྦྱིན་ལ་སོགས་པ་སླད་དུའོ།། ཞེས་པ་ནི་གནས་སྦྱང་བའི་ངེས་པའོ།། ད་ནི་ས་སྦྱང་བའི་དོན་དུ་ཉི་མ་གསུངས་པ། རྫོགས་པ་དག་ལ་ཞེས་པ་ལ་སོགས་པ་སྟེ། འདིར་ཟླ་བས་སོ་ལ་རྫོགས་པ་དྲུག་ནི་འདི་ལྟ་སྟེ། ལྔ་པ་གཉིས ་དང་། བཅུ་པ་གཉིས་དང་། བཅོ་ལྔ་པ་གཉིས་ཏེ། དཀྱིལ་འཁོར་བྲི་བའི་སླད་དུ་དུས་ཀྱི་མཚམས་ཤེས་ཤིང་དགེ་བ་དང་མི་དགེ་བའི་ལས་ཤེས་ནས་སོ།། འདིར་དགེ་བའི་ལས་ལ་དཀར་པོའི་ལྔ་པ་དང་བཅུ་པ་དང་བཅོ་ལྔ་ལ་བིཥྚི་སྤངས་ནས་ས་སྦྱང་བར ་བྱ་སྟེ། དེ་ནས་སྔར་གསུངས་པའི་ས་ཡིས་དགང་བར་བྱའོ།། མི་དགེ་བའི་ལས་ལ་ནག་པོའི་ལྔ་པ་དང་། བཅུ་པ་དང་གནམ་སྟོང་གི་ཟླ་བ་ཉམས་པ་ལས་སྦྱང་བར་བྱ་སྟེ་སྔར་གསུངས་པའི་ས་ཡིས་དགང་བར་བྱའོ།། དེ་ནས་བཟུང་བ་དག་ཀྱང་སྟེ ་མཆོད་པ་ལ་སོགས་པ་རྫོགས་པ་ལའོ།། བུ་རྣམས་དག་ནི་སྟེ་སློབ་མ་རྣམས་ཡང་དག་བསྡུ་བ་ནི་ཉ་ལའོ།། དེ་ནས་དཀྱིལ་འཁོར་བྲི་བའི་དུས་ཤེས་ནས་བཅུ་གཉིས་པོ་ལ་ཐིག་གདབ་པར་བྱའོ།། འདོད་པ་མ་ནུའི་ཉིན་ཞག་དག་ལ་ཞེས་པ་བཅུ་གསུམ ་པ་དང་བཅུ་བཞི་པ་ལ་དཔལ་ལྡན་རྡུལ་ཚོན་དགྱེ་བར་བྱའོ།། དབང་ལ་སོགས་པ་འཆད་པར་འགྱུར་བ་ནི་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ། ཞེས་པ་ལུང་གི་ཚིག་གོ། བདུད་ནི་བཅོམ་པའི་ཉིན་ཞག་དག་ལ། ཡང་ཡིག་གིས་ཉ་གཞན་ལ་ཡང་སྦྱིན་ནོ། ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་སྐུ་གཟུགས་ལ་སོགས་པ་ལ་ཉ་དེ་ཉིད་ཀྱི་མཚན་མོ་རྒྱལ་བའི་རིགས་ལ་རབ་ཏུ་གནས་པར་འགྱུར་ཏེ། མཚན་མོ་གཞན་ལ་རབ་གནས་མིན་ཞེས་པ་ནི་ངེས་པའོ།། དེ་ནས་དག་པའི་དུས་སྦྱོར་གཟའ་ལ་སོགས ་པས་མིའི་བདག་པོ་མཚན་མོ་གཞན་ལ་རབ་ཏུ་གནས་པར་འགྱུར་རོ།། སྲོག་ཕུར་བུ་དང་པ་སངས་ནུབ་པར་གྱུར་ཞེས་པ་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་ན། དེ་ཚེ་སྟེ་ཟླ་བ་དེ་ལ་ངེས་པར་ནི་མཐའ་གཅིག་ཏུ་བག་མ་དང་རབ་ཏུ ་གནས་པར་མི་འགྱུར་རོ།། དེ་ལྟར་རྒྱལ་དང་ནག་པའི་ཉ་ལ་ཕུར་བུའི་ཞིང་དུ་ཉི་མ་ཞུགས་པར་གྱུར་པ་ན་འགྱུར་ཏེ། རྒྱལ་ལ་རྒྱལ་པོ་རྣམས་ཀྱི་དབང་བསྐུར་བ་དང་། ནག་པ་ལ་སངས་རྒྱས་ཀྱི་དབང་བསྐུར་བའི་ཕྱིར་རོ་ཞེས་པ་ནི་ངེས་པའོ།། དེ་ལྟར་སློབ ་དཔོན་དག་གིས་ས་གཞིའི་གནས་སུ་འཇིག་རྟེན་འཇིག་རྟེན་འདས་པ་དག་ཀྱང་མཐའ་དག་ཤེས་ནས་ནི་ཞི་བ་ལ་སོགས་པའི་བྱ་བ་གང་གང་བྱེད་པ་དེ་དེ་མཐའ་དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར་ཞེས་པ་ནི་ཆོས་ཀྱི་ངེས་པ་སྟེ། དེ་བཞིན་དུ་དྲག་པོའི ་ལས་ནི་མི་དགེ་བའི་ཉིན་ཞག་ལ་ངེས་པའོ།། ད་ནི་སློབ་མ་བསྲུང་བའི་ཆོ་ག་གསུངས་ཏེ། འདིར་དང་པོར་སློབ་མ་ལ་སོགས་པ་བསྲུང་བ་བྱ་སྟེ། ཕྱི་ནས་སློབ་མ་ལ་སོགས་པ་བསྡུ་བ་བྱའོ།། འདིར་རྒྱལ་བ་ལ་སོགས་པ་ལྷ་མོ་རྣམས་དང་གཉིས་ཀའི ་རིགས་སུ་གྱུར་པ་དག་གིས་བསྲུང་བ་ནི། མགོ་བོར་ཨུ་ཡིག་དང་། སྙིང་ཀར་ཨཱི་ཡིག་དང་། གཙུག་ཏོར་དུ་ཨི་ཡག་དང་། ལྟེ་བར་ལཱཾ་ཡིག་དང་། མགྲིན་པར་རཱྀ་ཡིག་དང་། གསང་བར་ཨཱཿཡིག་སྟེ། གཉིས་ཀའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ ་དག་གིས་ཤེས་པའོ།། དེ་བཞིན་དུ་སྐུ་གཟུགས་སོགས་དང་གླེགས་བམ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཞེས་པ་སྟེ། ཨ་ཨཱི་རི་ཨུ་ལྀ་ཞེས་པ་དབྱངས་ལྔ་པོ་རྣམས་ཀྱིས་བསྲུང་བ་བྱས་ནས། དེའི་རྗེས་ལ་སངས ་རྒྱས་པ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཆེ་གེ་མོ་དག་ཀྱང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདྲི་བར་བགྱིད་དེ།། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ལ་སོགས་པ་རྣམས ་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་པ་ནི་གསོལ་བ་གདབ་པའི་ངེས་པ་དང་། བསྲུང་བའི་ངེས་པའོ།། ད་ནི་གང་ཞིག་འཆད་པར་འགྱུར་བས་རྒྱས་པར་བརྗོད་པར་བྱ་བ་ཐིག་སྐུད་ལ་སོགས་པའི་ལྷག་པར་གནས་པ་ལ་སོགས་པ་མདོར་བསྡུས་པས་གསུངས ་ཏེ། དག་པའི་གནས་ནི་ལེགས་པར་གང་ཞིང་ཤིན་ཏུ་མཉམ་པར་བཀོད་པ་གྲུ་བཞི་ཅུང་ཟད་རུས་སྦལ་རྒྱབ་བཞིན་མཐོ་བ་དག། ཁྲུ་ཚད་གཅིག་ལ་སོགས་པ་དུས་དང་ནོར་དང་མི་བདག་ཅེས་པ་ཁྲུ་བཞི་དང་། ཁྲུ་བརྒྱད་དང་ཁྲུ་བཅུ་དྲུག་སྟེ། དེ་བཞིན་དུ་སྟོང་ཕྲག ་གི་ཚད་ཀྱི་གནས་གང་བ་དེ་ལ་ལྷོར་མིག་སྐུ་དང་། གཤིན་རྗེར་རྡོ་རྗེ་དང་། ཆུར་རྡུལ་ཚོན་གྱི་སྣོད་དང་། བྱང་དུ་རྡོ་རྗེ་དྲིལ་བུ་དང་། དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་བཀོད་ནས། དེའི་རྗེས་ལ་འཆད་པར་འགྱུར་བའི་རིམ་པས་གཉིད་ལོག་སྟེ། གང་གི་ཚེ་སློབ ་དཔོན་ནམ་སློབ་མས་མཚན་མ་རྙེད་པ་དེའི་ཚེ་མཚན་མ་རྙེད་ན་དང་པོ་སྟེ་ཤར་གྱི་ཕྱོགས་དང་། ཕྱི་མ་སྟེ་ནུབ་ཀྱི་ཕྱོགས་སུ་དཀྱིལ་འཁོར་ཐིག་ནི་གདབ་པར་བྱ་སྟེ། བླ་མ་དང་སློབ་མ་དག་གིས་སོ་ཞེས་པ་ནི་ངེས་པའོ།། ད་ནི་མཚན་མ་ངན་པའི་མཚན་ཉིད ་གསུངས་ཏེ། འདིར་ཐིག་སྐུད་ཆང་བར་གྱུར་པ་ན་བླ་མ་ཉམས་པར་འགྱུར་ཞིང་། ཡོངས་འཇོམས་འགོངས་པོར་གྱུར་ན་བུ་རྣམས་དག་ཀྱང་ཉམས་པར་འགྱུར་རོ།། གལ་ཏེ་རྡུལ་ཚེན་རླུང་གིས་ཁྱེར་ན་ཞེས་པ་ནི་འདིར་གང་གི་ཚེ་དཀྱིལ་འཁོར་གྱི་རྡུལ་མཚོན་རླུ ་གི་ཁྱེར་བར་གྱུར་པ་དེའི་ཚེ་བླ་མ་ལ་སོགས་པ་རྣམས་ལ་འཇིགས་པ་གསལ་བར་བྱེད་ཅིང་། ཡུལ་འཁོར་དག་ཏུ་རྒྱལ་པོ་འཇིག་པ་ཡང་གསལ་བར་བྱེད་དོ།། མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་སློབ་དཔོན་གྱིས་གཙོས ་དག་གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ་སྟེ། སླར་ཡང་མཚན་མར་གྱུར་གྱི་བར་དུའོ།། དེ་ནས་སླར་ཡང་མཚན་མ་རྙེད་ན་མཉམ་དང་མི་མཉམ་རྐང་པ་དག་གིས་ཐིག་ནི་གདབ་པ་བསྒྲུབ་པར་བྱ། འདིར་སློབ་དཔོན་གྱི་གཡོན་པ་སྐྱིལ་ཀྲུང་དང་རྐང་པ་གཡས་པའི ་མཐིལ་ལ་བཞག་པ་མཉམ་པའི་རྐང་པ་དང་། དེ་བཞིན་དུ་བཟློག་པ་མཉམ་པའི་རྐང་པས་ཐིག་གདབ་པ་བསྒྲུབ་པར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་ཡོངས་འཇོམས་གསུངས་ཏེ། འདིར་ཤེས་རབ་ཐབས་ཀྱི་ཡན་ལག་དབུས་སུ་ཡོངས་འཇོམས ་སུ་འགྱུར་དེ་ནི་དཀྱིལ་འཁོར་དག་ལ་སྤང་བར་བྱ་ཞེས་པ་ལ་འདིར་ཤེས་རབ་ཀྱི་ཡན་ལག་ནི་ལྷོ་དང་ནུབ་བོ།། ཐབས་ཀྱི་ཡན་ལག་ནི་ཤར་དང་བྱང་ངོ་།། འདི་དག་གི་དབུས་སུ་ཡོངས་འཇོམས་ཏེ། དཀྱིལ་འཁོར་ལ་སྤང་བར་བྱའོ།། དེ་བཞིན་དུ་ས་ལ ་གཡུལ་གྱི་དུས་སུ་རྩེ་མོ་ཅན་དང་རླུང་དུ་གནས་པ་ཞེས་པ་ནི་མེ་དང་རླུང་གི་ཕྱོགས་སུ་ཇི་སྙེད་གནས་པའི་སྡེ་གཉིས་པོ་དག་གི་དབུས་སུ་གདེངས་ཅན་བཞིན་དུ་དབྱུག་པའི་རྣམ་པ་སྟེ། ཡོངས་འཇོམས་འགོངས་པ་ལས་གཡུལ་དུ་སྡེ་ནི་ཉམས་པར ་འགྱུར་ཏེ་ས་གཞི་དག་ཏུ་མཚན་མའི་འཐབ་མོ་ལོ་བསྣུན་པར་འགྱུར་ཞིང་། དཀྱིལ་འཁོར་ལ་འཐབ་མོ་དང་བརྩོད་པར་འགྱུར་རོ།། དེའི་ཕྱིར་གཡུལ་དང་དབང་དག་ལ་ཡང་ཡོངས་འཇོམས་ཤིན་ཏུ་སྟོབས་དང་ལྡན་པ་སྔགས་པས་རེག་པར་བྱ། ཞེས་པ ་སྟེ་ངེས་པའོ།། ད་ནི་འདོད་པའི་ལྷའི་དམིགས་པ་མདོར་བསྡུས་པས་གསུངས་ཏེ། འདིར་ཨ་སོགས་ཞེས་པ་ཨ་ཡིག་ལ་སོགས་པའི་དབྱངས་རྣམས་དང་ཀ་སོགས་ཞེས་པ་ཀ་ཡིག་ལ་སོགས་པའི་གསལ་བྱེད་རྣམས་ཏེ། ཟླ་བ་དང་ཉི་མའི་བདག་ཉིད་དོ།། རྡོ་རྗེ་ལྡན་པ ་ངག་གིས་ཞེས་པ་ཧཱུཾ་ཡིག་དང་བཅས་པ་དག་གིས་རང་གི་སྙིང་གའི་པདྨར་ཟླ་བ་ཉི་མ་སྟེང་དུ། འཆད་པར་འགྱུར་བའི་རིམ་པས། དཔལ་ལྡན་དུས་ཀྱི་འཁོ་ཟ་བ་རི་བོང་ཅན་འཛིན་འདོད་པ་མནན་པའི་གཡས་བརྐྱང་ཞབས་ནི་བསྒོམས་བྱས་ཤིང་། ཤེས་རབ་གཙོ་བོ ་ཐུགས་ཀའི་པདྨ་ཉི་ཟླ་སྦྱར་ལྡན་ལ་སྟེ་རང་རང་རྡོ་རྗེ་ལྕགས་ཀྱུ་ཡིས། སངས་རྒྱས་ལྷ་མོ་རྣམས་བཀུག་ཅེས་པ་སྟེ། རྡུལ་ཚོན་ལ་སངས་རྒྱས་རྣམས་རོ་མཉམ་པར་བསྒོམ་པར་བྱ་ཞིང་རྡུལ་ཚོན་གྱི་རྣམ་པས་བཀོད་དེ། ཐིག་སྐུད་ལ་ཡང་ལྷ་མོ་བསྒོམ ་པར་བྱ་ཞིང་ཐིག་སྐུད་ཀྱི་རྣམ་པས་སོ་ཞེས་པ་སྟེ་ངེས་པའོ།། ད་ནི་སྔོན་གྱི་སའི་ལྷ་མོ་སྤྱན་དྲང་བ་ལ་སོགས་པ་ནས་བརྩམས་ཏེ། ཇི་སྲིད་ཏིང་ངེ་འཛིན་འདིའི་བར་གྱི་སྔགས་ཀྱི་ཆོ་ག་བརྗོད་པར་བྱ་ཞིང་། ལྷའི་ཏིང་ངེ་འཛིན་གྱིས་བདུད་ཚར་བཅད་པའི་སྔགས་དང ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡན་ལག་དགོད་པ་དང་། སྐུ་དང་གསུང་དང་ཐུགས་ཀྱི་སྦྱང་བ་བརྗོད་པར་བྱ་སྟེ། འདིར་དང་པོར་སྒྲུབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་བའི་རིམ་པས་ཁ་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པ་རྣམས་ལཆོད་པ ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་བྱས་ཏེ་དེ་ནས་སྟོང་པ་ཉིད་ལ་དམིགས ་པ་བྱས་ནསད་ལྷ་རྫོགས་པར་བྱ་བའི་དོན་དུ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་སྤྱོད་པར་བྱེང་སྔགས་ཀྱི་ཚིག་རྣམས་སུ་འགྱུར་ཏོ།། ཨོཾ་ཨཱཿསུ་ས་ཧ་ཀྵཿཔྲཛྙོ་བྷཱ་ཡཱ་ཏ་མ་ཀ་ཀཱ་ཡ། བཱཀྱཱཎྚ། ཛྙཱ་ནཱ་དཱི་པ་ཏེ། མ་མ་ཀྵ ་ཡ་བཱ་ཀྩིཏྟ་ཛྙཱ་ན་བཛྲ་བཛྲཱ་མྲྀ་ཏ་སྭ་བྷཱ་བཾ་ཀུ་རུ་ཀུ་རུ་སྐནྡྷ་དྷཱ་ཏཱ་ཡ་ཏ་ནཾ་ནཻཿསྭ་བྷཱ་བཾ་སྭཱ་ཧཱ།། ཞེས་པའི་སྔགས་འདི་བརྗོད་ནས་གཙུག་ཏོར་གྱི་སྟེང་དུ། བཾ་ཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པ་སྔགས་པས་བསྒོམ ་པར་བྱའོ།། དེ་ནས་དེ་ཡི་གཙུག་ཏོར་ནས་བརྩམས་ཏེ། རྐང་པའི་སེན་མོའི་མཐའ་ཇི་སྲིད་པར་རང་གི་ལུས་སྦྲུལ་གྱི་ཤུན་པ་བཞིན་དུ་ལན་གསུམ་དུ་དོར་བར་བྱའོ།། དེ་ནས་རི་བོང་མཚན་མའི་ལུས་སུ་བདག་ཉིད་བསྒོམ་པར་བྱ་སྟེ་ཞི་བ་དང་རྒྱས་པ ་ལའོ།། དེ་བཞིན་དུ་དབང་དང་དགུག་པ་ལ་རཾ་ཡིག་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་གྱིས་ཁ་དོག་དམར་པོར་བསྒོམ་པར་བྱའོ།། བསད་པ་དང་བསྐྲད་པ་ལ་ཡཾ་ཡིག་ཡོངས་སུ་གྱུར་པའི་སྒྲ་གཅན་གྱི་དཀྱིལ་འཁོར་ནག་པོས་སོ།། རེངས་པ་དང ་རྨོངས་པ་ལ་ལཾ་ཡིག་ཡོངས་སུ་གྱུར་པའི་སྒྲ་གཅན་གྱི་མཇུག་མའི་དཀྱིལ་འཁོར་སེར་པོས་སེར་པོར་རོ།། སླར་གསོ་བ་ལ་ཧ~ཾ་ཡིག་ཡོངས་སུ་གྱུར་པའི་ན་མཁའི་དཀྱིལ་འཁོར་ཁ་དོག་སྣ་ཚོགས་ལྗང་གུས་བདག་ཉིད་ཁ་དོག་སྣ་ཚོགས་ལྗང་གུར ་སྔགས་པས་བསྒོམ་པར་བྱའོ།། དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ&ཧཾ། ཞེས་པ་འདི་བརྗོད་དེ། དེ་ནས་པྲལ་བར་ཨོཾ་དཀར་པོ་ལས་སྣང་བ་མཐའ་ཡས་དང་། མགྲིན་པར་ཨཱཿདམར ་པོ་ལས་རིན་ཆེན་འབྱུང་ལྡན་དང་། སྙིང་གར་ཧུཾ་ནག་པོ་ལས་དོན་ཡོད་གྲུབ་པ་དང་། ལྟེ་བར་སོ་སེར་པོ་ལས་རྣམ་པར་སྣང་མཛད་དང་། གཙུག་ཏོར་དུ་ཧཾ་ལྗང་གུ་ལས་མི་བསྐྱོད་པ་དང་། གསང་བར་ཀྵཿསྔོན་པོ་ལས་རྡོ་རྗེ་སེམས་དཔའ་འཆད ་པར་འགྱུར་བའི་ཕྱག་དང་ཁ་དོག་དང་མཚོན་ཆ་འཛིན་པ་དགོད་པར་བྱའོ།། རྡོ་རྗེའི་ཞལ་དག་པ་དང་། རིགས་དྲུག་དགོད་པའི་ཆོ་ག་ངེས་པའོ།། ད་ནི་ལག་པ་དག་པ་དང་དགོད་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཧྲཿསརྦྦ་སྟཱནྡ་ཛ་མཱ་ར་ཀླེ་ཤཱནྟ་ཀ་ར་བཛྲ་ཏཱིཀྵྞ ་དུཿཁཙྪེ་ད་མ་མ་ཀ་རཾ་བི་ཤོ་དྷ་ཡ་སྭཱ་ཧཱ། སྔགས་འདིས་ཕན་ཚུན་དུ་ལག་པས་ལག་པ་མཉེ་བར་བྱའོ།། ལག་པ་བཀྲུ་བའི་སྔགས་སོ།། དེ་ནས་སྔོན་དུ་གསུངས་པའི་རིམ་པས་ཨ་ཨི་རི་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨ་ལ། ཧ་ཡ་ར་ཝ་ལ་ཞེས་པ ་ཨོཾ་ཡིག་ལ་སོགས་པ་ལ་ཡིག་གི་མཐར་ཐུག་པ་དབྱངས་བཅོ་ལྔ་པོ་རྣམས་མཐེབ་ཆུང་གི་རྩ་བའི་ཚོགས་ལ་སོགས་པ་ལག་པ་གཡོན་པའི་སོར་མོའི་ཚིགས་ཀྱི་མཚམས་རྣམས་ལ་དགོད་པར་བྱའོ།། ལག་པ་གཡས་པའི་མཐེ་བོ་རྒན་པོའི་སྟེང་གི ་ཚོགས་ནས་བརྩམས་ཏེ་མཐེ་ཆུང་གི་འོག་གི་ཚི་གོས་གསུམ་པའི་བར་དུ་ལཱ་ཝཱ་རཱ་ཡཱ་ཧཱ། ཨཱ་ལ་ཨོཾ་ཨཱར་ཨཻ་ཨཱ། ལཱྀ་ཨཱ་ནཱི་ཨཱི་ཨ་ཞེས་པ་ལཱི་ཡིག་ལ་སོགས་པ་རྣམས་ས་ལ་སོགས་པའི་རིམ་པས་དགོད་པར་བྱའོ།། དེ་ནས་ལག་པ་ཡང་དག ་བར་སྦྱར་བའི་ཟླ་བ་དང་ཉི་མ་དག་གིས་དབུས་སུ་ཧུཾ་ཡིག་ཁ་དོག་སྔོན་པོ་བསྒོམས་ཏེ། དེ་ནས་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་ས་བོན་དེ་དག་གིས་འཆད་པར་འགྱུར་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ཡིས་གཙུག་ཏོར་ནས་བརྩམས་ནས་རྐང་པའི ་མངས་དངས་ངོམཆོས་ན་མའི་མཐར་ཐུག་པར་བདག་ད་ལ་ཡང་དག་པར་རག་པར་གྱུ།། ངནས་སྔགས་འདི་བརྗོད་པ་རྒྱ་ཧཱ། ཨཱ་ས་དྷ། ཀྵ་ཡ་ཐཱ་རྦདྷ་དྷཱནཱ་དྷཱུ་པ་ཏཱི་བཛྲ་ཀཱ་ཡ་མ་མ་ཀཱ་པྲབྷྱདྡྷ་ཛྙཱན་བཛྲ་བཛྲ་ཀཱ་ཡ་ས་བྷཱ་བ་སུ ་རུ་ཀུ་རུ་སྭཱ་ཧཱ། དེ་ནས་ང་རྒྱལ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་དག་པའོ།། དེ་ནས་རིགས་དྲུག་དགོད་པ་བྱས་ནས་ཕྱི་ནས་ཡན་ལག་དྲུག་དགོད་པར་བྱ་སྟེ། ལག་པ་གཉིས ་ཁ་སྦྱར་བ་བྱས་ནས་མཐེ་བོ་ཟུང་གིས་སྙིང་གར་ཨ་ཧྲཱིཾ་ཛྙཱཾ་ད་ཡཱ་ཡ་ན་མཿམགོ་བོར་ཨོཾ་ཧཱུཾ་སི་ར་ས་སྭཱ་ཧཱ། གཙུག་ཏོར་ལ། ཨོཾ་ཧྲཱིཾ་ཤཾ་ཁཱ་ཡཾ་བ~ཾ་ཕཊ། ཡན་ལག་ཐམས་ཅད་ལཾ། ཨོཾ་ཧཱུ~ཾ་ཀ་པ་ཙ་ཡེ་ཧཱུཾ། ལག་པ་གཉིས་ཀས་ཡན་ལག་ཐམས་ཅད་ལ་རེག ་པར་བྱའོ།། ཨོཾ་ཧཱཾ་ནེ་ཏཱ་ཡ་ཝ་ཥཊ། མིག་ལའོ།། ཨོཾ་ཧཱུཾཿསྟཱ་ཡ་ཕཊ། དགེ་བ་ལ་གཡོན་པ་དང་མི་དགེ་བ་ལ་གཡས་པའི་མཛུབ་མོ་དང་མཐེ་བོའི་སེ་གོལ་གྱིས་ཕྱོགས་ཐམས་ཅད་དུ་མཚོན་ཆ་དགོད་པར་བྱའོ།། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ ་སི་རཿཤཾ་ཁཱ་ཀ་པ་ཙནེ་ཏྲཱ་སྟྲ་བཛྲ་ཁ་ཊྭཱཾག་སྭ་བྷཱ་བ་ཨཱ་རྡྷཀ་ཋ་ཧཾ་ཞེས་པ་སྟེ་ཡན་ལག་དྲུག་དགོད་པའི་ཆ་གའོ།། ཡན་ལག་དྲུག་པོ་ས་ལ་སོགས་པའི། ཚུལ་དང་། དགོངས་པའི་སྐད་གཞན་གྱིས་ཀྱང་སྙིང་ག་དང་ལྟེ་བ་དང་དེ་བཞིན་དུ་སྙིང་ག་དང་མགྲིན་པ ་དང་བུལ་བ་དང་གཙུག་ཏོར་མི་སོགས་པ་སྟེ། མམ་མས་སོགས་པས་གང་བར་བྱ།། ས་སྔགས་འཇིམས་ལྔ་བརྗོད་པའི་སྦྱོང་བའི་གས་ས་ཐ། ཨོཾ་ཧཱུ~ཾ་ཛྲ་སྤུན་མཱ་དྷ་ཐཱ་ལ་ཨཱཏྤ་ལ། ཀཱ་ས་ཧྲཱི་ཛྫ་ཛྙཱན་བཛྲེ་པྲཱ་ཀཱརྨ་སུཾ་སུ་རུ་སཱུ་། སེཾ ་རབའི་སྔགས་སོ།། ཨ་ཙྪ་ཙ་ཤྲྀ་ཀྵཱ་ཡ་བཛྲ་ཀྲཱ་ནྱཱ་གཱ་རོ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ནི་ཁང་པ་བརྩེགས་པའོ་སྔགས་སོ།། ཨོཾ་ཧཱ་ཧཱ་རཱ་ཛཱ་ཝཱ་བཛྙཱ་ཏཱ་ཤ་བྷཱ་ཡུ་ཏ་ཛ་ད་ཀ་པྲ་བྷོ་བཛྲཱ་སྭ་བྷཱ་བ་པཉྩ་དྷཱ་ཏྲ་བ་བཛྲ་མཎྜ་ལ་ན~ཾ་ཀུ་རུ་ཀུ་རུ་སྱཱཧཱ། ཞེས་པ་ནི་འོག་ཏུ ་དཀྱིལ་འཁོར་དགོད་པའི་སྔགས་སོ།། ཐབས་ཀྱི་རྒྱུད་ལ་འདི་ཉིད་ཀྱི་ཁང་པ་བརྩེགས་པ་ལ་སོགས་པ་བྱ་སྟེ། འདིར་ལྷུན་པའི་སྟེང་དུ་དཀྱིལ་འཁོར་དུ་མི་འགྱུར་རོ།། ཨོཾ་པཿབི་ཤྭ་བཛྲ་པདྨེ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་པདྨའི་སྔགས་སོ།། ཨོཾ་རཱཿ ་བཛྲ་སཱུརྱ་བཛྲ་སཱུནྣ་ས་ནཾ་གུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་ཉི་མའི་གདན་གྱི་སྔགས་སོ།། དེ་ནས་དེའི་སྟེང་དུ་རྒྱུད་ལ་ལྷག་པར་མོས་པ་བདག་ཉིད་ཁྲོ་བོའི་དབང་པོར་བསྒོམ་པར་བྱ་སྟེ། ཨོཾ་ཧཱུ~ཾ་ཀྲོ་དྷེན་དྲྀ་ཧ~ཾ་ཀྲྀ་དྷཱ་ནཱཾ། ཨཱ་ཛྙཱཾ་དཱ་ཡ་ཀ་སྭཱ་ཧཱ། དེ་ནས་རང་རང ་གི་སྔགས་ཀྱི་ཚིག་གིས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བར་བྱ་སྟེ། ཨོཾ་ཧཱུཾ་བཛྲ་ཀྲོ་དྷ་རཱ་ཛྙཱ་མ་ཧཱ་ཨུཥྞཱི་ཥོ་ཛྙོ་ཛི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཡཾ་བཛྲ་ཀྲོ་དྷ་རཱ་ཛཱ་ཏི་བ་ལ་སརྦ་བིགྷྣཱནྟ་ཀ་པཱུརྨ་དི་ཤི་རཏྣ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥྚ ་པྲཛྙཱནྟ་ཀ་དཀྵི་ཎ་ཏཱི་ཤི་རཱཀྵཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨཾ་ཝཾ་བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ཀ་བི་ཌཱ་ཀ་པདྨ་ནྟ་ཀོཏྟ་ར་དི་ཤཽ་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མཱནྟ་ཀ་པ་ཤྩི་མ་དི་ཤི་ར་ཏཱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་ནས་བསམྦ་པའི་དབང་གིས་ཕྱོགས ་བྲལ་རྣམས་སུ་ཡི་གེ་རིང་པོ་རྣམས་བསྡུད་པའི་རིམ་པས་བཟུང་བར་བྱ་སྟེ། ཨོཾ་ལཱྀཿབཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་བ་ལ་བཱ་ཡ་བྷཱ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱ་ཧྲཱི། ཨོཾ་ཝཱཿབཛྲ་ཀྲོ་དྷ་རཱ་ཛྙཱ་ཙ་ལེ་ཤཱ་ནི་དི་ཤི་རཥཱཀུ་རུ་ཀུ་རུ་སྱཱཥྚ། ཨོཾ་ཪྻཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྲཱི་ནེ་རིཙྪ ་དཾ་ཤཽ་རཀྟ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནཱི་ལ་དནྣགྣ་མྦྷ་ཛ་ཤི་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ར་ཛ་སུམྦྷ་དྷོ་དཻ་ཤ~ཾ་རཀྵ་ཀུ་རུ་ཀུ་རུ་སྭཱཧཱ། དེ་ལྟར་སྔགས་ཀྱི་ཚིག་འདི་དག་གིས་ཁྲོ་བོའི་རྒྱལ་པོ་རྣམས་སྔགས ་པས་རྒྱུད་ལས་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་བསྒོམ་པར་བྱའོ།། དེ་ནས་སརྦ་ཏ་ཐཱ་ག་ཏ་རཀྵཾ་ཙཀྲ་སྭ་བྷཱ་བཏྨ་ཀོ&ཧཾ། ཞེས་པ་བརྗོད་དེ་ང་རྒྱལ་གཟུང་བར་བྱའོ།། བསྲུང་བའི་འཁོར་ལོའི་ངེས་པའོ།། དེ་ནས་རང་གི་སྙིང་གར་པཾ་ཡིག ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་སྟེ། དེའི་ལྟེ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ལྷ་ལ་ལྷག་པར་མོས་པའི་དབང་གིས་ཡེ་ཤེས་ཀྱི་ས་བོན་ནོ།། དེ་ལས་རྡོ་རྗེ་ཉི་མ་བཞིན་དུ་དེ་བཞིན ་གཤེགས་པ་ཐམས་ཅད་རབ་ཏུ་སད་པར་བྱེད་པའི་འོད་ཟེར་རྣམས་ན་མཁའི་ཁམས་སུ་སྤྲོ་བར་བྱའོ།། དེ་ནས་དེ་དག་ཕྱིར་ལོག་སྟེ་རང་གི་སྙིང་ཁའི་ཡེ་ཤེས་ཀྱི་ས་བོན་ལ་ཞུགས་ནས་ནམ་མཁའི་ཁམས་སུ་དཀྱིལ་འཁོར་གྱི་རྣམ་པར་སྤྲོས ་པའི་སངས་རྒྱས་རྣམས་མཆོད་པའི་དོན་དུ་དྲི་དང་ཕྲེང་བ་ལ་སོགས་པ་རྣམས་རང་རང་གི་ཡེ་ཤེས་ཀྱི་ས་བོན་ལས་སྤྲོ་བར་བྱའོ།། ཨོཾཙྪ་བཛྲ་གནྡྷེ་གནྡྷ་རྩ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾ་ནྡྲ་བཛྲ་མཱ་ལེ་མཱ་ལཱ་ཙ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾཥྛ་བཛྲ་དྷཱུ་པོ་དྦྷ་བྷཱནྡྷ ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨོཾརྞྞ་བཛྲ་པྲ་དཱི་པེ་པྲ་དཱི་པཱརྞ་ནཾ་ཀུ་རུ་སུ་རུ་སྭཱཧཱ། ཨོཾ་བྷཱུ་བཛྲ་ཨ་མྲི་ཏེ་ནེ་བཻ་ཏྱ་པཱུ་ཛཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་བྷྱོ་བཛྲཀྵཱ་ཏ་རྫྫ་ཡཀྵ་ཏི་པ་ལཱརྩ་ན~ཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾརྫྫ་བཛྲ་ལཱ་སྱ་བསྟྲ་བྷ་ར་ཎ་པཱུ་ཛ~ཾ་ཀུ་རུ་ཀུཎྱཻ་རུ་སྭཱཉྫ ་ཙྪདྷབཛྲ་ཧཱ་སྱ་གྷུཎྜཱ་དརྦ་པཱུ་ཛ~ཾ་ཀཱ་རུ་གུ་རུ་སྱཱ་ཧཱ། ཨོཾཀྵྨ་བཛྲ་བདྱཱ་བཱ་དྷཱ་པཱུ་ཛ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾཀྵྨ་བཛྲ་ནརྀ་ཏྲོནྡོ་ཏྱ་པཱུ་ཛ~ཾ་ཀུ་རུ་ཀུ་རུ་སྱཱཧཱ། ཨོཾ་སྟྱ་བཛྲ་གྷོ་ཏི་གྲྀ་ཏ་པཱུ་ཛ་ཀུ་རུ་སུ་རུ་སྭཱ་ཧཱ། ཨོཾ་སྠཱ་བཛྲ་ཀྵ་མོ་སརྦ་བུདྡྷ་བོ་དྷི་སཏྭཱ་ནྟ་ཀྲོ་དྷཱ་དྷི་ནཱ་བཛྲ་སུ་ར་ཏ་པཱུ་ཛ~ཾ་ཀུ་རུ་ཀུ ་དྷཻ་རུ་སྭཱ་ཧཱ། ཞེས་པ་ལྷ་མོའི་སྔགས་ཀྱི་ཚིག་བྷྲཱུཾ་འདི་རྣམས་ཀྱིས་སངས་རྒྱས་ལ་སོག་ས་པ་རྣམས་ལ་ཡིད་ཀྱི་རང་བཞིན་གྱིས་ཛྷཻཾ་མཆོད་པ་བྱས་ནས། དེ་བཞིན་དུ་ཕྱག་རྒྱུ་འཚལ་བའི་མཆོད་པའོ།། དེ་ནས་རྒྱུད་ལས་གསུངས་པའི་ཆོ་གས ་ཇི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དཀོན་མཆོག་གསུའི་མ་ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་བྱང་ཆུབ་ཀྱི་སེམནྟས་བསྐྱེད་པ་བྱའོ།། ཞེས་པ་ནི་རྣམ་པ་བདུན་གྱི་མཆོད་པའི ་ཆོ་གའོ།། དེ་ནས་སྟོང་པ་ཉིད་ལ་དམིགས་པ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རྣམས་སྔགས་པས་བྱའོ།། དེ་ནས་རྒྱུད་ལ་ལྷག་པར་མོས་པའི་དབང་གིས་འདོད ་པའི་ལྷའི་ང་རྒྱལ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་དྷི་པ་ཏི་བཛྲ་སཏྭ་ཧཱུཾ། དུཛྙཱ་ནཱ་ད་མ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ཡིས་བདག་ཉིད་བྱིན་གྱིས་བརླབས་པར་བྱ་སྟེ། ལྷོའི་ང་རྒྱལ་གྱི་ངེས་པའོ།། དེ་ལྟར་ལྷའི་ང་རྒྱལ་བསྐྱེད་དེ་དེ་ནས་ས་ཡོངས་སུ་གཟུང་བ ་དང་རསློབ་མ་བསྡུ་བ་བྱའོ།། དང་པོར་ཡུལ་དང་གྲོང་དང་ཞིང་གི་བདག་པོ་ལ་གཏོར་མ་སྔགས་ཀྱི་ཚིག་འདི་དག་གིས་སྦྱངས་ནས་སྦྱིན་པར་བྱའོ།། ཨོཾ་ཨོཾ་བཛྲ་ཙནྡྲ་སརྦ་དྷརྨྨ་སུ་བི་ཤུདྡྷ་སྭ་བྷ་བ་སརྦ་དྷརྨྨ་ན་བི་ཤོ་དྷ་ཡ་སྭཱ་ཧཱ། ཨོཾ་ཨཱཿབཛྲ ་སཱུརྱ་སརྦ་དྷརྨྨ་པྲ་བོ་དྷ་ཀ་སརྦ་དྷརྨཱན་པྲ་བོ་དྷ་ཡ་སྭཱ་ཧཱ། ཨོཾ་ཧཱུཾ་བཛྲ་ན་ལ་སརྦ་དྷརྨྨ་པྲ་བཱི་པ་ཀ་སརྦ་དྷརྨྨ་ན་པྲ་དཱི་པ་ཡ་སྭཱ་ཧཱ། ཨོཾ་ཧཾ། བཛྲ་དྷརྨྨ་བཛྲཱ་མྲྀ་ཏ་ཀ་ར་སརྦ་དྷརྨཱ་ན་བཛྲི་མཱཾ་ཏཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔགས་ཀྱི་ཚིག་འདི་དག ་གིས་གོ་རིམས་བཞིན་དུ་ལག་པ་གཡོན་པས་སྦྱང་བར་བྱའོ།། ལག་པ་གཡས་པས་རྟོགས་པར་བྱའོ།། ཡང་དག་པར་རིག་སྟེ་སྙིམ་པ་བཀབ་ནས་རབ་ཏུ་འབར་བར་བྱའོ།། རྡོ་རྗེ་མཁའ་ལྡིང་གི་ཕྱག་རྒྱས་རྡོ་རྗེ་བདུད་རྩིར་བྱས་ནས། འཇིག ་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་དྲང་བར་བྱ་སྟེ། ཁྱིའི་ཕྱག་རྒྱས་གྲོང་དང་གནས་ཀྱི་བདག་པོ་རྣམས་དང་། རྩེ་ལྔ་པའི་ཕྱག་རྒྱས་ཁྲོ་བོའི་རྒྱལ་པོ་རྣམས་དང་། གྲི་གུག་གི་ཕྱག་རྒྱས་ཟད་པར ་རྣམས་དང་། རལ་གྲིའི་ཕྱག་རྒྱས་ལྷོ་རྣམས་དང་། རིན་པོ་ཆེའི་ཕྱག་རྒྱས་གྷཟླའུ་རྣམས་དང་། པདྨའི་ཕྱག་རྒྱས་ཀླུ་རྣམས་དང་། འཁོར་ལོའི་ཕྱག་རྒྱས་ཡཽ་དགས་རྣམས་སྤྱན་དྲང་བ་བྱས་ཏེ། དེ་ནས་ཨོཾ་ཨཱཿཧཱུཾ་ཆེ་གོ་མོ་ཨཱ་གཙྪ་གཙྪ ་ཤྲཱི་གྷྲཾ་ཨི་དཾ་བ་ལཾ་གྲྀཧྞ་གྲྀཧྞ། བྷུཀྵཱ་བྷྲྀ་ཏྟཱ་ཏཱི་པ་ཏཱ་ཀྲཱི་ཏྱཱ། སརྦ་སདྡྷི་ནཱ~ཾ། ཤཱནྟི་ཙ~ཾཏྟཾ་ཀྲྀ་ཏཱ་པ་རསྠ་ནཾ་གཙྪ་གོཙྪ་སྱཱཧཱ། ས་ཡོངས་སུ་གཟུང་བའི་དུས་སོ།། གཞན་གྱི་དུས་སུ་ནི་སྟྲྀསྟཱ་ནཱ་ག་ཞེས་བརྗོད་པར་བྱའོ།། དེ་སྟཱར་ཐམས་ཅད་ཀྱི་འམ ་སྔར་བརྗོད་པའི་ཆོ་གས་སོ་སོའི་གཏོར་མི་ཕྱོགས་ཀྱི་ཆར་གཤེགས་སུ་གསོལ་བར་བྱའོ།། གཏོར་མིའི་ཆོ་གའོ།། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ལྀ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་སེར་པོ་བསྒོམ་པར་བྱ་སྟེ། ་དེ་ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། གཡས་པ་ན་འཁོར་ལོ་དང་དབྱུག་པ་དང་རྡོ་རྗེ་འཛིན་ཅིང་། གཡོན་པ་ན་དུང་དང་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་འཛིན་མ། ཁ་དོག་སེར་མོ་གོས་སེར་མོ་དང་། ་རྒྱུན་སེར་པོ་དང་ལྡན་པ་བསྒོམ་པར་བྱའོ།། དེ་ནས་འཆད་པར་འགྱུར་བའི་རིམ་པས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཅིག་ཏུ་བྱས་ཏེ། དེ་ནས་སྔགས་ཀྱི་ཚིག་འདིས་ཕྱི་རོལ་གྱི་སའི་ལྷ་མོ་སྤྱན་དྲང་བར་བྱའོ།། ་ཨཱཾ་ལཱཾ་ཨཱཿཧུ་བི་སུ་དྷ་རེ་སརྦ་བུདྡྷ་ཛོ་ན་ནེ་སརྦ་སཏྭོ་པ་རི་ཎི། བཛྲ་སཏྭ་ཛྙཱ་པ་ཡ་ཏཱི་ཤཱི་གྷཱ་མཧཱ་གཱཙྪ་གཱཙྪ་དཾ་གནྡྷཾ་པུ་ཥྤཾདྦྷ་པཾ་དཱི་པཾ་ནཾ་བེ་ཛྱ་ཕ་ལཱམྨུ་ཏཾ་ད་དོ་མི་ཏ་བ་ཏྲ་མ་བ་གྲྀཧྞ་གྲིཧྞ་མཎྜ་ལཱནྟཾ། མ་མསྠཱ་ནཾ་ད་དཱ་སརྦ་སརྦྦཱ་ནཱཾ་ཤཱནྟི། པུཥྚིཾ་ཀྲྀ་ཏཱ་ཤུ ་བྷ་ཙིཏྟེ་ནེ་དཾ་སྠཱ་ནཱཾ་ཏྱཀ་ཏྲཱ་པ་རསྠ་ནཱཾ་གཙྪ་གཙྪ་སྭཱ་ཧཱ། ཞེས་པ་ནི་སའི་ལྷ་མོ་གཤེགས་སུ་གསོལ་བའི་ཚིག་འོའི། དེ་ནི་ས་སྔར་གསུངས་པའི་ཆོ་ག་དང་སྔགས་ཀྱི་ཚིག་འདི་དག་གིས་བདུད་གཞོམ་པར་བྱ་སྟེ། ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿཧྲཱིཿཧྲཱིཿཧཱཿ ་ར་ར་ར་ར་བཛྲཱ་ནཾ་ལེ་སརྦྦ་བ་ར་ཎཾ་དྷརྨྨ་པྲ་ལ་ཡཻ་སྭ་བྷཱ་བ་སརྦ་མཱ་ར་ཀཱ་ཡི་ཀ་བིགྷྣ་བི་ནཱ་ཡ་ཀཱ་དི་ནནཱ་ད་ཤ་དིགྒ་ཏཱ་ནཱཾ་ཀཱ་ཡ་བཱཀྵཱི་ཏྟ་ནི། དེ་ཧ་ད་ཧ་པ་ཙ་པ་ཙ་བྷསྨིཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ནི་བདུད་གཞོམ་པའི་ཆོ་གའོ།། དེ་ནས་བགེགས་དང ་ལོག་འདྲེན་ལ་སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་བཀུག་ཅིང་རྡོ་རྗེ་ཞགས་པས་བཅིངས་ནས་རྡོ་རྗེ་ཕུར་པ་ཁྲོ་བོའི་རྒྱལ་པོ་ལྟེ་བའི་འོག་རྩེ་མོའི་རྣམ་པ་ནི་གནས་བཅུ་པོ་རྣམས་སུ་གདུག་པའི་སྟེང་དུ་བྱིང་བར་ཡི་གེ་ལྔ་ལས་བསྒོམ ་པར་བྱཱ་སྟེ། སྔགས་ཀྱི་ཚིག་འདི་དག་གིས་སོ།། ཨོཾ་ཨཱཿནུ་ཙཀྵ། དྷཱཛྫ་ཧཱུཾ་ཕཊ་ཕཊྚ་ཕ་བཛྲཀྵཱི་ལ་ཀྟྭཱ་ཡ་བཀྵོཏྟ་དྷཱ་ནཱདྦྷ་པ་ཏིཥྚརྦྷུ་ཁ་ཥནྡྷ་ཛཱ་ཥཊ་ཙ་ར་ཎཱ་སརྦྦ་དྷིརྫྫ་ཌྷཱ་ཡ་ཀྲཱུ་དྷྭེ་དྲཱནྡྷཱནྡོ་ཀྵ་ཡ་བཱཀྵི་ཏྱཱ་ཛྙཱ་ནཱ་ནཾ། ཀཱི་ལ། ་ཡ་ཀཱི་ལ་ཡ་དྷཱུ་དྷཱུ་ཕཊྚ་བཛྲེ། དེ་ནས་རྡོ་རྗེ་ཐོ་བའི་སྔགས་ནི། ཨོཾ་ཨཱུཾ་བཛྲ་མྲྀངྐུ་ར~ཾ། མཱནརྀ་ཎཱ~ཾ། སཽ་ར་ས~ཾ་ཀ་ཎྜེ་ཧྲྀ་ད་ལ~ཾ། ནཱུ་བྷྱཱཾ། གྲྀནྡྷཾ། ཨོཾནྟི། བཛྲཱཀྵ(་ཙཱནྟིཾ་ཀོ་ཊ་ཡེ། ཙཱ་ཙྪུ་ཎཱི་སྟྭ~ཾ་ཀྲཱྀསྟྭ~ཾ་ཙྪ་ཧཱུ~ཾ་ཛྷཻཾ་ཧྲཱི་ཧཱུ~ཾ་ཕཊ་ཞེས་པ ་ནི་ཕུར་བུས་གདབ་པའི་ཆོ་གའོ།། དེ་ནས་ཕུར་བུ་རྣམས་བསྲུང་བའི་དོན་དུ་ཁྲོ་བའི་རྒྱལ་པོ་བཅུ་པོ་རྣམས་སྔར་གསུངས་པའི་ཚོགས་དགོད་པར་བྱའོ།། དེ་ནས་གཡོན་པ་དང་གཡས་རྡོ་རྗེ་ཧཱུ~ཾ་མཐིལ་ལ་ཧཱུཾ་ཧཱུཾ་རྣམ་པར ་བཀོད་དེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྐང་པའི་མཐིལ་དུ་རེག་ནས་རྡོ་རྗེའི་སྟབས་ཀྱིས་དཀྱིལ་འཁོར་གྱི་དབུས་ཀྱི་ས་ལ་བཅག་པར་བྱ་སྟེ། དུས་ཀྱི་འཁོར་ལོའི་སྐུའི་གཡས་བརྐྱང་དང་དང་གཡོན་བརྐྱང་གི་སྟབས་དང་། མཉམ ་པའི་སྟབས་ཀྱིས་ཀྱང་ངོ་།། ཤར་དུ་ཡཾ་ཡཱཿརྐང་པའི་མཐིལ་ལ་བཀོད་ཅིང་རལ་གྲིའི་ཕྱག་རྒྱས་རེག་ནས་ཟླུམ་པོའི་སྟབས་ཀྱིས་བཅག་པར་བྱའོ།། ལྷོར་རཱྀ་རཱཿབཀོད་ཅིང་རིན་པོ་ཆེའི་ཕྱག་རྒྱས་རེག་ནས་རོལ་པའི་སྟབས་ཀྱིས ་བཅག་པར་བྱའོ།། ནུབ་ཏུ་ལཾ་ལཱཿབཀོད་ཅིང་འཁོར་ལོའི་ཕྱག་རྒྱས་རེག་ནས་རྡོ་རྗེའི་གདན་ནམ་ས་གའི་སྟོབས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། བྱང་དུ་ཝཾ་ཝཱཿབཀོད་ཅིང་པདྨའི་ཕྱག་རྒྱས་རེག་ནས་པདྨའི་གདན་གྱིས་བྱིན ་གྱིས་བརླབ་པའི་སླད་དུ་ཏྲཱཎྜ་བའི་སྟབས་ཀྱིས་བཅག་པར་བྱའོ།། དེ་ནས་བཛྲ་གནྡྷ་ལ་སོགས་པའི་སྔགས་ཀྱི་ཚིག་རྣམས་ཀྱིས་དྲི་ལ་སོགས་པའི་རྫས་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་ལ་མཆོད་པ་བྱས་ནས་སྔར་བརྗོད་པའི་ཆོ་གས་རྡོ་རྗེའི ་ས་སྤྱན་དྲང་བར་བྱའོ།། དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨཱ་ལཱཾ་ཧཱུཾ་བཛྲ་བྷཱུ་མི་ཏི་ཥྚ་མཱ་ཙ་ལ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ནས་སླར་ཡང་སྔགས་པས་མཆོད་ཡོན་ལ་སོགས་པ་བ~ཾའོ།། ས་ལྷག་པར་གནས་པའི་ཚེ ་འོ།། དེ་ནས་རྡོ་རྗེ་བུམ་པ་རྣམས་ལྷག་པར་གནས་པར་བྱ་སྟེ། འདོར་སྔོགས་ཀྱི་ཆོག་རྣམས་ནི། རཱཙྪ། བཛྲ་བདྷཱ་མྲྀ་ཏཱཀྵྞ་ཝེ་སྭ་བི་ཤུདྡྷ་དྷརྨཱ་དྷཱ་ཏྲཱ་ས་བྷཱུ་ཝ་སརྦ་དྷརྨྨཱན་སུ་བི་ཤུདྡྷ་དྷརྨཱདྷཱ་ཎུ་སྭ་བྷཱ་ཝཱན ་ཀཱ་ཪྵ་གུ་རུ་སྭཱཧཱུཾ། དཀྱིལ་འཁོར་གྱི་དབུས་སུ་དྲི་ལ་སོགས་པ་ཕུལ་ནས་རྣམ་པར་རྒྱལ་བའི་བུམ་པ་བཞག་པར་བྱའོ།། བུམ་པོ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་རྡོ་རྗེའི་ཐིག་སྐུང་ལྷག་པར་གནས་པར་བྱ་སྟེ། དེ་ལ་སྔགས ་ཀྱི་ཆོ་ག་རྣམས་ནི། ཨོཾ་ཨཱཾ་ཨཱི་རཱྀ་ཨཱ་ལོ་བཛྲ་སཱུ་ཏྲ་སརྦ་དྷརྨེ་ཀ་སྭ་བྷཱ་པཱུ་སརྦ་དྷམྦྷ་ནཾ་ཀཱཀྵཱ་ར་སྟྲ་བྷཱུ་ལྤཱ་ནཱ་གུ་རུ་གུ་རུ་སྭཱ་ཧཱ། ཤར་གྱི་སར་དྲི་ལ་སོགས་པ་ཕུལ་ནས་བཞག་པར་བྱའོ།། ཐིག་སྐུད་ལྷག་པར་གནས་པའི་ཆོ་གའི།། དེ ་ནས་རྡོ་རྗེ་རྡུལ་ཚོན་ལྷག་པར་གནས་པར་བྱསྷོ། དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཨོཾ་ཨོཾ་ཏྲ~ཾ་མུ~ཾ་ལི་སུཾ་བ~ཾ་དྡྷེ་པེནྡྷ་སྶནྡྷ་སྭ་བྷཱ་བ་པཉྫ་སྭཙྪ་སུ་བི་ཤུདྱཱ་དྷརྨཱན་ཀུ་རུ་ཀུ་རུ་སྭཱ་ཧཱུ~ཾ། དྲིལ་སོགས་པ་ཕུལ་ནས་རྡུལ་ཚོན་གྱི་སྣོད་ནས ་ནུབ་ཀྱི་སར་བཞག་པར་བྱའོ།། རྡུལ་ཚོན་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་རྡོ་རྗེ་ལྷག་པར་གནས་པ་སྟེ་དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧཱུ~ཾ་ཀྲོདྷ་བཛྲ་སརྦ་སཏྭ་ཀ་རུ་ཎཱ་ད་མ་ཀ་སརྦ་དྷརྨ་ཀ་སུ་ཁཱ་སྭ་བྷཱ ་བ་སརྦ་དྷརྨན་བཛྲ་སུ་ལ་སྭ་བྷཱ་བཱ་ཀུ་རུ་ཀུ་རུ་སྭཱ་ཧཱ། དྲི་ལཾ་སོགས་པ་ཕུལ་ནས་ལྷོར་བཞག་པར་བྱའོ།། རྡོ་རྗེ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་རྡོ་རྗེ་ལྷག་པར་གནས་པར་བྱ་སྟེ། དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧོ ་བཛྲ་གརྦྷེ་སརྦ་དྷརྨཾ་ཀ་པྲཛྙཱ་དྷཱ་ནཾ་སྭ་བྷཱ་བི་སརྦྦ་རེ་རེ་སརྦ་དྷརྨྨ་པྲ་བོ་དྷ་ནི། སརྦ་དྷརྨ་ན་ནི་སྭ་བྷཱ་བེ་ན་ཕྲེཾ་བོ་དྷ་ཡ་པྲ་བོ་དྷ་ཡ་སྭཱ་ཧཱ། དྲི་ལ་སོགས་པ་ཕུལ་ནས་བྱང་གི་ས་ལ་བཞག་པར་བྱའོ།། རྡོ་རྗེ་དྲིལ་བུ་ལྷག་པར་གནས་པའི་ཆོ་ག་སྟེ། ་ལ་སོགས་པ་ཡང་དག་པར་གཟུང་བའི་ཆོ་གའོ།། དེ་ནས་སློབ་མ་ལྷག་པར་གནས་པ་སྟེ། དང་པོར་དཀྱིལ་འཁོར་གསོལ་བ་གདབ་པའི་དུས་དང་། བར་དུ་ས་ལ་སོགས་པ་གཟུང་བ་དང་། མཐར་དཀྱིལ་འཁོར་དུ་འཇུག་པའི ་དུས་ཐམས་ཅད་དུ་མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ། དེ་ནས་བསྲུང་བ་བྱའོ།། དེ་ལ་འདི་ནི་ཆོ་ག་སྟེ། ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ། ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པས་ས་དེ་ཉིད་ལ་མཎྜལ་བྱས ་ནས་ཤར་དུ་མངོན་པར་ཕྱོགས་པ་ལ་ཨུ་དུཾ་བཻ་རའི་སོ་ཤིང་ངམ། འོ་མོ་ཅན་གྱི་ཤིང་གཞན་ལས་སྐྱེས་པ་སོར་བཅུ་གཉིས་པ་མགོ་བོར་མེ་ཏོག་གི་ཕྲེང་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྔགས་འདིས་སྦྱིན ་པབཔར་བྱའོ།། ཨོཾ་ཨཱཿཧུ~ཾ་ཧཱུ~ཾ་ཙཀྵ། བཛྲ་དནྟ་ཀཥྚཱ་ཙ་ཏུར་བི་མོཀྵ་མུ་ཁ་བི་ཤུདྡྷི་སྟྲ་བྷཱ་བཱ་ཀྵ་ཡ་བཱ་གྣིཏྟཱ་ཛྙཱ་ན་མུ་ཁ་དནྟ་དི་མ་ལ་བྷི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་པས་ས་ཤིང་བྱིན་ནས་ལྷག་པར་གནས་པའི་མཐུར་སྟེང་ནས་རབ་ཏུ་དོར་ཞིང ་དཀྱིལ་འཁོར་དུ་ལྟུང་བའི་སོ་ཤིང་མཚོན་པར་བྱ་སྟེ། གང་དུ་མགོ་བོ་གང་ཡིན་པ་ལྷུང་བ་དེར་གནས་པའི་ལས་རབ་འབྱམ་ལ་སོགས་པ་ངེས་འགྲུབ་པར་འགྱུར་རོ།། ཞེས་པ་ནི་སོ་ཤིང་གི་ཆོ་གའོ།། དེ་ནས་སློབ་མ་དཀྱིལ་འཁོར་གྱིས ་ལ་བཅུག་སྟེ། མགོ་བོ་དང་མགྲིན་པ་དང་སྙིང་གཱ་དང་ལྟེ་བ་དང་གཙུག་ཏར་རང་གསང་བ་ལ་ཨོཾ་ཨཱཿཙུ་ཐོ་ཀྵ་ནི་རིགས་དྲུག་པོ་རྣམས་དགོད་པ་བྱས་ནས་སྔགས་ཀྱི་ཚིག་འདི་དག་གིས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ་སྟེ། ཨོཾ་ཨ ་ཨཾ་ཨཱཿབཛྲ་སཏྭ་མ་ཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤིཥྱ་སྱ་ཨ་བྷི་མུ་ཁོ་བྷ་བ་སན་ཏུཥྚོ་བྷ་བ། བ་ར་དོ་བྷེ་བ། ཀཱ་ཡ་བཱིཀྵི་ཏྭཱ་དྷཱིཥྛཱ་ནཾ། ཀུ་རུ་ཀུ་རུ་སྭཱ་ཧཱ། སློབ་མ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་སློབ་མ་གཤེགས་སུ་བཅུག ་ནས་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་དང་། ཤར་དུ་རྡོ་རྗེའི་ཐིག་སྐུད་དང་། ནུབ་དུ་རྡོ་རྗེ་རྡུལ་ཆེན་གྱིས་སྣོད་དང་། ལྷོར་རྡོ་རྗེ་དང་། བྱང་དུ་དྲིལ་བུ་རྣམས་སློབ་དཔོན་གྱིས་སྒོའི་ཆ་ཤེས་ནས་དགོད་པར་བྱའོ།། དེ་ནས ་གནས་ལྔར་བཀོད་དེ་དེ་ནས་ལྷོར་དགེ་བ་དང་མི་དགེ་བའི་མཚན་མའི་དོན་དུ་སྔགས་འདིས་མལ་སྟན་ལྷག་པར་གནས་པར་བྱའོ།། ཨོཾ་ཧོ་བཛྲ་ཀ་མ་ལ་ང་ལ་གརྦྷེ་ཤ་ཡྻ་སུ་ཁ་མ་ཧཱ་ནི་ཏཱཾ་ཀ་རོ་མི་ཡ་ཐཱ་ཏ་ཐཱ་ག་ཏ་ན་ཀྲི་ཏཱ་ཧཿཧཱཿསྭཱ་ཧཱ། ་མལ་སྟན་ལྷག་པར་གནས་པའོ།། དེ་ནས་སློབ་དཔོན་ནུབ་ཏུ་མགོ་དང་ཤར་དུ་རྐང་པ་ཕྱོགས་པས་ཉལ་བར་བྱའོ།། དེ་ལ་བསྒོམ་པ་འམ་རྨི་ལམ་གྱི་སྟོབས་ཀྱིས་མཚན་མ་མཐོང་བར་འགྱུར་ཏེ། གལ་ཏེ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོའི་ཚོགས་རྒྱུད་མངས་ལ་སོགས་པའི་མཚན་མའི་ཕྱོགས་དང་ལྡན་པ་མཐོང་ན་དེའི་ཚེ་དགེ་བའོ།། ཅི་སྟེ་རྡོ་རྗེ་མཁའ་འགྲོ་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ནུམ། ཁྲོ་བོའི་དབང་པོ ་བདུད་དང་བགེགས་དང་ལོག་འདྲེན་ལ་སོགས་པ་རྣམས་བསྲུང་བའི་མཁོར་ལོའི་མཐའ་ཕན་ཆད་དུ་ཉམས་པར་བྱེད་པ་མཐོང་ན་ཡང་དེ་བཞིན་དུ་དགེ་བའོ།། ཅི་སྟེ་ཅུང་ཟད་ཀྱང་མ་མཐོང་ན་དེའི་ཚེ་འབྲིང་པོའོ།། ཅི་སྟེ་བདུད་ཀྱི་རིས ་བཀྲེས་པ་དང་སྐོམ་པས་གཟིར་བ་རིད་ཅིང་སྐམ་པའི་ལུས་ཅན་ལག་ན་གྲི་གུག་དང་ཐོད་པ་ཐོགས་པ། སྐྱེ་བོ་ལེགས་པ་ལ་གནོད་པ་བྱེད་པ་ལ་དགའ་བ་རྣམས་སློབ་དཔོན་ནམ་སློབ་མས་མཐོང་ན་དེའི་ཚེ་མཚན་མ་ངན་པར་འགྱུར་ཏེ། ་དེ་མཐོང་ནས་རྡོ་རྗེ་སློབ་དཔོན་གྱིས་མལ་སྟན་སྤངས་ཏེ་དཀྱིལ་འཁོར་གྱི་ཤར་གྱི་སར་སྔར་བརྗོད་པའི་བསྲུང་བའི་འཁོར་ལོ་བསྒོམས་ནས། སླར་ཡང་དེ་རྣམས་ལ་སྔར་བརྗོད་པའི་ཆོ་གས་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ།། སླར ་ཡང་སྦྱང་བའི་སྔགས་གཞན་ནི། ཨོཾ་ཕྲེཾ་བཛྲ་ཌཱ་ཀི་ནི་བཛྲ་དྷཱ་ཏཱི་ཤྭ་རིག་ག་ན་སྭ་བྷཱ་བཱ་སརྦ་དྲ་བྱ་བི་ཤོ་དྷ་ནི་སརྦ་དྲ་བྷཱ་ནི་བི་ཤོ་དྷ་ཡ་ཧུཾ་ཕྲེཾ་ཕཊ། ཞེས་པ་ནི་བགེགས་ཉེ་བར་ཞི་བར་བྱེད་པའི་གཏོར་མ་སྦྱང་བའི་སྔགས་སོ།། དེ་ནས ་སངས་རྒྱས་རྣམས་སྤྱན་དྲང་བར་བྱ་སྟེ། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང་།། གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང་། ་མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ་ཞེས་པའི་ཚིགས་སུ་བཅད་པ་འདི་དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ཀྱི་རང་རང་གི་ཁམས་ལ་དགོད་པར་བྱའོ།། སངས་རྒྱས་རྣམས་སྤྱན་དྲང་བའི་ཆོ་གའོ།། དེ་ནས ་རྡོ་རྗེ་མཁའ་འགྲོ་མ་རྣམས་དགུག་པར་བྱ་སྟེ། དེ་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧཱ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བཱ་ཀར་ཥ་ཡཱ་ཀ་ར་ཥ་ཡ། པྲ་བེ་ཥ་ཡ་པྲ་བེ་ཥ་ཡ། བནྡྷ་ཡ་བནྡྷ་ཡོ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿསརྦ་ཌཱ་ཀི་ནཱི་ཧཱི་ད ་ཡཾ་ཧུཾ་ཧཱུཾ་ཕེཾ་ཕེཾ་ཕཊ། ཞེས་པ་ནི་དགུགས་པའི་སྔགས་སོ།། དེ་ནས་རྡོ་རྗེའི་ཕྱག་རྒྱ་ཡིས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་དང་དྲི་དང་མེ་ཏོག་དང་བདུག་པ་དང་མར་མེ་དང་འབྲུ་མ་ཉམས་པ་དང་བཅས་པ་སྔར་བརྗོད་པའི་ཆོ ་གས་བྱིན་ནས། ཕྱི་རོལ་དུར་ཁྲོད་ཀྱི་ས་ལ་བཟའ་བདང་བཏུང་བ་བྱེད་པར་བསམ་པར་བྱའོ།། འགྲོ་མ་རྣམས་དགུག་པའི་སྔགས་སོ།། དེ་ནས་བདུད་དང་བགེགས་ཀྱི་ཉེ་བར་འཚེ་བ་ཞི་བར་བྱ་བའི་སླད་དུ་སྲུང་བའི་འཁོར་ལོ་སྔོན་དུ ་འགྲོ་པོ་ཅན་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་དམིགས་པར་བྱ་སྟེ། སྒྲུབ་ཐབས་ཀྱི་ཆོ་གས་ཡན་ལག་དྲུག་ལ་སོགས་པའི་སྔགས་དགོད་པར་བྱས་ནས། དམ་ཚིག་སེམས་དཔའ་དང་ལྷན་ཅིག་ཡེ་ཤེས་སེམས་དཔའ་གཅིག ་ཏུ་བྱས་ཏེ། སྒྲུབ་ཐབས་ཀྱི་ལས་གསུངས་པའི་ཚོ་གས་འཆད་པར་འགྱུར་བའི་ཕྱག་ཉི་ཤུ་རྩ་དྲུག་དང་། སྤྱན་བཅུ་གཉིས་དང་ཕྲག་པ་དྲུག་དང་ཞལ་བཞི་དང་། མགྲིན་པ་གསུམ་དང་། ཞབས་གཉིས ་པ་འཆད་པར་འགྱུར་བའི་མཚོན་ཚྭ་རྣམ་ས་འཛིན་པར་རྣམ་པར་བསམས་ནས། སྔར་གསུངས་པའི་ས་བོན་གྱི་ཡི་གེ་རྣམས་རང་གི་ལུས་ལ་རྣམ་པར་བཀོད་དེ། དེ་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། དེ་ལ་སྔགས ་ཀྱི་ཚིག་རྣམས་ནི། ཨོཾ་ཧཱུཾ་ཧཱུཾ་ཧིཾ་ཧྲཱིཾ་ཧྲིཾཙྪིཙྪ་ཙྪ་ཧཱུ~ཾ་དྷྭེ་ཨ་ཨཱི་རྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ནྱོ། བཛྲཱ་མྲྀ་ཏ་གྷ་ཊ~ཾ་ནྡ་བྷི་ཥིཉྩ་ཏུ་མཱཾ་སྭཱཧཱ། ཨོཾ་ཨཾ་ཨི་རཾ་ཨུ་ཁཾ་སརྦ་བུདྡྷ་བཛྲ་མུ་ཀུ་ཊ་མ་མ་པཉྫ་བུདྡྷ་ཨཱཏྨ་ཀཾ་བནྡ་ཡནྟུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨ་ཨཱ་ཨ་ཨཱཿཧཱ ་ཧཾ་ཧཿཕྲེཾ་ཧོཿསརྦ་པཱ་ར་མི་ཏྭེ་མ་མ་བཛྲ་པནྡྷ་བནྡྷ་ཡནྟུ་ཧུ་ཧཱུཾ་ཕཊ། ཨོཾ་ཧུཾ་ཧོ། བིཛྙཱ་ན་ཛྙཱ་ན་སྭ་བྷཱ་བེ་ཀ་རུ་ཎ་པྲཛྙཱ་ཨཱཏྨ་ཀེ་བཛྲ་བཛྲ་གྷཏྣེ་ས་བྱེ་ཏ་ར་ཀཱ་ར་ཡཽར་མ་མ་བཛྲ་སཏྭཿས་པྲདྡྷི་ད་དྷ་ཏུ། ཨོཾ་ཨེ་ཨཱ་ཨཻ་ཨཾ་ཨར་ཨཱར་ཨོ་ཨཻ་ཨ་ལ ་ཨཱ་ལ་ཨོཾ་ཨཱཿསརྦ་བོ་དྷི་སཏྭེཿསབྷཨཱརྱཿསརྦ་དཱི་སརྦ་ཀཱ་མཾ་ཨུ་པ་བྷོ་གཾ་བཛྲ་བྲྀ་ཏཾ་མེ་མ་ད་དནྟུ་སྭཱ་ཧཱ། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཱཿས་བྷཱནྡྷ་མཻ་ཏཱ་ཀ་རུ་ཏཱ་མུ་དི་ཏོ་པཀྵེ་སརྦ་ས་མེ་ཏཱ་སྭ་བྷཱ་པཾ་བཛྲ་པཱརྦཾ་ག་མཾ་ནཱ་མ་མེ་ད ་དནྟུ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨེ་བཾ་པདྨ་བཛྲ་ཙཏྟཾ་པྲཛྙོ་པཱ་ཡོ་མཎྜ་ལཱ་དྷི་པ་ཏཱི་བཛྲ་སུ་ཁ་ཛྙཱ་ནོ་ག་མ་མ་ད་ད་ཏཱིཿཧཾ་ཧཿཧཱུཾ་ཕཊ། ཞེས་པས་གསོལ་བ་གདབ་པར་བྱ་སྟེ། དེ་ནས་དབང་བདུན་གྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ།། དེ་ནས ་དབང་བདུན་ཐོབ་པའི་ང་རྒྱལ་གཟུང་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་བྷཾ་ཥེ་ཀ་སཔྟ་བྷཱུ་མི་པྲཱབྷྱོ་ཧཾ། ཞེས་པ་སྟེ་དབང་བདུན་རྗེས་སུ་གནང་བའི་ཆོ་གའོ།། དེ་ནས་སྔགས་པས་སྔགས་ཀྱི་ཚིག་འདི་དག་གིས་བུམ་པ་ལ་སོགས་པའི་དབང ་གོང་མ་རྣམས་གསོལ་བ་གདབ་པར་བྱ་སྟྭ~ཾ། ཨ་ཨ~ཾ་པྲཛྙོ་པཱ་ཡོ་ཀ་ལ་ཤཱཾ་གྲཱྀ་རེ་ཀཾ་མེ་ཛེ་\ུ0f7fཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཨཿཔྲཛྙཱ་པཱ་ཡ~ཾ་གྲྀ་དྷ་བྷྲྀ་ཥེ་ཀཾ་མ་ད་ད་དྷཱ་ཧུཾ་ཧཱུཾ་ཕཊ། ཨོཾཙྪ་བྷེ་ཛྙོ་པ་ཡཽ་བཛྲ་སཏྭ་བི་ཤྭ་མཱུ་ཏཱ་རོ་པདྡྷ་ཛྙཱ་ནཱ་བི་ཥེ་ཀཾ་མེ་དད་ཏྭཱ་ཧཱུཾ་ཧཱུཾ་ཕཊ་ཞེས ་པས་གསོལ་བ་བཏབ་སྟེ། དེ་ནས་འཆད་པར་འགྱུར་བའི་ཆོ་གས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ།། དེ་ནས་དེ་རྒྱལ་གཟུང་བར་བྱ་སྟེ། ཨཾ་ཨཾ་བ~ཾཛྲ་སཏྭེ་ན་བཛྲ་ཀ་ལ་ཤཱ་བྷི་ཥི་ཀ་ནཱ་བྷི་ཥི་ཀ་ཏོ་བཛྲ་སཏྭ་པུ་ཏྲ་བི་ཙི་ལཱ་བྷཱུ་མི ་ལཥྚོ་\ུ0f7f། ཨོཾ་ཨཱཿབཛྲ་སཏྭེ་ན་གུ་ཧྱ་བྷྲྀ་ཥེ་ཀེ་ནཱ་བྷ~ཾ་ཥེ་ཀ་ཎོ་བཛྲ་སཏྭ་ཡུ་བ་རཱ་ཛ་ན་བ་བྷཱུ་མི་ལིཌྜྷྱ་ཙ། ཨོཾ་ཧཱུཾ་བཛྲ་སཱདྡྷེ་ནཱ་བརྡྷ་ཛྙཱ་ནེ་ནཱ་བྷི་ཥཾ་ཀ་ཏྟི་དྲྀ་དྷྲྀ་ཡ~ཾ་བཛྲ་རོ་ཙ་དྷརྨ་མེ་གྷཱ་ཐཱ་མཾ་ལཥྚོ་ཙ་ཞེས་པས་ང་རྒྱལ་བྱས་ཏེ། དཔུང་གོང་མའི་ཆོ་གས། དེ ་ནས་གོང་མ་ལས་གོང་མ་དབང་བཞི་པ་ནི་མན་ངག་ལས་ཏེ། སྔགས་འདིས་གསོལ་བ་གདབ་པར་བྱའོ།། ཨཾ་ཧི་བཛྙཱ་པཱ་ཡ་ད་མ་ཀཾ་བཛྲ་སཏྭ་མ་ཧཱ་མུ་དྲཱ་ཛྙཱ་ནཱ་བྷཱི་ཥེ་ཀཾ་མོ་པྲ་ཡཙྪ། ཨོཾ་ཨཱཿཧཱུ~ཾ་ཧོ་ཕཊ། གསོལ་བ་བཏབ་སྟེ་དེ་ནས ་བདག་ཉིད་ལ་དྲི་མ་མེད་པས་དབང་བསྐུར་བར་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གཟུང་བར་བྱའོ།། ཨོཾ་ཧོ་དྷརྨ་དྷཱ་ཏཱ་ཀཱ་ར་ཙ་ཏུ་ར་ཐ་བྷི་ཥེ་ཀོ་ཏཱི་བྷི་ཥེ་ཀ་ཏོ་བཛྲ་སཏྭེ་ནཱཏ་མ་ནཱ་ཧ་དྲི་ཏཱི་ཡོ་དྷཱ་ད་ཤ་བྷཱུ་མི་ལབྷྱོ་བཛྲ་སཏྭ་མ་ཧཱརྠ ་བ་ར་མཱཀྵ་ར་རྗེ་ལགྷ་བི་ཛ་ལ། ཀཱ་ལ་ཙཀྲོ་བྷཱལྤཱན་ཨེ་བཾ་ཀཱ་རཱ་ཞེས་པ་སྟེ་གྲོང་མ་ལས་གོང་མའི་དབང་གི་ཆོ་གའོ།། ད་ནི་ཕྱག་རྒྱ་དྲུག་གི་སྔགས་ཀྱི་ཚིག་རྣམས་ཏེ། ཨོཾ་ཧ~ཾ་ཧཿབ་མཱ་དཱཀྵི་དྷཱ་ཀརྞྞ་ཡོར་བཛྲ་ཀུཎྜཱ་ལེ ་ཧུཾ་ཧཱུཾ་ཕཊ་ཕཊ། ཨཱ~ཾ་ཨཱཾ་ཨཱཿཀཱནྡྷ་ཀཱརྟྟི་བཛྲ་མེ་ཁ་ལྱཱ་བཛྲ་ཀཥྚི་ཀེ་ནཱཾ་ཧཱུཾ་ཕེཾཊྚ་ཕཊ། ཨོཾ་ཨ་ཨཱ་བ་མི་རཀྵི་ཎ་ཀ་ར་ཡོར་བཛྲ་རུཙྱཻ་ཀཽ་ཧཱུཾ་ཧཱུཾ་ཊ་ཕཊྚ། ཨོཾ་ཧ་སྟྭཾ་བྷྲ་མ་དཥྞཱི་ཎ་པཱུ་ད་ཡོར་བཛྲེ་ནཱུ་པུ་ར་ཛྙཱ་ཧཱུཾ་ཕཊ་ཕཊྚ། ཨོཾ་ཧ~ཾ་བཾ་པ~ཾཉྩ་ཀཱ་ར་མ་སྟྲཻ ་སྭ་བྷཱ་བ་བཛྲ་ཤི་རོ་མ། ཤི་རོ་ས་སདྡྷི་གི་བྷསྶ་སུ~ཾ་ཧཱུ~ཾ་ཕཊ་ཕཊ། ཨོཾ་ཨ་ཨཱུ་དྷ་ནཱ་ནཱི་ཤྭ་ར་བདྡྷ་ར་དྷི་ཙིནྡྲ་བཛྲ་བཛྲོ་དྷཱི་ཧཱུ~ཾ་ཕཊ་ཛ~ཾ། ཨོཾ་ཨ་ཨཿོཾ་སེརྦྦསྭ་ར~ཾ་ཀ་ཏྲི་ས་ར་སྭཱ་བྷཱ་བ~ཾ་ཛ~ཾ་ཛྫ་མོཾ་ཛྙོ་བ་བྷཱི་ཏ་སཙྪེ་ཧུམྦྷ་ལ~ཾ་ཕཊ། ཞེས་བྱིན ་ཕྱག་རྒྱ་དྲུག་གི་ཆོ་གའོ།། དེ་ནས་འཆད་པར་འགྱུར་བའི་གླང་པོ་ཆེའི་པགས་པའི་ཕྱག་རྒྱ་དང་བཅས་པ་གཞན་ཕྱག་རྒྱ་བཞིའི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཀྵྨ། དུ་དྷན་ཏཱ་བྷཱི་མཱཾ་ནཀྵ་ཡ་ཀ་ར་བྷཱ་གྷ་ཙེར་མ་ཀཽ་ཊོ་ཧུ~ཾ་ཧཱུཾ་ཕཊ་ཕཊ། ་ཀྵི་རཱིཛྙོ་ཤདྡྷ། ར་སཔྲ་ཎི་ཐཱ་སྭ་དཱིརྒ་བྷནྡྷ་ན་སྭ་བྷཱ་བ་དཾ་ཏྱ་ཀུ་ལེ་ཤ་ཏ་སི་རོ་བྷི་ར་མུན་བོ་མྦ་ལ་སྐནྡྷ་བ་ལཾ་བི་ནི་སྭཱནྟེ་ཧུཾ་ཧཱུ~ཾ་ཕཊ་ཕཊ། ཨོཾ་ཙ་ཙི་ཧྲི་ཧུསྨཻ་བནྡྷ་སྠཱནྡྷ་བི་ཤུདྡྷི་སྭ་བྷཱ་བི་ཤི་ར་སི་ཀ་པཱ་ལ་མཱ་ལ་ཧུཾ་ཧཱུ~ཾ་ཕཊ་ཕཊ། ཞེས་པ་ནི་ཕྱག་རྒྱ་བཞིན ་ཚིགའོ།། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་དབྱེ་བས་ཕྱག་རྒྱ་བསུ་སྟེ། གནས་བཅུ་དྲུག་གི་དབྱེ་བས་ཕུང་པོ་ཉིད་བསུ་དྲུག་སྟེ། ཕྱག་རྒྱ་དགོང་པོ་འི་ཆོ་གའོ།། དེ་ནིས་གཡས་དང་གཡོན་གྱི་ཕྱག་རྒྱ་རྣམས་སུ་མཚོན་ཆ་བསྒོམ་པར ་བྱ་སྟེ། དེ་ལ་སྔགས་ཀྱི་ཚིག་རྣམས་ནི་མཚོན་ཆའི་ས་བོན་གྱིས་བརྗོད་པར་བྱའོ།། ཨོཾཀྵཿབཛྲ་ཀྲོ་དྷ་བཛྲ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་ཁཌྒ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲེ་ཧྲི་ཤཱུ་ལཾ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་ཀཎྜ་རི་ཧུཾ་ཕཊ། ཨོཾ་ཀྵཿབཛྲ་པཱ་ཎ་ཧཱུཾ་ཕཊ། ཨོཾ ་ཀྵཿབཛྲཱ་གུ་ཤ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་བ་མ་རུ་ཀ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་མུ་ངྒ། ར་ཧུཾ་ཕཊ། ཨོཾ་ཀྵཿབཛྲ་ཙཀྐ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་ཀུནྣ་ཏ་ཧུ~ཾ་ཕཊ། ཨོཾ་ཀྵཿབཛྲ་དཎྜ་ཧཱུཾ་ཕཊ། ཨོཾ་ཀྵཿབཛྲ་པ་ར་ཤུ་ཧཱུཾ་ཕཊ། ཞེས་པ་ནི་གཡས་ཀྱི་མཚོན་ཆ ་དགོང་པའོ།། དེ་ནས་གཡོན་པ་ལི་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧཱུཾ་ཡིག་དང་པོས་བརྗོད་པར་བྱའོ།། ཨོཾ་ཧཱུ~ཾ་བཛྲ་གྷཎྜེ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུཾ་བཛྲ་ཁེ་ཊ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུ~ཾ་བཛྲ་ཁ་ཊྭཱཾ་གེ་ཧོ་ཕྲེཾ་ཕཊ། ཨཾ་ཧཱུ~ཾ་བཛྲ་ཀ་པ་ལ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུཾ་བཛྲ་ཙཱ་པ ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུཾ་བཛྲ་པཱ་ཤ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུཾ་བཛྲ་རཏྣ་ཧོ་ཕྲེཾ་ཕཊ། ཨོཾ་ཧྲཱི་བཛྲ་པདྨ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུ~ཾ་བཛྲ་ཤཾ་ཁ་ཧཾ་ཕྲེཾ་ཕཊ། ཨོཾ་སྟྭཾ་བཛྲ་དརུ་ཧཾ་ཕྲེཾ་ཕཊ། ཨོཾ་ཧཱུ~ཾ་བཛྲ་ཤྲྀ་ཁ་ལཾ་ཧོ་ཕྲེཾ་ཕཊ། ཨོཾ་ཧཱུ~ཾ་བཛྲ་ཙ་ཏུ་བེ་དཱ་སྠཱ་བྷཱུ་པ་པྲཧྨ་ཤི་རོ་ཧོ་ཕྲེཾ་ཕཊ། ཞེས ་པ་ནི་གཡོན་པའི་ཕྱག་རྣམས་ལ་མཚན་མ་དགོང་པའི་ཆོ་གའོ།། དེ་ནས་གླང་པོ་ཆེའི་པགས་པའི་སྔགས་ཀྱི་ཚིག་རྣམས་ནི། ཨཱ~ཾཀྵ་བྷཱུ་ཀྵི་ཀྲཱྀ་ཀྵཾ་ཀྵ་ཀྵུ་ཋཱ་བྷྲྀ་ཏྲཱུཾ་ཀྵུ~ཾ་ཀྵཿཧ་ཧཱ་ཧཱི་ཧྲཱི་ཧཱུ~ཾ་ཧཱུ~ཾ་ཧུ་ཛྙཱནྟ་ཧ~ཾ་ཧཿསརྦ་བིགྷྣཱཾ་བི་དཱ་རི་ཏི་ག་ཛ་ཙ་ར་མ་པ་ནྡར ་རཀྵ་ཤྲ་བ་ཏ་ཧུཾ་ཕྲེཾ་གཡས་པ་དང་གཡོན་པའི་ལག་པའི་ཁུ་ཚུར་སྡིགས་མཛུབ་དང་བཅས་པ་དག་གིས་གཡས་སུ་མགོ་བོའི་རྩེ་མོ་དང་རྒྱབ་ཏུ་རྐང་པ་གཉིས་འཕྱང་བའི་རྐང་པ་གཉིས་བཟུང་བ་བསམ་པར་བྱའོ།། པགས་པ་མགོ ་པོའི་ཆོ་གའོ།། དེ་ནས་ཀླུའི་རྒྱལ་པོ་རྣམས་རྣམ་པར་དགོད་པར་བྱཱ་སྟེ། ང་ལ་སྔགས་ཀྱི་ཚིག་རྣམས་ནི། ཨོཾ་ཧཱ་བདྡྷ་ཛཱ་ཡ་ནཱ་གནྡྷ་བཛྲ་ཛཱ་ནཱ་མུ་གུ་ཊ་བནྡྷ་ཏ~ཾཥྛ་ཏིཥྛ་ཧཱུ~ཾདྡྷ་ཊ་ཕཊ། ཨཀྵ་བཛྲ་བ་ཛ་ཡ་ནཱ་གནྡྷེ་བཛྲ་དྷཱ ་བནྡྷེ་ཏི་བཱ་ཏི་བཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཙྱཻ་ཧྱཱ་བཛྲ་ཀིརྣོ་ཊཀ་བཱཛྙཱ་པདྨི་བྷྲ་མ་དཀྵྨཱི་ཎ་ཀུཎྜ་ལ་ཡཽ། ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཱུཾ་ཧཱ་བདྡྷ་བྷ་སུ་ཀི་ཤཾ་ཁ་པཱ་ལཾ་བྷ་མ་དཀྵི་ཎ་རུ་ཙཾ་ཀ་ཡཽཿཏིཥྛ་ཏིཥྚྲྀ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཏྲ་ཧྣ་བཛྲ་ནནྟ་ཏཾ་ཀུ་ལོ་ཀོ ་མེ་ཁཾ་ལ་ཀནེ་ཐཻ་ཀ་ཡོཿཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲྀ་ཧྞ་བཛྲ་ཏཀྵ་ཀཾ་མ་པདྨོ་བཱ་མ་དིཀྵ་ཎ་པི་དཱ་ནཱཾ་པུ་ར་ཡོཿཏིཥྛ་ཏི་ཥཱཾ་ཧུཾ་ཧཱུ~ཾ་ཕཊ་ཕཊ། དེ་ལྟར་སྔགས་ཀྱི་ཕྱག་རྒྱ་ཐམས་ཅད་དགེད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དུས ་ཀྱི་འཁོར་ལོའི་རྐང་པ་བཅུ་དྲུག་པ་མཁའ་འགྲོ་མའི་ཚོགས་དང་བཅས་པ་གདུག་པ་ཚར་གཅོད་པའི་སྡིགས། བདུད་ལ་སོགས་པ་རྣམས་ཚར་གཅོད་པའི་དོན་དུ་སྔགས་པས་བཟླས་པར་བྱའོ་ཞེས་པ་ནི་ངེས་པའོ།། དེ་ལ་སྔགས ་བྱ་ཚིག་རྣམས་ནི་འདི་ལྟ་སྟེ། ཨོཾ་ན་མོ་བཛྲ་སཏྭཱ་ཡ། ན་མོ་བྲཱདྡྷ་བ་དྷི་སཏྭེ་བྷཱུ་ན་བཛྲ་གོདྡྷེཿར་ཛེ་བྷྱ། ན་མ་བཱི་ཤཱམྦྷ་ཏྲྀ་ན་མོ་བུདྡྷ་བོ་དྷི་སཏྭཱ་དེ་བྷཱི་བྷཱུ། ན་མོ་བཛྲཱིཿཀཽ་ནི་བྷྱཿན་མོ་བྷ་ག་པོ་ཏ་ཀཱ་ལ་ཙ་ཀྲཱ་ཡཿབཛྲ་བེ་ར་བ་བྷྲྀ་ཀེཪྵ ་ཡཿམ་ཧེནྡ་ནཱི་ལ་བརྟྟ་ཤནྡ་རཱ་ཡ། མཱ་རཀྵཾ་ཤ་ཧྲྀ་དཱ་ལཱ་ཀཱནྟ་སཽ་ཏ~ཾ་རཀྵ་ཙ་ར་ཎཱ་ཡ། ཀྲིཥྚ་རཀྵས~ཾ་ཏེ་ཀརྡྷ་ཡི་ནཱི་ལ་སི་ཏ་པཱ་ཏི་རཀྵད~ཾཉྫ་ཀཻ་རཱ་ལ~ཾ་གྲ་བྷཱི་ཥ་ཨོཾ་མུ་ཁཱ་ཡ། ཀྲྀཥྞ་རཿསི་ཏ་ས་བྱེ་ཏར་སྐཾ་དྷཱ་ཡེ། དཱ་ང་ཤ་བྷུ་ཛཱ་ཡ། འབྲིངྒ་ཏི་ཀ ་རཱ་ཡ་བཛྲ་ཁ་ནྟ་ག་ཏྲཾ་ཤཱུལྱཱཀྵཱརྦྷིཀྵ་བྷཱུ་དྡྷཱ་ཀྐུ་ཤ་ཌ་མ་རཀྵ་སྱཱདྨཱཪྵ་ནྱཀྲ་ཀྲཱནྟ་པརྞྞ་བ་ར་ཤ+འུ་བཛྲ་གྷཱཿ་ཁ~ཾ་ཊ་ཁ་ཊྭཱཾ་ག་ཀ་པཱ་ལ་ཙཱ་བཱ་པྟཱ་ཤ་རཏྣ་ཀ་མ་ལ་ཤློ་ཥ་ཨཱུ་དནྨཙྪ་ཁཱ་ལཱུ་དྲཱནྡྷ་ཤ་རག་ཛཱཿར་མ་དྷྲྀཏཱཀ་ཪྵ་ཡ། བྷཱུ་གྷུཙྪརྞྞ་ནཱི་ཥྚས? ་ནཱ་ཡདྣ་སྠཱནྡྷེ་སུདྡྷམཱུ་ལཱཾ་བི་ལཾ་བི་ནི། ཤཽ་རི་སིཾ་བཛྲ་པཊྚ་མུ་ཀུ་ཊི་བཛྲ་ཀ་བཱི་ལྱཱ་མཱཾ་ལཱརྦྷ་ཙནྣ་དྷ་རཱ་ཡཾ། ཀུཎྜ་ལཾ་རུ་ཙུ་ཀ་ཀནྟི་ཀཱ་མེ་ཁ་ལཱ་ནུ་པུཾ་ར་བྷཱསྨ་ཡཛྙོ་པ་བྷྲྀ་ཏི་ཤི་རོ་མ་ཎི་མ་ཧཱ་མྲྀ་དྷཱ་ནཱ་གེནྡྷ་བི་བྷུ་ཥ་ཎཱ་ཡ། བཛྲེ་ཌཱ་ཀིནྡྲི་སིཏྭོ་ཥཽ་ཏ་སྲིང་ཡཱ ་ཡ་ཨིནྡྲགྣི་ཡ་མ་ནཻ་ཪྴི་ཏྱ་བ་རུ་ཎ་པཱ་ལུ་ཀུ་བེ་རེ་ཤཱ་ན་བྲེཧྨ་བིཥྞུ་བི་ནཱ་ཡ་ཀ་ཀཱནྟི་ཀེ་ཡ་ན་ནིདི་མེ་ཧཱ་ཀཱ་ལ་གྲ་ཧེ་ནཀྵ་ཏྲ་ཀྵེ་ཏྲ་པ་ལཾ་སུ་རེནྟ་སུ་ར~ཾནྡྲ་པ་ཎིནྡྲ་བྷཱུ་ཏྭེནྡ་ན་རེནྡྲ་སཾ་སྟུ་ཏ་ཙ་རཏྣཱ་ཡ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཅུ ་དྲུག་པསྟེ། འདི་བྱེ་བ་བཟླས་པས་ལསཾ་ཐམས་ཅད་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་ལས་གྲུབ་པ་ཆེན་པོ་བརྒྱད་པོ་ཐམས་ཅད་འགྲུབ་པར་འགྱུ་ཏེ། སྟོན་དུ་བསྦྱིན་པའི་ངེས་པའོ།། དེ་ནས་ཀླགས་པ་ཙམ་གྱིས་ཐམས་ཅད་བྱེད་། ་དོ་ནི་བདུད་ཀྱི་རིགས་བནྡྷའི་མགོའི་འཕྲེང་བ་དྷིས་བོནྡྷ་ནྱཱམྦྷསྟྲཻ་ཎཾ། མཁའ་འགྲོ་མོའི་ཚོགས་ཀྱི་ཡང་དེ་དག་ཉིད་དོ།། སདྒྷ་ཏྲཀྵྨ་དདྱཱ་བྷཱུ་ཐཱ་ནིནྟྲ་མ་མྦྷ་ཎ་རྞྞ་ཉྲ་ཉྫ་ཧུ~ཾ་ཕྲེཾ་ཕྲེཾ་ཕཊ་ཕཊ། དུར་ཁྲོད་ལའོ།། ཀྲཱྀ་ཀྵཾ་ཁུ་ཁྱཱ་གྷྲྀ་གྷྲྀ་གྷྲིགྣི་ཧ་ཧཱཧཱུ~ཾརྫྫ་ལ ་ཞེས་པ་ན་མཁའི་འཁོར་ལོ་ལའོ།། ཧཱུ~ཾཙྪོ་ཆུ་རྨཱ་དྷྲྀ་ཛྷཻཾ་དྷཱི་དྷཱི་ཡ་ཡཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཞེས་པ་ནི་རླུང་གི་དཀྱིལ་འཁོར་ལོ་འི་བ~ཾ། ཛྷཻཾ་ཊཱི་ཝུ་ཛྫ་ཙྪིནྟུ་བྷཾ་བྷཱི་ར་རཱ་ཧུ~ཾ་ཧཱུ~ཾ་ཕཊ་ཕཊ། ཞེས་པ་ནི་མེའི་འཁོར་ལོ་ལ་འི་ལླི་བྷྲཱུཾ་པུ་བྷྲཱུ~ཾ་ཛྫ་བྷྲཱུ~ཾ་བྷོ་བྷཱི་ཝ་གཱ་ཧུ~ཾ་ཧཱུ~ཾ་ཕཊ ་ཡར་ཞེས་པ་ནི་མུའི་འཁ་ལ་23། ཧཱུ~ཾཛྫཊྚནཱ་རྡྷནདྷོདྷཱ་ལ་ལཱ་ཙྪ་སྠཱ་ས་ཕཊ། ནས་བནསའི་འཁ་ལ་ལའོ།། སྐུ་སྱཱཾ་ནཱ་ཊྚ་རྨྨ་ཎཱ་\ུ0f7f་ཤཱ་\ུ0f7fདྡྷཱཿཧུ~ཾཧཱུཾ་ཕཊ་ཕཊ། ཞེས་པ་ནི་མེ་ཤེས་མ་འཁོར་ལ་ལའོ།། འདྲ་རྣམས་ལྔ ་གྲངས་བཞིན་དུ་རྡོ་རྗེ་དང་། རལ་གྲི་དང་། རིན་པོ་ཆེ་དང་། པདྨ་དང་། འཁོར་ལོ་དང་། གྲི་གུག་གི་ཕྲེང་བ་རྣམས་ཏེ། ཧ་ཡིག་ལ་སོགས་པའི་ས་བོན་བསུ་གཉིས་རྣམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་འདྲེན་མའོ།། ཧ་ཧཱ་ཧི་ཧཱི་ཧྲིཾ་ཧཱུ~ཾ་ཧུཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཞེས་པ་ནི ་ཤེས་རབ་དང་ཐབས་ཀྱི་ལག་པ་གཉིས་ལ་སྟེ། ལྷག་མཐོད་པ་བརྒྱད་ནི་ལྷ་མོ་རྣམས་ཀྱི་བར་བར་དུའོ།། ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧ་ཧ། ཕྲེཾ་ཧོ། ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ།། ཞེས་པ་མཁའ་འགྲོ་མའི་ཚོགས་ཀྱི་སྔགས་ཀྱི་ཚིག་རྣམས་ནི ་རྫ་པ་ལས་སྔགས་འདི་བརྗོད་པར་བྱ་སྟེ་དྲག་པོའི་ལས་ལའོ་ཞེས་པ་ནི་ངེས་པའོ།། ང་ནི་བཅོམ་ལྡན་འདས་ཀྱི་ཡན་ལེགས་སོའི་ཕྲེང་བའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཨཱཿཧུ~ཾ་ཕེཾ་ཨོཾཀྵཿདྷྲྀ་ཀཱ་ལ་ཙཀྲ་དུཛྙཱནྟ་ད་མ་ཀ་ཛྙཱ་ཏཱི་ཛ་རཱ་མ་ར་རྫན ་ཏཀ། ཏཾ་ལོ་ཀྱ་བི་ཛཱ་ཡ། མ་ཧཱ་བྷཱི་རེ་ཤྭ་ར། བཛྲ་བྷཻ་ར་བ། བཛྲ་ཀཱ་ཡ། བཛྲ་གཱ་ཏྲ། བཛྲ་ནེ་ཏྲ། བཛྲ་ཤྲོ་ཏྲ། བཛྲ་གྷཱ་ཎ། བཛྲ་ཛ་ཧྭཱ། བཛྲ་དནྟུ། བཛྲ་ན་ཁ། བཛྲ་ཀེ་ཤོ། བཛྲ་ལོ་མ། བཛྲ་བྷ་ར་ཎ། སྟྭ~ཾ་བཛྲ་ཧཱ་ས། བཛྲེ་གཱི་ཏ། བཛྲ་ནརིཏྱ། བརྡྷ ་གུ་དྷ་ཀ་ར། བཛྲ་ཀྲོ་དྷ་རཱ་ཛཱ་དྷི་པ་ཏཾ། བཛྲ་བྷ་ཀ། བཛྲ་ཌཱ་ཀི་ནཱི་ཛཱ་ལ་པ་རི་བྲྀ་ཏ། ཤཱི་གྷྲ་མཱ་གཙྪ་གཙྪ། བཛྲ་སཏྭཱ་ཛྙཱ་ཡ། སརྦ་མཱ་ར་བིགྷྣ་བི་ཊཱ་ཡ་ཀ་ཀིནྣ་ར་ཀིམཱུ་རུ་ཥ་ག་རུ་ཌ་གནྡྷརྦ། ཡཀྵ་རཀྵ་རྨྨི་ས་བྷཱུ་ཏ་མ་ཧཱ་པྲེ་ཏ་ཀུམ་བྷཱརྞཱ་བ་སྨཱ་ར། ཀྵ ་ཏྲཱཏཱཔཱ་ལ་བེ་ཏྶ་ར། པཱུ་ཏ་ན། དུཥྚནཱ་ག་གྲདྷཱ་ད་ཡོ་ཡེ་སརྦ་ཛྙཱ་ར། སརྦ་བྷཱུ་དྷཾ། ཀྵུ་དྲོ་པ་དྲ་བཀྵ་རི་ཎ། སརྦ་སཏྭཱ་ནཾ་སནྣ་པ་ཀཱ་ར་ར་ཏཱཾ་སྠཱན་སརྦྦ་ནྣཿཤྲཱྀགྷྲཾ་བདྡྷེ་ཀུ་ཤེ་ནྱཱ་ཀྲྀ་ཥྱཱ་ཀྲྀཥྚ། ཨཱརྡྷ་ཏཱི་ཤི་ག་དྷཱནྟ་ཀྲྀཥྞ་ཀྲིཥྚ། པཱུ་ར་བ་དི་ཤྲཱི་ག་ཏཱ་ནྱཱ་ཀྲྀཥྨཱཀྲཱྀཥྱ། ་དཀྵི་ཎ་དི་ཤཾ་ག་ཏཱ་ནཱཀྲྀཥྚ་ཀྲྀཥྱ། ཨུཏྟཥ་ཛི་ཤཾ་ག་ཏཱ་ནཱ་ཀྲྀཥྞ་ཀྲྀཥྚ། པཤྩི་མ་དི་ཤི་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྚ། བཱ་ཡ་བྱཱ་དི་ཤི་ག་ཏཱ་ནཱ་ཀྲྀཥྚི་ཀྲོཥྚ། ཨཱཾ་ཤཱ་ན་དཾ་ཤི་ག་ཏྲཱ་ནྱཱ་ཀྲྀཥྚ་ཀྲྀཥྱཾ། ནཱ་དྱཽ་ངོ་ཤི་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྚི། ཨགྣེ་ཡཾ་ཛ་ཤཽ་ག་ཏཱནྟ་ཀྲྀཥྞཱ་ཀྲྀཙྪ ་ཨ་དྷོ་དི་ཤི་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྚ། ཨཱ་ཀཱ་ཤ་མཎྜ་ལ་ག་དྷཱ་ནཱ་ཀྲྀཥྚ་ཀྲྀཥྱ། བཱ་ཡུ་མཎྜ་ལ་ག་ཏཱ་ནྱཱ་ཀྲྀཥྚ་ཀྲྀཥྚ། ཏ་ཛཾ་མཎྜ་ལ་ག་ཏཱ་ནཱ་ཀྲྀཥྚི་ཀྲྀཥྱ། ཏོ་ཡ་མཎྜ་ལ་ག་ཏཱ་ནཱ་ཀྲྀཥྱཱ་ཀྲྀཥྚ། པྲྀ་བྷཱི་མཎྜཱ་ལ་ག་ཏཱ་ནཱ་ཀྲྀཥྚཾ་ཀྲྀཥྱ། ཀཱ་མ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀཥྚ་ཀྲྀ་ཥྱ། རཱུ ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀཥྚི་ཀྲྀཥྚཱཾ། ཨ་ཨ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྚེ། ཀཱ་ཡ་དྷཱ་ཏུ་ག་ཏཱནྟ་ཀྲྀཥྱཱ་ཀྲྀཥྱ། བྷག་བྷཱུཏུ་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྱཾ། ཙིཏྟ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀཥྚ་ཀྲྀཥྱ། པཉྩ་སྐནྡྷ་ག་དྷཱ་ནཱ་ཀྲྀཥྱཱ་ཀྲྀཥྱ། པཉྩཱ་དྷཱ་ཏུ་གཱ་ཏཱ་ནཱ་ཀྲྀཥྚ་ཀྲྀཥྚ། པཉྩིནྣི་ཡ་ག ་ཏཱ་ནཱ་ཀྲྀཙྪ་ཀྲྀཥྱ། པཉྩ་བི་ཥ་ཡ་ག་ཏཱཾ་ནཱཾ་ཀྲྀཥྚཱ་ཀྲྀཥྚ། པཉྩི་ཀཱརྨེནྣི་ཡ་ག་ཏཱ་ནཱ་ཀྲྀཥྚ་ཀྲོཥྱཱ། པཿ་ཀྲརྨ་ནི་དྲྀ་ཡ་བི་ཥ་ཡ་གེ་ཏཱ་ནཱ་ཀྲྀཥྚ་ཀཽཥྱཾ། སརྦ་ཏོ་ཡེ་ཏྲ་ཀུ་ཏྲ་ཙིཏྟ་ག་ཏཱནཱ་ཀྲྀཥྚ་ཀྲྀཥྚ། མ་ཧཱ་སྨ་ཤཱ་ནི་བཛྲ་ག་ནི་ཏྲ་ལཾ་ཏཱི་བྷཱུ་མཱཾ་ནི་པཱ་ཏ་ཡ་ནཱི་པཱ ་ཏ་ཡ། བཛྲ་པཱ་ཤེ་ན་སརྦ་བྷུ་ཛེ་ཥ་བནྡྷ་ཡ་བནྡྷ་ཡ། བཛྲ་ཤྲྀ་ཁ་ལཾ་ཡཱ་སརྦ་པཱ་དེ་ཥྚི་ནཻ་རོ་དྷ་ཡ་ནི་རོ་དྷེ་ཡ། མ་མ་སརྦ་སཏྭེཥུ་ཁ་ཀཱ་ཡ་བཱིཀྵུརྟྟ་པ་དྲ་བ་ཀ་ར་ར་ཏཱ་ན་མཧཱ་ཀྲོ་དྷ་བཛྲེ་ཎ་ཙྪི་རྞྞ་ཡ་ཙུརྞྞ་ཡ། བཛྲི་ཁཌྒེ་ན་ནི་ཀྲྀནྟ་ཡ་ནི་ཀྲྀནྟ་ཡ། བཛྲ་ཛི་ཤཱུ ་ལེ་ན་བྷྲེ་ད་ཡ་བྷེ་དཱ་ལ། བཛྲ་ཀརྟྟི་ཀེ་ཡ་ཧ་ན་ཧ་ན། བཛྲེ་པཱ་ཎེ་ན་བྷིནྡྷ་བྷིནྣ། བཛྲ་ཀཱ་ལ་ཀཾ། ཀཱི་ལ་ཡ་ཀཱི་ལཱ་ཡ། བཛྲ་མུངྒ་རེ་ཎཱ་ཀོ་ཊ་ཡཱ་ཀོ་ཊཱ་ཡ། བཛྲ་ཙཀླེ་ཎཙྪ་དཱ་ཡ་ཙྪེ་ད་ཡ། བཛྲ་ཀུནྟེ་ན་བྷིནྡ་བྷིནྡ། བཛྲ་དཏྟེ་ན་ཏཱ་ཊ ་ཡ་ཏྲཱ་ཊཱ་ཡ། བཛྲ་པ་ར་ཤུ་ནཱ་ཙྪིནྡ་ཙྪིནྡ། སྱཱརྡྷ་ཏྲི་ཀྲོ་ཊི་ཁཛྫ་ཀྲི་ཏཱ་ཤྨ་ཤཱ་ནཱཾ་བྷཱུ་སརྦ་བྷཱུ་ཏི་བྷྱོ་བ་ལིཾ་ཀུ་རུ་ཀུ་རུ་བཛྲེ་ཌ་མ་རུ་ཀེ་ན་བཛྲ་ཌཱ་ཀི་ནཱི་རཱ་བཱ་ཧ་ཡ་བཱ་ཧ་ཡ། བཛྲ་བྷཱ་ཀི་ནཱི་བྷྱོ་མཱ་ར་ཀཱ་ཡི་ཀཱ་ནཻ་རུ་དྷི་ར་ནི་བེ་ད་ཡ་ནི་བེ་དཱ་ཡ། པཉྩཱ་མྲྀ་ཏ་ཧཱ་རཱི་ཎི་བྷྱ། པཉྩ ་མྲི་ཏ་ནི་བེ་ད་ཡ་ནི་བེ་ད་ཡ། སརྦ་བཛྲི་ཊཱི་ཀི་ནཱི་ས་ཧི་ཏ། སརྦ་སཏྭཱ་ནཱ~ཾ་ཤཱནྟིཾ་ཀཾ། བནྡྷ་ཀཾ། རྀཀྵཱ་བ་ར་ཎ་གཱིཔྟིཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ་ཞེས་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་ཀྱི་ཡན་ལག་སོ་སོའི་ཕྲེང་བའི་སྔགས་ཏེ། ལན་བདུན ་བཟླས་པས་བདུད་དང་བགེགས་དང་གཞན་གྱིས་མི་ཐུབ་པ་དང་། ཡི་དགས་ལ་སོགས་པའི་བདག་པོ་རྣམས་ཐམས་ཅད་དང་གདུག་པ་ཐམས་ཅད་ཆར་གཅོད་པར་བྱའོ།། འདི་ལ་ཡང་དང་པོར་བྱེ་བ་བཟླས་པ་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་བྱ་སྟེ། ་ལས་སོ་སོ་ལ་བཟླས་པ་འབུམ་ཕྲག་བཅུ་དང་། སྦྱིན་བསྲེག་ཁྲི་ཕྲག་བཅུའོ་ཞེས་པ་ནི་ངེས་པའོ།། དེ་ནས་བདུད་ཚར་བཅད་པ་བྱས་ནས་ཡང་དང་ཡང་དུ་མལ་སྟན་ལ་ཉལ་བར་བྱ་སྟེ། ཇི་སྲིད་དགེ་བའི་མཚན་མ་ཐོབ་པའི་བར་དུའོ།། དེ་ནས ་མལ་སྟན་སྤངས་ཏེ། རྡོ་རྗེ་དང་དྲིལ་བུ་བཟུང་ནས་སླར་ཡང་གཏོར་མ་སྦྱིན་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ས་ལ་ཤོར་དུ་མངོན་པར་ཕྱོགས་པས། རྡོ་རྗེའི་ཐིག་སྐུད་དྲི་དང་སྤོས་ལ་སོགས་པས་ཡང་དག་པར་མཆོད་དེ། དེ་ནས་ནི ་བ་ལསགས་པའི་ལས་ཀྱིས་དགོད་པར་ཤྲཱི་ཁརྞྞ་དང་། སཱུ་ལི་བཏགས་པ་དང་ཁྲག་དང་དྲུག་པར་རབསྲེགས་པར་སེལ་བ་དང་གུར་གྲུས་དང་ཅན་དན་དམར་པ་དང་། ཡུང་བ་དང་བ་ཟླའོ་ཆུ་མོས་སྤངས་ཏེ། སློབ་དཔོན་གྱི། ཁུ་ཚུར་གཡོན་པ ་དང་སློབ་མ་ནུབདྡྷ་མངོན་པར་ཕྱོགས་བོ་ཁུ་ཚུར་གཡས་པས་བྷིག་སྐུད་བཟུང་ནུས་ཤར་དང་ནུབ་ཀྱི་ས་ལ་བརྐྱང་སྟེ། སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨཱཿཙུ་ཀཱ་ཡ་བཱཀྵིཏྟཾ་ཀ་བྷཱུ་ཏ། སིརྦ་དྷ་མེ་ཀཱ་ཀཱ་ར་ཎེ་བཛྲ་སཏྭ་ཧཾ་བྷཱུ་མི་སཱུ་ཏྲ~ཾ་ཡཱ་མི ་ཕཊར་དེ་ནས་རྡོ་རྗེ་ཐིག་གི་སྔགས་བརྗོད་པར་བྱ་སྟེ། ཨོཾ་བཛྙཱ་སཱུ་ཏྲཾ་ཀཱཀྵ་ར་སཱ་རཱུ་པཻ་ཎཛཿཛཛཿསརྦ་དྷརྨ་ན་སཱུ་ཏྲཱ་ཡཾ་ཨོཾ་ཨཱཿཧཱུ~ཾ་ཧོ་ཙ་ཀྵཿཕཊ། གཡོན་པ་སྐྱིལ་ཀྲུང་ཕྱེད་པ་སྟེ། རྐང་གཡས་པ་ས་ལ་གཞག་པ་དང་། སློབ་མིའི་གཡས་པ་སྐྱིལ ་ཀྲུཀླུང་དང་རྐང་པ་གཡོན་པ་ས་ལ་གཞག་པས་ཤར་དང་ནུབ་ཀྱི་ཚངས་པའི་ཐིག་དབ་པར་བྱའོ།། དེ་ནས་སློབ་དཔོན་ལྷོའི་སར་གནས་པ་དང་། སློབ་མ་བྱང་གི་སར་གནོས་པས་ལྷོ་དང་བྱང་གི་ཚངས་པའི་ཐིག་སྟེ། སྒོ་བཞི་རྣམས་སུ་སོན་པ ་ཤར་དང་ནུབ་དང་ལྷོ་དང་བྱང་གི་ཕུར་པའི་སྟེང་དུའོ།། དེ་ནས་རང་གི་འདོད་པས་ཟུར་ཐིག་གདབ་པར་བྱ་སྟེ། སླར་ཡང་སྐྱིལ་ཀྲུང་ལ་སོགས་པའི་ཆོ་ག་དེ་ཉིད་ཀྱིས་རླུང་དང་མེ་དང་བདེན་བྲལ་དང་དབང་ལྡན་གྱི་ཐིག་གདབ་པར་བྱའོ།། དེ་ནས་ཕྱོགས ་ཀྱི་ཡོངས་འཇོམ་སྤངས་ནས་ཤར་དང་ནུབ་ཀྱི་ཚངས་པའི་ཐིག་ནས་བརྩམས་ཏེ་ལྷོའི་ས་ལ་ཐིག་གདབ་པར་བྱའོ།། དེ་ནས་བྱང་གི་ས་ལའོ།། དེ་ནས་ལྷོ་དང་བྱང་གི་ཚངས་པའི་ཐིག་ནས་ནུབ་ཀྱི་ས་ལའོ།། དེ་ནས་ཤར་གྱི་ས་ལྀའོ།། དེ་ནས་དྲྀ་དང ་སྤོས་པ་ལ་སོགས་པ་ཕུལ་ནས། དཀྱིལ་འཁོར་ལ་དགོས་པའི་ཐིག་རྣམས་ཡང་དག་པར་བསྲུངས་ཏེ། ལྷག་མ་ཐམས་ཅད་དབྱི་བར་བྱའོ།། སྒོ་ཐམས་ཅད་ཡང་དག་པར་སྦྱངས་ཏེ། སླར་ཡང་དྲི་དང་མེ་ཏོག་ལ ་སོགས་པ་དང་གཏོར་མ་བྱིན་ནས་སྔར་བརྗོད་པའི་ཆོ་གས་སྔགས་ཟླས་པར་བྱའོ།། ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ ་དྲི་མ་མེད་པའི་འོད་ཀྱི་དབང་གི་ལེའུ་ལས། བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་ས་ལ་སོགས་པ་གཟུང་བའི་མོ་དོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། ། དུས་ཀྱི་འཁོར་ལོ་བདེ་ཆེན་པོ།། དཀྱིལ་འཁོར་བ་རྣམས ་ངག་གི་གཙོ།། རྡོ་རྗེ་གསུམ་མཆོག་ལ་བཏུད་དེ།། ཟླ་བ་ཁུ་བའི་ཆ་དབྱེ་བས།། བརྒྱད་གཉིས་ཆ་ཡིས་དཀྱིལ་འཁོར་གྱི།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། ཡང་ཡང་ཆར་ནི་ཕྱེ་བ་ཡིས།། རྡོ་རྗེའི་ཐིག་ནི་གདབ་པ་ལ།། འཇམ ་པའི་རྡོ་རྗེས་བསྡུས་བརྒྱུད་ལས།། དྲང་སྲོང་རིགས་ནི་སྨྲ་བ་པོ།། རྣམས་ཀྱི་ང་རྒྱལ་གཞི་ལ་དོན་དུ།། ཁྲུ་བཞི་དཔལ་ལྡན་དཀྱིལ་འཁོར་ནི།། གསུམ་ལས་སོར་བྱེད་ཐིག་དག་གིས།། སྤྲོས་པ་གང་ཞིག་གསུངས་པ་དེ།། རྩ་བའི ་རྒྱུད་ཀྱི་རྗེས་འབྲངས་ནས།། མཚན་ཉིད་བདག་གིས་རྒྱས་པར་བྱ།། འདིར་མཆོག་གི་དང་པོའི་སངས་རྒྱས་ལས་ཚིགས་སུ་བཅད་པ་སུམ་ཅུ་རྩ་ལྔ་པ་ལ་སོགས་པས་དཀྱིལ་འཁོར་གྱི་མཚན་ཉིད་བསྡུས་ཏེ་འཇམ་དཔལ་གྱི་ཐིག་ཅེས ་པ་ལ་སོགས་པས་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་དག། ད་ནི་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་འགྲོལ་བར་བྱག། འདིར་སྔགས་ཀྱི་དཀྱིལ་འཁོར་གྱི་ས་ལ་ནུབ་ཏུ་རྡོ་རྗེ་སློབ་དཔོན་ཤར་དུ་མངོན་པར་ཕྱོགས་པ་དང་། ཤར་དུ ་སློབ་མ་ལས་ཀྱི་རྡོ་རྗེ་ཅན་ནུབ་ཏུ་མངོན་པར་ཕྱོགས་པས་དཀྱིལ་འཁོར་གྱིས་གྲུ་བཞིར་གཞལ་ནས་དབུས་སུ་ཚངས་པའི་ཐིག་གདབ་པར་བྱའོ།། དེ་ནས་ལྷོར་སློབ་དབེན་པར་ཕྱོགས་པ་དང་། བྱང་དུ་སློབ་མ་ལྷོར་མངོན་པར ་ཕྱོགས་པས་ཚངས་པའི་ཐིག་གདབ་པར་བྱ་སྟེ་ཚངས་པའི་ཐིག་གི་ངེས་པའོ།། དེ་ནས་ཟུར་སྦྱངས་པའི་དོན་དུ་ཟུར་གྱི་ཐིག་ཀྱང་གདབ་པར་བྱའོ།། དེ་ནས་ཐིག་ན་རོ་དང་བཅུ་དགུ་འདི་དག་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམ ་ངག་དུ་རབ་སྦྱིན་བྱ། ཞེས་པ་ནི་འདིར་དབུས་ཀྱི་ཚངས་པའི་ཐིག་ལས་ལྷོའི་ཕྱོགས་ཀྱི་ཆར་དགུ་བཅུ་རྩ་དྲུག་དང་བྱང་དུ་དགུ་བཅུ་རྩ་དྲུག་དང་། ནུབ་ཏུ་དགུ་བཅུ་རྩ་དྲུག་གི་ཐིག་རྣམས་རབ་ཏུ་བཏབ་ནས། སོར་ཕྱེད་བརྗོད་པ་ནོར་དང ་དུས་ཀྱི་ཐིག་རྣམས་དག་གིས་ཞེས་པ་ཐིག་དེ་དག་ལས་ཐིག་བཞི་བཅུ་རྩ་བརྒྱད་ཀྱི་དབུས་སུ་སྙིང་པོའི་དཀྱིལ་འཁོར་དག་ཏུ་འགྱུར་ཏེ། ཐུགས་ཀྱི་འཁོར་ལོར་འགྱུར་རོ་ཞེས་པའི་དོན་ཏོ།། སྙིང་པོ་ལས་ནི་ཕྱི་རོལ་མཐའ་དག ་རྣམས་ཀྱིས་ཤེས་པ་དགུ་བཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་བཀོད་པ་དག་ཀྱང་དཀྲིས་འཁོར་ཆེན་པོའི་སྒྲའི་མཚམས་ཞེས་པ་སྟེ། སྦྱོང་བའི་དཀྱིལ་འཁོར་གྱི་ཐོག་ལས་ཉིས་འགྱུར་གྱི་ཐེག་གིས་གསུང་གི་དཀྱིལ་འཁོར ་སྒོའི་མཚམས་སུ་འགྱུར་རོ།། གསུང་གི་དཀྱིལ་འཁོར་གྱི་ཐིག་ལས་ཉིས་འགྱུར་གྱིས་སྐུའི་དཀྱིལ་འཁོར་གྱི་སྒོའི་མཐར་ཐུག་པར་འགྱུར་རོ།། དེ་ནས་སྐུའི་དཀྱིལ་འཁོར་ལ་ར་བ་ལྔ་དང་། རྟ་བབས་དང་ས་ལ་སོགས ་པའི་དཀྱིལ་འཁོར་བཞི་དང་རྡོ་རྗེའི་ཕྲེང་བ་བལྟ་བར་བྱ་སྟེ། ཕྱི་རོལ་ས་ལ་ཞེས་པ་ན་མཁའི་ས་ལ་ཞེས་པའི་དོན་ཏོ།། ཞེས་པ་ཐིག་གདབ་པའི་ངེས་པ་གང་ཡིན་པ་དེ་ནི་སྤྲོས་པའི་དོན་གྱིས་གསུངས་པའོ།། རང་གི་ངོ་བོས་ནི་སླར་ཡང ་ཚིགས་སུ་བཅད་པ་ལྔ་བཅུ་རྩ་གསུམ་པ་ལ་སོགས་པ་གཉིས་ཀྱིས། གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་གཅིག་དང་ཉི་མ་ཞེས་པ་ལ་སོགས་པའི་ཆ་ཤས་ཀྱིས་ངེས་པ་གསུངས་སོ།། དེའི་ཕྱིར་སོར་ཕྱེད་བརྗོད་པའི་རེ་མིག ་འདི་དག་གིས་ཆད་གང་ཡིན་པ་དེ་ནི་སློབ་དཔོན་གྱིས་སྤྲོས་པའི་དོན་ཏོ།། གཞན་གཉིས་དང་ཆུ་གཏེར་ལ་སོགས་པའི་ཆ་ཤས་ཀྱིས་གང་ཡིན་པ་དེ་ནི་བྱིས་པའི་སློབ་མ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་གསུངས་པའོ།། དེའི ་ཕྱིར་ཐིག་གང་ཞིག་དབྱི་བར་བྱ་བ་དེ་དག་ནི་གདབ་པར་བྱ་བ་མ་ཡིན་ནོ་ཞེས་པ་ཆོ་ག་གཞན་ལས་ངེས་པའོ།། དེ་ནས་རྩ་བའི་རྒྱུད་ཀྱི་ཀྱི་རྗེས་སུ་འབྲངས་ནས་སྤྲོས་པ་མེད་པ་ཟླ་བའི་ཆ་དག་པས་ཐིག་གདབ་པ་བརྗོད་པར་བྱ་སྟེ། དེ་བཞིན ་དུ་བཅོམ་ལྡན་འདས་ཀྱི་གསུངས་པ། གྲུ་བཞི་མཉམ་པའི་ས་དག་ལ།། བཅུ་དྲུག་ཆར་བྱས་ནས་ནི།། སྐུ་ཡི་དཀྱིལ་འཁོར་དེར་བྱ་སྟེ།། སླར་ཡང་ཆ་ནི་བཅུ་དྲུག་པ།། གསུང་ལ་སོགས་པའི་དཀྱིལ་འཁོར་བྱ།། དེ་ནས་གསུང་གི ་དཀྱིལ་འཁར་དག། དོར་ནས་ཆ་ནི་བདུ་དྲུག་པ།། སླར་ཡང་ཐུགས་ཀྱི་དཀྱིལ་འཁོར་བྱ།། དེ་ལྟར་ཕྱུགས་གསུམ་ཡང་དག་དག། དཀྱིལ་འཁོར་གསུམ་གྱི་བདག་ཉིད་དོ།། དེ་ནས་གཉིས་དང་ཆུ་སོགས་ཆུས།། དཀྱིལ་འཁོར་གསུམ་དུ ་ཐིག་གདབ་པོ།། ཞེས་པ་ལ་སོགས་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལོ་ཐིག་གདབ་པོའི་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རྩ་བའི་རྒྱུད་ལས་གསུངས་པའི་ཆོ་ག་དེ་ཡིས་དབྱི་བའི་ཐིག་རྣམས་སྤངས་ནས་རྡོ་རྗེ་སློབ ་དཔོན་གྱིས་ཐིག་གདབ་པར་བྱའོ་ཞེས་པ་ནི་ངེས་པའོ།། འདིར་ཡང་ཁྲུ་བཞིའི་བདག་ཉིད་ཀྱི་དཀྱིལ་འཁོར་གསུམ་ལ་སོར་ཕྱེད་པའི་ཆ་དགུ་ཅུ་རྩ་དྲུག་ཉིས་འགྱུར་དུ་གསུངས་པར་འགྱུར་རོ།། དེ་ལ་ཆ་བཅུ་དྲུག་པོ་རྣམས་ཀྱི་ཆ་སོ་སོ་ལ ་སོར་ཕྱེད་པ་བཅུ་གཉིས་སུ་འགྱུར་ཏེ། དེ་ལྟར་ན་ཆ་བཅུ་དྲུག་པོ་རྣམས་ལ་སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས་འགྱུར་དུ་འགྱུར་རོ།། དེའི་ཕྱིར་དེང་པོ་དཀྱིལ་འཁོར་གྱི་དོན་གྱི་ས་གཞི་ཆ་བཅུ་དྲུག་ཏུ་བྱའོ།། དེ་ནས་ཕྱི་རོལ་གྱི་ཕྱོགས་བཞི ་རྣམས་སུ་ཆ་བཞི་དོར་ཏེ་ངོས་གཉིས་ཀ་ལ་ཆ་བརྒྱད་དོར་ནས་གསུང་གི་དཀྱིལ་འཁོར་གྱི་དོན་དུ་འགྱུར་རོ།། དེ་ནས་གསུང་གི་དཀྱིལ་འཁོར་ལ་ཆ་སོ་སོའི་དབུས་སུ་ཐིག་བཏབ་ནས་ཆ་བརྒྱད་པོ་གང་ཡིན་པ་དེ་ཉིད་ཆ་བཅུ་དྲུག་ཏུ་བྱའོ།། དེ ་ལ་ཆ་བཅུ་དྲུག་པོ་རྣམས་ནི་སོར་ཕྱེད་པ་དྲུག་པར་འགྱུར་རོ།། དེ་དག་ལས་ཀྱང་ཐུགས་ཀྱི་དཀྱིལ་འཁོར་གྱི་དོན་དུ་ཤར་དུ་ཆ་བཞི་དང་། དེ་བ་ཞིན་དུ་ནུབ་དང་བྱང་དང་ལྷོ་རུ་ཡང་དོར་ནས་སྙིང་པོར་ཆ་སོ་སོའི་དབུས་སུ་ཐིག་གདབ་སྟེ། ཆ་བརྒྱ ་པ་གཞན་ཆ་བཅུ་དྲུག་ཏུ་བྱའོ།། ཐུགས་ཀྱི་དཀྱིལ་འཁོར་དེ་ལ་ཆ་བཅུ་དྲུག་པོ་རྣམས་ནི་སོར་ཕྱེད་པ་གསུམ་པར་འགྱུར་རོ།། དེ་ལྟར་ན་ནོར་དང་དུས་ཀྱིས་འགྱུར་ཞེས་པ་སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱིས་ཏེ། སོར་ཕྱེད་པ་གསུ ་གྱི་བདག་ཉིད་ཀྱི་ཆ་བཅུ་དྲུག་གིས་སོ།། དེ་རྣམས་ལ་ཚངས་པའི་ཐིག་ལས་བྱང་དང་ལྷ་དང་ཤར་དང་ནུབ་ཀྱི་ཆ་གཉིས་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བཞིའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བཞིན་དུ་སོར་ཕྱོད་པ ་གསུམ་གྱི་ཆ་བཞི་ནི་གསུང་གི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་སོ།། དེ་བཞིན་དུ་སོར་ཕྱེད་པ་གསུམ་གྱི་ཆ་བརྒྱད་ནི་སྐུའི་དཀྱིལ་འཁོར་གྱི་སྒོའི་དོན་དུ་གསུངས་ཏེ། དེ་ལྟར་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་ལོ་རང་རང་གི ་འཁོར་ལོའི་ཚད་ཀྱིས་སྒོ་ནི་འཁོར་ལོའི་བརྒྱད་ཆར་འགྱུར་རོ།། འཁོར་ལོ་ཡང་ར་བའི་དང་པོའི་མཚམས་སུ་རིག་པར་བྱ་སྟེ། དཀྱིལ་འཁོར་གསུམ་ག་ལ་ཡང་དེ་བཞིན་ནོ།། ཚངས་པའི་ཐིག་ལས་བྱུང་དང་ལྷོ་དང་ཤར་དང་ནུབ་ཏུ ་སོར་ཕྱེད་པ་གཉིས་སྤངས་ནས་སྙིང་པོའི་པདྨའི་ལྟེ་བ་གཙོ་བོའི་གདན་གྱི་དོན་དང་། ཕྱོགས་བཞིའི་སྒོ་རྣམས་སུ་ལྷའི་པདྨའི་གདན་གྱི་དོན་དུ་ཐིག་གདབ་པར་བྱའོ།། དེ་ནས་བྱང་དང་ལྷོ་དང་ཤྭ་ར་དང་ནུབ་ཀྱི་ཕྱོགས་རྣམས་སུ་ཆུ ་གཏེར་ཞེས་པ་སོར་ཕྱེད་པ་བཞི་ནི་པདྨའི་འདབ་མ་རྣམས་སུ་འགྱུར་ཏེ། གཙོ་བོའི་པདྨ་ནི་ལྷ་དང་ལྷ་མོ་ལྷག་མ་རྣམས་ཀྱི་གདན་ལས་སུམ་འགྱུར་རོ།། དེ་ལྟར་ཚངས་པའི་གནས་སུ་ནི་ཉི་མའི་རེ་མིག་དག་གིས་ཞེས་པ་སོར་ཕྱེད་པ ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་པདྨའོ།། པདྨའི་སུམ་ཆ་ནི་ལྟེ་བ་སྟེ་སོར་ཕྱེད་པ་བཞིར་འགྱུར་རོ་ཞེས་པ་ངེས་པའོ།། ཕྱོགས་རྣམས་སུ་འདབ་མའི་དབུས་སུ་ཐིག་བཏབ་ནས། ལྷག་མ་སོར་ཕྱེད་པ་གསུམ་རྣམས་པ་གཉིས ་སུ་བྱས་ཏེ་རྐང་པ་དང་བཅས་པའི་སོར་ཕྱེད་པའི་ཆ་ཡིས་སྙིང་པོའི་དཀྱིལ་ལ་རྀ་ཁཱ་གསུམ་དུ་འགྱུར་རོ།། གཞན་གྱིས་ན་ལོགས་སུ་འགྱུར་རོ།། དེ་ནས་པདྨའི་འདབ་མའི་ཕྱི་རོལ་ཏུ་སོར་ཕྱེད་པའི་ཆ་གཅིག་གིས་རྡོ་རྗེ་ཕྲེང་བའི ་གནས་སོ།། དེ་ནས་སོར་ཕྱེད་པ་བཞིས་ལྷའི་པདྨ་རྣམས་སོ།། པདྨའི་དབུས་སུ་ཐིག་བཏབ་ནས་སྔ་མ་མ་ཡིན་པའི་རྡོ་རྗེ་ཕྲེང་བའི་ཆ་དང་ལྷན་ཅིག་སོར་ཕྱེད་པ་གསུམ་དུ་འགྱུར་ཏེ། དེ་རྣམས་ཀྱི་དབུས་སུ་ཐིག་བཏབ་ནས་ཕྱེད ་དང་བཅས་པ་ཕྱེད་དང་བཅས་པའི་ཆ་ཡིས་འགྲམ་གྱི་གནས་སུ་ར་བིའི་ས་དང་རྟ་བབས་ཀྱི་ཀ་བར་འགྱུར་རོ།། དེ་ནས་སངས་རྒྱས་ཀྱི་གདན་ལས་ཕྱི་རོལ་དུ་སོར་ཕྱེད་ཀྱིས་ཕྱིའི་རྡོ་རྗེ་ཕྲེང་བར་འགྱུར་རོ།། སངས་རྒྱས་དང་ལྷ་མ ་རྣམས་ཀྱི་བར་གྱ་ལ་ཚེ་རྣམས་ལ་བུམ་པ་བམ་ཐོད་པ་རྣམས་ཀྱི་གདན་བརྒྱད་དུ་འགྱུར་ཏེ། གཡོན་དང་གཡས་སུ་ཀ་བ་བཅུ་དྲུག་གི་བར་དུ་སོར་ཕྱེད་པའི་ཆ་གསུམ་གྱིས་སོ།། ལྷག་མ་ནི་སངས་རྒྱས་ཀྱི་གདན་གྱི་ཚད་ཀྱིས་སོ།། ་དེ་ནས་རྡོ་རྗེ་ཕྲེང་བ་ལས་སོར་ཕྱེད་པ་གསུམ་པའི་ཆ་གཉིས་དོར་ནས་སོར་ཕྱེད་ཀྱིས་ཐིག་གདབ་སྟེ། དེ་ནས་བཞི་ཡིས་དྲི་ལ་སོགས་པའི་ལྷ་མོ་རྣམས་དང་སྣ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གདན་གྱི་དོན་དུ་ཐིག་གདབ་པར་བྱའོ།། ་དེ་ནས་སོར་ཕྱེད་དོར་ནས་ཕྱེད་དང་བཅས་པའི་སོར་མོ་ཕྱེད་ཀྱིས་ར་བ་གསུམ་དུ་འགྱུར་རོ།། དེ་བཞིན་དུ་ར་བའི་ས་ལས་ཉིས་འགྱུར་ནི་ཁ་ཁྱེར་གྱི་སའོ།། ཁ་ཁྱེར་གྱི་ཕྱེད་ཀྱིས་རིན་ཆེན་སྣམ་བུའོ།། རིན་ཆེན་སྣམ ་བུ་ཉིས་འགྱུར་གྱིས་དོ་ཤལ་དང་དཽ་ཤལ་ཕྱེད་པའི་སའོ།། དོ་ཤལ་གྱི་ས་ཕྱེད་ནི་བྷུ་ཀུ་ལི་དང་ཀྲི་མ་ཤཱ་ར་ཥའོ།། དེ་ལྟར་ན་སྒོ་དང་མཉམ་པ་ནི་སྒོ་ཁྱུད་དོ།། སྒོ་ཁྱུད་དང་མཉམ་པ་ནི་ལོགས་ཏེ་འགྲམ་ཡང་དེ་བཞིན་ནོ།། ཀ་བེའི ་སྟེང་དུ་རྟ་བབས་ནི་སྒོའི་ཚད་ལས་སུམ་འགྱུར་ཏེ། དེ་ལྟར་ན་སྙིང་པོའི་དཀྱིལ་འཁོར་ལ་ཐིག་གདབ་པའི་ངེས་པའོ།། དེ་ལྟར་ཐིག་ནི་རོ་དང་ཞེས་པ་ནས་བརྩམས་ཏེ། དོ་ཤོལ་ཕྱེད་པ་དག་གི་མཐར་ནི་བཱ་ཀུ་ལིར་ཡང་རབ་ཏུ་འགྱུར ་ཞེས་པའི་མཐར་ཐུག་པ་སྔར་ཐིག་གདབ་པ་དང་། སླར་ཡང་དཀྱིལ་འཁོར་གྱི་དོན་དུ་གཞན་གཉིས་དང་ཆུ་གཏེར་གཅིག་དང་། ཆུ་གཏར་གཅིག་དང་ཞེས་པ་ནས་བརྩམས་ཏེ། རྟ་བབས་རབ་ཏུ་གསུངས་པའི་ཆ་རྣམས་ཀྱིས་ཤེས་པའི ་མཐར་ཐུག་པ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ལ་ཐིག་གདབ་པ་གཉི་ག་རབ་ཏུ་གསུངས་སོ།། ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ངེས་པའོ།། ད་ནི་རྩ་བའི་རྒྱུད་ལས་གསུངས་པའི་རྟ་བབས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ་འདིར་རྟ་བབས་ནི་ཐམས་ཅད་དུ་སྒོའི་ཚད་ལས་སུམ་འགྱུར་དུ་འགྱུར་རོ།། དེ་ལ་ཐུགས་ཀྱི་དཀྱིལ་འཁོར་ལ་སོར་ཕྱེད་པ་དྲུག་གིས་སྒོ་སྟེ། དེ་ལས་སུམ་འགྱུར་སོར་ཕྱེད་པ་བཅོ་བརྒྱད་ཀྱིས་རྟ་བབས་སུ་འགྱུར་རོ།། དེ་ཉིད་ནི་རྩོག་མ ་གསུམ་དུ་བྱ་སྟེ། རྩེག་མ་དང་པོས་ནི་སོར་ཕྱེད་པ་དྲུག་གིས་སོ།། གཉིས་པ་ནི་ཕྱེད་དང་བཅས་པའི་བཞི་ཡིས་སོ།། གསུམ་པ་ནི་ཕྱེད་དང་བཅས་པའི་གསུམ་གྱིས་སོ།། དེ་ནས་གཉིས་ཀྱིས་ཧ་ར་མཱི་དང་། གཉིས་ཀྱིས་བུམ་པ ་སྟེ། དེ་ལྟར་ཆ་བཅོ་བརྒྱད་ཀྱིས་རྟ་བབས་སུམ་བརྩིག་གོ།། དེ་ལ་རྩེག་མ་དང་པོ་ལ་ཀ་བའི་སྟེང་དུ་སོར་ཕྱེད་ཀྱི་ཆས་སྣམ་བུ་སྟེ་རིང་བ་ཉིད་ཀྱིས་སོར་ཕྱེད་པ་ཉི་ཤུ་རྩ་བཞིའོ།། དེའི་སྟེང་དུ་སོར་ཕྱེདཔ་ཀྱི་ཆེས་མྱོས་པ་བསྲུང་བ་སྟེ། ་རིང་བ་ཉིད་ཀྱིས་སོར་ཕྱེད་དྲུག་གོ། དེའི་སྟེང་དུ་སྙིང་པོའི་ལྟེ་བའི་ཚད་ཀྱིས་དབུས་སུ་མཆོད་པའི་ལྷ་མོའི་གནས་གྲུ་བཞིའོ།། དེའི་གཡས་དང་གཡོན་དུ་སོར་ཕྱེད་ཀྱིས་ཀ་བའོ།། དེ་དག་གི་གཡས་དང་གཡོན་དུ་སླར་ཡང་ལྷ་མོའི ་གནས་སོ།། དེ་ནས་སླར་ཡང་གཡས་དང་གཡོན་དུ་ཀ་བའོ།། དེ་དག་གི་གཡས་དང་གཡོན་དུ་རྟ་བབས་ཀྱི་ཀ་བའི་སྟེང་དུ་གླང་པོ་ཆེ་མནན་པའི་སེང་གེ་ཟུང་ཞིག་མགོ་བོ་སྟེང་དུ་བལྟས་པའོ།། དེ་དག་གི་མགོ་བོའི་སྟེང་དང་ཀ་བཾ ་བཞིའི་སྟེང་དུ་འོག་གི་སྣམ་བུའི་ཕྱེད་ཀྱི་ཆས་སྣམ་བུར་འགྱུར་ཏེ། རིང་བ་ཉིད་ཀྱིས་སོར་ཕྱེད་པ་བཅོ་བརྒྱད་པའོ།། དེའི་སྟེང་དུ་རྩ་བའི་མྱོས་པ་སྲུང་བ་བཞིན་དུ་མྱོས་པ་སྲུང་བ་སྟེ། རིང་བ་ཉིད་ཀྱིས་སོར་ཕྱེད་པ་བཅུ་གཉིས་པའོ།། ་དེའི་སྟེང་དུ་རྐང་པས་དམན་པའི་སོར་ཕྱེད་ཀྱི་ཆ་ཡིས་ཀ་བ་སོ་སོ་སྟེ། ཀ་བའི་བར་དུ་སོར་ཕྱེད་པོ་གསུམ་གསུམ་གྱིས་ལྷའི་གནས་སིམ་མཚན་མའི་གནས་གསུམ་མོ།། ཕྱི་རོལ་གྱི་ཀ་བ་དག་གི་གཡས་དང་གཡོན་དུ་ཤཱ་ལ་བྷཉྩི་ཀཱ་བྱའོ།། ་དེ་དག་གི་མགོའི་སྟེང་དང་ཀ་བ་བཞིའི་སྟེང་དུ་སླར་ཡང་སོར་ཕྱེད་པ་ཕྱེད་ཀྱི་ཆ་ཡིས་སྣམ་བུ་སྟེ་རིང་བ་ཉིད་ཀྱིས་སོར་ཕྱེད་པ་བཅོ་ལྔའོ།། དེའི་སྟེང་དུ་སྔ་མ་བཞིན་དུ་སོར་ཕྱེད་ཀྱིས་མྱོས་པ་སྲུང་བ་སྟེ། རིང་བ་ཉིད ་ཀྱིས་སོར་ཕྱེད་བརྒྱད་པའོ།། དེའི་སྟེང་དུ་སོར་ཕྱེད་ཕྱེད་ཀྱི་ཆ་ཡིས་ཀ་བ་སོ་སོ་བྱའོ།། ཀ་བའི་བར་བར་དུ་རྩ་བའི་རྩིརྩེག་མའི་ལྷའི་གནས་ཀྱི་ཕྱེད་ཀྱི་ཆ་ཡིས་གནས་གསུམ་མོ།། དེ་ལ་ཕྱི་རོལ་གྱི་ཀ་བ་དག་གི་གཡས་དང་གཡོན་དུ ་སླར་ཡང་ཤཱ་ལ་བྷཉ་ཛི་ཀ་བྱའོ།། དེའི་སྟེང་དུ་ཆ་ཕྱེད་ཀྱིས་སྣམ་བུ་སོར་ཕྱེད་བཅུ་གཉིས་པའོ།། དེའི་སྟེང་དུ་ཧར་མི་རིང་བ་ཉིད་ཀྱིས་སོར་ཕྱེད་བརྒྱད་པའོ།། དེའི་སྟེང་དུ་གཉིས་ཀྱི་བུམ་པ་སྟེ། གཡས་དང་གཡོན་དུ་རྒྱལ་མཚན ་གྱི་ཡུ་བའི་གནས་སོ།། དེ་བཞིན་དུ་སྣམ་བུ་སོ་སོའི་རྩེ་མོར་རྔ་ཡབ་དང་མེ་ལོང་འབྱུང་བ་དང་རྒྱལ་མཚན་ཏེ། རྟ་བབས་ཀྱི་ཚད་ཀྱི་མཚན་ཉིད་རྩ་བའི་རྒྱུད་ལས་གསུངས་པའོ།། ད་ནི་གསུང་གི་དཀྱིལ་འཁོར་གསུངས་པ། རེ་མིག ་དྲུག་གི་རྟ་བབས་འོག་དུ་ནོར་གྱི་པདྨ་དང་ལྡན་རྣལ་འབྱོར་མ་རྣམས་སྣམ་བུའི་ཞེས་པ་སྟེ་འདིར་གསུང་གི་དཀྱིལ་འཁོར་ལ་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་དྲུག་གི་བདག་ཉིད་ཀྱི་ཆ་བཞི་པོ་གང་ཡིན་པ་དེ་དག་ལས་ཆ་གཉིས་ལས ་སྙིང་པོའི་དཀྱིལ་འཁོར་གྱི་རབ་དང་ཁ་ཁྱེར་དང་རིན་ཆེན་སྣམ་བུ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། བཱ་ཀུ་ལཱི་དང་། ཀྲ་མ་ཤཱི་ར་ཥ་རྣམས་བཀོད་དེ། ལྷག་མ་ཆ་གཉིས་གནས་སོ།། དེ་དག་ལས་ཆ་གཅིག་དོར་ནས་ཆ་གཞན ་གྷི་རེ་མིག་དྲུག་པོ་རྣམས་ལས་སྟེང་དང་འོག་དུ་རེ་མིག་རེ་རེ་དོར་དེ་དབུས་སུ་ཆ་བཞི་ཡིས་རྣལ་འབྱོར་མ་རྣམས་ཀྱིས་པདྨ་བརྒྱད་ཀྱི་སྣམ་བུ་སྟེ་ཕྱོགས་དང་མཚམས་རྣམས་ཐམས་ཅད་དུ་པདྨའོ།། ཕྱོགས་རྣམས་སུ་རྟ་བབས་ཀྱི་འོག་ཏུ ་སྟེ། རྩེག་མ་གཉིས་པའི་མྱོས་པ་སྲུང་བ་སོར་ཕྱེད་བཞི་ཙམ་དུ་བཤིག་ཅིང་ཀ་བཟུང་དག་སོར་མོ་ཕྱེད་པ་ཕྱེད་ཙམ་བཀྱེད་ནས་རྣལ་འབྱོར་མ་རྣམས་ཀྱིས་པདྨ་བྱའོ།། ལྷ་མོ་རྣམས་མེད་ན་སླར་ཡང་སྔར་བརྗོད་པའི་མཚན་ཉིད་དེ། མཚན ་ཉིད་དེ་ཉིད་ཀྱི་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་ལ་སྒོ་ནས་བརྩམས་ཏེ་རྟ་བབས་ཀྱི་མཐར་ཐམས་ཅད་ཉིས་འགྱུར་རོ་ཞེས་པ་ནི་ངེས་པའོ།། ད་ནི་དེ་ནས་ཤེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་གསུངས་ཏེ། འདིར་སྐུའི་དཀྱིལ ་འཁོར་ཕྱོགས་བཞི་རྣམས་སུ་སོར་ཕྱེད་པ་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཆ་བཞི་པོ་གང་ཡིན་པ་དེ་དག་ལས་ཆ་གཉིས་ལ་གསུང་གི་དཀྱིལ་འཁོར་གྱི་ར་བ་དང་ཁ་ཁྱེར་དང་རིན་ཆེན་སྣམ་བུ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་བཀུ་ལཱི་དང ་ཀྲ་མ་ཤྭ་ར་བ་རྣམས་བཀོད་དེ། ལྐོག་མ་ཆ་གཉིས་གནས་སོ།། དེ་ནས་ཏེ་གསུང་གི་དཀྱིལ་འཁོར་གྱི་མཐའ་ནས། རོ་ཡིས་བསྒྱུར་བའི་དུས་ཀྱིས་ཤེས་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞི་ཡིས་དཔལ་ལྡན་ཚོན་གྱི་སར་འགྱུར་ཏེ། དེ་ཁཱ ་ལྔའི་བར་དུའོ་ཞེས་པ་ནི་ངེས་པའོ།། དཀྱིལ་འཁོར་དེ་ལ་ཕྱོགས་ཟུར་རྣམས་ཉི་མའི་པདྨ་ཞེས་པ་ནི་པདྨ་བཅུ་གཉིས་ཏེ། ཉི་འགྱུར་ར་མ་ནུའི་འདབ་ལྡན་ཞེས་པ་འདོབ་མ་ཉི་ཤུ་རྩ་བརྒྱད་པའོ།། ཉི་མའི་རེ་མིག་དག་གིས་ཤེས་པ ་ནི་སོར་ཕྱེད་པའི་ཆ་བཅུ་གཉིས་ཀྱིས་ཏེ། སོར་ཕྱེད་པ་ཆ་བཅུ་གཉིས་པོ་དེ་དག་ཆ་བདུན་དུ་བྱས་ནས་དབུས་ཀྱི་ཆ་ཡིས་ལྟེ་བའོ།། གཡས་དང་གཡོན་གྱི་ཆ་གཉིས་པས་འདབ་མ་བཞིའོ།། གཡས་དང་གཡན ་གྱིས་པས་འདབ་མ་བརྒྱད་དོ།། གཡས་དང་གཡོན་གྱི་བཞི་པས་འདབ་མ་བཅུ་དྲུག་སྟེ། དེ་ལྟར་ན་འདབ་མོ་ཉི་ཤུ་རྩ་བརྒྱད་བྱའོ།། དེ་བཞིན་དུ་སྙིང་པོའི་སྒོ་ནི་མུན་པའི་ཡོན་ཏན་གྱི་དབང་གིས་ཏེ། དེ་ལས་བར་མའི་དཀྱིལ་འ་ཁོར ་གྱི་སྒོ་རྡུལ་གྱི་ཡོན་ཏན་གྱི་དབང་གིས་ཉིས་འགྱུར་རོ།། དེ་ལས་སྙིང་སྟོབས་ཀྱིས་ཡོན་ཏན་གྱི་དབང་གིས་སྐུའི་དཀྱིལ་འཁོར་གྱི་སྒོ་བཞི་རུ་འགྱུར་རོ།། དེ་བཞིན་དུ་ར་བ་སོགས་ཏེ་རྟ་བབས་ལ་སོགས་པ་དང་། དཀྱིལ་འཁོར་གསུམ ་བཀོད་རྣམས་ཏེ་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་བཀོད་པ་རྣམས་ནི་བརྒྱད་པ་གསུམ་གྱིས་ཤེས་པ་ཉི་ཤུ་རྩ་བཞི་རབ་ཏུ་བྱའོ།། དཀྱིལ་འཁོར་གསུམ་པོ་དེ་དག་རྣམས་ཀྱི་ཐོག་མའི་ཆ་ལ་ཉི་ཟླ་འཆར་བའི་དཀྱིལ་འཁོར་དེ་ཕྱེད ་རེ་མིག་ངག་གིས་ཏེ་བཅུ་གཉིས་བྱའོ།། དེ་དག་རྣམས་ཀྱི་མཐའ་ལ་རྡོ་རྗེ་འཕྲེང་བ་བཅུ་གཉིས་ཀྱིས་བྱ་སྟེ། ཉི་ཤུ་རྩ་བཞི་རྣམས་ཀྱིས་རྡོ་རྗེའི་མེ་ལྕེའོ།། དེ་ལ་སྒོའི་མཐའི་འཁོར་ལོ་གང་ཡིན་པ་དེ་ནི་སོ་སོར་རྩིབས་བརྒྱད་པ ་སྟེ་རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་སུ་བཅུ་གཉིས་ཀྱིས་སོ།། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཀ་པའི་འོག་ཏུ་ཁ་ཁྱེར་ལ་བཅུ་གཉིས་ཀྱི་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པའི་དཀྱིལ་འཁོར་རོ།། ཤིང་རྟ་ནི་བཅུ་གཉིས ་ཀྱི་སྒོའི་དབུས་སུ་སྟེ། དེ་ཉིད་ལས་གསུང་གི་དཀྱིལ་འཁོར་གྱི་རྟ་བབས་སོར་ཕྱེད་པ་བཅུ་གཉིས་སྤངས་ནས། སྒོའི་ཕྱེད་གཉིས་པ་ལ་དབང་པོ་ལ་སོགས་པའི་ལྷའི་སྣམ་བུ་དང་མཚུངས་པའི་ཤིང་རྟ་བྱའོ།། སྐུའི་དཀྱིལ་འཁོར་ལ་ཤར་དང་ནུབ ་ཀྱི་རྟ་བབས་ཀྱི་བུམ་པ་སྤངས་ནས་ན་མཁའ་དང་ས་འོག་གི་ཤིང་རྟ་བལྟ་བར་བྱའོ།། དཀྱིལ་འཁོར་གྱི་ཐིག་གདོབ་པའི་ངེས་པའོ།། ང་ནི་རྡོ་རྗེ་ཞེས་པ་ལ་སོགས་པ་རྡུལ་ཚོན་གདབ་པའི་ཚིག་གསུངས་ཏེ། འདིར་ཐིག་བཏབ་ཅིང་སྟེའི ་གནས་ཐམས་ཅད་སྦྱངས་པར་གྱུར་པ་ན་དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་གཏོར་མ་བྱིན་ཏེ། ཕྱི་ནས་རྡུལ་ཚོན་དགྱེ་བ་བརྩམ་པར་བྱའོ།། དེ་ལ་འབྱོར་པ་དང་རྗེས་སུ་མཐུན་པས་མཚོན་ལྔ་བྱ་སྟེ། འཁོར་ལོས་སྒྱུར་བའི་འབྱོར་པ ་ལ་རྡོ་རྗེ་ལ་སོགས་པའི་རིན་པོ་ཆེ་ལྔ་ཡིས་ཕྱེ་མ་བྱའོ།། དེ་ལ་མ་ར་ཀ་ཏ་ཡིས་ལྗང་གུའི་ཕྱེ་མའོ།། ཨིནྡོ་ནཱི་ལ་ཡིས་ནག་པོའོ།། པདྨ་རཱ་ག་ཡིས་དམོར་པོའོ།། ཟླ་བ་ཆུ་ཤལ་གྱིས་དཀར་པོའོ།། ཀར་ཀེ་ཏ་ན་ཡིས་སེར་པོའོ།། མཐོན ་ཀ་ཆེན་པོ་ཡིས་སྔོན་པོའོ།། དེ་བཞིན་དུ་ཐུན་མོང་བའི་འཁོར་ལོས་སྒྱུར་བ་རྣམས་ཀྱི་ཕྱེ་མ་ནི་སེར་པོའོ།། མུ་ཏིག་གི་ཕྱེ་མ་ནི་དཀར་པོའོ།། བྱི་རུའི་ཕྱེ་མ་ནི་དམར་པོའོ།། མུ་མེན་གྱི་ཕྱེ་མ་ནི་ནག་པོའོ།། ཚོན་བཞི་བསྲེས་པ་ནི་ལྗང ་གུའོ།། དབྱེ་བ་ལྔ་ཡིས་འབྲུ་འམ་ཞེས་པ་ནི་མུད་ག་ལ་སོགས་པ་འམ། འབྲས་མ་ཉམས་པ་དག་གམ།། རྣམ་མང་ནོར་བུའི་ཕྱེ་མའི་ཚོན་དག་གམོ། བཏགས་པའི་ཚོན་ཐུན་མོང་བ་དག་གིས་ནི་སེམས་ཅན་ཐམས་ཅད་ཀྱིས་ཏེ། རྡོ་རྗེ ་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་མ་ཉམས་པའི་འབྲུ་རྣམས་ཀྱིས་སོ།། མ་ར་ཀ་ཏ་ལ་སོགས་པའི་ཕྱེ་མ་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་བཏགས་པའི་ཚོན་རྣམས་ཀྱིས་ཏེ། ཇི་ལྟར་འབྱོར་པ་ལས་འདི ་ངག་གིས་ཕྱོགས་ཀྱི་ཆར་ས་ལ་རྡུལ་ཚོན་གདབ་པར་འགྱུར་ཏེ། ཀྱེ་མིའི་བདག་པོ་དེ་ཉིད་ནི་སངས་རྒྱས་དབྱེ་བ་འཆད་པར་འགྱུར་བ་དག་གིས་ཏེ་དཀྱིལ་འཁོར་ལའོ།། ཕྱི་རོལ་དུ་ཡང་སའི་དཀྱིལ་འཁོར་ལ་སེར་པོས་སོ།། ཆུ་ལ ་དཀར་པོས་སོ།། མེ་ལ་དམར་པོས་སོ།། རླུང་གི་དཀྱིལ་འཁོར་ལ་ནག་པོས་ཏེ་རིམ་པས་སོ།། ད་ནི་ཤར་དུ་ཞེས་པ་ལ་སོགས་པས་ཚོན་གྱི་སའི་ཁ་དོག་གསུངས་ཏེ། འདིར་བདག་པོའི་མཚན་མ་དང་ཞལ་གྱི་དབང་གིས་དཀྱིལ་འཁོར ་ས་ལ་ཕྱོགས་ཀྱི་ཆར་འགྱུར་ཏེ། ཞལ་ནག་པོ་ལ་སོགས་པས་སོ།། དེས་ན་ཐུགས་རྣམ་པར་དག་པས་ཤར་དུ་དཔལ་ལྡན་ནག་པོའི་སར་འགྱུར་རོ།། གསུང་རྣམ་པར་དག་པས་ལྷོ་རུ་ཉི་མ་དང་མཚུངས་པའོ།། ཡེ་ཤེས་ཀྱི ་ཞལ་རྣམ་པར་དག་པས་ནུབ་ཏུ་གསེར་མདོག་སྟེ་སེར་པོའོ།། སྐུའི་ཞལ་རྣམ་པར་དག་པས་བྱང་དུ་ཡང་གཞན་ཏེ་དཀར་པོའོ།། དེ་ལྟར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་ཕྱོགས་རྣམས་སུ་རྡུལ་ཚོན་དགྱེ་བར་བྱའོ།། དེ་ཡང་དབང ་ལྡན་གྱི་ཕྱོགས་ནས་བརྩམས་ནས་ཆེན་དཀར་པོ་ལ་སོགས་པ་ལས་ཀྱི་རྗེས་སུ་འབྲངས་པས་ཕྱོགས་རྣམས་སུ་བཏབ་སྟེ། དེ་ནས་ཞལ་གྱི་དབྱེ་བས་དགྱེ་བར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་དཀར་དང་ཞེས་པ་ལ་སོགས ་བས་ཁ་ཁྱེར་ལ་སོགས་པ་རྣམས་ཀྱི་རྡུལ་ཚོན་གྱི་ཁ་དོག་གསུངས་ཏེ། འདིར་ཁ་ཁྱེར་ནི་དཀར་པོ་སྟེ་དེ་ཡང་གཟུངས་ཀྱི་སྣམ་བུའོ།། དེའི་སྟེང་དུ་རིན་ཆེན་སྣམ་བུའི་ས་དམར་པོ་སྟེ། དེ་ལ་རིན་པོ་ཆེའི་འཚང་བ་རྣམ་པར་བཀྲ་ཞིང ་སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པའོ།། དེ་བཞིན་དུ་དོ་ཤལ་གྱི་ས་ནག་པོ་སྟེ། དེ་ལ་དོ་ཤལ་དང་དོ་ཤལ་ཕྱེད་དང་མེ་ལོང་དང་རྔ་ཡབ་རྣམས་སོ།། བ་ཀུ་ལཱི་དཀར་པོའོ།། ཀ་བ་སེར་པོའོ།། ཀྲ་མ་ཤཱི་ར་ཥ་དཀར ་པོའོ།། ལྷའི་པདྨ་རྣམས་ནི་ཟླ་བའི་ཁ་དོག་དང་ཉི་མའི་ཁ་དོག་གོ། དེ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་ཐམས་ཅད་ལ་སྐྲ་དང་གསུང་དང་ཐུགས་དག་པས་ར་བ་རྣམས་ནི་དཀར་པོ་དང་དམར་པོ་དང་ནག་པོའི་རེ་ཁཱར་འགྱུར་རོ།། དབུས ་སུ་ཞེས་པ་ལ་སོགས་པས་སྙིང་པོའི་པདྨ་ལ་སོགས་པའི་ཁ་དོག་གསུངས་ཏེ། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་པདྨ་འདབ་མ་བརྒྱད་ལྗང་གུའོ།། ཞི་བ་ལ་སོགས་པ་རྣམས་ལ་དཀར་པོ་ལ་སོགས་པར ་འགྱུར་ཏེ་ཐུན་མོང་གིས་ལྗང་གུའོ།། བུང་བ་དང་མཚུངས་ཀ་བ་རྡོ་རྗེ་ཕྲེང་བར་འགྱུར།། པདྨའི་ཕྱི་རོལ་དུ་ཀ་བ་བཅུ་དྲུག་ནི་ཤར་ལ་སོགས་པ་རྣམས་ཏེ། རལ་གྲི་དང་རིན་པོ་ཆེ་དང་འཁོར་ལོ་དང་པདྨའི་ཕྲེང་བ་དང་ལྡན་པ་བཞི་བཞི་ཉིད ་དོ།། འདིར་སྙིང་པོའི་དཀྱིལ་འཁོར་གྱི་ཟུར་བཞི་རྣམས་སུ་གྲངས་བཞིན་དུ་དབང་ལྡན་དུ་དུང་ཟླ་བའི་ཁ་དོག་ཅན་དང་། བདེན་བྲལ་དུ་ཆོས་ཀྱི་གཎྜཱི་ཉི་མའི་ཁ་དོག་དང་། མེའི་ཟུར་དུ་ཡིད་བཞིན་གྱི་ནོར་བུ་ཁ་དོག་ནག་པོ་དང ་རླུང་གི་ཟུར་དུ་དཔག་བསམ་གྱི་ཤིང་སེར་པོའོ།། དེ་བཞིན་དུ་ཕྱོགས་བཞི་རྣམས་སུ་སངས་རྒྱས་དང་ལྷ་མོ་རྣམས་དང་ཀ་བ་བཅུ་དྲུག་གི་བར་དུ་བུམ་པ་དཀར་པོ་རྣམས་ཏེ་ཕྱོགས་བརྒྱད་དུ་པདྨའི་སྟེང་ན་གན ་ཤིང་པདྨའི་ཁ་དང་ལྡན་པའོ།། འདིར་པདྨ་དམར་པོའི་སྟེང་དུ་ལྷ་མོ་རྣམས་ཀྱི་ཟླ་བའི་གདན་དུ་འགྱུར་ཞིང་། པདྨ་དཀར་པོའི་སྟེང་དུ་ལྷ་རྣམས་ཉི་མའི་གདན་དུ་འགྱུར་ཏེ། འདབ་མ་བརྒྱད་པོ་རྣམས་སྤངས་ནས་པདྨའི་སུམ་ཆའི་ལྟེ་བ ་ལའོ།། ལྷ་མོ་རྣམས་ཀྱི་ཟླ་བའི་གདན་ཡང་ཟུར་རྣམས་སུ་སྟེ། ལྷ་རྣམས་ཀྱི་ནི་ཕྱོགས་སུའོ།། ཐམས་ཅད་ཀྱི་ཕྱི་རོལ་ཏུ་ནི་རྡོ་རྗེ་ཕྲེང་བར་འགྱུར་ཏེ། གཙོ་བོའི་པདྨའི་ཁ་དོག་གི་དབང་གིས་བྱའོ།། རྟ་བབས་ནི་ཁ་དོག་སྣ་ཚོགས་སུ ་བྱའོ།། རྩ་བའི་དཀྱིལ་འཁོར་ལ་རྡུལ་ཆེན་དགྱེ་པའི་ཁ་དོག་ག་ངས་པའོ།། ད་ནི་གསུང་དང་སྐུའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཁ་དོག་གསུངས་པ། དཀར་པོའི་མངག་ཅེས་བྱ་བ་སྟེ། འདིར་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར ་རྣམས་དང་། འདོད་པ་ལ་སོགས་པ་རྣམས་དང་། སྐུའི་དཀྱིལ་འཁོར་ལ་ཕྱིར་འདོད་མ་ལ་སོགས་པ་རྣམས་ཀྱི་སྔམ་བྲྀནྡྷེ་དཀར་པོའི་མདོག་ཏུ་འགྱུར་ཞིང་ནོར་གྱི་པདྨ་སྟེ་པདྨ་བརྒྱད་ཀྱི་བཞིའི་སྣམ་བུ་དག་ཀྱང་ཕྱོགས་དང་ཕྱོགསོ་བྲ ་ཀུན་ཏུ།། དེ་ལ་ཕྱོགས་ཀྱི་ཆར་ནི་པདྨ་རྣམས་ཁ་དོག་དམར་པོར་འགྱུར་རོ།། རྒྱལ་བའི་དབང་གིས་ཏེ་སངས་རྒྱས་ཀྱི་དབང་པདྨ་དཀར་པོ་འུར་དུག།། པདྨ་དེ་དག་ནི་ཉི་མ་དང་ཟླ་བའི་གདན་གྱིས་རྣམ་པར་དམན་པ་འོད་བ་མ་བ ་པ་སྐྱེད་དེ་བཞིན་ཉིད་དུ་འཆི་མེད་རྣམས་ཀྱི་ཉི་འགྱུར་མ་ནུའི་འདབ་ལྡན་ཏེ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ནི་ཟླ་བ་དང་ཉི་མས་རྣམ་པར་དམན་པའོ།། གསུང་གི་དཀྱིལ་འ་ཁོར་ལ་མཁའ་སོགས་རེ་ཁཱ་ལྔ་པོ་གང་ཡིན། དེ་དག་ར ་བཞིན་ཡོན་ཏན་དབང་གིས་སུམ་ཆ་བར་དུ་གནས་ཞེས་པ་ནི་འདིར་གསུང་གི་དཀྱིལ་འཁོར་ལ་རང་བཞིན་ནི་ན་མཁའ་ལ་སོགས་པ་དཀྱིལ་འཁོར་རབ་ཏུ་འབབ་པ་སྟེ། དེས་ན་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས ་ལ་གཡོན་པའི་རྒྱུ་བའི་དབང་གིས་སྤྲོ་བའི་སྦྱོར་བས་ན་མཁའ་དང་། རླུང་དང་། མེ་དང་། ཆུ་དང་ས་རྣམས་ལྗང་གུ་དང་ནག་པོ་དང་། དམར་པོ་དང་། དཀར་པོ་དང་སེར་པོའི་ཁ་དོག་སྟེ། རིམ་པ་བཞིན་དུ་སྙིང་པོ་བརྩམས་ནས་ཁ་ཁེར ་གྱི་ངང་དུའོ།། དེ་བཞིན་དུ་བསད་པ་ལ་སོགས་པ་དང་། མནན་པ་ལ་སོགས་པ་ལས་ལ་སོགས་པ་རྣམས་ཀྱིས་བྱའོ་ཞེས་པ་རང་བཞིན་ཡོན་ཏན་དབང་གིས་འགྱུར་བའོ།། ཆ་གཅིག་དོར་ནས་ཆ་གཉིས་ཀྱིས་རེ་ཁཱ་སོ་སོར་འགྱུར ་བ་ཀང་ཡིན་པ་དེའི་ཕྱིར་ར་བའི་ས་ནི་ཆ་བཅོ་ལྔ་པར་ཤེས་པར་བྱའོ།། དེ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་གྱི་ར་བོའི་ས་ནི་ཆ་དགུ་པའོ།། དེ་བཞིན་དུ་སྐུའི་དཀྱིལ་འཁོར་གྱི་རང་བཞིན་བརྗོད་པར་བྱའོ།། འདིར་སྐུ་ལ་མཐེ་ཆུང ་ལ་སོགས་པའི་སོར་མོ་ལྔ་པོ་རྣམས་ནི་ན་མཁའ་ལ་སོགས་པའི་རང་བཞིན་ཏེ། དེས་ན་ཞི་བ་ལ་སོགས་པའི་དཀྱིལ་འཁོར་ལ་སྤྲོ་བའི་དབྱེ་བས་ཁཾ་དོག་ལྗང་གུ་ལ་སོགས་པའི་རེ་ཁཱའོ།། བསད་པ་ལ་སོགས་པ་ལ ་སྤྱད་པའི་རིམ་པས་སའི་དབྱེ་བས་ས་ཞེས་པ་ནི་ར་བའི་རེ་ཁཱ་ངེས་པའོ།། ད་ནི་ཀ་བའི་འོག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས་ཀྱི་གདན་གསུངས་ཏེ། འདིར་ཕྱི་རོལ་སྐུའི་དཀྱིལ་འཁོར་ལ་རྩ ་བབས་ཀྱི་ཀ་པ་རྣམས་ཀྱི་འོག་གི་ཁ་ཁྱེར་གྱི་གནས་ལ་སྒོའི་མཚམས་སུ་གདེངས་ཅན་རྣམས་ཀྱི་གདན་རླུང་ལ་སོགས་པར་རབ་ཏུ་འགྱུར་ཏེ། ཤར་གྱི་སྒོའི་གཡས་དང་གཡོན་དུ་རླུང་གི་དཀྱིལ་འཁོར་ཟླུམ་པོར་འགྱུར་ཏེ། ་སྙིང་པོའི་པདྨའི་ཚད་ཀྱིས་སོ།། སོགས་པའི་སྒྲས་ལྷོ་རུ་མེའི་དཀྱིལ་འཁོར་ཟུར་གསུམ་དང་། ནུབ་ཏུ་སོའི་དཀྱིལ་འཁོར་གྲུ་བཞི་དང་། བྱང་དུ་ཆུའི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་ནི། ནག་པོ་དང་། དམར་པོ་དང་། ་སེར་པོ་དང་། དཀར་པོ་སྟེ་རིམ་པ་བཞིན་དུ་ཐེག་ལཾ་དང་བཀྲ་ཤིས་དང་རྡོ་རྗེ་དང་པདྨས་མཚན་པའོ།། དེ་བཞིན་དུ་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུ་དང་སྔོན་པོ་ནི་སྒོ་ལ་སོགས་པའི་ཤིང་རྟ་རྣམས་སོ།། ་དུར་ཁྲོད་ཀྱི་འཁོར་ལོ་རྣམས་ནི་ཟླ་བ་དང་ཉི་མའི་ཁ་དོག་སྟེ། གང་ཞིག་འཆད་པར་འགྱུར་བའི་འཁོར་ལོ་དཀར་དང་དམར་པོ་ཞེས་པའོ།། དེ་བཞིན་གཤེགས་པའི་ཁ་དོག་གི་དབྱེ་བས་ཐམས་ཅད་དུ་རྡུལ་ཚོན་གྱི་སའོ།། ད་ནི ་ཉི་མ་དང་ཟླ་བ་འཆར་བའི་གནས་གསུངས་ཏེ། འདིར་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་མཐར་སའི་དཀྱིལ་འཁོར་ཁ་དོག་སེར་པོ་སོར་ཕྱེད་པ་བཅུ་གཉིས་ཀྱིས་བཀོད་པ་གང་ཡིན་པ་དེ་ལ་དབང་ལྡན་དུ་མཚན་མོའི་དབང་གིས ་ཟླ་བ་འཆར་བ་བལྟ་བར་བྱ་སྟེ་ཉ་ལའོ།། དེ་བཞིན་དུ་ལྷ་མིན་ཟུར་ཞེས་པ་བདེན་བྲལ་དུ་ཉི་མ་ནུབ་པ་བལྟ་བར་བྱའོ།། དེ་ལྟར་ན་སའི་དཀྱིལ་འཁོར་ལ་གནས་ཟླ་ཉི་དག་གོ་ཀྱེ་མིའི་དབང་པོ་ཞེས་པའོ།། དེ་ནས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ ་སྒོའི་སྟེང་གི་ཆར་རྟ་བབོས་ཀྱི་རྩེག་མ་དང་པོའི་དབུ་མའི་གནས་སོར་ཕྱེད་བཅུ་དྲུག་གི་བདག་ཉིད་ལ་ཐུགས་ཀྱི་ཞལ་རྣམ་པར་དག་པས་རི་དགས་དང་བཙས་ཆོས་ཀྱི་འཁོར་ལོ་སྤྲིན་གྱི་མདོག་ཏུ་འགྱུར་ཏེ། འཁོར་ལོའི་གཡས ་དང་གཡོན་དུ་རི་དགས་དང་རི་དགས་མའོ།། དེ་ལས་གཞན་པའི་གནོས་སུ་མཆོད་པའི་ལྷ་མོ་སྟེ་ཇི་ལྟར་བརྗོད་པ་ལས་སོ།། དེ་བཞིན་དུ་གཡས་སུ་སྟེ་ལྷོའི་རྟ་བབས་ལ་གསུང་རྣམ་པར་དགེ་བས་བུམ་པ་བཟང་པོ་ཁ་དོག ་དམར་པོ་སྟེ། དེའི་གཡས་དང་གཡོན་དུ་དུང་དང་པདྨའོ།། ནོར་སྦྱིན་དང་བཅས་ཆུར་ནི་ནོར་སྦྱིན་དུ་རྔ་བོ་ཆེ་དཀར་པོ་སྟེ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བའོ།། ནུབ་དུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་གཡས་དང་གཡོན་དུ་མ ་འམ་ཅི་དང་མི་འམ་ཅི་མའོ།། ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་དྲིལ་བུ་མེ་ལོང་བ་དན་རི་བོང་འཛིན་པ་ལྟར་དཀར་རྟ་བབས་དག་ལས་འཕྱང་བར་འགྱུར་བ་དང་། དོ་ཤལ་ཕྱེད་པ་ཁ་དོག་དཀར་པོར་འགྱུར་ཏེ་རིགས་ཀྱི་དབང ་གིས་ཤིང་རྟ་སྒོ་ཡི་དབུས་སུའོ།། འཁོར་ལོ་དཀར་དང་དམར་པོ་རིང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རླུང་ལ་སྒོའི་ཕྱི་རོལ་དུ་རྡོ་རྗེ་འབར་པོ་འཕྲོ་བ་དག་གིས་མིའི་བདག་པོ་ཕྱི་རོལ་རྡོ་རྗེ་ཕྲེང་བ་དག་ཏུའང་འགྱུར།། ཞེས་པ་ནི ་འདིར་རྡོ་རྗེ་ཕྲེང་བའི་དང་པོ་དང་ཐ་མར་ཟླུམ་བསྐོར་བཀོད་ནས། དེའི་ཕྱི་རོལ་ཏུ་འོད་ཟེར་ལྔའི་རང་བཞིན་འབར་བ་བལྟ་བར་བྱ་སྟེ། དེ་ཡིས་དཀྱིལ་འཁོར་གྲུབ་བོ།། སའི་དཀྱིལ་འཁོར་དང་རཀྲ ་མ་ཤཱ་རཱ་དག་གི་བར་དུ་མཆོད་པོའི་རྫས་རྣམས་ཇི་ལྟར་མཛེས་པར་བྱའོ།། དཀྱིལ་འཁོར་གྱི་རྡུལ་ཚོན་གྱི་ཁ་དོག་ངེས་པའོ།། ད་ནི་ར་བའི་རེ་ཁ་རྣམས་ཀྱི་མཚན་ཉིད་དང་བྲལ་བའི་སྐྱོན་གསུངས་པ། སྦོམས ་པས་ཤེས་པ་ལ་སོགས་པ་སྟེ། འདིར་ཞི་བ་དང་རྒྱས་པ་ལ་གང་གི་ཚེ་རེ་ཁཱ་མཚན་ཉིད་དང་བྲལ་བར་གྱུར་པ་དེའི་ཚེ་ལས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེ་ལ་སྦོམས་པས་ནི་སྦྱིན་བདག་གོམ་སློབ་དཔོན་ལ་ནད་དག་ཅིང ་ཕྲ་དང་རེ་ཁཱ་ངན་པས་རྫས་ནི་ཉམས་པ་རབ་ཏུ་གསལ་བར་བྱེད་དོ།། ཆད་པས་འཆི་བ་ཡང་རབ་ཏུ་གསོལ་བར་བྱེད་དོ།། འཁྱོག་པོས་མི་ཡི་བདག་པོ་དང་བཅས་གྲོང་རྡལ་དེ་བཞིན་ཉིད་དུ་བསྐྱོད་པར་བྱེད་དོ།། མཚན ་མ་འམ་ཉི་མ་དང་ཟླ་བའི་གདན་ཆད་པར་གྱུར་ན། སྔགས་པོ་རྣམས་ལ་སྦྲིད་པའི་འཇིགས་པ་འཇོམས་པའི་དངོས་གྲུབ་གང་ཡིན་པ་དེ་མེད་དོ།། ཕན་ཚུན་རྡུལ་ཚོན་རྣམ་པར་འདྲེན་པས། སྦྱིན་བདོག་གི་རྒྱུད་དང ་སློབ་དཔོན་གྱི་རྒྱུད་ཀྱི་རིགས་རྒྱུད་འཆད་པར་འགྱུར་རོ།། དེས་ན་རྒྱལ་བའི་རིགས་ཀྱི་དཀྱིལ་འཁོར་དག་ལ་རིག་པར་བྱ་སྟེ། རབ་ཏུ་འབ་པས་རྡུལ་ཚོནི་ཐམས་ཅད་བསྒྲུབ་བོ་ཞེས་པ་ནི་ངེས་པའོ།། དེ་ནི་མཚན ་ཉིད་དང་བྲལ་བ་གསུངས་པ། འདིར་འཁོར་ལོ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ལྷ་མོ་རྣམས་ཀྱི་ཚོགས་པ་དང་། གཞན་ནི་རྩིབས་བརྒྱད་པ་བརྟེན་གྱི་རང་བཞིན་ནོ།། དེ་ལ་རྩིབས་བརྒྱད་པ་ནི་ཟུར་དུ་དཀར་པོ་དང་ཕྱོགས་རྣམས ་སུ་དམར་པོའོ།། ཚོགས་པའི་རང་བཞིན་ཡང་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་རང་གི་རྒྱལ་བའི་ཁ་དོག་གིས་ཏེ་ལྷ་མོ་རྣམས་ཀྱི་ཁ་དོག་གོ་ཞེས་པའི་དོན་ཏོ།། གང་ཞིག་ཅེས་པ་ནི་འདིར་སྔགས་ཀྱི་ཚུལ་ལ་གང་དུ ་རྒྱུད་ལས་རྒྱལ་བས་ཏེ། དེ་བཞིན་གཤེགས་པས་མཚན་མ་གསལ་བར་མ་གསུངས་པའི་མཚན་མ་དེ་ནི་མཛེས་པའི་དོན་དུ་དཀྱིལ་འཁོར་ལ་དགོད་པར་མི་བྱའོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མཚན་མ་དེ་ནི ་བདུད་ཀྱི་མཚན་མར་འགྱུར་ཏེ། ཕྱིན་ཅི་ལོག་པ་དང་ལྷག་པའི་ཕྱིར་རོ།། རྒྱལ་བ་སྐྱེད་མཛད་རིགས་ལ་སྟེ། རྡོ་རྗེ་སེམས་དཔོའི་རིགས་ལ་རྡོ་རྗེ་སློབ་དཔོན་གྱིས་སོ།། དེའི་ཕྱིར་རྒྱུད་ལས་གསུངས་པའི་ཆོ་གའི ་ཚན་མར་འགྱུར་ཏེ། རིགས་ཀྱི་དབང་གིས་སྒོའི་མཚམས་ནས་དཀྱིལ་འཁོར་ལོའོ།། དོ་ཤལ་ཕྱེད་པའི་མཐར་ནི་རབ་ཏུ་བྱ་ཞེས་པ་ནི་དོ་ཤེལ་ཕྱེད་པས་ཉེ་བར་མཚོན་ནས་པ་ཀུ་ལའི་དང་ཀྲ་མ་ཤིར་ཥའི་མཐར་རོ།། ་སྐུའི་དཀྱིལ་འཁོར་གྱི་མཐར་སའི་དཀྱིལ་འཁོར་བཞི་ལ་པདྨ་བུམ་སོགས་མཛེས་པ་བྱའོ་ཞེས་པ་ནི་ངེས་པའོ།། ད་ནི་ནག་པོ་ལ་སོགས་ཤེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཔངས་གསུངས་ཏེ། འདིར་སྙིང་པོའི་དཀྱིལ ་འཁོར་ལ་རླུང་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས། རྐང་པ་ལ་སོགས་འཕེལ་བ་རྡུལ་ཚོན་དགྱེ་བར་འགྱུར་ཏེ། ཤར་དུ་རེག་བྱའི་ཡོན་ཏན་རྣམ་པར་དག་པ་རྡུལ་ཚོན་ནག་པོ་ནི་ནས་ཀྱི་རྐང་པ་གཅིག་གིས ་དཔངས་སོ།། ལྷོར་རེག་བྱ་དང་གཟུགས་ཀྱི་ཡོན་ཏན་གཉིས་རྣམ་པར་དག་པས་དམར་པོ་ནི་རྐང་པ་གཉིས་སོ།། བྱང་དུ་རེག་བྱ་དང་གཟུགས་དང་རོའི་ཡོན་ཏན་རྣམ་པར་དག་པས་དཀར་པོ་ནི་རྐང་པ་གསུམ་མོ།། ནུབ་ཏུ་རེག་བྱ ་དང་གཟུགས་དང་རོ་དང་དྲིའི་ཡོན་ཏན་བཞིའི་རྣམ་པར་དག་པས་སེར་པོ་ནི་རྐང་པ་བཞིའི་དཔངས་སོ།། དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཉིས་འགྱུར་དང་། སྐུའི་དཀྱིལ་འཁོར་ལ་བཞི་འགྱུར་གྱི་དཔངས་སོ་ཞེས་པ་ནི་ངེས ་པའོ།། ནས་ཀྱང་རང་རང་གི་དཀྱིལ་འཁོར་གྱི་དྲུག་ཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ཤས་སུ་རིག་པར་བྱའོ།། དེ་བཞིན་དུ་ར་བ་རྣམས་ཀྱི་དཔངས་ནི་རྡུལ་ཚོན་སེར་པོའི་དཔངས་སུ་མ་འགྱུར་ཏེ། གཞན་རེ་ཁཱ་ཐུན་མོང་བ་ནི ་རྡུལ་ཚོན་སེར་པོའི་ཉིས་འགྱུར་དུ་འགྱུར་རོ།། པདྨ་རྣམས་ཀྱི་འདབ་མའི་ཕྱི་རོལ་ཏུ་པདྨའི་གཞན་གྱི་སྣམ་བུའོ།། ཉིན་མོར་བྱེད་པ་རི་བོང་ཅན་དང་ཆུ་སྐྱེས་རཾ་ཁཱ་ཉིས་འགྱུར་ནི་ངེས་པའོ།། སྙིང་པོ་དག་ལས་ཕྱི་རོལ་བར་མའི ་དཀྱིལ་འཁོར་ལ་ཉིས་འགྱུར་ཏེ། དེ་ཉིས་འགྱུར་ན་སྐུའི་དཀྱིལ་འཁོར་འདི་ལའོ།། དོ་ཤལ་ཕྱེད་པའི་མཐར་ནི་ནས་གཅིག་སྟེ། བཀྲ་མ་ཤཱི་ར་ཥའི་མཐར་ཕྱི་རོལ་གྱི་མཆོད་པའི་ས་ལའོ།། དེ་བཞིན་དུ་སོ་ཆུ་བསྲེག་ཟ་རླུང ་གི་དཀྱིལ་འཁོར་རྣམས་དང་རྡོ་རྗེ་ཕྲེང་བ་རྣམས་ལ་སྟེ། ཟླུམ་སྐོར་གཉིས་ལ་སྐུའི་དཀྱིལ་འཁོར་གྱི་ར་བའི་ཚད་ཀྱིས་སོ་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབྱེ་བས་རྡུལ་ཚོན་གྱི་དཔངས་ངེས་པའོ།། དགྱེ་བ་གཞན་ནི་ཐམས་ཅད་དུ ་ཡོན་ཏན་གསུམ་གྱི་དབྱེ་བས་ཐམས་ཅད་ལ་ཚད་མཚུངས་པ་སྟེ་ར་བ་རྣམས་ནི་དཀྱིལ་འཁོར་གསུམ་གྱི་ཚད་ལས་སུམ་འགྱུར་རོ་ཞེས་པ་སྟེ་རྡུལ་ཆེན་རྣམ་པར་དག་པའོ།། ད་ནི་དབུས་ཞེས་པ་ལ་སོགས་པས་འཇིག་རྟེན་གྱི ་ཁམས་དག་པས་རྡུལ་ཚན་གྱི་དཀྱིལ་འཁོར་དག་པ་གསུངས་ཏེ། འདིར་ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། ཇི་ལྟར་ལུས་ལ་དེ་བཞིན་གཞན་རྡུལ་ཆེན་གྱི་དཀྱིལ་འཁོར་ལའོ།། དེས་ན་འཇིག་རྟེན་གྱི་ཁམས་ལ་ཚད་དཔག་ཚད་འབུམ ་ཕྲག་གང་ཡིན་པ་དེ་ནི་ལུས་ལ་ཁྲུ་བཞི་སྟེ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངོ་།། ཁྲུ་གཅིག་ནས་བརྩམས་ཏེ་ཇི་སྲིད་ཁྲུ་སྟོང་གི་བར་དུ་ཐམས་ཅད་རང་གི་ཁྲུ་བཞི་པའི་དཀྱིལ་འཁོར་ཏེ། སོར་ཕྱེད་པ་དགུ་བཅུ་རྩ་དྲུག་ཉིས ་འགྱུར་གྱི་བདག་ཉིད་ཀྱི་ཆ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་དཀྱིལ་འཁོར་ཐམས་ཅད་ཁྲུ་བཞིའི་བདག་ཉིད་དུ་འགྱུར་རོ།། དེས་ན་དབུས་ནས་སྒོའི་དང་པོའི་མཚམས་ནི་ནོར་གྱི་བློ་གྲོས་མར་འགྱུར། ཚོངས་པའི་ཐིག་ནས་ཕྱོགས ་ཐམས་ཅད་དུ་སྒོའི་མཐར་ཐུག་པས་སོར་ཕྱེད་པས་ཉི་ཤུ་རྩ་བཞིས་ནོར་གྱི་བློ་གྲོས་མར་འགྱུར་ཏེ། དེ་ལ་སྙིང་པོའི་པདྨ་སོར་ཕྱེད་པ་བཅུ་གཉིས་པ་ནི་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཕྱེད་ཀྱི་ཚད་ཀྱིས་སོ།། དེ་བཞིན་གཤེགས ་པའི་འཕར་མ་ནི་ཕྱོགས་ཐམས་ཅད་དུ་གླིང་དྲུག་དང་རྒྱ་མཚོ་དྲུག་དང་རི་དྲུག་གི་མཐར་འོག་དང་སྟེང་དུ་ལྷུན་པའི་ཚད་ཀྱིས་ཏེ་དཔག་ཚད་སྟོང་ཕྲག་ལྔ་བཅུའོ།། དེ་ནས་སའི་དཀྱིལ་འཁོར་ཐམས་ཅད་དུ་དཔག ་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། དཀྱིལ་འཁོར་ལ་རྡུལ་ཚོན་གྱིས་སྒོའི་མཐར་རོ།། དེ་ལྟར་སྙིང་པོའི་དཀྱིལ་འཁོར་མཐའ་དག་ནི་དཔག་ཚད་འབུམ་ཕྲག་སྟེ། སོར་ཕྱེད་པ་བཞི་བཅུ་རྩ་བརྒྱད་ཀྱི་ཆ་དང་ལྡན་པའོ་ཞེས་པ་ནི་ངེས ་བའོ།། དེ་ལྟར་ན་དབུས་ནས་སྒོའི་དང་པོའི་མཚམས་ནི་ནོར་གྱི་བློ་གྲོས་མར་འགྱུར་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ལ་ཞེས་པའོ།། དེ་བཞིན་དུ་སྒོ་བཞི་ནས་ཕྱོགས་བཞི་རྣམས་སུ་ཙར་ཙི་ཀཱ་མཐར་སུམ་འགྱུར་གདེངས ་ཅན་རེ་མིག་དག་གིས་ཏེ། ཕྱོགས་བཞི་རྣམས་སུ་སོར་ཕྱེད་ཉི་ཤུ་རྩ་བཞིས་ལེན་ཆའི་རིན་ཆེན་གནས་ཞེས་པ་ལན་ཆའི་ཆུའི་དཀྱིལ་འཁོར་རོ།། དེ་ལྟར་ན་གསུང་གི་དཀྱིལ་འཁོར་ནི་འབུམ་ཕྲག་གཉིས་སུ་འགྱུར་ཏེ ་ཤར་ནས་ནུབ་ཀྱི་ཕྱེད་ཀྱི་བར་དུའོ་ཞེས་པ་ནི་ངེས་པའོ།། གསུང་གི་དཀྱིལ་འཁོར་གྱི་སྒོ་དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་ཏྭ། ཕྱོགས་ཐམས་ཅད་དུ་སོར་ཕྱེད་ཉི་ཤུ་རྩ་བཞི་དག་གིས་ཀྱང་གསུང་གི་དཀྱིལ་འཁོར་ཀྲ་མ ་ཤཱི་ར་ཥའི་མཐར་མོའི་དཀྱིལ་འཁོར་ཏེ། གནས་དེ་ནས་ཤར་དང་ནུབ་ཏུ་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་གསུམ་མོ་ཞེས་པོ་ནི་ངེས་པའོ།། དེ་ནས་དེ་བཞིན་རླུང་དུ་འགྱུར། ཀྲ་མ་ཤཱི་ར་ཥ་དེ་ནས་རྒྱལ་བའི་དབང ་པོའི་རེ་མིག་གིས་ཏེ། སོར་ཕྱེད་པ་ཉི་ཤུ་རྩ་བཞི་དག་གིས་ཕྱོགས་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་སྒོའི་མཐར་འཇིག་རྟེན་གྱི་ཁམས་ཀྱི་རླུང་གི་དཀྱིལ་འཁོར་རོ།། དེ་ལྟར་ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ ་འཁོར་འབུམ་ཕྲག་བཞི་སྟེ་དགུ་བཅུ་རྩ་དྲུག་ཉིས་འགྱུར་གྱི་ཚེ་དང་ལྡན་པའོ་ཞེས་པ་ནི་སྐུའི་དཀྱིལ་འཁོར་ངེས་པའོ།། སླར་ཡང་དེའི་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་མཐར་ནི་དེ་དག་རྣམ་པར་དག་པས་ཤེས་པ ་ལ་སོགས་པའི་དཀྱིལ་འཁོར་རྣམ་པར་དག་པས་སའི་དཀྱིལ་འཁོར་ལྷུན་པོ་སྤངས་ནས་སོར་ཕྱེད་པ་བཅུ་གཉིས་དང་། ལྷག་མོ་རྣམས་ནི་སོ་སོར་སོར་ཕྱེད་པ་ཉི་ཤུ་རྩ་བཞི་བལྟ་བར་བྱའོ།། དེ་ནས་ཕྱི་རོལ་ཏུ་སོར ་ཕྱེད་པ་བཅུ་གཉིས་ལ་རྡོ་རྗེ་ཕྲེང་བ་སྟེ། གཡས་དང་གཡོན་དུ་ཆ་གསུམ་བྱས་ནས་དབུས་སུ་རྒྱུ་དྲུག་གིས་རྡོ་རྗེའི་ཕྲེང་བ་བྱའོ།། དེའི་ཕྱི་རོལ་དུ་ཉི་ཤུ་རྩ་བཞི་ས་རྡོ་རྗེའི་མེ་ལྕེ་སྟེ་འཇིག་རྟེན་གྱི་ཁམས་རྣམ་པར་དག་པའི་དུས ་པོའོ།། ད་ནི་གཙུག་ཏོར་ཞེས་པ་ལ་སོགས་པས་སྟེང་འོག་རྣམ་པར་དག་པ་གསུངས་ཏེ། འདིའི་ཕྱི་རོལ་ཏུ་ལྷུན་པོའི་གཙུག་ཏོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། སོར་ཕྱེད་པ་བཅུ་གཉིས་ཀྱི་ཆ་དང་ལྡན་པ་ནི་དབུས་སུ་སྙིངས ་པོའི་པདྨ་དེའི་ཆ་དང་ལྡན་པའོ།། དེ་ནས་ཞལ་འབུམ་ཕྲག་ཕྱེད་དང་མགྲིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སྟེ། དེ་རྣམས་ལས་དང་པོའི་ཆ་ལ་སངས་རྒྱས་ཀྱི་འཁོར་ལོའོ།། ཞལ་གྱི་ཕྱེད་གཉིས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལ ་འཁོར་ལོ་གཞན་ནོ།། ལྷག་མ་ཆུ་གཉིས་ལ་རྡུལ་ཚོན་གྱི་ས་སྟེ་སྒོའི་མཐར་རོ།། དེ་ལྟར་སྟེང་འོག་དུ་མགྲིན་པའི་མཐར་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་སྟེ། དཀྱིལ་འཁོར་ལ་ཀུན་ནས ་ཁྲུ་གཅིག་གོ།། སྙིང་པོའི་དཀྱིལ་འཁོར་གྱི་ངེས་པ་སྟེ། དེ་ལྟར་ན་གཙུག་ཏོར་ཞལ་དང་མགྲིན་པ་སུམ་འགྱུར་གདེངས་ཅན་རེ་མིག་དེག་གིས་དཀྱིལ་འཁོར་ལ་ནི་གཡས་དང་གཡོན་དུ་སྦྱང་བར་བྱ་ཞེས་པ་ནི་ངེས་པའོ།། དེ་ནས་ཏེ། ་འགྲིན་པ་ནས་ལྷུན་པོའི་མཐའ་དག་སྤྱིའི་མཐར་སྟེང་འོག་དུ་དཔག་ཚད་འབུམ་ཕྲག་སྟེ། སུམ་འགྱུར་གདངས་ཅན་རེ་མིག་དག་གིས་ཤེས་པ་སོར་ཕྱེད་པ་ཉི་ཤུ་རྩ་བཞི་གསུང་གིས་མཚན་ཉིད་ཀྱི་དཀྱིལ་འཁོར་ལ་གཡས ་གཡོན་དུ་སྦྱར་བར་བྱ་སྟེ། འོག་ཏུ་ས་ནི་ཇི་སྲིད་ཉིད་དུའོ།། དེ་ནས་རེ་མིག་དྲུག་དྲུག་དག་གིས་རིམ་པས་ཏེ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཆ་དྲུག་དང་ལྡན་པ་དག་གིས་འབུམ་ཕྲག་གཉིས་ཆ་བརྒྱད་དུ་བྱས ་ནས་གསལ་བར་ཀློའི་སྲིད་པ་དང་ནི་ས་འོག་བདུན་པོ་སྟེ་དམྱལ་བའི་སྲིད་པ་རྣམས་སོར་སྦྱང་བར་བྱའོ།། ལུས་ལ་སྤྱི་ནས་བརྩམས་ནས་རྐང་པའི་མཐིལ་གྱི་མཐར་ཆ་བརྒྱད་དུ་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྦྱང ་བར་བྱ་སྟེ། ཚངས་པའི་གནས་ནས་ཕྱོགས་ཐམས་ཅད་དུ་སྐུའི་དཀྱིལ་འཁོར་གྱི་མཐར་ཏེ་སྒོ་བཞིའི་མཐར་ཐུག་པའོ་ཞེས་པ་ནི་ངེས་པའོ།། དེ་ལྟར་ས་ལ་སོགས་པ་ཐམས་ཅད་སླར་ཡང་དེ་བཞིན་དུ་མི་ལ་སོགསོ་པ ་སེམས་ཅན་ཐམས་ཅད་ཀྱི་རང་གི་ལུས་ལ་སྦྱང་བར་བྱ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་ག་ངེས་པའོ།། དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པའི་རྣམ་པར་དག་པ་གཞན་བརྗོད་པར་བྱ་སྟེ། འདིར་སེམས་ཅན་ཐམས་ཅད་ཀྱི ་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ།། དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་རྟག་ཏུ་ནཱ་དའི་མཚན་ཉིད་དོ།། དེའི་ཕྱིར་སྙིང་གའི་འཁོར་ལོའི་དཀྱིལ་འཁོར་དེ་དབུས་སུ་བྱས་ཏེ། དེ་ནས་མགྲིན་པ་དང་ལྟེ་བ་དག་གིས ་དབུས་སུ་ཚད་ཕྱེད་གཟུང་ནས་ཚད་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དུ་བྱའོ།། མགྲིན་པ་ནས་ལྟེ་བའི་མཐར་ཚད་ཉི་ཤུ་རྩ་ལྔའི་བདག་ཉིད་ནི་གསུང་གི ་དཀྱིལ་འཁོར་དུ་བྱའོ།། མཛོད་སྤུའི་གནས་ནས་ཆུ་སོའི་མཐར་ཚད་ལྔ་བཅུའི་བདག་ཉིད་ནི་སྐུའི་དཀྱིལ་འཁོར་དུ་བྱའོ།། དེ་ལས་སྐུའི་སྒོ་བཞི་ནི་བཤང་བ་དང་གཅི་བ་དང་ཁུ་བ་དང་གཙུག་ཏོར་གྱི་བུག་པ་རྣམས་སོ།། གསུ ་གི་དཀྱིལ་འཁོར་གྱི་སྒོ་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨཱ་བ་དྷཱུ་ཏཱི་དང་། དུང་ཅན་རྣམས་ཏེ། མགྲིན་པ་ནས་ལྟེ་བའི་མཚམས་སུའོ།། ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག ་པ་དང་བཞི་པའི་མཚན་ཉིད་རྣམས་སོ།། དེ་ལྟར་སྒོ་བཅུ་གཉིས་ཀྱི་བདག་ཉིད་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་མཆོག་གི་དང་པོའི་སངས་རྒྱས་ཟླ་བའི་ཆ་བཅུ་དྲུག་གི་ཆ་དང་ལྡན་པ་ནི། ཕྱི་རོལ་ལ་ཇི་ལྟ་བ་དེ ་བཞིན་དུ་ལུས་དང་། དེ་བཞིན་དུ་གཞན་ལ་སྟེ། དཀྱིལ་འཁོར་རྣམ་པ་གསུམ་ཤེས་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། གཉིས་དང་ཆུ་གཏེར་གཅིག་ལ ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་སྔར་ཐིག་གདབ་པ་དང་ལྷན་ཅིག་བརྗོད་ཟིན་ཏོ།། ད་ནི་ཨ~ཾ་ཡིག་ཅེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་མཚན་མ་གསུངས་ཏེ། འདིར་རྒྱུད་ཀྱི ་རྒྱལ་པོ་ཐམས་ཅད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཨོཾ་ཡིག་སྐུའི་རྡོ་རྗེ་དང་དེ་ཡིས་དཀྱིལ་འཁོར་རྫོགས་པར་བྱས་པ་ནི་ཨོཾ་ཡིག་ཡེ་ཤེས་ལས་སྐྱེས་པ་ཞེས་གསུངས་སོ།། དེའི་ཕྱིར་ཨོཾ་ཡིག་ལས་སྐྱེས་པའི ་དཀྱིལ་འཁོར་གྱི་རྒྱལ་བ་མཆོག་གི་པདྨ་སྟེ། པདྨ་ཉི་ཤུ་རྩ་བཞི་རྣམས་སུ་ཟླ་བ་དང་ཉི་མ་དག་གིས་གདན་རྣམས་ནི་ལོའི་དབྱེ་བ་སྟེ། ཉ་བཅུ་གཉིས་ཀྱི་དབྱེ་བས་ཟླ་བའི་གདན་རྣམས་དང་། གནམ་སྟོང་བཅུ་གཉིས་ཀྱི་དབྱེ ་བས་ཉི་མའི་གདན་རྣམས་ཏེ། ཐབས་དང་ཤེས་རབ་རྣམ་པར་དག་པས་སོ།། སྟེང་དུ་སྟེ་ལྟེ་བའི་སྟེང་ན་གནས་པ་ཟླ་བ་དང་ཉི་མའི་གདན་དེ་དག་རྣམས་ལ། ཨ་སོགས་ཞེས་པ་ཨ་ཡིག་ལ་སོགས་པའི་དབྱངས་རྣམས ་དང་ཀ་སོགས་ཞེས་པ་ཀ་ཡིག་ལ་སོགས་པའི་གསལ་བྱེད་རྣམས་ཏེ། སྟོང་པ་བཙོས་པ་དག་དང་ཞེས་པ་ཐིག་ལེ་དང་རྣམ་པར་བཅད་པ་དང་། བཅས་པ་དག་དང་ལྷན་ཅིག་ཏུ་སྲིད་གསུམ་བསྐྱེད་པར་བྱེང་པའི་སྟོང་པ ་ཉིད་རྣམ་པ་ཐམས་ཅད་པ་ནཱ་དའི་གཟུགས་ཅན་ནི་ཐིག་ལེའི་སྟེང་དུ་སྟེ། ཡུམ་ཁམས་གསུམ་བསྐྱེད་པར་བྱེད་པ་གཞོམ་དུ་མེད་པའི་སྒྲ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་བསྐྱེད་པར་བྱེད་པ་ནི་དོན་དམ་པའི་བདེན ་ལ་བརྟེན་ནས་ཨ་ཡིག་ལ་སོགས་པ་དང་། ཀ་ཡིག་ལ་སོགས་པ་སྟོང་པ་དང་བཅས་པའི་སྔགས་ཐམས་ཅད་ཀྱི་མགོར་གཞག་པར་བྱའོ།། དེས་ན་དེ་ནི་དེ་དག་དང་ལྷོན་ཅིག་བརྗོད་པར་བྱ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས ་ཀྱང་བདེ་བ་ཆེན་པོའི་གཟུགས་ཅན་དེའི་ནང་དུ་གནས་སོ།། ང་ནི་སྟོང་པ་ཞེས་པ་ལ་སོགས་པས་སྟོང་པ་ལྔ་ལས་སྐུ་ལ་སོགས་པའི་སྔོགས་རབ་ཏུ་བརྗོད་པའི་ཆོས་ཅན་རྣམས་འབྱུང་པོ་གསུངས་ཏེ། སྟོང་པ་ནི་ལེའུ་དང ་པོར་བརྗོད་པའི་སྔགས་ཀྱི་གཡོན་གྱིས་ཡན་ལག་ཏུ་རྗེས་སུ་པ་རོ་དང་། ཤར་དང་ནུབ་ཏུ་ཨ་ཡིག་གཉིས་དང་། ལྷོའི་ཡན་ལག་ཏུ་རྣམ་པར་བཅད་པ་ཐིག་ལེ་གཉིས་དང་། དབྱངས་དང་བྲལ་པ་མཆོག་ཅེས་པ་གཞོམ ་དུ་མེད་པའི་ཧ་ཡིག་དབྱངས་མེད་པ་ལས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་ཡང་དག་པར་འབྱུང་ངོ་།། དེ་དག་ལས་དང་པོར་རེ་ཤིག་སྐུ་འབྱུང་བ་བརྗོད་པར་བྱ་སྟེ། འདིར་དང་པོར་རྗེས་སུ་ང་རོའོ།། དེ ་ནས་ཨ་ཡིག་གོ། གཉིས་ཀའི་དབུས་སུ་རྣམ་པར་བཅད་པའོ།། རྗེས་སུ་ང་རོའི་མཐར་ཨ་ཡིག་རིང་པོའོ།། དེ་ལྟར་དབྱངས་ཡིག་རིང་པོ་ཕ་རོལ་ཏུ་བྱུང་བས་སྔོན་མའི་རྗེས་སུ་ང་རོ་མ་ཉིད་ཐོབ་པར་འགྱུར་རོ།། མ ་ཡིག་ཕ་རོལ་ཏུ་བྱུང་བས་ཀྱང་ཨ་ཡིག་ལས་ཕ་རོལ་གྱི་རྣམ་པར་བཅད་པ་ནི་ཨུ་ཡིག་ཏུ་འགྱུར་ཏེ། ཕྱི་ནས་ཨ་ཡིག་གིས་ཡོན་ཏན་དུ་གྱུར་པ་ན་ཨོ་ཡིག་གོ། དེ་ནས་ངེས་པའི་ཚིག་གི་མཚན་ཉིད ་ལས་ཡི་གེ་ཉམས་པ་ཡོད་ཅེས་པས་མ་ཡིག་རྣམ་པར་ཕྲལ་ནས་ཨ་ཡིག་དབྱི་བར་བྱའོ།། དེ་ལྟར་ན་ཡོན་ཏན་གསུམི་གྱི་བདག་ཉིད་ཨོཾ་ཡིག་སྐུ་རྡོ་རྗེ་སྟེ་ཨ་ཨུམ་ཞེས་རང་དང་གཞན་གྱི་གྲུབ་པའི་མཐའ་ལས་བརྗོད་དོ།། ་ད་ནི་གསུང་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དང་གཞན་གྱི་ཨ་ཡིག་གཉིས་རིང་པོར་བྱོས་ནས་མཐར་རྣམ་པར་བཅད་པ་སྦྱིན་པར་བྱའོ།། དེས་ན་ཨཱཿཡིག་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འགྱུར་ཏེ། ཨ་ཨཱཿཞེས ་བརྗོད་དོ།། ང་ནི་ཐུགས་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དུ་ཧ་ཡིག་དབྱངས་མེད་པའོ།། དེ་ནས་ཨ་ཡིག་ཐུང་ངུའོ།། དེ་ནས་རྣམ་པོར་བཅད་པའོ།། དེ་ནས་ཐིག་ལེའོ།། དེ་ནས་ཨཱ་ཡིག་རིང་པོའོ།། དེ་ལྟར་སྔ་མ་བཞིན ་དུ་རྣམ་པར་བཅད་པ་ཨུ་ཡིག་སྟེ་ཐོག་མ་དང་ཐ་མའི་ཨ་ཡིག་ངག་དབྱེ་བའོ།། དེ་ལས་ཧཱུཾ་ཡིག་ཡོན་ཏན་གསུམ་གྱི་བདག་ཉིད་དེ་ཧ་ཨུ་ཞེས་བརྗོད་དོ།། དེ་ལྟར་སྐུ་གསུང་ཐུགས་ཀྱི་སྔགས་ཡང་དག་པར་འབྱུང་བ་སྟེ ་སྔགས་རྣམས་ཀྱི་སྐྱེ་གནས་ནི་སྐྱེད་པར་བྱེད་པའོ་ཞེས་པའི་དོན་ཏོ།། ད་ནི་ཡེ་ཤེས་རྡོ་རྗེ་བརྗོད་པར་བྱ་སྟེ། འདིར་སྔོན་དུ་ཧ་ཡིག་དབྱངས་མེད་པའོ།། དེ་ནས་ཨ་ཡིག་ཐུང་ངུའོ།། དེ་ནས་རྣམ་པར་བཅད་པའོ།། དེ་ནས ་རྗེས་སུ་ང་རོའོ།། དེ་ནས་ཨ་ཡིག་རིང་པོའོ།། དེ་ལྟར་སྔ་མ་བཞིན་དུ་རྣམ་པར་བཅད་པ་ལས་ཨུ་ཡིག་དང་། སྔ་མའི་དབྱངས་ཀྱི་ཡོན་ཏན་ཏེ། ཧ་ཡིག་དང་ཡང་དག་པར་སྦྱར་ཞིང་། ཕྱི་མའི་ཨ་ཡིག་དང་མ་ཡིག་དག་དབྱིས ་དེ་ལྟར་ན་ཡོན་ཏཱན་གསུམ་གྱི་བདག་ཉིད་ཧོ་ཡིག་སྟེ། ཧཱ་ཨ་ཨུ་ཞེས་བརྗོད་དོ།། དེ་ལྟར་ཡེ་ཤེས་རྡོ་རྗེ་ལ་ཡོན་ཏན་གསུམ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའོ།། སྐུ་རྡོ་རྗེ་ལ་མིང་དང་གཟུགས་དང་། སྐྱེ ་མཆེད་དྲུག་དང་རེག་པའོ།། གསུང་རྡོ་རྗེ་ལ་ཚོར་བ་དང་སྲེད་པ་དང་ལེན་པའོ།། ཐུགས་རྡོ་རྗེ་ལ་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ་ཐེག་ལེའི་གཟུགས་ཀྱི་དབང་གིས་སོ།། དེ་ལྟར་མ་རིག་པ་ལ་སོགས་པ་སྐྱེད་པར་བྱེད་པོ ་མཆོག་གི་བདེ་བྱེད་ཡེ་ཤེས་རྡོ་རྗེ་དག་ནི་བཞི་པའོ་ཞེས་པ་ནི་སྔགས་རྣམས་ཀྱི་སྐྱེ་གནས་ཏེ། ཐམས་ཅད་དུ་རྣམ་པ་བཅུ་གཉིས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དེས ་པའོ།། ད་ནི་སྔགས་ཀྱི་མཚན་མ་དགོད་པ་གསུངས་ཏེ། འདིར་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཉི་མ་དང་ཟླ་བའི་གདན་རྣམས་ལ་རགས་པ་དང་ཕྲ་མོ་དང་གཞན་གྱི་དབྱེ་བས་དགོད་པ་རྣམ་པ་གསུམ་སྟེར ་དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ།། ཕྲ་མོའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ་རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ།། རགས་པའི་དབྱེ་བོ་ནི་རྡོ་རྗེ་ལ་སོགས་པའི་མཚན་མོ ་ཡོངས་སུ་གྱུར་པའི་ལྷའི་གཟུགས་དགོད་པའོ།། དེ་ལྟར་གོ་རིམས་ཇི་ལྟ་བས་སྔགས་ཀྱི་ས་བོན་དགོད་པར་བྱས་པས་མཚན་མ་དགོད་པ་ལྔ་སོགས་པ་རིག་པར་བྱའོ་ཞེས་པ་ནི་ངེས་པ་སྟེ། དེ་ནས་འདིར ་གཙོ་བོ་ཉིད་ཀྱིས་སྔགས་ཀྱི་ས་བོནི་དགོད་པ་གསུངས་སོ།། རྒྱལ་བའི་བདག་པོ་པདྨ་སྣ་ཚོགས་མདོག་ལ་ཞེས་པ་ལྗང་གུའི་མདོག་ལ་ཟླ་བ་ཉི་མ་མེའི་སྟེང་དུ་ཧཱུཾ་ཡིག་སྟེ་ཞེས་པ་ནི་འདི་གནམ་སྟོང་གི་མཐར་འཛིན་པའི་དུས་སུ ་ཟླ་བ་དང་ཉི་མ་དང་སྒྲ་གཅན་རྣམས་སྦྱོར་བ་སྟེ། ཟླ་བ་དང་ཉི་མ་དང་མེ་ཡང་དག་པར་ལྡན་པ་དེ་ཉིད་དཀྱིལ་འཁོར་གྱི་གདན་ནོ།། ནང་དུ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱ་ཏཱི་དང་ཡང་དག་པར་ལྡན་པ་སྙིང་གའི་པདྨ་སྟེ། དེའི་ལྕེ ་ཟླ་བ་ཉི་མ་སྒྲ་གེཅན་གྱི་སྟེང་དུ་ཧུ~ཾ་ཡིག་གིས་བོན་རྡུལ་ཚོན་སྔོན་པོས་བྲི་བར་བྱའོ།། ཡང་ན་དེ་ཡོངས་སུ་གྱུར་པའི་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ་བྲི་བར་བྱའོ།། གས་ང་བའི་རྒྱུད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག ་རྟེན་གྱི་སྨོད་པ་ཡོངས་སུ་སྤང་བའི་སླད་དུ་ལྷའི་གཟུགས་ནི་བྲི་བར་མི་བྱའོ།། བདག་པོའི་ས་བོན་དགོད་པའོ།། དེ་ནས་པདྨའི་འདབ་མ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དགོད་པར་བྱ་སྟེ། ཕྱོགས་འདབ ་རྣམས་ལ་ཨ་སོགས་སྟོང་པ་ཞེས་པ་ནི། ཤར་གྱི་འདབ་མ་ལ་ཨ། ལྷོའི་འདབ་མ་ལ་ཨ། བྱང་དུ་ཨཾ། ནུབ་ཏུ་ཨཱ་ཞེས་པའོ།། ཡང་ན་མཚམས་རྣམས་ཏེ། ཤར་གྱི་འདབ་མ་ལ་སྤྱོད་ཀྱི་སྣོད་ངོ་།། ལྷོར་མརོ་མེའོ།། བྱང་དུ ་ལྷ་བཤོས་སོ།། ནུབ་ཏུ་དུང་ངོ་།། འདིར་འཆད་པར་འགྱུར་བ་ལས། མཚན་མ་གང་ཞིག་གང་གི་གཡས་པའི་ཕྱག་མཐིལ་དུ་འགྱུར་ཕྱག་རྒྱ་དེ་ནི་ཆུ་སྐྱེས་དག་གིས་དམན་ཞེས་གསུངས་པའི་ཕྱིར་འཆད་པར་འགྱུར་བའི་ངེས ་པས་ཕྱག་རྒྱ་དགོད་དོ།། དེ་བཞིན་དུ་ཕྱོགས་བྲལ་འདབ་མ་ལ་ཡང་ཧ་སོགས་སྟོང་པ་རྣམ་པ་བཞི་ཞེས་པ་ནི་འདིར་མ་རུ་ཧ། བདེ་ནི་བྲེལ་དུ་ཧཱཿདབང་ལྡན་དུ་ཧཾ། རླུང་དུ་ཧའོ།། ཡང་ན་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར ་པོའི་རྔ་ཡབ་རྣམས་བྲི་བར་བྱའོ།། དེ་ནས་ཕྱོགས་བྲལ་འདི་ལ་ཕྱི་རོལ་གྱི་ཟུར་བཞི་རྣམས་སུ་གྲངས་བཞིན་དུ་དབང་ལྡན་དུ་སྐུ་རྡོ་རྗེ་ཨོཾ་ཡིག་གམ་ཆོས་ཀྱི་དུང་ངོ་།། བདེན་བྲལ་གྱི་ཟུར་དུ་གསུངས་རྡོ་རྗེ་ཨཿའམ་ཆོས་ཀྱི ་གཎྜཱིའོ།། རྩེ་མོ་ཅན་དུ་ཐུགས་རྡོ་རྗེ་ཧཱུཾ་ངམ་ཡིད་བཞིན་གྱི་ནོར་བུའོ།། རླུང་དུ་ཆགས་པ་སྟེ་ཡེ་ཤེས་རྡོ་རྗེ་ཧོ་འམ་དཔག་བསམཾ་གྱི་ཤིང་བྲི་བར་བྱའོ།། སྙིང་པོའི་པདྨ་ལ་དགོད་པའོ།། ད་ནི་འཕར་མ་གཉིས་པ་ལ་དགོད་པ་གསུངས ་ཏེ། འདིར་འཕར་མ་གཉིས་པ་ལ་ཤར་ལ་སོགས་པའི་ལེ་ཆའི་གནས་བརྒྱད་པོ་རྣམས་སུ་སྟེ། ཤར་གྱི་ལྷའི་པདྨའི་གནས་ཀྱི་བྱང་དངོ་།། ལྷོ་རུ་ཧཾ་ཧྲཱི་འམ་བུམ་པ་གཉིས་སོ།། ལྷོའི་ལྷའི་ཤར་དང་ནུབ་ཏུ་ཧྲི་ཧཱི་འམ་བུམ ་པ་དག་གོ།། ནུབ་ཀྱི་ལྷའི་ལྷོ་དང་བྱང་དུ་ཧཱི་ཧྲཱི་འམ་བུམ་པ་དག་གོ།། བྱང་གི་ལྷའི་ནུབ་དང་ཤར་དུ་ཧུ་ཧཱུ་འམ་བུམ་པ་དག་གོ། ཧཾ་ཧཿནི་ཤར་དང་ནུབ་ཀྱི་སྒོར་འབྱུང་བ་ལ་སྟེ་ཁྲོ་བོའི་སྟེང་དུ་སྟེང་འོག་དག་པས་སོ།། ཧྲི་ཡིག་ལ ་སོགས་པ་བཅུ་རུ་འགྱུར་ཏེ། ཞེས་པ་ནི་བུམ་པའི་ས་བོན་དགོད་པའོ།། དེ་ནས་ལྷའི་ས་བོན་དགོད་པ་སྟེ། འདིར་ཤར་གྱི་ཆུ་སྐྱེས་སྟེང་དུ་ཉི་མའི་གདན་ལ་འདུ་བྱེད་ཀྱི་ཨི་ཡིག་གམ་རལ་གྲིའོ།། ་རྩེ་མོ་ཅན་དུ་པདྨ་ལ་གནས་ཏེ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རླུང་གི་ཁམས་ཀྱི་ཨི་ཡིག་རིང་པོ་འམ། རལ་གྲིའམ་ཨུཏྤ་ལའོ།། དེ་བཞིན་དུ་གཤིན་རྗེར་ཚོར་བའི་རེ་ཡིག་གམ་རིན་པོ་ཆེའོ།། བདེན་བྲལ་དུ་ཟླ་བ་ལ ་མེའི་ཁམས་ཀྱི་རྙི་འམ་པདྨ་དམར་པོའོ།། དེ་བཞིན་དུ་ནོར་སྦྱིན་དུ་འདུ་ཤེས་ཀྱི་ཨུ་ཡིག་གམ་པདྨ་དཀར་པོའོ།། དབང་ལྡན་དུ་ཆུའི་ཁམས་ཀྱི་ཨཱུ་འམ་ཨུཏྤ་ལ་དཀར་པོའོ།། དེ་བཞིན་དུ་ཆུ་རུ་ཡང་གཟུགས་ཀྱི་ལཾ་ཡིག ་གམ་འཁོར་ལོའོ།། རླུང་གི་ཟུར་དུ་སའི་ཁམས་ཀྱི་ལཱྀ་འམ་འཁོར་ལོའོ།། ཞེས་པ་ནི་ཕུང་པོ་དང་ཁམས་དགོད་པ་སྟེ། ན་མཁའི་ཁམས་དང་རྣམ་པར་ཤེས་པ་དག་གི་མཚན་མ་ནི་ལྕི་བ་ལ་རྡོ་རྗེ་གཅིག་ཉིད་དོ།། ཤར ་དང་མེར་ནག་པོ་དང་། ལྷོ་དང་ལྷ་མ་ཡིན་དུ་དམར་པོ་དང་། བྱང་དང་དབང་ལྡན་དུ་དཀར་པོ་དང་། ནུབ་དང་རླུང་དུ་སེར་པོ་སྟེ་རྒྱལ་བའི་ཞལ་གྱི་དབྱེ་བ་དག་གིས་དགོད་པར་བྱ་ཞེས་པ་སྟེ་ངེས་པའོ།། ད་ནི་འཕར་མ་གསུམ་པ ་ལ་དབང་པོ་དྲུག་དང་ཡུལ་དྲུག་རྣམ་པར་དག་པས་ལྷ་དང་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཤར་གྱི་སྒོའི་ལྷོར་པདྨའི་སྟེང་དུ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་སྣའི་ཨི་ཡིག་གོ། མེའི་པདྨ་ལ་གནས ་ཏེ་མེའི་ཟུར་དུ་ཟླ་བའི་དཀྱིལ་འཁོར་ལ་རེག་བྱ་རྡོ་རྗེ་མའི་ཨཾ་ཡིག་གོ། དེ་བཞིན་དུ་མྦུའི་སྒོའི་ནུབ་ཏུ་མིག་གི་ཨར་ཡིག་གོ། དེ་བཞིན་དུ་བདེན་བྲལ་དུ་རྡོ་རྗེ་མའི་ཨཱར་ཡིག་གོ་ཞེས་པ་སྟེ་ཟུང་ངོ་།། དེ་བཞིན་དུ་ནུབ་ཏུ་ལུས་ཀྱི ་དབང་པོའི་ཨ་ལ་ཡིག་གོ།། རླུང་དུ་དྲི་རྡོ་རྗེ་མའི་ཨཱལ་ཡིག་གོ། གནོད་སྦྱིན་དུ་ལྕེའི་ཨོཾའོ།། དྲག་པོར་གཟུགས་རྡོ་རྗེ་མའི་ཨོཾ།། ལྷ་ཆུ་གཤིན་རྗེ་གནོད་སྦྱིན་དང་བཅས་སྒོ་ཡི་བྱང་དུ་ནི་ཞེས་པ་ལ། འདིར་ཤར་སྒོའི་བྱང་དུ་ཉི་མའི ་སྟེང་དུ་ཡིད་ཀྱི་དབང་པོའི་ཨཾ་ངོ་།། ཆུའི་སྒོའི་ལྷོར་ཟླ་བ་ལ་ཆོས་ཀྱི་ཁམས་ཀྱི་ཨ་ཡིག་གོ། གཤིན་རྗེ་ཞེས་པ་ལྷོའི་སྒོའི་ཤར་དུ་ཉི་མ་ལ་རྣ་བའི་དབང་པོའི་ཨ་ཡིག་གོ། ཐམས་ཅད་དུ་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་དབྱེ ་བས་གཡོན་དུའོ།། གནོད་སྦྱིན་དུ་བྱུང་གི་སྒོའི་ནུབ་དུ་སྒྲ་རྡོ་རྗེ་མའི་ཨཱཿཡིག་གོ།། སྐྱེ་མཆེད་བཅུ་གཉིས་ཀྱི་ས་བོན་དགོད་པའོ།། དེ་ནི་སྒོ་སྐྱོང་གི་ས་བོན་དགོད་པ་གསུངས་ཏེ། རིམ་པ་ཡིས་ནི་སླར་ཡང་ཡ་ར་ཝ་ལ་ལྷ་སོགས ་སྒོ་ཡི་པདྨ་ལའོ།། འདིར་ཤར་གྱི་སྒོར་ཉི་མ་འམ་ཟླ་བའི་དཀྱིལ་འཁོར་ལ་ངག་གི་དབང་པོའི་ཡཾ་ཡིག་གོ། ལྷོར་ཉི་མ་ལ་ལག་པའི་དབང་པོའི་ར་ཡིག་གོ། བྱང་དུ་རྐང་པའི་དབང་པོའི་ཝ་ཡིག་གོ། ནུབ་དུ་བཤང་ལམ་གྱི ་དབང་པོའི་ལ་ཡིག་གོ་ཞེས་པ་སྟེ་དགོད་པའོ།། ད་ནི་ཟླ་བ་ཉི་མའི་གདན་གྱི་ངེས་པ་གསུངས་ཏེ། འདིར་ཤར་གྱི་སྒོ་དང་བྱང་གི་སྒོར་ནི་རི་བོང་འཛིན་པ་དག་ཀྱང་ཁྲོ་བ་དག་གི་གདན་དུ་འགྱུར་བ་སྟེ་ཞེས་པ་ནི་ཀྱང་ཡིག་གིས་ཀྱང ་ཡིག་གིས་ཡང་ན་ཉི་མའོ།། ལྷོ་དང་ནུབ་དུ་ཡང་ཉི་མར་འགྱུར་ཏེ། ཤེས་རབ་དང་ཐབས་ཀྱི་ཡན་ལག་གི་དབྱེ་བས་སོ།། ཡང་ན་རང་རང་གི་པདྨ་རྣམས་ལ་ཐབས་ཀྱི་གདན་ཉི་མ་དང་ཤེས་རབ་ཀྱི་གདན་ཟླ་བའོ།། ་ཡང་ན་ཤར་དང་མེའི་ལྷ་རྣམས་ཀྱི་རལ་གྲིའོ།། ལྷོ་དང་བདེན་བྲལ་གྱི་ལྷ་རྣམས་ཀྱི་རིན་པོ་ཆེའོ།། བྱང་དང་དབང་ལྡན་གྱི་ལྷ་རྣམས་ཀྱི་པདྨའོ།། ནུབ་དང་རླུང་གི་ལྷ་རྣམས་ཀྱི་འཁོར་ལོའོ།། སྟེང་དང་འོག་གི་ལྷ་རྣམས་ཀྱི་རྡོ་རྗེའོ།། ཡང ་ན་ཡུལ་གྱི་དབྱེ་བས་ཏེ། སྒྲའི་རྒྱུད་མངས་སོ།། རེག་བྱའི་གོས་སོ།། གཟུགས་ཀྱི་མེ་ལོང་ངོ་།། རོའི་སྣོད་དོ།། དྲིའི་དུང་ངོ་།། ཆོས་ཀྱི་ཁམས་ཀྱི་ཆོས་འབྱུང་ངོ་།། དེ་བཞིན་དུ་ངག་གི་དབང་པོའི་རལ་གྲིའོ།། ལག་པའི་དབང་པོའི ་དབྱུག་པའོ།། རྐང་པའི་དབང་པོའི་པདྨའོ།། བཤང་ལམ་གྱི་དབང་པོའི་ཐོ་བའོ།། སྙིང་པོའི་དཀྱིལ་འཁོར་ལ་མཚན་མ་དགོད་པའོ།། ད་ནི་ཐིག་ལེའི་རྣམ་པ་དག་གིས་ཤེས་པ་ལ་སོགས་པས་པདྨའི་ས་བོན་རྣམས་གསུངས་ཏེ། ་འདིར་པདྨ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་རྩ་བ་ལ་སོགས་པ་རྣམས་ལ་ཀ་ལ་སོགས་པའི་སྡེ་པའི་ཡི་གེ་སྟེ། ཐིག་ལེ་ལ་སོགས་པས་ཕྱེ་བ་ནི་ཨཾ་ཨཿ་ཨཱཿཞེས་པ་འདི་དག་གིས་ཕྱེ་བ་ལྷའི་རིགས་ཀྱི་དབང་གིས་སྦྱིན་པར ་བྱ་སྟེར་རྣ་བའི་པདྨའི་རྩ་བ་ལ་ཀཾ། སྡོང་བུ་ལ་ཁཾ། འདབ་མ་ལ་གཾ། གེ་ས་ར་ལ་གྷཾ། ལྟེ་བ་ལ་ཛཾ་ཞེས་པའོ།། ཆོས་ཀྱི་ཁམས་ཀྱི་ཀྲཱྀ་ཁཱ་གཱ་གྷཱ་དཱ་ཞེས་པའོ།། ཡིད་ཀྱི་དབང་པོའི་སཾ་དྷི་ཛ་ཤཾ་བྷྲྀ་ཞེས་པའོ།། སྒྲའི་སཿནརྀཿ2 ་ཤཿདྷཿཞེས་པ་སྟེ་ཡི་གེ་ལྔ་པོ་འདི་རྣམས་ཡོངས་སུ་གྱུར་པ་ལས་པདྨའོ།། འདུ་བྱེད་ཀྱི་པདྨ་ལ་ཙ་ཚ་ཛཾ་དྷཾ་ཉ་ཞེས་པའོ།། དེ་བཞིན་དུ་སྣའི་ཙ་ཆ་ཛ་ཛྷ་ཉཾ་ཞེས་པའོ།། དེ་བཞིན་དུ་རླུང་གི་ཁམས་ཀྱི་ཙཱ་ཚཱ་ཛཱ་དྷཱ་ཉྫ་ཞེས་པའོ།། རེག་བྱའི། ་ཚཿཛཱཿབྷྱ!ཞེས་པའོ།། ཚོར་བའི་ཊཱ་ལ་ཌ་ཌྷ་ཎ་ཞེས་པའོ།། མིག་གི་ཊཾ་ཛཱ་ཌི་ཌཱ་ཎཾ་ཞེས་པའོ།། མོའི་ཁམས་ཀྱི་ཊཱ་བཱ་ནྱཱ་ཌྷཱ་ཎཱ་ཞེས་པའོ།། རྡོ་རྗེ་མའི་ཊཿ3ཥཿབྷྱཿཎཿཞེས་པའོ།། འདུ་ཤེས་ཀྱི་བཾ་ཕེ་བེ་བྷ་མ་ཞེས་པའོ།། ལྕེ ་པཾ་པཾ་བཾ་བྷི་མཽ་ཞེས་པའོ།། ཆུའི་ཁམས་ཀྱི་པཱ་པཱུ་བཱ་བྷཱུ་མཱ་ཞེས་པའོ།། གཟུགས་རྡོ་རྗེ་མའི་པཿཕཿབཿབྷཿམཿཞེས་པའོ།། གཟུགས་ཀྱི་ཏ་ཐ་ད་དྷ་ནི་ཞེས་པའོ།། ལུས་ཀྱི་དབང་པོའི་ཏ་ཐཾ་དཾ་དྷཾ་ནཾ་ཞེས་པའོ།། སའི་ཁམས ་ཀྱི་ཏཱ་ཐཱ་དྷཱ་ནཱ་ཞེས་པའོ།། དྲིའི་ཏཿཐཿདཿདྷུཿནཱཿཞེས་པའོ།། དེ་བཞིན་དུ་ཙ་ཆ་ཛཱ་དྷ་ཋ་དག་གི་དབང་པོ་དང་། ཊ་ཝཱ་ཌ་ཌྷ་ཎཱ་ལག་པའི་དབང་པོ་དང་། པཱ་ཕ་བ་བྷ་མ་རྐང་པའི་དབང་པོ་དང་། ཏ་ཐ་ད་དྷ་ན་བཤང་ལམ་གྱི་དབང་པོའི ་པདྨ་ལ་རྣམ་པར་ཤེས་པར་བྱའོ།། པདྨའི་ས་བོན་དགོད་པ་སྟེ་ཐུང་ངུ་རིང་པོ་རང་གི་ས་ལའོ།། ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་ཐིག་ལེ་འམ་ཨ་ཡིག་གམ་ཧ་ཡིག་ཟླ་བའི་གདན་རྣམས་དང་། རྣམ་པར་བཅད་པ་འམ་ར་ཡིག ་གམ་ཀྵ་ཡིག་གིས་ཉི་མའི་གདན་རྣམས་ཏེ་ལྟེ་བའི་སྟེང་དུའོ།། བདག་པོའི་པདྨ་ལ་སཱཾ་ཧཱཾ་ཥཱཾ་ཤཱཾ་བྷྲཱུཾ་ཞེས་པའོ།། ལྟེ་བའི་སྟེང་དུ་ཨོཾ་ཨཿ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་གདན་རྣམས་སོ་ཞེས་པ་ནི་དགོད་པའོ།། ད་ནི་སྡེ་དྲུག ་ཅེས་པ་ལ་སོགས་པས་མཆོད་པའི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་ཁ་ཁྱེར་ལ་རྟ་བབས་ཀྱི་ཀ་བའི་བྱང་དུ་དྲི་མའཅུའོ།། ལྷོར་ཕྲེང་བ་མའི་ཙྪའོ།། དེ་བཞིན ་དུ་ལྷོར་པོས་མའི་བྷཱུའོ།། མར་མྦེ་མའི་ཌྷའོ།། ནུབ་དུ་སྒེག་མོའི་ཏཱའོ།། བཞུད་མཱའི་ཏཱའོ།། བྱང་དུ་བདུད་རྩི་མའི་བྷཱུའོ།། འབྲས་བུ་མ་ཉམས་མའི་བྷཱུའོ།། ཤར་གྱི་སྒོའི་རྟ་བཅྡོཾས་ཀྱི་སྟེང་དུ་གར་མའི་ཀྵའོ། དྷཱི། ནུབ་ཀྱི་སྒྲོ ་རྟི་བབས་ཀྱིསྟེང་དུ་སིལབྷྱཱཾ་སྦྱིན་མོའི་ཀྟྭཱའོ།། བྱུང་གི་སྒོའིབྷྲྀ་རྟ་བབས་ཀྱི་སྙིང་དུ་གྷུབྷྱཱཾམའི་སྠཱའོ།། ལྷོ་སྒོའི་རྟ་བ་པ་བྷྱཱཾས་ཀྱི་སྟེང་དུ་འདོད་མའི་སྣའོ།། མ་རྟིང་ནི་མཚནམབྷྲཱུཾ་རྣམས ་དུང་དང་། འཕྲེང་བ་དང་། སྤྲོས་སྣོད་དང་། བྷྲྀ། མར་ནི་མེ་དང་། དབུ་ནཱི་རྒྱུན་དང་། ཛོ་ཤ་ལཾ་དང་མ། འབྲས་རྠཾ་བུ་དང་། སྣོད་དང་། མཱི་གོས་དང་། རྔ་དང་། བྷྲྀ་རྡོ་རྗེ་དང་། པདྨ་རྣམ་ས་ཀྱི་ཤར་གྱི་ཚལ ་སོགས་པ་སྦྱང་བར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་ཕྱི་རོལ་ཏུ་ཞེས་པ་ལོ་སོགས་པས་གདོད་མ་སུམ། ཅུ་རྩ་དྲུག་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཕྱི་རོལ་ཏུ་གསུང་གི་དཀྱིལ་འཁོར་གྱི་ཁ་ཁྱེར ་ལ་སྟེ། ཤཽར་གྱི་སྒོའི་ལྷོའི་ཁ་ཁྱེར་ལ། ཙཿཆཿཛཿདྷཱིཿ!\ུ0f7fཝཱ་རུ་ཊ། ཛཿཥཿཌྷཿཎཿནུབ་ཏུ་ཏཿཐཿདཿདྷཿནཿབྱིང་དུ་བིཿཕཿབཿབྷཿམཿཤར་གྱི་སྒྲབྱང་དུ་སཿརྦཱཿཥཿཤཿབྷཱུཿབྱང་གི་སྒོའིཆུ ་ཏུ་ལ་ར་ཝརྡྷ་རཿཡཿཧཿལྷོའི་སྒོའི་ཤར་གྱི་ཁ་ཁྱེར་ལ། ཀཿཁཿགཱཿགྷཿཔཿནུབ་ཀྱི་སྒོའི་ལྷོར་ཀཱ། ཞེས་པ་སྟེ་གསུང་གི་དཀྱིལ་འཁོར་ལའོ།། སྐུའི་དཀྱིལ་འཁོར་ལ་ཡི་གེ་འདི་རྣམས་ཐིག་ལེ་དང་བཅས་པ་སྟེ། ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་ཕྱིར་འདོད་མ་རྣམས་ཀྱི་ས་བོན་ནམ་མཚན་མི་བྱམ་གཟུགས་བྲི་བར་བྱའོ།། སྙིང་པོ་གྲཱི་བ་ཁྱེར་ལ་མཆོད་པའི་ལྷ་མཱཾ་དུ་མ་སྟེ་གཟུངས་མ་མཐའ་དག་བྱི་བ་རྱ་བྱའོ།། གསུས་མ ་དང་འདོད་མའི་ས་བོན་དགོད་པའོ།། དེ་ལྟར་འདོད་མ་ཐམས་ཅད་ཀུན་ནས་རང་རིགས་ཕྱོགས་སུ་གནས་ཏེ། རྒྱལ་བ་རྣམས་ཀྱི་ཁོ་དོག་དབྱེ་བས་ཁ་དོག་རིག་པར་བྱ་སྟེ། ཁ་དོག་ལྔའི་རྡུལ་ཆེན་གྱིས་སོ་ཞེས་པ་ནི་ཐམས ་ཅད་དུ་ངེས་ལའོ།། ད་ནཱི་ཐུང་དང་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་ལོ་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་འཆད་པར་འགྱུར་བའི་སྒྲུབ་ཐོབས་ཀྱི་ལེའུ་ལས་ཙཱ་ར་ཙི་ཀཱའི་པ ་གང་ནི་ཡི་དགས་ཏེ། དེའི་སྟེང་དུ་པདྨ་འདབ་མྱ་བརྒྱུད་པ་དེ་ཉིད་རྡལ་ཚོན་གྱིས་བྲི་བཨཱརྱ་བྱ་སྟེ། པདྨ་ཡང་ཁ་དོག་དམར་བའོ།། དེ་ནས་ཐུང་དང་རིང་བའི་ཧ་ཡིག་དག་ནི་ཞེས་པ་ནི་པཱཔྤ་འི་ལྟེ་བ་ལ་ཙར་ཙི་ཀཱའི་ཧཱའོ།། ནཻ་རི་སྦྱིན ་དུ་ཁྱུ་མཆོག་གི་སྟེང་དུ་པདྨའི་ལྔ་པ་ཁེ་དྲག་མའི་ང་།། ལྷོར་མེ་ཚེའི་སྟེང་དུ་པད་མ་།། ནུབ་དུ་གླང་པོ་ཆེའི་སྟེང་དུ་དབང་མོའི་ཧྲཱི་\ུ0f7f།། ཞེས་པ་སྟེ་ཕྱོགས་སུ་ཙཾ་ཙཾ་ཀཱ་སོགས་ཀྱིའོ།། ཁྱབ་འཇུག་མ་སོགས་པ ་གི་ཀཱ་ཡིག་ནི་དེ་བཞིན་དུ་མོའི་ཟུར་དུ་མཁའ་ལྡིང་གི་སྟེང་དུ་པདྨའི་ལྟེ་བ་ལ་ཀྵའོ།། དེ་བཞིན་དུ་འཕྲོག་བྱེད་དུ་སེང་གེའི་སྟེང་དུ་དཔལ་ཆེན་མོའི་ཀྲུཾ་ངོ་།། རླུང་དུ་ངང་པའི་སྟེང་དུ་ཚངས་མའི་ཀྵའོ།། བདེན་བྲལ ་དུརྨ་བྱ་དང་པདྨའི་སྟེང་དུ་གཞོན་ནུ་མའི་ཀྵཿའོ།། འདི་རྣམས་ཟླ་བ་དང་ཉི་མའི་གདན་མེད་པ་སྟེ་ཙ་ར་ཙཱི་ཀཱ་ལ་སོགས་པའི་དབྱེ་བས་ལྷ་མིན་དུའོ་ཞེས་པ་ནི་ངེས་པའོ།། ད་ནཱི་ཧི་ལ་སོགས་པ་ཞེས་པ་ལ་སོགས་པས་པདྨའི་འདབ་མ ་རྣམས་ལ་འཇིག་མ་ལ་སོགས་པ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཧི་ལ་སོགས་པ་གྲངས་བརྒྱད་དོ།། དེ་ལ་ཙར་ཙི་ཀཱའི་མདུན་གྱི་པདྨའི་འདབ་མ་ལ་འཇིགས་མའི་ཧིའོ།། རྒྱབ་དུ་རླུང་ཤུགས ་མའི་ཧཱིའོ།། རང་ཕྱོགས་དེ་དག་རྣམས་སུ་སྟེ་ཤར་གྱི་ཕྱོགས་སུ་ཡ་སོགས་ཐུང་བ་དྲུག་རྣམས་སོ།། འཇིགས་མ་ལི་སོགས་པ་གཡས་སྐོར་གྱིས་ཏེ། དེ་བཞིན་དུ་འཇིགས་མའི་འདབ་མ་གཉིས་པ་ལ་དྲག་མོའི་ཡའོ།། ་གསུམ་པ་ལ་དུས་ཀྱི་མཆེ་བའི་ཡིའོ།། བཞི་པ་ལ་མོ་འབར་གདོང་མའི་ཨཱིའོ།། དེ་ནས་འདབ་མ་ལ་རླུང་གི་ཤུགས་མའི་བརྗོད་ཟིན་ཏོ།། དྲུག་པ་ལ་རབ་གཏུམ་མའི་ཡུའོ།། བདུན་པ་ལ་དྲག་མིག་མིའི་ཡྻའོ།། བརྒྱད་པ ་ལ་སྣ་ཆེན་མའི་ཡ~ཾ་ངོ་།། ཡང་ན་ལྟེ་བ་ལ་སོགས་པ་ལ་ཐམས་ཅད་དུ་ཙ་ར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་གྲི་གུག་གི་མཚན་མའོ།། ལྷ་ཡ~ཾ་པདྨ་སྟེ་ཤར་གྱི་པདྨ་ལ་དགོད་པའོ།། འདིར་མེའི་པདྨ་ལ་སོགས་པ་རྣམས ་ཀྵི་ལ་སོགས་པ་གྲངས་བརྒྱད་པོ་སྟེ། དེ་ལ་ཁྱབ་འཇུག་མའི་མདུན་དུ་དཔལ་མོའི་ཀཱིའོ།། རྒྱབ་དུ་མཆོག་ཏུ་རྣམ་པར་རྒྱལ་མའི་ཀཱིའོ།། དེ་བཞིན་དུ་ཡ་ལ་སོགས་པ་སྟེ། སྒྱུ་འཕྲུལ་མའི་ཡཱའོ།། གྲགས་མའི་ཡཱིལོ།། དཔལ ་མིའི་ཡྨྼ;ྻུཾའོ།། འདབ་མ་དྲུག་པ་ལྔ་རྒྱལ་མའི་ཡཱའོ།། རྒྱལ་ལྡན་མིའི་ཨཱིའོ།། འདབ་མི་བརྒྱད་པ་ལ་འཁོར་ལོ་ཅན་མའི་ཡཿའོ།། ཡང་ན་ཐམས་ཅད་དུ་འཁོར་ལོའི་མཚན་མ་སྟེ། མེའི་པདྨ་དག་ལ་རིམ་པ་ཡིས་ཤེས ་པ་ངེས་པའོ།། དེ་བཞིན་ག་ཤིན་རྗེ་ར་ར་སོགས་ཤེས་པ་སྟེ། འདིར་ལྷོ་རུ་ཕག་མོའི་མདུན་དུ་ཀེང་རུས་མའི་ཧཱུཾའོ།། རྒྱབ་དུ་འདབ་མ་ཝཱ་པཾར་མཆེ་བ་གཙིགས་མའི་ཧཱུཾའོ།། དེ་ནས་ར་སོགས་ཏེ་དུས་མཚན་མའི་རའོ།། རབ ་ཁྲོས་གདོང་མའི་རཱྀའོ།། དུས་ཀྱི་ལྕེའི་ཙཱའོ།། ནག་མོའི་རུའོ།། འཇིགས་རུང་མའི་རཱིའོ།། གཟུགས་ངན་མོའི་རཾ་མོ།། དེ་བཞིན་དུ་ལྷ་མིནཱ་ཏེ་བདེན་བྲལ་གྱི་པདྨའི་འདབ་མ་ལ་གཞོན་ནུ་མཱའི་མདུན་དུ་པདྨ་རི་ཀྵཾའོ།། རྒྱབ་ཏུ ་རིན་ཆེན་ཕྲེང་བ་མཱའི་ཀྟྭའོ།། དེ་ནས་རིམ་པ་ཇི་ལྟ་བས་ཡན་ལག་མེད་པའི་རཱའོ།། གཞོན་ནུ་མའི་རཱྀའོ།། རི་དགས་བདག་འགྲོ་མའི་ཙླིའོ།། མིག་བཟངས་མའི་ནཱའོ།། རུལ་པ་མའི་རྟྲྀའོ།། བཟང་མོའི་རིཿའོ།། ཞེས ་བ་ནི་ལྷ་མིན་པདྨའི་འི་འདབ་མ་དག་ལ་ཐུང་ངུ་རིང་པོའི་རབ་ཏུ་དབྱེ་བས་སོ།། གནོད་སྦྱིན་དྲག་པོར་ཝེ་ལ་སོགས་ཤེས་པ་ནི་འདིར་གནོད་སྦྱིན་དུ་དྲག་མོའི་བདུན་དུ་གཽ་རིའི་ཧུའོ།། རྒྱབ་ཏུ་འདབ་མ་ལྔ་པ་ལ་ཏྲོ་ཏ་ལའི ་ཧཱུའོ།། དེ་ནས་ཝ་ལ་སོགས་པ་རིམ་པས་ཏེ་གང་གཱའི་ཝའོ།། རྟག་པ་མའི་ཁྲིའོ།། མཆོག་ཏུ་མགྱོགས་མའི་ཝཱཾའོ།། མཚན་ཉིད་མའི་ཝཱའོ།། སེར་སྐྱ་མོའི་ཝཱཾའོ།། ནག་མོའི་ཝ་ཞེས་པ་སྟེ་གནོད་སྦྱིན ་དུའོ།། དྲག་པོར་དཔལ་ཆེན་མོའི་མདུན་དུ་དཔལ་དཀར་མོའི་ཀྵའོ།། རྒྱབ་ཏུ་ཁྱབ་འཇུག་མའི་ཀྵའོ།། དེ་ནས་ཝཱ་ལ་སོགས་པ་སྟེ། ཟླ་བའི་རི་མོའི་ཝཱའོ།། རི་བོང་འཛིན་ཞལོ་མའི་ཝཱིའོ།། ངང་པའི་མདོག་མའི་ཝཱཾའོ།། པདྨའི ་དབང་ཕྱུག་མའི་སྐུའོ།། སྐར་མིག་མོའི་ཙྪའོ།། དྲི་མེད་རི་བོང་འཛིན་མའི་ཝཿའོ།། ཞེས་ས་པ་ནི་འཕྲོག་བྱུད་དུའོ།། ཆུ་གཏེར་དང་བཅས་རླུང་གི་པད་འདབ་རྣམས་ལ་ལ་ལ་སོགས་ཤེས་པ་ནི་འདིར་ཆུ་རུ་དབང་མོའི་མདུན་དུ ་རྡོ་རྗེ་འདི་ཙཱའོ།། རྒྱ་བ་དུ་སྣ་ཚོགས་འི་མཐའི་དྷཱིའོ།། དེ་ནས་ལ་ལ་སོགས་པ་སྟེ། རྡོ་རྗེ་ལུས་མའི་ལའོ།། མཆོག་གི་གསོར་ལྡན་མའི་ཡིའོ།། ཨུ་པ་ཤིའི་ལྔའོ།། རཾ་བྷཱུའི་ལུའོ།། ཟུག་རྔུ་མེད་པའི་རྨའོ།། སྒྲོལ་མའི་ཨོཾ་མཻ ་ཞེས་པའོ།། རླུང་དུ་ཚངས་མའི་མདུན་དུ་སཱ་བིདཱི་ཏྲའི་ཀྵིཾའོ།། རྒྱུབ་ཏུ་ངག་གི་དབང་ཕྱུག་མའི་ཀྵྨཱིའོ།། དེ་ནས་ལཱ་ལ་སོགས་པ་རིང་པོ་རྣམས་ཏེ། འདིར་འདབ་མ་གཉིས་པ་ལ་པདྨའི་མིག་མའི་ལྔའོ།། ཆུ་སྐྱེས་ཅན་མའི་ལཱྀའོ།། ་བློ་གྲོས་མའི་མྲྀའོ།། གཱ་ཡང་དཱའི་ལཱུའོ།། གློག་འོད་མའི་ལླིའོ།། དྲན་པ་མའི་ལིཿའོ།། ཞེས་པ་ནི་པདྨའི་འདབ་མ་རྣམས་ལ་ས་བོན་དགོད་པའོ།། ཡང་ན་ཐམས་ཅད་དུ་ཕག་མོ་ལ་སོགས་པ་རྣམས་ལ་ཐུག་པའི་མཚན་མལ ་གཞོན་ནུ་མ་ལ་སོགས་པ་རྣམས་ལ་ཤཱཀྵའོ།། དྲག་མོ་ལ་སོགས་པ་རྣམས་ལ་རྩེ་གསུམ་མོ།། དཔལ་མོ་ལ་སོགས་པ་རྣམས་ལ་པདྨ་འམ་རལ་གྲཝའོ།། དབང་མ་ལ་སོགས་པ་རྣམས་ལྔ་རྡོ་དྷཱ་རཱ།། ཆུངས་མ་ལ་སོགས་པ ་རྣམས་ལ་ཁབ་བམ་སྣོད་དོ།། གསུང་གི་དཀྱིལ་འཁོར་ལ་ཙ་རི་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་ས་བོན་དང་མཚན་མ་དགོད་པ་སྟེ་བྲི་བར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ནི་ཤར་གྱི་སྒྲའི་ཞེས་པ་ལ་སོགས་པས ་སྐུའི་དཀྱིལ་འཁོར་ལོ་བདེན་བྲལ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་སྐུའི་དཀྱིལ་འཁོར་ལ་བདེན་བྲལ་ལ་སོགས་པ་ལྷ་བཅུ་གཉིས་པོ་རྣམས་ཀྱི་པདྨ་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ནི་ནག་པའི་ཟླ་བ་ལ ་སོགས་པ་སྟེ། ཚེས་སུམ་བརྒྱ་དྲུག་ཅུ་རྣམས་ནི་ལྷག་པའི་ལྷའོ།། དེ་དག་ལས་ཉ་དང་གནེམ་སྟོང་གི་ས་བོན་རྣམས་ནི་ལྟེ་བ་ལ་སྟེ། ལྷག་མ་ནི་པདྨའི་འདབ་མ་རྣམས་ལའོ།། འདིར་ནོག་པའི་ཟླ་བ་དང་ས་གའི་ཟླ་བ་དག་ནི་རླུང ་རྣམ་པར་དག་པས་དཔྱིད་དོ།། དེས་ན་རྩི་སྡེའི་ཐུང་དུ་ལྷ་མིན་གྱི་སྟེ། དབྱངས་རིང་པོས་ཕྱེ་བ་ནི་མཾ་ཡི་ཟུར་ན་གནས་པ་རླུང་གིའོ།། འདི་ཤར་གྱི་སྒོའི་ལྷོའི་འདབ་མ་དང་པོ་ལ་ཉ་རྡོ་རྗེ་མའི་ཉའོ།། ཇི་ལྟར་དཀར་པོའི་ཆོས་གཅིག ་རྡོ་རྗེ་མ་ཡིན་པ་དེ་བཞིན་དུ་ཐམས་ཅད་དུའོ།། དེ་བཞིན་དུ་འབ་མི་གཉིས་པ་ལ་ཉི་རྡོ་རྗེ་མའི་ཉིའོ།། དེ་བཞིན་དུ་ཆོས་ཐམས་ཅད་ལ་རྡོ་རྗེ་མིང་གི་མཐར་རིག་པར་བྱའོ།། ཉ་ན་ཤེས་འབ་སྟེ་གནས་སྟེང་ནི་ཐབས་སོ།། དེ་བཞིན ་དུ་འདབ་མ་གསུམ་པ་ལཱ་ནཱི་སྟེ་སླར་ཡང་རིམ་པ་ཇི་ལྟ་བས་ཉྩཧྲཱིཿདྡྷཏྲཱ~ཾདྷཱིདྡྷདྡྷ་དྷཱ་ཛ་ཛམས་པ་འདབ་མ་བཅུ་བཞི་པ་ལར།། དེ་ནས་ཉ་ནི་ལྟེ་བ་ལ་ཛྲཱྀཾ་རྡོ་རྗེ་མའཛུར།། དེ་ནས་འདབ་མ་བཅོམྦྷ་པཱ་ལཱ་ཛྙཱ ་དེ་བཞིན་དུ་རིམ་པས་ཛཱི་ཇི་ཆེ་ཚི་རྒྷ་རྨུ་ཌྷིནྡྷེ་ཆ། ཙ་ཙི་ཙཱི་ནུ་རླྀ་ཙ་ཞེས་པ་འདབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ།། དེ་ནས་ལྟེ་པ་ལ་གནང་སྟོང་གི་ས་བོན་ཙམ་མོ།། ས་གའི་དཀར་པོའི་ཚེས་གཅིག་ནི་དང་པོ་ལ་ཙཱ་རྡོ་རྗེ་མའི་ཙཱའོ།། དེ་བཞིན ་དུ་ཚེས་ཐམས་ཅད་ལ་རྡོ་རྗེ་མ་མཐོའི་མིང་ངོ་།། དེ་བཞིན་དུ་འདབ་མ་གཉིས་པ་ལ་གཉིས་པ་ཙྪ་རྡོ་རྗེ་མའི་ཙཱིའོ།། དེ་བཞིན་དུ་རིམ་པསནྟི་རཱུ་ཧཱུ~ཾ་ཙཿཚཱ་ནཱིཙྪ་ཚཱརྒྷ་ཆཿཛཱ་ཛཱི་ཞེས་པ་པདྨ་བཅུ་བཞི་པ་ལའོ།། དེ་ནས་ས་གའི་ཉར ་ས་བོན་ནི་ལྟེ་བ་ལ་ཛྷཻཾ་རྡོ་རྗེ་མའི་དྷྭཾའོ།། དེ་ནས་འདབ་མ་བཅོཾ་ལྔ་པ་ལ་ནག་པོའི་ཚེས་གཅིག་སྟེ། ཛཱི་དྷཱཾ་ཛཿཛྙཱ་ཛྙཱ་ཛྙི་ཛྙཱ་ཛྙཱ་ཛྫཿཐཱ་ཉྫིནྟ་ནཱཾཥྨཱ་ཞེས་པ་འདེབ་མ་ཉི་ཤུ་རྩ་བརྒྱད་པ་ལའོ།། དེ་ནས་གནམ་སྟོང་གི་རླུང་གི་ས་བོན་ནི ་སྟྭཾ་བ་ལ་ཧའོ།། ཙ་ཧཱུ~ཾ་རིང་པོ་སྟེ་རླུང་གཱའོ་ཞེས་པ་ནི་ངས་པའོ།། དེ་བཞིན་གཤིན་རྗེར་རྩཝ་ལྷའི་སྒོའི་ནུ་བངྒེ་ཨོཾཥྚྲྀ་མིའི་ཀྱཻ་ཟླ་རྗེའི་ཆོས་རྣམས་ལ་ཊ་སྡེ་ཐུང་དུ་རྣམས་ཎྜ་ལཱ་སོགས་པས་སོ།། རྗེ་སྟེ་མེའོ།། ་རོའི་གདོང་པ་དག་གི་ཞེས་གདོང་དྲུག་གི་ནི་རིང་པོ་སྟེ། ཆུ་སྟོད་ཀྱི་ཟླ་བའི་ཚེས་རྣམས་ལ་ཙ་སྟེ་རིང་པོ་བཞིན་ནོ།། ལྟེ་བ་ལ་བྷྲཱུཾ་ཎཿཞེས་པ་སྟེ་ཐུང་ངུ་རིང་པོའི་རབ་དབྱེ་ཡིས་སོ།། དེ་བཞིན་དུ་གཡོན་དུ་ཞེས་པ་བྱང་དུ ་རྒྱ་མཚོའི་པ་སྡེ་ཐུང་ངུ་སྐྱེ་གྲོ་བཞིན་གྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་བྷཱ་བ་མོ།། དབང་ལྡན་དུ་རིང་བའི་དབྱེ་བས་ཚོགས་ཀྱི་ཞེས་པ་ལོག་འདྲེན་གྱི་སྟེ། ལྟེ་བ་ལ་ཁྲུམས་ཀྱི་ཟླ་བའི་ཉ་དང་གནམ་སྟོང་དག་གི་བྷྲཱུཾ་མཿའོ།། དེ་བཞིན ་དུ་ཆུར་བརྒྱ་བྱིན་གྱི་ཏ་སྡེ་ཐུང་ངུ་ལ་སོགས་པས་ཏེ་ལྟེ་བ་ཐ་སྐར་གྱི་ཟླ་བའི་ཉ་དང་གནམ་སྟོང་དག་གཱི་དྷྲྀ་ཏཱཾ་ངོ་།། དེ་བཞིན་དུ་རླུང་དུ་ཚངས་པའི་ཏཱ་ལ་སོགས་པས་ཏེ། ལྟེ་བ་ལ་སྨིན་དྲུག་གི་ཟླ་བའི་ཉ་དང་གནམ་སྟོང་དག་གི་ཛྙཱ་ན ་ལོ། དེ་བཞིན་དུ་ཤར་གྱི་སྒོའི་གཡོན་དུ་པདྨའི་འདབ་མ་ལ་ལྷ་མིན་དགྲའི་ཞེས་པ་ཁྱབ་འཇུག་གི་ཀཾ་སྟི་ཐུང་ངུ་ང་ལ་སོགས་པས་ཏེ་ལྟེ་བ་ལི་ཆུའི་ཟླ་བའི་ཉ་དང་གནས་སྟོང་དག་གི་\ུ0f88\ུ0f90་ཀཾ་།། ལྷོ་རུ་ཞེས་པ་ལྷོའི་སྒོའི་ཤར་དུ ་གཤིན་རྗེ་དག་གི་རིང་པོ་ཀཱ་ལ་སོགས་པ་སྟེ། ལྟེ་བ་ལ་དཔའ་བོའི་ཟླ་བའི་ཉ་དང་གོནམ་སྟོང་དག་གི་གྷི་ངཿངོ་།། དེ་བཞིན་དུ་བྱང་དུ་ཞེས་པ་བྱང་གི་སྒོའི་ནུབ་ཏུ་ཕྱུགས་ཀྱི་བདག་པོའི་ས་སྡེ་ཐུང་ངུ་\ུ0f88\ུ0f90་ལ་སོགས་པས་ཏེ་ལྟེ་བ ་ལ་མགོའོ་ཟླ་བའི་ཉ་དང་གནམ་སྟོང་གི་ཥཱཾ་སཾ་མོ།། དེ་བཞིན་དུ་ནུབ་ཀྱི་སྒོའི་ལྷོར་པདྨའི་འདབ་མ་རྣམས་ལཾ་གནོད་སྦྱིན་གྱི་རིང་པོ་ས་ལ་སོགས་པས་ཏེ། ལྟེ་བ་ལ་རྒྱལ་གྱི་ཟླ་བའི་ཉ་དང་གན་མེ་སྟོང་དག་གི་ཥྚྲྀ་བྷཿའོ།། ཞེས་པ ་སྟེརྔདེ་ལྟར་དཔྱིད་དང་སོ་ག་དང་དབྱར་དང་སྟོན་དང་། དགུན་སྨད་དང་། དགུན་སྟོད་ཀྱི་དུས་ཀྱི་དབྱེ་བས་རླུང་དང་མེ་དང་། ཆུ་དང་། ས་དང་། ནམ་མཁའ་དང་། ཡེ་ཤེས་ཀྱི་ཁམས་རྣམས་སོ།། ཆོས་ཀྱི་དབྱེ་བས་དཀྱིལ་འཁོར་ལྔ་ལ ་དྲུག་དྲུག་གི་དབྱེ་བས་སྐུའི་དཀྱིལ་འཁོར་ལ་ས་བོན་དགོད་པའོ།། ཡང་ན་གཙོ་བོའི་མཚན་མའི་རབ་ཏུ་དབྱེ་བས་འདབ་མ་ཐམས་ཅད་ལ་མཚན་མ་རྣམས་ཏེ། འདིར་ལྟེ་བ་ལ་བདེན་བྲལ་ལ་སོགས་པ་རྣམས ་ཀྱི་མཚན་མ་ནི་རིམ་པས་རལ་གྲི་དང་། ལྗོན་ཤིང་དང་། ཤཱཀྟི་དང་། མདུང་དང་ཞགས་པ་དང་། དགྲ་སྟ་དང་། རྡོ་རྗེ་དང་། ཁ་བོ་དང་། འཁོར་ལོ་དང་། དབྱུག་པ་དང་། རྩེ་གསུམ་དང་། བེ་ཅོན་ནོ།། ཞེས་པ་སྟེ་མཚན་མ་དགོད ་པའི་ངེས་པའོ།། འདི་ལྟ་སྟེ་ལྷ་མིན་ལ་སོགས་རྣམས་ཀྱི་རང་གི་ས་བོན་དུ་འགྱུར་འདབ་མ་ལ་མིན་རང་རང་སྡེ་མཐའ་དབུས། འདབ་མ་ཉི་ཤུ་རྩ་བརྒྱད་ལ་ཡང་ཉིན་ཞག་དབང་གིས་རང་རང་སྡེ་པ་དག་གི་ཡི་གེ་རྣམས་ཤེས ་པ་སྟེ། སྐུའི་དཀྱིལ་འཁོར་ལ་སུམ་བརྒྱ་དྲུག་ཅུའི་རྡོ་རྗེའི་ཚེས་དགོད་པའི་ངེས་པའོ།། ད་ནི་ཡཱུ་རཱ་ཞེས་པ་ལ་སོགས་པ་སྒོ་སྐྱོང་ཤིང་རྟ་ལ་གནས་པའི་ལྷ་མོ་རྣམས་དང་། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས ་ཏེ་འདིར་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ལྔའོ།། དབྱུག་པ་སྔོན་པོ་ཡཾ་ངོ་།། ལྷོའི་སྒོར་ཙུན་དྷཱའི་ཝཱཿདང་འདོད་པའི་རྒྱལ་པོའི་རཾ་ངོ་།། བྱང་གི་ཁྲོ་གཉེར་ཅན་གྱི་རཱཿདང་མི་གཡོ་བའི་ཝཾ་ངོ་།། ནུབ་དུ་རྡོ་རྗེ་ལྕགས་སྒྲོག ་མའི་ཡཱཿདང་སྟོབས་པོ་ཆེའི་ལཾ་ངོ་།། ན་མཁའ་དག་པས་ཤར་གྱི་སྒོའི་མདུན་དུ་སྔོན་མོའི་ཧཱཿདང་གཙུག་ཏོར་གྱི་ཧཾ་ངོ་།། ས་འོག་དག་པས་ནུབ་ཀྱི་སྒོའི་མདུན་དུ་དྲག་ཅན་མའི་ཧཱཿདང་གནོད་མཛེས་རྒྱལ་པོའི ་དོ་ཡང་ན་མཚན་མ་རྣམས་ཏེ། དབྱུག་པ་དང་། མདའ་དང་། གཏུན་ཤིང་དང་། བེ་ཅོན་དང་། རྡོ་རྗེ་དང་། རྩེ་གསུམ་པའོ།། ཕག་པ་དང་། རྟ་དང་། སེང་གེ་དང་། གླང་པོ་ཆེ་དང་། ཨ་ནི་ལ་དང་། རྐང་པ་བརྒྱད་པའི་ཤིང་རྟའོ།། ་ཞེས་པ་ནི་ངེས་པའོ།། ད་ནི་ཀླུའི་ས་བོན་རྣམས་གསུངས་ཏེ། འདིར་ཤར་ལ་སོགས་པའི་སྒོ་ལས་གཡས་དང་གཡོན་དུ་ཁ་ཁྱེར་ལ་གདངས་ཅན་པདྨ་ལ་སོགས་པ་རྣམས་ཀྱི་རིམ་པ་བཞིན་དུ་ཡ་སོགས་ལ་གནས་ཧ་ཡིག་སྟེ། ་འདིར་ཤར་གྱི་སྒོའི་བྱུང་དུ་རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་རྒྱུའི་ཧྱ་དང་། ལྷོ་རུ་པདྨའི་ཧླའོ།། ཡང་ན་རྒྱལ་མཚན་གྱི་མཚན་མའོ།། དེ་བཞིན་དུ་ལྷོའི་སྒོའི་ཤར་དང་ནུབ་དུ་མེའི་དཀྱིལ་འཁོར་ལ་ནོར་རྒྱས་དང་དུང་སྐྱོང་དག་གི ་ཧྲ་ཧྭཱ་འམ་བཀྲ་ཤིས་སོ།། བྱང་གི་སྒོའི་ནུབ་དང་ཤར་དུ་ཆུའི་དཀྱིལ་འཁོར་ལ་རིགས་ལྡན་དང་མཐའ་ཡས་དག་གི་ཧཱ་ཧཱ་འམ་པདྨའོ།། ནུབ་ཀྱི་སྒོའི་ལྷོ་དང་བྱང་དུ་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོ་དག་གོ་ཧཱ་ཧླའམ ་རྡོ་རྗེའོ།། ཞེས་པ་ནི་མཚན་མ་དགོད་པའོ།། ད་ནི་སྡེ་དྲུག་ཅེས་པ་ལ་སོགས་པས་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་ཤར་ལ་སོགས་པའི་དུར་ཁྲོད་བརྒྱད་པོ་རྣམས་སུ་གྲངས་བཞིན་དུ་ཕྱོགས་ཀྱི་འཁོར་ལོར ་ཀ་སོགས་སྡེ་རྣམས་ཤེས་པ་ནི་ཤར་གྱི་འཁོར་ལོའི་སྟེང་དུ་ཀྵྨ་ཞེས་པ་འམ་གྲི་གུག་གོ། ནུབ་དུ་སྠཱ་ཞེས་པའོ།། བྱང་དུ་ལླའོ།། ལྷོའུ་ཀཱ་སོགས་ལྡན་པ་ལླཱ་ཞེས་པའོ།། འདི་དག་ནི་གཡོ་བ་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ ་འཁོར་ལོ་རྩིབས་བརྒྱད་པ་བྱས་ནས་དེའི་སྟེང་དུའོ།། ཙ་སོགས་གཞན་ལ་ལུགས་མཐུན་ནི་ཕྱོགས་བྲལ་རྣམས་སུ་སྟེ་མེར་ཙྪའོ།། བདེན་བྲལ་དུ་ཌྷའོ།། རླུང་དུ་ཏཱའོ།། དབང་ན་དུ་བྷཱའོ།། ཡང་ན་ཐམས་ཅད་དུ་གྲི་གུག ་གི་མཚན་མ་ནི་ངེས་པ་སྟེ། ཤར་དང་གཤིན་རྗེ་བྱང་དང་ཆུ་དང་མེ་དང་ལྷ་མིན་དང་ནི་དབང་ལྡན་རླུང་དུ་རིམ་པས་སོ་ཞེས་སོ།། འདིར་སའི་དྷཱི་དཀྱིལ་འཁོར་བྷཱུ་ལ་ཟླཿབྷྱཱཾ་བའི་ཨཾ་དང་བྷྲྀ། ཉི་མའི་ཨཿནི་ས་བོན་ནོ།། དུར ་ཁྲོ་ས་གཞི་ལ་གནས་འབྱུང་པོའི་ཚོགས་ཀྱི་ཞེས་པ་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱི་ཚོགས་ཀྱིས་ཏེ། འབྱུང་པོའི་ཚོགས་ཀྱི་མཐ་ཏིའ་ཡས་པའི་ཎི་སྔགས་མེ་རྣམས་ཏེ། དེའི་མི་གྲངས་རྣམས་སོ།། ཡང་ན་རླུང ་གི་དཀྱིལ་འཁོར་ལ་མཚན་མ་སྣ་ཚོགས་པ་བྱ་སྟེ་ངེས་པའོ།། ད་ནི་ཕྱོགས་ཀྱི་འཁོར་ལོ་ལ་སོགས་པའི་ས་བོན་ཏེ། ཤར་གྱི་རྟ་བབས་ལ་ཆོས་ཀྱི་འཁོར་ལོའི་ཧུ~ཾ་ངོ་།། ལྷོར་བུམ་པ་བཟང་པོའི་ཨཱཿའོ།། བྱང་དུ་རྔ་བོ་ཆེའི་ཨོ་འོ།། ་ནུབ་དུ་བྱང་ཆུབ་ཤིང་གི་ཧོ་མོ། ཞེས་པ་དེ་ལྟར་དབྱངས་ལྡན་རྣམས་ནི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལ་སྔགས་ཀྱི་དཔེ་པར་འགྱུར། ཕྱག་རྒྱ་མཚན་མ་རྣམས་ཀྱི་ཁ་དོག་མཐའ་དག་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བ་དག་གིས ་འགྱུར།། ཐབ་དུ་སྦྱིན་བསྲེག་དག་ཀྱང་དེ་བཞི་ནོ་འགྱུར་ཏེ་སླར་ཡང་འཇུག་ངོགས་པ་རྣམས་སྤྱན་དྲང་བ་དག་དང་། དཔལ་ལྗོན་ས་ལས་གསོང་བ་དང་ནི་མཆོང་ལོན་ཆོ་ག་དེ་བཞིན་བདུད་ནི་གཞོམ་པ་དག་ཀྱང་ངོ་།། ཞེས་པའི་ཚིགས ་སུ་བཅད་པ་འདིར་ཡང་དག་པར་བསྡུས་པ་ཐམས་ཅད་འཆད་པར་འགྱུར་བའི་རིམ་པས་རིག་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། ད་ནི་སྒྲོ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་སྒོ་བསྲུང་བའི་སླད་དུ་སློབ་མ་རྣམས་གསུངས ་ཏེརའདིར་ཤར་ལ་སོགས་པའི་སྒོ་རྣམས་བསྲུང་བའི་དོན་དུ་བརྟུལ་ཞུགས་ངེས་པ་དང་ལྡན་ཞེས་པ་ལ་བརྟུལ་ཞུགས་ནི་འཆད་པར་འགྱུར་བ་ཉི་ཤུ་རྩ་ལྔ་པོ་རྣམས་སོ།། དེ་དག་ལ་ངེས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་གནང་བ་སྟེ། དེ་དང ་ལྡན་པ་ནི་བརྟུལ་ཞུགས་ངེས་པ་དང་ལྡན་པའོ།། དག་པའི་སློབ་མ་ནི་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་བ་སྟེ། ལག་ན་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ཐོགས་པ་མངོན་པར་དབང་བསྐུར་ཞིང་རྗེས་སུ་གནང་བ་དེ་རྣམས་སྒྲོ་རྣམས་སུ་རབ་ཏུ་དགོད་པར ་བྱའོ།། དཔལ་ལྡན་བུམ་པ་དག་གི་རྣལ་འབྱོར་མ་རྣམས་མེ་དང་ལྷ་མིན་རང་དབང་ཟུར་དུ་རིམ་པས་སོ།། ཞེས་པ་ནི་སྔར་གྱི་བརྟུལ་ཞུགས་ལ་སོགས་པ་ཡོངས་སུ་དགེ་པ་དགོད་པར་བྱའོ།། དེ་ནས་རྡོ་རྗེ་སློབ་དཔོན་དཔལ་ལྡན་ཚོགས ་ཀྱི་དབང་པོར་འགྱུར་ཏེ་མི་བདག་ལས་ཀྱི་རྡོ་རྗེ་ཅན་དག་རབ་བྱས་ནས། ཤེས་པ་ནི་འདིར་ལྔ་པ་སློབ་མ་བཟང་པོ་ལས་ཐམས་ཅང་ལ་མཁས་ཤིང་དེ་ཉིད་བཅུ་ཡོངས་སུ་ཤེས་པ་དེ་སྦྱིན་བསྲེག་ལ་སོགས་པའི་ལས་ཀྱི་ཚོགས་ལ་ལས ་ཀྱི་རྡོ་རྗེ་ཅན་དུ་བྱས་ནས་བླ་མས་དཀྱིལ་འཁོར་ལ་རབ་ཏུ་གནས་པ་བྱའོ།། དེ་ལྟར་གྱུར་པའི་སློབ་མ་མེད་ན་ཚོགས་ཀྱི་བདག་པོ་རང་གིས་ཀྱང་ནི་སྦྱིན་བསྲེག་ལ་སོགས་པའི་ལས་བྱ་སྟེ། ཀྱང་ཡིག་གིས་འཆད་པར་འགྱུར་བ་གཞན ་ཀྱང་ངོ་།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཤང་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་མདོར་བསྡུས་ཆེན་པོ ་སྟེ་གསུམ་པའོ།། །། ཕུང་པོ་སོགས་ཀྱི་ཡམ་ཤིང་སོགས།། བསྲེགས་པ་ཐམས་ཅད་གསོལ་བ་གང་།། ཡེ་ཤེས་མེ་དེ་ལ་བཏུད་ནས།། དེ་ཡི་ཐབས་ཀྱི་མཚན་ཉིད་བཤད།། ཞི་བ་ལ་སོགས་རབ་དགེ ་ལས།། སོ་སོའི་ཕྱོགས་ཀྱི་ཆ་ཡིས་ནི།། ཐབ་ཁུང་རྣམ་བརྒྱད་རབ་གསུངས་དང་།། དགུ་པ་ལས་ནི་ཐམས་ཅད་པ།། འཇམ་པའི་རྡོ་རྗེས་རྩ་བརྒྱུད་ལས།། ཕྱུང་སྟེ་མདོར་བསྡུས་བསྟན་པ་གང་།། དེ་དག་རྩཝ་རྒྱུད་རྗེས་སུ་ནི།། འཇུག ་པས་རྣམ་པར་རྒྱས་པར་བྱ།། འདིར་ཚིགས་སུ་བཅད་པ་བདུན་ཅུ་རྩ་གཅིག་པ་ལ་སོགས་པས་གསུངས་པ་ལས་ཐམས་ཅད་པ་ལ་སོགས་པའི་ཐབ་ཀྱི་རྣམས་ཀྱི་མཚན་ཉིད་ཟླུམ་པོ་འམ་ཞེས་པ་ལ་སོགས་པས་གསུངས་ཏེ། ་འདིར་ཐམས་ཅད་དུ་ཁྲུ་བཞི་པའི་དཀྱིལ་འཁོར་ལ་ལས་ཐམས་ཅད་པའི་ཐབ་ནི་ཞི་བ་ལ་ཟླུམ་པོ་དཀྱིལ་འཁོར་གྱི་ཕྱེད་དོ།། རྒྱས་པ་ལ་གྲུ་བཞི་དཀྱིལ་འཁོར་དང་མཉམ་པའོ།། དེ་ལ་རེ་ཤཱིག་རིགས་ཀྱི་དབང་གིས་ཡེ་ཤེས་ཀྱི ་འཁོར་ལ་ནི་ཐམས་ཅད་དུ་སྙིང་པོ་སྟེ་རྡོ་རྗེ་ཕྲེང་བ་དང་ཀ་བའི་མཐར་དཀྱིལ་འཁོར་ལས་ཕྱེད་ཀྱི་ཆར་འགྱུར་ཏེ། ཕྱི་རོལ་འཁོར་ལོའི་ཕྱེད་ཀྱིས་ཚད་ཀྱི་ཤེས་པའི་ངེས་པ་ལས་སོ།། དེའི་ཕྱེད་ཀྱིས་རྩ་བའི་པདྨ་སྟེ། དེར་ཕྱིར་སྙིང ་པོ་ནི་པདྨ་ཉིས་འགྱུར་རོ།། རྒྱས་པ་ལ་འབྲུ་གཉིས་པ་གྲུ་བཞིའོ།། ཟླུམོ་དང་སྙིང་པོའི་པདྨའི་ཚད་ནི་ཁྲུ་གཅིག་གོ། ཐམས་ཅད་དུ་གྲོང་ལ་སོགས་པའི་དབུས་སུ་བསོད་ནམས་ཀྱི་དོན་དུའོ།། ཡང་ན་ལས་ཀྱི་རྗེས་སུ་མཐུན་པས་བྱང ་ངམ་དྲག་པོའི་ཟུར་རམ་གཞན་ཡང་དཀར་པོའི་ས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་རྡོ་རྗེ་འབར་བའི་ཕྱི་རོལ་ཁྲུ་གཉིས་ཀྱི་བར་དུའོ།། དེ་ལ་ཐབ་གྲུ་བཞི་ནི་ཁྲུ་གཉིས་པ་སྟེ། རྒྱར་ཕྱི་རོལ་གྱི་འཁོར་ལོའི་ཕྱེད་ཀྱི་ཚད་ཀྱིས་སོ།། ཟབས་ནི ་པདྨའི་ཚད་ཅེས་པ་ནི་འདིར་རྒྱས་པའི་ཐབ་ལ་ཟབས་ནི་པདྨའི་ཚད་དེ་མཐོ་གཉིས་སུ་འགྱུར་ཞིང་། ཟླུམ་པོ་ལ་མཐོའི་ཚད་དུ་འགྱུར་རོ།། དེའི་ནང་དུ་སྙིང་པོར་པདྨ་སྟེ། ཁྲུ་བཞི་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ཐབ་གྲུ་བཞི ་དང་། ཁྲུ་གཉིས་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཟླུམ་པོའི་སྙིང་པོ་ལ་མཚན་མ་དང་བཅས་པར་འགྱུར་རོ།། དེ་བཞིན་དུ་དཀྱིལ་འཁོར་ལ་པདྨ་ཕྱེད་ལ་པདྨའི་ཕྱི་རུ་ཕྱོགས་བྲལ་རྣམས་སུ་བུམ་པ་དང་བཅས་རལ་གྲི་ལ ་སོགས་པའི་བའི་མཚན་མ་ཇི་ལྟ་བ་དེ་བཞིན་དུ་ཐབ་ཁུང་གི་སྙིང་པོར་རྡུལ་ཚོན་དཀར་པོ་ལ་སོགས་པ་འམ་འཇིམ་པས་ཐབ་ཁུང་ཐམས་ཅད་ལ་རྩ་བའི་པདྨ་ལ་སོགས་པ་བྱོ་སྟེ། ཕྱི་ནས་ལས་ཀྱི་རྗེས་སུ་མཐུན་པས་རྒྱས་པའི ་དཀྱིལ་འཁོར་ལ་འབྲས་བཏགས་པ་ལ་སོགས་པས་ཁ་དོག་བྱའོ།། མཚན་མ་རྣམས་ནི་དཀྱིལ་འཁོར་གྱི་མཚན་མ་ཇི་ལྟ་བ་བཞིན་ནོ།། དེ་ལྟར་ཐབ་ཁུང་གི་གཞི་ལ་ཆོངས་པའི་གནས་ནས་ཐང་ཀའི་ཆ་ཁྲུ་གཅིག་སྟེ་གྲུ་བཞིའི ་ཕྱེད་ཀྱི་ཆའོ།། དེ་བཞིན་དུ་ཐབ་ཀྱི་རྩིག་པ་ལའོ།། དེ་ལྟར་ཆ་གཉིས་གཉིས་ནི་ཤར་དང་ནུབ་ལ་ཡང་སྟེ། དེ་བཞིན་དུ་ལྷོ་དང་བྱང་ལ་ཡང་ངོ་།། དེ་ལྟར་ཐབ་གྲུ་བཞི་ནི་ར་བའི་མཚམས་སུ་སྟེ། མིག་ལ་སོགས ་པའི་གནས་ཀྱི་མཐར་རོ་ཞེས་པ་ནི་ངེས་པའོ།། ཁྲུ་བཞི་པ་ནི་གྲུ་བཞིའོ།། དེའི་ཕྱེད་ནི་ཟླུམ་པོ་སྟེ་ཁྲུ་གཉིས་པའི་དཀྱིལ་འཁོར་རོ།། དེ་ཡི་ཕྱེད་ཀྱིས་ཀྱང་ནི་མཆུ་སྟེ་ཞེས་པ་ནི་པདྨའི་ཕྱེད་དེ་བཞིན་གཤེགས་པའི་གནས་དེའི་ཕྱེད ་ཀྱིས་ཐད་ཀ་དང་དཔངས་སུ་སྟེ། ར་བའི་ཚད་ཀྱིས་ཐད་ཀའི་ཆ་ཡིས་ངེས་པའོ།། ཚད་དེ་ཉིད་ཀྱིས་དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་ཕྱེད་ཇི་སྲིད་པའོ།། དེའི་སྟེང་དུ་དེའི་ཕྱེད་ཀྱིས་འབྱུང་བ་དང་། དཔངས་ཏེ། མཆུའི་ཕྱི་རོལ་གྱི་སྟེང་དུ་རོ་ཁཱ ་དཀྱིལ་འཁོར་རོ།། དེ་བཞིན་དུ་དཀྱིལ་འཁོར་གྱི་ཁ་ཁྱེར་གྱི་མཐར་ཡོངས་སུ་དག་པའོ།། དེ་ལས་ཉེས་འགྱུར་དག་ཀྱང་ཁ་ཁྱེར་དག་གི་བརྒྱའི་ཆ་ཞེས་པ་ནི།། སྙིང་པོའི་མཆུའི་ཚད་དེ་ལས་ཉིས་འགྱུར་ཐད་ཀའི་ཆར་བ་སྐྱེད་པ ་ནི་ཁ་ཁྱེར་ཏེ། དེ་བཞིན་དུ་རིན་པོ་ཆེའི་སྣུམ་བུ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་དང་། བ་ཀུ་ལཱིའི་མཐར་ཐུག་པར་ཐམས་ཅད་ཁ་ཁྱེར་བའོ།། དེ་ནས་བཀུ་ལཱི་དང་ཀྲ་མ་ཤཱི་ར་ཥའི་ཆ་ཚད་ཕྱེད་ཐད་ཀྭའི་ཆར་བསྐྱེད་པའོ།། ་ཁ་ཁྱེར་གྱི་སྟེང་གི་དབུས་ཀྱི་ཆ་དེ་ལ་ཁ་ཁྱེར་ཆ་ལྔར་བྱས་ནས་དབུས་ཀྱི་ཆ་གསུམ་གྱི་ཁ་ཁྱེར་གྱི་སྟེང་དུ་རྡོ་རྗེ་ཕྲེང་བ་སྟེ། ལས་ཐམས་ཅད་པོའི་ཐབ་ལའོ།། མཆུའི་ཚད་ཕྱེད་ཀྱི་དབངས་ཏེ་གང་གི་ཚེ་འཇིམ་རང་བཞིན་ཡིན་པ ་དེའི་ཚེ་དབུ་མའི་རང་བཞིན་མཆུའི་ཕྱེད་ཀྱི་དཔངས་སོ།། གང་གི་ཚེ་རྡུལ་ཚོན་གྱི་ས་ཡིན་པ་དེའི་ཚེ་དཔངས་ངེས་པ་མེད་དོ།། ཕྱི་རོལ་འོག་ཏུ་སྟེ་འོག་དུ་རྩེ་མོ་ཡོད་པའི་པདྨའི་འདབ་མ་རྣམས་སའི་མཐར་ཐུག་པར་ཁྭ་ཁྱེར་གྱི་ཕྱེད་ཀྱི ་ཚད་ཀྱིས་བྱའོ།། དེ་ནས་ཕྱི་རོལ་གྱི་ཕྱོགས་རྣམས་ཀུན་ཏུ་ཀུ་ཤ་དགོད་པར་བྱའོ།། ཀུ་ཤ་བཀྲམ་པ་དེའི་ཕྱི་རོལ་ནུབ་ཀྱི་ཕྱོགས་ཀྱི་ཆ་དག་ཏུ་ངེས་པར་རི་མོ་གསུམ་གྱིས་སྒོ་གཅིག་དུ་ནི་རབ་ཏུ་འགྱུར་ཞེས་པ་ནི་འདིར་ཐབ་ཀྱི་ཕྱི་རོལ ་ཏུ་ཁྲུ་གཉིས་དོར་ནས་ཕྱི་རོལ་ཏུ་དཀར་པོ་དང་དམར་པོ་དང་། ནག་པོའི་རྡུལ་ཚོན་གྱིས་ར་བ་གསུམ་བྱས་ཏེ། དེ་ནས་ནུབ་དུ་ར་བ་རིང་བའི་ཚད་ཀྱི་བརྒྱད་ཆའི་སྒོ་སྟེ། དཀྱིལ་འཁོར་གྱི་སྒོ་བཞིན་དུ་རྟ་བབས་དང་བཅས་པའོ།། དེ ་ལྟར་ཐབ་ཆེ་བ་དང་ཆུང་བ་ཐམས་ཅད་ལ་ཁྲུ་གཉིས་དོར་ནས་ར་བ་གསུམ་ནི་ངེས་པའོ།། སློབ་དཔོན་དག་གི་གང་ན་ནི་ངེས་པར་མཉམ་པ་གྲུ་བཞིར་འགྱུར་ཏེ། ཐབ་ཀྱི་སྙིང་པོའི་པདྨ་དག་ལས་ཉིས་འགྱུར་རོ་ཞེས་པ་ནི་ཁྲུ་གཉིས ་པ་གྲུ་བཞིའོ།། དེ་བཞིན་དུ་ཐབ་ཐམས་ཅད་ལ་ཁྲུ་གང་གི་ཁྱོན་ནོ།། དེ་བཞིན་དུ་གཡོན་དུ་མཆོད་ཡོན་གྱི་གདན་ཁྲུ་གང་དུ་འགྱུར་རོ།། དེ་བཞིན་དུ་གཡས་སུ་སྦྱིན་བསྲེག་སྣོད་དག་གི་གདན་ཡང་ཁྲུ་གང་སྟེ། རྒྱས་པ་ལ ་ཁྲུ་གཉིས་སོ།། གདན་རྣམས་ཀུན་གྱི་དབུས་སུ་པདྨའི་འདབ་མ་རྣམས་བཀོད་པའོ།། གདན་གྱི་དབུས་སུ་སྣ་ཚོགས་རྡོ་རྗེ་ནི་རྒྱལ་བའི་བདག་པོའི་ཡིང་ན་སྟེ་རྡོ་རྗེ་སེམས་དཔའི་ཡང་ནའོ།། མཁའི་པདྨ་ཡུམ་གྱིའོ་ཞེས་པ་ཆོས ་འབྱུང་དགོད་པར་བྱ་སྟེ་ལས་ཐམས་ཅད་པ་ལའོ།། འབྲུ་ལ་སོགས་པ་རྣམས་བསྲེག་པའི་དོན་དུ་ཞལ་ཐབ་ཁུང་ངོ་།། མར་ལ་སོགས་པ་བདུད་རྩིའི་བསྲེགས་བླུགས་སྦྱིན་པའི་སླད་དུ་གསང་བ་ཐབ་ཁུང་ངོ་།། ་དེ་ལྟར་ཕྱི་དང་ལུས་ལ་ཐབ་ཁུང་རྣམ་པ་གཉིས་སུ་འགྱུར་ཏེ་རྒྱལ་པོ་ཞེས་པ་ནི་བོད་པའོ།། དེ་ལྟར་ན་ལས་ཐམས་ཅད་པའི་ཐབ་ཀྱི་མཚན་ཉིད་ངེས་པའོ།། ད་ནི་སྔར་མདོར་བསྟན་པའི་ཞི་བ་ལ་སོགས་པ་རྣམས་ཀྱི་མཚན་ཉིད ་རྒྱས་པོར་བཤད་པར་བྱ་སྟེ། འདིར་ཟླུམ་པོའི་ཐབ་ཁྲུའི་ཚད་ལ་སྙིང་པོའི་པདྨ་དཀར་པོ་ཁྲུའི་ཚད་དེ། ལྟེ་བ་ལ་པདྨ་དང་འདབ་མ་རྣམས་ལ་འཁོར་ལོ་ལ་སོགས་པའི་མཚན་མའོ།། པདྨའི་ཕྱེད་ཀྱི་ཟབས་སོ།། པདྨའི་བཅུ་གཉིས ་ཆ་ནི་མཆུའི་ཐད་ཀར་བསྐྱེད་པ་དང་སྟེང་དུ་ཡང་ངོ་།། དེའི་ཕྱེད་ཀྱིས་ཐད་ཀར་འབྱུང་བ་དང་ཁ་ཁྱེར་གྱིས་དཔངས་སོ།། པདྨའི་དྲུག་ཆ་ནི་ཁ་ཁྱེར་རོ།། ཁ་ཁྱེར་ཆ་ལྔ་རྣམས་ལས་མདུན་དང་རྒྱོབ་ཀྱི་ཆ་གཉིས་དོར་ནས་ཆ་གསུམ ་གྱིས་པདྨའི་ཕྲེང་བའོ།། ཁ་ཁྱེར་གྱི་འོག་གི་ཕྱི་རོལ་དུ་པདྨོའི་འདབ་མ་རྣམས་དང་དུར་བ་དགྲམ་པར་བྱ་སྟེ། རབ་གསུམ་དང་སྒོ་དང་རྟ་བབོས་ནི་བྱང་དུ་འགྱུར་རོ།། སློབ་དཔོན་གྱི་གདན་ཏེ་མཆོད་ཡོན་གྱི་གདན་དང་། སྦྱིན ་བསྲེགས་གདན་ནི་སློབ་དཔོན་གྱི་གདན་གྱི་གོཡོན་དང་གཡས་སུ་བྱའོ།། རྒྱས་པ་ལ་པདྨ་ཁྲུ་གཉིས་པ་སྟེ། ཐམས་ཅད་དུ་མཆུ་ལ་སོགས་པ་ནི་བཅུ་གཉིས་ལ་སོགས་པའི་ཆའོ།། ལྟེ་བ་ལ་འཁོར་ལོ་དང་འདབ་མ་རྡོ་རྗེ ་ལ་སོགས་པའི་མཚན་མའོ།། ཟུར་དུ་སྤྱན་མ་ལ་སོགས་པའི་མཚན་མའོ།། ཁ་ཁྱེར་ལ་འཁོར་ལོའི་ཕྲེང་བའོ།། ལྷག་མ་ནི་སྔར་གྱི་ལས་བཞིན་ནོ།། དེ་བཞིན་དུ་གཞུའི་རྣམ་པ་ནི་ཞི་བའི་ཐབ་དབུས་ནས་བཅད་པ་སྟེ། དབུས་སུ་པདྨ། ་སོར་བཅུ་གཉིས་པའོ།། དེའི་ཕྱེད་ཀྱི་ཟིབས་སོ།། མཆུ་ལ་སོགས་པ་ཐམས་ཅད་སྔར་བཞིན་དུ་བཅུ་གཉིས་ལ་སོགས་པའི་ཆའོ།། པདྨའི་འདབ་མའི་གནས་སུ་མཚན་མ་ནི་ལག་མཐིལ་གྱི་སོར་མོའི་ཕྲེང་བའོ།། འོག་གི་ཕྱི་རོལ ་ཏུ་རོ་ཡི་སྐྲ་ཡིས་སྤྲས་པའོ།། ལྟེ་བ་ལ་གྲི་གུག་དང་ཁ་ཁྱེར་གྱི་སྟེང་དུ་གྲི་གུག་གི་ཕྲེང་བའོ།། སློབ་དཔོན་གྱི་གདན་ནི་གཞུའི་རྣམ་པ་གྲི་གུག་གིས་མཚན་མ་སྟེ། ཞི་བ་ལ་པདྨས་མཚན་པ་དང་། རྒྱས་པ་ལ་འཁོར་ལོས་མཚན ་པཔ་ཇི་ལྟ་བ་བཞིན་ནོ།། ཟུར་ལྔ་པ་ནི་ཞི་བའི་ཐབ་ཀྱི་ཆད་དེ་ཟུར་ལྔའི་སྟེང་དུ་ཁ་ཁྱེར་ལ་རལ་གྲིའི་ཕྲེང་བ་དང་སྙིང་པོའི་མཚན་མ་ཡང་རལ་གྲིའོ།། ཕྱི་རོལ་གྱི་འོག་ཏུ་བྱ་རོག་གི་མཇུག་མའི་ཕྲེང་བ་སའི་རང་བཞིན་ཁ་དོག་ནག་པོ་བྱ་སྟེ། ་ཕྱི་རོལ་དུ་འབྱུང་པོའི་ཤིང་གི་འདབ་མ་དགོད་དོ།། ཟུར་གསུམ་པ་ནི་རྣ་བ་ནས་རྣ་བར་ཁྲུ་གང་དང་རྣ་བ་ནས་དབུ་མའི་ཆར་སོར་མོ་ཉི་ཤུ་ནི་སྙིང་པོའི་པདྨའོ།། ཚད་དེ་ཉིད་ཀྱིས་པདྨའི་ཕྱེད་སོར་མོ་བཅུ་ནི་ཟབས་སོ།། ལྷག་མ་མཆུ་ལ ་སོགས་པ་ནི་བཅུ་གཉིས་ཀྱི་ཆ་ལ་སོགས་པས་སྔ་མ་བཞིན་ནོ།། ཁ་ཁྱེར་ལ་མངའི་ཕྲེང་བའོ།། འོག་དུ་པདྨ་དམར་པོ་རྣམས་སོ།། ཕྱི་རོལ་དུ་མེ་ཏོག་དམར་པོས་སྤྲས་པའོ།། ཟུར་བདུན་པ་ནི་མིདིའི་ཉིས་འགྱུར་ཏེ་ཁ་ཁྱེར་ལ་རྡོ ་རྗེ་ལྕགས་ཀྱུའི་ཕྲེང་བའོ།། ལྷག་མ་ནི་ཟུར་གསུམ་པ་བཞིན་ནོ།། སྙིང་པོའི་མཚན་མ་ནི་ཟུར་གསུམ་པ་ལ་མདའ་སྟེ། དགུ་པ་ལ་རྡོ་རྗེ་ལྕགས་ཀྱུའོ།། ཟུར་དྲུག་པ་ནི་སོར་སུམ་ཅུ་སྟེ་ཟུར་དྲུག་པའི་སྟེང་དུ་ཁ་ཁྱེར་ལ་ཀླུའི ་ཞགས་པའི་ཕྲེང་བའོ།། སྙིང་པོའི་མཚན་མ་ནི་ཀླུའི་ཞགས་པའོ།། ཨ་ར་ཀ་སེར་པོའི་འདབ་མ་རྣམས་དང་ཕྱི་རོལ་དུ་མེ་ཏོག་སེར་པོས་སྤྲོས་པའོ།། ཟུར་བརྒྱད་པ་ནི་སྔ་མ་ཉིས་འགྱུར་ཏེ། སྙིང་པོའི་མཚན་མ་ནི་རྡོ་རྗེ་ལྕགས་སྒྲོག་གོ།། ཁ་ཁྱེར ་ལ་རྡོ་རྗེ་ལྕགས་སྒྲོག་གི་ཕྲེང་བའོ།། འོག་ཏུ་ཟུར་དྲུག་པ་བཞིན་ནོ།། ར་བ་གསུམ་ནི་ཐམས་ཅད་དུ་ཁྲུ་གཉིས་དོར་ནས་སོ།། སློབ་དཔོན་གྱི་གདན་དང་མཆོད་ཡོན་གྱི་གདན་དང་། སྦྱིན་བསྲེག་གི་གདན་ནི་ཐམས་ཅད་དུ་ཐབ་ཀྱི་རྣམ་པས་སོ།། ་ཐབ་རྣམས་ཀྱི་རྣ་བ་ནས་རྣ་བའི་ཚད་ཀྱིས་ཐང་ཀའི་ཆ་ངེས་པའོ།། ད་ནི་ཐབ་རྣམས་ཀྱི་རང་བཞིན་བརྗོད་པར་བྱ་སྟེ། འདིར་ཞི་བའི་ཐབ་ནི་ཟླ་བའི་རང་བཞིན་ཉི་མའི་མཚན་མས་མཚོན་པའོ།། རྒྱས་པའི་ཐབ་ནི་ཉི་མའི་ཆོས་ཅན་ཉིས་འགྱུར ་ཉིད་ཀྱི་ཕྱིར་ཟླ་བ་ཉིས་འགྱུར་ཏེ་ཟླ་བས་མཚན་པའོ།། བསད་པའི་ཐབ་ནི་སྒྲ་གཅན་གྱི་མཚན་ཉིད་དེ། དུས་མེའི་མཚན་མས་མཚན་པའོ།། བསྐྲད་པའི་ཐབ་ནི་རླུང་གི་མཚན་ཉིད་དེ་མེའི་རང་བཞིན་དང་འདྲེས་པ་སྟེ། རང་གི་མཚན་མས ་མཚན་པོའོ།། ཟུར་གསུམ་པའི་ཐབ་ནི་དུས་མའི་མཚན་ཉིད་དེ་རང་གི་མཚན་མས་མཚན་པའོ།། དགུག་པའི་ཐབ་ནི་ས་དང་མེའི་ཡོན་ཏན་གྱི་བདག་ཉིད་དེ་ལྕགས་ཀྱུའི་མཚན་མས་མཚན་པའོ།། ཟུར་དྲུག་པ་ནི་སྒྲ་གཅན་དང་སའི ་བདག་ཉིད་དེ་སྦྲུལ་གྱི་མཚན་མས་མཚན་པའོ།། རྨོངས་པ་ལ་སྒྲ་གཅན་གྱིའོ།། རེངས་པའི་ཐབ་ནི་ལྷུན་པོ་དང་ས་གཉིས་ཀ་ཁ་སྦྱར་བ་གཉིས་ཀའི་མཚན་མས་མཚན་པའོ།། ཞེས་པ་ནི་ཐབ་ཀྱི་མཚན་ཉིད་ངེས་པའོ།། སྔར་གསུངས ་པའི་གདན་དང་། སྦྱིན་བསྲེག་གི་རྫས་ལ་སོགས་པའི་ངེས་པ་སྔགས་པས་རིག་པར་བྱའོ།། ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་ནི་ཐབ་ཅེས་པ་ལ ་སོགས་པས་སྦྱིན་བསྲེག་གི་ཆོ་ག་གསུངས་ཏེ། འདིར་དང་པོར་ཐོབ་ཀྱི་ཕྱོགས་བཅུ་རྣམས་སུ་ཁྲོ་བའི་རྒྱལ་པོ་ལྷ་མོར་བཅས་པས་ཤེས་པ་ཁྲོ་བོ་རྣམས་ཀྱིས་ལྷ་མོ་རྣམས་དང་ཐབས་ཅིག་ཏུ་བསྲུངས་པ་བྱས་ནས་སྔར་བརྗོད་པའི ་སྔགས་ཀྱི་ཚིག་རྣམས་ཀྱིས་ཕུར་པ་བཏབ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་དག་གིས་བསང་བ་སོགས་དང་། ཨོཾ་ཨཱཿཧཱུཾ་ཧྲཿཕཊ། འདི་ཡིས་ཐབ་ཀྱི་ཕྱོགས་བཅུ་རྣམས་སུ་ཀུ་ཤ་ཡིས་མཆོད་ཡོན་གྱི་སྣོད་ནས་དྲིའི་ཆུ་བླངས་ནས ་དང་པོར་གསང་བར་བྱའོ།། དེ་ནས་དེའི་རྣལ་འབྱོར་དམིགས་པ་བྱས་ནས་རང་གི་སྙིང་ག་དང་ཐབ་ཏུ་མེ་ལྷ་རབ་ཏུ་བཞག་སྟེ། དེ་ནས་ཆུར་བཅས་མེ་ཏོག་རྣམས་ཀྱིས་མེ་ལ་མཆོད་ཡོན་ཉིད། དེའི་རྣལ་འབྱོར་ལྡན་པས་སྦྱིན ་པར་བྱས་ཏེ། རང་སྙིང་པདྨར་ཟླ་བའི་སྟེང་དུ་བསྒོམས་ནས་སོ།། ལས་ཐམས་ཅད་པ་ལ་ཞལ་གཅིག་པ་ཁ་དོག་ལྗང་གུ་ཕྱག་བཞི་པ་ཞབས་གཉིས་པའོ།། འདིར་ལས་ཐམས་ཅད་པ་ལ་གཡས་པའི་ཕྱོག་དང་པོ་ནི་རྡོ་རྗེའོ། ་གཉིས་པ་ན་བགྱུང་ཕྲེང་ངོ་།། གཡོན་ན་དྲིལ་བུ་དང་བདྨའོ།། རལ་པ་ཤིན་ཏུ་སེར་སྠཱ་དང་། མིག་དམར་སར་དང་། གོས་དམར་སེར་ཏེ། ལས་ཐམས་ཅད་པ་ལ་མི་བསྐྱོད་པ་སྐྱེ་བར་འཛིན་པའོ།། དམ་ཚིག་སེམས ་དཔའ་རྫོགས་པར་བྱ་སྟེ། དེ་ནས་ངོའི་སྙིང་གར་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཛཿཡིག་གི་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་དྲི་མེད་འཕྲོ་བྱེད་བསྒོམ་པར་བྱའོ།། དེ་ཡིས་ཀུན་འགྲོ་ཡེ་ཤེས་སེམས་དཔའ་བཀུག་ནས ་དམ་ཚིག་སེམས་དཔའ་དང་ལྷན་ཅིག་རོ་མཉམ་པར་མཛོད་ཅིག། དེ་ལྟར་ཐབ་ལ་ཡང་ནི་ཡང་དག་འགྱུར་ཏེ་རང་གི་སྙིང་ག་ལས་ཕྱིར་འབྱུང་བའི་དབུགས་དང་འཆད་པར་འགྱུར་བའི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས་སྤྱན་དྲང་བ་བྱས་ནས ་རྡོ་རྗེ་ཁུ་ཚུར་སྟེང་དུ་མཐེ་བོས་པདྨའི་ལྟེ་བ་ལ་གཞག་པར་བྱའོ།། ཞི་བ་ལ་ཁ་དོག་དཀར་པོ་གོས་དང་བཅས་པ་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པ་སྟེ། གཡས་པ་ན་པདྨ་དང་ཤེལ་གྱི་བགྲང་ཕྲེང་འཛིན་ཅིང་གཡོན་པ་ནི་རིལ་པོ་དང་དུང ་འཛིན་པའོ།། རྒྱས་པ་ལ་གཡས་ན་འཁོར་ལོ་དང་མུ་ཏིགོ་འབྲས་བུའི་བགྲང་ཕྲེང་འཛིན་ཅིང་། གཡོན་པ་ན་པདྨ་དང་སྤྱི་བླུགས་འཛིན་པའོ།། བསད་པ་ལ་ཁ་དོག་ནག་པོ་གོས་དང་བཅས་པ། དོན་ཡོན་གྲུབ་པས་དབུ་བརྒྱན་པ་སྟེ ་ཕྱག་གཡས་པ་ན་གྲི་གུག་དང་རྩེ་གསུམ་པ། ཕྱག་གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་གའོ།། བསྐྲད་པ་དང་དབྱེ་བ་ལ་ཡང་། ཕྱག་གཡས་པ་ན་རལ་གྲི་དང་རྩེ་གསུམ་པ། ཕྱག་གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་གའོ།། དབང་ལ་གུར་གུམ ་གྱི་མདོག་ཅན་གོས་དང་བཅས་པ། ཕྱག་གཡས་པ་ན་འདའ་དང་རིན་པོ་ཆེ། ཕྱག་གཡོན་པ་ན་གཞུ་དང་མེ་ལོང་སྟེ་རིན་ཆེན་དབང་ཕྱུག་གིས་དབུ་བརྒྱན་པའོ།། དགུག་པ་ལ་གཡས་ན་རྡོ་རྗེ་ལྕགས་ཀྱུ་དང་རིན་པོ་ཆེ་འཛིན་ཅིང་། གཡོན ་ན་རྡོ་རྗེ་ཞགས་པ་དང་མེ་ལོང་འཛིན་པོའོ།། རྨོངས་པ་ལ་གཡས་ན་སྦྲུལ་དང་དབྱུག་པ་འཛིན་ཅིང་། གཡོན་པ་ན་འཁོར་ལོ་དང་ཐོ་བའོ།། རེངས་པ་དང་ཕུར་བུས་གདབ་པ་ལ་གཡས་ན་ལྕགས་སྒྲོག་དང་ཐོ་བ་འཛིན་ཅིང་། ཕྱག ་གཡོན་ན་འཁོར་ལོ་དང་རྡོ་རྗེ་ཕུར་པ་སྟེ། ཁ་དོག་སེར་པོ་གོས་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པའོ།། འདིར་དང་པོར་ལས་ཐམས་ཅད་པ་ལ་ལྷའི་ཁང་པ་ནས་མེ་བླངས་ནས་ཙན་དན་གྱི་ཤིང་གིས་རབ་ཏུ་སྤར ་བར་བྱའོ།། ཞི་བ་དང་རྒྱས་པ་ལ་བྲམ་ཟེའི་ཁྱིམ་ནས་སོ།། བསད་པ་ལ་སོགས་པ་ལ་དམངས་རིགས་ཀྱི་ཁྱིམ་ནས་སོ།། དབང་ལ་སོགས་པ་ལ་རྒྱལ་རིགས་ཀྱི་ཁྱིམ་ནས་སོ།། རེངས་པ་ལ་སོགས་པ་ལ་རྗེ་རིགས་ཀྱི་ཁྱིམ་ནས ་སོ།། རྡོ་བསྣང་བ་ལ་ནཱི་གདོབ་པའི་ཁྱིམ་ནས་བླངས་ནས་ཏེ་ཚེར་མ་ཅན་གྱི་ཤིང་གཱིས་རབ་ཏུ་སྦར་བར་བྱའོ།། རེས་པ་ལ་བསྐ་བའི་ཤིང་གིས་སོ།། དབང་ལ་སེང་ལྡེང་ལ་སོགས་པ་དམར་པོའི་ཤིང་གྱིས་སོ།། ཞི་བ་ལ་ཤིང་འོ་མ ་ཅན་གྱི་ཤིང་གིས་སོ།། ལས་ཐམས་ཅད་པ་ལ་ཙན་དན་དང་ཨ་ག་རུ་དང་ཐང་ཤིང་ལ་སོགས་པ་དྲི་བཟང་པོའི་ཤིང་རྣམས་སམ་ཤིང་འོ་མ་ཅན་རྣམས་ཀྱིས་སོ།། དེ་ནས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་མེ་ལྷ་སྤྱན་དྲངས་པར་བྱ་སྟེ། ་ཨོཾ་ཨེ་ཧིམྦྷ་ཧཱུ་བྷཱུ་ཏ་དྭེ་བ་རིའི་དྭི་ཛ་སཏྭ་མ་གྲྀ་ཧྞཏྭཱ་ཡུ་ཛྙཱ་མ་ཧཱ་རསྨི་ཨ་སྨིན་སོ་ནི་ཧི་ཏོ་བྷ་བ་བཛྲ་དྷ་རཱ་ཛྙཱ་པ་ཏི་སྭཱ་ཧཱ། ཞེས་པ་བཛྲོད་དེ་ལྕགས་ཀྱུའི་ཕྱག་རྒྱས་དགུག་པར་བྱ་སྟེ། རྡོ་རྗེའི་ཕྱག་རྒྱས་གཞུག་པར་བྱ་ཞིང ་ཞགས་པའི་ཕྱག་རྒྱས་བཅིང་བར་བྱ་སྟེ། དྲིལ་བུའི་ཕྱག་རྒྱས་འཆད་པར་འགྱུར་བས་མཉེས་པར་བྱའོ།། འདི་རྣམས་ལ་སོ་སོར་ས་བོན་གྱི་ཡི་གེ་ཛཿཧཱུཾ་བ~ཾ་ཧོཿཞེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ་ནས་དབང་དུ ་བྱའོ།། འདིར་མཆོད་ཡོན་སྦྱིན་པར་བྱ་སྟེ། ཨོཾ་པྲ་བ་ར་སང་ཀཱ་རཾ་མ་ཧཱ་ར་སྨིན་པྲ་ཏཱཾ་ཙྪ་སྭཱ་ཧཱ། ཞེས་པ་ནི་མཆོད་ཡོན་སྦྱིན་པའི་སྔགས་སོ།། དེ་ནས་མཆོད་པ་ནི་དེ་བཞིན་དུ། བཛྲ་གནྡྷཾ་པྲ་ཏིཙྪ་སྭཱཧཱ། བཛྲ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱུཾ། བཛྲ་བྷཱུ ་པཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་པྲྀ་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཨཱཀྵ་ཏཾ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ནོ་བི་ཏྱེ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ལཱ་སྱཻ་པྲྀ་ཏཱིཙྪ་སྭཱ་ཧཱ། བཛྲ་ཧཱ་སྱཻ་པྱཱ་ཏཱིཙྪ་སྭཱཧཱ། བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། བཛྲ་ནརྀ་ཏྲྀ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་གཱི་ཏོ་པྲ་ཏཱིཙྪ་སྭཱཧཱ ་བཛྲ་ཀཱ་མོཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྔར་གསུངས་པའི་རྫས་ལས་ཀྱི་རྗེས་སུ་མཐུན་པ་དག་གིས་མེ་མཆོད་པའི་ཡུལ་ལྀ་སྔགས་ཀྱི་ཚིག་འདི་རྣམས་སྭཱ་ཧཱའི་མཐའ་ཅན་གྱིས་མཆོད་པར་བྱ་སྟེ། དཀྱིལ་འཁོར་ལ་ན་མཿའི་མཐའ ་ཅན་གྱིས་སོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། དེ་བཞིན་དུ་ཞབས་བསིལ་ཐམས་ཅད་རབ་ཏུ་ཕུལ་ཏེ། སིལ་སྙན་ཐམས་ཅད་རབ་ཏུ་དཀྲོལ་ཏེ། དེ་ནས་སྔར་གསུངས་པའི་ཡམ་ཤིང་ལ་སོགས་པ་དང་། སྔར་གསུངས་པའི ་གདན་གྱི་ཆོ་ག་དང་སྔར་གསུངས་པའི་སྦྱིན་བསྲེག་གིས་རྫས་རྣམས་ཀྱིས་ལས་ཀྱི་རྗེས་སུ་མཐུན་པས་ཏིང་ངེ་འཛིན་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་སྦྱིན་བསྲེག་བྱའོ།། ལག་པས་ཡམ་ཤིང་བསྲེགས་ཏེ། དེ་ནས་བླུགས ་གཟར་གྱིས་སྦྱིན་བསྲེག་གི་རྫས་ཐམས་ཅད་དང་། དགང་གཟར་གྱིས་བསྲེག་བླུགས་དབུལ་བར་བྱ་སྟེ། དེ་མེད་ན་རང་གི་ལག་པ་མཆོག་སྦྱིན་གྱི་མཐེ་བོང་གིས་མེ་ལྷོའི་ཞལ་དུ་ཐམས་ཅད་སྦྱིན་བསྲེག་བྱའོ།། འདིར་མེ་ལྷའི ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འདིར་མེ་རྣམ་པ་གསུམ་སྟེ། ལྷོའི་མེ་དང་། ཁྱིམ་བདག་གི་མེ་དང་། མཆོད་སྦྱིན་གྱི་མེའོ།། ལྷོའི་མེ་ནི་འདིར་གློག་གོ།། ཁྱིམ་བདག་གི་མེ་ནཱི་ཉི་མའོ།། མཆོག་སྦྱིན་གྱི་མེ་ནི་ཤ་ཟ་སྟེ། བདེན་པ ་བཞི་པ་ཡེ་ཤེས་ཀྱི་མེ་ཀུན་ཏྭོ་དགའ་བའི་ཆོས་སོ།། དེའི་ཕྱིར་དེའི་དོན་དུ་ཐམས་ཅད་ཉིད་སྦྱིན་བསྲེག་བྱེད་དོ།། དེ་བཞིན་དུ་རིག་བྱེད་ཀྱི་མཐའ་ལས་སྨྲས་པ། ཤ་ཟའི་མེ་ལས་རིང་དུ་བདག་འགྲོའོ།། རི་ཀ་རབ་འཛིན་གཤིན་རྗེའི ་རྒྱལ་སྲིད་རྒྱུག། འདི་ཉིད་དུ་ནི་གཞན་སྐྱེས་རིག་བྱེད་འདི། ལཱུ་དང་སྐྱེ་དགུ་སོགས་ལས་བསྲེག་བྱ་འཛིན། ཅེས་པ་རིག་བྱེད་ཀྱི་དོན་ཏེ། འདིར་ཡང་དོན་དེ་ཉིད་དོ།། ཤ་ཟའི་མེ་ནི་སྔགས་ཀྱི་ཚི་གེ་འདི་ཡིས་ཏེ། ཨོཾ་སརྦ་པཱ་ད་ཧཱ་ན ་བཛྲ་ཨགྣི་བཛྲ་སཏྭ་སརྦ་པཱ་པཾ་ར་ཧ་དཽ་ཧ་སྭཱ་ཧཱ། ཞེས་པའི་ངེས་པོ་ལས་འདོད་པའི་མེ་སྤྱན་དྲང་བའོ།། དེ་བཞིན་དུ་ཉི་མའི་ཡང་འདིར་བསྲེག་བྱ་འཛིན་པའི་སྔགས་ཀྱི་དམ་ཚིག་ནི། ཨོཾ་བཛྲཱ་ན་ལ་སརྦ་བྷཱ་ཏཉྫ་ལ་ཡ་སརྦྦ་ན་བྷསྨི་ཀུ ་རུ་སརྦ་ཛ་ན་དུཥྚཱ་ན་ཧཱུཾ་ཕཊ་སྭཱ་ཧཱ།། ཞེས་པའི་ངེས་པ་ལས་ཉི་མ་དེ་ཉིད་གཟའ་བདུན་གྱི་བདག་པོ།། རྟ་བདུན་པའི་ཤིང་རྟ་ཅན། གཟའི་དབྱེ་བས་ལྕེ་བདུན་པ་སྟེ། ཞི་བ་ལ་ཟླ་བའི་ལྕེའོ།། རྒྱས་པ་ལ་ཉི་མའི་ལྕེའོ།། བསད ་པ་དང་བསྐྲང་པ་པ་དང་དབྱེ་བ་ལ་སྨིན་པའི་ལྕེའོ།། དབང་ལ་པ་བསངས་ཀྱི་ལྕེའོ།། དགུག་པ་ལ་ཕུར་བུའི་ལྕེའོ།། རྨོངས་པ་ལ་གཟའ་ལག་གི་ལྕེའོ།། རེངས་པ་ལ་བཀྲ་ཤིས་ཀྱི་ལྕེའོ།། དེ་བཞིན་དུ་གཟའི་སོ་སོ་རྣམ་པར་དག ་ལས་སོ་སོར་རེ་རེ་ལ་ཞལ་གཅིག་པའོ།། ཉིན་མོ་དང་མཚན་མོ་རྣམ་པར་དག་པས་ཞབས་གཉིས་པའོ།། ཐུན་མཚམས་བཞི་རྣམ་པར་དག་པས་ཕྱག་བཞི་པའོ་ཞེས་པ་ནི་ངེས་པའོ།། ཞི་བ་ལ་སོགས་པའི་ལས་ལའོ།། ་བསད་པ་དང་མཇུག་རིང་རྣམ་པར་དག་པས། ཕྱག་ན་གྲི་གུག་དང་ཐོད་པའོ།། དབྱེ་བ་ལ་སྤེན་པ་རྣམ་པར་དག་པས་ཕྱག་ནཱ་རལ་གྲི་དང་ཐོད་པ་ཞེས་པ་ཕྱོགས་གཞན་གྱི་ངེས་པ་སྟེ། གཟའ་སྤེན་པ་ལ་སྔ་མ་ཕྱེད་དང་ཕྱི་མ་ཕྱེད ་ཀྱི་དབྱེ་བས་སོ།། ལས་ཐམས་ཅད་པ་ལ་སྒྲ་གཅན་རྣམ་པར་དག་པ་དང་། དུས་མེ་རྣམ་པར་དག་པས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཉིད་ཀྱི་ཕྱིར་རོ།། འདོད་པའི་མེ་མཆོད་སྦྱིན་གྱི་མེ་ནི་རང་གི་ལྷ་སྟེ། གཟའ་ཐམས་ཅོད ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་མེ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་གྱིས་སྔར་གྱི་ཆོ་གས་མཆོད་པར་བྱ་བའོ།། མེ་ལྷ་སྤྱན་དྲངས་པའི་ངེས་པའོ།། ང་ནི་མཆོག་སྦྱིན་ཞེས་པ་ལ་སོགས་པས་སྦྱིན་བསྲེག་གི་ཕྱག ་རྒྱལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་བླུགས་གཟར་མེད་པ་ན་དེའི་ཚེ་རྡོ་རྗེ་སློབ་དཔོན་སྔར་བརྗོད་པའི་གདན་ལ་གནས་པས་ལག་པ་གཡོན་པ་གན་རྒྱལ་དུ་བྱས་ནས་གཡས་མཆོད་སྦྱིན་གྱི་ཕྱག་གི་མཐེ་བོས་སྦྱིན་བསྲེག་གི་རྫས ་བསྐྱོད་ཅིང་ཞལ་ཕྱེ་བའི་མེའི་ཞལ་དུ་སྦྱིན་བསྲེག་བྱ་སྟེ། དེ་ཡང་གསོལ་བར་བསམ་པར་བྱའོ།། རྡོ་རྗེ་ཡིས་ཤེས་པ་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀཱཿསྭཱ་ཧཱ། འདི་དག་གིས་ཡམ?་ཤིང་ལྷ་བརྒྱ་པོ་དྨོ་དག་ལོས་བརྒྱ་རྩ་བརྒྱད་བསྲེག་པར་བྱའོ།། ་དེ་ནས་ཡན་ལགོ་གི་ཤེས་པ་ནི། ཤྲཱི་བྷྱོ་ཧཱུ~ཾ་ཧཱུ~ཾ་ཛྫ་ཧྲཿསྭཱ་ཧཱ། ཞེས་པའི་ཡན་ལག་གིས་བརྒྱ་རྩ་བརྒྱད་དོ།། ཀྱང་ཡིག་གིས་ཕུང་པོ་ལྔ་དང་ཁམས་རྣམས་ཀྱིས་ཏེ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ཡཾ་ལཱཾ་ཨཾ་ཨཿསྭཱསྫ། འདི་དག་གིས་བརྒྱ་རྩ ་བརྒྱད་ངོ་།། དེ་བཞིན་དུ་སྐྱེ་མཆེད་རྣམས་ཀྱིས་ཀྱང་སྟེ། ཨ་ཨཱ་ཨེ་ཨཾ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿཞེས་པ་སྐྱེ་མཆེད་བཅུ་གཉིས་ཀྱིས་བརྒྱ་རྩ་བརྒྱད་དོ།། དེ་ནས་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་དག་གིས་ཀྱང་སྟེ། ཧ་ཧཱ ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཻ་ཧ། འདི་དག་གིས་བརྒྱ་རྩ་བརྒྱད་དོ།། དེ་ལྟར་བཞི་བཅུ་ལྷག་པའི་ལྔ་བརྒྱ་རྣམས་ཀྱིས་ལྔ་བརྒྱའི་གྲངས་གཟུང་བར་བྱའོ།། སོ་སོར་བརྒྱ་རྩ་བརྒྱད་བཟླས་པར་བྱ་སྟེ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད ་བརྒྱད་ཅུ་ནི་བརྒྱ་རྩི་བཅུ་གཉིས་ཏེ། དེ་རྣམས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་གནས་རྣམས་སྤངས་ནས་ལྷག་མ་བརྒྱ་རྩ་བརྒྱད་པོ་རྣམས་ནི་བགྲང་ཕྲེང་ལ་སྟེ་ལྷུན་པོ་ལ་ཞལ་བཞིའོ།། དེས་ན་ཐམས་ཅད་དུ་ལས་ཐམས་ཅད ་པའི་སྦྱིན་བསྲེག་ལ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་བརྒྱ་རྩ་བརྒྱད་ཀྱི་ཚད་དོ།། དེ་ནས་འབྲུ་ལ་སོགས་པའི་སྦྱིན་བསྲེག་གི་རྫས་ཀྱང་ཆོ་ག་འདི་ཉིད་ཀྱིས་ཏེ། འབྲུ་དང་དུར་བ་མར་དང་འོ་མ་ཡིས་ཤེས་པ་རྡོ་རྗེ་ལ ་སོགས་པ་འདི་དག་གིས་བརྒྱ་རྩ་བརྒྱད་ཀྱི་དབྱེ་བས་སྦྱིན་བསྲེག་བྱ་སྟེ། ཡམ་ཤིང་དང་འབྲུ་རྣམས་མར་གྱིས་སྦགས་པ་དང་། དོར་བ་འོ་མས་སྤགས་པ་རྣམས་བསྲེག་པར་བྱའོ།། དེ་ནས་སྙིང་པོའི་སྔགས་ཀྱིས་གང་བའི་བསྲེག ་བླུགས་ཏེ་དགང་གཟར་མར་གྱིས་བཀང་ནས། སྐྱིལོ་ཀྲུང་དུ་གནས་རབ་ཏུ་ཞི་ཞིང་གཡོ་བ་མེད་པའི་སེམས་ལྡན་གསང་སྔགས་རིག་པ་སྔགས་ཀྱི་སྐུ།། སློབ་དཔོན་ལས་ཀྱི་རྡོ་རྗེ་ཅན་གྱིས་སླར་ཡང་མེ་ལ་བསྲེག་བླུགས་དག ་ནི་ངེས་པར་སྦྱིན་པར་བྱ། ཨོཾཧླཱ་ཞེས་པའི་སྔགས་འདིས་མར་གྱིས་བསྲེག་བླུགས་ཕུལ་ཏེ། དེ་ནས་ཟན་དང་ཆུ་བཟུང་ནས་བཀྲེ་ཤིས་པར་བརྗོད་པར་བྱའོ།། ཨོཾ་བྷཱ་ར་བྷུ་བཿསྭཱཧཱ། ན་མོ་དེ་བེ་བྷུ། སསྟི་པྲཱ་ཛྫ་བྷྱཿསྭཱ་ཧཱ་རཱ་ཛཾ་བྷྱཿསཱ་རྟཱ ་བ་ཏྲི་བྷྱཿ་ལཱཾ་བྷཱུ་ཏི་བྷྱཿབྷྲྀ། ག་ཥ་ཌིན་དཱི་ཡང་ཞེས་བརྗོད་ཅིང་ཐབ་ཀྱི་ཕྱི་རོལ་ཏུ་རྣམ་པར་ཕྱིན་ཏེ། ཆུ་དང་ཟན་དེ་ཕྱི་རོལ་དུ་རབ་ཏུ་གཏོར་ནས། དེར་མཐོར་ལ་ཐུང་བྱས་ལ་སླར་ཡང་དཀྱིལ་འཁོར་གྱི་ཁང་པར་རབ་ཏུ་ཞུགས་ནས ་མེ་ལ་ཡང་ཀུ་ཤིའི་རྩི་ཆུ་ཡིས་བྷྲཱུཾ་འཐོར་འཐུང་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཀཱ་ཡ་བཱཀ་ཙིཏྟ་སྭ་བྷཱ་བ་ཤོདྡྷཿསྭཱ་ཧཱ། སྔགས་འདི་ཡིས་སོ།། འདིར་ཐབ་རབ་ཏུ་འབར་བར་བྱེང་པོའི་དུས་སུ་མེ་ཡང་དག་པར་འབར་བའི་དོན་དུ་ཁའི་རླུང་མི་བྱ་སྟེ། ་རླུང་ཡབ་ཀྱི་རླུང་ལ་སོགས་པས་བྱའོ།། དེ་ལྟར་རིམ་པ་ཡིས་ནི་སྦྱིན་བསྲེག་བྱས་ནས་འཐོར་འཐུང་དག་ཀྱང་དེ་བཞིན་མེ་དང་བདག་ཉིད་དག་ལ་ཡང་། དྲི་ལ་སོགས་དང་སྤོས་དག་སྔར་བརྗོད་པའི་རིམ་པས་སླར་ཡང་ཕུལ་ནས་རང་སྙིང ་པདྨར་དབུགས་འཇུག་པས་ཡེ་ཤེས་མེ་ནི་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཛཿགཙྪ་གཙྪ་མ་སཱ་རསྨི་སྠཱསྠཱ་ནཱཾ་སཾ་ཏྲི་བྷོ་ཧོ།། པུ་ནཱ་རཱ་ག་མི་ཥྱ་སི། དེ་བཱ་སྱ་ཡ་ང་ཨཱ་ཧཱ་ན་ཡཱ་མི་སྭཱ་ཧཱ།། ཞེས་པ་ཡེ་ཤེས་ཀྱི་མེ་གཤེགས་སུ ་གསོལ་ཏེ། ཕྱི་ནས་སློབ་མ་ལ་ནི་དབང་བསྐུར་བླ་མ་མཐའ་དག་ཡོན་ཏན་གཏེར་གྱིས་འཆད་པར་འགྱུར་བའི་རིམ་པས་སྦྱིན། དབང་གི་དོན་དུ་དང་པོར་བདུད་རྩི་ལྔ་ནི་རྒྱལ་བ་མཆོག་གི་རྡོ་རྗེས་བྱིན་བརླབས་པ་ཞེས་པ་ནི། ཨོཾ ་ཨཿཙུ་ཧོ་ཧཾ་ཀྵོཿཞེས་པས་བདུད་རྩི་ལྔ་ལན་བདུན་མངོན་པར་བསྔགས་པ་བྱས་ནས་ཉ་ཕྱིས་ཀྱི་སྣོད་དམ་དུང་ཆོས་ཀྱི་སྣོད་དུ་གཞག་གོ། དེ་བཞིན་དུ་སྒྲོན་མ་ལྔའི་རི་ལུ་རྣམས་སྣོད་དེ་ཉིད་དུའོ།། དག་པའི་སླད་དུའོ་ཞེས་པ་ནི་སྔར ་བསྒྲུབ་པར་བྱ་བ་སྟེ། དབང་བདུན་གྱི་དོན་དུའོ།། སྦྱིན་བསྲེག་གི་ཆོ་ག་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ནི་རང་གི་ཞེས་པ་ལ་སོགས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་རབ་ཏུ་གནས་པའི་སླད་དུ་ཏིང་ངེ ་འཛིན་གསུངས་ཏེ། འདིར་རང་གི་སྔགས་ཀྱིས་སྦྱིན་བསྲེག་གྲུབ་པར་གྱུར་ཅིང་ཞེས་པ་ནི་བྱ་བ་དང་རྣལ་འབྱོར་རྗེས་སུ་རིག་པ་དང་རྣལ་འབྱོར་མའི་རྒྱུད་དུ་མ་ལ་གསུངས་པ་རྣམས་ནི་རང་གི་རྒྱུད་ལས་གསུངས་པའི་སྔགས་ཏེ། རང་གི ་སྔགས་དེ་དག་གིས་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་སྦྱིན་བསྲེག་གྲུབ་པར་གྱུར་ཅིང་། སྦྱིན་བསྲེག་གི་དང་པོ་རང་གི་དཀྱིལ་འཁོར་དེ་ལ་རྡུལ་ཚོན་བཏབ་པའི་རྗེས་ལ་ལྷའི་ཚོགས་ཀྱི་སྙིང་པོའི་མཚན་མ ་རང་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བཀོད་པར་གྱུར་པ་ན་ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་རྣམས་ནི་ཡང་དག་གཞག་པར་བྱ་ཞེས་པ་སྟེ། ཞི་བ་ལའོ།། ལྷག་མ་རྣམས་ལ་གསུངས་པའི་ཆོ་གས་སྐུད་པ ་ལྔ་ཡིས་དེ་ཀྲིས་ཤིང་མགྲིན་པར་གོས་ཀྱིས་བཅིངས་པ་རྣམས་སོ།། བུམ་པ་ལྔའི་བྱ་བ་ལ་ཤར་གྱི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྒྱལ་བའི་བུམ་པ་སྟེ། དེའི་སྟེང་དུ་དྲུག་པ་རྣམ་པར་རྒྱལ་བ་དུང་ངོ་།། བུམ་པ་བཅུའི་བྱ་བ ་ལ་ཡང་ཕྱོགས་བརྒྱད་པོ་རྣམས་སུ་བུམ་པ་བརྒྱད་དོ།། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམོ་པ་ནི་ཤར་དང་ནུབ་ཀྱི་བུམ་པའི་ཕྱི་རོལ་དུ་དུ་སོར་གཉིས་ཀྱིས་མ་རེག་པར་ཏེ། དེ་ལ་ཤར་གྱི་རྒྱལ་བའི་བུམ་པའི་སྟེང་དུ་བཅུ་གཅིག་པ་རྣམ་པར་རྒྱལ ་བའི་བུམ་པ་ཆེན་པོ་དུང་ངོ་།། ཞེས་པ་བུམ་པའི་ངེས་པའོ།། དེ་ལྟར་བུམ་པ་བརྒྱ་སྟོང་ལ་ཡང་རྣམ་པར་རྒྱལ་བའི་བུམོ་པ་ཆེན་པོ་ནི་དུང་སྟེ་ཞེས་པ་དང་། རྒྱས་པ་དང་ལས་ཐམས་ཅད་པ་ལའོ།། དྲག་པོའི་ལས་ལ་ནི་ཐོད་པའོ།། དབང ་ལ་སོགས་པ་ལ་ཟངས་དང་། གསེར་གྱི་སྣོད་དོ།། རེངས་པ་དང་རྨོངས་པ་ལ་སོགས་པ་ལ་ཡང་ཁམ་བོར་ཏེ། དེར་གཞག་ཅིང་ལས་ཀྱི་རྗེས་སུ་མཐུན་པས་སྐུད་པས་བཅིངས་ཏེ། གོས་མགྲིན་པར་བྱས་ནས་སློབ་དཔོན་གྱི་ཁ་ཡལ་འདབ ་དང་བཅས་པ་རྣམས་གཞག་པར་བྱའོ།། དེ་ནས་སློབ་དཔོན་ཤར་གྱི་ཞལ་དུ་འདུག་སྟེ། འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་གས་སྡིག་པ་བཤེགས་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག ་དང་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་བྱས་ཏེ། དེ་ནས་ཤེས་རབ་དང་ཐབས་ལས་འབྱུང་བ་རྡོ་རྗེ་པ་ངྒ་ལས་སྐྱེས་རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྣམས་ངག་གི་ཞེས་པ་སྒྲུབ་ཐབས་ཀྱི་ཐབས་དང་ལྡན་པའི་ཆོ་གས་ཛཿཧུཾ་བཾ ་ཧོཿསྔགས་ཀྱི་ཚིག་འདི་དག་གིས་ཏེ། ཛཿཡིག་གིས་དགུག་པ་དང་། ཧུཾ་ཡིག་གིས་གཞུག་པ་དང་། བཾ་ཡིག་གིས་བཅིང་བ་དང་། ཧོཿཡིག་གིས་མཉེས་པར་བྱ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་ནི་རྡུལ་ཆེན་གྱི་དཀྱིལ་འཁོར ་ལ་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམས་ནས། དེ་ལ་རཾ་མཉམ་དུ་བྱཱ་སྟེ་དབང་གི་དོན་དུའོ།། དེ་ནས་རབ་ཏུ་གནས་པ་བྱས་ཏེ། སྔར་བརྗོད་པའི་ཆོ་གས་མཆོད་ཡོན་ཕུལ་ནས། ཨོཾ་ཨཱཿཧཱུཾ་ཧོ་ཏི་དྷཱ་ཏུ་ཀེ་ཤྭ་ར་ཀཱ་ལ་ཙཀྲ ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་རཱ་ཏཱཾ་བྷ་གཾ་ཝཱན་མེ་བཱ་ར་དོ་བྷ་ར་ཤི་ཥྱ་ནཉྩ། ཞེས་པས་གསོལ་བ་འདེབས་པའི་མཆོད་ཡོན་ནི་རྡུལ་ཚོན་གྱི་ཕྱི་རོལ་ཏུ་དཀྱིལ་འཁོར་བྱས་ནས་དབུལ་བར་བྱའོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པའི ་མདུན་དུ་གཞན་ཁྲུ་གང་བའི་དཀྱིལ་འཁོར་བྱས་ཏེ། དེ་སྔར་གསུངས་པའི་དྲི་ལ་སོགས་པ་དང་། ཞབས་བསིལ་རབ་ཏུ་དབུལ་བར་བྱའོ།། དེ་བཞིན་དུ་ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ་ལྷ་སོ་སོ་རྣམས་ལ་ཡང་ལྷ ་བཤོས་ལ་སོགས་པ་དབུལ་བར་བྱ་སྟེ། ཕྱོགས་ཐམས་ཅད་དུ་རྡུལ་ཆེན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུའོ།། རྡུལ་ཚན་གྱིས་ལན་མ་ཏོག་ལ་སོགྶསྭཱ་བཱ་དབུལ་བར་མཱི་བྷུ་སྟེ། ཕུལ་ན་རྡུལ་ཚོནྡ་སྲུབས་པར་དུགྱུ ་རོ།། རབ་ཏུ་གནས་པར་བྱས་པའི་དཀྱིལ་འཁོར་གྱི་རྡུལ་ཆེན་སྤོབས་པ་ལས་མཆོད་རྟེན་འཇིག་པའོ།། དེས་ནི་རིགས་ཡོངས་སུ་བརྟག་པའི་དོན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་སྒོར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ ་མེ་ཏོག་དོར་བར་བྱའོ།། རྣམ་པ་གཞན་དུ་ན་ཁྲུ་སྟོང་པའི་དཀྱིལ་འཁོར་ལ་སློབ་མས་དོར་བའི་མེ་ཏོག་ཤར་གྱི་རྡོ་རྗེ་འབར་བ་སྤངས་ནས་གང་དུ་ལྟུང་བར་འགྱུར། དེ་ལ་རྡོ་རྗེ་འབར་བ་ཡང་རྐང་པ་དང་བཅས་པའི་ཁྲུ་བརྒྱར ་འགྱུར་ཏེ། ལྷས་བྱིན་གྱིས་བརླབས་པ་མ་གཏོགས་པ་དེ་རྒལ་ནས་རིགས་ཀྱི་ཕྱོགས་རྣམས་སུ་ཇི་ལྟར་མེ་ཏོག་ལྟུང་བར་འགྱུར། དེའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་ལ་མཚན་མ་ལྔ་བྱས་ནས་དེ་ལ་འཆད་པར་འགྱུར ་བའི་མེ་ཏོག་དོར་བར་བྱའོ།། དེ་ནས་དྲི་ལ་སོགས་པ་རྣམས་རྡུལ་ཚོན་གྱི་དཀྱིལོ་འཁོར་གྱི་ཕྱི་རོལ་དུ་སྟེ། རྡུལ་ཚོན་གྱི་ས་ལ་ནི་མ་ཡིན་ནོ།། རྡུལ་ཚོན་གྱི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱི་སྐུར་རིག་པར་བྱའོ།། ཞེས ་པ་ནི་ངེས་པའོ།། ད་ནི་ལྷ་དང་ཞེས་པ་ལ་སོགས་པས་སྔགས་ཀྱི་ངེས་པ་གསུངས་ཏེ། འདིར་དཀྱིལ་འཁོར་གྱི་གཙོ་བོ་དང་གཙོ་བོའི་རྗེས་སུ་མཐུན་པ་རྣམས་ཐམས་ཅད་ཀྱི་མིང་གི་སྔགས་ཀྱི་སྔོན་དུ་ཨོཾ་དུ་འགྱུར་ཏེ། ཨོཾ ་ཡིག་གཞེས་པའི་ངན་ཏོ།། མ་གསུངས་པའི་སྔགས་རྣམས་ལ་ཡང་ཐམས་ཅད་དུ་ཨོཾ་ཡིག་དང་བའི་ཞེས་རྣམ་པར་ཤེས་པར་བྱའོ།། སྦྱིན་བསྲེག་ལ་ནི་སྭཱདྷཱའི་མཐའ་སྔགས་ཐམས་ཅད་ཀྱི་མིང་གི་སྔགས་ནི་སྐྱིང་པོར་བརྗོད་དེ་དང་། ་ཉིད་ལས་ཐམས་ཅད་པའི་སྦྱིན་བསྲེག་གི་བྱ་བ་ལ་སྣ་ཧཱིའི་མཐའ་ཅན་དུ་འགྱུར་རོ།། མཆོད་པ་དག་ལ་ན་མཿའི་མཐའ་ཅན་དུ་འགྱུར་ཏེ་དེ་ཉིད་དོ་ཞེས་པ་ནི་ངེས་པའོ།། ཛཿཧཱུཾ་བཾ་ཧོཿལྕགས་ཀྱུ་ལ་སོགས་ཤེས་པ་ནི་འདིར་ལྷ་རྣམས ་སྤྱན་དྲང་བ་ལ་ཛཿཡིག་གི་ས་ལྕགས་ཀྱུ་བྱའོ།། གཞུག་པ་ལ་ཧཱུཾ་ཡིག་གིས་རྡོ་རྗེའོ།། བཅིང་བ་ལ་བཾ་ཡིག་གིས་ཞགས་པའོ།། མཉེས་པ་ལ་ཧོ་ཡིག་གིས་རྡོ་རྗེ་དྲིལ་བུ་སྟེ། རིམ་པ་ཇི་ལྟ་བར་ཡོངས་སུ་བཀོད་པ་རྡོ་རྗེ་ལྕགས་ཀྱུ ་ལོ་སོགས་པ་རྣམས་སོ།། དེ་ནས་མཆོད་ཡོན་སྦྱིན་པ་ལ་ཡང་མིག་གིས་སྔགས་ཀྱི་མཐར་འགྱུར་ཏེ། ཆེ་གེ་མོ་ཨི་དཾ་གྲྀཧྞ་གྲྀཧྞ་ཨརྒྷ་ཀཾ་མེ་པུ་ན་རི་ཡཾ་ཞེས་པ་ནི་ངེས་པའོ།། ང་ནི་རྒྱས་པ་ལ་ཞེས་པ་ལ་སོགས་པས་རྒྱས་པ་ལ ་སོགས་པའི་ལས་ཀྱི་དབྱེ་བས་སྔགས་ཀྱི་ཆོ་ག་གསུངས་ཏེ། འདིར་རྒྱས་པ་ལ་ཐམས་ཅད་དུ་སྔགས་བཟླས་པ་འམ་སྦྱིན་བསྲེག་ལ་ཨོཾ་ཡིག་དང་པོ་དང་སྭཱ་ཧཱའི་མཐའི་སྔགས་སུ་འགྱུར་རོ།། མི་བདག་ཅེས་པ་ནི་བོད་པའོ།། ཞི་བ ་ལ་སྔགས་འདི་ན་མཿའི་མཐའ་ཅན་ནོ།། དགུ་པ་ལ་དེ་ཉིད་བཾ་ཁམ་མཐར་འགྱུར་རོ།། དེ་ཉིད་བཾ་འཊ་མཐའ་ནི་དབང་ལའོ།། དེ་བཞིན་དུ་ཧཱུཾ་ཡིག་མཐའ་ཅན་མངོན་སྤྱོད་ལ་སྟེ་དབྱེ་བ་དང་བསྐྲད་པ་དང་བསད་པ་ལའོ།། རང་བཞིན་ཡོན་ཏན ་དབང་གིས་ཕུར་བུས་གདབ་པ་དང་། རྨོངས་པ་དང་རེངས་པ་ལ་ཕཊ་ཡིག་གི་མཐའ་ཅན་དུ་འགྱུར་རོ།། འདིར་རང་བཞིན་ནི་རྒྱས་པ་ལ་རླན་དང་བཅས་པའི་སའི་རང་བཞིན་ཏེ་དེས་ན་སྭཱ་ཧཱའོ།། ཞི་བ་ལ་ཆུའི་རང ་བཞིན་ན་མཿའོ།། དགུག་པ་ལ་མེ་དང་སའི་རང་བཞིན་པོ་ཥཊའོ་དབང་ལ་མེའི་རང་བཞིན་པ་འཊའོ།། བསད་པ་དང་། བསྐྲད་པ་དང་། དབྱེ་བ་ལ་རླུང་དང་མེའི་རང་བཞིན་ཧཱུཾ་ཡིག་གོ། ཕུར་བུས་གདབ་པ་དང་རེངས་པ་ལ་ལྷུན་པོ་དང ་སའི་རང་བཞིན་ཕཊ་ཡིག་གོ།། རྨོངས་པ་ལ་ཡང་རླུང་དང་སའི་རང་བཞིན་ནོ།། ཡང་ན་ཐམས་ཅད་དུ་བསད་བ་ལ་སོགས་པ་དང་རྨོངས་པ་ལ་སོགས་པའི་ལས་གསུམ་པོ་རྣམས་ལ་ཡིག་གི་ཧཱུཾ་ཕཊ་ཀྱི་མཐའ་སྟེ་སྔགས ་བཟླས་པ་དང་། སྦྱིན་བསྲེག་དང་མཆོད་པ་ལ་སོགས་པ་དག་ཀྱང་སྔགས་པས་བྱའོ་ཞེས་པ་ནི་ངེས་པའོ།། ལྷའི་ཁ་དོག་ནི་ཞི་བ་དང་རྒྱས་པ་ལ་དཀར་པོ་དང་། དབང་ལ་སོགས་པ་ལ་དམར་པོ་དང་། བསད་པ་ལ་སོགས ་པ་ལ་ནག་པོ་དང་། རྨོངས་པ་ལ་སོགས་པ་ལ་སེར་པོ་སྟེ། ལས་ཀྱི་དབྱེ་བ་དག་གིས་སྔགས་སུ་འགྱུར་རོ་ཞེས་པ་ནི་ངེས་པའོ།། ད་ནི་དཀྱིལ་འཁོར་གྱི་ས་རྣམ་པར་དག་པའི་ས་བོན་རྣམས་གསུངས་ཏེ། འདིར་ཤར་དུ ་རླུང་རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ནག་པོ་སའི་ཆ་ལ་ཁྱབ་པར་བྱེད་པའོ།། བྱང་དེ་ཆུ་རྣམ་པར་དག་པས་སྐུ་རྡོ་རྗེ་དཀར་བའོ།། ལྷོ་རུ་མེ་དག་པས་གསུང་རྡོ་རྗེ་དམར་པོའོ།། ནུབ་དུ་རང་གི་རིགས་སའི་ཕྱོགས ་སུ་གནས་པ་ཡེ་ཤེས་རྡོ་རྗེ་སེར་པོའོ།། དེ་བཞིན་དུ་སྒྲ་གཅན་དང་ཟླ་བ་དང་ཉི་མ་དང་དུས་མེ་དག་པས་ཞལ་བཞིའི་དབྱེ་བས་སའི་ཆའོ།། དེའི་ཕྱིར་གྲངས་བཞིན་དུ་རླུང་གི་སྐྱེ་གནས་ཨོཾའོ།། མའི་སྐྱེ་གནས་རིའོ།། ཆུའི་སྐུ་གནས ་ཨུའོ།། སའི་སྐྱེ་གནས་ནི་ལཾའོ།། དེ་བཞིན་དུ་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་སྐྱེ་གནས་ནི་ཨི་ཡིག་ལ་སོགས་པ་རང་རང་གི་ས་བོན་འདུ་བྱེད་དང་། ཚོར་བ་དང་། འདུ་ཤེས་དང་། གཟུགས་ཀྱི་རང་བཞིན་རྣམས་སོ།། ཨ་ཡིག ་ནི་མ་བརྗོད་ཀྱང་ན་མཁའི་སྐྱེ་གནས་ཏེ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་དོ་ཞེས་པ་ཐམས་ཅད་དུ་ངེས་པ་སྟེ། ཨ་ཨི་རི་ཨུ་ལི་ཀཾ་ཞེས་པ་སོ་སོར་བརྗོད་པའི་ཚིག་ལས་སྤྲོ་བའི་རིམ་པས་ཏེ་བསྐྱེད་པའི་རིམ་པས་སོ ་ཞེས་པ་ནི་ངེས་པའོ།། ད་ནི་ཕྱག་རྒྱས་གདབ་པའི་དོན་དུ་ཕྱག་བརྒྱའི་ས་བོན་རྣམས་གསུངས་ཏེ། འདིར་དཔྲལ་བར་སྐུའི་ཕྱག་རྒྱ་ཨོཾ་ཡིག་དཀར་པོའོ།། མགྲིན་པར་གསུང་གི་ཕྱག་རྒྱ་ཨཱརྡྷ་ཡིག་དམར་པོའོ།། སྙིང་གར་ཐུགས་ཀྱི ་ཕྱག་རྒྱ་ཙུ་ཡིག་ནག་པོའོ།། ཞེས་པ་ནི་ཐབས་ཀྱི་རྒྱའོ།། ཤེས་རབ་ཀྱི་ལྟེ་བ་ངས་དང་གིསང་བར་ཧཱའོ།། འདི་དག་རིང་པོཅས་པ་ལྔ་སྟེ། གང་གི་ཕྱིར་ཟླ་བའི་རྐང་པ་ལ་བཅུ་གསུམ་ཟླ་བའི་རྐང་པར་ལྔ་གསུངས་པའོ།། ཉི་མར ་ཤེས་གསུངས་པའི་ཕྱིར་ཉི་མའི་རྐང་པ་གསུམ་གསུངས་སོ།། རིང་པོའི་དབྱེ་བས་ཤེས་པ་ནི་སྡེབ་སྤྱིར་གྱི་རྩ་བར་ཐུང་ངུའོ།། དེ་བཞིན་དུ་ཨོཾ་སྐུའི་ཞལ་ལོ།། ཨཱ་གསུང་གི་ཞལ་ལོ།། ཚྭ་ཐུགས་ཀྱིནལ་ལོ།། ཧོ་ཡེ་ཤེས ་ཀྱི་ཞལ་ལོ།། གཞན་དག་ཀྱང་དེ་བཞིན་གཞོམ་དུ་མེད་པ་ལྔ་པ་སྟེ། གང་གིས་གཙོ་བ་རྒྱས་གདབ་པ་དེ་ཉིད་ནི་སྟོང་པ་ཆེན་པོའི་ཡི་གེ་ལྔའོ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་ཨཱ་སོགས་དང་བཅས་ཤེས་པ་ནི་ཨཱ་ལ ་སོགས་པ་དབྱངས་དྲུག་དང་ལྷན་ཅིག་ཏུ་ཏྲཾ་ཡིག་དྲུག་ནི་རོ་རྐང་དྲུག་དང་ལྷན་ཅིག་ན་མཿསོགས་ཀྱིས་ཡན་ལག་དྲུག་ཏུ་འགྱུར་ཏེ། ཨོཾ་ཧཱུ~ཾ་ན་མཿོཾ་ཧཱུཾ་སྭཱ་ཧཱ། ཨོཾ་དྷཱི་བཽ་ཥཊ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་ཧཱུཾ་བ་ཥཊ། ཨོཾ་ཧྲཱིཿཕཊ། ཞེས་པ་གྲངས ་བཞིན་དུ། སྦྱོང་ག་དང་། མགོ་བོ་དང་། གཙུག་ཏོར་དང་། གོ་ཆ་དང་། མིག་དང་། མཚོན་ཆ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། སྟོང་པ་དང་། ཡ་ཤེ་ལས་ཀྱི་དབྱངས་དང་བཅས་པི་ཛ་ཡིག་གི་སྡིགས་ཉིད་དེ་དེ་ལྟར་ཡན ་ལག་དྲུག་གོ།། དེ་བཞིན་དུ་ཕྲམ་གྱི་ཡི་གེ་ནི་སྣ་ཚོགས་ཡུམ་གྱི་ས་བོན་ནོ།། རྒྱལ་བ་དུས་ཀྱི་འཁོར་ལོ་ཤེས་རབ་དང་དང་བཅས་པ་ངག་གི་སྔགས་ནི། ཧཱ་ཞེས་པའོ།། བཅོམ་ལྡན་འདས་དེ་ཉིད་ཐ་དད་པར་བསྐྱེད་པའི་སླད་དུ ་ཧཱུཾ་ཡིག་ཡེ་ཤེས་ཀྱི་ས་བོན་ཏེ། ཤེས་རབ་དང་ཐབས་སོ་སོར་བསྐྱེད་པའི་སླད་དུའོ།། སྙིང་པོ་དག་ཀྱང་དེ་བཞིན་དུ་རྒྱལ་བའི་བརྩེགས་པའི་སྔགས་དྷཱི། སྔར་གསུངས་པ་ཨོཾ་ཨཱཿཧཱུཾ་ཧོ་ཞེས་པ་ཞལ་བཞི་དང་བཅས་པའི། ་བྷྲཱུཾ་ཡིག་ལ་སོགས་ཡན་ལག་དྲུག་པོ་ཨོཾ་ཡིག་དང་པོར་གྱུར་པ་དང་ལྗོན་པ་ནི་བཟླས་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཉེ་བའི་སྙིང་པོ་སྟེ། ཨོཾ་ཧཱུཾ་ཧྲཱི་ཛྫ་ཙྪ་གྷྣཱཾ་བྷྲཱུཾ་ཛཿཞེས་པ་བསྐྱེད་པའི་རིམ་པས་ལས་ཐམས་ཅད་སྒྲུབ་པ་ལ་སྟེང ་དྲག་པོ་ལ་སྡུད་པའི་རིམ་པས་བཟླས་སོ།། ལྷ་དང་ལྷ་མོ་རྣམས་ཀྱི་ཕྲེང་བའི་སྔགས་ནི་དེ་བཞིན་གཞན་དུ་འགྱུར་རོ།། དེ་ཡང་ལས་ཀྱི་དབྱེ་བ་དུ་མ་ཡིས་རྣམ་པ་མང་པོ་ཚིགས་དུ་མ་དང་ལྡན་པ་ཤེས་པར་བྱ་སྟེ། དུས་ཀྱི་འཁོར་ལོའི ་དཀྱིལ་འཁོར་འདིར་ནི་ས་ལ་སོགས་པ་རང་བཞིན་ཏེ། དེའི་ཡོན་ཏན་དབང་གིས་སོ།། ཞེས་པ་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། དེ་ལྟར་རྒྱུད་གཞན་ཐམས་ཅད་ལས་ངེས་པའོ།། ད་ནི་རིན་ཆེན་ཞེས་པ་ལ་སོགས་པས ་ལྷ་རྣམས་མཆོད་པར་གསུངས་ཏེ། འདིར་སྔར་བརྗོད་པའི་ཆོ་གས་ལྷ་རྣམས་དམིགས་པ་བྱས་ཏེ། དེ་ནས་ཡང་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིས ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དེ་ནས་མཆོད་པའི་དོན་དུ་དང་པོར་ཙན་དན་ལ་སོགས་པའི་དྲི་བཟུང་ནས་མཐེ་བོ་དང་མིང་མེད་དག་གིས་དཀྱིལ་འཁོར་བྱས་པའི་ཕྱི་རོལ་ཏུ་གཙོ་བོ་ལ་སོགས་པ་རྣམས་མཆོད་པ་བྱའོ།། ་ཐམས་ཅད་ཀྱི་མིང་གི་དང་པོར་ཨཾ་ཡིག་སྦྱིན་པར་བྱ་སྟེ། ལུས་ཐམས་ཅད་པ་མཆོད་པ་ལ་མིང་གི་མཐར་ན་མཿཞེས་པར་འགྱུར་ཏེ། ལས་སོ་སོ་ལ་ནི་རྒྱས་པོ་ལ་སོགས་པ་ལ་སྭཱ་ཧཱ་མཐར་རིག་པར་བྱའོ།། འདི་སྐྱ་བས ་ཐམས་ཅད་པ་ལ་མཆོད་པའི་སླད་དུ་ལྷ་རྣམས་ཀྱི་སྔགས་ཀྱི་ཚིག་རྣམས་ནི་རྩ་བའི་རྒྱུད་ལས་འདི་ལྟ་སྟེ། ཨོཾ་བུདྡྷ་ཡ་ན་མཿོཾ་དྷརྨ་ཡ་ན་མཿོཾ་སཾ་གྷ་ཡ་ན་མཿོཾ་བཛྲ་སཏྭཱ་ཡེ་ན་མཿོཾ་པྲཛྙོ་པཱ་ར་མི་ཏཱ་ཡིན ་མཿོཾ་སྭ་བྷཱ་བི་ཀ་ཀྵ་ཡཱ་ཡ་ན་མཿོཾ་དྷརྨྨ་ཀཱ་ཡཱ་ཡ་ན་མཿོཾ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿོཾ་ནིར་མཱ་ཎ་ཀཱ་ཡཱ་ཡ་ནཱ་མཿོཾ་དྷྱཱ་ན་བཛྲཱ་ཡ་ན་མཿོཾ་ཙིཏྟ་བཛྲཱ་ཡ་ནཱ་མཿོཾ་བཱཀ་བཛྲཱ་ཡ་ན ་མཎྜ.ཽ་ཀཱ་ཡ་བཛྲཱ་ཡ་ན་མཿཽ་ཙི་ཏུར་མི་མོཀྵི་བྷྱོ་ན་མཿཽ་ཙི་ཏུ་ར་བྲཧྨ་བི་ཧ་རེ་བྷྱོ་ན་མཿོཾ་སེཔྟ་ཏྲྀ་ཤད་བོ་དྷི་པཱཀྵི་ཀ་དྷརྨ་བྷྱོ་ནཱ་མཿཾ་ཙ་ཏུར་ཤཱི་ཏེ་ས་ཧཱ་སྲ་དྷརྨྨ་སྠཱནྣེ་བྷྱོ་ན་མཿོཾ་སརྦ་དྷརྨ་དེ་ཤྭཱ་ཀེ་བྷྱོ་ན་མཿ ་ཨཽ་རཏྣ་ཏྲ་ཡཱ་ཡ་ན་མཿཽ་ཤཱཀྱ་མུ་ནཱ་ཡེ་ན་མཱཿཽ་ཀཱ་ལ་ཙཀྲཱ་ཡ་ན་མཿཽ་དཱ་ནཱ་པཱ་ར་མི་ཏཱ་ཡཻ་ན་མཿ་ཤཱི་ལ་པཱ་ར་མི་ཧཱཾ་ཡཻ་ན་མཥྚ་ཨཽ་ཀྵནྟི་པཱ་ར་མི་ཏཱ་ཡེ་ན་མཿཽ་བཱཾཪྱ་པཱ་ར་མི་ཏཱ་ཡེ་ན་མཿེ་དྷུ་ནཱ་པཱ་ར་མི ་ཏཱ་ཡཻ་ནི་མཿཽ་པྲདྡྷཾ་པཱ་ར་མི་ཏྭཱ་ཡཻ་ན་མཿཽ་ཨུ་པཱ་ཡེ་པཱ་ར་མི་ཏཱ་ཡཻ་ན་མཿཻ་པྲ་ཎི་དྷཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿཽ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཿཽ་ཛྙེ་ན་པཱ་ར་མི་ཏཱ་ཡཻ་ན་མེཿཽ་ཛ་ཡེ་གྷ་ཊེ་བྷྱོ་ན་མཿཽ་ཛ་བི ་ཡཱཾ་གྷ་ཊ་བྷྱོ་ན་མྱཱཿཽ་ས་ཙིཧྣི་བྷྱོ་ན་མཿཽ་སརྦ་མུ་དྷཱ་བྷྱོ་ན་མཿ་ཙིནྟཱ་མཱ་ཎཱ་ཡེ་ན་མིཿཽ་ཏྶརྨ་གཱཎ་ཊེ་ན་མཿཽ་དྷརྨ་ཤཾ་ཁཱ་ཡ་ནཱ་མཿཀ.ཽ་ཀལྤི་བྲྀཀྟཱ་ཡ་ན་མཿཽ་ཨཱཀྟོ་བྷཱུ་ཡ་ན་མྲཿཽ་ཨཱ་མོ་གྷ་སིདྡྷ ་ཡཾ་ན་མཿོཾ་ཏཱ་སཾ་བྷ་བཱ་ཡ་ནི་མཽཿོཾ་ཨ་མི་ཏ་ཐཱ་ཡི་ནོ་མཿོཾ་བཻ་ར་ཙཱ་ནཱི་ཡ་ན་མཿ་ལོ་ཙི་ནཱ་ཡཾ་ན་མཿོཾ་མཱ་མ་ཀྱེ་ན་མཿོཾ་པཎྜ་རཱ་ཡེ་ན་མཿོཾ་ཏཱ་རཱ་ཡཾ་མཿོཾ་བཛྲི་དྷྲྀ་ཏཱི་ཤརྨེ་ན་མཿོཾ་བཛྲ་པཱཎཱ ་ཡཻ་ན་མཿོཾ་ཁ་གརྦྷཱ་ཡཱ་ན་མཿ་ཀྵ་ཏི་གརྦྷཱ་ཡཱ་ན་མཿ་ལ་ཀ་ཤྭ་རཱ་ཡ་ནམྦྷཿོཾ་སརྦ་ནི་བ་ར་ཎ་བཱསྒྲ་བི་ནེ་ན་མཿོཾ་ས་མནྟ་བྷ་དྲཱ་ཡ་ན་མཿོཾ་གཱནྡྷ་བཛྲཱ་ཡཻ་ན་མཿོཾ་རཱུ་པ་བཛྲཱ་ཡ་ན་མཿོཾ་རཱ་སཱ་བཛྙཱ་ཡོ་ན་མཿ ་པཪྻ་བཛྲཱ་ཡཻ་ན་མཿཽ་ཤབྡ་བཛྲཱ་ཡཻ་ན་མཿཽ་དྷརྨ་དྷཱ་ཏུ་བཛྲཱ་ཡཾ་ན་མཿཽ་ཨུཥྞཱི་ཥ་ཡ་ན་མཿཽ་བིགྷྣ་ཏ་ཀ་ཡ་ན་མཿཽ་པྲཛྙཱནྟ་ཀཱ་ཡ་ན་མཿཾ་པདྨཱནྟི་ཀྵ་ཡ་ན་མཿ་ཡ་མཱནྟ་ཀཱ་ཡ་ན་མཿཽ་སྟམྣི་ནྱཾ་ན་མཿཽ ་མཱ་ནྱེ་ན་མེཿོཾ་སྟོ་བྷྲི་ནྱཾ་ན་མཿཽ་ཨ་ཏི་བཱིཪྵཱ་ཡཾ་ན་མིཿཽ་ཨ་ཏི་ནཱི་ལཱ་ཡཻ་ན་མཿོཾ་སརྦ་དྷཱ་རི་ཙི་ནཱི་བྷྱོ་ན་མཿཻ་ཁ་ཎཱི་གཱ་ཡ་ན་མཿཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ།། དེ་ནས ་གསུང་གི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ཨོཾ་བཛྲ་ཙ་ར་ཙི་ཀཱ་ཡཻ་ན་མཿོཾ་བཛྲ་བཱ་ར་ཧཱུཾ་ན་མཿོཾ་བཛྲི་མ་ཧེ་ཤྲིརྱཾ་ན་མཿོཾ་བ་ཛྲ་ཨེན་དྷེ་ན་མཿོཾ་བཛྲ་པྲཧྨ་ཎྱཻ་ན་མཿོཾ་བཛྲ་མ་སཱ་ལ་ཀྲཱྀ་ན་མཿོཾ་བཛྲ་ཀཽ་མཨཱརྱཾ་ན་མ ་ཨོཾ་བཛྲ་བེཥྚ་བྱཾ་ན་མཿཽ་ཨཥྚ་ཨཥྨཱ་ཀེ་ན་ཙ་ཏུཿཥཥྚི་བཛྲ་ཡོ་གི་ནཱི་བྷྱོ་ན་མཿཽ་ཥཊ་ཏྲི་ཤཏ་ཨིཙྪ་བྷྱོ་ན་མཿཞེས་པ་ནི་གསུང་གི་དཀྱིལ་འཁོར་ལ་མཆོད་པའི་ཆོ་གའོ།། དཾ་གྱི་ནྱཱས་སྐུའི་དཀྱིལ་འཁོར་ལ ་འདི་ལྟ་སྟེ། ཨོཾ་བཛྲ་བཻཥྚ་བཾ་ན་མེཿོཾ་བཛྲ་ནཻ་རེ་ཎཱ་ཡ་ན་མཿོཾ་བཛྲ་ཨགྣ་ཡེ་ན་མཿོཾ་བཛྲོད་དྷ་ཡཽ་ན་མཿོཾ་བཛྲེན་དྲཱ་ཡ་ན་མཿོཾ་བཛྲེ་ཤྭ་རཱ་ཡ་ན་མཿོཾ་བཛྲ་པྲ་ཧྨ་ཎེ་ན་མཿོཾ་བཛྲི་བི་ནཱ་ཡ་ཀཱ་ཡ་ན་མཿ ་ཨོཾ་བཛྲ་ཀརྟི་ཀེ་ཡཱ་ཡ་ནཱ་མཿོཾ་བཛྲ་བཱ་ཡ་བེ་ནཱ་མཿོཾ་བཛྲ་ཡ་མཱ་ཡ་ན་མྱཿོཾ་བཛྲ་ཡཱཀྵེ་བྷྱོ་ན་མཱཿོ་བཱ་རུ་རྦྷེ་ན་མརྡྷ.ཽ་བཱ་ཡ་བྱེ་ན་མཿཽ་ཡཱ་མཱི་ནྱེ་ན་མཿོཾ་ཡཀྵི་ཎྱེ་ན་མཿོཾ་མཱ་ཧཱ་བ་ལཱ་ཡ་ན་མཿཽ ་ཨ་ཙ་ལཱ་ཡ་ན་མཿཽ་ཊཀྐི་རཱ་ཛཱ་ཡ་ནཱ་མཿོཾ་ནཱི་ལ་དརྞྞ་ཡ་ན་མཿོཾ་སུམྦ་རཱ་ཛཱ་ཡ་ན་མཿོ་རྀ་དྲཱཀྟཾ་ན་མཿཽ་བཛྲོ་ཤྲྀ་ཁ་ལཱ་ཡཻ་ནཱ་མཿཽ་ཙུ་ནཱ་དཱ་ཡཻ་ནི་མཿཽ་བྷཱི་ཀུ་ནྱཻ་ན་མཿོཾ་མཱ་ཪྵི་ཙྱཻ་ན་མཿཽ་པྲ་ཏྱཾ་ཀ་མཱ་སྱ་བྷེ་དེ་ན་ཥཥྚི་ཨུཏྟ ་ར་ཏྲི་ཤཏ་བཛྲ་ཏཱི་ཐི་དེ་བཱ་བྷྱོ་ན་མཿོཾ་ཥཊ་ཏྲི་ཤ་ཏ་པྲཏཱིཙྪ་བྷྱོ་ན་མཿོཾ་བི་ཛྲ་ཛ་ཡཱ་ཡ་ན་མཿོཾ་བཛྲ་ཀར་ཀོ་ཊ་ཀཱ་ཡ་ན་མཿོཾ་བཛྲ་བཱ་སུ་ཀྵཾ་ཡོ་ན་མཿོཾ་བཛྲཱ་ནན་ཏཱ་ཡ་ན་མཿོཾ་བཛྲ་ཏཀྵ་ཀཱ་ཡ་ན་མཿོཾ་བཛྲ་མ་ཧཱ་པ ་ཡཱ་ན་མཿོཾ་བཛྲ་ཀུ་ལི་ཀ་ཡ་ན་མཿོཾ་བཛྲ་ཤོ་ཁ་པཱི་ལཾ་ཡ་ན་མཿ་བཛྲ་པདྨཱ་ཡ་ན་མཿཱ~ཾ་བཛྲ་བི་ཛ་ཡཱུ་ཡ་ན་མཿཞེས་པ་ནི་སྐུའི་དཀྱིལ་འཁོར་ལའོ།། དེ་ནས་དུར་ཁྲོད་རྣམས་སུ་འདི་ལྟེ་སྟེ། ཨོཾ་ཤྲཱ་ནཱ་སྱཱ་ཡཻ་ནཱ་མ ་ཨོ་སཱུ་ཀ་རཱ་སྱཱ་ཡཻ་ན་མཿོཾ་བྷཱ་གྷྲཱ་སྠཱ་ཡེ་ན་མཿཱཾ་གེ་ཊཱ་སྱཱ་ཡེ་ན་མཿཽ་ཨུ་ལཱུ་ཀ་སྱཱ་ཡེ་ན་མཱཿཽ་གྲྀ་དྷཱ་སྠཱ་ཡེ་ན་མཿཾ་ཀཻ་ཀ་སྱཱ་ཡེ་ན་མཿཱཾ་སརྦ་བྷཱུ་ཏེ་བྷྱོ་ན་མཿཞེས་པ་ནི་དུར་ཁྲོད་བརྒྱད་པོ་རྣམས་ལྱའོ།། དེ ་ནས་ཕྱི་རོལ་དུ་འཇིག་རྟེན་པའི་ལྷ་རྣམས་ཀྱི། ཨོཾ་བཛྲ་ཙནྟཱི་ཡ་ན་མཿོཾ་བཛྲ་སཱུརྱ་ན་མཿོཾ་བཛྲ་མཾ་ག་ལི་ལཱལཱི་ཡ་ན་མཿོཾ་བཛྲ་བུདྡྷེ་ཡ་ན་མཿོཾ་བཛྲ་བྲྀ་ཧོ་སྤ་ཏ་ཡེ་ན་མཿོཾ་བཛྲ་ཤུཀྐ་ཡ་ན་མཿོཾ་བཛྲ ་ཤཱ་ནེ་ཤྩ་རཱ་ཡ་ན་མཿོཾ་བཛྲ་ཀེ་ཏ་བཾ་ན་མཿོཾ་བཛྲ་རཱ་ཧ་བཻ་ན་མཱཿོཾ་བཛྲ་ཀེ་ལ་ཨཀྵཱ་ཡཻ་ན་མཱཿོཾ་བཛྲ་དྷཱུ་བེ་ན་མཿོཾ་ཛྲྀ་གསྟཱ་ན་མཱུཿོཾ་སརྦ་ནཱཀྵ་ཏྲ་བྷྱོ་ན་མཿོཾ་དཱ་ད་ཤཱ་ར་སཱི་བྷྱོ་ན་མཿཽ་ཥོ་ཌ་ཤ་ཀཱ་ལ་བྷྱོ་ན་མ ་ཨཽ་ད་ཤཽ་དཾཀི་པཱུ་ལེ་བྷྱོ་ན་མྱཱཿོཾ་བཛྲ་ནན་དཀི་ཤྭ་རཱ་ཡ་ན་མཿོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ནི་མཿཾ་བཛྲ་གྷཱརྞྞ་ཀརྞྞ་ཡ་ན་མཿ་བཛྲ་བྷ་གི་ནེ་ན་མཿོཾ་སརྦ་ཀྵེ་ཏྲ་པཱ་ལཱ་བྷྱོ་ན་མཿཾ་སརྦ་དྭཱ་ཏཱི་བྷྱོ་ན་མཿཽ་ཧཱ་རཱི་ཏྱཽ་ན་མ ་ཨོཾ་སརྦ་སིདྡྷི་བྷྱོ་ན་མཿོཾ་དྷརྨ་ཙཀྲཱ་ཡ་ན་མཿོཾ་བྷ་དྲ་གྷ་ཊ་ཡ་ན་མཿོཾ་བཛྲ་དུན་དུ་བྷྱཱཾ་ན་མཿོཾ་བོ་དྷི་བྲིཀྠ་ཛཾ་ཡ་ན་མཿཽ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཱཿཞེས་པ་ན་མཆོད་པའི་ཆོ་གའོ།། དེ་ནས་རིན་ཆེན་ཨིནྡྲ་ནཱི། ་ལ་ལ་སོགས་པ་རྣམས་དང་། རིན་ཆེན་གསེར་གྱི་མེ་ཏོག་དང་། རྣམ་པ་མོའི་གོས་ཏེ། ཁ་དོག་ལྔའི་གོས་རྣམས་དང་། དྲི་དང་། སྤོས་དང་། མར་མེ་དང་། དྲིལ་བུ་དང་། མེ་ལོང་དང་། བླ་རེ་དང་། རྣམ་མང་འབྲས་བུ་དང ་ཁ་དོག་ལྔའི་བ་དན་རྣམས་དང་། གར་དང་རོལ་མོ་ཡིས་རྣམ་བཀྲ་མཆོད་པ་བྱས་ཏེ། གཞན་པ་རྣམ་བཅུ་ཞེས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། དེ་ལྟར་སློབ་མ་བདག་ཉིད་ཀྱི་ནུབ་པས་ཇི་ལྟར་གསུངས་པ ་བཞིན་མཆོད་པ་བྱས་ཏེ། དེ་ནས་སློབ་དཔོན་དག་གིས་ཞབས་ཀྱི་རྩ་བར་མཽཎྜལ་བྱས་ནས། མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ་དག་པ་གསུམ་གྱིས་ཤེས་པ་ལུས་དང་ངག་དང་སེམས་དག་པས ་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་ཏེ། གལ་ཏེ་རང་ལ་མེད་ན་རིགས་ལས་སྐྱེས་པའི་གཞོན་ནུ་མ་དབུལ་བར་བྱའོ།། དེ་ལྟར་ཡོན་ཕུལ་ཏེ་དེ་ནས་གསོལ་བ་གདབ་པ་དང་སྨོན་ལམ་གདབ་པར་བྱའོ།། དྲི་རིང་ཉིད ་ནས་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི་སྟེ་བྱང་ཆུབ་པར་དུའོ།། ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགསོ་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ་ཞེས་པ་གསེར་བཅས་མེ་ཏོགོ་དག་གིས་མཎྜལ ་བྱས་ནས་བླ་མ་ལ་ནཱི་གསོལ་བ་གདབ་པར་འགྱུར།། དེ་ནས་སྨོན་ལམ་གདབ་པར་བྱ་སྟེ། འདོད་པའི་རྡོ་རྗེ་ལེ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། ཞེས་པ་སྟེ་རྡོ་རྗེའི་རིགས་ལ་གནས་པས་དམ་ཚིག་འདི་ཐམས་ཅད ་བཟུང་བར་བགྱིའོ།། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་སྟེ། རིན་ཆེན་གྱི་རིགས་ལ་གནས་པས་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་སྦྱིན་པ་རྣམ་པོ་བཅུ་སྦྱིན་པར་བགྱིའོ།། རིན་ཚན་ལྕགས་ཟངས་པ་ལང་ཎཱ།། གླང་ཆེན་བུ་མོ་ནོར་འཛིན ་དང་། འདོད་པའི་ཆུང་མ་རང་གི་ཤཱ། སྦྱིན་པ་རྣམ་པ་བཅུ་རུ་འདོད་ཅེས་པ་སྟེ་ཡིད་བཞིན་གྱི་ནོར་བུ་བསྒྲུབས་ནས་སྦྱིན་པ་སྦྱིན་པར་བགྱིའོ་ཞེས་པ་སྨོན་ལོམ་མོ།། འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བརྐྱང་བར་བགྱི། འཁོར ་ལོའི་རིགས་ལ་གནས་པས་བདུད་རྩི་ལྔ་ལ་སོགས་པ་དང་གོ་ཀུ་ད་ཧ་ན་དང་། ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བར་བགྱིའོ།། ཞེས་པ་སྟེ་སྨོན་ལམ་མོ།། རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་རལ་གྲིའི་རིགས་ལ་གནས་པར་གྱུར ་བས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གཞན་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བགྱིའོ་ཞེས་པ་སྨོན་ལམ་མོ།། གསལ་བར་ཆུ་སྐྱེས་རིགས་ལ་སྟེ་པདྨའི་རིགས་དང་རིགས་མ་ཡིན་པ་ལ་མངོན ་པར་འགྲོ་བས་གསལ་བར་པདྨོ་ལ་རེག་པ་ལས་ཚུལ་ཁྲིམས་ཀྱི་སྡོམ་པའི་སླད་དུ་ཚངས་པར་སྤྱོད་པའི་སྡོམ་པ་དག་ནི་བསྐྱང་བར་བགྱི་ཞེས་པའི་སྨོན་ལམ་གདབ་པར་བྱའོ།། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་བསྐྱེད ་མཛད་རིགས་ལ་སྟེ་རྡོ་རྗེ་རྩེ་གཅིག་པའི་རིགས་ལ་གནས་པར་གྱུར་པས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱང་ཆུབ་བདག་གིས་སྐྱེད་པོར་བགྱིའོ་ཞེས་སྨོན་ལམ་གདབ་པར་བགྱིའོ།། དེ་ལྟར་སྨོན་ལམ ་གདབ་པ་བྱས་པའི་ཚེ་དབང་བསྐུར་བའི་སླད་དུ་གསོལ་བ་བཏབ་པའི་བླ་མ་དགྱེས་ཤིང་མཉེས་པར་གྱུར་པས་སློབ་མ་ཁྲུས་བྱས་དྲི་ཡིས་རྗེས་བྱུགས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱི་སར་ནི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཞག ་པར་བྱ་སྟེ། དངོས་གྲུབ་དོན་དུ་ས་ཤིང་སྔར་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་རྗེ་ངག་གིས་ཤེས་པ་ཨོཾ་ཨཱཿཧཱུ~ཾ་སྔོ་འདི་དག་གིས་ལན་བདུན་མངོན་པར་བསྔགས་པ་བྱ་སྟེ། དེ་ནས་གསོར་ནས་དཀྱིལ་འཁོར་དུ་དོར་བར ་བྱའོ།། ཕྱོགས་ཀྱི་ཚེ་གང་དུ་ལྷུང་བ་དེར་དེའི་ལས་རབ་འབྱམས་འགྲུབ་པར་འགྱུར་ཏེ། ཕྱོགས་བརྒྱད་རྣམས་སུ་ཞི་བ་ལ་སོགས་པའི་ལས་སྔར་གསུངས་སོ།། དེ་ནས་ཁར་ཆུ་ཁྱོར་པ་གསུམ་བླུད་དེ་དག་པར་བྱས་ནས། དཀྱིལ ་འཁོར་ལ་ཡོལ་བ་བཀོད་ཅིང་ཤར་གྱི་སར་སློབ་མ་ཁྲིད་དེ། དེ་ནས་དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ།། རྒྱལ་བ་མཆོག་གི་དམ་ཚིག་ངག་གིས་ཏེ། བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་དག་གིས་སྔར་སྤོས་བསྒྲུབས ་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན་དུའོ།། དེ་ལ་སྔགས་ནི་ཧཱུཾ་གི་ཡི་གེ་གཅིག་སྟེ། ཨ་ར་ལ་དང་བཅས་པ་ཞེས་པོ། ཨཾ་ཨོཾ་ར་ར་ར་ར་ལ་ལ་ལ་ལ་བཛྲ་བེ་ཤ་ཡ་ཧུཾ་ཞེས་པ་སྟེ། སྔགས་འདིས་ཁྲོ་བོའི་གཙོ་བོ་བསྐུལ་བུ་བྱས་ནས་ཁྲོ་ཐོ ་དབབ་བོ་ཞེས་པའི་དོན་ཏོ།། འདི་ལ་བཟླས་པ་བྱེ་བ་དང་སྦྱིན་བསྲེག་འབུམ་ཕྲག་བཅུ་ཡིས་སྔོན་དུ་བསྙེན་པ་བྱའོ།། དེ་ནས་འགྲུབ་པར་འགྱུར་ཏེ། དྲན་པ་ཙམ་གྱིས་ཁྲོ་བོ་འབེབས་པར་བྱེད་དོ།། དེ་ལ་མཚན་ཉིད་ན་ཚིགས་སུ་བཅད་པ ་བརྒྱད་ཅུ་རྩ་བརྒྱད་པ་ཡིས་གསུངས་པ་འདིར་འགྱུར་རོ།། ཁྲོ་བོའི་རྒྱལ་པོ་ཕེབས་ནི་མཚོན་ཆེས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་བསྡིགས་བྱེད་ཅིང་། ཞེས་པ་ནི་འདིར་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབས་པར ་གྱུར་ན་མཚོན་ཆས་མཛེས་པར་བྱས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ།། བདུད་ཀྱིས་ཚོགས་ཆོས་ལ་འཚེ་བར་བྱེད་པ་གང་ལ་སྡིགས་མཛུབ་ཀྱིས་བསྡིགས་པ་དེ་ས་ལ་འགྱེལ ་བྱེད་ཅིང་སེམས་མེད་པར་བྱེད་དོ།། དེ་བཞིན་དུ་གཡོན་བརྐྱང་ལ་སོགས་སྟོབས་རྣམས་དང་ནི་རྣམ་མང་བཅིང་བ་དག་གིས་རྡོ་རྗེའི་གར་གྱི་གར་བྱེད་དོ།། འདིར་སློབ་མ་གང་ཞིག་སྡེར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ ་བོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ།། བར་སྣང་ལ་ཡང་རྣམ་མང་བཅིང་བ་དག་གིས་ཤེས་པ་གར་བྱེད་དོ།། ཅི་སྟེ་བཞད་པར་བྱེད་ན། དེའི་ཚེ་ཙྪ་གི་ཡི་གེ་འདྲེས་པས་དགྲ་སྟེ་བདུད་ཀྱི་ཚོགས་ལ་འཇིག་པ་སྟེར་བ་དང་ནི་དེ་བཞིན་དུ ་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕེབས་པ་ནི་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མེ་ལས་གསུངས་པའི་གླུ་བྱེད་དོ།། དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་འཕེབས་པ་ནི། ངོ་ཚ་མེད་ཅིང་དོགས ་པ་མེད་པར་འགྱུར་ཏེ། ཡོན་ཏན་དབང་གིས་ཤེས་པ་ཁྲོ་བོའི་རང་བཞིན་གྱིས་སོ།། ལྷ་གཞན་དག་ཀྱང་ཞི་བའོ་ཞེས་པ་ནི་ཅི་སྟེ་སྤྱན་ལ་སོགས་པའི་ལྷ་ཡིན་ན་ཞི་བའོ་ཞེས་པ་སྟེ། ཁྲོ་བོ་དབབ་པའི་ངེས་པའོ།། འདིར་ཡང་རྒྱ་ཆེར ་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱིས་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་བས་རིག་པར་བྱའོ།། མཚན་མ་གང་གིས་གང་བསྐྱེད་པ་དེ་ཡང་དེའི་ཕྱག་གི་ཕྱག་རྒྱར་འགྱུར་ཏེ། དེ་ནི་ང་ཡིསེ་ཤེས་པར་བྱའོ་ཞེས་པ་ངེས་པའོ།། ད་ནི་སྐུ ་ཞེས་པ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་འམ་བྱང་ཆུབ་སེམས་དཔའི་སྐུ་ལ་སོགས་པའི་བྱིན་གྱིས་བརླབས་པ་གསུངས་ཏེ། འདིར་སྐུ་ཕེབས་པོས་ནི་རྣོལ་འབྱོར་ལྡན་པ་ཞེས་པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་ན། རང་བཞི ་ཡོན་ཏན་དབང་གིས་ཤེས་པ་དྲག་པོ་དང་རབཞི་པའི་རང་བཞིན་གྱིས་སློབ་མ་སྐུའི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བ་དང་བྱང་ཆུབ་སེམས་དཔའ་ན་མཁའ་ལ་འགྲོ་བ་དང་ས་འོག་དུ་འགྲོ་བ་མཛད་པོ་དེ་བཞིན་དུ་སློབ་མས་བྱེད་ཅིང་དཀྱིལ ་འཁོར་ལ་སོགས་པ་མ་མཐོང་བ་སྐྱེད་པར་བྱེད་དོ།། མཆོག་གི་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་པ་སྐུའི་བྱ་བ་བྱེད་དོ།། དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་ལྷ ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བོ་པོར་འགྱུར་ཏེ། ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་སློབ་མ་རྨོངས་པ་ཡང་འཇམ་དཔལ་ཇི་ལྟོ་བ་དེ་བཞིན་དུ་འགྱུར་རོ་ཞེས་པ་ངེས་པའོ།། དེ་བཞིན་དུ་མཆོག ་གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མ་མཐོང་བ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་ཐུགས་ཕེབས་པའི་ངེས་པའོ།། ཅི་སྟེ་སྐྱེ ་པབཔ་སྔ་མའི་བག་ཆགས་ཀྱི་སྟོབས་ཀྱིས་ཁ་ཅིག་ལ་ཡེ་ཤེས་ཕེབས་པར་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་ལ་འགྲུབ་པར་འགྱུར་ཞིང་སངས་རྒྱས་སུ་འགྱུར་རོ།། བླ་མའི་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་སོ ་བཅུའི་དབང་ཕྱུག་དུ་འགྱུར་རོ།། སངས་རྒྱས་ཤེས་པ་ནི་ཉེས་པར་བརྟགས་པའི་ཚིག་སྟེ། རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་བཞིན་ནི། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བྱིན་བརླབས་ཀྱི་མཚན ་ཉིད་ཀྱི་ངེས་པའི།། ད་ནི་སཾ་ཞེས་པ་ལ་སོགས་པས་སྤྱན་ལ་སོགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པས་གསུངས་ཏེ། འདིར་གང་གི་ཚེས་ཕེབས་པས་ནི་རྣལ་འབྱོར་པ་སྟེ་སློབ་མ་བྱིན་གྱིས་བརླབས་པོར་གྱུར་ན་རི་དང་མཚུངས ་པར་འགྱུར་ཏེར་མི་བརྒྱ་ཕྲག་དུ་མས་ཀྱང་བསྐྱོད་པར་མི་ནུས་སོ།། ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར། འདིར་མཱ་མ་ཀཱི་ཡིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གང་ཞིག་བསྲེག་པའི་རིམས་ཀྱིས་གཟུང་བ་ལ་མཁྱུད་ན་ཡང་དེ ་རིམས་དང་བྲལ་བར་འགྱུར་རོ།། མེ་ཕེབས་པས་ནི་བསྲེགས་པར་འགྱུར་ཏེ། འདིར་གང་གི་ཚེ་གོས་དཀར་མོས་བྱིན་གྱིས་བརླབས་པར་གྱུར་ན་དེའི་ཚེ་གང་ལ་རོག་པ་དེ་བསྲེག་པར་བྱེང་ངོ་།། ཅི་སྟེ་རླུང་ཕེབས་པས་བྱིན་གྱིས་བརླབས་ན་དེ ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཏེ། གང་ལ་མཁྱུད་པ་དེ་དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ།། དེ་བཞིན་སྟོང་པ་ཕེབས་པས་མི་སྣང་བར་འགྱུར། གང་ལ་རེག་པ་དེ་ཉིད་མི་སྣང་བར་འགྱུར་རོ།། ས་སྟེང་དུ་ནི་མཁའ ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར་ཞེས་པ་སྟེ་ངེས་པའོ།། དེ་བཞིན་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་རིག་པར་བྱ་སྟེ། འདིར་གང་གི་ཚེ་ལྷའི་མིག་པར་གྱུར་ན་དེའི་ཚེ་མཆོག་གི་གཟུགས་དང་། མི་མཐོང་བའི་རྫས་ཀྱང ་མཐོང་བར་འགྱུར་རོ།། གང་གི་ཚེ་ལྷའི་རྣ་བ་ཕེབས་པར་གྱུར་ན་དེའི་ཚེ་སེམས་ཅན་གྱི་སྒྲ་གང་མི་ཐོས་པ་དེ་དག་ཐོས་པར་འགྱུར་རོ།། གང་གི་ཚེ་ལྷའི་ཡིད་ཕེབས་པར་གྱུར་ན་དེའི་ཚེ་གཞན་གྱི་སེམས་ཀྱི་ཡེ་ཤེས་ཤེས་པར ་འགྱུར་རོ།། གང་གི་ཚེ་ལྷའི་ལུས་ཀྱི་དབང་པོ་ཕེབས་པར་གྱུར་ན། དེའི་ཚེ་ལྷའི་རེག་བྱ་འཛིན་པར་འགྱུར་ཞིང་། སྔོན་གྱི་གནས་ཤེས་པར་འགྱུར་རོ།། གང་གི་ཚེ་ཁྲུའི་ལྕེ་ཕེབས་པར་གྱུར་དེའི་ཚེ་ལྷའི་རོ་མྱོང་བར་འགྱུར་ཞིང ་དེས་ན་མཁའི་རྫུ་འཕྲུལ་དུ་འགྱུར་རོ།། གང་གི་ཚེ་ལྷའི་སྣ་ཕེབས་པར་འགྱུར་ན་དའི་ཆེ་ལྷའི་དྲི་འཛིན་པར་འགྱུར་ཏེ། དེས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། ཞེས་པ་ནི་ངེས་པའོ།། ་ད་ནི་དབབ་པ་ཞེས་པ་ལ་སོགས་པས་ལྷ་དབབ་པ་བསྐྱེད་པའི་མཚན་ཉིད་གསུངས་ཏེ། འདིར་ལྷ་དབབ་པ་གང་ཡིན་པ་དེ་ནི་ངེས་པར་ཞེས་པ་མཐའ་གཅིག་ཏུ་འགྱུར་ཏེ། སྔགས་པ་སློབ་དཔོན་རྣམས་ཀྱིས་བསྒོམ་པའི ་སྟོབས་དང་། སྔོན་དུ་བསྙེན་པའི་དབྱེ་བ་དང་ནི་ཞེས་པ་ཆོ་ག་སྣ་ཚོགས་པ་དང་། རྣམ་མང་དམ་ཚིག་བྱང་ཆུབ་ཀྱི་སེམས་ཀྱི་ཐེག་ལེ་ལ་སོགས་པ་བསྲུང་བ་དང་། དེ་བཞིན་དུ་སྔགས་ཀྱི་བཟླས་པ་ལ་སོགས་པ་དག་གིས ་ཀྱང་ཕེབས་པར་འགྱུར་མི། རྣམ་པ་གཞན་དུ་མི་འགྱུར་རོ།། འགའ་ཞིག་གང་གི་ཚེ་བླ་མ་བརྒྱུད་པའི་རིམ་པས་རྣམ་པར་དག་པའི་སློབ་མ་ལ་སྟེ། སངས་རྒྱས་རོ་མྱོང་བྱེད་པས་བདུད་རྡོའི་དཔུང་ལ་དཀྱིལ་འཁོར་ལ ་ནི་མཆོག་གི་བུ་ལ་འགྱུར་རོ།། མིའི་བདག་པོ་ཞེས་པ་ནི་བོད་པའོ།། རང་བྱིན་བརླབས་པ་ས་དམན་པ་རྣམ་མང་སྲིད་པ་དག་གིས་བསྔགས་པ་རྣམས་ལ་དངོས་གྲུ་བ་ཡོད་པ་མིནི། ཇི་སྲིད་འོག་མིན་གྱི་སྲིད་པའི ་མཐར་ཐུག་པའི་བར་དུ་དེ་བཞིན་གཤེགས་པས་འཇིག་རྟེན་པ་ཞེས་གསུངས་པའོ།། འདིར་མཆོག་རྣམས་ཀྱིས་དབབ་པའོ།། གཞན་དུ་འབྱུང་པོ་དང་སྲིན་པོའི་འཁོར་ལོ་ལ་སོགས་པ་རྣམས་ཀྱི་དབབ་པ ་ནི་མཐའ་ཡས་པ་སྟེ། དེ་རྣམས་ཀྱི་མཚན་ཉིད་དང་བླ་མའི་བཀའི་མཚན་ཉིད་ཀྱང་ལེའུ་ལྔ་པའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ། དེས་ན་འདིར་དཀྱིལ་འཁོར་དུ་འཇུག་པ་ལ་དེ་དག་མ་གསུངས་སོ་ཞེས་པ་ནི་བཅོམ་ལྡན ་འདས་ཀྱི་ངེས་པའོ།། ང་ནི་ཕེབས་བཏང་ཞེས་པ་ལ་སོགས་པས་ཕེབས་པ་ཉེ་བར་ཞི་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་སློབ་མ་ཁྲོ་བོའི་ལྷ་ལ་སོགས་བྱིན་གྱིས་བརླབས་པ་དེའི་ཚེ་སློབ་དཔོན་གྱིས་གང་ཅུང་ཟད ་མངོན་པར་འདོད་པའི་བྱ་བ་དྲི་བར་བྱའོ།། དེ་ནས་ཨོཾ་ཨཱཿཧུཾ་ཡི་གེ་གསུམ་གྱིས་མེ་ཏོག་མངོན་པར་བསྔགས་ཏེ་མགོ་བོར་སྦྱིན་པར་བྱའོ།། དེས་ཕེབས་པ་གཏོང་ཞིང་རང་གི་གནས་སུ་འགྲོ་བར་འགྱུར་རོ།། དེ་ལྟར་ཕེབས་པ ་གཏོང་བར་འགྱུར་ཏེ། དེ་ནས་ཕེབས་པ་གཏང་བའི་ཕྱི་ནས་མགོ་བོར་རྒྱལ་བས་བསྲུང་བ་ཞེས་གསུངས་པའི་ཕྱིར་མགོ་བོར་ཨོཾ་ཡིག་གིས་སོ།། སྙིང་གར་ཧཱུཾ་ཡིག་གིས་སོ།། སྤྱི་གཙུག་ཏེ་གཙུག་ཏོར་ཏུ་ཧཾ་ཡིག་གིས་སོ། ་ཞེས་པ་ནི་ཐབས་ཀྱི་སྟེ་རང་གི་རྡོ་རྗེ་གསུམ་གྱི་ཤེས་པོ་སྐུ་དང་གསུང་དང་ཐུགས་ཀྱིས་སོ།། དེ་བཞིན་དུ་ལྟེ་བར་ཧཾ་ཡིག་གིས་སོ།། མགྲིན་པར་ཨཱཿཡིག་གིས་སོ།། གསང་བར་ཀྵཱ་ཡིག་གིས་སོ།། ཞེས་པ་ནི་ཤེས་ཀྱི་སྟེ། ་རང་གི་རྡོ་རྗེ་གསུམ་གྱིས་ཤེས་པ་སྐུ་དང་གསུང་དང་ཐུགས་ཀྱིས་སོ།། འདིར་གཉི་གའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡུལ་ལ་ཧཱུཾ་ཡིག་རིང་པོ་ནི་གསུང་རྡོ་རྗེའོ།། ཐུང་ངུ་ནི་ཐུགས་རྡོ་རྗེའོ།། གཞན་དུ་གང་ན་ཡོད་དོ།། དེ་ནས ་བསྲུང་བ་བྱས་ནས་ལུས་ལ་སེར་བའི་གོས་དག་ནི་བྱིན་ཏེ། མིག་ནི་བསྒྲིབས་པར་གྱུར་པར་སློབ་མ་དཀྱིལ་འཁོར་འདིར་ན་གཞུག་པར་བསྒྲུབ་པར་བྱའོ།། དང་པོར་ཀུན་རྫོབ་དོན་དུ་བརྟུལ་ཞུགས་བྱང་ཆུབ་ཀྱི་མཐར་ཐུག ་པའི་བར་དུ་སྟེ། ཀུན་རྫོབ་ནི་བསོད་ནམས་ལ་སོགས་པའི་ཚོགས་སོ།། དེ་ཡི་དོན་ནི་དེ་དོན་ནོ།། རབ་མཆོག་བགྲོད་པ་དག་གི་བགྲོད་པ་དག་ཅེས་པ་ལ། རབ་མཆོག་ནི་བསྐལ་པ་བཟང་པོ་ལ་རྣམ་པར་གཟིགས་ལ་སོགས་པ་ཤཱཀྱ་ཐུབ ་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པ་བདུན་པོ་རྣམས་སོ།། དེ་དག་གི་དགོད་པ་ནི་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་དོ།། དེ་དག་ལ་བགྲོད་པ་ནི་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་སྟེ། དེ ་ངག་ཉིད་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པ་སྦྱིན་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ལ་བརྟུལ་ཞུགས་རྣམས་ནི་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཚེ་དང་མི་བདེན ་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཚོང་གི་བཏུང་བ་དེ་བཞིན་ཉིད་ཅེས་པ་སྟེ་བརྟུལ་ཞུགས་ལྷའི་ངེས་པའོ་ཞེས་པའི་དོན་ཏོ།། གང་ལ་ཅིའི་ཕྱིར་ཞེ་ན་འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པའི ་ལས་ལྔ་པོ་འདི་དག་གོ། དེའི་ཕྱིར་མི་བྱའོ།། ཞེས་པ་སྟེ་ངེས་པའོ།། སྣ་ཚོགས་གཙོ་བོ་སུ་ཞིག་གི་ཞེ་ན། གང་ཞིག་གང་གི་དུས་སུ་འབྱུང་བའི་དེ་བཞིན་གཤེགས་པ་ལྷ་དང་མི་ཡི་བླ་མ་དེ་ཡིས་མཚན་གྱིས་རབ་སྦྱིན་བྱོ། སྣ་ཚོགས ་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ་ཞེས་པ་ནི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་བསོད་ནམས་ཀྱི་ཚིགས་ཀྱི་སླད་དུ་བསྐྱངས་པ་ཇི་ལྟ་བ་བཞིན་དུའོ།། ཞེས་པ་སྟེ ་དེ་བཞིན་གཤེགས་པའི་ངེས་པས་བསླབ་པའི་གནས་ལྔ་དང་ལྡན་པའོ།། དེ་ནས་གལ་ཏེ་འདོད་ན་དེའི་ཚེ་གཞན་རྣམས་སྦྱིན་པར་བྱའོ།། དེ་ལ་ཚེ་ལོ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཟས་སྔར་བརྗོད་པ་དང་། ཚིག་ངན་ཀློག ་དང་ར་འབྱུང་པོའི་ཆོས་ཕ་མེས་ཀྱི་བྱ་བ་དང་། མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་བརྗོད་པ་དང་། ལྷ་མིན་གྱི་ཆོས་ནི་ཀླ་ཀློའི་ཆོས་ཏེ་མི་བྱའོ་ཞེས་པ་ཉེ་བའི་སྡིགས་པ་ལྔ་དང་། དེ་བཞིན་དུ་སྡེ་མ་དང་ཕྱི་མ་བཅུ་པོ་རྣམས་ཀྱི་དང ་པོ་གསོད་པ་ལྔ་དུས་ཐམས་ཅད་དུ་མི་བྱ་བ་སྟེ་བ་ཡང་གསོད་པ་དང་། བྱིས་པ་གསོད་པ་དང་། བུད་མེང་གསོད་པ་དང་། སྐྱེས་པ་གསོད་པ་དང་། ལྷ་མཱིའི་བླ་མ་ཞེས་པ་ནི་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་སྟེ་རྣམ་པར་བཤིག ་པ་ནི་གསོད་པ་གཞན་ནོ།། དེ་བཞིན་དུ་གྲོགས་པོ་ལ་འཁུ་བ་དང་རྗེ་བོ་ལ་འཁུ་བ་དང་སངས་རྒྱས་ལ་འཁུ་བ་དང་། དགེ་འདུན་ལ་འཁུ་བ་དང་། ཡིད་བརྟན་ལ་འཁུ་བ་ཞེས་པ་ལྟ་མི་བྱའོ།། དེ་བཞིན་དུ་དབང་པོ་རྣམས་ནི་ཆགས ་པ་དག་པང་ཞེས་པ་ནི་གཟུགས་ལ་ཆགས་པ་དང་། དྲི་ལ་ཆགས་པ་དང་། རོ་ལ་ཆགས་པ་དང་། རེག་ལ་ཆགས་པའོ།། སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའ་དག་གིས་ངེས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྟེ། སློབ་མ་རྣམས ་ཀྱིས་བསྐྱང་བར་བྱ་ཞིང་། རྡོ་རྗེ་སློབ་དཔོན་གྱིས་དབང་གི་དུས་སུ་སློབ་མ་ལ་སྦྱིན་པར་བྱའོ།། བརྟུལ་ཞུགས་སྦྱིན་པའི་ངེས་པའོ།། ད་ནི་དཔལ་ལྡན་སྔགས་ཤེས་པ་ལ་སོགས་པས་དཀྱིལ་འཁོར་དུ་འཇུག ་པ་གསུངས་ཏེ། འདིར་དང་པོར་བརྟུལ་ཞུགས་བྱིན་པའི་དེ་མ་ཐག་ཏུ་ལས་ཐམས་ཅད་པ་ལ་གོས་སེར་པོ་འམ་དམར་པོས་གདོང་བཅིང་བར་བྱ་ཞིང་། ཞི་བ་ལ་སོགས་པ་ལ་གོས་སྲབ་མོ་ལྷའི་ཁ་དོག་གི་ཁ་དོག་གིས་ཏེ། སྔགས ་འདི་ཡིས་སོ།། ཨོཾ་དཱ་ད་ཤཾ་གི་ནཻ་རོ་དྷཱ་ཀཱ་རི་ཎཽ་ཧཱུཾ་ཕཊ། དེ་ནས་མིག་ལ་སོགས་པ་བཀབ་ནས་དགེ་བའི་གྲོགས་ཀྱིས་དང་པོར་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། དེ་ནས་ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས ་སུ་གནས་པས་ཏེ། གལ་ཏེ་དཀྱིལ་འཁོར་ལ་ལྕེ་གཡོན་བརྐྱང་ལ་སོགས་པའི་སྟབས་ཀྱིས་བཞེངས་པ་ཡིན་ན་དེའི་ཚེ་སློབ་དཔོན་བཞེངས་པས་སློབ་མ་ལ་དབང་བསྐུར་སྦྱིན་པར་བྱའོ།། ཅི་སྟེ་བཞུགས་པ་ཡིན་ན་དེའི་ཚེ ་བཞུགས་པས་སྦྱིན་པར་བྱའོ།། དེ་ནས་དགེ་བའི་གྲོགས་ཀྱིས་གཏད་པའི་སློབ་མའི་མགོ་བོ་ལ་དུང་གི་ཆུས་བསང་གཏོར་བྱས་ཏེ། ཨཾ་ཨཱཿཧུཾ་ཞེས་པ་ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག ་གཅིག་དེའི་ལག་པའི་པདྨོ་སྦྱར་བར་ཀུན་ཏུ་སྦྱིན་པར་བྱ་སྟེ། མེ་ཏོག་གི་སྙམ་པ་རྣམ་པར་དག་པས་སོ།། དེ་ནས་ལག་པའི་པདྨ་སྦྱར་བ་དག་ལས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྒྱལ་བའི་བུམ་པའི་སྟེང་དུ་སྔར་བརྗོད་པའི ་ངེས་པས་མེ་ཏོག་དོར་བ་དང་དུས་གཅིག་ཏུ་མིག་དར་དགྲོལ་བར་བྱའོ།། ཡང་ན་སྔར་མེ་ཏོག་དོར་བ་བྱས་ལ་ཕྱི་ནས་དགྲོལ་བར་བྱ་སྟེ། ཨོཾ་དཾ་བྱིན་དཱི་ཡཱ་ཎྱཱད་གྷཱ་ཊཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདི་ཡིས་སོ།། མིག་དབྱེ་བ་བྱས་ནས ་གང་གི་གནས་སུ་མེ་ཏོག་བཟང་པོ་ཡི་གེ་གསུམ་གྱིས་མངོན་པར་སྔགས་པ་ལྟུང་བ་དེར་གནས་པའི་ལྷོ་ནི་དེའི་རིགས་ཀྱི་ལྷོར་འགྱུར་ཏེ། དེ་ཡིས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ།། ཞེས་པ་ནི་ངེས་པའོ།། དེས་ན་དེའི ་རིགས་ཀྱིས་ལྷ་བསྟན་ཏེ། ཕྱི་ནས་ཆུ་ལ་སོགས་པ་དབང་བདུན་པོ་དག་དང་། རྣམ་གསུམ་འདིར་ནི་ཇི་བཞིན་ཏེ་ཟླུམ་པ་ལ་སོགས་པ་དེ་བཞིན་དུ་ལུས་ཀྱི་ཕྱག་རྒྱ་མཆོད་ནས་སོ།། བླ་མེད་འཆད་པར་འགྱུར་བ་ཡང་དག་རབ་སྦྱིན་བྱ ་ཞེས་པ་སློབ་དཔོན་གྱི་སྟེ་དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་ཀླུ་ཞེས་པ་ལ་སོགས་པས་དབང་བདུན་གྱི་ཆོ་ག་གསུངས་ཏེ། འདིར་ཀླུ་ཞེས་པ་བརྒྱད་དང་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ཤེས་པ་ནི་བུམ་པ ་བརྒྱད་ཀྱི་ཕྱོགས་ལ་བུམ་པ་རྒྱལ་བའི་བུམ་པ་ལྔ་དང་། རྣམ་པར་རྒྱལ་བའི་བུམ་པ་ལྔ་ཡིས་སོ།། བུམ་པ་བཞིའི་ཕྱོགས་ལ་རྒྱལ་པོའི་བུམ་པ་གསུམ་དང་རྣམ་པར་རྒྱལ་བའི་བུམ་པ་གསུམ་གྱིས་ཏེ། ནོར་བུ་གསེར ་གྱི་རང་བཞིན་ནམ། དེ་མེད་ན་སའི་རང་བཞིན་ཏེ། རིན་ཚན་དང་བཅས་པ་སྨན་དང་དྲི་དང་ལྡན་པ་ཞེས་པའོ།། དེ་ལ་སྨན་ནི་སྔར་གསུངས་པའི་དྲིའི་ལེ་ཚེ་སྦྱར་བ་ལས་མིག་ཅེས་པ་ལ་སོགས་པའི་ཆ་ཤས་ཀྱིས་གཟུང་བར ་བྱ་སྟེ། སློབ་དཔོན་གྱིས་རྩ་བའི་རྒྱུད་ལས་གསུངས་པའི་ཚོ་གས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་སྙེད་པ་ལྔ་གཟུང་བར་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཡི་ལ་ཆེ་སྦྱར་བ་ལ། ་རྒྱལ་པོ་ཚངས་མ་ལ་སོགས་སྨན། མིག་ཟླ་མེ་སོགས་ཆ་ཤས་དང་།། ལྔ་ལྔ་ཡིས་ནི་རིམ་པས་དགོད།། ཚངས་མ་སྲེད་མེད་དྲག་མོ་དང་།། དབང་ཕྱུག་མཆོག་གི་དབང་ཕྱུག་མ།། དབང་མོ་དཔལ་མོ་ཕག་མོ་དང་།། གཞོན་ནུ། ་ཙར་ཙི་ཀཱ་དེ་བཞིན།། ས་མོ་ཆུ་མོ་མེ་ལོང་དང་།། རླུང་མོ་མཁའ་སྤྱོད་མ་དེ་བཞིན།། མ་དང་སྲིང་མོ་བུ་མོ་དང་།། ཚ་མོ་རང་སྐྱེས་མ་དྲི་བཞིན།། བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ།། དམངས་མོ་གདོལ་མ་དེ་བཞིན་བཤད།། ཅེས་པ་སྨན ་ནི་དངོས་གྲུབ་ཆེ།། ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར་ཞེས་པའོ།། ངོ་ནི་འདི་རྣམས་ཀྱི་རབ་ཏུ་གསལ་བའི་མིང་བརྗོད་པར་བྱ་སྟེ། འདིར་ཚངས་མེ་ཞེས་པ་ནི་ཚངས་པའི་དབྱུག་པ་སྟེ་ཆ་གཉིས་སོ།། སྲེད་མེད་མ་ནི་ཁྱབ་འཇུག་གནོན ་མ་སྟེ་ཚེ་གཅིག་གོ།། དྲག་མོ་ཞེས་པ་དྲག་པོའི་རལ་པ་སྟེ་ཆ་གསུམ་མོ།། དབང་ཕྱུག་མ་ནི་རབ་ཏུ་གྲགས་པ་སྟེ་ཆ་བཞིའོ།། མཆོག་གི་དབང་ཕྱུག་མ་ནི་དྭེ་བ་དཱ་ལི་སྟེ་ཆ་ལྔའོ་ཞེས་པ་དང་པོའི་དགོད་པའོ།། དེ་ནས་གཉིས་པ ་བརྗོད་པར་བྱ་སྟེ། དབང་མོ་ཞེས་པ་ནི་དབང་པོ་ཆུ་ལྷ་མོ་སྟེ་ཆ་གསུམ་མོ།། དཔལ་མོ་ནི་མཚན་ཉིད་དེ་ཆ་བཞིའོ།། ཕག་མོ་ཞེས་པ་ནི་ཕག་སྣེ་སྟེ་ཆ་ལྔའོ།། གཞོན་ནུ་མ་ཞེས་པ་ནི་ཀ་ར་ཎི་ཀ་སྟེ་ཆ་གཉིས་སོ།། ཙ་ར་ཙི་ཀཱ ་ཞེས་པ་ནི་ཐུར་བལྟས་མེ་ཏོག་ཅན་ཚྭ་གཅིག་གོ།། ཞེས་པ་ནི་གཉིས་པ་ལྔ་དགོད་པའོ།། དེ་ནས་གསུམ་པ་བརྗོད་པར་བྱ་སྟེ། ས་མོ་ཞེས་པ་ནི་གཏུན་ཤིང་སྟེ་ཆ་ལྔའོ།། ཆུ་མ་ཞེས་པ་ནི་དུ་བྱེད་མ་སྟེ་ཆ་གཉིས་སོ།། མ་མྱོ་ཞེས་བྱ ་ནིམེ་ལྡན་སྟེ་ཆ་གཅིག་གོ།། རླུང་མོ་ནི་ངོ་ཅན་མ་སྟེ་ཆ་གསུམ་མོ།། མཁའ་སྤྱོད་མ་ནཱི་ཨཱརྐསྟེ་ཆ་བཞིའོ།། ཞེས་པ་ནི་གོ་སུམ་པ་ལྔའོ།། དེ་ནས་བཞི་པ་དགོད་པ་བརྗོད་པདྨེ་བྱ་སྟེ། མ་ཞེས་པ་ནཱི་པུདྡྷེ་ཛྭཱ་རཾ་སྟེ་ཆ་གཅིག་གོ།། སྲིང་མོ ་ཞེས་པ་ནི་ལྷ་དང་བཅས་པ་སྟེ་ཆེ་གསུམ་མོ།། བུ་མོ་ནི་སྙིམ་པ་བྱས་པ་སྟེ་ཆ་བཞིའོ།། ཚ་མོ་ནི་ཨ་ཛ་ཀརྞྞ་སྟེ་ཆ་ལྔའོ།། རང་སྐྱེས་མ་ནི་རྨོངས་མ་འདབ་ཚན་མ་སྟེ་ཆ་གི་ཉོས་སོ།། ཞེས་པ་ནི་བཞི་པ་ལྔའོ།། དེ་ནས་སྔ་པ་དགོད་པ ་བརྗོད་པར་བྱ་སྟེ། བྲམ་ཟེ་མོ་ཞེས་པ་ནི་བྲྀ་ཧ་སྟེ་ཆ་བཞིའོ།། རྒྱལ་རིགས་མཱ་ཞེས་པ་ནི་བྷྲི་ག་རཱ་ཛཱ་སྟེ་ཆ་རྫི་ཝཱའོ།། རྗེ་རིགས་མོ་ནི་ཤིང་མངར་ཏེ་ཆུ་གཉིས་སོ།། དམངས་རིགས་དམངས་མོ་ཀཎྛ་ཀཱ་རི་སྟེ་ཆ་གཅིག་གོ། གདོལ ་མོ་ནི་མ་བྱིའི་གཙུག་པུད་དེ་ཆ་གསུམ་མོ་ཞེས་པ་ལྔ་པ་དགོད་པའོ།། དེ་བཞིན་དུ་གྲངས་ཇི་ལྟ་བས་སོ་བ་ལ་སོགས་པ་འབྲུའི་ཚོགས་རྣམས་ཏེ། སོ་བ་དང་། སོ་བ་ཆེན་པོ་དང་། མོན་སྲན་དང་། ཙ་ནཱི་ཀ་དཀར་པོ་དང་། ཏིལ་ནག་པོ ་ནི་དང་པོ་ལྔའོ།། གཉིས་པ་ནི། གོ་དྲ་བཱ་དང་། མུད་གཱ་དང་། སྲན་མ་དང་། ཏིལ་དཀར་པོ་དང་། གྲོའོ།། གསུམ་པ་ནི། ཨོཾ་ཥཱཾ་དང་། ཏྲི་པུ་ཊཱ་དང་། ཡུངས་ནག་དང་། ནས་དང་། མོན་སྲན་ནོ།། བཞི་པ་ནི། སྲན་ཆུང་དང་། ཡུངས ་ཀར་དང་ད་ཀ་དགུ་དང་། ཏུ་བ་རི་ཀྵཱ་དང་། བར་པ་ཊི་ཀཱའོ།། ལྔ་པ་ནཱི། ཨ་ཏ་ཤཱི་དང་། བ་ར་ཊཱི་དང་། བ་ར་ཎཱ་དང་། ཀུ་ལན་ཐ་དང་། ཙ་ན་ཀ་ནག་པོ་སྟེ། ལེ་ཚེ་སྦྱར་བའི་ཆས་འབྲུ་ལྔའི་ཇི་ལྟར་རྙེད་པ་གཟུང་བར་བྱའོ།། འདི ་ཚ་རྣམས་ནཱི་རི་ལུའི་གྲངས་སོ།། དེས་ན་རིན་པོ་ཆེ་རྣམས་ནི། བྲམ་ཟེ་དང་རྒྱལ་པོ་དང་རྗེ་རིགས་དང་དམངས་རིགས་ལས་སྐྱེས་པའི་རྡོ་རྗེ་རྣམས་དང་། དེ་བཞིན་དུ་ཨཱིནྡྲནྟི་ལ་དང་། པདྨ་རཱ་ག་དང་། ཟླ་བ་ཆུ་ཤེལ་དང་། ཀར་ཀོ་ཏ་ཀ་དང ་མ་ར་ཀ་ཏ་ནི་གཙོ་བོའོ།། དེ་བཞིན་དུ་ལྕགས་རྣམས་ནི། གསེར་དང་། དངུལ་དང་། ཟངས་དང་། ལྕགས་རྣོན་པོ་དང་། ཁབ་ལེན་ནོ།། དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་ནི།། མུ་ཏིག་དང་། བྱུ་རུ་དང་། མུཾ་མེན་དང་། ཤཱུ་ལ་མ་ཎི་དང ་ཐིག་ལེ་དྲུག་པའོ།། དེ་བཞིན་དུ་ཐ་མོ་རྣམས་ནི། ཤལ་དང་། ཛཱི་བ་ཛཱ་ཏི་དང་། ཌོཾ་ཧ་རི་དང་། མཆིང་བུ་དང་། ནོར་བུ་ལྗང་གུ་རྣམས་སོ།། འདི་དག་ཇི་ལྟར་འབྱོར་པ་གཟུང་བར་བྱའོ།། ཅི་སྟེ་བཀའི་འཁོར་ལོས་བཾསྒྱུར་བའི ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང་ཀླུ་རྣམས་ཀྱི་རིན་པོ་ཆེ་ཁ་དོག་ལྔར་འགྱུར་རོ།། དེ་མེད་ན་ཁ་ལྔ་ནི་དྲི་བཟང་པོའི་མེ་ཏོག་རྣམས་སོ།། ཞེས་པ་ངེས་པ་སྟེ་དབུལ་པོ་རྣམས་ཀྱིའོ།། དེ་བཞིན་དུ་སའི་རང་བ་བཞིན་རིན ་ཆེན་བཅས་ཤེས་སོ།། འདིར་རིན་པོ་ཆེ་ལྗང་གུ་ནི་རྣམ་པར་རྒྱལ་བ་དུང་ལའོ།། རིན་པོ་ཆེ་སྔོན་པོ་ནི་ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ།། ནག་པོ་ནི་ཤར་དང་མེའི་བུམ་པ་ལའོ།། དམར་པོ་ནི་ལྷོ་དང ་བདེན་བྲལ་གྱི་བུམ་པ་ལའོ།། དཀར་པོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ།། སེར་པོ་ནི་ནུབ་དང་རླུང་གི་བུམ་པ་ལའོ།། དེ་བཞིན་དུ་ཁབ་ལེན་དང་། ལྕགས་རྣོན་པོ་དང་། ཟངས་དང་། དངུལ་དང་། གསེར་རོ།། དེ་བཞིན་དུ་སྨན་རྣམས་ཏེ ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ།། ཆ་གཉིས་པ་ནི་ཤར་དང་མིར་རོ།། ཚེ་གསུམ་པ་ནི་གཤིན་རྗེ་དང་ལྷ་མིན་དུའོ།། ཆ་བཞི་པ་ནི་བྱང་དང་འཕྲོག་བྱེད་དུའོ།། ཆ་ལྔ་པ་ནི་ནུབ་དང་རླུང་དུའོ།། དེ་བཞིན་དུ་རི་ལུའི ་དབྱེ་བས་འབྲུ་རྣམས་དང་། དེ་བཞིན་དུ་སྔར་གསུངས་པའི་ལེ་ཆེ་སྦྱར་བའི་སྨན་ལྔ་སྟེ། དེ་ལྟར་ལྕགས་དང་། རིན་པོ་ཆེ་ནང་། ནགས་ཀྱི་སྨན་དང་། འབྲུ་དང་། དྲིའི་རྫས་རྣམས་བུམ་པ་རྣམས་སུ་བླུགས་ནས་སླར་ཡང་ཉི་ཤུ་རྩ་ལྔ་པོ ་དེ་དོག་ཐུམ་པོར་བཅིངས་ཏེ་རྣམ་པར་རྒྱལ་བའི་དུང་ཆུ་ཡིས་གང་བར་གཞུག་པར་བྱའོ།། དེ་ཡིས་སྐྱེ་བའི་གནས་ལྔ་དབང་བསྐུར་བར་བྱ་སྟེ། གཙུག་ཏོར་དང་། ཕྲག་པ་དང་། དཔུང་པའི་ཚིགས་གཡས་པ་དང་གཡོན་པ་དང་། དེ་བཞིན ་དུ་དཔྱི་དང་བརླའི་མཚམས་ངག་ལའོ།། དེ་ནས་རིགས་ཀྱི་ལྷ་རྣམ་པར་སྦྱང་བའི་དོན་དུ་མེ་ཏོག་གཏོར་བའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་གོ་ཏ་ཀུ་ལ་བིཾ་ཤུ་དྷ་ནཱི་སྭཱ་ཧཱ།། སྔགས་འདི་ཡིས་སློབ་དཔོན་གྱིས་སློབ་མ་མེ་ཏོག་འཐོར་དུ་གཞུག ་པར་བྱའོ།། སྔགས་འདི་ཡིས་མིག་དབྱེ་བར་བྱ་སྟེ། ཨོཾ་དི་བྱ་ན་ཡ་ནོ་མུང་གྷ་ཊཱ་ཡཱ་མི་སྭཱ་ཧཱ།། དེ་ནས་རིགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་པའི་དཀྱིལ་འཁོར་མཐའ་དག་བསྟན་པར་བྱའོ།། དེ་ནས་ཤར་གྱི་སྒོར ་རིགས་དག་པར་བྱས་ནས་སློབ་དཔོན་གྱི་སློབ་མ་ལག་པ་གཡོན་པ་ནས་བསྐྱོད་པ་དེ་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་བསྐོར་བ་བྱས་ནས་བྱུང་གི་སྦྱོར་ཁྲིད་དེ་དེར་ལུས་རྣམ་པར་དག་པའི་དོན་དུ་སྒྲོམ་མ ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ་རྣམ་པར་རྒྱལ་བའི་དྲུང་དུ་བླུགས་ནས་སླར་ཡང་སྐྱེ་བའི་གནས་སྔར་སྔགས་འདི་ཡོས་ཆུའི་དབང་གིས་དབང་བསྐུར་བར་བྱའོ།། ཨོཾ་ཨཱཾ་ཨཱི་རཱི ་ཨཱུ་ལཱ~ཾ་པཉྩ་དྷཱ་ཏུ་བི་ཤོ་དྷཱ་ནི་སྭཱ་ཧཱ། དེ་ནས་ཅོད་པན་གྱི་དབང་ལ་སྐྱེ་བའི་གནས་སྔར་སྔགས་འདི་ཡིས་དབང་བསྐུར་བར་བྱའོ།། ཨོཾ་ཨ་ཨི་རི་ཨུ་ལི་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུད་དྷ་སྭཱ་ཧཱ། དེ་ནས་རིན་པོ་དང་གསེར་གྱི་ཅོད་པན་ནམར ་གོས་ཀྱི་ཅོང་པན་བཅིང་བར་བྱའོ།། དེ་ལྟར་དབང་གཉིས་ཀྱིས་ཁམས་དང་ཕུང་པོ་ཡོངས་སུ་དག་པས་སྐུ་རྣམ་པར་དག་པར་འགྱུར་རོ།། སྐུའི་ཞལ་གྱི་ས་ལ་སྐུ་དག་པར་བྱས་ཏེ་དེ་ནས་གཡས་བསྐོར་གྱིས་སླར་ཡང་ལྷོའི་སྒོར་སློབ་མ ་ཁྲིད་ནས་གསུང་རྣམ་པར་དག་པའི་དོན་དུ་དར་དཔྱངས་ཀྱི་དབང་ལ་སྐྱེ་བའི་གནས་སྔར་སྔགས་འདིས་དབང་བསྐུར་བར་བྱའོ།། ཨོཾ་ཨ་ཨཱཾ། ཨཾ་ཨ། ཧ་ཧཱ་ཧཾ་ཧ། ཧོ་ཕྲེཾ་ད་ཤ་པ་རཱ་མི་ཏཱ་པ་རི་པཱུ་ར་ཎི་སྭཱ་ཧཱུཾ། དེ་ནས་རིན་པོ་ཆེའི་དུ ་དབྱངས་དང་གསེར་གྱི་དར་དབྱངས་སམ་མེ་རྙེད་ན་མོ་ཏོག་གི་ཕྲེང་བ་དཔྲལ་བར་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་དྲིལ་བུའིརི་དབང་ལ་སྐྱེ་བའི་གནས་སྔར་སྔགས་འདིས་དབང་བསྐུར་བར་བྱའོ།། མ་ཙྪི་ཙི་སཱུརྦྦ་ཙྪ་ཐི་ཤོ་དྷ་ཀ་སཱུ་ཧཱ།། དེ་ནས་རྗེ ་རྫོང་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ནས་རླུང་གི་ཆུས་དབང་བསྐུར་བར་བྱའོ།། དེ་ནས་དབང་བསྐུར་གཉིས་ཀྱིས་གསུང་གི་རྡོ་རྗེ་སྦྱངས་ཏེ་རྡོ་རྗེའི་མཐ་ཟས་བྱིན་ནས། གཡས་སྐོར་གྱིས་སླར་ཡང་བསྐོར་བ་བྱས་ཏེ། ཤར་གྱི་སྒོར་ཐུགས་རྡོ ་སྦྱང་བའི་དོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདི་ཡིས་དབང་བསྐུར་བར་བྱའོ།། ཨོཾ་ཨ་ཨཱ་ཨེ་ཨེ་ཨར་ཨཱར་ཨོ་ཨོ་ཨལ་ཨཱ་ལ་བི་ཥ་ཡེན་དྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་རྣ་བ་ལ་སོགས་པ་ལ་མེ ་ཏོག་བཀོད་ནས། སླར་ཡང་མིང་གི་དབང་ལ་སྐྱོ་བའི་གནས་ལྔར་སྔགས་འདིས་དབང་བསྐུར་བར་བའོ།། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲཧྨ་བི་ཧཱ་ར་བི་ཤདྡྷ་སྭཱ་ཧཱ། དེ་ནས་གདུ་བུ་དང་རྐང་གདུབ་ལ་སོགས་པ་མེད་ན་ལག ་པ་དང་རྐང་པ་ལ་མེ་ཏོག་གི་ཕྲེང་བ་བཅིང་སྟེ། དེ་ནས་དབང་བསྐུར་བྱས་ནས་ཁྱོད་ནི་ཆེ་གེ་མོ་རྡོ་རྗེ་ཞེས་བྱས་ནས་ལུང་བསྟན་པར་བྱའོ།། དེ་ནས་དབང་བསྐུར་གཉིས་ཀྱིས་ཐུགས་རྡོ་རྗེ་སྦྱངས་ནས་ཡེ་ཤེས་རྣམ་པར་དག་པའི་དོན ་དུ་སླར་ཡང་གཡས་སྐོར་གྱིས་སློབ་མ་ནུབ་ཀྱི་སྒོར་ཁྲིད་དེ། སྐྱེ་བོའི་གནས་སྔར་རྗེས་སུ་གནང་བའི་དབོང་ལ་སྔགས་འདིས་དབང་པོསྐུར་བར་བྱའོ།། ཨོཾ་ཧྲཱིཾཀྵཱ་དྷཱ་དྷརྨ་ཙཀྲ་བྱཱ་བ་ར་ཏ་ཀཱ་སྟྭ~ཾ་ཧཱུཾ། དབང་བསྐུར་བྱིན་ནས་སྐུ་དང་གཱས ་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་དབང་བདུན་གྱིས་རྣམ་པར་སྦྱངས་ཏེ། དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བྱིན་ནིས་ཆེ་གཽ་མོ་རྡོ་རྗེ། དེ་དག་གི་སློབ་དཔོན་ཏེ། རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང ་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། འདི་ལྟ་སྟེ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་ཞེས་པ་ལ་སོགས་པ་ནས། དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ་ཞེས་པའི་མཐར་ཐུག་པ་ཕྱེད ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་པོ་འདི་ཡིས་སོ།། དཀྱིལ་འཁོར་ལ་དབང་བདུན་གྱི་ཆོ་ག་བྱ་སྟེ། དེ་ནས་སློབ་མ་ལ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། རྡོ་རྗེ་སློབ་དཔོན་གྱིས་རྒན་པ་དང་གཞོན ་པའི་དོན་དུ་ལོ་ལ་སོགས་པ་རབ་ཏུ་བསྒྲག་པར་བྱ་སྟེ། འདིར་ལོ་ཆེ་གེ་མོ་དང་། རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང་། ཟླ་བ་ཆེ་གེ་མོ་དང་། ཉ་ཆེ་གེ་མོ་དང་། གཟའ་ཆེ་གེ་མོ་དོང་། ཚེས་ཆེ་གེ་མོ་དང་། སྐར་མ་ཆེ་གེ་མོ ་དང་སྦྱོར་བ་ཆེ་གེ་མོ་དང་། བྱེད་པ་ཆེ་གེ་མོ་ལྀ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གིས་སློབ་མ་ཆེ་གེ་མོ་མཆོག་གི་དང་པོའི་སངས་རྒྱས་སམ། དཀྱིལ་འཁོར་གཞན་དུ་དབང་བདུན་གྱིས་དབང་བསྐུར་ཏེ། འོག་མིན་གྱི་སྲིད ་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཅིང་རྗེས་སུ་གནང་ངོ་ཞེས་པ་སྟེ། ་དབང་བདུན་གྱི་ངེས་པའོ།། འདིར་རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ། རྣམ་པར་སྣང་མཛད་ཀྱིས་ཆུའི་དབང་དང་རིན་ཆེན་འབྱུང་ལྡན་གྱིས་ཅོད་པན ་ནོ་ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་མེ་ཏོག་དོར་བས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེ་ཡིས་ཅོད་པན་དང་དེའི་རིགས་ཀྱི་ཕྱག་རྒྱ་ཡིས་དེ་ཡི་དངོས་གྲུབ་བོ་ཞེས་པ་ནི ་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེས་ནི་མཚན་ཡང་དག་པར་བརྗོད་པ་ལས་སངས་རྒྱས་ལྔ་བདག་ཅོད་པན་ཅན་ཞེས་གསུངས་པའི་ཕྱིར་གང་དུ་མེ་ཏོག་ལྷུང་བའི་དེ་བཞིན་གཤེགས་པ་དེ་ཅིང་པན་དུ་འགྱུར་གྱི། ཐམས་ཅད་དུ་རིན ་ཆེན་འབྱུང་ལྡན་ནི་མ་ཡིན་ནོ།། དེ་བཞིན་དུ་བསྡུས་པའི་རྒྱུད་ལས་ཆུ་ལ་སོགས་པའི་དག་པ་མེང་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ།། དེ་ནི་ངེས་པར་རྡོ་རྗེ་ཞེས་པ་ལ་སོགས་པས་རྣམ་པར་དག་པོའི་ཆོས་བསྟན་པ་གསུངས་ཏེ། ་འདིར་སྲེག་གཅོད་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པ་གཉིས་ཏེ། དྲང་བའི་དོན་དང་ངེས་པའི་དོན་གྱིས་ཕྱི་རོལ་དང་ནང་གི་བདག་ཉིད་དོ།། དེ་ལ་ཕྱི་རོལ་དུ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་བྱས་པ་གང་ཡིན་པ་དེ་ནི ་མཚམས་མེད་པ་ལྔ་བྱེད་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་རྣམས་དང་། དམ་ཚིག་འདུལ་བ་རྣམས་སོ་ཞེས་པ་ངེས་པོ་སྟེ། མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ།། འདིར་འགའ ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པ་པོ་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་དེ་བཞིན་ནོ།། དེའི་ཕྱིར་དེ་ལ་གནོད་པ་བྱས་ན་དམལ་བར་འགྱུར་ཏེ། སྔགས་པས་དགེ ་བ་དང་མི་དགེ་བའི་ལས་ཡོངས་སུ་མ་ཤེས་པའི་ཕྱིར་རོ།། དེས་ན་ཇི་སྐྱིད་མངོན་པར་ཤེས་པ་ལྔ་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་མ་བཏོགས་པ་དྲག་པོའི་ལས་མི ་བྱའོ།། དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟན་པ་དང་། རིགས་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བ་དང་། རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང ་གཞན་ལ་ཕན་པའི་ཕྱིར་ཏེ་རང་གི་དོན་དུ་ནི་མོ་ཡིན་ནོ་ཞེས་པ་ངེས་པའོ།། ད་ནི་གང་གི་ཚེ་འཆི་བའི་མཐའི་བར་དུ་མཚམས་མེང་པ་ལྔ་བྱེད་པ་དེའི་ཚེ་ཁྲོ་བོའི་རིགས་ལས་ལྔར་བསྒྲུབས་པའི་སྔགས་དང་མི་བསྐྱོད་པའི་ཏིང་ངེ་འཛིན ་འདི་ཡིས་བསད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སོ་ཞེས་པ་ནི་དྲང་བའི་དོན་ཏོ།། དེ་བཞིན་དུ་ལམ་མ་ཡིན་པར་ལྷུང་བ་རྣམས་མངོན་པར་གདོན་པའི་སླད་དུ་བརྫུན་གྱི་ཚིག་སྨྲ་བར་བྱ་སྟེ། རང་གི་དོན་དུ་ནི་མི་ཡིན་ནོ།། དེ་བཞིན་དུ ་མ་བྱིན་པར་ལེན་པ་ནི་ཡི་དྭགས་ཀྱི་འགྲོ་བར་འགྲོ་བ་ཟློག་པའི་དོན་དུ་སྟེ་རང་གི་དོན་དུ་མ་ཡིན་ནོ།། དེ་བཞིན་དུ་གཞན་གྱི་བུད་མེང་འཕྲོག་པ་ནི་དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་བཟློག་པའི་དོན་དུ་སྟེ་རང་གི་དོན་དུ་ནི་མ་ཡིན་ནོ།། རིགས ་སུ་འཛིན་པ་རྣམ་པར་གཞིག་པའི་དོན་དུ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་རྣམས་བསྟེན་པར་བྱའོ།། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གདོལ་པ་མོ་ལ་སོགས་པའི་བུད་མེང་རྣམས་ལ་སྨད་པར་མི་བྱའོ།། ་བསོད་ནམས་ཀྱི་སླད་དུ་སྦྱིན་པ་ཆེན་པོ་སྦྱིན་པར་བྱའོ།། དེ་ལྟར་རལ་གྲིའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། གྲི་གུག་གི་རིགས་ལ་སྔགས་རྣམས་བསྒྲུབས་ནས་ནུས་པ་དང་ལྡན་པར་གྱུར་པ་ན་རྣལ་འབྱོར ་པས་ཐམས་ཅད་བྱ་སྟེ། ཇི་ལྟར་འཇིག་རྟེན་པའི་གཞང་གང་དུ་མི་འགྱུར་བའོ་ཞེས་པ་ནི་དྲང་བའི་དོན་ཏོ།། ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ་འདིར་རང་གི་ལུས་ལ་སྲོག་བཀ་ག་པ་ནི་སྲོག་གཅོད་པ་སྟེ་རྡོ་རྗེའི་རིགས་དག་ལོ ་ནི་ཞེས་པ་ནི་གཙུག་ཏོར་དུ་དགག་པར་བྱའོ།། སྲོག་གཅོད་པ་ངེས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་འགྱུར་རོ།། ཞེས་པའོ།། རལ་གྲི་ལ་ཡང་བདྲེན་པ་མིན་པའི་ཚིག་འདིར་བདེན་པ་མིན་པ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའི་ཚིག་སྟེ། ་དྲང་བའི་དོན་དང་ངེས་པའི་དོན་གྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ཚིག་ཏུ་ཅིག་ཅར་སེམས་ཅན་རྣམས་ལ་ཆོས་སྟོན་པ་པོའོ།། དེ་ཉིད་སྙིང་གར་གཞོམ་དུ་མེད་པའི་སྒྲའོ་ཞེས་པ་ནི་ངེས་པའོ།། རིན་ཚན་ལ་ནི་གཞན་ནོར ་དབྲོག་བྱ་ཞེས་པ་ལ། འདིར་གཞན་ནི་རྡོ་རྗེ་སེམས་དཔའོ།། དེའི་ནོར་ནི་རིན་པོ་ཆེ་སྟེ་ཡིད་བཞིན་གྱི་ནོར་བུའོ།། དེ་འཕྲོག་པ་ནི་རིན་ཆེན་རིགས་ལ་སྟེ་མགྲིན་པརྱཱ་ས་བརྒྱད་པའི་གནས་སུའོ་ཞེས་པ་ངེས་པའོ།། མཆོག་གི ་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག་ཅེས་པ་ལ་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ། དེ་འཕྲོག་པ་ནི་གཞན་གྱི་བུད་མེད་འཕྲོག་པའོ།། དབྲོག་པ་དེ་ནི་མཆོག་གི་པདྨའི་རིགས་ལ་སྟེ་དཔྲལ་བར་ས་བཅུ་པའི ་གནས་སུ་སྟེང་དུ་ཁུ་བའོ་ཞེས་པའོ།། ཆང་དང་སྒྲོལ་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ་ཞེས་པ་ལ་འདིར་འཆང་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། སྒྲོན་མ་ནི་གོ ་ལ་སོགས་པ་སྟེ་ནང་ང་ནི་དབང་པོ་ལྔའོ།། སངས་རྒྱས་རྣམས་ནི་བདུད་རྩི་ལྔའོ།། འཁོར་ལོ་ལ་ནི་ལྟེ་བའི་པདྨར་བསྟེན་པར་བྱ་པ་ནི་བཟའ་བར་བྱའོ།། ཕྱི་རོལ་ཏུ་བཤང་བ་དང་ལྕི་བ་དང་ཁུ་བ་མི་འཇིག་པར་བྱའོ་ཞེས་པ་ནི་ངེས་པའི ་དོན་ཏོ།། གདོལ་པ་མོ་ལ་སོགས་པའི་བུད་མེད་རྣམས་ནི་གྲི་གུག་ལ་སྟེ་གསང་བའི་པདྨར་སྤྱད་པར་མི་བྱའོ།། མཁའི་པདྨོ་སྟེ་སྐྱེ་གནས་སུ་བསྲུབས་པ་ལས་ཚངས་པར་སྤྱོད་པས་སོ།། ཕྱི་རོལ་ཏུ་ཁུ་བ་མི་འཕོ་བས་ངེས ་པའོ།། སེམས་ཅན་དོན་གྱི་སླད་དུ་སྦྱིན་པར་བྱ་སྟེ་ནོར་དང་བཅས་པ་བུ་དང་ཆུང་མ་ལི་སོགས་པ་དང་ལྷན་ཅིག་ཏུ་རང་གི་ལུས་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རབ་ཏུ་སྦྱིན་པར་བྱའོ།། དེ་བཞིན་དུ་ཚུལ་ཁྲིམས་ཀྱི ་དོན་དུ་བུད་མེད་རྣམས་མཁའི་པདྨར་སྨད་པར་མི་བྱའོ།། དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་ངག་ལས་ཡེ་ཤེས་ཀྱི་ཚོགས་སོ།། དེ་ལྟར་ཚོགས་གསུམ་གྱིས་ཀྱེ་རིགས་ཀྱི་བུ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས ་ཉིད་དུ་འགྱུར་རོ།། གཞན་དུ་མཐའ་ཡས་བསྐལ་པས་མིན་པར་གང་རྒྱལ་བས་གསུངས་པའོ་ཞེས་པ་སྟེ། རྒྱུད་ཐམས་ཅད་ལས་རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པའོ།། ད་ནི་ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཞེས་པ་ལ ་སོགས་པས་དབང་གི་རྣམ་པར་དག་པ་གསུངས་ཏེ། འདིར་ཆུའི་དབང་གང་ཡིན་པ་དེ་ནི་རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་ཅིང་སྒྲིབ་པ་མེད་པ་ཉིད་དོ།། དེ་བཞིན་དུ་ཅོད་པན་གྱི་དབང་གི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ ་རྣམ་པར་དག་པའོ།། དཔའ་བོའི་དར་དབྱངས་ཀྱི་དབང་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་དོན་དུ་སྦྱིན་པ་ལ་སོགས་པའི་ནུས་མ་བཅུའོ།། རྡོ་རྗེ་དང་དྲིལ་བུའི་དབང་ནི་ལ་ལ་ནཱ་དང་ར་སྨཱ་ནཱ་རྣམ་པར་དག་པ་སྟེ་ཟླ་བ་དང་ཉི་མ ་སྒྲིབ་པ་མེད་པ་ཉིད་དོ།། བརྟུལ་ཞུགས་ཀྱི་དབང་ནི་གཟུགས་ལ་སོགས་པའི་ཡུལ་དང་། མིག་ལ་སོགས་པའི་དབང་པོ་རྣམ་པར་དགེ་པ་སྟེ། ལྷའི་མིག་ལ་སོགས་པ་ལ་འཇུག་པའོ།། མིང་གི་དབང་ནི་བྱམས་པ་ལ་སོགས ་པའི་སྦྱོར་བ་ཚངས་པའི་གནས་བཞིས་གནས་པ་ལ་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྟེ། སྒྲིབ་པ་མེད་པ་ཉིད་དོ།། རྗེས་གནང་གི་དབང་ནི་རྫོགས་པའི་བྱང་ཆུབ་དཔལ་མོ་ཆོས་ཀྱི་འཁོར ་ལོ་བསྐོར་ཞིང་ཆོས་བསྟོན་པའོ།། དེ་ཡང་སྲིད་པའི་འཇིགས་འཇོམས་ཏེ། གཞན་ལ་ཕན་པ་བྱེད་པའི་ཕྱིར་རོ།། དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་ནི་མི་འཕོ་བའི་བདེ་བ་རྗེས་སུ་རིག་པ་སྟོང་པ་ཉིད་སྟོན་པའོ་ཞེས་པ་ངེས ་པའོ།། དེ་ལྟར་སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ་སྟེ། སློབ་དཔོན་གྱིས་སློབ་མ་རྣམས་ལའོ།། ཞེས་པ་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དབང་བསྐུར་བདུན་སྦྱིན ་བ་ལ་དེ་བཞིན་གཤེགས་པའི་ངེས་པའོ།། ང་ནི་དབ་ཞེས་པ་ལ་སོགས་པས་དབང་བསྐུར་བའི་འབྲས་བུ་གསུངས་ཏེ། འདིར་དབང་བདུན་དག་གིས་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བར ་གྱུར་པ་ན་དགེ་བའི་དབང་གིས་སུ་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར་རོ།། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱུང་ན་དེའི་ཚེ་ལུས་འདི་ཉིད་ཀྱིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ།། ཅི་སྟེ་མི་དགེ་བ ་བཅུ་དང་བྲལ་ཏེ་ཤི་བར་གྱུར་ན་དེའི་ཚེ་དེ་ནས་དགེ་བའི་དབང་གིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ།། ཞེས་པ་ངེས་པ་སྟེ་བསོད་ནམས་ཀྱི་ཚོགས་ཀྱིས་སོ།། བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར ་མི་སྡིག་པ་སོགས་སུ་ངེས་པར་རབ་ཏུ་འཇུག་ཅེས་པ་ནི་འདིར་བུམ་པ་དང་གསང་བ་དག་གིས་མངོན་པར་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱིས་དབང་གིས་ཕྱིར་མི་ལྡོག་པ་མོ་གཡོ་བར་འགྱུར་ཏེ། སོགས་པའི་སྒྲས་ལེགས་པོའི ་བློ་གྲོས་སུ་འགྱུར་རོ།། མི་གཡོ་བ་ནི་སྐྱེ་གནས་སུ་བསྲུབས་པ་ལ་བྱང་ཆུབ་ཀྱི་སེམས་མི་གཡོ་བ་སྟེ། ལེགས་པའི་བློ་གྲོས་ཤེས་པ་ནི་བདེ་བ་ཆེན་པོའི་སེམས་སོ།། འདིར་ཤེས་རབ་ཡེ་ཤེས་དག་གིས་མངོན་པར ་དབང་བསྐུར་ན། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར་ཞེས་པ་ནི་ཆོས་ཀྱི་སྤྲིན་དུ་འགྱུར་བ་སྟེ། ཆོས་ཀྱི་སྤྲིན་ནི་བདེ་བ་ཆེན་པོའི་ཆར་གྱིས་རང་དང ་གཞན་གྱི་དོན་བྱེད་པའོ་ཞེས་པ་སྟེ་ངེས་པའོ།། དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་མངོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ།། དེ་ལས་ས་བཅུ་གཉིས་པ་ལ་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དོ་ཞེས་པ་ནི་དེ ་བཞིན་གཤེགས་པའི་ངེས་པའོ།། ཅི་སྟེ་གཡོ་སྒྱུའི་དབང་གིས་ཤེས་པ་མི་དགེ་བཅུ་ལ་ཞུགས་པའི་དབང་གིས་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་ནི། དེའི་དབང་ལ་སོགས་པ་འདི་དག་མཐའ་དག་དམྱལ་བར་སྡུག ་བསྔལ་དུ་འགྱུར་ཏེ། ཕྱིན་ཅི་ལོག་གི་དབང་གིས་སོ་ཞེས་པ་ནི་ངེས་པའོ།། ང་ནི་རྩ་བའི་ལྟུང་བ་ཞེས་པ་ལ་སོགས་པས་རྩ་བའི་ལྟུང་བ་རྣམ་པར་དག་པ་གསུངས་ཏེ། འདིར་གང་གི་ཚེ་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ ་བྱུང་བར་གྱུར་ན། དེའི་ཚོང་དབང་བདུན་ལ་གནས་པ་དག་གིས་སྔགས་བཟླས་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་དག་པར་འགྱུར་ཏེ། ཡོན་ཏན་ལྡན་པ་ཞེས་པ་ཕྱིས་མི་ཕྱེད་པའི་སྡོམ་པ་ལ་གནས་པའོ།། བུམ་པ་གསང་བའི ་དབང་བསྐུར་བ་ལ་གནས་པ་ལ། གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན། དེའི་ཚེ་གལ་ཏེ་ནི་བརྟུལ་ཞུགས་ངེས་པའི་དབང་གིས་ཤེས་པ་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དབང་གིས་རྣམ་པར་དག་པར ་འགྱུར་ཏེ། དེ་ཉིད་ལ་སློབ་དཔོན་གྱི་བརྟུལ་ཞུགས་ཀྱི་ངེས་པས་འཆད་པ་སྦྱིན་པར་བྱའོ།། གོང་མ་ལ་ནི་དག་པ་མེད་ཅེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་གང་གི་ཚེ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དག་པ ་མེད་དོ།། དོན་ཅི་ཞེས་ན། དེ་ལ་སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་བྱ་སྟེ། རང་གི་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་བདག་ཉིད་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་བརླབས་དང་བཅས་པ་གནས་སུ་གྱུར་ཏེ་བདག་ཉིད་དག་པས་འཐོབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱིས་ཞེས་པའོ།། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སློད་དུ་སླར་ཡང ་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ་ཞེས་པོ་ནི། འདིར་གང་གི་ཚེ་དབང་བདུན་ལ་གནས་པ་འམ། བུམ་པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས ་སླར་མི་བྱེད་པའི་དོན་དུ་སླར་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སྩོགས་པ་བྱའོ།། དེ་ནས་རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཞེས་པ་རིགས་ཀྱི་དབུས་སུ་སྔར་ཐུ་བོའི་མིང་གང་ཡིན་པ་དེ་ནི་ཆུང་བ ་ཉིད་དུ་འགྱུར་ཏེ་གཞོམ་པ་ཉིད་དུ་འགྱུར་རོ།། ཞེས་པ་སླར་ཡང་མི་བྱེད་པའི་སྡོམ་པའི་སླད་དུ་དེ་བཞིན་གཤེགས་པའི་ངེས་པ་སྟེ། སློབ་མ་རྣམས་ཀྱིས་གདོན་མི་ཟ་བར་བྱའོ།། ང་ནི་དཔལ་ལྡན་ཞེས་པ་ལ་སོགས་པས ་རྩ་བའི་ལྟུང་བ་རྣམས་གསུངས་ཏེ། འདིར་རྒྱུད་ཐམས་ཅད་ལས་རྩ་བའི་ལྟུང་བ་བཅུ་བཞིའོ།། དེ་རྣམས་ལས་ཇི་ལྟར་སོ་སོར་འགྱུར་བ་དེ་བཞིན་དུ་གསུངས་པ། བུ་རྣམས་དེ་དབང་བསྐུར་བའི་སློབ་མ་རྣམས་ཀྱིས་རྩ་བའི ་ལྟུང་བ་རི་བོང་འཛིན་པ་ཞེས་པ་དང་པོར་འགྱུར་ཏེ། དཔལ་ལྡན་བླ་མའི་ཐུགས་བཀྲུགས་པ་ལས་ཤེས་པ་ལ། འདིར་བླ་མ་རྣམ་པ་གཉིས་ཏེ། བླ་མ་དམ་པ་དང་བླ་མ་དམ་པ་མ་ཡིན་པའོ།། དེ་དག་གི་ཐུགས་བཀྲུགས་པ་ཡང ་རྣམ་པ་གཉིས་ཏེ། གཞན་གྱི་དོན་དང་རང་གི་དོན་ལས་སོ།། དེ་ལ་གཞན་གྱི་དོན་ལས་གང་གི་ཐུགས་འཁྲུགས་པ་དེ་ནི་དཔལ་ལྡན་བླ་མའོ།། རང་གི་དོན་ལས་གང་གི་ཐུགས་འཁྲུགས་པ་དེ་ནི་བླ་མ་དམ་པ་མ་ཡིན་པའོ།། ་འདིར་སློབ་མ་མི་དགེ་བ་བཅུ་ལ་ཞུགས་པས་དཔལ་ལྡན་བླ་མའི་ཐུགས་བཀྲུགས་པར་འགྱུར་ཏེ། ཐུགས་བཀྲུགས་པ་དེ་ལས་རྩེ་བའི་ལྟུང་བར་འགྱུར་རོ།། རང་གི་དོན་ལ་ཞུགས་པའི་བླ་མ་ནི་མི་དགེ་བ་བཅུ་ལ་ཞུགས ་པ་ལས་མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ།། དེའི་བཀའ་ལས་འགོངས་པས་གཞན་རྩ་བའི་ལྟུང་བ་གཉིས་པར་འགྱུར་ཏེ། བླ་མའི་ལྐོག་དུ་གྱུར་པར་མི་དགེ་བ་བཅུ་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་སྤྱན་ལ་ཁྲོས་པས ་གསུམ་པར་འགྱུར་ཏེ། གང་གི་ཚེ་རྡོ་རྗེ་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ།། བྱམས་པ་བཏང་པོས་བཞི་པར་འགྱུར་ཏེ། ཞེས་པ་ལ་འདིར་བྱམས་པ་བཏང་བ་ནི་རྣམ་པ་བཞི་སྟེ། ་ཆུང་ངུ་དང་འབྲིང་པོ་དང་། ཆེན་པོ་དང་ཆེན་པོའི་ཆེན་པོའི་དབྱེ་བས་སོ།། དེ་ལ་ཆུང་ངུ་ནི་སྐད་ཅིག་ཙམ་བྱམོས་པ་བཏང་ཞིང་དེ་ནས་ལྡོག་པར་འགྱུར་བ་སྟེ། ཆུ་ལ་དབྱུག་པའི་རི་མོ་ལྟ་བུའོ།། འབྲིང་པོ་ནི་བྱེ་མའི ་རི་མོ་སླར་ཡང་རླུང་གིས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུའོ།། ཆེན་པོའི་བདག་ཉིད་ནི་ས་གས་པ་སླར་ཡང་དབྱར་གྱི་ཆུ་ཡིས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུ་སྟེ། དེ་དེ་བཞིན་དུ་བྱམས་པ་མེད་པ ་སེམས་སོ།། ཆེན་པོའི་ཆེན་པོའི་བདག་ཉིད་ནི་ཡོངས་སུ་སྨིན་པ་སྟེ། དཔེར་ན་རྡོ་རྗེ་ཐ་དད་པ་སླར་ཡང་འགའ་ཞིག་ཏུ་ཡོངས་སུ་རྫོགས་པར་རོ།། མཉམ་པར་མི་འགྱུར་བ་འམ། དཔེར་ན་འབྲས་བུ་སྨིན་པ་ཤིང་ལ་མི་གནས ་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་བྱམས་པ་ཡོངས་སུ་གཏོང་བ་སྟེ། དེས་རྩ་བའི་ལྟུང་བ་བཞི་པར་འགྱུར་རོ་ཞེས་པ་ནི་ངེས་པའོ།། མངའ་ཞེས་པ་ལྔ་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཞེས་པ ་ལ། འདིར་བྱང་ཆུབ་སེམས་ནི་ཁུ་བ་སྟེ་ཉམས་པ་ལས་འཕོ་བ་མེད་པའི་བདེ་བར་མི་འགྱུར་རོ།། དེའི་ཕྱིར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར ་འགྱུར་རོ།། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱིས་ལེའུའོ།། དེ་ལ་སློང་པ་གང་ཡིན་པ་དེ་ནི་དྲུག་པའོ།། རི་བོ་ཞེས་པ ་བདུན་པར་འགྱུར་ཏེ། མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་གསང་བ་བྱིན་ལས་ཤེས་པ་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ།། ཕུང་པོ་ཉོན་མོངས་པ་ལས་ཀླུ་ཞེས་པ་ནི་བརྒྱད་པསྟེ ་ཕུང་པོ་ཉོན་མོངས་པ་ལ་སོགས་པ་ནི་བསྙུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པར་བརྗོད་དེ། དེ་ལས་བརྒྱུད་པར་འགྱུར་རོ།། སླར་ཡང་དགུ་པ་དག་པའི་ཆོས་ཏེ། སྟོང་པ་ཉིད་ཀྱི་ཆོས་ལ ་མ་དང་པོར་གྱུར་པ་གང་ཡིན་པའོ།། སྒྱུ་ཡི་བྱམས་པ་ནི་ཁ་ནས་ཚིགས་གཞན་འདོན་ཅིང་སྙིང་ལ་གཞན་སེམས་པ་སྟེ། སྒྱུའི་བྱམས་པ་གང་ཡིན་པ་དེ་ནི་ཕྱོགས་ཤེས་པ་བཅུ་པའོ།། མིང་སོགས་བྲལ་བ་བདེ་བ་སྟེར ་ལ་ཞེས་པ་དེ་བཞིན་གཤེགས་པའི་དེ་ཁོ་ནི་ཉིད་ལ་རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཞེས་པ་སྟེ་བཅུ་གཅིག་པའོ།། དགེ་པ་འི་སེམས་ཅན་དག་ལ་སྟེ། རྣལ་འབྱོར་པ་ལ་སྐྱོན་བརྗོད་པ་ལས་ཉི་མ་ཞེས་པ་བཅུ་གཉིས ་པར་འགྱུར་རོ།། ཚོགས་ཀྱི་འཁོར་ལོར་དམ་ཚིག་ཐོབ་པར་གྱུར་པ་གཏོང་བ་ལས་གཞན་ཏེ་བཅུ་གསུམ་པར་འགྱུར་རོ།། བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི་ངེས་པར་ཏེ། གདོན་མི་ཟ་བར་མ་ནུ་ཞེས་པ ་བཅུ་བཞི་པར་འགྱུར་རོ་ཞེས་པ་ངེས་པའོ།། གང་དག་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལ་སྟེ། དབང་བསྐུར་བ་རྣམས་ལའོ་ཞེས་པ་རྡོ་རྗེ་འཛིན་པའི་ངེས་པའོ།། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ། དེ་རྣམས་ལ་ཆད ་པ་ཤིན་ཏུ་ཆུང་བར་འགྱུར་རོ་ཞེས་པ་ནི་ངེས་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་དཀྱིལ་འཁོར་དུ ་དབང་བསྐུར་བའི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། ། རབ་གནས་བྱས་ནས་ལྷུར་བཅུས་ལྷ་མིན་དབང་པོ་དང་། ཀླུ་དང་མི་དབང་ཚོགས་ཀྱིས་གང་ལ་ཕྱག་བྱས་པ།། དུས་ཀྱི ་འཁོར་ལོ་དེ་ལ་སྤྱི་བོས་རབ་བཏུ་ནས།། སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་གནས་བརྗོད་པར་བྱ།། འདིར་དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་རབ་ཏུ་གནས་པའི་ཆོ་ག་འཇམ་དཔལ་གྱིས་ཚིགས་སུ་བཅད ་པ་བཞི་ལྷག་པའི་བརྒྱ་པ་ལ་སོགས་པས་ཕྱུང་བ་ནི་འགྲེལ་བཤད་ཀྱིས་དགྲོལ་བར་བྱ་སྟེ། ཀླུ་དངོ་ཞེས་པ་ལ་སོགས་པ་ནི། འདིར་དང་པོ་འཆད་པར་འགྱུར་བའི་བུམ་པ་ལ་སོགས་པའི་དབང་བསྐུར་བ་རྣམས ་ཀྱིས་མངོན་པར་དབང་བསྐུར་ཏེ། དེ་ནས་རྒྱུད་ཐམས་ཅད་ཤེས་ཤིང་ངམ་བཅའ་བ་ལ་གནས་པའི་སློབ་མ་ནི། རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་བླ་མས་དབང་བསྐུར་བར་བྱའོ།། ཀྱེ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ ་དྲིན་ལས་ང་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ་ཞེས་བླ་མ་ལ་ཞུས་ནས་དམ་བཅའ་བར་བྱ་སྟེ། དུས་འདི་ནས་བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་སྤངས་ནས་བླ་མ་གཞན་བསྟན་པར་མི་བགྱིའོ།། ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་ངམ་བསའ་བ་ལ་གནས་པ་གཟིགས་ཏེ། དེ་ནས་སྔར་བརྗོད་པའི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་རྣམས་ཏེ། ་ངདག་ཀླུ་ཞེས་པ་བརྒྱད་དམ། བཞི་འམ། བུམ་པ་གཅིག་གི་བདག་པོ་རྣམ་པ་གསུམ་ཉིད་སྦྱིན་པར་བྱ་སྟེ། ཀླུ་རྣམས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པ་ལའོ།། བཞི་ཡིས་དགེ་ཚུལ་ལྔའོ།། གཅིག་གི་ཁྱིམ་པ་ལའོ།། ་དེ་བཞིན་དུ་སྔར་གསུངས་པའི་ཆོ་གས་སྨན་ལ་སོགས་པ་དང་ལྡན་པའི་བུམ་པ་རྣམས་ཀྱིས་དབང་བསྐུར་རོ།། འདིས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་མཉམ་པའི་སའི་ཆར་གྲུ་བཞི་པ་ལ་རབ་ལྔའི་རོ་ཁཱ་བྱཱས ་ནས། དབུས་སུ་ཁྲུ་གཉིས་པའི་པདྨ་འདབ་མ་བརྒྱད་པ་མཚན་མ་ལྔ་དང་བྲལ་བ་ཁ་དོག་སྣ་ཚོགས་པའོ།། འདི་ཉིད་ནི་གདན་གྱི་པདྨ་སྟེ་ཤིང་སྟོན་གྱི་སྟེང་དུ་ཚོན་སྣ་ལྔ་ཡིས་བྲི་བིར་བྱའོ།། པདྨ་དེའི་དབུས་ཀྱི་སྟེང ་དུ་དགེ་སློང་བཀོད་ནས། བུམ་པ་བརྒྱད་རྒྱལ་བ་དང་རྣམ་པར་རྒྱལ་བ་དང་བཅས་པ་བཅུ་ཡིས་ཁྲུས་བྱས་ཏེ། བུ་མོ་གཟུགས་མཛེས་ཤིང་རྒྱན་ཐམས་ཅད་དང་ལྡན་པ་བུ་མ་སྐྱེས་པ་བརྒྱད་དང་། གཞོན་ནུ་མ་སྐྱ ་གནས་མ་ཉམས་པ་གཉིས་ཀྱིས་མགོ་བོར་ཅོད་པན་དབྱངས་དང་ཕྱག་རྒྱ་དང་བཅས་པ་བཅིངས་ཏེ་ཁྲུས་བྱའོ།། གདུག་པ་བསྡིག་པར་བྱེད་པའི་མཆོག། གང་གི་ངུར་སྨྲིག་མཐོང་པོ་ཡིས།། ལྷ་མིན་སའི་འོག་ཏུ་འགྲོ ་དགེ་སློང་རྡོ་རྗེ་འཛིན་པ་བྱ། ཞེས་པ་སྟེ། དེ་ལྟར་ན་ཀླུ་དག་གིས་ནི་དཔལ་ལྡན་ཅོད་པན་བཅིངས་ཏེ་ནོར་འདབ་པདྨ་ར་ཞེས་པའོ།། དགེ་ཚུལ་ལ་ཡང་ངར་དབྱངས་བཅིང་བར་བྱ་སྟེ། བུ་མོ་བཞི་དང་གཞོན་ནུ་མ་གཉིས ་ཀྱིས་ངར་དཔྱངས་ཕྱག་རྒྱ་དང་བཅས་པ་བཅིངས་ཏེ། རྡུལ་ཚོན་གྱི་པདྨ་སྤངས་ཤིང་རེ་ཁ་ལྔ་བྱས་པའི་དབུས་སུ་ཤིང་སྟན་བྱིན་ནས་ཁྲུས་བྱའོ།། དེ་ལྟར་སློབ་དཔོན་འབྲིང་པོའོ།། དེ་ནས་ཕྱག་རྒྱ་ལ་ནི་ཞེས་པ ་མཐེ་བོའི་རྡོ་རྗེ་བྱིན་ནས་བུམོ་པ་གཅིག་དང་རྣམ་པར་རྒྱལ་བས་བུ་མོ་གཅིག་དང་གཞོན་ནུ་གཅིག་གིས་ཁྲུས་བྱའོ།། རེ་ཁཱ་ལྔ་སྤངས་ཤིང་སྤྱིའི་བྱུག་པོས་རེ་ཁཱ་གསུམ་བྱས་ནས་ཐུན་མོང་གི་གདན་བྱིན་ལ་ཁྲུས་བྱ་སྟེ ་སློབ་དཔོན་ཐ་མའོ།། དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲུ་བཞི་པ་དང་། ཁྲུ་གཉིས་པ་དང་། ཁྲུ་གཅིག་པོའི་གོང་ན་བྱས་ནས་དགེ་སློང་དང་། དགེ་ཚུལ་དང་། ཁྱིམ་པ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་དང ་རྒྱུད་བསྟན་པའི་དོན་གསུང་ངམ་རྗེས་སུ་གནང་བ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ།། དེ་ནས་དང་པོར་ཞེས་པ་ལ་སོགས་པས་དབང་གིས་རྣམ་པར་དག་པ་གསུངས་ཏེ། འདིར་དང་པོར་དབང་བདུན་པོའི་ཆུའི་མཱིང་ཅན་དག ་ལ་མངོན་པར་དབང་བསྐུར་བར་གྱུར་པ་ནི། ས་བདུན་པར་ལུང་བསྟན་པའི་ཕྱིར་དགེ་བསྙེན་དུ་བརྗོད་དེ། དེས་ན་དགེ་བསྙེན་དུ་འགྱུར་རོ་ཞེས་པ་ནི་ངེས་པའོ།། བུམ་པ་ལ་ཡང་དགེ་ཚུལ་དག་ཏུ་འགྱུར་ཏེ། མི་གཡོ་བར ་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་སྲས་པོ་སྟེ། གཞོན་ནུ་ཞེས་པའི་དོན་ཏོ།། དེ་ནས་གསང་བའི་དབང་ལ་དགེ་སློང་དུ་འགྱུར་ཏེ། ལེགས་པའི་བློ་གྲོས་སུ་ལུང་བསྟན་པའི་ཕྱིར་སངས་རྒྱས་ཀྱི་རྒྱལ་ཚབ་བོ།། དེ ་ནས་གོང་མ་གསུམ་པའི་བྱེད་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མངོན་པར་དབང་བསྐུར་བ་ནི། གནས་བརྟན་ཞེས་པ་ཆོས་སྟོན་པར་བྱེད་པ་དང་། སློབ་མའི་བྱེད་པ་པོར་འགྱུར་ཏེ། ཆོས་ཀྱི་སྦྱིན་ལ་ལུང་བསྟན་པའི་ཕྱིར ་སངས་རྒྱས་གཉིས་པ་ཉིད་དོ།། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས།། བཅོམ་ལྡན་འདས་ཀྱིས་གསུངས་པ།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ཤེས་དང་།། དེ་བཞིན་དུ་ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ།། ངེས་འབྱུང་སྣ་ཚོགས་ལས་བྱུང་བ།། འབྱུང་བ་ཆེན་པོ་རྒྱུ ་གཅིག་པོ།། དགེ་སློང་དགྲ་བཅོམ་ཟག་པ་ཟང་།། འདོད་ཆགས་བྲལ་བས་དབང་པོ་ཐུལ།། བདེ་བ་རྙེད་པས་འཛེགས་མེད་ཐོབ།། བསིལ་བར་གྱུར་པས་རྙོག་པ་མེད་ཅེས་དང་།། དེ་བཞིན་དུ། མགོ་ཟླུམ་བརྟུལ་ཞུགས ་ཆེན་པོ་འཆང་།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ།། གཙང་གནས་དམ་པ་གཾ་ཏཱམ།། བྲམ་ཟེ་ཚངས་པ་ཚངས་པ་ཤེས།། མྱ་ངན་འདས་པ་ཚངས་པ་ཐོབ།། གྲོ་ལྀ་བཱ ་བར་པ་རྣལ་གྲོལ་ལུས།། རྣམ་གྲོལ་ཞི་བ་ཞི་བ་ཉིད་།། ཅེས་པ་སྟེ་སློབ་དཔོན་གྱི་དབང་ངོ་།། དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱེད་པའི་སླང་དུ་རྡོ་རྗེ་སྐུའི་ཕྱག་རྒྱ་སྦྱིན་པར་བྱའོ།། དར་དབྱངས་ཅོད་པན་སྦྱིན་པར་བྱ་བ་ནི། ་ཁྱབ་འཇུག་བྱེད་པའི་སླད་དུ་སྟེ། ཐུགས་རྡོ་རྗེ་བྱེད་པའི་སྦྲང་དུའོ།། ཞེས་པའི་དོན་ཏོ།། རྡོ་རྗེ་མཆོད་ཕྱིར་ཐོགས་གསེར་གྱི་རང་བཞིན་ནམ། སྐུད་པའི་རང་བཞིན་ནི་ཚངས་པ་བྱེད་པའི་སླད་དུ་སྟེ། སྐུ་རྡོ ་རྗེ་བྱེད་པའི་སླད་དུ་སྦྱིན་པར་བྱའོ།། རྒན་པོ་དང་གཞོན་ནུ་དེ་དག་རྣམས་ལ་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཞེས་པ་མེ་ཏོག་ལྟུང་བའི་དབང་གིས་ཕྱག་རྒྱ་རྣམ་པར་དག་པ་དབང་བསྐུར་བ་ཉིད་སྦྱིན་པར་བྱ ་པ་ནི་གསུང་གི་རྡོ་རྗེ་རྣམ་པར་དག་པ་བྱང་པའི་སླད་དུ་སྟེ། དབང་ཕྱུག་ཆེན་པོ་བྱེད་པའི་སླད་དུའོ།། དེ་ལྟར་ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། གསུང་གི་རྡོ་རྗེ་དབང་ཕྱུག་ཚོ།། རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན།། དེ་ཡང་ཁྱབ་འཇུག ་རྫུ་འཕྲུལ་ཆེ། རྡོ་རྗེ་སློབ་དཔོན་ཞེས་དང་། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས།། བཅོམ་ལྡན་འདས་ཀྱིས་གསུངས་པ།། གཙུག་ཕུང་ཕུང་བུ་ལྕང་ལོ་ཅན།། རལ་པ་མུན་ཛ་ཅོད་པན་ཐོགས།། གདོང་ལྔ་ཟུར ་ཕུང་ལྔ་དང་ལྡན།། ཟུར་ཕུང་ལྔ་པ་མེ་ཏོག་ཐོད་ཅེས་པ་སྟེ། རྒྱུད་གཞན་ཐམས་ཅད་ལྔ་བཅོམ་ལྡན་འདས་ཀྱིས་ངེས་པའོ།། འདིར་སྟོན་པ་པོའི་དབང་ལ་མངོན་པ་དབང་བསྐུར་བའི་དགེ་སློང་ངམ། དགེ་ཚུལ་ལམ། ཁྱིམ ་པས་གེཡོག་ལ་སོགས་པའི་ཆོས་དང་ཁྱིམ་པའི་ཆོས་མི་བྱའོ།། གལ་ཏེ་རལ་གྲི་དང་སྡུག་ཚ་དང་ཚོང་ལ་སོགས་པ་དེད་ན་དེའི་ཚེ་བཀའ་བཅག་པར་འགྱུར་ཞིང་། བཀའ་བཅག་པ་ལས་མནར་མེད་པར་འགྲོ་བར ་འགྱུར་ཏེ། སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ།། རྡོ་རྗེ་སློབ་དཔོན་བདག་པའི་དབང་གི་ཚྭ་གའི་རབ་ཏུ་གནས་པའི་ངེས་པའོ།། འདིར་སྐུ་གཟུགས་ལ་སོགས་པ་རྣམས་ཀྱི་རབ་ཏུ་གནས་པ། སྟེ་དུ་བྷཱུ ་བཀོད་ཅིང་ས་ཡི་མཐིལ་གྱི་གནས་དག་ཏུ་ཡང་རི་མོ་གསུམ་ནི་ཀུན་ནས་སོ།། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་བ་ནས་བརྩམས་པ་ཚིགས་སུ་བཅད་པ་བཅུ་གཉིས་ནི་གོ་སླ་སྟེ། ཇི་སྲིད་སློབ་མས་སྨོན་ལམ ་གདབ་པ་དང་། ཡོངས་སུ་བསྔོ་བ་བྱེད་པ། བསོད་ནམས་འདི་ཡིས་སེམས་ཅན་རྣམས་ནི་རྣམ་གསུམ་སྲིང་པ་ལ་གནས་བླ་མེད་བྱང་ཆུབ་ཐོབ་པར་ཤོག། ཅེས་པའི་མཐར་ཐུག་པ་རབ་ཏུ་གནས་པའི་ཆོ་ག་ནི་གོ་སླའོ། ་དེས་ན་འགྲེལ་བཤད་མ་བྱས་སོ།། དེ་ནི་ཛཱི་སྙིད་ཕྱོགས་ཀྱི་ལོ་ཞེས་པ་ལ་སྩོགས་པས་དབང་གོང་མའི་ཆོ་ག་གསུངས་ཏེ། འདིར་བུམ་པ་ལ་སོགས་པའི་དབང་གི་དོན་དུ་ཕྱག་རྒྱ་ནི་ཇི་སྲིད་ཕྱོགས་ཀྱི་ལྷོ་ཞེས་པ་ལོ་བཅུ ་བར་གཞོན་ནུ་མ་སྤང་བར་བྱའོ།། གང་གི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུ་རྣམ་པ་བཅུར་འགྱུར་ཏེ། ལོ་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པར་དག་པས་སོ།། དེ་ལ་ཡང་ཇི་སྲིད་སོ་ལྟུང་བར ་མ་གྱུར་པ་དེ་སྲིད་དུ་ཡེ་ཤོས་ཀྱི་ཁམས་ཏེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ།། དེ་ནས་སོ་ལྷུང་ནས་ན་མཁའི་ཁམས་སོ།། དེ་ལྟར་ཁམས་གཉིས་ཀྱིས་གཞོན་ནུ་མ་སྐྱེ་གནས་མ་ཉམས་པའོ།། དེས་ན་དེ་ནི་བལྟ་བར་བྱ་བ ་དང་རེག་པར་བྱ་བ་དང་མཆོད་པར་བྱའོ།། ལོ་བཅུ་པོ་དེ་ནས་ལོ་བཅུ་གཅིག་པ་དང་པོར་བྱས་ནས་ཇི་སྲིད་ལོ་ཉི་ཤུའི་མཐར་འཁྱུད་པར་བྱ་སྟེ། རོ་དང་བཅས་པའི་ཆུ་གཏེར་ཞེས་པ་ནི་དྲུག་དང་བཅས་པའི་བཞི་ལ ་གཡོ་བ་ལ་སོགས་ཏེ་རླུང་ལ་སོགས་པ་རྣམས་ནི་བསྟེན་པར་བྱའོ།། ངོའི་ཕྱིར་ལོ་བཅུ་གཅིག་མ་ལ་རླུང་གི་ཁམས་སོ།། བཅུ་གཉིས་མ་ལ་མེའོ།། བཅུ་གསུམ་མ་ལ་ཆུའོ།། བཅུ་བཞི་མ་ལ་སའོ།། ཞེས་པ་སྟེ་བཞིའོ།། བཅོ་ལྔ ་མ་ལ་སྒྲའོ། རབཅུ་དྲུག་མི་ལ་རེག་གོ། བཅུ་བདུན་མ་ལ་རོའོ།། བཅོ་བརྒྱད་མ་ལ་གཟུགས་སོ།། བཅུ་དགུ་མ་ལ་དྲིའོ།། ཉི་ཤུ་མ་ལ་ཆོས་ཀྱི་ཁམས་སོ།། དེ་ནས་ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་མ་སྐྱེ ་ཁྲོ་བོ་འབྱུང་པོ་ལྷ་མོན་ཆ། འདིར་ལོ་ཉི་ཤུའི་ཕྱི་ནས་ཉི་ཤུ་རྩ་གཅིག་ནས་བརྩམས་ཏེ་ལོ་སོ་སོ་རྣམས་ནི་གྲངས་བཞིན་དུ་ཤིན་ཏུ་སྔོན་མོ་དང་། ཤིན་ཏུ་སྟོབས་ལྡན་མ་དང་། ཡཾ་བྷི་དང་། ཁེངས་ལྡན་མ་དང་། རེངས་བྱེད་མ ་དང་འོད་ཟེར་ཅན་མ་དང་། ཙུན་དཱ་དང་། ཁྲོ་གཉེར་ཅན་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། དྲག་ཅན་མ་སྟེ། ཁྲོ་བོ་བཅུའི་ལྷ་མོ་རྣམས་སོ།། དེ་ནས་ལོ་སུམ་ཅུ་རྩཝ་གཅིག་ནས་བརྒྱད་ནི་འབྱུང་པོའི་ཆ་སྟེ། ཙར་ཙི་ཀཱ་དང་། ཕོག་མོ ་དང་། དྲག་མོ་དང་། དབང་མོ་དང་། ཚངས་མ་དང་། དཔལ་ཆེན་མོ་དང་། གཞོན་ནུ་མ་དང་། ཁྱབ་འཇུག་མའོ།། དེ་ནས་ལོ་སུམ་ཅུ་རྩ་དགུ་ནས་བརྒྱད་ནི་ལྷ་མོན་གྱི་ཆ་སྟེ། ཁྱི་གདོང་མ་དང་། ཕག་གདོང་མ་དང་། སྟག ་གདོང་མ་དང་། ལྕེ་སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མ་དང་། འུག་གདོང་མ་དང་། བྱ་རྒོད་གདོང་མ་དང་། བྱ་རོག་གདོང་མ་སྟེ། ཇི་སྲིད་ལོ་བཞི་བཅུ་རྩ་དྲུག་གི་བར་དུ་ནི་ཕྱག་རྒྱ་བསྒོམ་པའི་དོན་དུའོ།། དབང་གི་དོན་དུ་ནི་སླར་ཡང ་དྲུག་དང་བཞི་སྟེ། བོང་མཉམ་འབྲས་བུ་སྟེར་བ་ཞེས་པ་མེའི་ཁམས་ནས་བརྩམས་ཏེ་ཇི་སྲིད་ཆོས་ཀྱི་ཁམོས་ཀྱི་བར་དུའོ།། རླུང་གི་ཁམས་ནི་རྡུལ་མེད་པ་ཉིད་ཀྱི་ཕྱིར་གཟུང་བར་མི་བྱའོ།། ཞེས་པ་ངེས་པའོ།། འདིར་དབང ་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉེན་པ་ལ་དབང་བའི་དོན་དུའོ།། གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པ ་པོ་བྱེད་པའི་སླད་དུའོ།། དང་པོ་དབང་འདི་ལ་རེ་ཤིག་སྐྲག་པ་དང་འཁྲུལ་པའི་སེམས་ལ་སོགས་པའི་སྐྱོན་དང་པྲ་ལ་བ་ལ་བཅུ་གཉིས་མ་ལ་སོགས་པ་ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱའོ།། དེ་ནས ་གསོལ་བ་བཏབ་པ་ལ་སོགས་པ་བྱས་ནས། སློབ་མས་བླ་མ་ལ་འཆད་པར་འགྱུར་བའི་བསྟོད་པས་གསོལ་བ་བཏབ་པར་བྱའོ།། དེ་ནས་བླ་མ་མཉེས་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་རང་གི་ཕྱག་རྒྱའི་ནུ་མཱ་ལ ་རེག་པར་བྱེད་དུ་གཞུག་སྟེ། དེས་ན་བུམ་པའི་དབང་ནི་དེ་ཉིད་།། དེ་ནས་གསང་བའི་མཆོད་པ་བྱས་ནས། སློབ་མ་ལ་བདུད་རྩི་སྦྱིན་ཞིང་ཕྱག་རྒྱའི་བྷ་ག་ཡང་གསལ་བར་བྱེད་དུ་བཞུག་གོ།། དེས་ན་རི་བོང་འཛིན་པ ་མྱང་བ་དང་། བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར་རོ།། དེ་ནས་ཤེས་རབ་ཡེ་ཤེས་དབང་ལ་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས་ཀྱིས་རིགས་ལྔའི་ཆ་དང་ལྡན་པར་བྱས་ཏེ། དེ་ནས་ཇི་ལྟར ་སྐུལ་པ་ངན་པའི་སེམས་ཅན་འདི་ནི་བསྒོམ་པ་ལ་སོགས་པ་ལ་འདི་དབང་བ་དང་རྒྱུད་མཉན་པའི་སླད་དུ་སྟེ། སེམས་ཅན་རྣམས་ལ་རྒྱུད་བསྟན་པ་དང་། དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ་ཞེས་བླ་མས་རྒྱལ་བ་སྟེ། ་རྡོ་རྗེ་སེམས་དཔའ་དབང་དུ་བྱས་ནས་ལག་བཅངས་དང་། གཉིས་གཉིས་འཁྱུང་བའི་སླད་དུ་བྱེད་པའི་སླད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ།། དང་པོར་སློབ་མ་གཞུག་པ་ལ་དབང་བསྐུར་བའི་ངེས་པའོ།། ་དེ་བཞིན་དུ་སློབ་དཔོན་ནི། རྒོད་པ་ཡོན་ཏན་གཉིས་ཀྱི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ།། གསང་བ་ཞེས་པ་ནི་ལྟ་བ་ཡོན་ཏན་གསུམ་གྱི་བདག་ཉིད་རྣམ་པར་དག་པས་སོ།། ལག་བཅངས ་ཤེས་པ་ནི། ཡོན་ཏན་བཞིའི་བདག་ཉིད་རྣམ་པར་དག་པས་སོ།། གཉིས་གཉིས་འཁྱུད་པ་ཞེས་པ་ནི། ཡོན་ཏན་ལྔའི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ།། ཞེས་པ་ལ་སོགས་པ་ནི་འཆང ་པར་འགྱུར་བའི་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ།། འཇིག་རྟེན་པའི་ཀུན་རྫོབ་ཀྱིས་སེམས་ཅན་གཞུག་པའི་སླད་དུ་དབང་རྣམ་པ་བཞིའི་ངེས་པའོ།། དེ་ནས་འགྲེལ ་བཤད་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་པ་ན་བདག་པོ་ཆེན་པོ་ཉིད་ཀྱི་སླད་དུ་གོ་རྣམས་ཇི་ལྟ་བ་བཞིན་གསུངས་པའི་རིག་མ་བཅུ་པོ་རྣམས་ཁྱིམ་ན་གནས་པའི་སློབ་མས་བླ་མ་ལ་དབུལ་བར་བྱ ་འདིར་རྩཝ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆ་མེ་དང་ནི་བུ་མོ་དང་།། སྙིང་མོ་དེ་བཞིན་སྐྱེད་བྱང་མ།། དེ་བཞིན་ཆུང་མེའི་མ་དང་ནི།། དེ་བཞིན་ཞིང་པོའི་བུད་མེད་དང་།། པ་ཡི་སྤུན་ཟླའི་ཆུང་མ་དང་།། དེ་བཞིན ་ཕ་ཡི་སྲིང་མོ་དང་།། རང་གི་མ་ཡི་སྤུན་ཟླ་ཉིད།། རང་གི་ཆུང་མ་མཆོག་གཟུགས་ཅན།། སྒྲོལ་མ་ལ་སོགསོ་ཆོས་ཁམས་མཐར།། རང་རིགས་ལས་སྐྱེས་རིག་མ་བཅུ།། ཐར་པ་འདོད་པའི་ཁྱིམ་པ་ཡིས།། དབང་གི་དུས ་རབ་སྦྱིན་བྱ།། རིག་མ་འདི་དག་རིགས་བསྲུང་ཕྱིར།། གལ་ཏེ་བླ་མར་མི་འབུལ་ན།། དེ་ཚེ་ཁྱིམ་ན་གནས་རྣམས་ལ།། གཞན་གྱིས་དབང་བསྐུར་སྦྱིན་མི་བྱ།། དཀྱིལ་འཁོར་དུ་ནི་དབང་བསྐུར་བའི།། དམངས་རིགས་སྐྱེས ་སོགས་གཞན་དག་གིས།། དགེ་སློང་དགེ་ཚུལ་རྣམས་ལ་ནི།། བླ་མས་སྦྱིན་བྷ་མི་ཡི་བདག། རླུང་སོགས་རིམ་པས་དམངས་རིགས་མོ།། རྒྱ་ལོ་རིགས་དེ་བཞིན་བྲམ་ཟེ་མོ།། རྗེ་མོ་གདོལ་མོ་ཉ་བ་མོ།། གར་དེ་བཞིན ་ཆོས་མཁན་མོ།། ཀོ་ལྤགས་བྱེད་མ་གཏུམེ་མོ་དང་།། ཆོས་ཁམས་མཐོར་སྐྱེས་མ་སྟེ་བཅུ།། རིག་མ་ཆེན་མོར་ཡང་དག་བརྗོད།། ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར།། ཞེས་པ་སྟེ། དེ་ལྟར་གསུངས་པའི་ཕ་རོལ་ཏུ་ཕྱིན ་པ་བཅུ་དང་དབང་བཅུ་དང་། ས་བཅུ་དང་། སྟོབས་བཅུ་རྣམས་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས།། བཅོམ་ལྡན་འདས་ཀྱིས་གསུངས ་པ་བ་སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན།། གསང་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཚན་བདག་ཉིད་ཅན།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས།། ་རོལ་ཕྱིན་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་གནས་པ་པོ།། ཤེས་བཅུ་རྣམ་དག་བདག་ཉིད་ཅན།། ཤེས་བཅུ་རྣམ་དག་འཆད་པ་པོ།། རྣམ་པ་བཅུ་པོ་དོན ་བཅུའི་དོན་པའ་ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག། ཀུན་གྱི་དོན་ནི་མ་ལུས་བྱེད།། རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཞེས་པ་སྟེ། བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་གནས་མངོན་པར ་འདོད་པས་ཕྱག་རྒྱ་བཅུ་སྦྱིན་པར་བྱའོ།། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ལྟར་སློབ་མས་བླ་མ་ལ་ཕྱག་རྒྱ་བཅུ་ཕུལ་ཏེ། དེ་ནས་བཀའ་སྩལ་དོན་དུ་གཉེར་བར་བྱའོ།། ཀྱེ་བཅོ་ལྡན་འདས་ཕ་རོལ་ཏུ་ཕྱིན ་པ་ཐམས་ཅོད་ཐོབ་བོ།། ད་ནི་བདོག་གི་ཅི་ཞིག་བགྱི། དེ་ནས་སློབ་དཔོན་གྱིས་གསུངས་པ། བཅུའི་ནང་ན་རང་གི་ཆུང་མོ་འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་བྱོས་ཤིག། དགེ་སློང་དང་དགེ་ཚུལ ་རྣམས་ལ་ནི་གཏུམ་མོ་རང་གི་ཆུང་མར་བྱའོ།། དེ་ནས་བླ་མའི་ངེས་པ་དེ་གཟུང་ནས་གཉིས་ཀྱིས་གསེར་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་མཎྜལ་བྱ་སྟེ། དེ་ནས་གསོལ་བ་གདབ་པར་བྱའོ།། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི།། དུས་ཀྱི ་འཁོར་ལོ་ཁྱོད་པ་འདུད།། མཆོག་ཏུ་མི་འགྱུར་བདེ་བ་རྫོགས།། ཡེ་ཤེས་སྐུ་ཁྱོད་ལ་འདུད་ངོ་།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ནི་འགྱུར་མེད་གང་།། དབང་བསྐུར་དེ་ཡིས་བདག་ལ་ནི།། མགོན་པོ་དེ་ནི་དཀའ ་དྲིན་མཛོད།། བུ་དང་ཆུང་མ་སོགས་བཅས་པ།། བདག་ནི་དུས་ཀུན་ཁྱོད་ཀྱི་འབངས།། ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར།། བདག་ལ་སྐྱབས་གཞན་ཡོད་མ་ཡིན།། ཞེས་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང ་བཅས་པ་གཟིགས་ནས། སློབ་དཔོན་གྱིས་སྒྲ་རྡོ་རྗེ་མ་ལ་རྒྱན་ཐམས་ཅད་དགྲོལ་ཞིང་གཅེར་བུར་བྱིས་ནས་འཁྱུད་དུ་གཞུག་པར་བྱའོ།། ཁྱིམ་པ་རྣམས་ནི་ཆུང་མའི་མ་ལའོ།། དེ་ནས་ཤར་དུ་སྒྲོལ་མོ་དང་། ལྷོར་གོས་དཀར་མོ་དང་། ་བྱུང་དུ་མཱ་མ་ཀཱི་དང་། ནུབ་ཏུ་སྤྱན་མ་དང་། མེར་རེག་བྱ་རྡོ་རྗེ་མ་དང་། བདེན་བྲལ་དུ་རོ་རྡོ་རྗེ་མ་དང་། དབང་ལྡན་དུ་གཟུགས་རྡོ་རྗེ་མ་དོང་།། རླུང་དུ་དྲི་རྡོ་རྗེ་མ་སྟེ། རྣལ་འབྱོར་མའི་འཁོར་ལོ་གཅེར་མཱི་སྐྲ་གྲོལ་མ་ཕྱག་ན་གྲི་གུག་དང ་ཐོད་པ་ཅན་རྣམས་དགོད་པར་བྱ་སྟེ། རིག་མ་དགུ་པོ་རྣམས་ཀྱིས་རིམ་པ་བཞིན་དུའོ།། དེ་ལྟར་སྔར་དབང་བསྐུར་བ་ནི་ཆུ་ལ་སོགས་པས་རྣམ་པ་བདུན་ནོ།། དེ་ནས་གོང་མའི་དབང་ནི་སྤྱིའི་ལས་ཀྱི་ཕྱག་རྒྱ་ཡིས།། གོང་མའི་ཡང ་གོང་མའི་ངདང་ནི་དམངས་རིགས་ལས་སྐྱེས་པ་ལ་སོགས་པའི་ཕྱག་རྒྱ་དབུལ་བའི་དོན་དུ་སྔར་གསུངས་པ། བཅུ་པོ་རྣམས་ཀྱིས་སོ།། ཀླུ་སྟེ་བུམ་པ་བརྒྱད་དང་། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག ་གིས་དགེ་སློང་ལ་ཁྲུས་བྱའོ།། དགེ་ཚུལ་ལ་དེ་རྣམས་ཀྱི་ནང་ནས་ཕྱག་རྒྱ་དྲུག་གིས་བུམ་པ་བཞི་དང་། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་ཁྲུས་བྱའོ།། ཁྱིམ་ན་གནས་པ་ལ་དགུ་པོ་དེ་དག་རྣམས་ཀྱི་ནང ་ནས་རང་གི་ཆུང་མ་གཅིག་པུ་ཡིས་རྣམ་པར་རྒྱལ་བའི་བུམ་པ་གཅིག་པུས་མངོན་པར་དབང་བསྐུར་བར་བྱ་སྟེ། སྔར་གསུངས་པའི་ཆོ་གས་སོ།། དེ་ནས་ཕྱག་རྒྱ་གཏང་པར་བྱ་སྟེ། བུམ་དབང་སྦྱིན་པའི་དོན་དུའོ་ཞེས་པ ་སྟེ། འདིར་རྒྱན་རྣམས་ཐམས་ཅང་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོ་ནི་མཛེས་པའི་བུ་མོ་ལོ་ཉི་ཤུའི་མཐར་ཐུག་པ་ཁྲག་ལྡན་ཏོ་རྡུལ་དང་ལྡན་པ་ལོ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས ་ཤེས་པ་འཚོད་པར་འགྱུར་བའི་ལྷའི་རྣལ་འབྱོར་གྱིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས་ས་བོན་དང་བཅས་རྡོ་རྗེ་དག་ཀྱང་གོང་མའི་གོང་མའི་དབང་ལ་སླེབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི་ཕྱི་ནས་དང ་གི་ཕྱ་རྒྱ་སྦྱིན་བྱ་སྟེ། སློབ་དཔོན་གྱིས་གང་ལ་འཁྱུད་བའོ།། ཡང་ན་བུའི་ཆུང་མོ་ལ་སློབ་དཔོན་རང་གིས་མངོན་པར་བགྲོད་དེ། དེ་ནས་དབང་གིས་དུས་ལ་བབ་པ་ན། སློབ་མ་ལ་སླར་ཡང་རང་གི་ཆུང་མོ་གཏད་པར ་བྱའོ།། འདིར་ཤེས་རབ་ཀྱི་ནུ་མ་ལ་ཐབས་ཀྱིས་རེག་པར་བྱེད་དོ།། བུམ་པའི་དབང་ལ་བླ་མས་སློབ་མ་ཆུང་མའོ།། གསང་བའི་དབང་ལ་སློབ་མ་ཆུང་མའི་མཁར་རྡོ་རྗེ་གཞུག་པར་བྱའོ།། སློབ་མའི་མིག་བཅིངས་ཏེ་བླ་མས་ཤེས ་རབ་ཀྱིས་ནཱ་ར་ནཱ་སི་ཀ་བཞི་པ་པར་བྱའོ།། དེ་ནས་ཆུང་མ་ཤེས། རང་གི་ཕྱག་རྒྱ་གཏད་པར་བྱའོ།། སློབ་དཔོན་ཞེས་པ་ནི་ཐམས་ཅད་དུ་དབང་གི་ཆོ་གིའི་བདག་པོ་ཆེན་པོ་ལའོ།། གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན། དེའི་ཚེ་གང་དང་གང ་འདོད་པ་སྤྱད་པར་ནུས་པའི་སློབ་མོ་དེ་དང་དེ་གཏད་པོར་བྱ་སྟེ། མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་གཏིང་ལ་ཉི་མ་འཆར་བ་ཇི་སྲིད་པར་རོ།། དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་བར་བྱ་སྟེ། གཤེགས་སུ་གསོལ ་ནས་སློབ་མོ་ལ་སྡོམ་པ་སྦྱིན་པར་བྱའོ།། ཀུན་རྫོབ་དུ་ཁྱོད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་འདི་དང་། ཐེག་ལེ་གསུམ་གྱི་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་ཏེ། ་དོན་དམ་པར་རྣལ་འབྱོར་པོ་རྣམས་ཀྱི་བདེ་བ་ནི་འཕོ་བ་མེད་པའོ།། དེས་ན་བདེ་བ་ཆེན་པོ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ།། དེ་བཞིན་དང་པོའི་སངས་རྒྱས་ལས།། བཅོམ་ལྡན་འདས་ཀྱིས་གསུངས་པ།། ལས་ཀྱི་ཕྱག་རྒྱའི ་རབ་སྦྱོར་དང་།། ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་།། བདེ་བ་ཆེན་པོ་བྱང་ཆུབ་སེམས།། བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ།། བྷ་གར་ལིང་ག་རབ་གཞག་ནས།། བྱང་ཆུབ་སེམས་ནི་སྤྲོ་མི་བྱ།། ཁམས ་གསུམ་པོ་ནི་མ་ལུས་ནས།། སངས་རྒྱས་སྐུ་རུ་བསྒོམ་པར་བྱ།། བསྲུང་བ་འདི་ཉིད་ཁོ་ན་ཡིས།། སྐྱེ་བ་འདི་ལ་སངས་རྒྱས་ཉིད།། ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས།། བསོད་ནམས་ཡེ་ཤེས ་ཡང་དག་ལྡན།། ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི།། རྫོགས་པའི་སངས་རྒྱས་དུས་གསུམ་འཇུག། འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། རང་དང་གཞན་དོན་བསྒྲུབ་པའི་སླད།། སྟོང་ཉིད ་སྙིང་རྗེ་དབྱེར་མེད་པ།། ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི།། འདི་ལས་གཞན་པ་ཡོང་མ་ཡིན།། སྐྱོབ་པ་ཀུན་གྱི་སྡོམ་པ་ནི།། གལ་ཏེ་ཁྱེད་བསྲུང་བདག་གི་བུ།། དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས།། བྱིན་བརླབས ་རྫོགས་བྱང་ཆུབ་ཐོབ་འགྱུར།། ཅི་སྟེ་ཚོགས་པས་ཟིལ་མནན་དག། གཙོ་བོ་མདུན་དུ་བླངས་ནས་ནི།། སྡོམ་པ་སྐྱོང་བར་མི་བྱེད་ན།། དེ་ཚེ་ངུ་འབོང་དུ་འགྲོ་འགྱུར།། དམན་པའི་སེམས་ལས་སྐྱེ་གནས་སུ།། གང་ཚེ་བྱང་ཆུབ། ་སེམས་ལྷོད་གྱུར།། དེ་ཚེ་ཕྱག་རྒྱར་ཤེས་ནས་ནི།། པདྨའི་ཕྱི་རོལ་རང་ལྕེས་བླང་།། ཞེས་པ་སྟེ་སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས། སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ཏེ་སླར་ཡང་མོཏྤལ་བྱས་ནས། གསོལ་བ ་གདབ་པར་བྱའོ།། བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་རབ་ཏུ་བྱེང་པའི་བཀའ་དྲིན་མཛད་དུ་གསོལ།། དེ་ནས་བླ་མས་སློབ་མོ་ལ་བོས་ཏེ་བུ་ཁྱོད་ཉོན་ཅིག། ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཐུན ་མྱོང་གི་བདེ་བ་དགའ་བ་བཅུ་དྲུག་མཚན་ཉིད་ནི།། ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་པ་ལ་སོགས་པ་རྣམས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་པའི་རྡོ་རྗེས་ཕྱུང་བ། འདོད་པ་སྐྱོད་པར་ཞེས་པ་ལ ་སོགས་པ་སྟེ། འདིར་འགྲོ་བ་ཐམས་ཅད་ཀྱི་ཡིད་ལ་འདོད་པ་སྐྱོད་པར་བྱེད་པ་ནི་དང་པོ་དགའ་བའོ།། དེ་ནས་གང་བའི་གནས་སྐབས་ནི། ཤེས་རབ་ལ་འཁྱུད་པ་ལ་སོགས་པས་དཔྲལ་བར་བྱང་ཆུབ་ཀྱི་སེམས་རྫོགས་པ་ཉིད ་ཀྱི་ཕྱིར། གང་བ་ཉིད་དུ་འགྱུར་བ་སྟེ། གཉིས་པ་མཆོག་དགའོ།། གོང་བ་ཡན་ལག་མཆོག་ལས་འཁྲིག་པ་ལ་འབར་བའི་གནས་སྐབས་ནི། རི་བོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལོ་འཛག་པ་སྟེ། གསུམ་པ་ཁྱད་པར ་དགའ་བར་བྱེད་དོ།། དེ་ནས་ཨོརྠའི་གནས་སྐབས་ནི་ཐེག་ལེ་འཕོ་བའི་དུས་སུ་སྐུ་དང་གསུང་དང་ཐུགས་ཀྱི་ཐེག་ལེ་རྣམས་ཀྱི་མཐར་ཐིག་ལེ་བཞི་པ་འབྱུང་བའི་དུས་ན་ལྷནྟི་ཅོག་སྐྱེས་པའི་དགའ་བར་བྱེད་དོ།། དེ་ལྟར་ཚེས ་གཅིག་ལ་སོགས་པའི་ཆ་ལྔ་ལྔ་པོ་ན་མཁའ་དང་རླུང་དང་མ་དང་ཆུ་དང་སའི་རང་བཞིན་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པའི་མིང་ཅེན་ཨཱ་ཨི་རྀ་ཨུ་ལཾ་ཀ། ཨ་ཨེ་ཨར་ཨོ་ཨཽ་ལ་ཙཱ། ཧ་ཡ་ར་ཝ་ལ་ཊཱ ་ཤེས་པའི་དབྱངས་འདི་དག་གི་ཆོས་ཅན་རྣམས་ཀྱིས་སོ།། དེ་ལྟར་ལྔ་པ་ནི་དགའ་བ་རྫོགས་པའོ།། བཅུ་པ་ནི་མཆོག་དགའ་རྫོགས་པའོ།། ཉ་ནི་ཁྱད་པར་གྱི་དགའ་བ་རྫོགས་པའོ།། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི ་ཆ་བཅུ་དྲུག་པ་སྟེ། ཁམས་ཐམས་ཅད་བསྡུས་པ་དང་། ཚོགས་པ་དང་། འདུས་པ་དང་། སྡོམ་པའོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ། ཆགས་བྲལ་ནི་ནག་པོའི ་ཕྱོགས་སོ།། དེ་བཞིན་དུ་མཚོན་ཡང་དག་པར་བརྗོད་པ་ལས།། བཅོམ་ལྡན་འདས་ཀྱིས་གསུངས་པ།། ཆགས་བྲལ་དང་པོ་ཆགས་པ་ཆེ།། ཁ་དོག་སྣ་ཚོགས་འབའ་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། ་སངས་རྒྱས་བརྗོད་པའི་ཆོས་འཛིན་པ་ཞེས་དང་།། དེ་བཞིན་དུ་རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་།། ཆག་མེད་ཆ་ལས་འདས་པ་པོ།། བསམ་གཏན་བཞི་པའི་རྩེ་མོ་འཆང་།། ཞེས ་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། དེ་ལྟར་དོན་དམ་པོས་ལེའུ་ལྡེ་པ་ལས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱ་ཆེར་བརྗོད་པར་བྱ་སྟེ། དེས་ན་འདིར་རྒྱས་པར་མ་བྱས་སོ།། ང་ནི་འདོད་པ་ཞེས་པ་ལ་སོགས་པས ་དགའ་བ་བཅུ་དྲུག་པོ་རྣམས་ཀྱི་སྦྱོར་བ་བཞི་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་ཀྱི་སད་པ་དང་། རྨི་ལམ་དང་། ཤིན་ཏུ་གཉིད་ལོག་པ་དང་། བཞི་པའི་དབྱེ་བ་ཡིས་སྐུ་དང་གསུང་དང་ཐུགས་དང་ཡེ ་ཤེས་ཀྱི་སྦྱོར་བ་སྟེ། དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག་གོ། དེ་ལ་འདོད་པ་ཞེས་པ་ནི་སྐུའི་དགའ་བའོ།། དགའ་བ་ཞེས་པ་ནི་གསུང་གི་དགའ་བའོ།། འདིར་བ་ཞེས་པ་ནི་ཐུགས་ཀྱི་དགའ ་བའོ།། འགྱུར་མེད་ཅེས་པ་ནི་མིག་གི་ཡེ་ཤེས་ཀྱི་དགའ་བའོ།། དེ་ལྟར་བཞི་པོ་ཡིས་དགའ་བའི་སྦྱོར་བ་གཅིག་གོ།། དེ་བཞིན་དུ་གང་བ་ཞེས་པ་ནི་སྐུའི་མཆོག་དགའོ།། འདིར་མཆོག་གི་དགའ་བ་ལ་སོགས་པ ་གསུམ་པོ་རྣམས་མཐའ་མ་ལ་སོགས་པས་གསུང་དང་ཐུགས་དང་། ཡེ་ཤེས་རྡོ་རྗེ་རྣམས་ཏེ། སྡེབ་སྦྱོར་གྱི་དབང་གིས་སོ།། དེའི་ཕྱིར་མཆོག་གི་དགའ་བ་ཞེས་པ་ནི་གསུང་གི་མཆོག་དགའོ།། སྐྱེ་བ་ཞེས ་པ་ནི་ཐུགས་ཀྱི་མཆོག་དགའོ།། ནུས་པ་ཞེས་པ་ནི་ཡེ་ཤེས་ཀྱི་མཆོག་དགའ་སྟེ། གཉིས་པའི་སྦྱོར་བའོ།། འབར་བ་ཞེས་པ་ནི་སྐུའི་ཁྱང་པོར་གྱི་དགའ་བའོ།། ཁྱད་པར་དགའ་བ་ཞེས་པ་ནི་གསུང་གི་ཁྱད་པར་གྱི ་དགའ་བའོ།། རྒྱལ་བ་ཞེས་པ་ནི་ཐུགས་ཀྱི་ཁྱད་པར་གྱི་དགའ་བའོ།། ཐིག་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་སྟེ། གསུམ་པའི་སྦྱོར་བའོ།། དེ་བཞིན་དུ་ཨཱ་ཊྚ་ཞེས་པ་ནི་སྐུའི་ལན་ཅིག་སྐྱེས་པའི ་དགའ་བའོ།། ལྷན་ཅིག་སྐྱེས་པའི་དགའ་ཞེས་པ་ནི་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བའོ།། གཉིད་ཅེས་པ་ནི་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ།། ནཱ་ད་ཞེས་པ་ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ ་བའོ།། དེ་ལྟར་ན་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་། ངོ་བོ་ཉིད་ཀྱི་དབྱེ་བས་སྐུ་རྣམ་པ་བཞི་དང་། གསུང་རྣམ་པ་བཞི་སྟེ། དེ་བཞིན་དུ་ཐུགས་རྣམ་པ་བཞི་དང་། ཡེ་ཤེས་རྣམ་པ་བཞིའོ།། དེ་ལྟ ་དགའ་བ་བཅུ་དྲུག་གི་དབྱེ་བ་ནི་འཆད་པར་འགྱུར་བ་ལས་རྒྱ་ཆེར་བརྗོད་པར་བྱའོ།། བཅུ་དྲུག་གིས་མཐར་ལྷན་ཅིག་སྐྱེས་པའོ།། ཞེས་པ་ནི་ངེས་པའོ།། ད་ནི་སེམས་ཀྱིས་ཞེས་པ་ལ་སོགས་པ་ལྔས ་ཀྱི་ཕྱག་རྒྱའི་རྣམ་པར་དག་པ་གསུངས་ཏེ། འདིར་རྒྱུད་ཐམས་ཅད་ལས་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཐུན་མོང་གིས་གསུངས་ཏེ། རྣལ་འབྱོར་པ་རྣམས་རྗེས་སུ་ཆགས་པ་བྱེད་པའི་སླད་དུའོ།། དེ་ཡང་བྱང་ཆུབ་ཀྱི ་སེམས་བསྟན་པར་བྱས་པ་རྣམས་ཀྱི་ཡིན་གྱི། གཞན་རྣམས་ཀྱི་ནི་མ་ཡིན་ནོ།། གཞན་རྣམས་ཀྱི་འཇིག་རྟེན་གྱི་ཐ་སྙད་དང་ལྡན་པའི་བུད་མེད་གནས་སྐབས་ཀྱི་མ་ལ་སོགས་པར་འགྱུར་རོ།། འདིར་གང་གི་ཚེ་རྣལ་འབྱོར ་པ་བུད་མེད་ལ་སེམས་པར་བྱེད་ན་དེའི་ཚེ་སེམས་ཀྱིས་བསམ་པ་བྱས་པས་མར་འགྱུར་རོ།། རེག་པས་ནི་སྲིང་མོའོ།། རྡོ་རྗེ་ཞུགས་པས་བུ་མོར་འགྱུར་རོ།། བྱེད་པ་དང་བཅས་ཤིན་ཏུ་དགའ་བ་བྱས་པས་ཚ་མོ་ཉིད་དུ་འགྱུར། ་རོ།། ཐིག་ལེ་ལྷུང་བར་གྱུར་ནོ་ཆུང་མའོ།། གཞན་གྱི་རིགས་ལ་གནས་པ་གཏུམ་མིའི་རྣལ་འབྱོར་མར་ནི་འདོད་ཆགས་ཉམས་པར་གྱུར་པ་ལས་ཏེ་ཆགས་བྲལ་ལས་འགྱུར་རོ།། འདི་དག་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ། རྣལ ་འབྱོར་མ་རྣམས་ཀྱིས་ལ་སོགས་པ་རྣམས་སོ།། འདིར་དང་པོ་སའི་ཁམས་འཁྲུག་གོ།། དེ་བཞིན་དུ་ཆུ་དང་མ་དང་རླུང་དང་ན་མཁའི་ཁམས་རྣམས་འཁྲུག་སྟེ། འཁྲུགས་པ་རྣམས་འཛག་གོ། དེའི་ཕྱིར་ས་ཆུ་བསྲེག ་ཟ་རླུང་དང་མཁའ་དང་ཆད་པའི་དངོས་རྣམས་ཏེ་གནས་སྐབས་དྲུག་གོ།། དེ་བཞིན་དུ་གཡས་དང་གཡོན་གྱི་དཀྱིལ་འཁོར་ལྔ་ཟད་པ་ཡང་འཕོ་བའི་དུས་སུ་རིག་པར་བྱ་སྟེ། མ་ལ་སོགས་པ་རྣམ་པར་དག་པས་སོ།། འཁོར་ལོ ་དང་རྔརྣ་ཆ་དང་། མགུལ་རྒྱུན་དང་། ལག་གདུབ་དང་། སྐ་རགས་དང་། ཐལ་བ་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་རྣམས་ཏེ། དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག ་པས་སོ་ཞེས་པ་ནི་ངེས་པའོ།། ང་ནི་ཆུ་སྐྱེས་ཤེས་པ་ལ་སོགས་པས་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་གསུངས་ཏེ། འདིར་རྒྱུད་ཐམས་ཅད་ལས་ཕྱི་རོལ་དུ་དྲང་བའི་དོན་གྱིས་དཔྲལ་བར་སྐུའི་ཕྱག་རྒྱའོ།། མགྲིན་པར ་གསུང་གི་ཕྱག་རྒྱའོ།། སྙིང་གར་ཐུགས་ཀྱི་ཕྱག་རྒྱའོ།། ངེས་པའི་དོན་གྱིས་ཀྱང་ཆུ་སྐྱེས་ལོ་ནི་རྡོ་རྗེ་རབ་ཞུགས་ཏེ་རྡོ་རྗེ་རྟག་ཏུ་ལངས་པ་ནི་སྐུའི་ཕྱག་རྒྱའོ།། རྩེ་མོ་ཅན་ལ་རླུང་དང་ཞེས་པ་རྩ་དབུ་མོ་ལ་སྲོག་གི་རླུང་རབ་ཏུ ་ཞུགས་པ་གསུང་གི་ཕྱག་རྒྱའོ།། ཐིག་ལེ་མི་ལྷུང་བ་ནི་ཐུགས་ཀྱི་ཕྱག་རྒྱའོ།། འདི་དག་རྣལ་འབྱོར་གསུམ་གྱི་སྟེ། དབུ་མ་ལ་བརྟེན་པའི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་རྣམས་སུ་གྲངས་བཞིན་དུ་འགྱུར་རོ།། དེའི ་སྟེང་དུ་ཆགས་དང་ཆ་གོས་བྲལ་མཐར་གྱུར་དང་པོ་ཞེས་པ་ལ། ཆགས་པ་ནི་དཀར་པོའི་ཕྱོགས་ཏེ། དེའི་མཐར་གྱུར་པའོ།། ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ། དེའི་དང་པོའོ།། དེ་ལྟར་ཆགས་དང་ཆགས་བྲལ ་མཐར་གྱུར་དང་པོ་ནི་ཆ་བཅུ་དྲུག་པར་གཞག་པར་བྱ་བ་སྟེ། ཇི་སྲིད་མི་འཛག་པ་དེ་སྲིད་དུ་ནི་མཐའ་དག་ཡོན་ཏན་གྱི་གཏེར། འགྱུར་བ་མེད་པའི་བདེ་བ་སྦྱིན་པ་པོ་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་བཞི ་བའོ་ཞེས་པ་ནི། རྣལ་འབྱོར་པ་རྣམས་ཀྱི་ཡན་ལག་དྲུག་གི་སྦྱོར་བ་ཁོ་ནས་རྟོགས་པར་བྱ་བ་སྟེ། གཞན་རྣམས་ཀྱིས་ནི་མ་ཡིན་ནོ།། ཕྱག་རྒྱ་རྣམས་ལས་ཏེ་སྔ་མ་དང་ཕྱི་མ་དགུ་པོ་རྣམས་ལས་དེ་ནི་ལེགས་པའི་མེ་སྐྱེད ་བྱེད་མར་མངལ་ན་སྐྱེས་པའི་དུས་ནས་བརྩམས་ཏེ་འཆི་བའི་མཐར་འགྱུར་རོ།། རྣམ་བཅུ་ནི་དེ་དུ་བ་ལ་སོགས་པའི་དབྱེ་བས་སྦྱིན་པོ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ཞལ ་འདིའོ་ཞེས་པ་ནི་ཡེ་ཤེས་ཀྱི་ཞལ་བཞི་པའོ་ཞེས་པའི་དོན་ཏོ།། དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཆོས་ཅན་ནོ་ཞེས་པ་ངེས་པའོ།། དེ་ལྟར་སློབ་མ་དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་མཚན་ཉིད་རབ་ཏུ་བསྟན་ནས་ཚོགས་ཀྱི་འཁོར ་ལོའི་སླད་དུ་བླ་མས་ངེས་པ་སྦྱིན་པར་བྱའོ།། དེ་ལ་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོ་རྣམས་སྤྱན་དྲང་བར་བྱ་སྟེ། དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་དང་གཞོན་ནུ་མ་བཅུ་ལའོ་ཐུག་ལ་སོགས་པ་མངར་བའི་ཟས་ཀྱིས་སྟོན ་མོ་བྱས་ཏེ། ཡོན་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ།། དེ་ནས་ཚོང་བདུན་པ་ལ་དོགེ་སློང་དང་དགེ་སློང་མའི་དགེ་འདུན་མངརེ་བའི་ཁ་ཟས་པག་དང་བྲལ་བ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སངས་རྒྱས་གཙོ་བོར ་བྱས་ནས་དགེ་འདུན་ལ་ཡོན་ཕུལ་ཏེ། འཕགས་པའི་དགེ་འདུན་ཆེན་པོ་གཙུག་ལག་ཁང་དུ་གཞུག་པར་བྱའོ།། དེ་ནས་སྐྱེ་བོ་དང་བྲལ་བའི་ཁྱིམ་བུག་པ་མེད་པར་ཚོགས་ཀྱི་འཁོར་ལོའི་ཆོ་གས་དཔའ་བོ་དང་དཔའ་མོའི་དབང ་ཕྱུག་མ་རྣམས་ཀྱི་གནས་རྣམས་བསམ་པར་བྱའོ།། འདིར་འབྱོར་པ་དང་རྗེས་སུ་མཐུན་པས་གཙོ་བོ་བླ་མ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་དབུས་དང་། ཕྱོགས་བཞིའི་ཆར་རྣལ་འབྱོར་མ་བཞི་རྣམས་ཏེ། དབུས ་སུ་གདོལ་པ་མོ་དང་། ཤར་དུ་དམངས་རིགསོ་མོ་དང་། ལྷོར་རྒྱལ་རིགས་མོ་དང་། བྱང་དུ་བྲམ་ཟེ་མོ་དང་། ནུ་དུ་རྗེ་རིགས་མོ་ཚོགས་ཀྱི་གཙོ་བོ་ལྔའི་བདག་ཉིད་དོ།། འདི་རྣམས་ཀྱི་གོདན་ནི་མིའི་པགས་པ་དང་། ཁྱིམ ་བགས་པ་དང་། རྟའི་པགས་པ་དང་། བ་ལང་གི་པགས་པ་དང་། གླང་པོ་ཆེའི་པགསོ་པའོ།། དེ་ནས་གཉིས་པ་ནི་ཕྱོགས་བྲལ་རྣམས་སུ་སྟེ། དབང་ལྡན་དུ་གཅིན་གྱི་སྣོད་དང་། རླུང་དུ་བཤང་བའི་སྣོད་དང་། འདྲེན ་བྲལ་དུ་ཁྲག་གི་སྣོད་དང་། མེར་རྐང་པའི་སྣོད་དང་། དེ་ནས་ཟླུམ་སྐོར་གཉིས་པ་ཐུགས་ཀྱི་འཁོར་ལོའི་གནས་ལོ་ཤར་དུ་འཁར་བ་མཁན་མོ་དང་། ལྷོར་འོད་མའི་གར་མ་མཁན་མེ་དང་། བྱང་དུ་ནོར་བུ་མཁན ་མ་དང་རི་ནུབ་དུ་དྲག་ཅན་མ་དང་། མེར་ཐགས་མཁན་མ་དང་། བདེན་བྲལ་དུ་ཆང་འཚོང་མ་དང་། དབང་ལྡན་དུ་གསེར་མཁན་མ་དང་། རླུང་དུ་ཕྲེང་བ་མཁན་མ་སྟེ། རྣལ་འབྱོར་མ་བརྒྱད་དོ།། འདི་རྣམས་ཀྱི་གདན ་རྣམས་ནི་གྲངས་བཞིན་དུ་ལུག་གི་པགས་པ་དང་། འབྲོག་དགོན་པའི་ཁྱིའི་པགས་པ་དང་། རྔ་མོའི་པགས་པ་དང་། འཇམ་སེང་གི་པགས་པ་དང་། རའི་པགས་པ་དང་། རི་དགས་ཀྱི་པགས་པ་དང ་བོང་བུའི་པགས་པ་དང་། ཕག་གི་པགས་པ་རྣམས་སོ།། དེ་ནས་ཟླུམ་སྐོར་གསུམ་པོ་གསུང་གི་འཁོར་ལོའི་གནས་ལ་ཤར་དུ་ཤ་འཚོང་མ་དང་། མེར་རྫ་མཁན་མ་དང་། ལྷོར་ཁུར་བ་མཁན་མ་དང་། བདེན་བྲལ ་དུ་སྨད་འཚོང་མ་དང་། ནུབ་ཏུ་ཚེམ་བུ་མོ་དང་། རླུང་དུ་ཉ་བ་མོ་དང་། བྱང་དུ་གར་མཁན་མ་དང་། དབང་ལྡན་དུ་ཆོས་མཁན་མཾ་སྟེ། རྣལ་འབྱོར་མ་བརྒྱད་དོ།། འདི་རྣམས་ཀྱི་གདན་རྣམས་ནི་ཀུམ་བྷཱི་རའི་པགས ་པ་དང་རྭ་འགྲོན་བུའི་ཕུང་པོ་དང་། ཀརྐ་ཊའི་རུས་པའི་ཕུང་པོ་དང་། ཉ་སྐེམ་པོ་དང་། མ་ཀ་རའི་པགས་པ་དང་། སྦལ་པའི་པགས་པ་དང་། རུ་སྦལ་གྷི་ཁོག་པ་དང་། དུང་རྣམས་གྲངས་བཞིན་ནོ།། དེ་ནས་ཟླུམ ་སྐོར་བཞི་པ་སྐུའི་འཁོར་ལོའི་གནས་ལ་ཤར་དུ་ལྕགས་མཁན་མ་དང་། ལྷོར་རྒྱ་སྐྱུགས་མཁན་མ་དང་། ནུབ་དུ་སྙིང་བལ་མཁན་མ་དང་། བྱད་དུ་ཏིལ་མར་མཁན་དང་། མཱར་སྨུག་མ་མཁན་མ་དང་། བདྲེན ་བྲལ་དུ་ཤིང་མཁན་མ་དང་། རླུང་དུ་ཀོ་ལྤགས་མཁན་མ་དང་། དབང་ལྡན་དུ་འབྲེག་མཁན་མ་སྟེ་བརྒྱད་དོ།། འོདི་རྣམས་ཀྱི་གདན་རྣམས་ནི་བསོའི་པགས་པ་དང་། སྟག་གི་ཅི་པགས་པ་དང་། ངོམ་གྱི ་བགས་པ་དང་ངནེའུ་ལེའི་པགས་པ་དང་། འབྲིའི་པགས་པ་དང་། ལྕེ་སྤྱང་གི་པགས་པ་དང་། སྲམ་གྱི་པགས་པ་དང་། བྱི་ལའི་པགས་པ་རྣམས་སོ།། དེ་ནས་ཟླུམ་སྐོར་ལྔ་པ་དུར་ཁྲོད་ཀྱི་གནས་ལ་ཤར་དུ་ཀླ་ཀློ་མ་དང་རྭ ་ལྷོ་རུ་འཆག་པ་མོ་དང་། ནུབ་ཏུ་གཏུམ་མོ་དང་། བྱང་དུ་སྟག་གཟིགས་མ་དང་། མེར་སྙོན་ཐབས་མ་དང་། བདེན་བྲལ་དུ་རོ་བསྲེག་མ་དང་། རླུང་དུ་བྷི་ལླཱི་དང་། དབང་ལྡན་དུ་རི་ཁྲོད་མ་སྟེ་རབ་གཏུམ་མ་བརྒྱད་དོ།། འདི ་རྣམས་ཀྱི་གདན་རྣམས་ནི་གོ་དྷཱའི་པགས་པ་དང་། བྱི་བིའི་པགས་པ་དང་། སཱ་ལཱི་ཛཱ་ཏ་ཀའི་པགས་པ་དང་། སྤྲེའུའི་པགས་པ་དང་། རི་བོང་གི་པགས་པ་དང་། གཟུངས་མོ་བྱི་དུར་གྱི་པགས་པ་དང་། ཨི་འུ་ཀ་པ་ཤུའི ་པགས་པ་དང་། རྩངས་པའི་པགས་པ་རྣམས་སོ།། པགས་པ་འདི་རྣམས་མེད་ན་ཤར་དང་མེར་ཁྱིའི་པགས་པ་དང་། ལྷོ་དང་བདེན་བྲལ་དུ་རྟའི་པགས་པ་དང་། ནུབོ་དང་རླུང་དུ་གླང་པོའི་པགྲས་པ་དང་། བྱད་དང ་དབང་ལྡན་དུ་བ་ལང་གི་པགས་པ་དང་། དབུས་སུ་མིའི་པགས་པའོ།། དེ་ལྟར་གདན་རྣམས་བཀོད་ནས་རྣལ་འབྱོར་མ་རྣམས་བཞུགས་སུ་གསོལ་བར་བྱའོ།། པགས་པ་འདི་རྣམས་ཀྱི་སྡེར་སྦྱིན་པར་བྱ་སྟེ། དེ ་བཞིན་དུ་སྒྱོགས་རྣམས་ནི། ཤར་དུ་ཉ་ཕྱིས་ཀྱི་སྣོད་དེ་མེ་རུ་ཡང་དེ་བཞིན་ནོ།། ལྷོ་དང་བདེན་བྲལ་དུ་ན་རི་ཀེ་ལིའི་སྒྱོགས་སོ།། ནུབ་དང་རླུང་དུ་ཁམ་ཕོ་ར་རོ།། བྱང་དང་དབང་ལྡན་དུ་མིའི་ཐོང་པོའོ།། དབུས་སུ་ཤིང ་གི་སྣོད་དོ།། དཔེ་ནས་ཆང་ལ་སོགས་པ་ཕུལ་ནས་བཟའ་བ་དང་བཅའ་བ་ལ་སོགས་པ་སྒྲོན་མ་དང་བཅས་པ་འཆད་པར་འགྱུར་བ་རྣམ་པ་བཅུ་པོ་ཆུ་དང་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། མཎྜལ་བྱས་ནས ་སློབ་མས་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་ཏུ་མཆོད་པའི་རྫས་དབུལ་བར་བྱའོ།། དེ་ལྟར་ན་ཚོགས་ཀྱི་འཁོར་ལོ་ལ་གནས་དང་རིགས་ངེས་པའོ།། དེ་ནས་ལེའུ་ལྔ་པ་ལས་གསུངས་པའི་ཆོ་གས་འཁྲིག་པའི་ཀུན་ཏུ་སྤྱོད ་པ་ཡང་བྱའོ།། ཀུན་ཏུ་སྤྱོད་པ་དེ་ལ་ཤེས་རབ་ཡུམ་གྱི་ནང་ནས་ཆགས་ཀྱི་གཙོ་མོ་དེ་ནི་མཆོག་གི་ཡུམ་ཞེས་པ་སྟེ། གདོལ་པ་མོ་དང་། གཏུམ་མོ་དང་། ཚོགས་ཀྱི་འཁོར་ལོ་ལ་ཐམས་ཅད་དུ་གནས་པའི་རྣལ་འབྱོར ་མ་རྣམས་ཀྱི་སྤྱན་མ་ལ་སོགས་པ་བཞི་ནི་སྲིང་མོའོ།། སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་དང་། སྔོན་མོ་དང་། དྲག་ཅན་མ་གཉིས་ནི་ཆ་མོ་རྣམས་སོ།། ཕྱུགས་ཀྱི་སྐྱེ་བོ་འཇིག་སྟེར་ཙར་ཙི་ཀཱ་སོགས་བརྒྱད་ནི་ཡང་ཚ་མོའོ།། ་འདི་རྣམས་ནི་འཁོར་ལོ་ལ་གནས་པ་དུས་ཀུན་དུ་ནི་ཀུན་ཏུ་སྤྱོད་པས་གནས་པ་རང་རིགས་ས་ལ་གནས་པ་རྣམས་ཏེ། རྣལ་འབྱོར་པ་ཡིས་བསྟེན་པར་བྱའོ།། གནས་དང་ཞིང་དང་འདུས་པ་དང་དུར་ཁྲོད་དེས་བཅུ་གཉིས ་ལ་གནས་པ་རྣམས་བསྟེན་པར་བྱ་སྟེ། སྐྱེ་བོ་དང་བཅས་པ་གྲོང་གི་དབུས་དང་། འཁོར་ལོ་ཕྱི་རོལ་སྐྱེ་བོ་མེད་པར་ནམ་ཡང་དོར་བར་མི་བྱའོ།། ཞེས་པ་ནི་ངེས་པའོ།། གཙར་བུ་གོས་དང་བྲལ་ཞིང་སྐྲ་གྲོལ་བ་ལག ་ན་གྲི་གུག་དང་ཐོད་པ་ཅན་དེ་དག་ཐམས་ཅད་ཡང་དག་པར་རྒྱུ་སྟེ། དེ་བཞིན་དུ་དཔལ་ལྡན་རྡོ་རྗེ་ཅན་ནི་སློབ་དཔོན་ཏེ་གདོལ་པའོ།། དཔལ་ལྡན་ཡབ་ནི་གཏུམ་མོ་དེ་ཉིད་དེ། གཙོ་བོ་ཉིད་ཀྱི་ཕྱིར་གདོལ་པ་མོ་དང་། གཏུམ་མོའི ་ལྷག་མ་ཟ་བ་དང་། དེ་དང་འཁྲིག་པ་བྱེད་པའི་ཕྱིར་རོ།། དེ་ལྟར་རིགས་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་རང་གི་མ་ལ་སོགས་པ་དང་། རིགས་ལས་སྐྱེས་པ་རང་གི་སར་འོངས་པ་རྣམས་དོར་བར་མི་བྱ་ཞིང་། དེ་ལ ་ངོ་ཚ་བར་མི་བྱའོ།། དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་དཔལ་ལྡན་རྡོ་རྗེ་ཅན་ནི་དཔལ་ལྡན་ཡབ་སྟེ། སྙིང་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་བཞིན་དུ་བལྟ་བར་བྱའོ།། སངས་རྒྱས་ཐམས་ཅད་མིང་པོ་སྟེ། དམངས ་རིགས་ལ་སོགས་པ་དང་འཆག་པ་ལོ་སོགས་པ་རྣམས་སོ།། མིག་ལ་སོགས་པ་རྣམས་ནི་ཚ་བོ་སྟེ། མཁར་བ་མཁན་ལ་སོགས་པ་རྣམས་སོ།། ཡང་ཚེ་རྣམས་ནི་བརྒྱད་དེ་བཤུན་པ་ལ་སོགས་པའོ།། ཡང་ཚྭའི་བུ ་ནི་ལྕགས་མཁན་པ་རྣམས་སྐྱེ་བོ་དང་བཅས་པ་དང་། སྐྱེ་བོ་མེད་པར་རྣལ་འབྱོར་མ་རྣམས་ཀྱིས་དོར་བར་མི་བྱའོ།། ཕན་ཚུན་སེམས་རྣམ་པར་དག་པའི་ངེས་པའོ།། ཚོགས་ཀྱི་འཁོར་ལོ་དེ་ལ་བུད་མེད་ཟླ་བའི་བཞིན་དང་། ་ཨུད་པལ་མིག་ཅན་མཆོག་གི་དྲི་ཡིས་རྗེས་སུ་བྱུགས་པ་གང་སུ་དག་བསོད་ནམས་དག་གི་རྒྱ་རུ་དག་པ་གསུམ་གྱི་སློབ་དཔོན་དཔའ་བོ་དང་བཅས་པ་ལ་ནི་རྡོ་རྗེའི་མཆོད་པ་འབུལ་བྱེད་ན། ས་གཞི་བྱིན་དང་གླང་པོ་རྟ ་དང་ཤིང་རྟ་དུ་མཱའི་བུ་མོ་རབ་ཏུ་སྦྱིན་ལས་བསོད་ནམས་གང་ཞིག་འགྱུར་བའི་བསོད་ནམས་དེ་དག་ཐམས་ཅད་རྣལ་འབྱོར་མ་དེ་ལ་འགྱུར་རོ།། མི་བདག་ཅེས་པ་ནི་བོད་པའོ།། མཁར་གནས་ཟླ་བཱ་ཉི་མར ་མཚམས་སུ་སྟེ་མི་ཟད་པ་ཞེས་པའི་དོན་ཏོ།། ང་ནི་སྒྲོལ་མ་ཞེས་པ་ལ་སོགས་པས་དམངས་རིགས་ལ་སོགས་པའི་རིགས་ཀྱི་སྒྲོལ་མ་ལོ་སོགས་པའི་རིགས་རྣམས་གསུངས་ཏེ། མིའི་འཇིག་རྟེན་འདིར་ལས་ཀྱི་རྗེས་སུ ་མཐུན་པས་རིགས་སོ།། དེ་ལ་དམངས་རིགས་རྣམ་པ་བཞི་སྟེ། ས་གཞི་རྨོ་བ་དང་། བ་ལང་སྐྱོང་བ་དང་། འཇིམ་པའི་ལས་བྱེད་པ་དང་། ཁྱིམ་པ་ལ་སོགས་པའི་གནས་བྱེད་པའོ།། དེ་བཞིན་དུ་སྒྲོལ་མ་དམངས་མོ་རྣམ་པ ་བཞི་རུ་སའི་སྟེང་དུ་འགྱུར་རོ།། གོས་དཀར་མོ་ནི་རྒྱལ་རིགས་མ་རྒྱལ་རིགས་ཀྱི་ཆོས་ཀྱིས་རྣམ་པ་བཞི་སྟེ། རྐང་ཐུང་དང་རྟ་ལྀ་ཞོན་པ་དང་། གླང་པོ་ཆེ་ལ་ཞོན་པ་དང་། ཤྲིང་རྟ་ལ་ཞོན་པའོ།། ས་སྟཽ་སྤྱན་མ་ནི་རྗེའུ་རིགས་མ ་རྣམས་རྗེའུ་རིགས་ཀྱི་ཆོས་ལས་རྣམ་པ་གསུམ་སྟེ། ཚོང་པ་དང་། ཡིག་མཁནྡ་དང་། སྨན་པའོ།། མཱ་མ་ཀཱི་ནི་གཉིས་སྐྱེས་སྐྱེ་བོའི་རིགས་སྐྱེས་བྲམ་ཟེ་གཉིས་སྐྱེས་ཀྱི་ཆོས་ལས་རྣམ་པ་བདུན་ཏེ། ངེས་བརྗོད་ཀྱི་ཡལ ་ག་དང་། མཆོད་སྦྱིན་གྱི་ཡལ་ག་དང་། སྙན་དོག་གི་ཡལ་ག་དང་། སྲིང་བསྲུང་གི་ཡལ་གི་དང་། ནགས་ན་རབ་ཏུ་གནས་པོའི་ཆུང་མ་དང་། བདོག་པོའི་ཆུང་མ་དང་། གྲོལ་བའི་ཆུང་མ་སྟེ་རྣམ་པ་བདུན་ནོ།། དེ་བཞིན་དུ་སྒྲ་རྗེ ་རྗེམ་ནི་མཱ་ཁར་བ་མཁན་མ་ར།། རྡོ་རྡོ་རྗེ་མ་ནི་ཆུབ་འཚོང་མའོ།། གཟུགས་རྡོ་རྗེ་མ་གསོར་མཁན་མའོ།། རྡོ་རྗེ་སྤུ་ནི་ཕྲེང་བ་མཁན་མའོ།། རོག་བྱ་རྡོ་རྗེ་མ་ནི་ཐགས་མཁན་མའོ།། རྒྱུས་ཀྱི་ཤྩཱ་སྠཱས་རྡོ་རྗེ་མ་ན་ནོར་བུ་མྦྷ་ཁན་མའོ།། དྲུག ་ཙན་མ་ནི་ཁྲོན་པ་མཁན་མའོ།། ཤིན་ཏུ་སྔོན་མོ་ནི་འོད་མའི་གྲཝར་མཁན་ཏི་གདོལ་པའི་གར་མཁན་མའི་དེ་བཞིན་དུ་ཙཱ་མུཎྜ་ནི་ཤ་འཚོང་མའོ།། ཁྱབ་འཇུག་མ་ནི་རྫ་མཁན་མའོ།། ཕག་མོ་ནི་ཁུར་བ་མཁན་མའོ།། གཞོན་ནུ་མ ་ནི་སྨད་འཚོང་མའོ།། དབང་མོ་ནི་ཚེམ་བུ་མེའོ།། ཚངས་མ་ནཱི་ཉ་པ་མོའོ།། དྲག་མོ་ནཱི་མཁན་མའོ།། དཔལ་མོ་ནི་ཆོས་མཁན་མ་སྟེ་བརྒྱད་དོ།། དེ་བཞིན་དུ་རྨུགས་བྱེད་མ་ནི་རྒྱ་སྐྱེགས་མཁན་མའོ།། རེངས་བྱེད་མ་ནི་སྲིན ་བལ་མཁན་མའོ།། ཁེངས་མ་ནི་ཏིལ་མར་མཁན་མའོ།། ཤིན་ཏུ་སྟོབས་ནི་ལྕགས་མཁན་མའོ།། འོད་ཟེར་ཅན་ནི་ཀོ་ལྤགས་མཁན་མོའོ།། ཁྲོ་གཉེར་ཅན་ནི་ཤིང་མཁན་མའོ།། ཙུན་ད་ནི་འབྲེག་མཁན་མའོ།། རྡོ་རྗེ་ལྕགས ་སྒྲོག་མ་ནི་སྨྱུག་མ་མཁན་མ་སྟེ། བརྒྱད་ནི་ཁྲོ་བོའི་རིགས་ཅན་རྣམས་སོ།། ཁྱི་གདོང་མྱ་ནི་ཀླ་ཀློ་མཱའོ།། ཕག་གདོང་མ་ནཱི་འཕྱག་པ་མོའོ།། ནྡེ་སྤྱང་གདོང་མ་ནི་གཏུམ་མོའོ།། སྟག་གདོང་མ་ནི་སྟུག་གཟིགས་མའོ།། བྱཱ ་རོག་གདོང་མ་ནི་སྐྱོན་ཐབས་མའོ།། བྱ་རྒོད་གདོང་མ་ནི་རོ་བསྲེག་མེའོ།། མཁའོ་ལྡིང་གདོང་མ་ནི་བྷོ་ཝཱིའོ།། འུག་གདོང་མ་ནི་རི་ཁྲོད་མ་སྟེ། བརྒྱད་ནི་རོག་ཏུ་གཏུམ་མའོ།། དེ་ལྟར་ན་སུམ་ཅུ་རྩ་དྲུག་རིགས་ཀྱི་དབྱེ་བུས་བཞིའི ་གནས་སུ་རྣལ་འབྱོར་མ་རྣམས་ངག་གི་རིགས་རྣམས་ཏེ། ཞིང་དང་གནས་དང་ཉེ་བའི་གནས་དང་ཡུལ་དང་གློང་མཆོག་དཔལ་ལྡན་ནགས་སུ་ཡང་དག་གནས་པ་ནི། རྨོངས་རྣམས་འཆིང་བར་བྱེད་ཅིང་རབ་མཆོག ་ས་ཡི་སྟེང་དུ་རྣལ་འབྱོར་པ་རྣམས་དག་ལ་དངོས་གྲུབ་སྟེར་ཞེས་པ་སྟེ། སླར་ཡང་འདི་རྣམས་ཀྱི་དབྱེ་བ་ནི། བཞི་ནི་དམངས་རིགས་ལ་སོགས་པའོ།། དྲུག་ནི་སྒྲ་རྡོ་རྗེ་མ་ལ་སོགས་པའོ།། དེ་བཞིན་བརྒྱད་ནི་ཙ་རཾ་ཙི་ཀཱ་ལ་སོགས ་པའོ།། བཅུ་ནི་ཁྲོ་བོའི་དབྱེ་བ་རྣམས་ཏེ། དེ་དག་ལས་གཉིས་ནི་སྒྲ་ལ་སོགས་པ་རྣམས་ལ་རབ་ཏུ་ཞུགས་སོ།། ནོར་ནི་བརྒྱད་ཀྱི་དབྱེ་བ་སྟེ། ཁྱི་གདོང་མེ་ལ་སོགས་པ་རྣམས་སོ།། དེ་བཞིན་དུ་བཞི་ནི་སངས་རྒྱས་དབྱེ་བ་རྣམས་སོ།། ་དྲུག་ནི་བྱང་ཆུབ་སེམས་ངོ་བའི་རབ་ཏུ་དབྱེ་བ་རྣམས་སོ།། ཡི་དགས་རྣམས་ནི་བརྒྱད་ཀྱི་དབྱེ་བའོ།། ཁྲོ་བོ་རྣམས་ནི་བཅུའོ།། ལྷ་མིན་རྣམས་ནི་བརྒྱད་ཀྱི་དབྱེ་བ་སྟེ། གདེངས་ཅན་སྲིད་པར་གནས་རྣམས་ཤེས་པ་ནི་རྣལ་འབྱོར་པ ་རྣམས་ཀྱི་དབྱེ་བ་སུམ་ཅུ་རྩ་དྲུག་སྟེ། རྣོལ་འབྱོར་པ་ཡིས་རིག་པར་བྱའོ།། གཅིག་པུ་གཅིག་ནི་སྣ་ཚོགས་ཡུམ་སྟེ། སྲིད་གསུམ་གནས་སུ་དཔལ་ལྡན་རིགས་རྣམས་ངག་གི་ཁྱབ་བྱེད་དེ་སུམ་ཅུ་རྩ་བདུན་པའོ།། དེ་བཞིན ་ས་འོག་རྣམས་སུ་གཏུམ་མོ་བརྒྱད་དེ།། ཁྱི་གདོང་མ་ལ་སོགས་པོ་རྣམས་སོ།། མིའི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ལ་ནི་ཁྲོ་སྐྱེས་རྣམས་སོ།། ཡི་དགས་ཞེས་བྱ་བ་བརྒྱ་ནི། ཡི་དགས་འཇིག་རྟེན་དུ་སྟེ་ལྷ་མཆོ ་གནས་སུ་སྒྲའི་རྡོ་རྗེ་ལ་སོགས་དྲུག་ཅེས་པ་ནི་འདོད་པ་ན་སྤྱོད་པ་དྲུག་གོ།། ཚངས་པའི་ཡུལ་སར་དཔལ་ལྡན་བཞི་སྟེ་ཚངས་རིས་ལ་སོགས་པའི་གཟུགས་ཅན་ཟད་པར་ས་ལ་སོགས་པ་བསྒོམ་པ་རྣམས་སོ།། གཟུགས་མེད་པ ་རྣམས་ནི་སྟོང་པའི་ཁམས་སོ།། རབ་མཆོག་ཞི་བའི་གྲོང་དུ་ཡུམ་གཅིག་མ་ནི་ཡེང་ཤེས་ཀྱི་ཁམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། འདི་དག་རབ་ཏུ་ཁྲོས་པའི་ཞལ་རྣམས་ཀྱིས་སྣ་ཚོགས་ཏེ་ལུས་ཡང་དག་སྡུང ་བྱེད་དགྱེས་པ་རྣམས་ཀྱིས་ནི་སྐྱོང་བར་བྱེད་པ་ཉིད་དོ།། ཞེས་པ་ནི་རྣལ་འབྱོར་མའི་རིགས་ངེས་པའོ།། ད་ནི་བུ་མོ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་རྡོ་རྗེའི་མཆོད་པའི ་ངེས་པ་གསུངས་ཏེ། འདིར་དབེན་པར་ཚོགས་ཀྱི་འཁོར་ལོ་འམ། སྐྱེ་བོ་མེད་པར་བསྒོམ་པའི་དུས་སུ་བུ་མོ་རྒན་མོ་དར་མ་རྣམས་སམ། ལུས་ནི་དྲི་མ་དང་བཅས་པ་འམ། བྲམ་ཟེ་མོ་འམ། རྒྱལ་རིགས་མོ་འམ། རྗེའུ་མོ ་འམ་དམངས་མོ་འམ། མཐར་སྐྱེས་མ་འམ། མིག་དང་ལག་པ་དང་བྲལ་བ་འམ། རྣ་བ་ཆད་པ་འམ། སྣ་ཆུད་པ་འམ། མཆུ་ཆད་པ་འམ། ཞེས་པ་ལ་སོགས་པ་ཡན་ལག་མ་ཚང་བ་རྣམས་ཏེ། མཐའ་དག་ནི་བྱུང ་ཆུབ་རྒྱུ་རུ་མཆོག་གི་སྙིང་རྗེས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་གྱིས་བསྟེན་པར་བྱ་སྟེ། སློབ་དཔོན་ནམ་རྣལ་འབྱོར་པ་དྲི་མ་དག་དང་རྣམ་པར་བྲལ་ཏེ་ཁེངས་པ་ལ་སོགས་པའི་སྐྱོན་ལས་གྲོལ་ཞིང ་བྱང་ཆུབ་སྤྱོད་ལ་རྗེས་སུ་ཞོན་པ་ཆགས་པ་དང་ཕྱི་རོལ་དང་ཁྱིམ་གྱི་འཆིང་བ་ཐམས་ཅད་ལས་གྲོལ་བ་རྣམས་ཀྱིས་སོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་དང་པོར་ཞེས་པ་ལ་སོགས ་པས་རྡོ་རྗེའི་མཆོད་པ་ལོ་ཕྱག་རྒྱ་བཞིའི་མིང་གསུངས་ཏེ། འདིར་དམ་ཚིག་འདུས་པ་ལ་མིང་རྣམ་པ་བཞི་ནི་དང་པོར་ཤེས་རབ་བུད་མེད་གང་ཡིན་པ་དེ་ནི་གསང་བའི་ཕྱག་རྒྱར་བརྗོད་དོ།། དམ་ཚིག་ལ་ནི་དཔལ་ལྡན་སྐྱེས ་པ་སྟེ། རྣལ་འབྱོར་པ་ཐབས་ནི་མཆོག་གི་ཕྱག་རྒྱར་འགྱུར་རོ།། དེ་དག་འདུས་པའི་རྩེད་མོ་ལ་ཙུམ་པ་ན་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ།། དབང་པོ་གཉིས་ཀྱི་སྦྱོར་བའི་བདེ་མཉམ་དག་གིས་ཆོས་ཀྱི་ཕྱོག ་རྒྱུར་བརྗོད་དོ།། དམ་ཚིག་གི་སྐད་རྣམ་པ་བཞི་པོ་འདི་ནི་རྡོ་རྗེའི་མཆོད་པ་ལ་གསུངས་སོ།། དྲི་ནི་ཕོ་ཉ་མོ་རྣམས་ཞེས་པ་ལ་སོགས་པས་ཕོ་ཉ་མོ་རྣམས་ཀྱིས་ལུས་སམ་སྐྱེ་གནས་ལ་དྲིའི་མཚན་ཉིད་གསུངས་ཏེ། འདིར ་ཕོ་ཉ་མོ་རྣམས་དག་གི་དྲི་ལྔ་ལུས་ལ་གནས་པ་འམ། པདྨ་ལ་གནས་པར་འགྱུར་ཏེ། དེ་བཞིན་དུ་དེ་དག་གི་རྣམས་པ་ལྔར་འགྱུར་རོ།། དེ་ལ་རང་བཞིན་ནི་ན་མཁའ་ལ་སོགས་པ་སྟེ། དེའི་ཡོན་ཏན་གྱི་དབང་གིས་གླ་རྩིའི ་དྲི་དང་། པདྨའི་དྲི་དང་། གཅོན་གྱི་དྲི་དང་། ཤའི་དྲི་དང་། རུལ་པའི་དྲི་དང་། གྲངས་བཞིན་དུ་དཔལ་ལྡན་བཟང་མོ་དང་། པདྨ་ཅན་དང་། དུང་ཅན་མ་དང་། སྣ་ཚོགས་མ་དང་། གླང་ཆེན་མ་སྟེ། འདི་རྣམས་གླ་རྩི་ལ་སོགས ་པའི་དྲིར་རིམ་པ་བཞིན་དུ་འགྱུར་རོ།། དཔལ་ལྡན་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། དཔལ་ཤིན་ཏུ་བཟང་མོའོ།། སྒྲོལ་མ་ནཱི་པདྨ་ཅན་ནོ།། གོས་དཀར་མོ་ནི་དུང་ཙནྡ་མའོ།། མཱ་མྱ་ཀཱི་ནི་སྣ་ཚོགས་མཱའོ།། སྠཱ་ནཱ་མ་ནཱི་གླུང ་ཆེན་མའོ།། དེ་བཞིན་དུ་རྣལ་འབྱོར་པ་ཡང་རྣམ་པ་ལྔ་སྟེ། སེང་གེ་དང་། རི་དགས་དང་། རྟ་དང་། ཁྱུ་མཆོག་དང་། གླང་པོ་ཆེ་སྟེ་རིགས་ཀྱི་དབྱེ་བ་ལས་སོ།། མི་བསྐྱོད་པ་ནི་སེང་གེའོ།། དོན་ཡོང་གྲུབ་པ་ནི་རི་དགས་སོ།། རིན་ཆེན ་འབྱུང་ལྡན་ནི་རྟའོ།། སྣང་པོ་མཐའ་ཡས་ནི་ཁྱུ་མཆོག་གོ།། རྣམ་པར་སྣང་མཛད་ནི་གླང་པོ་ཆེའོ།། དེའི་ཕྱིར་སྔ་མ་བཞིན་དུ་དྲིའི་ངེས་པ་དང་། རིགས་ཀྱི་ངེས་པའོ།། དཱ་ནི་ཡན་ལག་ཕྲ་ཞེས་པ་ལ་སོགས་པས་ལུས་ཀྱི ་མཚན་ཉིད་གསུངས་ཏེ། འདིར་ཤིན་ཏུ་བཟང་མོ་ནཱི་ཡན་ལག་ཕྲ་ལྡན་སྐྲ་རྣམས་ཕྲ་ཞིང་རྐང་ལག་འཇམ་ལོ་སེམས་ཅནྡ་ལ་མཉེས་བཤིན་ཞེས་པ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། དེ་བཞིན་དུ་ཅུང་ཟད་ཕྲ་བ་དང་ལྡན ་ལང་ཅུང་ཟད་རིང་ཞིང་མིག་ནི་གཡོ་བ་མང་ལ། སྐྲ་ནཱི་ཁྱོག་པ་པདྨ་ཅན་ཞེས་པ་སྟེ། སྦྲུལ་མའོ།། དེ་བཞིན་དུ་ངོ་ཚ་མེད་ཅིང་འདོད་པ་དྲག་ལ་རྩོད་མང་ལ། སྐྲ་ནི་ཤིན་ཏུ་ཆུང་བ་དུང་ཅན་མ་ཞེས་པ་སྟེ་གོས་དཀཪྵ་མོའོ།། རིང་ཞིང ་ཡན་ལག་ཐམས་ཅད་རྫོགས་ལ་ངེས་པར་ཡང་བའི་ཡུལ་དང་། སྐྲ་ནི་རིང་བའི་སྣ་ཚོགས་མ་ཞེས་པ་སྟེ་མཱ་མ་ཀཱིའོ།། དེ་བཞིན་དུ་སྒོམ་ཞིང་ཐུང་ལ་ཡན་ལག་བརྟན་ལྡན་ཤིན་ཏུ་སྲ་བའི་ཡུལ་དང་སྒྲ་ནི་སྦོམ་པ་གླང ་ཆེན་མ་ཞེས་པ་སྟེ་སྤྱན་མའོ།། དེ་ལྟར་ཕོ་ཉ་མོ་རྣམས་དག་པའི་རིགས་ནི་འགའ་ཞིག་དག་ཏུ་འདིར་འགྱུར་དུས་ཀུན་དུ་ནི་འདྲེས་པའི་རིགས་སོ།། ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་རིགས་ངེས་པའོ།། ད་ནི་རྣལ་འབྱོར་པ ་རྣམས་ཀྱི་མཚན་ཉིད་གསུངས་ཏེ། སེང་གེ་དག་ཀྱང་འབྲོག་ན་གནས་ཤིང་ཡུལ་དང་རྣམ་བྲལ་འཇིགས་པ་མེད་ལ་གཏོང་བའི་ངང་ཚུལ་ཅན་ཞེས་པ་ནི་མི་བསྐྱོད་པའོ།། རི་རིགས་འགྱོགས་འགྲོ་དང་ལྡན་འགྱུར་ཞིང་ཡང ་བའི་ཡུལ་དང་སྐྲག་པའི་སེམས་ཏེ་ཤིན་ཏུ་འཇིགས་པའོ།། ཞེས་པ་ནི་དོན་ཡོད་གྲུབ་པའོ།། རྟ་ནི་ངེས་པར་འདོད་ལ་སྲེད་པར་འདིར་ཏེ་གཞན་དབང་གཅིན་གྱི་དྲི་དང་གཞན་ངོན་གཉེར་བའོ།། ཞེས་པ་ནི་རོ་ནི་ཆེན་འབྱུང ་ལྡན་ནོ། ཁྱུ་མཆོག་རེངས་པའི་མིག་དང་དམན་པར་འགྲོ་ལྡན་རང་བཞིན་ཡོན་ཏན་བླུན་པོ་ཉ་ཡི་དྲི་རུ་འགྱུར་ཞེས་པ་ནི་སྣང་བ་མཐའ་ཡས་སོ།། གླང་ཆེན་འདོད་ལྡན་ངེས་པར་ངལ་བར་འགྲོ་བར་འགྱུར་ཏེ་རུལ་བའི ་དྲི་དང་ཤིན། ཏུ་རྨོངས་པའོ།། ཞེས་པ་ནི་རྣམ་པར་སྣང་མཛད་དོ།། དེ་ལྟར་འགའ་ཞིག་ཏུ་རྣལ་འབྱོར་པ་རྣམས་ཀྱི་དག་པའི་རིགས་ཏེ་ཐམས་ཅད་དུ་ནི་འདྲེས་པའི་རིགས་སོ།། དེ་ལྟར་སུམ་ཅུ་དབྱེ་བས་ཕྱེ་བ་སའི་སྟེང ་གི་གནས་སུ་རིགས་ཀྱི་དྲིའི་རང་བཞིན་ཏེ། ཕན་ཚུན་འདྲེས་པ་ལས་སྐྱེས་པར་གྱུར་པའོ།། ངོའི་ཕྱིར་ཉ་མོ་དེ་དག་རྣམས་མཚང་བའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པས་རིག་པར ་བྱའོ།། གང་ལས་ཅིའི་ཕྱིར་ཞེ་ན། ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡོས་མ་ཚིམ་དངོས་གྲུབ་སྦྱིན་པར་མི་འགྱུར་རོ།། དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པའི་བསྟན་བཅོས་ཤེས་པར་བྱའོ་ཞེས ་པཾ་ནི་ངེས་པའོ།། ད་ནི་མཛྙཱ་ས་མ་ཞེས་པ་ལ་སོགས་པོས་ཕོ་ཉ་མོ་རྣམས་ཀྱི་ཆོས་ཀྱི་དབྱིངས་ལ་སོགས་པའི་རིགས་གསུངས་ཏེ། འདིར་མཛེས་མ་ནི་ཆོས་ཀྱི་དབྱིངས་མའོ།། ལྷ་མོ་ནི་སྒྲ་རྡོ་རྗེ་མའོ།། ཤ་ཟ་མོ་ནི་དྲི་རྡོ་རྗེ་མའོ།། མི་མོ་ནི ་གཟུགས་རྡོ་རྗེ་མའོ།། སྲིན་མོ་ནི་རོ་རྡོ་རྗེ་མའོ།། གླུ་མོ་ནི་རེག་བྱ་རྡོ་རྗེ་མའོ།། དེ་ལ་མཛེས་མ་སེམས་ཅན་ཕན་པ་བྱེད་མ་བརྟུལ་ཞུགས་ངེས་པ་ལ་དགའ་སྡོམ་དོང་བསམ་གཏན་དང་ཚུལ་ཅན།། ལྷ་མོ་ལོངས་སྤྱོད་ལ་ནི་རྗེས་ཆགས ་འགྱུར་ཏེ་དྲི་མ་ལྡན་ཞིང་ལྷག་མ་ལ་ཆགས་ཤ་ཟ་མོ།། མི་མོ་འདོད་ལ་རྗེས་ཆགས་མ་ཡིན་སྲིན་མོ་མི་ཡི་ཁྲ་གོ་ལ་འགའ་ཞིང་གསོད་པར་སེམས་མ་སྟེ། ཀླུ་མོ་དག་ཀྱང་འོ་མིའི་ཟས་ཅན་རབ་མཆོག་ས་ཡི་སྟེང་དུ་རྣལ་འབྱོར ་པ་ཡིས་མཆོད་པར་བྱ་སྟེ། ཐམས་ཅད་དུ་གནས་དང་ཉེ་བའི་གནས་ལ་སོགས་པ་རྣམས་སུའོ་ཞེས་པ་ནི་ངེས་པའོ།། དེ་བཞིན་གཞན་དུ་འདྲེས་པའི་རང་བཞིན་རྣམས་ནི་རང་བཞིན་ཡོན་ཏནྡ་དབང་གིས་རྣལ་འབྱོར་པ་ཡིས་རིག ་པར་བྱ་སྟེ། ཙར་ཙི་ཀྲོ་ལ་སོགས་པ་རྣམས་འདོད་མ་དང་ཕྱིར་འདོད་མ་ལ་སོགས་པའི་རང་བཞིན་གྱིས་སྒྲུབ་ཐབས་ཀྱི་ལེའུ་ལས་འཆད་པར་འགྱུར་བའི་ཆོ་གས་སོ།། དེ་ལྟར་སའི་སྟེང་གི་གནས་སུ་མཁའ་སྤྱོངས་སྤྱོད་རྣམས ་ནི་སུམ་ཅུ་རྩ་དྲུག་དབྱེ་བས་ཕྱེ་བའོ།། ད་ནི་ཆང་ཞེས་པ་ལ་སོགས་པས་སྟོན་པ་པོའི་བཏུང་བ་ངེས་པ་གསུངས་ཏེ། འདིར་ཆང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཏེ་སྦྲང་རྩི་ལས་སྐྱེས་པ་འམ། བུ་རམ་ལས་སྐྱེས་པ ་འམར་འབྲས་ལས་སྐྱེས་པ་འམ། ཤིང་ལས་སྐྱེས་པ་འམ། གཞན་པའོ།། ཕྱག་རྒྱ་དང་བྲལ་སློབ་དཔོན་གང་ཞིག་འཐུང་བྱེད་དེ་ནི་ཡུལ་ཅན་དུ་འགྱུར་ཏེ། ཆང་འཐུང་ངོ་ཞེས་པའི་དོན་དོ།། བདུད་ཀྱི་ཚོགས་ཀྱིས་བསྐོར་བར་འགྱུར་རོ།། ་དེ་ཕྱིར་ཤེས་རབ་ལྷག་ལྡན་སྡིག་པའི་དྲི་མ་འཕྲོག་ཅིང་སྔགས་པ་རྣམས་ལོ་དངོས་གྲུབ་སྦྱིན་པར་འགྱུར་ཞེས་པའོ།། ཕྱག་རྒྱ་གང་སུ་རུང་པོ་ཆང་འཐུང་བའི་དུས་འདིར་ནི་དཀྱིལ་འཁོར་དང་ཚོགས་ཀྱི་འཁོར་ལོ་མ་གཏོགས་པར་དམ ་ཚིག་རྣམ་པར་བྲལ་ཡང་བཏུང་བའི་སླད་དུ་རབ་ཏུ་བྱ་སྟེ། རྡོ་རྗེ་མཆོད་པའི་དོན་དུའོ་ཞེས་པོ་ནི་ངེས་པའོ།། གང་གིས་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་བཞི་པ་བསྟེན་པར་གྱུར་པ་དེའི་ཡོན་ཏན་གསུངས་ཏེ། རྒྱལ་པོ་རི་བོང་མཚན ་པ་གཅིག་པུ་ཐམས་ཅད་དུས་སུ་བསྟན་པ་འཆིང་བའི་འཇིགས་པ་འཕྲོག་བྱེད་ནི།། མི་འཕོ་བའི་བདེ་བས་ཤེས་རབ་ཆོ་སོ་འབྱུང་ལ་གནས་ཉིན་མོར་བྱེད་པ་དང་བཅས་པ་ནི་བྱང་ཆུབ་སེམས་ཀྱི་ཁམས་ཏེ། ཕྱི་རོལ་ཏུ་ཟོས་པས ་འཆི་བའི་འཇིགས་པ་འཕྲོག་ན་རྣལ་འབྱོར་ལྡན་པ་དག་གི་སྨོས་ཅི་དགོས་ཏེ། མི་འཕོ་བར་བྱས་པ་ཞེས་པའི་དོན་ཏོ།། མི་སྐྱོད་པ་ནི་གཅིན་ནོ།། དོན་ཡོད་པ་ནི་རྐང་ངོ་།། རྒྱལ་བ་མཆོག་ནི་རྣམ་པར་སྣང་མཛད་དེ། དེ་དང་ལྡན་པའི ་ནི་འཆི་བའི་འཇིགས་པ་འཕྲོག་པར་འགྱུར་རོ།། དེ་བཞིན་དུ་ཁྱི་དང་། རྟ་དང་། བ་ལང་དང་། གླང་པོ་ཆེ་དང་ལྡན་པ་ནི་ཉོན་མོངས་རྣམས་ཀྱི་རྡོ་རྗེ་དབྱུག་པ་སྟེ། ཕྱུགས་ཀྱི་སྐྱེ་བོ་འཇིགས་སྦྱིན་བརྒྱད་པ་གཞན་ནི་ཤིན་ཏུ་དྲག་ཅེས་པ་ནི་ཤ་ཆེན ་པོའི་དམ་ཚིག་གོ།། དེ་ལྟར་བཤང་བ་དང་གཅི་བ་དང་། རྐང་དང་སྒྲོན་མ་ལྔ་ནི་དམ་ཚིག་བརྒྱད་དེ་གཉིས་ནི་ཉི་མ་དང་ཟླ་བ་དག་གོ། དེ་ལྟར་བདུད་རྩི་ལྔ་དང་སྒྲོན་མོ་ལྔས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པ་རྣམ་པ་བཅུར་འགྱུར་རོ། ་ཆང་དང་ཤ་དང་འཁྲིག་པ་དང་། བདུད་རྩི་བཟའ་བ་ཞེས་པ་དམ་ཚིག་བཞི་ནི་སློབ་དཔོན་གྱིས་བྱ་སྟེ། རྣམ་པ་གཞན་དུ་ན་བདུད་ཀྱི་ཚོགས་ཀྱིས་འཛིན་པར་ཕྱིར་རོ།། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་ཁྱི་རྟ ་ཞེས་པ་ལ་སོགས་པས་རྣལ་འབྱོར་པ་རྣམས་ཀྱིས་གཟུགས་ཡོངས་སུ་བསྒྱུར་བས་དམ་ཚིག་སུམ་ཅུ་རྩ་དྲུག་གསུངས་ཏེ། འདིར་ཁྱི་ནི་སྒྲོལ་མའོ།། རྟ་ནཱི་གོས་དཀར་མོའོ།། བ་ལང་ནཱི་མཱ་མ་ཀཱིའོ།། གླང་པོ་ཆེ་ནི་སྤྱན་མའོ།། རྡོ ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་གཟུགས་ཐམས་ཅད་འཛིན་པའོ།། ལུག་ནི་སྒྲ་རྡོ་རྗེ་མའོ།། ར་ནི་རིག་བྱ་རྡོ་རྗེ་མའོ།། རི་དགས་ནི་རོ་རྡོ་རྗེ་མའོ།། བོང་བུ་ནི་གཟུགས་རྡོ་རྗེ་མའོ།། ཕག་ནི་དྲི་རྡོ་རྗེ་མེའོ།། རྔ་མོ་ནི་ཆོས་ཀྱི་དབྱིངས་ཀྱི ་རྡོ་རྗེ་མོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་ཀྱི་དབྱེ་བས་འདི་དག་ཕྱོགས་ཤེས་པ་སྟེ་བཅུའོ།། དེ་བཞིན་དུ་ཀུམྦྷཱི་ར་ནི་ཙ་ར་ཙི་ཀཱའོ།། འགྲོན་བུ་ནི་ཁྱབ་འཇུག་མའོ།། ཀུ་ལི་ར་ནི་ཕག་མའོ།། ཉ་ནི་གཞོན་ནུ་མོའོ།། ་མཱ་ཀ་ར་ནི་དབང་མོའོ།། སྦལ་པ་ནི་ཚངས་མའོ།། རུས་སྦལ་ནི་དབང་ཕྱུག་མའོ།། དུང་ནི་དཔལ་ཆེན་མོ་སྟེ་འབྱུང་པོ་ལས་སྐྱེས་པ་བརྒྱད་དོ།། བསེ་ནི་རྨུག་བྱེད་མའོ།། སྟག་ནི་རེངས་བྱེད་མའོ།། དྲོམ་ནི་ང་རྒྱལ་མོའོ།། ་ནེའུ་ལེ་ནི་ཤིན་ཏུ་སྟོབས་མའོ།། འབྲི་ནི་རྡོ་རྗེ་ལྕགས་སྒྲོག་མའོ།། ཅེ་སྤྱང་ནི་ཁྲོ་གཉེར་ཅན་མའོ།། སྲེམ་ནི་ཙུན་ངའོ།། བཱི་ལི་ནི་འོད་ཟེར་ཅན་ནོ།། འབྲོག་དགོན་པའི་ཁྱི་ནི་ཤིན་ཏུ་སྔོན་མོའོ།། འབྲོག་དགོན་པའི་སེང་གེ་དྲག་ཅན་མ ་སྟེ་ཁྲོ་བོ་ལས་སྐྱེས་པ་བཅུའོ།། དེ་བཞིན་དུ་གོ་དྷི་ནི་བྱ་རོག་ག་དོང་མའོ།། བྱི་བ་ནི་ཕག་གདོང་མའོ།། ཤ་ལིཾ་ཛཱ་ཏ་ཀ་ནི་ཅེ་སྤྱང་གདོང་མའོ།། སྤྲེའུ་ནི་སྟག་གདོང་མའོ།། རི་བོང་ནི་ཁྱི་གདོང་མའོ།། གཟུངས་མོ་ནི་བྱ། ་རྒོད་གདོང་མའོ།། ཨོའུ་ཀ་ནི་མཁའ་ལྡིང་གདོང་མེའོ།། རྨོངས་པ་ནི་འུག་གདོང་མ་སྟེ། བརྒྱད་ནི་ལྷ་མིན་ལས་སྐྱེས་པ་རྣམས་ཀྱིས་དམ་ཚིག་དང་གཟུགས་ཡོངས་སུ་བསྒྱུར་བའོ།། དེ་ལྟར་ས་ལ་སྤྱོད་པ་དང་ཆུ་ལ་སྟོང ་པའི་དམ་ཚིག་ངེས་པའོ།། ད་ནི་ཁེངས་ལྡན་ཞེས་པ་ལ་སོགས་པས་མཁའ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་གསུངས་ཏེ། འདིར་ཁྱི་ལ་སོགས་པ་བཞི་པོ་ཇི་ལྟ་བ་དེ་བཞིན་དུ་ཁེངས་ལྡན་འདབ་ཆགས་ཏེ། ཙཱ་ཏཾ་ཀ་དང ་ནེ་ཙེ་དང་། ཁུ་བྱུག་དང་། རི་སྐེགས་ཏེ། གསལ་བར་ཆུའི་གཏེར་ཞེས་པ་དམ་ཚིག་བཞི་སྟེ། སྒྲོལ་མ་ལ་སོགས་པ་རྣམས་སོ།། དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་དྲུག་ནི། ལཱ་བ་དང་། ཕུག་རོན་དང་། བྱ་དཀར་དང ་ཙ་ཊ་ཀ་དང་། ངུ་པ་དང་། ངང་པའོ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་འབྱུང་པོ་ལས་སྐྱེས་པའི་དམ་ཚིག་བརྒྱད་ནི།། ཁྲུང་ཁྲུང་དང་། ཁུ་བྱུག་མིག་དང་། ར་ཛཱ་ཀཱི་དང་། བྷ་ག་པ་ཏཱི་ཞེས་པ་པེ་ཊ་ཀཱི་དང་། ཏིཏྟི་རི་དང་། བཞད་དང་། ཚུལ ་འཇུག་པ་ཞེས་པ་ཆུའི་བྱ་འོག་དང་། ཆུ་སྦྱར་ཏེ་ནོར་རྣམས་ཤེས་པ་བརྒྱད་ནི་ཙཱ་མུརྞྞེ་ལ་སོགས་པ་རྣམས་ཀྱིས་ཏེ་རིམ་པས་རིག་པར་བྱའོ།། དེ་བཞིན་དུ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱིས་དམ་ཚིག་བཅུ་ནི། བྱ་རོག་དང་། བྱ ་རྒོད་དང་འུག་པ་དང་། རཱི་དགས་དགྲ་ཞེས་པ་ཧོར་པ་ཆེན་པོ་དང་། གཙུག་ཕུད་ཅན་དང་། བྱ་གག་དང་། བྷེ་དྲ་ཞེས་པ་སན་ཙཱ་ཀ་དང་། གྷོ་ར་ཞེས་པ་འོལ་བཾ་དང་། ཧོར་བ་དང་། ལྗོན་ཤིང་དགྲ་སྟེ་ཁྲོ་བོ་ལས་སྐྱེས་ཁྲོ་བོའི་རིགས ་རྨུགས་བྱེད་ལ་སོགས་པ་རིམ་པ་ཇི་ལྟ་བས་སོ།། དེ་བཞིན་དུ་ཁྱི་གདོང་མ་ལ་སོགས་པ་ལྷོ་མིན་རྣམས་ཀྱི་དམ་ཚིག་བརྒྱད་ནི། མིག་སྔོན་དང་། ཙ་ཀོ་ར་དང་། ཨ་ནི་ལ་དང་། གུ་ད་མུ་ག་ཞེས་པ་ཕ་བང་དང་། བུག་གི་ཞེས་པ ་དཱུདྲུ་པཱུ་སཽ་དང་། རྐང་སྟེང་ཉལ་ཞེས་པ་ཊི་ཊི་བྷི་ག་དང་། བྷཻ་རུ་ཎེ་ཌ་དང་། ཨམ་པ་ནྟི་ཀཱ་སྟེ། མི་ཡི་བདག་པོ་བྱ་རོག་གདོང་མ་ལ་སོགས་པ་ལྷ་མིན་མོ་རྣམས་ཀྱི་མཆོག་གི་འབུ་ཚིགས་བརྒྱད་དུ་འགྱུར་རོ།། དེ་ལྟར་སུམ་ཅུ་རྩ ་དྲུག་རིགས་ཀྱི་དབྱེ་བས་སའི་སྲིད་པ་ལ་གནས་ས་སྤྱོད་མཁའ་ལ་སྤྱོད་རྣམས་ཀྱི་རིགས་སུ་གྱུར་པའི་དམ་ཚིག་སྟེ། དམ་ཚིག་བདུན་བཅུ་རྩ་གཉིས་པོ་མཐའ་དག་རྣམས་ནི་མཆོད་པའི་དུས་སུ་རྣལ་འབྱོར་པས་བཟའོ ་བར་བྱའོ། དེ་དག་ཀྱང་རྣལ་འབྱོར་མ་རྣམས་ཀྱི་བྱིན་ཏེ། རྨོངས་པས་གཏི་མུག་དགྲ་ལས་གལ་ཏེ་ཚོགས་ཀྱི་འཁོར་ལོ་ལ་དམ་ཚིག་བྱིན་པ་རྣམས་སྤངས་ན་དེའི་ཚེ་མྱུར་དུ་ཉམས་པར་རབ་ཏུ་འགྱུར་ཏེ་སྨད་པའི ་སེམས་ཀྱིས་སོ།། ད་ནི་སཽ་དང་ཞེས་པ་ལ་སོགས་པས་ལུས་ཀྱིས་ཆ་ཤས་ཀྱི་དམ་ཚིག་གསུངས་ཏེ། སོ་དང་། སྐྲ་དང་། ཕྱགས་པ་དང་། ཤ་དང་། ཆུ་རྒྱུས་དང་། རུས་པ་དང་། སྙིང་དང་། པདྨ་ཞེས་པ་སྟེ་གནས་དང་། ཤིག ་དང་རྔ་བ་སྤུ་དང་། སྲིན་པོ་དང་། གློ་བ་དང་། རྒྱུ་མ་དང་། ཆུ་སོ་དང་། བང་ཀཱན་དང་། མཁྲིས་པ་དང་། ཆུ་དང་། རྣག་དང་། སྣ་ཚོགས་ལུས་ལ་གནས་པ་ཞེས་པས་སེམས་ཅན་རྣམས་ཀྱི་ལུས་ལ་གནས་པ་རྣམས་དང་། ཁྲག ་དང་ར་རྡུལ་དང་། ཚིལ་དང་། མཆི་མ་དང་། མཆིལ་མ་དང་། སྣབས་དང་། དྲི་ཆུ་དང་། ཆུ་སར་དང་། ཞག་དང་། ཁ་དོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། ལྕེ་དང་། མིག་དང་། རྣ་བ་དང་། སྣ་དང་། རི་བོང་ཅན་ཞེས་པ་ཁུ་བ་དང ་ཉིན་ཕྱེད་ཅེས་པ་རྡུལ་ཏེ། དམ་ཚིག་གི་རྫས་འདི་རྣམས་ཀྱིས་ལྷ་རྣམས་མཆོད་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལི་རྣལ་འབྱོར་པ་རྣམས་ཀྱིས་སོ་ཞེས་པ་ནི་ངེས་པའོ།། སུམ་ཅུ་རྩ་དྲུག་ཡི་གེ་རྣམས་ནི་དེ་དག་གིས་རང ་བཞིན་ཡོན་ཏན་དབང་གིས་ཤེས་པ་ན་མཁའ་ལ་སོགས་པའི་ཁམས་ཀྱི་དབང་གིསོ་ཏཾ། ང་གྷ་ག་ཁ་ཀ། ཉ་ཎཱཾ་ཛ་ཆེ་ཙ། ཎོ་ཌྷ་ཌ་ཛཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། བྷ་ཤ་ཥརྠེ་ས། ཧ་ཡ་ར་ཝ་ལ་ཀྵ་ཞེས་པའོ། འདི ་རྣམས་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱང་སྟེ། བཅོམ་ལྡན་འདས་མ་དང་བཅས་པ་སུམ་ཅུ་རྩ་བདུན་ནོ།། དེ་བཞིན་དུ་སུམ་ཅུ་རྩ་དྲུག་ཁམས་ཀྱི་དབྱེ་བ་སྟེ། ཨ་ཨཱ་ཨ་ཨཱ་རི་རཱི་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ་ཨཱ་ཨེ་ཨཱུཾ་ཨཱར ་ཨཱར་ཨོ་ཨཱིཾ་ཨཾ་ལྀ་ཨཱ་ལ་ཨཾ་ཨཿཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཱཾ་ཧ། ཞེས་པ་སུམ་ཅུ་རྩ་དྲུག་འདི་དག་ནི་མཐའ་དག་སྲིད་པ་ལ་གནས་རིགས་རྣམས་དང་། མཚན་མ་སུམ་ཙྪ་དྲུག་དང་། ཕྱག་རྒྱ་སུམ་ཅུ་རྩ་དྲུག་གོ།། དེ ་བཞིན་དུ་དབྱངས་དང་བཅས་པའི་ཡི་གེ་སོ་སོ་ཡིས་བསྐྱེད་པ་རྣམས་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གོ། དེ་བཞིན་དུ་རྣལ་འབྱོར་མའི་རིགས་ཀྱི་རྒྱུད་རྣམས་ཏེ། བཅོམ་ལྡན་འདས་མ་དང་བཅས་པ་ཐམས་ཅད་སུམ་ཅུ་རྩ ་བདུན་གྱི་བདག་ཉིད་དུ་རིག་པར་བྱའོ་ཞེས་པ་ནི་ས་གཞི་དག་ལ་གནས་པ་རྣམས་ཤེས་པ་སྟེ་ངེས་པའོ།། ལྷག་མ་རྣམས་ནི་དག་པའི་རིགས་སུ་མི་འགྱུར་ཏེ། གསལ་བྱེད་སྣ་ཚོགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། དེ་ལྟར ་རིགས་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་བྲི་པ་དང་རྣལ་འབྱོར་མ་རྣམས་མཆོད་པ་ནི་ཉ་སོ་སོ་ལ་བྱའོ།། ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། ང་ནི་ཆུ་དང་ཞེས་པ་ལ་སོགས་པས་འཁོར་ལོ་འདུས་པ་ལ་མཆོད ་ཡོན་ལ་སོགས་པ་གསུངས་ཏེ། ཆུའི་སྣོད་དང་། མཆོད་ཡོན་གྱི་སྣོད་དང་། དྲི་ཡི་སྣོད་དང་། སྤོས་ཀྱི་སྣོད་དང་། མེ་ཏོག་གི་སྣོད་དང་། འབྲས་བུའི་སྣོད་དང་། འབྲུ་མ་ཉམས་པའི་སྣོད་དང་། མར་མེའི་སྣོད་དང་། ལྷ་བཤོས་ཀྱི ་སྣོད་དང་དགོས་ཀྱི་སྣོད་དེ། དེ་ལྟར་མཆོད་པའི་རྫས་རྣམ་པ་བཅུ་ནི་ཚོགས་ཀྱི་འཁོར་ལོ་ལ་འདུས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་དོན་དུའོ།། དེ་བཞིན་དུ་ནང་གི་རྫས་རྣམས་བཅུར་འགྱུར ་ཏིང་ཁུ་བ་དང་དག་ཅིན་དང་། རྐང་དང་། བཤང་བ་དང་། ཤྭ་དང་། མཆིན་པ་དང་། མཁྲིས་པ་དང་། ཁྲག་དང་། རྒྱུ་མ་དང་། པགས་པ་སྟེ། རྣམ་པ་བཅུ་ནི་འཁོར་ལོ་འདུས་པ་ལ་ལྷ་མོ་རྣམས་མཆོད་པའི་དོན་དུ་འགྱུར་རོ།། ་རྒྱལ་པོ་ཞེས་པ་ནི་བོད་པའོ།། ད་ནི་སྒྲོལ་མ་ལ་སོགས་པའི་རིགས་ལས་སྐྱེས་པ་རྣམས་ཀྱི་མཚན་མ་སུམ་ཅུ་རྩཝ་དྲུག་གསུངས་ཏེ། འདྲིར་ཚོགས་ཀྱི་འཁོར་ལོ་ལ་ཞུགས་པ་རྣམས་སམ་གྲོང་ངམ། གྲོང་ཁྱེར་དུ་གནས ་པས་རྣལ་འབྱོར་མ་རྣམས་ཀྱིས་དཔྲལ་བ་འམ། ཕྲག་པ་གཉིས་ཀ་འམ། གཡོན་པ་དང་གཡས་པའི་དཔྱི་ཡིས་ཕྱོགས་ལ་གང་གི་ཚེ་ལུས་ཀྱི་ཁ་དོག་ལས་གང་ཞིག་ཁ་དག་གཞན་དུ་རྟོགས་པར་འགྱུར་བའི ་མཚན་མ་དེ་ནི་ཁ་དོག་ལ་རིགས་པར་བྱ་སྟེ། གང་ཡང་ལག་པ་དང་རྐང་པའི་མཐིལ་དུ་འགྱུར་བ་དེ་ནི་མོ་རྣམས་ཀྱིས་རིག་པར་བྱའོ།། དེས་ན་རྣལ་འབྱོར་མ་རྣམས་ཀྱིས་ལག་པ་གཟུང་བའི་སླད་དུ་བུད་མེད་དང་སྐྱེས ་པའི་མཚན་ཉིད་བསླབ་པར་བྱའོ།། གང་གིས་གཞན་གྱི་བུད་མེད་ཀྱིས་རང་གི་ལག་པ་ཡང་མཚན་ཉིད་ཀྱི་དོན་དུ་གཏོང་དུ་འཇུག་པར་བྱེད་ན་དེས་ཟོལ་གྱིས་དེ་དག་གི་ལུས་ལ་གནས་པ་དང་། ལག་པ་དང་རྐང་པའི ་མཐིལ་ན་གནས་པ་དང་། ཁྱིམ་དུ་བྲིས་པའི་མཚན་མ་རིག་པར་བྱའོ།། ཞེས་པ་ནི་ཐབས་སོ།། དེ་ལ་གང་གི་སྐྱེ་བའི་གནས་ལྷ་རྣམས་སུ་ཁ་དོག་ལས་རྡོ་རྗེ་མཐོང་ན་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ལག་པའི ་མཐིལ་ལམ་རྐང་པ་དག་ལོ་ནི་རི་མི་རྣམས་ཀྱིས་སོ།། དེ་བས་ན་ངི་ནི་ན་མཁའི་ཁམས་ཀྱི་རིགས་ཅན་མའོ།། དེ་བཞིན་དུ་སྒྲོལ་མའི་རལ་གྲིའོ།། གོས་དཀར་མོའི་མདའ་འམ་རིན་པོ་ཆེའོ།། མཱ་མཾ་ཀཱི་ཡི་པདྨ་འདབ་མ ་བརྒྱ་པའོ།། སྤྱན་མའི་ལྔ་པ་འཁོར་ལོའི་མཚན་མ་སྟེ། དེ་ལྟར་རླུང་དང་མེ་དང་ཆུ་དང་སའི་རིགས་ལས་སྐྱེས་པ་རྣམས་ཀྱི་མཚན་མ་རྣམས་སོ།། དེ་བཞིན་དུ་སྒྲ་རྡོ་རྗེ་མའི་རྒྱུད་མངས་སོ།། གཟུགས་རྡོ་རྗེ་མོའི་མེ་ལོང ་ངོདོདདརོ་རྡོ་རྗེ་མིའི་སྣོད་དོ།། དྲི་རྡོ་རྗེ་མའི་མེ་ཏོག་ཕྲེང་བའོ།། རེག་བྱ་རྡོ་རྗེ་མིའི་གོས་སོ།། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་ཆོས་འབྱུང་སྟེ། ཡུལ་གྱི་རིགས་ལས་སྐྱེས་པ་རྣམས་ཀྱི་སྐྱེ་བའི་གནས་ལྔ་རྣམས་སམ། ལག ་པ་དང་རྐང་པ་རྣམས་ལ་མཐོང་བར་འགྱུར་རོ་ཞེས་པ་ནཱི་སྒྲ་རྡོ་རྗེ་མ་ལ་སྩོགས་པའི་མཚན་མའོ།། དེ་བཞིན་དུ་ངེས་པའི་གྲི་གུག་ལ་སོགས་པ་རྣམ་པ་བརྒྱད་དོ།། དེ་ལ་ཙཱརཱ་ཙི་ཀཱིརོ་གྲི་གུག་གོ།། ཁྱབ་འཇུག་མའི ་བུམ་པའོ།། ཕག་མོའི་གཅུ་གཟར་རོ།། གཞོན་ནུ་མེའི་གོས་སེར་མོའོ།། དབང་མོའི་ཁབ་བམ་ཐོ་བའོ།། ཚངས་མའི་ཉ་རྒྱའོ།། དྲག་མོའི་རྩེ་གསུམ་མོ།། དཔལ་མོའི་རྡོ་གྲུ་བཞི་སྟེ། མཚན་མ་བརྒྱད་པོ་འདི་ནི ་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱི་ཞེས་པ། འཆི་མེད་ལ་སོགས་པའི་རིགས་ལས་སྐྱེས་པ་རྣམས་ཀྱིའོ།། དེ་བཞིན་དུ་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྭི་བ་ཅུ་སྟེ། དེ་ལ་རྨུགས་བྱང་མའི་རྨུགས་རྩའི་སྣོད་དེ་ཉིན་མོར་བྱེད་པ ་དང་མཚུངས་པ་ཟླུམ་པོའོ།། རེངས་བྱེད་མའི་དར་གྱི་སྲིན་བུའོ།། ང་རྒྱལ་ཅན་མའི་ཀུ་ཤའོ།། ཤིན་ཏུ་སྟོབས་མའི་ཆུ་གྲིའོ།། བོད་ཟེར་ཅན་མོའི་མཐིལ་ལྷམ་མོ།། ཙུན་དའི་སྤུ་གྲིའོ།། ཁྲོ་གཉེར་ཙོན་གྱི་ཤིང་ལྷམ་མོ།། རྡོ་རྗེ་ལྕགས་སྒྲོག ་མའི་གདུགས་སོ།། དྲག་ཅན་མའི་ཏིག་རྩེའོ།། ཤིན་ཏུ་སྔོན་མོའི་འོད་མའི་དབྱུག་པ་སྟེ། དེ་ལྟར་བཅུ་ནི་ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱི་རང་གི་མཚན་མ་རྣམ་པ་བཅུར་འགྱུར་ཏེ། རྣམ་གཉིས་ལས་ཀྱི་དབང་པོ་རྣམས་ཀྱིའོ།། དེ་བཞིན་དུ་ལྷ ་མིན་རྣམས་ཀྱི་མཚན་མ་ནི་ཁྱི་གདོང་མའི་པ་ལངྒ་གཱི་རྱའོ།། ཕག་གདོང་མའི་ཁམ་ཕོར་ཞེས་པ་སའི་ཕོར་པའོ།། ཅེ་སྦྱོང་གདོང་མའི་རྒྱུད་ལྡན་ནོ།། སྟག་གདོང་མིའི་འཕང་ངོ་།། བྱ་རོག་གདོང་མའི་ཤའི་གསལ་ཤིང་ངོ་།། བྱ་རྒོད་གདོང ་མའི་རྒྱུད་མངས་ཉེ་བའི་ཡན་ལག་སྟེ་མི་འམ་ཅི་མོའོ།། མཁའ་ལྡིང་གདོང་མའི་མངའོ།། ག་སྟོང་མའི་རྨ་བྱའི་མཇུག་མ་སྟེ། མཚན་མ་བརྒྱད་པོ་འདི་ནི་ཁ་ལ་སོགས་པ་སྒོ་བརྒྱད་རྣམ་པར་དག་པས་རིགས་བརྒྱད་པོ་རྣམས ་ལ་མཐོང་བར་འགྱུར་རོ།། དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་གང་དག་ལ་མཐོང་བ་དེ་དག་ནི་དེའི་རིགས་ཅན་ཏེ། མཚན་མ་ངེས་ཤེས་ནས་མཆོད་པར་བྱའོ།། ཞེས་པ་ངེས་པའོ།། སླར་ཡང་ཏེ་སྒྲོལ་མ་ལ་སོགས་པ་རྣམས་ཀྱི ་དམངས་རིགས་ལ་སོགས་པའི་མཚན་མ་གསུངས་ཏེ། འདིར་དམངས་རིགས་ཀྱི་ཡོན་ཏན་གྱི་དབང་གིས་སྒྲོལ་མའི་རིགས་ལས་སྐྱེས་པ་རྣམས་ཀྱིས་ཨུཏྤ་ལ་འམ། ཐོང་གཤོལ་མཐོང་བར་འགྱུར་རོ།། རྒྱལ་རིགས་མ་སྟྭཾ་གོས་དཀར་མའི ་རིགས་ལས་སྐྱེས་པའི་རིན་ཆེན་དར་དབྱངས་སོ།། རྗེ་རིགས་མ་སྟེ་སྤྱན་མའི་རིགས་ལས་སྐྱེས་པའི་སྨྱུ་གུ་དང་རིན་ཆེན་ཕྲེང་བའོ།། གཉིས་སྐྱེས་མ་སྦྱི་མཱ་མ་ཀཱའི་རིགས་ལས་སྐྱེས་པའི་ཆུ་ན་རྒྱུ་བ་དུང་དང་ཟངས་སྣོད་དོ།། དེ་ལྟར་སྔ་མ་ཕྱི ་མར་ཡུམ་གྱི་མཚན་མ་རྣམ་པ་བཞི་སྟེ། གདོལ་པ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རིགས་ལས་སྐྱེས་པའི་ཌ་མ་རུ་དང་རྔ་ཆེན་ནོ།། དེ་བཞིན་དུ་གཏུམ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མའི་རིགས་ལས་སྐྱེས་པའི་ཅོད་པན་ནོམ ་བགླང་ཕྲེད་དོ།། དེ་ལྟར་གང་གི་དཔྲལ་བ་འམ། ཕག་པ་འམ། དཔྱི་འམ། ལག་པ་དང་རྐང་པ་རྣམས་ལ་མཚན་མ་གང་ཞིག་མཐོང་བ་འམ། ཁྱིམ་དུ་བྲིས་ཤིང་མཆོད་པ་བྱེད་པ་དེ་ནི་དེའི་རིགས་ཅན་དུ་རྣལ་འབྱོར་པས་རིག་པར་བྱའོ།། ་དེ་ཡིས་དམ་ཚིག་གི་རྫས་གང་བྱིན་པ་དེ་བཟའ་བར་བྱའོ།། ཇི་སྲིད་ལས་ལན་བདུན་གྱི་བར་དུ་བཟླས་ཏེ་ཡོངས་སུ་བསྟེན་པར་བྱ་སྟེ། དེ་ནས་དམ་ཚིག་གི་རྫས་དེས་མཁའི་ལ་སྤྱོད་པ་ཉིད་དུ་འགྱུར་རོ།། ཞེས་པ་ནི་ངེས་པའོ།། ད་ནི ་བཤང་བ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ལོ་ས་ལ་སོགས་པའི་ལྷའི་རྣམ་པར་དག་པ་གསུངས་ཏེ། འདིར་བཤང་བ་དང་གཅི་བ་དང་། ཁྲག་དང་བཅས་པ་དང་། ཤ་དང་བཅས་པ་ནི་གྲངས་བཞིན་དུ་ས་དང་ཆུ་དང་མེ་དང་རླུང ་གི་ལྷ་རྣམས་ཀྱིས་བཞིར་འགྱུར་རོ།། མ་སྨྱོས་ཀྱང་ཁུ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པ་ན་མཁའི་ཁམས་སོ།། དེ་བཞིན་དུ་རྣ་བ་དང་སྣ་དང་མིག་དང་ལྕེ་དང་བཤང་ལམ་དང་བྷ་ག་ནི་སྒྲ་དང་དྲི་དང་གཟུགས ་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་ལྷ་མོ་རྣམས་ཀྱིས་དམ་ཚིག་དྲུག་སྟེ། སྒྲའི་རྡོ་རྗེ་ལ་སྩོགས་དྲུག་ཅེས་སོ།། དེ་བཞིན་དུ་རྣག་དང་བང་ཀན་དང་ཤིག་དང་སྲིན་བུ་དང་། ཆུ་སར་དང་ཞག་དང་བ་སྤུ་རྣམས་དང་སྐེ་རྣམས་ཤེས་པ ་དམ་ཚིག་བརྒྱད་ནི་གྲངས་བཞིན་དུ་རྩར་རྩི་ཀཱ་དང་ཁྱབ་འཇུག་མ་དང་། ཕག་མི་དང་། གཞོན་ནུ་མ་དང་། དབང་མོ་དང་། ཚངས་མ་དང་། དྲག་མོ་དང་། དཔལ་ཆེ་ནེ་མོ་སྟེ། རྣལ་འབྱོར་མ་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱིའོ།། དེ ་བཞིན་དུ་རྒྱུ་མ་དང་མཁྲིས་པ་དང་རུས་པ་དང་རྐང་དང་སྣ་ཚོགས་ལུས་ལ་གནས་པ་ཞེས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པ་སྟེ། མཆིན་པ་དང་གློ་བ་དང་། རྩ་དང་པགས་པ་དང་། སྙིང་དང་ཚིལ་བུ་སྟེ། དེ་ལྟར ་བཅུར་འགྱུར་རོ།། རྒྱུ་མ་ལ་སོགས་པ་ཚིལ་བུའི་མཐར་ཐུག་པ་ནི་གྲངས་བཞིན་རྨུགས་བྱེད་མ་དང་རེངས་བྱེད་མ་དང་། ང་རྒྱལ་ཅན་མ་དང་། ཤིན་ཏུ་སྟོབས་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། ཁྲོ་གཉེར་ཅན་མ་དང་། ཙུན་དཱ་དང ་བོད་ཟེར་ཅན་དང་། དྲག་ཅན་མ་དང་། ཤིན་ཏུ་སྔོན་མོ་སྟེ། ཁྲོ་བོའི་ལྷ་མོ་འདི་རྣམས་ཀྱིས་དམ་ཚིག་བཅུའོ།། དེ་བཞིན་དུ་རྣ་བའི་དྲི་མ་དང་། སྣའི་དྲི་མ་དང་། མིག་གི་དྲི་མ་དང་། ལྕེའི་དྲི་མ་དང་། བཤང་ལམ་གྱི་དྲི་མ་དང་བྷ་ག་ཡི ་དྲི་མ་འམ་རྟགས་ཀྱི་དྲི་མ་དང་མཚན་ལུང་གི་དྲི་མ་དང་། ཡན་ལག་ཐམས་ཅད་ཀྱི་དྲི་མ་སྟེ། དམ་ཚིག་བརྒྱད་ནི་ལྷ་མིན་མོ་རྣམས་ཀྱི་གྲངས་བཞིན་དུ་སྟེ། ཁྱི་གདོང་མ་དང་ཕག་གདོང་མ་དང་ཅེ་སྤྱང་གདོང་མ་དང་སྟག་གདོང་མ་དང་བྱ་རོག ་གདོང་མ་དང་། བྱ་རྒོད་གདོང་མ་དང་མཁའ་ལྡིང་གདོང་མ་དང་འུག་གདོང་མ་སྟེ། འདི་རྣམས་ཀྱི་དམ་ཚིག་བརྒྱད་།། དེ་བཞིན་དུ་རྣལ་འབྱོར་མ་རྣམས་ནི་འཇིགས་མ་ལ་སོགས་པ་སྟེ། གང་ཞིག་བརྒྱད་པ་བརྒྱད་དེ་དྲུག་ཅུ་རྩེ་བཞི་པོ ་དེ་རྣམས་ཀྱིས་ངོམ་ཚིག་ནི་སེན་མོ་ཉི་ཤུ་དང་སོ་སུམ་ཅུ་རྩ་གཉིས་དང་རྩ་འབབ་པའི་དབྱེ་བས་ཐོད་པ་དུམ་བུ་བཅུ་གཉིས་རྣམས་ཏེ་ངོམ་ཚིག་དྲུག་ཅུ་བྱཞིའོ།། དེ་བཞིན་དུ་རིགས་བརྒྱའི་དབྱེ་བས་དམ་ཚིག་བརྒྱ་སྟེ། རིགས་གསུམ ་དང་ནི་རིགས་ལྔ་ཉིད།། རང་བཞིན་གཅིག་སྟེ་རིགས་བརྒྱའོ་ཞེས་གསུངས་པའི་ཕྱིར་རོ།། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་དང་། རིགས་དྲུག་ཅུ་རྩ་བཞི་གཅིག་པ་ཉིད་རིགས་བརྒྱར་རིག་པར་བྱའོ།། ཞེས་པ་ངེས་པའོ། ་ང་ནི་གནས་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་རྣམ་པར་དག་པ་གསུངས་ཏེ། བཤད་པ་དང་། གཅི་བ་དང་། ཁྲག་དང་། ཤོ་ཞེས་པ་སྣ་ཚོགས་མཐའ་དོག་སེམས་ཅན་རྣམས་ཀྱི་ལུས་ལ་གནས་པ་ནི་གནས་ཀྱི་དབྱེ་བ་དག་ལ ་བཞིའོ།། རྣ་བ་དང་། སྣ་དང་། མིག་དང་། ལྕེ་དང་། བཤང་ལམ་དང་། བྷ་ག་ཞེས་པ་དྲུག་ནི་ཞིང་གི་དབྱེ་བ་ལ་འགྱུར་རོ།། དེ་བཞིན་དུ་རྣག་དང་། བང་ཀན་དང་། ཤིག་དང་། སྲིན་བུ་དང་། ཆུ་སར་དང་། ཞག་དང་བ་སྤུ་དོང་སྒྲ་སྟེ་བརྒྱད ་ནི་ཚན་དོ་ཧ་ཡི་དབྱེ་བ་རྣམས་སོ།། དེ་བཞིན་དུ་རྒྱུ་མ་དང་། མཁྲིས་པ་དང་རུས་པ་དང་། རྐང་དང་མཆིན་པ་དང་། གློ་བ་དང་རྩ་དང་པགས་པ་དང་། སྙིང་དང་ཚིལ་བུ་སྐྱེ་བཅུ་ནི་འདུས་པའི་དབྱེ་བ་རྣམས་སོ།། དེ་བཞིན་དུ་རྣ་བའི ་དྲི་མ་དང་། སྣའི་དྲི་མ་དང་། མིག་གི་དྲི་མ་དང་། ལྕེའི་དྲི་མ་དང་བྷཾ་གའི་དྲི་མ་དང་། བཤང་ལམ་གྱི་དྲི་མ་དང་། མཆན་ཁུང་གི་དྲི་མ་དང་ཡན་ལག་བརྒྱད་ཀྱི་དྲི་མ་སྟེ། བརྒྱད་ནི་དུར་ཁྲོད་ཀྱི་རབ་ཏུ་དབྱེ་བ་རྣམས་སོ།། དེ་བཞིན་དུ་ཕྱཝ ་རོལ་དུ་འཇིག་རྟེན་གྱི་ཁམས་ལ་གནས་ལ་སོགས་པའི་རྣམ་པར་དག་པས་དམ་ཚིག་རྣམས་གསུངས་ཏེ། འདིར་དུས་མ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་ནི་གནས་ཀྱི་དབྱེ་བས་སྤྱན་མ་ལ་སོགསོ་པ་རྣམས་ཀྱི་དམ་ཚིག་བཞིའོ།། ་ས་སྐྱེས་དང་ཟླ་སྐྱེས་དང་སྔགས་དང་། པ་བསངས་དང་སྤེན་པ་དང་གདེངས་ཅན་ཞེས་པ་མཇུག་རིངས་ཏེ། འདི་རྣམས་ནི་ཞིང་གི་དབྱེ་བས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་དམ་ཚིག་རྣམས་སོ།། དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང ་དང་སོ་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པ་དང་། མེ་ལས་སྐྱེས་པ་དང་། རླུང་ལས་སྐྱེས་པ་སྟེ། བརྟན་པ་དང་གཡོ་བར་གྱུར་པ་བརྒྱད་པོ་རྣམས་ནི་འབྱུང་པོ་ལས་སྐྱེས་པ་རྣམས་ཀྱི་དམ་ཚིག་གོ། སླར་ཡང་དེ་ནས་རོ་དྲུག་པོ ་རྣམས་དང་། དྲི་དང་ཁ་དོག་སྒྲ་དང་རེག་བྱ་སྟེ། བཅུ་ནི་འདུས་པའི་དབྱེ་བ་རྣམས་ཏེ། ཁྲོ་བོ་ལས་སྐྱེས་པ་རྣམས་ཀྱིའོ།། ས་ལ་སོགས་པ་རྣམས་རང་ཁ་དོག་ལ་སོགས་པ་བཞི་པོ་རྣམས་དབྱུགས་འབྱུང་བ་དང་འཇུག་པ ་དག་གིས་ཟད་པ་ནི་དུར་ཁྲོད་ཀྱིས་རབ་ཏུ་དབྱེ་བ་རྣམས་ཏེ། ལྷ་མིན་མོ་རྣམས་ཀྱིས་དམ་ཚིག་བརྒྱད་ངོ་།། གནས་ལ་སོགས་པ་ཕྱི་དང་ནང་གི་དམ་ཚིག་རྣམ་པར་དག་པའི་ངེས་པའོ།། ང་ནི་གནས་ཞེས་པ་ལ་སོགས་པས་ཉེ་བའི་གནས་ལ ་ལ་སོགས་པའི་གནས་རྣམས་གསུངས་ཏེ། འདིར་ཐུན་མོང་གི་སྔ་བྱིས་པ་རྣམས་ཡུལ་དུ་འཁྱས་པའི་དོན་དུ་ཛྭཱ་ལཾ་དྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ།། དེ་ཉིད་ནི་ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། ་རྣལ་འབྱོར་མ་རྣམས་ཀྱིས་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུ་ཡང་གནས་སོ།། གོང་གིས་ན་འདི་རོ་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས ་བའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་ཡོད་དོ།། དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྣན་ཏེ་ཡུལ་ཐམས་ཅད་དང་གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་གསུངས་པ་ནི། གནོས་ནི་སྒྲོལ་མ་ལ་སོགས་ཁྱིམ་སྟེ་རྣམ་པ ་བཞིའོ།། དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པའི་ཁྱིམ་ནི་ཞིང་རྣམ་པ་དྲུག་གོ།། ཙར་ཙི་ཀཱ་ལ་སོགས་པའི་ཁྱིམ་ནི་ཆེན་དོ་ཧ་ནེམ་པོ་བརྒྱད་དོ།། རྨུགས་བྱེད་མ་ལ་སོགས་པའི་ཁྱིམ་ནི་འདུས་པ་རྣམ་པོ་བཅུའོ།། ཁྱི་གདོང་མ་ལ་སོགས ་པའི་ཁྱིམ་ནི་དུར་ཁྲོད་རྣམ་པ་བརྒྱད་།། མཆོག་གི་སྭ་གནས་རྩ་བའི་གནས་དང་གསང་བར་བཅས་པ་ནི་ཡུམ་གྱི་ཁྱིམ་རྣམས་གཉིས་ཏེ། དེ་དག་རབ་ཏུ་གསལ་བར་ས་ལ་མཐར་སྐྱེས་མ་དང་མཐར་སྐྱེས་མ་ཞེས་པ་གདོལ ་པ་མོ་དང་གཏུམ་མོའི་ཁྱིམ་སྟེ། དེ་ལྟར་དམངས་རིགས་ལ་སོགས་པའི་ཁྱིམ་ནི་གནས་ལ་སོགས་པའི་མིང་གིས་རྣལ་འབྱོར་པས་རིག་པར་བྱའོ།། ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། ད་ནི་གནས་ཞེས་པ་ལ ་སོགས་པས་ནང་དུ་གནས་ལ་སོགས་པའི་མིང་གསུངས་ཏེ། འདིར་དམ་ཚིག་འདུས་པ་ལ་གནས་ནི་ཐམས་ཅད་དུ་བུད་མེད་ཀྱི་པདྨའོ།། ཉེ་བའི་གོནས་ཀྱི་སྒྲས་སྐྱེས་པའི་རྡོ་རྗེར་འགྱུར་རོ།། དེ་བཞིན་དུ་བུད་མེད་རྣམས་ཀྱི་སྐྱེ་མཆེད ་དྲུག་ནི་ཞིང་ངོ་།། སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་ཞིང་ངོ་།། དེ་བཞིན་དུ་བུད་མེད་རྣམས་ཀྱི་མཉམ་གནས་ལ་སོགས་པའི་རླུང་བརྒྱད་ནི་ཚན་དོ་ཧའོ།། སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་མཚན་དེ་ཧའོ།། དེ་བཞིན་དུ་བུད་མེད་རྣམས་ཀྱི་ལྷོ་དང ་ལྕེའུ་ཆུང་དང་ལོག་པ་གཉིས་དང་། རྐང་པ་གཉིས་དང་། བཤིང་ལམ་གྱི་གཡས་དང་གཡོན་དང་། གཅིན་དང་ཁུ་བའི་རྩ་གཉིས་ཏེ། ལས་ཀྱི་དབང་པོ་བཅུ་པོ་འདི་དག་ནི་འདུས་པའོ།། སྐྱེས་པ་རྣམས་ཀྱི་ནི་ཉེ་བའི་འདུས ་པའོ།། དེ་བཞིན་དུ་སྣ་གཉིས་དང་། རྣ་བ་གཉིས་དང་། མིག་གཉིས་དང་ཁྲུ་དང་བཤང་ལམ་ལས་དྲི་མ་འབྱུང་བ་སྟེ། དེ་ལྟར་བུད་མེད་རྣམས་ཀྱི་དུར་ཁྲོད་བརྒྱད་དོ།། སྐྱེས་པ་རྣམས་ཀྱི་ནརྀ་ཉེ་བའི་དུར་ཁྲོད་དོ།། ཞེས་པ་སྟེ། ་མཐའ་དག་གོ།། དེ་བཞིན་དུ་གཉི་གའི་ལུས་ལ་སོ་སོར་གནས་ནི་གཡོན་གྱི་ཡན་ལག་དང་མདུན་ནོ།། ཉེ་བའི་གནས་ནི་རྒྱབ་དང་གཡས་དང་ཡན་ལོག་སྟེ། དེ་ལྟར་གནས་རྣམ་པ་གཉིས་སོ།། དེ་བཞིན་དུ་གཡོད ་དབང་པོའི་ཚོགས་ནི་ཞིང་ངོ་།། གཡས་ཀྱི་དབང་པོའི་ཚོགས་ནི་ཉེ་བའི་ཞིང་ངོ་།། དེ་བཞིན་དུ་རུ་སྦལ་དང་། རྣངས་པ་དང་། ལྷས་སྦྱིན་དང་། ནོར་ལས་རྒྱལ་བ་སྟེ། བཞི་ནི་ཚན་དོ་ཧའོ།། མཉམ་གནས་དང་གྱེན་རྒྱུ་དང་ཁྱབ་བྱེད་དང་ཀླུའི་ཚོགས ་ནི་ཉེ་བའི་མཚན་དོ་ཧའོ།། དེ་བཞིན་དུ་གཡོན་གྱི་ལས་ཀྱི་དབང་པོའི་ཚོགས་ནི་འདུས་པའོ།། གཡས་ཀྱི་ནི་ཉེ་བའི་འདུས་པའོ།། གཡོན་གྱི་རྣ་བ་ལ་སོགས་པའི་བུག་པ་དྲི་མ་འབྱུང་བ་ནི་དུར་ཁྲོད་དོ།། གཡས་ཀྱི་ཉོ་བའི་དུར་ཁྲོད་དོ།། ་དེ་བཞིན་དུ་ལག་པ་དང་རྐང་པ་ལ་སོགས་པ་ལ་གནས་པ་ནི་རྣམ་པར་དག་པ་གཞན་གྱིས་ཏེ། མདུན་དང་གཡོན་གྱི་ཡན་ལག་ནི་གནས་སོ།། རྒྱབ་དང་གཡས་ནི་ཉེ་བའི་གནས་སོ།། དེ་བཞིན་དུ་གཡོན་གྱི་དཔུང་པོའི་ཚིགས ་དང་གཡོན་གྱི་བརླ་དང་དབྱིའི་ཚིགས་ནཱི་ཞིང་ངོ་།། གཡས་ཀྱི་ནི་ཉེ་བའི་ཞིང་ངོ་།། གཡོན་གྱི་ཉེ་བའི་དཔུང་པའི་ཚོགས་དང་བྱིན་པ་དང་བརླའི་ཚོགས་ནི་ཚན་དྲོ་ཧའོ།། གཡས་ཀྱི་ནི་ཉེ་བའི་མཚན་དོ་ཧའོ།། དེ་བཞིན་དུ་གཡོན ་གྱི་ལུག་པ་དང་རྐང་པའི་ཚིགས་གཉིས་ནི་འདུས་པའོ།། གཡས་ཀྱི་ནི་ཉེ་བའི་འདུས་པའོ།། དེ་བཞིན་དུ་གཡོན་གྱི་སེར་མོ་དང་སེན་མ་རྣམས་ནི་དུར་ཁྲོད་དོ།། གཡས་ཀྱི་ནི་ཉེ་བའི་དུར་ཁྲོད་དོ།། ཡང་ན་གཉིས་ཀའི་དཔུང ་པའི་ཚིགས་གཉིས་ནི་ཉེ་བའི་ཞིང་ངོ་།། དེ་བཞིན་དུ་ཆེན་ངོ་ཧ་ལ་སོགས་པ་དག་ཀྱང་སྟེ། ལག་པ་རྐང་པ་ལ་གནས་པ་ཡང་སོར་མོའི་མཐའི་མཚམས་སུ་ཞེས་པ་དམ་ཚིགས་འདུས་པ་ལ་གནས་ལ་སོགས་པའི ་མིང་རྣལ་འབྱོར་པས་རིག་པར་བྱའོ།། ད་ནི་དྲན་པ་ཞེས་པ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་རྣམ་པར་དག་པ་གསུངས་ཏེ། འདིར་སྔ་མ་བཞིན་རམ ་པ་བཞིན་དུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་སྒྲོན་མའོ།། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་གོས་དཀརེ་མོའོ།། ཞེས་པ་རྒྱབ་དང་གཡས་སོ།། སེམས་ཉེ་བར་གཞག་པ་ནི་མཱ་མ་ཀཱིའོ།། ཆོ་ས་ཉེ་བར་གཞག་པ་ནི་སྒྲོལ་མའོ།། ་ཞེས་པ་ནི་གཡོན་དྲུང་མདུན་ཏེ། ལུས་ཀྱི་དབྱེ་བས་གནས་དང་ཉེ་བའི་གནས་གཉིས་སོ།། དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་ཤེས་པ་རྒྱུད་གཞན་དུ་རབ་ཏུ་མི་གྲགས་ཏེ། བཅོམ་ལྡན་འདས་ཀྱིས་སྤོས་སོ་ཞེས་པའི་དོན་ཏོ།། དེ ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་འདུན་གྱི་ནོང་ནས་བྱང་ཆུབ་ཀྵི་ཡན་ལག་གཅིག་ནི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། རིགས་ཀྱི་གནས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། གཞན་བདག་ཀྱང་སྒྲའི་རྡོ་རྗེ་མ་ལ་སོགས ་པ་དྲུག་ཅེས་པ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྒྲ་རྡོ་རྗེ་མའོ།། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རེག་བྱ་རྡོ་རྗེ་མའོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཟུགས་རྡོ་རྗེ་མ་སྟེ ་ལུས་ཀྱི་དབྱེ་བས་ཉེ་བའི་ཞིང་ངོ་།། དེ་བཞིན་དུ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དྲི་རྡོ་རྗེ་མའོ།། ཤིན་ཏུ་སྦྱོངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རོ་རྡོ་རྗེ་མའོ།། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཆོས་ཀྱི ་དབྱིངས་ཀྱི་རྡོ་རྗེ་མ་སྟེ། ཞིང་རྣམ་པ་གཉིས་སོ།། དེ་བཞིན་དུ་ཆུ་གཏེར་ཡང་དག་སྤོང་བ་རྣམས་དང་། ཞེས་པ་སྟེ་སྡུག་པ་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་སྤང་བ་ན་ཙར་ཙ་ཀཱར།། སྡིག་པ་སྐྱེས་པ་རྣམས་སྦྱོང་བའི་དགེ་བའི་རྩ་བ་ནི་ཁྱ ་འཇུག་མའོ།། མི་དགེ་བ་མ་སྐྱེས་པ་རྣམས་སྤོང་བའི་དགེ་བོ་བསྐྱེད་པ་ནི་དབང་ཕྱུག་མའོ།། དགེ་བ་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བས་སྤོང་བ་ནི་དཔལ་ཆེན་མོ་སྟེ། ཉེ་བའི་ཚན་དོ་ཧ་བཞིའོ།། གཞན་པ་ཆུ་གཏེར་ལྷ ་མོ་བཞི་ནི་རྫུ་འཕྲུལ་གྱི་རྐང་པར་འགྱུར་ཏེ། དེ་ལ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཚངས་མའོ།། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་དབང་མོའོ།། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ཕག་མོའོ།། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི ་གཞོན་ནུ་མ་ཞེས་པ་ཚན་དོ་ཧཱའི་དཤྱཾ་བྷི་སྟེ། དེ་ལྟར་བརྒྱད་དུ་འགྱུར་རོ།། དེ་བཞིན་དུ་ཁྲོ་བོ་ལྔ་ནི་སྟོབས་རྣམ་དག་སྟེ། འདིར་རང་པའི་སྟོབས་ནི་ཤིན་ཏུ་སྔོན་མོའོ།། བརྩོན་འགྲུས་ཀྱི་སྟོབས་ནི་ཤིན་ཏུ་སྟོབས་མའོ།། དྲན་པའི་སྟོབས་ནི ་རྡོ་རྗེ་ལྕགས་སྒྲོག་མའོ།། ཏིང་ངེ་འཛིན་གྱི་སྟོབས་ནི་ང་རྒྱལ་མའོ།། ཤེས་རབ་ཀྱི་སྟོབས་ནི་ནུན་ད་སྟེ། ཉེ་བའི་འདུས་པའོ།། དེ་བཞིན་དུ་རབ་ཏུ་གསལ་ཞིང་ངེས་པར་དབང་པོ་རྣམས་ནི་ལྔ་ཉིད་དོ།། ཞེས་པ་སྟེ། དེ་བཞིན་དུ་དད་པའི ་དབང་པོ་ནི་རོངས་བྱེད་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་རྨུགས་བྱེད་མའོ།། དྲན་པའི་དབང་པོ་ནི་འོད་ཟེར་ཅན་ནོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་ཁྲོ་གཉེར་ཅན་ནོ།། ཤེས་རབ་ཀྱི་དབང་པོ་ནི་དྲག་ཅན་མའོ།། ཞེས་པ་འདུས་པ་སྟེ་དེ་ལྟར ་བཅུའོ།། ཡང་དག་པ་ཡན་ལག་བརྒྱད་ཀྱི་ལམ་ནི་མི་ཡི་བདག་པོ་ལྷ་མིན་ངག་ལས་སྐྱེས་པ་བརྒྱད་དུ་འགྱུར་ཞེས་པ་ལ་འདིར་ཡང་དག་པའི་ལྟ་བ་ནི་ཁྱི་གདོང་མའོ།། ཡང་དག་པའི་རྟོགས་པ་ནི་བྱ་རོག་གདོང་མའོ།། ། ་ཡང་དག་པའི་ངག་ནི་སྟག་གདོང་མའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་འགྲ་གདོང་མའོ།། ཡང་དག་པའི་འཚོ་བ་ནི་ཅི་སྤྱང་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་མཁའ་ལྡིང་གདོང་མའོ།། ཡང་དག་པའི་དྲན་པ་ནི་ཕག་གདོང ་མའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་བྱ་རྒོད་གདོང་མ་སྟེ། དེ་ལྟར་ན་སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ཡིན་པ་དེ་དག་མཐའ་དག་རྣལ་འབྱོར་མ་རྣམས་སའི ་སྟེང་གི་གནས་སུ་རྣལ་འབྱོར་པས་རིག་པར་བྱ་སྟེ། གདོལ་པ་མོ་ལ་སོགས་པའོ།། དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་རྣམ་པར་སྦྱངས་པའི་གནས་ལ་སོགས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་འགྱུར ་མི་ཡི་བདག་པོ་ཕྱེ་དང་ལུས་ལ་ཡང་ནི་དེ་བཞིན་ཞེས་པ་ཐམས་ཅད་དུ་ངེས་པའོ།། དེ་ནི་སངས་རྒྱས་པ་ཞེས་པ་ལ་སོགས་པ་འདི་རྣམས་བསྟེན་པའི་སླད་དུ་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་ཆོ་ག་གསུངས་ཏེ། འདིར་རྒྱུད་ཀྱི་རྒྱལ ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་སྟེ། མུ་སྟེགས་པ་རྣམས་ཀྱི་ལྷ་དང་ལྷ་མོ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་དང་། རྩར་ཙི་ཀཱ་ལ་སོགས་པ ་རྣམ་པར་སྦྱངས་པ་རྣམས་ཀྱི་དཀྱིལ་འཁོར་ལ་ཡང་བསྒྲུབ་པ་པོའོ།། དེས་ན་རྣལ་འབྱོར་པ་དེ་ཉིད་ཐོབ་པ་སྟེ། དབང་བསྐུར་བ་ནི་ཡེ་ཤེས་སམ། འཇིག་རྟེན་པའི་ལས་རབ་འབྱམས་བསྒྲུབས་པའི་དོན་དུ་སངས་རྒྱས་པར་གྱུར་ཀྱང་རུང་ན་ཞི ་བ་འམ་གཙར་བུ་པར་གྱུར་ཀྱང་རུང་མཆོག་གི་ངེས་པའོ།། སྐལ་ལྡན་གཙང་གནས་སམ། དེ་བཞིན་དུ་བྲམ་ཟེ་འམ་ཐིང་པ་ཅན་ནམ། སྐྲ་འབལ་ཞེས་པ་ཟད་བྱེད་པར་གྱུར་ཀྱང་རུང་། གོས་དཀར་འམ་ཞིང་སྐྱོང་དུ་གྱུར་ཀྱང་རུང་སྟེ་དག་གོ།། ་ཐུབ་པ་འམ་སྨྱོན་པའི་གཟུགས་ཅན་ནམ། རིགས་ཅན་ནམ། སྡིག་པ་མེད་པའི་སེམས་ལྡན་མཁས་པ་འམ། གྲ་པ་སྟེ་རྣལ་འབྱོར་པ་ནི་དངོས་གྲུབ་དོན་སླང་མཐའ་ངག་ཡོན་ཏན་གཏེར་ཏེ་མི་ཡི་དབང་ཡིད་ལ་གང་འདོད་པའི་སྤྱོད་པ ་དེ་ཇི་སྲིད་གྲུབ་པར་གྱུར་གྱི་བར་དུ་སྦས་ཏེ་བྱ་ཞིང་དེ་ནས་ནུས་པ་ལ་འཇིག་རྟེན་ལས་འདས་པ་མངོན་སུམ་དུ་བྱའོ།། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་དུ་བིའི་རྒྱུད ་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པོ་དྲི་མ་མེད་པའི་འོད་ལས་རབ་ཏུ་གནས་པ་དང་ཚེགས་ཀྱི་འཁོར་ལོའི་ཆོ་ག་དང་རྣལ་འབྱོར་གྱི་སྤྱོད་པའི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། ། ལག་པའི་ཕྱག ་རྒྱ་ལྟ་སྟངས་ཀྱིས།། གང་གིས་ལྷ་མིན་དབང་སྐྲག་བྱེད།། དུས་ཀྱི་འཁོར་ལོ་དེ་བཏུད་ནས།། ཕྱག་རྒྱ་ལ་སོགས་མཚན་ཉིད་བཤད།། སྨྲ་མཁས་ཀྱིས་ནི་བསྡུས་རྒྱུད་ཀྱིས།། ཇི་ལྟར་རྒྱུད་ཆེན་ལས་ཕྱུང་བ།། ཕྱག་རྒྱ་ལྟ་སྟངས་ཡན ་ལག་བརྡ།། ཐམས་ཅད་འགྲེལ་པས་རྒྱས་པར་བྱ།། འདིར་ཕྱག་རྒྱ་བཅིང་བའི་དོན་དུ་རྒན་པོ་མཐེ་བོ་ལ་སོགས་པ་སོར་མོ་རྣམས་ཀྱི་མིང་སྟེ། རྒན་པོ་ནི་མཐེ་བོའོ།། དེ་ནས་གཉིས་པ་ནི་མཛུབ་མོའོ།། གསུམ་པ་ནི ་གུང་མོའོ།། བཞི་པ་ནི་མིང་མེད་དོ།། མིང་མེད་དེའི་མཐར་མཐེའུ་ཆུང་ནི་མཐའ་དག་ཡོན་ཏན་གཏེར་ཏེ་ན་མཁའི་ཁམས་ཉིད་ཀྱི་ཕྱིར་རོ།། རྣལ་འབྱོར་པ་ཡིས་སློབ་དཔོན་གྱི་མན་ངག་གིས་རིག་པར་བྱའོ།། དེ་ལྟར་ཕྱག་རྒྱ་བཅང་བའི ་དོན་དུ་མིང་གི་དབྱེ་བར་འགྱུར་ཏེ། ཡོན་ཏན་དབང་གིས་ཤེས་པ་ནི་དྲི་དང་། གཟུགས་དང་། རོ་དང་། རེག་བྱ་དང་། སྒྲའི་ཡོན་ཏན་གྱི་དབང་གིས་ཏེ་རིམ་པས་སོ།། དེ་བཞིན་དུ་བཅིང་བ་བརྗོད་པར་འགྱུར་ན་རྡོ་རྗེ་བཅིང་བ་ཞེས་པར ་འགྱུར་ཞིང་ངེས་པ་ལས་ཁུ་ཚུར་བཅིང་བ་བྱས་པར་གྱུར་ན་རྡོ་རྗེའི་ཁུ་ཚུར་བཅིང་བ། ཞེས་པ་ངེས་པ་སྟེ་དེ་བཞིན་ཞེས་གསུངས་པའི་ཕྱིར་རོ།། ད་ནི་རྒྱལ་བའི་བདག་པོའི་ཕྱག་རྒྱ་གསུངས་ཏེ། འདིར་ལག་པ་གཉིས་ཀས་རྡོ ་བུ་ཚུར་བཅིངས་ནས་ཁུ་ཚུར་གྱིས་མཐེ་པོ་བསྡམས་པ་དག་བརླ་གཡས་དང་གཡོན་པའི་སྟེང་དུ་རྡོ་རྗེའི་གདན་ལ་གནས་པ་ནི་རྡོ་རྗེའི་ཕག་རྒྱར་འགྱུར་རོ།། ད་ནི་མི་བསྐྱོད་པའི་ཕྱག་རྒྱ་གསུངས་ཏེ། སྔར་སྐྱིལ་ཀྲུང་བྱས་ནས ་སྐྱིལ་ཀྲུང་དེ་ལ་ལག་པ་གཡོན་པ་གན་རྐྱལ་དུ་འགྱུར་ཏེ། གཡས་པ་པུས་མོ་གཡས་པའི་ཕྱོགས་ནས་ཇི་སྲིད་ས་ལ་རེག་པའི་བར་དུ་ས་ལ་སོན་པར་གྱུར་པ་སྟེ། དེ་ལྟར་ས་ལ་རེག་པ་མི་བསྐྱོད་པའི་ཕྱོག་རྒྱའོ།། སླར ་ཡང་རིམ་པ་དེ་ཉིད་ཀྱིས་ཏེ། འོན་ཀྱང་ལག་པ་གཡས་པ་གན་རྐྱལ་ནི་ཕྱག་ན་རིན་ཆེན་གྱི་མཆོག་སྦྱིན་གྱི་ཕྱག་རྒྱའོ།། དེ་བཞིན་དུ་སྐྱིལ་ཀྲུང་ལ་ལག་པ་གཡོན་པའི་སྟེང་དུ་ལག་པ་གཡས་པ་གན་རྒྱལ་མཉམ་པར་གནས་པ ་ནི་ཕྱག་ན་པདྨ་སྟེ། སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ།། དེ་བཞིན་དུ་ལག་པ་གཡོན་པའི་མིཐིལ་གན་རྐྱལ་དུ་སྐྱིལ་ཀྲུང་གི་སྟེང་དུ་སྟེ། གཞན་པ་ལག་པ་གཡས་པའི་མཐིལ་པུས་མ་གཡས་པའི་སྟེང་དུ་འཇིགས ་པ་མེད་པ་བ་ཏུ་སྦྱིན་པ་ནི། ཕྱག་ན་རལ་གྲི་ཞེས་པ་དོན་ཡོད་གྲུབ་པའི་མི་འཇིགས་པའི་ཕྱག་རྒྱའོ།། དེ་བཞིན་དུ་གཡས་པའི་ཁུ་ཚུར་གཡས་མིན་གྱི་ཁུ་ཚུར་ལ་སྟེ། མཛུབ་མོ་གཡོན་པ་གང་ཡིན་པ་དེ་སླར་ཡང་གཞན་སྟེང ་དུ་ཁུ་ཚུར་བཅིངས་པ་ལ་མཛུབོ་མོ་རབ་ཏུ་ཞུགས་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབོ་མཆོག་གི་ཕྱག་རྒྱ་སྟེ། འདི་ནི་གསལ་བར་སྙིང་ཁར་སོན་པའོ།། དེ་བཞིན་དུ་གཞན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི་ལག་པ ་གཡོན་པ་དང་གཡས་པའི་མཛུབ་མོ་མཐེ་བོང་སྦྱར་བ་གདུ་བུ་བཞིན་དུ་གྱུར་ཅིང་། ཟླུམ་བཻ་གཡོན་པའི་སེན་མོ་འདུས་པ་ལ་གཡས་པའི་སེན་མོ་འདུས་པ་སྟོན་པའི་སྦྱོར་བས་གུང་མོ་ལཱྀ་སོགས་བརྐྱང་བ་མཽང་མད་དང་མཐེའུ་ཆུང ་ཅུང་ཟད་སྟེང་དུའོ།། ཞེས་པ་སྙིང་ཁའི་ཕྱོགས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སྟེ།། དེ་ལྟར་དེ་བཞིན་གཤེགས་པ་དྲུག་གི་ངེས་པའོ།། ད་ནི་མཆོག་གི་ཕྱག་རྒྱ་གསུངས་ཏེ། འདིར་རང་གི་ལུས་ལ་གོ་ཆ་ཆེན་པོའི་དོན་དུ ་ལག་པ་གཡོན་ལ་ཤིན་ཏུ་གྲང་བའི་དྲི་མེད་རི་བོང་འཛིན་པ་ཞེས་པ་ནི། འདིར་ཨ་ཡིག་ལ་སོགས་པ་དབྱངས་བཅོ་ལྔའི་བདག་ཉིད་ཟླ་བའི་དཀྱིལ་འཁོར་ཏེ། ལག་པ་གཡོན་ལྔ་ཤིམ་ཏུ་གང་བའི་དྲི་མེད་རི་བོང ་འཛིན་པ་ཆུ་བཅོ་ལྔ་ཡོངས་སུ་རྫོགས་པའོ།། ཨ་ཨི་རྀ་ཨུ་ལྀ་ཨཱ་ཨཱི་ཨར་ཨོ་ཨ་ལ་ཧ་ཡ་ར་ཝཱ་ལ་ཞེས་པ་ནི་དབྱངས་རྣམས་སོ།། དེ་བཞིན་དུ་ལག་པ་གཡས་ལ་རྡོ་རྗེ་ཉི་མ་དབྱངས་བཅོ་ལྔའི་བདག་ཉིད་དེ། ཡཱུ་ཝཱ་རཱ་ཡཱ་དྷུ་ཨཱ ་ཨོཾ་ཨཱར་ཨཾ་ཨཱ་ལཱྀ་ཨཱ་རཱྀ་ཨཱི་ཨཱ་ཞེས་པ་ནི་ཡང་དག་པར་གང་བའི་ཉི་མའོ།། ཉི་མ་དང་ཟླ་བ་འདི་དག་ཡང་དག་པོར་སྦྱར་བ་རྡོ་རྗེ་འཇིགས་བྱེད་དེ། དྲག་པོའི་རྡོ་རྗེ་ཁྲོ་བོ་ལས་སྐྱེས་ཤེས་པ་ཧཱུཾ་ཡིག་ལས་སྐྱེས་པ་རྩེ་མོ་ལྔ་པ་བསྒོམ ་ནས་རྡོ་རྗེ་དེ་དང་འཆད་པར་འགྱུར་བའི་རྡོ་རྗེའི་ཕྱག་རྒྱས་ཡན་ལག་ཐམས་ཅད་ལ་རེག་པར་བྱ་སྟེ། ཅོད་པན་དང་བཅས་ཤེས་པ་གཙུག་ཏྲཻར་དང་བཅས་པའི་མགོ་ནས་བརྩམས་ཏེ་རྐང་པའི་མཐར་ཞེས་པ་རྐང་པའི་སེན་མོའི་མཐར ་ཐུག་པ་ཉིད་དུའོ།། འདི་ནི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཔལ་ལྡན་མཆོག་གི་ཕྱག་རྒྱ་སྟེ་ཐམས་ཅད་བསྲུང་ཞིང་། སྡིག་པའི་དྲི་མ་འཕྲོག་པའོ།། དེ་བཞིན་དུ་ཕྱག་རྒྱ་འདི་ཡིས་གང་ཞིག་ཅུང་ཟད་བཟུང་བར་བྱ་བའི་དངོས་པོ་ས ་སྐྱེས་ཆུ་སྐྱེས་ཀྱི་དམ་ཚིག་དང་། མངལ་སྐྱེས་སམ། དྲོང་བ་ཤེར་ལས་སྐྱེས་པ་འམ། སོགས་པའི་སྒྲས་རུལ་པ་སྐྱེས་པའི་དམ་ཚིག་གམ། དེ་བཞིན་དུ་བཟའ་བ་དང་། བཏུང་བ་དང་། བརྩོན་འགྲུས་དང་བཅས་ཏེ། ཤ་དང ་བཅས་པ་ནི་འཆང་བར་འགྱུར་བའི་རིམ་པས་སྦྱང་བ་དང་རྟོགས་པ་དང་། རབ་ཏུ་འབར་བར་བྱའོ།། དེ་བཞིན་དུ་བླ་མ་དང་ན་རླབས་དག་ལ་ཡང་སྟེ་ལྷའི་སྐུ་ལ་རང་གི་རྐང་པ་བགྲོད་པའི་དོན་དུའོ།། གང་གང་བྱ་བ་ཉེ་བར་སྦྱོར་བ ་འགྱུར་བའི་དངོས་པོ་གང་ཡིན་པ་དེ་ཡོན་ཏན་དབང་གིས་ཤེས་པ་སྙིང་སྟོབས་དང་རྡུལ་དང་མུན་པ་དང་། དྲི་ལ་སོགས་པའི་ཡུལ་གྱི་དབང་གིས་བྱ་བ་དེ་ལ་དེ་ནི་ཕྱག་རྒྱས་རེག་ནས་སྦྱར་བར་བྱའོ།། ས་ལ་སོགས་ལོ་དཀྱིལ ་འཁོར་དོན་དང་རྐང་པ་བགྲོད་པའི་དོན་དུ་རྣལ་འབྱོར་པས་ཕྱག་རྒྱ་འདི་ཡིས་བསྣུན་པར་བྱ་སྟི་མཆོག་གི་ཕྱག་རྒྱའོ།། ད་ནི་ཁྲོ་དྲོའི་མགོན་པོའི་ཕྱག་རྒྱ་གསུངས་ཏེ། འདིར་ལག་པོ་དག་གིས་རྡོ་རྗེ་བཅིངས་པ་ཞེས་པ་ལ ་འདིར་ལག་པ་གཡས་པ་ལག་པ་གཡོན་པའི་འཁྲིག་པའི་སྟེང་དུ་སོང་ནས་འོག་ཏུ་ཞུགས་ཏེ་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ཀྱི་སྟེང་དུ་རྡོ་རྗེ་ཁུ་ཚུར་གྱིས་གནས་སོ།། དེ་བཞིན་དུ་ལག་པ་གཡོན་པ་ཡང་རྡོ་རྗེ ་བཅིངས་པ་སྟེ། ངེས་པར་ཁྲོ་བོའི་མགོན་པོ་ཆེན་པོའི་ཕྱག་རྒྱར་འགྱུར་ཞེས་པ་རྡོ་རྗེ་ཤུགས་ཀྱིའོ།། དེ་བཞིན་དུ་མཛུབ་མོ་ཐོག་མཐའ་བཅིངས་ཤིང་ཞེས་པ་ནི་འདིར་མཛུབ་མོ་དག་ཕན་ཚུན་དུ་ལྕགས་ཀྱུ་བཅིངས་ཤིང་མཐའ ་ཞེས་པ་མཐེ་ཆུང་གཉིས་པོ་དག་བཅིངས་ཏེ། ལྷག་པའི་རྒྱབ་སྦྱར་བས་ཁུ་ཆུར་བཅིངས་ཏེ་མཐེ་བོ་དག་ཁུ་ཚུར་གྱི་ནང་དུའོ།། དེ་ལྟར་གཙོ་བོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་ཞེས་པ་འཇིག་རྟེན་གསུམ་ལས་རྣམ་པར ་རྒྱལ་བའི་སྟེ་སྒྱིང་ཁྲུར་གནས་བྱའོ།། མཚན་མའི་རྣམ་པ་དག་ཀྱང་ལྷག་མ་རྣམས་ཏེ་རབ་གསུལ་ངེས་པར་ལྷ་དང་ལྷ་མོ་རྣམས་ཀྱིའོ།། དེ་བཞིན་དུ་ཀླུ་རྣམས་ཀྱི་ཕྱག་རྒྱ་ནི་ལག་པ་དག་གིས་རྡོ་རྗེ་བཅིངས་པ་ཞེས་པ ་སྟེ་འདིར་གཡོན་པའི་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ཀྱི་སྟེང་དུ་གཡས་པའི་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་བཅིངས་པས་གཡོན་པའི་ལག་པ་དང་ཉེ་བའི་དཔུང་བའི་ཚོགས་གཡས་པའི་ལག་པ་དང་ཉེ་བའི་དཔུང་པའི ་ཚིགས་ཀྱི་སྟེང་དུ་སྟེ། ལག་པ་གཡོན་པ་དང་གཡས་པ་གཡོ་བའི་གདེངས་ཀའི་རྣམ་པ་དག་གོ། དེ་ལྟར་གཡོ་བའི་གདེངས་ཀའི་རྣམ་པ་གདེངས་ཅན་རྣམས་ཀྱི་ཕྱག་རྒྱའོ།། དེ་བཞིན་དུ་གཡས་སུ་བསྐོར་བས་ཀྱང་རིག་པར་བྱའོ།། ང ་ནི་མཐེ་བོ་ཞེས་པ་ལ་སོགས་པས་མཚན་མའི་ཕྱག་རྒྱ་གསུངས་ཏེ། འདིར་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ལ་ལག་པ་སྦྱར་བ་བྱས་ནས་མཐེ་བོང་དག་སྦྱར་ཞིང་མཐེ་ཆུང་གཉིས་སྦྱར་ཏེ་དག་པདྨའི་འདབ་མ་དང་མཚུངས་ལ། གུང་མོ་གཉིས ་མཉམ་པར་དབུས་སུ་བརྐྱང་སྟེ། མཛུབ་མོ་གཉིས་གུང་མོ་ངག་གི་རྒྱབ་ཀྱི་ཆར་ཕྱེད་འཁྱོག་པོ་ཟླ་བ་ཕྱེད་པའི་རྣམ་པ་དང་། མིང་མེད་འོག་ཏུ་བསྐུམ་པ་རང་གི་ལག་མཐིལ་སོན་གྱུར་པ་དེ་ལྟར་ཕྱག་རྒྱ་འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེ་རྩེ་མོ ་ལྔ་པར་འགྱུར་ཏེ། བསྟན་པར་བྱའོ་ཞེས་པ་སྟེ། སྔར་གསུངས་པའི་མཆོག་གི་ཕྱག་རྒྱ་ཡང་འདིའོ།། དེ་བཞིན་དུ་རྩིབས་ཀྱི་རྣམ་པ་སོར་མོ་རྣམས་ཏེ། ལག་པ་གཉི་ག་ལ་གནས་མཐེ་བོ་ལོ་སོགས་མཐའ་དག་རྣམས་ཤེས་པ ་ནི་རྡོ་རྗེའི་ཕྱག་རྒྱ་གཞན་ཏེ། ཤེས་རབ་ལ་འཁྱུད་པའི་དོན་དུའོ།། དེ་བཞིན་དུ་ལག་པ་གཉིས་ནི་རྡོ་རྗེ་བཅིངས་པ་སྔ་མ་བཞིན་དུ་རྡོ་རྗེའི་ཁུ་ཚུར་གྱི་རྡོ་རྗེར་འགྱུར་ཏེ། གཡས་པ་སྟེང་དུ་བྱས་ཤིང་གཡོན་པ་གང་ཡིན་པ་འོག་ཏུ་ཁུ་ཆུད་ཀྱིས་དྲལ ་བུར་འགྱུར་རོ།། དེ་བཞིན་དུ་ཁུ་ཚུར་ཕྱེད་པ་མིང་མེད་དང་མཐེ་ཆུང་གི་ཁུ་ཚུར་གྱི་ནང་དུ་མཐེ་བོའོ།། དེ་ལྟར་ཁུ་ཚུར་ཕྱེད་པ་མཛུབ་མོ་དང་ནི་གུང་མོ་སྦྱར་བ་མདའ་དང་མཚུངས་པ་དག་ཀྱང་རལ་གྲི་རྣོན་པོར་འགྱུར་ཞེས་པ་སྟེང་དུ་རལ་གྲིའི་ཕྱག ་རྒྱའོ།། དེ་བཞིན་དུ་མཐེ་བོང་ཁུ་རོ་ཕྱེད་པ་དང་མཛུབ་མོ་ལ་སྩོགས་ཞེས་པ་མཛུབ་མོ་དང་། གུང་མ་དང་། མཽང་མོང་རྩེ་གསུམ་གྱིས་རྣམ་པ་སླར་ཡང་བཀྲམ་པ་དག་སྟེ། ཁུ་ཚུར་བྱེད་པ་ཡིས་ནི་རྩེ་གསུམ་གྱི་ཕྱག་རྒྱ་སྟེ། ཐམས ་ཅད་ནི་ཡུལ་གྱི་དོན་ལ་བདུན་པའོ།། དེ་བཞིན་དུ་དཔལ་ལྡན་གྲི་གུག་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་གདུལ་དཀའ་རྣམས་འཇིགས་པ་བྱེད་པར་འགྱུར་ཞེས་པ་གྲི་གུག་གི་ཕྱག་རྒྱའོ།། དེ་བཞིན་དུ་རྣ་བའི ་སྟེང་དུ་ཁུ་ཚུར་བཅིངས་ཤིང་མཐེ་བོ་གུང་མོའི་སྟེང་དང་མཛུབ་མོའི་འོག་ཏུ་མདའི་མཆོག་གི་ཕྱག་རྒྱ་ལ་ཞེས་པ་ནི་མངའི་ཕྱག་རྒྱའོ།། ལྕགས་ཀྱུ་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ཁུ་ཚུར་གྱི་སྟེང་དུ་ལྕགས་ཀྱུའི་རྣམ་པ ་ཤིམ་ཚྭ་འཁྱིག་པོ་ནི་ལྕགས་ཀྱུའི་ཕྱག་རྒྱའོ།། དེ་བཞིན་དུ་མཐེ་ཆུང་དང་མཐེ་བོ་དག་གིས་ཁྲོ་ཚུར་དང་། མཛུབ་མོ་དང་། མིང་མེད་འོག་ཏུ་མདོར་དང་། མེ་ཚུངས་པར་སྦྱར་ཞིང་། དེ་ངག་གི་སྟེང་དུ་གུང་མོ་ནི་མི་དུང་ལ་སྟེ། དེ་ལྟར་མདུང ་ཕྱཝག་ནྟུ།། ན་ས་ཡ་རྫྫ་བ་པ་གྱུ་། དེམྦྷ་བྷཱུ་པ་གྷཱ་རྫྫ་གྱུར།། དུ་བསྟན་དུ་ལག་མ། ས། ཀྴ་ཙྪདྡྷ་དྷཱ། ་ཐ་ཀའི་ཆར་མཛུབ་མོ་ལ་སོགས་པ་བཞི་སྦྱོར་བ་སྟེ། དེ་ལྟར་དགྲ་སྒྲའི་ཕྱག་རྒྱར་འགྱུར་རོ།། དེ་བཞིན་དུ་སྣང་དུ་ཁུ་ཚུར་གཉིས་དང་ཁུ་ཚུར་གཉིས་ཀྱི་སྟེང་དུ་ཡང་མཛུབ་མོར་འགྱུར་ཏེ། ལྷ་མིན་བདག་པོ་གླང་ཆེན་ནི་མུག ་འདྲེན་ཏེ། འདིར་པགས་པ་དག་ལའོ་ཞེས་པོ་གླང་པོ་ཆེའི་པགས་པའི་ཕྱག་རྒྱའོ།། དེ་བཞིན་དུ་མཆེ་བ་ལ་ནི་ལག་པ་གཉི་གའི་མཐིལ་དུ་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་གཡས་དང་གཡས་མིན ་ནི་ཁར་བསྟན་པར་བྱ་སྟེ། དེ་ལྟར་མཆེ་བའི་ཕྱག་རྒྱའོ།། ལག་པ་གཡས་ཀྱི་མཚན་མའི་ཕྱག་རྒྱ་དང་གླང་པོ་ཆེའི་པགས་པ་དང་མཆེ་བའི་ཕྱག་རྒྱའི་ངེས་པའོ།། ད་ནི་ལག་པོ་གཡོན་པའི་མཚན་མའི་ཕྱག་རྒྱ་གསུངས ་ཏེ། དེ་བཞིན་དུ་ཁེ་ཊོ་ཀ་ལ་སྟེ། ཕུབ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐོལ་ནི་སྟེང་དུ་སོན་པ་མི་འཇིགས་པའི་ལག་མིཐོལ་ལྟ་བུར་འགྱུར་ཏེ། དེ་ལྟར་ཕུབ་ཀྱི་ཕྱག་རྒྱར་འགྱུར་རོ།། དེ་བཞིན་དུ་ཁ་རྗེ ་ག་ལ་ཁུ་ཚུར་བུག་པ་སྟེ། མཛུབ་མོ་དང་། གུང་མོ་དང་། མིང་མེང་དང་། མཐེ་བོ་རྣམས་སྦྱར་ཞིང་ཕྲག་པོའི་སྟེང་གནས་སུ་མཐེ་ཆུང་སྟེང་དུ་རབ་ཏུ་བརྐྱང་བ་སྟེ། དེ་ལྟར་ཁ་ཊྭཱཾ་གའི་ཕྱག་རྒྱའོ།། དེ་བཞིན་དུ་ཐོད་པ་ལ ་སོར་མོ་བུག་པ་མེད་པའི་ལག་པ་དང་འདབ་ལྟ་བུ་གན་རྒྱལ་ནི་ཐོད་པའི་ཕྱག་རྒྱའོ།། དེ་བཞིན་དུ་གཞུ་ལ་རབ་ཏུ་བརྐྱང་བའི་ལག་པ་གན་རྒྱལ་ཁུ་ཚུར་ཏེ་དེ་ལྟར་གཞུའི་ཕྱག་རྒྱའོ།། དེ་བཞིན་དུ་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གུང་མོ་དག ་ནི་མཛུབ་མོ་འཁྱོག་པོ་བསྟེན་པ་སྟེ། གཉིས་ཀྱི་དབུས་སུ་ཕུག་པའོ།། དེ་ལྟར་རྡོ་རྗེ་ཞགས་པ་སྟེ། འདི་ནི་ལོག་པ་གཅིག་གི་ཕྱག་རྒྱའོ།། གཞན་ནི་ལག་པོ་གཉིས་ཀྱིས་གཅིག་ཅར་གྱིས་ཏེ་ཆུ་ལ་སོགས་པའི་གཡས ་པ་གང་དུ་རྡོ་རྗེ་ལྕགས་ཀྱུ་མཱ་མཐོང་བའོ།། དེ་ལྟར་ཞགས་པའི་ཕྱག་རྒྱའོ།། དེ་བཞིན་དུ་སྦྱར་བ་སྟེ་འདུས་པའི་སོར་མོ་ལྔ་པོ་རྣམས་ཀྱི་དབུས་སུ་གུང་མོ་བྱས་ནས་ལག་པ་དག་སྟེང་དུའོ།། ཞེས་པ་ནི་རིན་པོ་ཆེའི་ཕྱག་རྒྱའོ།། ་ལག་པ་གཡོན་པའི་པདྨའི་ཕྱག་རྒྱ་ལ་མཐེ་བོ་དང་མཐེ་ཆུང་སྦྱོར་ཏེ་མཛུབ་མོ་ལ་སོགས་པ་ནི་ཕྱོགས་རྣམས་སུའོ།། དེ་ལྟར་སོར་མོ་རྣམས་རྣམ་པར་ཕྱེ་བ་པདྨ་འདབ་མ་བཞི་པ་ལྟ་བུ་སྟེ། ལག་པ་གཉིས་ཀ་དོག་གིས ་འདབ་མ་བརྒྱད་པར་འགྱུར་རོ།། དེ་ལྟར་པདྨའི་ཕྱག་རྒྱའོ།། དེ་བཞིན་དུ་ཌ་མ་རུ་ལ་གུང་མོ་དང་། མིང་མེད་དག་གིས་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ལྕགས་ཀྱིའི་རྣམ་པ་དང་མཐེ་བོའི་སེན་མོའི་སྟེང་དུ་མཐེ་ཆུང་ཕྱེད་འཁྱོག ་པའོ།། དེ་བཞིན་དུ་ཐོ་བ་ལ་ཁུ་ཚུར་བཅིང་བའོ།། འཁོར་ལོ་ལ་སོར་མོ་ཐམས་ཅད་རྩིབས་ཀྱིས་རྣམ་པས་རབ་ཏུ་བརྐྱང་བ་ལག་པ་གཅིག་ལ་སྟེ། ལག་པ་གཉིས་གའི་མཐིལ་སྦྱར་བའོ།། དེ་བཞིན་དུ་མཛུབ་མོ་དང ་མཐེ་བོ་དག་སྦྱར་ཏེ། མཐེ་བོའི་འོག་ཏུ་མཐེ་ཆུང་ལ་སོགས་པ་ཁུ་ཚུར་དང་མཐེ་བོ་དང་། མཛུབ་མོ་རབ་ཏུ་བརྐྱང་བ་དུང་གི་ཕྱག་རྒྱའོ།། མེ་ལོང་ནི་མངོན་དུ་ཕྱོགས་ཤིང་ཤིན་ཏུ་མཉམ་པའི་ལག་མཐིལ་གཡོན་པ ་སྟེ། མེ་ལོང་གི་ཕྱག་རྒྱ་ལ་སོར་མོ་རྣམས་བུག་པ་མེད་པའོ།། དེ་བཞིན་དུ་མཛུབ་མོ་དང་པོར་བྱས་ནས་མཐེ་ཆུང་གི་མཐར་ཐུག་པ་སྟེ། མཐེ་བོའི་སྟོང་དུ་མཛུབ་མོ་འཁྱོག་པོ་ཟླུམ་པོའི་རྣམ་པའོ།། དེའི་སྟེང་དུ་གུང་མོའོ།། གུང་མོའི ་སྟེང་དུ་མིང་མེད་དོ།། མིང་མེད་ཀྱི་སྟེང་དུ་མཐེ་ཆུང་ངོ་།། དེ་ལྟར་ལྕགས་སྒེག་གི་ཕྱག་རྒྱའོ།། དེ་བཞིན་དུ་ཚངས་པའི་མགོ་བོ་ལ་མཐེ་བོ་ལ་སོགས་བཞི་པོ་ཕན་ཚུན་སྦྱར་བར་གདོང་དང་མཚུངས་ཤིང་འོག་ཏུ་གདོད་རྣམས་ཏེ། མཐེ ་ཆུང་བསྐུམ་པ་ནི་མགོའི་ཕྱག་རྒྱའོ།། དེ་བཞིན་དུ་ལག་པ་དག་གིས་དུང་གི་ཕྱག་རྒྱ་སྦྱར་བ་ཅོད་པན་དུ་འགྱུར་ཏེ། དེའི་སྟེང་དུ་མཛུབ་མོ་གཉིས་སྦྱར་བའོ།། ལག་པ་གོཉྫིས་གའི་མཐིལ་མི་མཉམ་པར་བསྟན་ཏེ། རྒྱབ་ཏུ་སོར ་མོ་ལྔ་པོ་རྣམས་ནི་རྣ་རྒྱ་ནི་ལ་སྟེ་རྣ་རྒྱན་གྱི་ཕྱག་རྒྱའོ།། དེ་བཞིན་དུ་ལག་པོའི་རྒྱབ་ཏུ་སོར་མོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་ཅིང་ཕན་ཚུན་བཅིངས་པ་མགུལ་པའི་རྒྱན་ལ་སྟེ། དེ་ལྟར་མགུལ་རྒྱན་གྱི་ཕྱག་རྒྱའོ།། དེ ་བཞིན་དུ་སྐ་རགས་ལ་གཡོན་པ་དང་གཡས་པ་དག་གིས་སོར་མོ་གསུམ་ནི་མིང་མེད་དང་། གུང་མོ་དང་། མཛུབ་མོ་དག་སྟེ། སོར་མོ་རྩེ་མོར་འདུས་ཤིང་མཐེ་ཆུང་དང་མཐེ་བོས་ཁུ་ཚུར་བཅིངས་པ་ནི་སྐ་རགས་ཀྱི་ཕྱག་རྒྱན ་དེ་བཞིན་དུ་ལག་པ་གཉིས་གའི་མཐེ་བོ་གཉིས་དང་གུང་མོ་གཉིས་སྦྱར་ཏེ། དེ་དག་གིས་ཟླུམ་བསྐོར་ལྟ་བུར་བྱས་ཤིང་སོར་མོ་ལྷག་མ་རྣམས་ཀྱིས་ཁུ་ཚུར་བཅིངས་པ་ནི་རྐང་གདུབ་ལ་སྟེ། རྐང་གདུབ་ཀྱི་ཕྱག་རྒྱའོ།། དེ་བཞིན་དུ་དཔུང ་རྒྱན་ནམ་གདུ་བུ་ལཱ་མཐེ་བོ་སྦྱར་བ་དང་། མཛུབ་མོ་སྦྱར་བ་ཟླུམ་སྐོར་ལྟ་བུར་འགྱུར་ཞེས་པ་སྟེ། བཅོམ་ལྡན་འདས་ཀྱི་མཚན་མའི་ཕྱག་རྒྱའོ།། ད་ནི་མཐེ་བོ་ཞེས་པ་ལ་སྩོགས་པས་རིགས་ཀྱི་ཕྱག་རྒྱ་གསུངས་ཏེ། འདིར་མཁ ་འགྲོ་མ་ཐམས་ཅད་ཀྱི་ཐུན་མོངས་དུ་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོ་བསྟན་པ་ནི་རིགས་ཀྱི་ཕྱག་རྒྱར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་རབ་ཏུ་བརྐྱང་བ་ནི་གསང་བ་པོ་སྟེ། གནོད་སྦྱིན་རྣམས་ཀྱི་རིགས་ཀྱི་ཕྱག ་རྒྱུའོ།། དེ་བཞིན་དུ་ཁུ་ཚུར་བཅིངས་པ་ལས་གུང་མོ་རབ་ཏུ་བརྐྱང་སྟེ་བསྟན་པ་ནི་དྲི་ཟ་རྣམས་ཀྱི་རིགས་སུ་འགྱུར་རོ།། དེ་བཞིན་དུ་མིང་མིང་ནི་གདེངས་ཅན་རྣམས་ཀྱིས་རིགས་སུ་འགྱུར་རོ།། མཐེ་ཆུང་བསྟན་པ་ནི་འབྱུང ་པོ་རྣམས་ཀྱི་རིགས་སུ་འགྱུར་རོ།། དེ་བཞིན་ཉིད་དུ་སྟེང་དུ་སོར་མོ་བཞི་པོ་རྣམས་ཀྱིས་ཁྭ་ཚུར་བཅིངས་ཏེ་ལག་པའི་མཐི་ལ་རབ་ཏུ་གསལ་བར་བསྟན་པ་ནི་སྲིན་པོ་རྣམས་ཀྱི་རིགས་སུ་འགྱུར་རོ།། ཁུ་ཚུར་བཅིངས ་ཏེ་བསྟན་པ་ནི་གྲུབ་པ་རྣམས་ཀྱི་རིགས་སུ་འགྱུར་རོ།། དེ་བཞིན་དུ་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ནི་ལྷ་རྣམས་ཀྱི་རིགས་སོ།། དེ་བཞིན་དུ་ལག་པའི་རྒྱབ་ཀྱི་མཐིལ་ནི་ཚངས་པའི་སྲིན་པོའི་འོ།། དེ་བཞིན་དུ ་ཉེ་བའི་དཔུང་པ་དང་། ལག་པའི་ཚིགས་བསྟན་པ་ནི་རོ་ལངས་རྣམས་ཀྱི་རིགས་སུ་འགྱུར་ཏེ། དེ་ལྟར་ཕྱག་རྒྱ་རྣམ་པ་བརྒྱད་ནི་རིགས་བརྒྱད་ལས་སྐྱེས་པ་རྣམས་ལ་ལག་པ་གཡོན་པས་བསྟན་པར ་བྱའོ།། ད་ནི་ལག་པ་ཞེས་པ་ལ་སོགས་པས་དུད་འགྲོའི་གདོང་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་གསུངས་ཏེ། འདིར་ལག་པ་གཅིག་གམ། གཉིས་གའི་མཐིལ་དུ་སོར་མོ་ལྔ་པོ་རྣམས་ཕྱེད་འཁྱོག་པ་སེང་གེའི་སྡེར་མོའི་རྣམ ་པོས་སྡེར་མོ་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ།། དེ་བཞིན་དུ་ཁུ་ཆུར་བཅིངས་པ་ལས་ལག་པ་གཉིས་གྲཝའི་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་གཉིས་པོ་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་རྣམ་པས་མགོ་བོར་བསྟན་པ་ནི་ར་ཅན ་རྣམས་ཀྱིའོ།། ཞེས་པ་ནི་རཱ་ཅན་རྣམས་ཀྱི་ཕྱག་རྒྱའོ།། དེ་བཞིན་དུ་རྒྱུ་བ་སྦྱོར་བས་མི་མཉམ་ལག་པའི་མཐིལ་ལ་མཐེའུ་ཆུང་ཕན་ཚུན་བཅིངས་ཤིང་མཛུབ་མོ་དང་། གུང་མོ་དང་། མཐེ་བོ་དག་ཁྭ་སྦྱར་བ་སྟེ། དེ་ལྟར ་བྱ་ཁྱུང་གི་ཕྱག་རྒྱའོ།། དེ་བཞིན་དུ་སོར་མོ་ལྔ་པོ་རྩེ་མོའི་ཚིགས་འཁྱོག་པོ་བསྟན་པ་ནི་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱར་འགྱུར་རོ།། དེ་བཞིན་དུ་འབར་བའི་ཕྱག་རྒྱ་ལ་གུང་མོ་དང་། མིང་མཽད་དང་། མཐོ ་ཚོང་བརྐྱང་སྟེ། ལག་པ་གཉིས་ཀའི་མཛུབ་མོ་གཉིས་པོ་ཕན་ཚུན་མོ་དུང་དེ་མགོ་བོའི་སྟེང་དུ་ཁ་འོག་དུ་བསྟན་ནས་མཐེ་བོ་དག་སྦྱར་བའོ།། མཆོག་གི་ལག་མཐིལ་དོག་གིས་རྣམ་པ་དེ་ཉིད་ཀྱིས་ཏེ། འོན་ཀྱང་མཛུབ ་མོ་བརྐྱང་བ་ནི་གཞན་པ་སྟེ། འབར་བའི་ཕྱག་རྒྱ་གཉིས་པས་སོ།། རིགས་ཀྱི་ཕྱག་རྒྱ་དང་འགྲོའི་གདོངས་ཅན་རྣམས་ལ་བསྟན་པར་བྱའོ།། ང་ནི་མཛུབ་མོ་ཞེས་པ་ལ་སོགས་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས ་ཕན་ཚུན་དུ་ཕེབས་པར་སྨྲ་བའི་ཕྱག་རྒྱ་གསུངས་ཏེ། འདིར་གང་དང་གླང་དུ་ཕྲོད་པ་ཙམ་གྱི་ཁུ་ཚུར་བཅིངས་ནས་སྟེང་དུ་ཕྱོགས་པོའི་མཛུབ་མོ་མཐེ་བོ་ལ་མངོན་པར་ཕྱོགས་ཤིང་སྦྱོར་བ་བསྟན་པར་བྱ་སྟེ། དེ་བསྟན་ནས ་ལེགས་པ་འོངས་སམ་དུ་འགྱུར་རོ།། རྣལ་འབྱོར་པ་ལ་རྣལ་འབྱོར་པ་ཡིས་སམ། རྣལ་འབྱོར་མ་ལ་རྣལ་འབྱོར་པས་སོ།། གཉིས་ཀྱིས་ཏེ་མཛུབ་མོ་དང་གུང་མོ་རྒྱོ་བ་དུ་ཡང་དག་པར་ལྡན་པ་དག་གིས་ཤིན་ཏུ་ལེགས ་པ་འོངས་པ་བརྗོད་པར་འགྱུར་རོ།། དེ་བཞིན་དུ་གཡོན་པའི་མཐེ་བོ་ཁུ་ཚུར་བཅིངས་པས་སྐལ་བཟངས་དགེ་བ་རབ་ཏུ་བརྗོད་པར་འགྱུར་རོ།། དེ་བཞིན་དུ་སོར་མོའོ་སེ་གོལ་རྡེབས་པ་མཐེ་བོ་དང་མཛུབ་མོ་དག་གིས་ཁྱོད་ནི ་འདི་རུ་སྔགས་པ་མཆོག་ཏུ་ངེས་པར་བརྗོད་པར་འགྱུར་རོ།། མཐེ་བོ་དང་ནི་མིང་མེད་དག་གིས་སེ་གོལ་བྱས་ནས་ངམ་ཚིགས་བཅས་པའི་ཆུང་གིས་ཁྱོད་ཚིམ་པར་བྱེད་དོ་བརྗོད་པར་འགྱུར་རོ།། དེ་བཞིན་དུ་ཕྱག་འཚལ ་བའི་སྦྱོར་བས་སོར་མོ་ཐམས་ཅད་རྩེ་མོ་བརྐྱང་བས་སྐལ་བཟངས་ལེགས་པར་འོངས་པ་བརྗོད་པར་འགྱུར་རྣལ་འབྱོར་པ་ལ་ཡང་། དེ་བཞིན་དུ་གཡོན་གྱི་ཡན་ལགོ་རེག་པས་རྟག་ཏུ་ཁྱོད་ནི་བདག་གིས་གཉེན་གཅིག ་པུ་དག་རབ་ཏུ་གསལ་བར་བྱེད། དེ་བཞིན་དུ་སྐྱེ་གནས་ལ་རེག་པས་གཙོ་བོ་སྟེ། དེ་བཞིན་དུ་མཆུ་དང་ནུ་མ་འམ། སེན་མོ་འདེབས་པས་ཀྱང་གཙོ་བོར་བརྗོད་པའོ།། སོར་མོ་ཕན་ཚུན་བཅིངས་པ་ཞེས ་པ་ནི་ལག་པ་དག་སྦྱར་བ་བྱས་ནས་མཐེ་ཆུང་ལ་སོགས་པ་སེར་མོ་རྣམས་ཕན་ཚུན་བཅིངས་ཏེ། བཅིངས་པ་ང་ལས་མཛུབ་མོ་དང་མིང་མེད་བཅིངས་ཤིང་མཐེ་བོ་དང་གུང་མོ་རབ་ཏུ་བརྐྱང་བས་དམ་ཚིག་ལ་མདུས ་པ་བརྗོད་པར་བྱེད་དོ།། ཕོབས་པར་སྨྲ་བའི་ཕྱག་རྒྱའོ།། ང་ནི་མཆུ་དང་ཞེས་པ་ལ་སོགས་པས་སྨོང་པའི་ཕྱག་རྒྱ་གསུངས་ཏེ། འདིར་གང་གི་ཚེ་གང་དང་གང་དུ་ཕོ་ཉི་མོས་མཐོང་བར་འགྱུར་ན། སྒྲུབ་པ་པོ་མཐོང ་ནས་མཆུ་ལ་སོགས་པ་ཡོ་བ་སྟོན་པར་བྱེད་དོ།། དེར་མཆུ་ཡོ་བ་དང་། སྨིན་མ་ཡོ་བ་དང་། མིག་ཡོ་བ་དང་། དེ་བཞིན་དུ་མགོ་བོ་ལ་འཕྲུག་པར་བྱེད་ན་ཁྱོད་ཤིན་ཏུ་ཚར་རྨོངས་པ་བརྗོད་པར་བྱེད།། གང་གི་ཚེ ་ཕྱག་རྒྱའི་བརྡ་མི་ཤེས་པས་ཕྱིར་རོ།། དེ་བཞིན་དུ་གལ་ཏེ་དེས་མཆེ་བའི་དབུས་སུ་མཐེ་ཆུང་བཀོད་ན་དེའི་ཚེ་མཐེ་ཆུང་ངེས་འཇིགས་པ་རབ་ཏུ་གསལ་བར་བྱེད་དོ།། ཡང་ན་མཛུབ་མོ་སྙིང་ཁ་འམ། ཁར་བཀོད་ན ་འཇིགས་པ་བརྗོད་པར་བྱེད་།། དེ་བཞིན་མཐེ་བོ་ཁུ་ཚུར་བཅིང་བ་བྱས་ཏེ། ཁུ་ཚུར་བཅིངས་པ་དེ་ལས་དེ་ཉིད་ཀྱིས་ས་ལ་རྡེབ་པ་འམ། ལག་པ་དང་རྐང་པ་རྡེབས་པར་གྱུར་ན་ངས་བཟའ་བར་བྱའོ།། ཞེས་བརྗོད ་པ་སྟེ། ཕྱག་རྒྱའི་བརྡ་མངོན་པར་མི་ཤེས་པ་ཉིད་ཀྱི་ཕྱིར་རོ།། ཞེས་པ་སྨོད་པའི་ཕྱག་རྒྱའོ།། དེ་བཞིན་དུ་ཟས་ཀྱི་དོན་དུ་མིང་མེད་ཀྱིས་ལྕེ་ལ་རེག་ན་ཟོས་པ་དང་། དེ་བཞིན་དུ་ལག་པ་གཡོན་པས་ལྷོ་དང་སོ་ལ་བསྣུན་པ ་དྲག་གིས་མི་ཟོས་པའོ།། དེ་བཞིན་དུ་ལག་པའི་རྒྱུ་བ་སྟོན་པར་གྱུར་ན་སོང་ཅིག་ཞེས་ངེས་པར་རབ་ཏུ་བརྗོད་པ་སྟེ། མངོན་དུ་ཕྱོགས་པ་སྟོན་པར་གྱུར་ན་འདུག་ཅིག་ཅེས་བརྗོད་པའོ།། དེ་བཞིན་དུ་བྱིན་པ་ཉིད་པ་དང་། བརླ ་ཉེད་པར་གྱུར་ན་བསྐལ་བཟང་ཁྱོད་དི་རིང་ངལ་སོས་ཤིག་ཅེས་བརྗོད་པར་བྱེད་དོ།། དེ་བཞིན་དུ་རྐང་པ་རབ་ཏུ་རྐྱོང་བས་གཉིད་ལོག་ཅིག་ཅེས་པའི་ངེས་པ་སྦྱིན་པའོ།། དེ་བཞིན་དུ་པུས་མོ་ཟུང་དགེ་སྦྱོང་བ་བདག་ལ་ཤིན་ཏུ ་དགའ་བ་གྱིས་ཤེས་པ་ངེས་པའོ།། དེ་བཞིན་དུ་རང་གི་ཡན་ལག་ཀུན་ལ་ལག་པ་གཡོན་པས་རེག་པ་འམ། ཁར་ལག་པ་གཡོན་པ་འགོད་པ་སྟེ། དེ་ལྟར་བྱེད་ན་ཁྱོད་དང་ལྷན་ཅིག་བདག་ལ་འདུས་པ་མེད་དོ་ཞེས་བརྗེད་པ ་སྟེ། རྗེ་བོ་ལ་སོགས་པས་བསྲུངས་པ་ཉིད་ཀྱི་ཕྱིར་རོ།། ཞེས་པའོ།། དེ་བཞིན་དུ་རང་གི་ལག་པ་ཕན་ཚུན་བཅིངས་ཏེ། མཐེ་བོ་དང་མཛུབ་མོ་དབུས་ནས་རྣམ་པར་ཕྱུང་ན་དེའི་ཚེ་ཕྱག་རྒྱས་དི་རིང་བདག་གི་ཁྱིམ་དུ་འཁོར ་ལོ་འདུས་པ་འབྱུང་བར་འགྱུར་རོ་ཞེས་བརྗོད་པ་སྟེ། ཁྱོད་ཀྱང་འདུག་ཅེས་ཅེས་པའི་དོན་ཏོ།། མཐེ་བོ་མིང་མེད་རྩེ་མོ་སྟོན་པ་དག་གིས་རྣམ་མང་དམ་ཚིག་དག་ཁྱོད་ལ་ཇི་ལྟར་འདོད་པ་མཆོད་པ་བྱ་ཞེས་བརྗོད་པའོ།། དེ ་བཞིན་དུ་རྐང་པ་ལ་ནི་འཕྲུག་པར་བྱེད་པར་གྱུར་ན་ཕྱི་རོལ་གྱི་འཁོར་ལོ་འདུས་པ་དག་ལ་འགྲོ་བ་ཡང་བརྗོད་པ་སྟེ། ཁྱོད་ཀྱང་ཤོག་ཅིག་ཅེས་པ་དགོངས་པའོ།། དེ་བཞིན་དུ་མཛུབ་མོ་ལྕགས་ཀྱུའི ་རྣམ་པས་ཕན་ཚུན་བཅིངས་པར་གྱུར་ན་རྡོ་རྗེའི་གྲོགས་པོ་ཁྱོད་ནི་དེ་རིང་འཇིགས་པ་འཕྲོག་པར་བྱེད་པ་ཞེས་པ་སྟེ། དེ་ལྟར་དམ་ཚིག་འདུས་པའི་ཕྱག་རྒྱ་ངེས་པའོ།། ད་ནི་སྐྲ་ཞེས་པ་ལ་སོགས་པས་ཤིན་ཏུ་ཁྲོས་པ། ་རྣམས་ཀྱི་ཕྱག་རྒྱ་གསུངས་ཏེ། འདིར་གང་གི་ཚེ་སྒྲུབ་པ་པོ་ལོག་པའི་ང་རྒྱལ་གྱིས་བསྙེམས་པ་རེང་ངམ། ནུས་པ་དང་ལྡན་པ་མ་གཏོགས་པར་ཕྱག་རྒྱའི་ལན་སྟོན་པར་བྱེད་ན། དེའི་ཚེ་ནུས་པ་དང་ལྡན་པ་རང་གི ་སྐྲ་རྣམས་རོང་གི་སོས་གཅོད་པར་བྱེད་དེ། དེ་ལྟར་སྒྲ་ནི་རང་གི་སོས་གཅོད་པར་བྱེད་པར་གྱུར་ན་ཕྱག་རྒྱས་ཀྱེ་མིའི་ཕྱུགས་ཁྱེད་བདག་གིས་འདིར་ནི་ལྟུང་བར་བྱ་ཞེས་པ་འདི་བརྗོད་པའོ།། དེ་བཞིན་དུ་སོ་ལ་སོ་ཡིས ་ཕན་ཚུན་འདར་བར་བྱེད་དེ། དེར་འདར་བར་གྱུར་ན། ཀྱེ་མི་ཡིས་ཕྱུགས་ཁྱོད་ཀྵོ་ཤ་ནི་འདི་དག་དེ་རིང་བདག་གིས་བཟའ་བར་བྱ་ཞེས་པ་འདི་བརྗོད་པའོ།། ངོ་བཞིན་དུ་ལྕེ་མཆུ་ག་ཡོ་བར་བྱེད་པར་གྱུར་ནི་མཆོག་གི་ལུས ་ལས་ཁྲག་ནི་བཏུང་བར་བྱའོ་ཞེས་བརྗོད་པར་བྱེད་དོ།། དེ་བཞིན་དུ་མཆུ་ལ་སོ་ངག་གིས་འདེབས་པར་བྱེད་ན། ཁྱོད་ཀྱི་རྒྱུ་མ་ལྟོ་བར་གནས། འདི་བདག་གིས་བཟའ་བར་བྱ། ཀྱེ་མིའི་ཕྱོགས་ཁྱོད་གང་དུ་འགྲོ་ཞེས་བརྗོད ་པར་བྱེད་པ་སྟེ། ཁྲོས་པར་གྱུར་པ་ཕྱག་རྒྱ་སྟོན་པར་བྱེད་ན་ནུས་པ་དང་བྲལ་བ་དེས་ཕྱག་རྒྱའི་ལན་བསྟན་པར་མི་བྱ་སྟེ། དེ་རྣམས་ལ་ཕྱག་བྱས་ནས་སྙིང་གར་ལག་པ་གཡོན་པའི་མཐིལ་བཞག་སྟེ། རང་གི་ལུས་གཡོན་སྒོ ་གྱིས་ཡོངས་སུ་བསྐོར་ལ། དེ་ནས་ལག་པ་གཡོན་གྱི་སྟེང་དུ་ཕྱག་བྱས་ནས་འགྲོ་བར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ།། བྱིས་པའི་རྣལ་འབྱོར་པ་རྣམས་ལ་ངེས་པ་གང་བྱིན་པ་དེ་དེས་བྱའོ།། རྣམ་པ ་གཞན་དུ་ན་འཆི་བ་འཐོབ་སྟེ། ཁྲོས་པ་ཕོ་ཉ་མོ་ནུས་པ་དང་ལྡན་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ང་ནི་ཕན་ཆེན་ཕྱག་རྒྱ་སྟོན་པ་ན་ཕྱག་རྒྱའི་ལན་གྱི་མཚན་ཉིད་གསུངས་ཏེ། འདིར་བཅོམ་ལྡན་འདས ་དུས་ཀྱི་འཁོར་ལོའི་གཡོན་པ་དང་གཡས་པའི་ཕྱག་གི་མཚན་མ་གང་ཡིན་པ་དེའི་རང་བཞིན་ནི་ཕྱག་རྒྱ་རྣམས་སོ།། དེ་ལས་ཕན་ཚུན་དུ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཏེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དག་གོ།། རལ་གྲི་དང་ཕུབ་དག་གོ།། ་རྩེ་གསུམ་དང་ཁ་ཊྭཱཾ་ག་དག་གོ། གྲི་གུག་དང་ཐོད་པ་དག་གོ། མདའ་དང་གཞུ་དག་གོ། ལྕོགས་ཀྱུ་དང་ཞགས་པ་དག་གོ། ཌ་མ་རུ་དང་རིན་པོ་ཆེ་དག་གོ། ཐོ་བ་དང་པདྨ་དག་གོ། འཁོར་ལོ་དང་དུང་དག་གི། མདུང ་དང་མེ་ལོང་དག་གོ། དབྱུག་པ་དང་ལྕགས་སྒྲོག་དག་གོ། དགྲ་སྟ་དང་ཚངས་པའི་མགོ་བོ་དག་གོ། གླང་པོ་ཆེའི་པགས་པ་དང་སྡིགས་མཛུབ་དག་གོ། དབུ་རྒྱན་དང་རྣ་རྒྱན་དག་གོ། མགུལ་རྒྱན་དང་ལག་གདུབ་དག་གོ།། ་སྐ་རགས་དང་རྐང་གདུབ་དག་གོ།། ར་ཅན་དང་སེན་མོ་ཅན་དག་གོ། གླུ་དང་མཁའ་ལྡིང་དག་གོ། ལག་པ་དང་རྐང་པ་དག་གོ། ཁ་དང་བཤང་ལམ་ངག་གོ། བྷ་ག་དང་རྟགས་དག་གོ། ནུ་མ་དང་མཆུ་དག་གོ།། ་མིག་དང་སྨིན་མ་དག་གོ། ཐིག་ལེ་དང་མིག་སྨན་དྲུག་གོ། རབ་ཏུ་ཁྲོ་བ་དང་གཙུག་ཕུད་དགྲོལ་བ་དག་གོ། པུས་མོ་དང་བརླ་དག་གོ། ལྟེ་བ་དང་སྙིང་ག་ངག་གོ། མགྲིན་པ་དང་དཔྲལ་བ་དག་གོ། སྐྲ་མཚམས་དང་སི་ནཾ་དྷུ་དག ་གོ། མཆེ་བ་དང་མཐེ་ཆུང་དག་གོ། མཐེ་བོ་དང་མིང་མེད་དག་གོ། མཛུབ་མོ་དང་གུང་མོ་དག་གོ། དེ་ལྟར་ཕྱག་རྒྱ་དུ་མ་བསྟན་པ་ན་ཕྱག་རྒྱའི་ལན་དུ་མར་འགྱུར་རོ།། ཤེས་རབ་དང་ཐབས་ཀྱི་ཆོས་དང་ས་ལ་སོགས་པ་དེ ་ཉིད་ཀྱི་དབྱེ་བས་ཐམས་ཅད་དུ་རྣལ་འབྱོར་པས་རིག་པར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་སྒེག་པ་ལ་སོགསོ་པའི་ཕྱག་རྒྱ་མཐའ་ཡས་པ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་ཤེས་ནས་དེ་རྣམས་ཐམས་ཅད་རིག་པར་བྱའོ།། ། ་འདི་ལྟ་སྟེ་སྒེག་པའི་སྦྱོར་བ་ཡིས་ནི་སྒོག་པར་འགྱུར་ཏེ། མིའི་བདག་པོ་བཞད་པའི་སྦྱོར་བས་བཞད་པའོ།། གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་པོའི་རོལ་མོའི་སྦྱོར་བས་རོལ་མོའོ།། གླུ་ཡི་སྦྱོར་བ་ཡིསོ་ནི ་གླུ་སྟེ་མཆོག་གི་ཡོན་ཏན་རྣམས་མང་དྲི་ཡི་སྦྱོར་བ་དག་གིས་དྲི། ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བ་དག་གིས་སྤོས། མར་མེའི་རྣམ་པས་མར་མེ་ངེས་པར་མུན་པོ་བཅོམ་པ ་དང་ནི་སྣོད་ཀྱི་ཕྱག་རྒྱ་བདུད་རྩིར་འགྱུར། ཞེས་པ་དེ་ལྟར་ཕྱག་རྒྱུ་ཐམས་ཅད་སླར་ཡང་དེ་ནས་ལྔ་ཡི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། གཞན་པ་ཕྱག་རྒྱ་མཐའ་ཡས་རྣམས་ཀྱང་མཐའ་དག་ལུས་ལ་གནས་པ་རྣལ་འབྱོར་པ་ཡིས ་རིག་པར་བྱརརོགང་གང་དངོས་པོའི་རང་བཞིན་དུ་གྱུར་སོ་ཡི་སྟེང་དུ་དེ་ཡི་རང་བཞིན་དག་ཀྱང་ཕྱག་རྒྱ་རྣམས་ཤེས་པ་དེའི་ཕྱིར། ཇི་སྙེད་མིགོ་ནི་རྣམ་གཡེང་བ།། དེ་སྙེད་ཕྱག་རྒྱར་རབ་ཏུ་གྲགས།། ཕྱག་རྒྱ་ཕྱོག་རྒྱའི་ལན ་ལ་ནི།། ངེས་པར་འཛིན་པར་སུ་ཡིས་ནུས།། རྣལ་འབྱོར་རྣམས་ཀྱི་ཏིང་འཛིན་གྱིས།། ཇི་སྲིད་མངོན་ཤེས་མ་བསྐྱེད་པོ།། དེ་སྲིད་འཇིག་རྟེན་རྩེད་དོན་དུ།། ཕྱག་རྒྱའི་ལན་ནི་བསྟན་མི་བྱ།། ཞེས་པ་སྟེ། ཕྱག་རྒྱའི་བརྡའི ་ངེས་པའོ།། ད་ནི་ཕོ་ཉ་མོ་ཞེས་པ་ལ་སོགས་པས་ལྟོ་སྟངས་ཀྱི་བརྡ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པ་མཐོང་བ་ན། ཕོ་ཉ་མོ་ཞེས་པ་རྣལ་འབྱོར་མ་འཕྲེང་ལ་མིག་བལྟོ་བར་བྱེད་ན། ལྟ་སྟོངས་དེ་ཡིས་ཁྱོད ་ནི་གནས་གང་ཞིག་ནས་འོངས་ཤེས་པའི་དྲི་བ་སྐལ་པ་བཟང་ལ་ཞེས་པ་རྣལ་འབྱོར་པ་ལ་བརྗོད་པར་བྱེད་དོ།། དེ་ནས་མགོ་བོར་ལག་པ་གཡོན་པ་གཞག་སྟེ། ཕྱོགས་སུ་ངེས་པར་བལྟས་པས་རྣལ་འབྱོར་པས་གནས ་ནས་འོངས་པ་བརྗོད་པ་སྟེ་ལན་སྨྲས་པར་འགྱུར་རོ།། སྟེང་དུ་བལྟ་བས་ཁྱོད་ནི་དགེ་བ་འམ་བརྗོད་པོར་བྱེད་དོ།། སའི་སྟེང་དུ་གནས་པས་ཁྱོད་ནི་འདུག་ལ་ངལ་སོས་ཤིག་ཅེས་བརྗོད་པར་བྱེད་དོ།། ཡོན་པོར་ལྟ་བས་ཁྱོད ་སོང་ཞིག་ཅེས་པའོ།། ཆགས་པའི་ལྟ་བས་ཕོ་ཉ་མོ་ནི་ཤིན་ཏུ་དགའ་བ་གྱིས་ཤིག་ཅེས་རྗོད་པར་བྱེད་དོ།། ཞི་བའི་ལྟ་བས་ཁྱོད་ནི་བདག་གིས་གྲོགས་པོ་ཞེས་བརྗོད་པར་བྱེད་དེ། ཕེབས་པར་སྨྲ་བའི་ལྟ ་སྟངས་ཀྱི་ངེས་པའོ།། ད་ནི་འཇིགས་པའི་ལྟ་སྟངས་རྣམས་གསུངས་ཏེ། འདིར་གང་གི་ཚེ་ཁྲོ་གཉེར་བྱས་ནས་ཁྲོ་བོའི་ལྟ་བ་སྟོན་པར་བྱེད་ན་དོའི་ཚེ་ཁྲོ་གཉེར་ཁྲོ་བོའི་ལྟ་བ་དེ་ཡིས་རྣལ་འབྱོར་པ་ལ་འཇིགས་པ་རབ་ཏུ ་གསལ་བར་བྱེད་ན་དེ་མི་ཤེས་པའི་ཕྱིར་རོ།། དེ་བཞིན་དུ་སྒྲ་ལ་ལྟ་བས་བདག་ནི་མི་རུངས་པ་ཞེས་བརྗོད་པ་སྟེ། སྐལ་བཟང་ལ་ནི་ཞེས་བརྗོད་པ་རྣལ་འབྱོར་པ་ལ་རང་གི་རང་བཞིན་ཟུར་འདི་དག་གིས་སོ།། དེ་བཞིན ་དུ་མཛོད་སྤུར་ལྕི་བས་བདག་ནི་མཆོག་གོ་ཞེས་རབ་ཏུ་གསོལ་བར་བྱེད་དོ།། དེ་བཞིན་དུ་སྣ་ལ་ལྟ་བས་ཡོན་ཏན་རབ་ཏུ་གསལ་བར་བྱེད་དོ།། མཚུལ་ལྟལྟོ་བས་རང་གི་སྐལ་བ་བཟང་པོར་རབ་ཏུ་གསལ་བར་བྱེད་དོ།། དེ ་བཞིན་དུ་རང་གི་ནུ་མ་ཟུང་ལ་བལྟ་ན་བདག་ནི་ཕྱག་རྒྱ་བཟང་མོ་ཞེས་བརྗོད་དོ།། སྙིང་གར་ལྟ་བས་བསྒོམ་པའི་བདག་ཉིད་དོ་ཞེས་བརྗོད་དོ།། དེ་བཞིན་དུ་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོ ་ཞེས་བརྗོད་དོ།། དེ་བཞིན་དུ་ཕྲག་པར་ལྟ་བས་བདག་ནི་ནུས་མ་ཞེས་བརྗོད་དོ།། དེ་བཞིན་དུ་སེན་མོ་དང་བཅས་ལག་པའི་མཐིལ་ལ་ལྟ་ན་བདག་ནི་སྲིན་མོ་ཞེས་བརྗོད་དོ།། དེ་བཞིན་དུ་རྒྱབ་དུ་ལྟ་བས ་བདག་ནི་ཀླུ་མོ་ཞེས་བརྗོད་དོ།། དེ་བཞིན་དུ་ལྟེ་བར་ལྟ་བས་བདག་ནི་དམ་ཚིག་ཅན་ཞེས་བརྗོད་དེ། མིའི་དབང་པོ་ཞེས་པ་ནི་བོད་པའོ།། དེ་བཞིན་དུ་གསང་བར་ལྟ་བས་བདག་ནི་དག་པ་ཞེས་བརྗོད་དོ།། དེ་བཞིན་དུ་བརླལ ་ལྟ་བས་བདག་ནི་ཤིན་ཏུ་དགའ་ལ་གདུལ་བར་དཀའ་ཞེས་བརྗོད་དོ།། དེ་བཞིན་དུ་པུས་མོར་ལྟ་བས་བདག་ནི་གྲུབ་པ་ཞེས་བརྗོད་དོ།། དེ་བཞིན་དུ་རྐང་པར་ལྟ་བས་བདག་ནི་རྫུ་འཕྲུལ་སྦྱིན་པ་མོ་ཞེས་བརྗོད་དོ།། དེ་བཞིན་དུ ་རྐང་པའི་མཐེ་བོང་ངེས་པར་ལྟ་བར་བྱེད་ནི་ལྔ་སྟངས་དེས་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་པུའོ་ཞེས་བརྗོད་དོ།། དེ་བཞིན་དུ་རྐང་པ་དག་གི་སོར་མོ་ཀུན་གྱི་རྩེ་མོར་ལྟ་བས་ན་སྲིད་པ་གསུམ་གྱི་གནས་སུ ་བདག་ནི་ཀུན་ཏུ་འགྲོ་མ་སྣ་ཚོགས་ཡུམ་མོ་ཞེས་བརྗོད་དོ།། དེ་བཞིན་དུ་རྣལ་འབྱོར་པ་ནུས་པ་དང་ལྡན་པ་ཡང་བདག་ཉིད་ཀྱི་ཡོན་ཏན་རྣམས་ཕོ་ཉ་མོ་རྣམས་ལ་རབ་ཏུ་གསལ་བར་བྱེད། དེ་ལྟར་གསུངས་པའི་རིམ ་པས་ཕོ་ཉ་མོ་རྣམས་ཁོ་ནའི་ལྟ་སྟངས་ཏེ། སླར་ཡང་རང་བཞིན་ངག་གིས་རྣམ་པ་མང་པོར་རིག་པར་བྱའོ།། ཞེས་པ་ནི་ལྷ་སྟངས་ཀྱི་བརྡའི་ངེས་པའོ།། དེ་བཞིན་དུ་བརྡ་ནི་དངོས་པོ་གང་གིས་མིང་གང་ཡིན་པ ་དེའི་ཡི་གེ་དང་པོས་དེ་བཟུང་བར་རིག་པར་བྱ་སྟེ། གནས་སྐབས་ཀྱི་དབང་གིས་སོ།། དཔེར་ན་སཻན་དྷ་པ་ཁྱོར་ལ་ཤོག་ཅེས་བརྗོད་པ་ན། ཁྲུས་ལ་གོས་དང་། ཟས་ལ་ལན་ཚྭ་དང་། འགྲོ་བ་ལ་རྟ་དང་། གཡུལ ་ལ་རལ་གྲིའོ་ཞེས་པའི་རིགས་པས་དང་པོའི་ཡི་གེའི་བརྡས་དངོས་པོའི་ཆོས་ཐམས་ཅད་རིག་པར་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལ་དམ་ཚིག་དང་མི་ལྡན་པའི་སེམས། གྱི་ནང་དུ་རྣལ་འབྱོར ་པ་འམ་རྣལ་འབྱོར་མས་དགོངས་པའི་སྐད་གཞན་ནམ་བརྡ་ཡིས་བརྗོད་པར་བྱའོ།། ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། ད་ནི་སློབ་མ་རྣམས་ཀྱི་སྦྱིན་པའི་དོན་དུ་རང་གི་ལུས་ལ་སོགས་པའི་ཆའི་ངེས་པ་གསུངས་པ། དྲུག་ཆ ་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་ཁྱིམ་པ་འམ། ངག་ཚུལ་ལམ། དགེ་སློང་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་ན་ངེས་དམ་བཅོའ་བ་འདི་བྱ་སྟེ། བདག་གིས་དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི ་དྲུག་ཆ་སྦྱིན་པར་དབུལ་བར་བྱའོ་ཞེས་པའོ།། དེ་ལ་དང་པོར་རེ་ཤིག་དྲུག་ཆ་ལུས་ཀྱི་ནང་ན་ལག་པ་རྐང་པ་ལུས་ངག་གི་ཞེས་པ་ལག་པ་གཉིས་དང་། རྐང་པ་གཉིས་དང་། ལུས་ཏེ་ལྔ་པོ་འདི་རྣམས་ཀྱི་ནང་ནས་དྲུག་པ ་པ་ཡན་ལོག་མཆོག་ནི། སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པ་རབ་ཏུ་དབུལ་བར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྡན་པའི་བླ་མ་ལ་དེ་ཕུལ་ནས། མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པ་སྦྱིན ་པ་པེ་ནི་བདེ་བའི་གནས་སུ་འགྲོའོ།། དེ་བཞིན་དུ་ལས་ཀྱི་དབང་པོ་རྣམས་ཀྱི་ནང་ན་ངག་དངུལ་བར་བྱའོ།། ལོག་པ་དང་། རྐང་པ་དང་། བཤང་ལེམ་བྷ་ག་ལ་སོགས་པའི་དབང་པོ་རྣམས་ཀྱི་ནང་ན་དྲུག་པ་ངག་གི་དབང་པོ ་བདེན་པར་སྨྲ་བའི་དོན་དུ་དབུལ་བར་བྱའོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། དེ་བཞིན་དུ་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་། ལུས་ཀྱི་དབང་པོ་རྣམས་ཀྱི་ནང་ནས་དྲུག་པ་ཡིད་དེ། ཡོན་ཏན་དང་བཅས ་གཡོ་སྒྱུའི་སྤྲོས་པ་དང་བྲལ་བ། སེམས་ཅན་གྱི་དོན་དུ་དབུལ་བར་བྱ་སྟེ་སྦྱིན་པའི་ངེས་པའོ།། དེ་བཞིན་དུ་ཁམས་ཀྱི་ཆུ་ཤས་ཞེས་པ་ནི་གསེར་དང་རིན་པོ་ཆེ་དང་། འབྲུ་ལ་སོགས་པ་སེམས་མེད་པའི་རྫས ་རྣམས་ནི་ཁམས་ཏེ། ཡུན་རིངས་ཀྱི་དང་གློ་བུར་དུ་བྱུང་བའི་ཁམས་ངོ་རྣམས་ཀྱི་དྲུག་གི་ཤ་ཚྭ་ཤས་ནི་རྣལ་འབྱོར་མ་ལ་སོགས་པ་མཆོད་པའི་དོན་དུ་དབུལ་བར་བྱའོ།། དེ་བཞིན་དུ་སེམས་དང་བཅས་པ་རྐང་གཉིས ་པ་དང་། རྐང་བཞི་པ་རྣམས་དྲུག་གི་ཆ་ཤས་ཀྱིས་དབུལ་བར་བྱ་སྟེ། ཆ་ཤས་ལྔ་ནི་བདག་ཉིད་དང་རྩ་ལག་ཉེ་བར་ལོངས་སྤྱོད་པའི་དོན་དུ་གཞག་པར་བྱའོ།། དེ་བཞིན་དུ་དེ་ཉིད་ཆེ་ཡིས་གཞན་གཟུགས་བཟང་ཆུང ་མ་ལ་སོགས་པ་ཟླ་བའི་ནང་དུ་ལེན་ལྔ་འདོད་པ་སྦྱིན་པས་དབུལ་བར་བྱའོ།། ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། རྣམ་པ་གཞན་དུ་སྔགས་ཀྱི་ཚུལ་ལས་འདོད་པ་སྦྱིན་པ་མ་གཏོགས་པར་བསྐལ་པ་མཐའ ་ཡས་པ་དག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་བའི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཏུ་ཡང་མི་འགྱུར་ཏེ། ཆགས་པས་ཟིལ་གྱིས་མནན་པར་རིགས་ལ་ཞེན་པའི་ཕྱིར་རོ།། དེ་ལྟར་དྲུག ་ཆ་སྦྱིན་པའི་ངེས་པའོ།། ད་ནི་སེམས་ཅན་གང་དག་ཅེས་པ་ལ་སོགས་པས་སྙིང་རྗེའི་དབང་བསྐུར་བ་གསུངས་ཏེ། འདིར་འཇིག་རྟེན་གྱི་ཁམས་འགྲོ་བ་དྲུག་པོ་རྣམས་ལས་སེམས་ཅན་གང་དག་དབང་མ་བསྐུར་བ ་རྣམ་གསུམ་སྲིད་པར་གནས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་བཀུག་ནས་བསྒོམས་པ་ཙམ་དེ་དག་རྣམས་ལ་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་སངས་རྒྱས་རྣམས་ཏེ། བཤང་བ་དང་། གཅི་བ་དང་། ་དང་། རྐང་རྣམས་དང་། དེ་བཞིན་དུ་རྡོ་རྗེའི་བདུད་རྩི་སྟེ། ཁུ་བས་མངོན་པར་དབང་བསྐུར་བ་དྲི་མེད་རི་བོང་ཅན་གྱི་ལུས་དང་། དེ་ནས་རྡོ་རྗེ་ཅན་གྱི་ལམ་ཐོབ་པར་གྱུར་པ་ཞེས་རྣམ་པར་བསྒོམས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན ་གྱིས་དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པ་དེ་དག་ཐམས་ཅད་རང་གི་གནས་སུ་བཏང་བར་བྱའོ།། ཞེས་པ་ནི་སྙིང་རྗེའི་དབང་གི་ངེས་པའོ།། ད་ནི་རྫས་རྣམས་མེད་པ་ཞེས་པ་ལ་སོགས་པས་ཀུན་སྤངས་པའི ་སློབ་མ་ལ་དབང་བསྐུར་བའི་ངོས་པོ་གསུངས་ཏེ། འདིར་གང་གི་ཚེ་ཀུན་སྤངས་ཀྱི་སློབ་མ་ལ་རྫས་མེད་ན། དེའི་ཚེ་སྐ་མས་རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདགྲ་པོའི་བཀའ་ཡིས་ཀུན་སྤངས་ལ་ནི ་སྦྱིན་པར་བྱ་སྟེ། རིམ་པ་ཇི་ལྟ་བས་དབང་བདུན་དང་། དེ་ནས་བུམ་པ་ལ་སོགས་པ་རྣམ་པ་གསུམ་སྦྱིན་པ་པའོ།། དེ་བཞིན་དུ་བཞི་པ་དུ་བ་ལ་སོགས་པའི་ལམ་སྦྱིན་པར་བྱ་ཞེས་པ་སྟེ། ཚིག་གིས་བརྗོད་པར་བྱའོ།། དེ ་བཞིན་དུ་མཐའ་དག་ཡོན་ཏན་གཏེར་ནི་རྩིའི་རྣལ་འབྱོར་ལྡན་པ་སྟེ། མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་ཚིག་གིས་བརྗོད་པར་བྱའོ།། དེ་ལ་བསྟེན་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་གྱུར་ན་ལག་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། རང ་གྲི་སྙིང་གི་དབང་སོན་ལག་པའི་ཕྱག་རྒྱ་ནི་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ་བ་སྟེ། བྱང་ཆུབ་ཀྱི་སེམས་བསྟན་པར་བྱེད་པའི་སླད་དུའོ་ཞེས་པ་ངེས་པའོ།། གཞན་རྣམས་ལ་ནི་སྟེ་ཁྱིམ་པ་རྣམས་ལ་རྒྱལ་བ་མཆོག་གི་སྙིང་པོ ་ཞེས་པ་རྡོ་རྗེའི་ཚིག་ཡུམ་གྱི་མིཆོད་པ་རྣམ་པར་དམན་པར་སྦྱིན་པ་ཉིད་དུ་མི་བྱ་ཞེས་པ་ནཽ་དེ་བཞིན་གཤེགས་པའི་དབ་གི་ངེས་པའོ།། ད་ནི་དབང་གི་མཐར་ཞེས་པ་ལ་སོགས་པས་དཀྱིལ་འཁོར་གཤེགས་སུ་གསོལ་བ ་གསུངས་ཏེ། འདིར་དབང་གི་མཇུག་དུ་སྟོང་ཀར་དང་བཅས་པའི་གོས་ཟུང་བུམ་པའི་སྟེང་དུ་བྱིན་པ་གང་ཡིན་པ་དེ་རྣལ་འབྱོར་མ་བུམ་པ་བསྲུང་ཞིང་སྐྱོང་པ་རྣམས་ལ་སྦྱིན་པར་བྱའོ།། གཞན་ཡང་དེ་བཞིན་སྟོད་ཀར་དང་ནི་གོས ་ཟུང་དག་སོ་སོའི་སྒོ་ནས་གནས་པ་བསྲུང་ཞིང་སྐྱོང་པ་རྣམས་ལ་རབ་ཏུ་སྦྱིན་པར་བྱ་སྟེ། མངོན་དུ་ཇི་ལྟར་འབྱོར་པས་ཅིང་པན་ལ་སོགས་པ་སྦྱིན་པར་བྱའོ།། ཞེས་པོ་ནི་ངེས་པའོ།། དེ་བཞིན་དུ་མཐའ་དག་ཡོན་ཏན་རིགས ་ལ་བདག་ཉིད་ནུས་པས་དེ་བཞིན་གཞན་ཚོགས་ཀྱི་འཁོར་ལོར་དཔའ་བོ་དང་དཔོའི་མོའོ་དབང་ཕྱུག་མ་རྣམས་ལའོ།། དེ་ནས་ཚོགས་ཀྱིས་འཁོར་ལོ་གཤེགས་སུ་གསོལ་ཏོ།། མཐར་ནི་སྦྱིན་བསྲེག་བྱས་ནས་སློབ ་དཔོན་གྱིས་སྔར་བཞིན་དུ་མཆོད་པར་བྱ་སྟེ། ཤར་གྱི་སྒོར་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་ནས་རྡོ་རྗེ་བཅིངས་པས་རང་གི་སྙིང་ཁའི་པདྨར་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག ་པར་བྱ་སྟེ། དབང་པོ་ལ་སོགས་པ་འཇིག་རྟེན་པ་རྣམས་ནི་རང་རང་གནས་སུའོ།། དེ་ནས་ཨ་ཤྭད་ཐའི་འདབ་མ་འམ། རང་གི་ལག་པ་འམ། རྡོ་རྗེ་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོ་རྡོ་རྗེ་ཇི་སྲིད་པ་དབྱི་བར་བྱའོ།། ་དེ་ནས་རང་གི་མགོར་རྡུལ་ཚོན་བག་ཙམ་བཀོད་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ།། དཀྱིལ་འཁོར་གཤེགས་སུ་གསོལ་བའི་ངེས་པའོ།། དེ་ནས་མཐའ་དག་རྡུལ་ཚོན་གླང་པོ་ཆེའི་སྟེང་དུ་གདུགས་དང་། རྔ་ཡབ་དང་། རྒྱལ ་མཚན་དང་མཆོད་པ་དང་བཅས་པས་ཁྱེར་ནས་རྒྱ་མཚོར་འགྲོ་བའི་ངག་པོའི་ཆུ་རླུང་ལའོ།། བུམ་པ་གང་དུ་ཁྱེར་བའི་བུམ་པ་དེ་ཆུ་ཡིས་གང་བར་བྱས་ནས། སླར་ཡང་གླང་པོ་ཆེའི་ཕྲག་པར་གཞག་སྟེ། དཀྱིལ་འཁོར་གྱི་ཁང་པར ་ཁྱེར་ལ་འོང་ངོ་།། གླང་པོ་ཆེ་མེད་ན་བདེ་བའི་གདན་ཁྱོགས་བྱས་ནས་བསྐྱེར་བར་བྱའོ།། རྡུལ་ཚོན་གཤེགས་སུ་གསོལ་བའོ།། དེ་ནས་དཀྱིལ་པོ་ཁོར་གྱི་ཁང་པར་འོངས་ཏེ། བའི་ལྕེའི་བས་ཉེ་བར་བྱུགས་པའི་དཀྱིལ་འཁོར་གྱི ་ཁོང་པར་ལོ་ལྔ་ནས་བརྩམས་ཏེ། ལོ་བཅུའི་བར་གྱི་གཞོན་ནུ་མ་བཅུ་ལོའོ་མ་དོང་། མར་དང་། འོ་ཐུག་དང་། ཁཎྜ་དང་། ལ་དུ་ལ་སོགས་པ་མངར་བའི་ཟས་རྣམས་ཀྱིས་སྔ་དྲོ་ཡང་དག་པར་མཆོད་དེ། དེ་ནས་ཏཱམ་བུ་ལ་དང ་དྲི་དང་རསྤོས་དང་། མེ་ཏོག་དང་། འབྲས་བུར་བཅས་པ་དང་། བུམ་པའི་མགྲིན་པ་བཅིངས་པའི་རས་ཡུག་དག་ནི་གཞོན་ནུ་མ་རྣམས་ལ་ཞེས་པ་སྟེ། བུ་མོ་རྣམས་ལ་བྱིན་ནས་སློབ་དཔོན་སློབ་མར་བཅས་པས་མཐའ་དག་ཚོགས་ཀྱི ་རིགས་ནི་དཔའ་བོའི་སྟོན་མོས་ཇི་ལྟར་འདོད་པར་མཆོད་པར་བྱའོ།། དེ་ལ་འདི་ནི་དཔའ་བོའི་སྐྱོན་མོའི་ཆོ་ག་སྟེ། འདིར་སློབ་དཔོན་ཡོངས་སུ་བརྟག་པ་ལས་རྡོ་རྗེ་སློབ་དཔོན་རྣམ་པ་གསུམ་སྟེ། མཆོག་དང་འབྲིང་དང་ཐ་མའོ།། འདི་ལྟ་སྟེ། ་དེ་ཉིད་བཅུ་ནི་ཡོངས་ཤེས་པ།། གསུམ་ལས་དགེ་སློང་མཆོག་ཡིན་ཏེ།། འབྲིང་པོ་དགེ་ཚུལ་ཞེས་བྱ་དང་།། ཁྱིམ་པ་དེ་ལས་ཐ་མའོ།། ཞེས་པརྒྱུད་ཀྱི་ངེས་པ་ལས་དགེ་སློང་དང་། དགེ་ཚུལ་དང་། ཁྱིམ་པ་དེ་རྣམས་ཀྱི་དབང་བསྐུར ་བས་རྒན་པ་འམ། གཞོན་པ་ཉིད་ཐུན་མོང་གིས་གཅིག་ཏུ་འདུས་ན། དེའི་ཕྱིར་དགེ་སློང་རྡོ་རྗེ་འཛིན་པོའི་གྲལ་ནི། ཤར་དུ་མངོན་པར་ཕྱོགས་པར་གྱུར་པར་བྱའོ།། དགེ་ཚུལ་གྱིས་གྲལ་ནི་བྲང་དུ་མངོན་པར་ཕྱོགས་པའོ།། ་ཁྱིམ་པའི་སློབ་དཔོན་གྱི་གྲལ་ནི། ལྷོར་མངོན་པར་ཕྱོགས་པའོ།། དེ་བཞིན་དུ་དགེ་སློང་མའི་གྲལ་དང་། དགེ་ཚུལ་མའི་གྲལ་དང་། དགེ་བསྙེན་མོའི་གྲལ་ནི་སོ་སོར་རོ།། དེ་རྣམས་ལ་རྒན་པ་དང་། གཞོན་པ་ལ་སོགས ་པའི་གདན་རྣམས་སྦྱིན་པར་བྱའོ།། དེ་ལ་དགེ་སློང་རྣམས་ལས་གང་ཞིག་དབང་གིས་རྒན་པ་སྟེ། འོན་ཀྱང་རྨོངས་པ་དང་། གཞོན་པ་ནི་སློབ་དཔོན་ཆེན་པོ་བརྒྱུད་སྟོན་པ་པོ་ཡིན་ན། དེ་དག་ལས་བརྒྱུད་སྟོན་པ་པོ་གང་ཡིན ་པ་དེའི་དཔའ་བོའི་སྟོན་མོ་ལ་ཚོགས་ཀྱི་གཙོ་བོ་སྟེ། རྒན་པོ་ནི་ཁྱིམ་གཞན་དུ་སོ་སོར་ཡང་དག་པར་མཉེས་པར་བྱའོ།། དེ་བཞིན་དུ་རྒན་པོ་ཆོས་སྟོན་པ་པོ་དང་། མན་ངག་དང་ལྡན་པ་གཞན་ཡང ་སྟེ། སེམས་ཅན་གྱི་དོན་དུ་བྱེད་མི་ནུས་པའི་ཕྱིར་རོ།། གཞན་ཡང་དགེ་ཚུལ་དང་ཁྱིམ་པ་མངོན་དུ་དབང་བསྐུར་བ་རྣམས་ནི། ཇི་སྲིད་མངོན་པོར་ཤེས་པ་མ་བསྐྱེད་ཀྱི་བར་དུ་དགེ་སློང་རྡོ་རྗེ་འཛིན་པའི་རྒན་པོར་མི་འགྱུར་རོ།། ཅི་སྟེ ་འགའ་ཞིག་རྩོད་པ་བྱེད་ན་ཡང་དེའི་ཚེ་ནུས་པོ་དྲི་བར་བྱའོ།། གལ་ཏེ་མངོནི་ཤེས་ལ་སོགས་པ་སྟོན་པར་བྱེད་ན། དེའི་ཚེ་ཚོགས་ཀྱི་གཙོ་བོའོ།། ཅི་སྟེ་ཡང་དག་པའི་སྤྱོད་པ་བཏང་ནས། བརྫུན་གྱིས་དབང་བསྐུར་གྱིས ་མངོན་པའི་ང་རྒྱལ་དང་རྩོད་པ་བྱེད་ན། དེའི་ཚེ་རང་གི་ཁྱིམ་ནས་དབྱུང་བར་བྱའོ།། ཅི་སྟེ་ཕྱུང་བས་ཆད་པ་མཁས་ལེན་ན། དེའི་ཚེ་ཆད་པའི་བདག་པོས་བཟའ་བ་བཏུང་པོ་ལ་སོགས་པའི་ཆད་པ་སྦྱིན་པར་བྱའོ།། དེ་ལྟར་དགེ ་ཚུལ་དང་། ཁྱིམ་པ་རྣམས་ལ་གོ་རིམས་བཞིན་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པར་བྱའོ།། དེ་དག་ཐམས་ཅད་ཉིད་ནི་ཤར་དུ་སྔར་གཞག་པར་བྱའོ།། དེ་རྣམས་ཀྱི་དབུས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ ་འཁོར་བྱས་ནས་སྣམ་བུ་དང་པོར་བཟའ་བ་དང་བཏུང་བ་ལ་སོགས་པ་ཕུལ་ཏེ། དེ་ནས་དགེ་སློང་ལ་སོགས་པའི་སློབ་དཔོན་རྣམས་དང་། དབང་བསྐུར་བ་གཞན་རྣམས་དང་། དེ་རྣམས་ཀྱི་དྲུང་ན་གནས་པ་རྣམས་ལ་སྦྱིན་པར་བྱའོ།། དེ་ལྟར་མཐའ་དག ་ཚོགས་ཀྱི་རིགས་ནི་ཇི་ལྟར་འདོད་པར་མཆོད་པ་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ནི་ཚོགས་ཀྱི་སྦྱིན་པའི་དོན་དུ་སྣང་བ་རབ་ཏུ་བྱིན་ནས། དེའི་ཚེ་བདག་ཉིད་ཀྱི་ནུས་པས་ཚོགས་ལ་ཡོན་ཕུལ་ཏེ། རབ་མཆོག་ཚོགས་ཀྱི་རིགས་ཀུན་དུ ་དགའ་བར་བྱས་པ་ནི། རང་རང་གནས་སུ་གཤོགས་སུ་གསོལ་བར་བྱའོ།། ཞེས་པ་ནི་དཔའ་བོའི་སྟོན་མོའི་ངེས་པའོ།། ད་ནི་ངགྲ་ཞེས་པ་ལ་སོགས་པས་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་བྱེད་པ་གསུངས་ཏེ། འདིར་རིགས་ཀྱི་བུ་གང ་ལ་ལ་ཞིག་གོས་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བླངས་ཏེ། རྣལ་འབྱོར་མ་སྔར་གསུངས་པ་རྣམས་ཀྱི་ཞབས་དང་ནང་དུ་ཨ་བ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱི་ཞབས་ཉིན་ཞག་སོ་སོར་དྲན་པར་བྱེད་ན། དེ་ལ་འཇིགས།། ཐམས་ཅད་རབ་ཏུ་ཉམས་པར ་འགྱུར་ཏེ་དགྲ་ཡིས་འཇིགས་པ་དང་། སེང་གེ་ཡཾས་འཇིགས་པ་དང་། གླང་པོ་ཆེས་འཇིགས་པ་དང་། མེ་ཡིས་འཇིགས་པ་དང་། ལྟོ་འཕྱེས་འཇིགས་པ་དང་། ཆོམ་ཀུན་གྱིས་འཇིགས་པ་དང་། ཞགས་པས་འཆིང་བས་འཇིགས་པ་དང་། རྒྱ ་མཆི་འཁྲུལ་པས་འཇིགས་པ་དང་། ཤ་ཟས་འཇིགས་པ་དང་། ནད་ཀྱིས་འཇིགས་པ་དང་། དབང་པོའི་ཉེ་བར་འཚེ་བས་འཇིགས་པ་དང་། དབུལ་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། བུད་མེད་དང་བྲལ་བའི་སྡུག་བསྔལ་གྱིས་འཇིགས་པ་དང ་མིའི་བདག་པོ་འཁྲུག་པས་འཇིགས་པ་དང་། རྡོ་རྗེ་ལྟུང་བས་འཇིགས་པ་དང་། དོན་ཉམས་པས་འཇིགས་པ་སྟེ། དེ་ལྟར་འཇིགས་པ་བཅུ་དྲུག་པོ་རྣམས་དང་། གཞན་དག་ཀྱང་རབ་ཏུ་ཉམས་པར་འགྱུར་རོ།། འདི་རྣམས་ནི་རྒྱ་ཆེར་ལེའུ་དང་པོར་བསྟོད ་པའི་སྒོ་ནས་བརྗོད་ཟིན་ཏོ།། དེས་ན་འདིར་གསའ་བར་མ་བྱས་སོ།། དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་དབང་བསྐུར་བར་འགྱུར ་ཞིང་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང་། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས ་འཇམ་དཔལ་ཧྲཱི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དྲང་པོའི་སངས་རྒྱས་ཛཱཾ་ལཱཾ་བ་དེ་བཞིན་དུ་བར་བུ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ།། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྗེས་སུ་འབྲས་ནས་དབང་གིས་ལེའུའི་འགྲེ ་བཤད་བྲིས་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩེ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། ཕྱག་རྒྱ་དང་ལྷ་སྟངས་དང་དཀྱིལ་འཁོར་གཤེགས ་སུ་གསོལ་བ་དང་དཔའ་ཇོའི་སྟོན་མའི་མདོར་བསྡུས་ཆེན་པོ་སྡེ་དྲུག་པའོ།། ། དབང་གི་ལེའུའི་འགྲེལ་བཤང་རྫོགས་སོ།། ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་འགྲེལ་བཤད་བཞུགས། ་བཅོམ་ལྡན་འདས་དུས་ཀྱི་འཁོར་མོ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ཀྱི་བསོད་ནམས་ཡེ་ཤེས་ཀྱིས་སྦྲུལ་གདུལ་དཀའི་སེམས་ཅན་རྣམས་ཀྱིས་རྟག་ཏུ་ནི།། འཇིགས་བྱེད་འཇིགས་སུ་རུང་བ ་གཟུགས་དང་སྐྱེ་བ་མཁས་པ་རྣམས་ཀྱིས་དྲེགས་དང་བྲལ་བར་མཐོང་།། གང་ཞིག་ཁོ་ནའི་གསུང་ནི་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཀུན་གྱི་སྒྲ།། གཞན་གྱི་རྣ་བར་སོན་པས་ངོམ་པའི་ལམ་ན་ཡང་དག་སྟོན ་པར་བྱེད་པ་དེ་ལ་འདུད།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། སྐུ་ནི་མོས་པ་སྣ་ཚོགས་ལས།། རང་རང་བསམ་པས་སེམས་ཅན་གྱིས།། མཐོང་བ་སྤྲུལ་པའི་མཚན་ཉིད་དོ།། གང་ཞིག་སེམས་ཅན་ཀུན་གྱི་སྒྲས།། རྫུ་འཕྲུལ ་བདགོ་ཉིད་རབ་གསལ་བྱེད།། སེམས་ཅན་བསམ་པའི་དབང་གིས་འདི།། ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ།། མི་རྟག་པ་མིན་རྟག་པའང་མིན།། གཅིག་མིན་དུ་མའི་མཚན་ཉིད་མིན།། དངོས་མིན་དངོས་པོ་མེད་པའང ་མིན།། འདི་ནི་རྟེན་བྲལ་ཆོས་སྐུའོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་།། ཆགས་དངོ་ཆགས་བྲལ་རྣམ་པར་སྤངས།། ཤེས་རབ་མ་ཡིན་ཐབས་ཀྱང་མིན།། འདི་ནི་ངོ་བོ་ཉིད་སྐུ་གཞན།། དུས་ཀྱི་འཁོར་ལོ་ཞེས་གྲགས་པ།། ། ་སྐུའི་བཞིའི་བདག་ཉིད་ཞི་བ་ལ།། དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ།། སྒྲུབས་ཐབས་ལེའུའི་འགྲེལ་བཤད་ནི།། འཇམ་པའི་དཔལ་གྱིས་བསྐུལ་གྱུར་ཅིང་།། སྤྲུལ་པའི་སྐུ་རུ་གྱུར་པ་བདག། འཇིག་རྟེན་དབང་པོ་ཆུ ་སྐྱེས་འཛིན།། པདྨ་དཀར་པོས་བྲི་བར་བྱ།། འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ།། མ་ལ་ཡའི་སྐྱེད་མོས་ཚལ་གྱི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར། རིན་པོ་ཆེའི་ཁང ་བཟངས་ན་སེང་གེའི་ཁྲི་ལ་བཞུགས་པ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ཉི་མོའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་ལས་སྒྲུབ་ཐབས་ཀྱི་ལེའུ ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལེན་གྱི་གསུང་ཚིགས་སུ་བཅད་པ་དང་པོས་འཁོར་ཆེན་པོ་ལ་རབ་ཏུ་བསྟན་པར་གྱུར་པ། རྒྱལ་བ་སྐྱེད་མཛད་བདག་གིས་དབང་བསྐུར་བདུན་པོ་རྣམས ་དང་བུམ་པ་དང་ནི་གསང་བའི་དབང་དག་དང་། ཤེས་རབ་ཡེ་ཤེས་དབང་བསྐུར་སྲིད་པའི་འཇིགས་པ་འཇོམས་པ་རྣལ་འབྱོར་དག་གིས་བགྲོད་བྱ་བཞི་པ་ཐོབ།། སླར་ཡང་རྒྱལ་བ་མཆོག་དང་བཅས་པ་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས ་ཡང་དག་པ་ནི་ངག་ཞུའོ།། ཟླ་བ་བཟང་པོའི་ཚིག་བསན་ནས་ནི་རྒྱལ་བའི་བདག་པོས་རྡོ་རྗེ་ཅན་དག་གི་ཡང་སྒྲུབ་ཐབས་གསུངས་ཞེས་པ་སྟེ། འདིར་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་སྒྲུབ་ཐབས་ཀྱི་ལེའུ་བསྟན་པའི་སླད་དུ ་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ།། དེ་ནས་རྐང་པ་བཞི་པ་ནས་བརྩམས་ཏེ། ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི་བཅོམ་ལྡན་འདས་ཀྱི་ལན་གྱིས་གསུང་ངོ་།། ད་ནི་ཟླ་བ་བཟང་པོའི་ཚིག་བསན་ནས་ནི་རྒྱལ་བའི་བདག ་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་རྡོ་རྗེ་ཅན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་གསུངས་ཏེ། ཡང་ཡིག་གིས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས ་པ་རྣམས་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ལྷ་མོ་རྣམས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། སྒྲའི་རྡོ་རྗེ་མ་ལ་སོགས་པ་ཡུལ་གྱི་ལྷ་མོ་རྣམས་དང་། གཙུག་ཏོར་ལ་སོགས ་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང་། ཤིན་ཏུ་སྔོན་མོ་ལ་སོགས་པའི་ཁྲོ་བོའི་ལྷ་མོ་རྣམས་དང་། ཙ་ར་ཙི་ཀཱ་ལ་སོགས་པའི་མ་མོ་རྣམས་དང་། ཁྱབ་འཇུག་ལ་སོགས་པའི་ལྷ་རྣམས་དང་། རྒྱལ་བ་ལཾ་སོགས་པའི་ཀླུའི ་རྒྱལ་པོ་རྣམས་དང་། ཁྱི་གདོང་མ་ལ་སོགས་པའི་རབ་གཏུམ་མ་རྣམས་དང་། གཞན་རྣམས་ཀྱི་ཡང་སོ་སོའི་སྒྲུབ་ཐབས་རྒྱལ་བའི་བདག་པོས་གསུངས་ཏེ། འོག་མིན་གྱི་སྲིད་པའི་མཐར་ཐུག་པར་གཟུགས་ཀྱི་སྒོམ་པས་འཇིག ་རྟེན་པའི་དངོས་གྲུབ་སྒྲུབ་པའི་སླད་དུའོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ང་ནི་དུས་རྣམ་པར་དག་པས་བཅོམ་ལྡན་འདས་ཀྱི་གཟུགས་བརྟགས་པ་མདོར་བསྟན་པ་གསུངས་ཏེ། ཟླ་བའི་སྐུ་ཞེས་པ་ལ་སོགས་པ་སྟེ། འདིར ་དང་པོའི་སངས་རྒྱས་ཡིས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཉིན་མོ་ཉི་མ་རྡོ་རྗེ་རྡུལ།། བསམ་པའི་དབྱེ་བས་མཚན་མོ་ཟླ།། ཁུ་བ་པདྨ་དེ་དག་གཅིག། དུས་ཀྱི་འཁོར་ལོ་བང་ཆེན་པོ་ཞེས་དང་། དེ་བཞིན་དུ་རྒྱུད་གཞན་དང ་གཞན་དག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་སྤྱིར་གསུངས་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན།། མཚན་མོ་ཤེས་རབ་རབ་ཏུ་གྲགས།། ཇི་ལྟར་ཉི་མ་དྲག་པོ་དང་།། དེ་བཞིན་ཟླ་བ་ཨུ་མར་འདོད།། དེ་ལྟར་ཉི་མ་དང ་ཟླ་བ་དང་། ཉིན་མོ་དང་། མཚན་མོའི་དབྱེ་བས་ཉིན་མཚན་ནི་དུས་ཞེས་གསུངས་ཏེ། དེའི་འཁོར་ལོ་ནི་དབྱུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་བདག་ཉིད་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཀྱི ་ཁྱིམ་གྱི་འཁོར་ལོ་སྟེ། འཇིག་རྟེན་པའི་ཀུན་རྫོབ་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའོ།། དེ་བཞིན་དུ་ཡང་གསུངས་པ། དུས་ཀྱིས་འབྱུང་པོ་རྣམ་སྤྲོ་ཞིང་།། དུས་ཀྱིས་རྟག་ཏུ་སྡུད་པར་བྱེད།། དུས་ནི ་བཅོམ་ལྡན་རྡོ་རྗེ་ཅན།། ཉིན་མཚན་རང་བཞིན་ཅན་ཡིན་ནོ།། ཞེས་པའོ།། དེ་ལྟར་དུས་ཀྱི་འཁོར་ལོ་འདའི་སྒྲུབ་ཐབས་ནི་སྐྱེ་བ་དང་འཇིག་པ་རྣམ་པར་ཉམས་པའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པས ་བྱའོ།། གཟུགས་བརྟགས་པའི་ངེས་པ་ནི་ཟླ་བའི་སྐུ་ཞེས་པ་ལ་སོགས་པ་སྟེ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཉིན་མཚན་ནི་སྐུ་གཅིག་གོ། དེའི་དུས་སྦྱོར་དྲུག་དྲུག་གི་བདོག་ཉིད་ནི། གཡོན་དང་གཡས་པའི་ཞབས་ཏེ། ཟུང ་གི་ཞབས་ཤེས་སོ།། དུས་སྦྱོར་བཞི་བཞིའི་བདག་ཉིད་ནི། གཡོན་དང་གཡས་དང་དབུས་ཀྱི་མགྲིན་པ་སྟེ། མེའི་མགྲིན་པ་ཞེས་པ་མགྲིན་པ་གསུམ་མོ།། དེ་བཞིན་དུ་དུས་སྦྱོར་གསུམ་གསུམ་གྱི་བདག་ཉིད་ནི། ཤར་དང་ལྷོ་དང ་ནུབ་དང་བྱང་གི་ཞལ་བཞི་སྟེ། ཆུ་གཏེར་ཞེས་པ་ཞལ་བཞིའོ།། སྣ་ཚོགས་མདོག་ནི་འཆད་པར་འགྱུར་རོ།། དེ་བཞིན་དུ་དུས་སྦྱོར་གཉིས་གཉིས་ཀྱི་བདག་ཉིད་ནི། གཡོན་དང་གཡས་སུ་ཡང་ཤར་དང་ནུབ་དང་དབུས་ཀྱི་ཕྲག་པ་སྟེ། ཕྲག ་པ་དྲུག་ཅེས་སོ།། དེ་བཞིན་དུ་ཟླ་བ་སཽ་སོའི་བདག་ཉིད་ནི་དཔུང་པ་རྣམས་ཏེ། དཔུང་པ་དེ་དག་གིས་ཉི་མོའི་དཔུང་པ་ཞེས་པའོ།། དུས་སྦྱོར་ཕྱེད་པ་སོ་སོར་ཕྱོགས་ཀྱི་དབྱེ་བས་ཕྱག་ཉི་ཤུ་རྩ་བཞི་སྟེ། རྒྱལ་བའི་ཕྱག་གི་པདྨ་ཞེས་སོ།། དེ ་བཞིན་དུ་སོ་སོར་དབུགས་དྲུག་ཅུ་དྲུག་ཅུའི་བདག་ཉིད་ཀྱི་ཉིན་ཞག་གིས་དབྱེ་བས་སོར་མོའི་ཚིག་སུམ་བརྒྱ་དྲུག་ཅུ་སྟེ། ཕྱག་རེ་རེ་ལ་སོར་མོ་ལྔ་སྟེ། ཚོགས་གསུམ་གྱི་དབྱི་བས་ཚིགས་བཅོ་ལྔའོ།། ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་ལ ་སུམ་བརྒྱ་དྲུག་བཅུར་འགྱུར་ཏེ། དེ་ལྟར་སྟོང་པ་དྲུག་དང་མེའི་ཚིགས་སོ།། ཞབས་ངག་གིས་ནི་ཟླ་བ་ཉི་མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་ཞེས་པ་ཕུང་པོ་དང་། ཉོན་མོངས་པ་དངའི་ཚེ་བདག་དང་ལྷའི་བུ་ནི་བདུད་དོ།། ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་གྱི་བདག་ཉིད་ནི་དྲག་པོ་སྟེ། སྐྲག་བཞིན་པ་དུས་ཀྱི་འཁོར་ལོ་གང་གི་རོལ་པས་མནན་ཅིང་། སྲིད་མེད་སྲིད་པ་མཉམ་པ་ནི་སྒྲིབ་པ་མེད་པ་ལས་འདས་པ་དང་འཁོར་བ་གཅིག ་ཏུ་འདྲེས་པར་གྱུར་པ་སྟེ། དེ་ལྟར་དུས་ཀྱི་འཁོར་ལོ་གཅིག་པོ་ནི་བསྒྲུབ་པར་བྱའོ།། ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ།། ང་ནི་འདིའི་བསྒྲུབས་པའི་དོན་རྣམས་གསུངས་པ། སྐྱེད་མོས་ཚལ་ཞེས་པ་ལ་སོགས་པ་སྟེ། འདིར་འཇིག ་རྟེན་པའི་ལས་སྒྲུབ་པའི་རྗེས་སུ་མཐུན་པར་གནས་སུ་འགྱུར་རོ།། སྐྱེད་མོས་ཚལ་དུ་དབང་དང་དགུག་པའི་དོན་དུ་སྔགས་པས་བསྒྲུབ་པར་བྱའོ།། རི་བོང་རེངས་པ་དང་། རྨོངས་པ་དང་། ཕུར་བུས་གདབ་པའི་དོན་དུའོ།། རྒྱལ་བ ་ག་གི་གནས་བྱིན་བརླབས་དང་བཅས་པའི་མཆོད་རྟེན་ཆེན་པོར་དངོས་གྲུབ་ཆེན་པོ་བརྒྱད་ཀྱི་དོན་དུའོ།། ལྷའི་གནས་སྟོང་པར་བསྐྲད་པ་དང་དགེ་བོའི་དོན་དུའོ།། ངང་གི་ཡི་གེས་རྒྱ་མཚོ་ཆེན་པོའི་ངོགས་སུ་ཡང་ངོ་།། གྲུབ་པའི་གནས་སུ ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུའོ།། དུར་ཁྲོད་དུ་བསད་པའི་དོན་དུའོ།། མཚོ་དང་བཟང་པོའི་གནས་སུ་ཞི་བ་དང་རྒྱས་པའི་དོན་དུའོ།། སྤྲས་པོའི་ས་ཞེས་པ་ཕུག་གནས་སམ། སའི་ཁང་པར་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་བསྒྲུབ་པའི ་དོན་དུའོ།། དེ་ལྟར་ལྔས་ཀྱི་རྗེས་སུ་མཐུན་པས་ཡུལ་གང་དུ་སེམས་ནི་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ།། མིའི་བདག་པོ་ཀྱི། དེ་བཞིན་དུ་ཡང་གསུངས་པ། གང་ནས་སྐྱོང་ཆོས་ལྡན་ཞིང་།། གང་ཞིག་ཁོ་ནར་སྐྱེ་དགུ་རྣམས།། ། ་བདེར་གནས་ས་འཛིན་རྩོད་མེད་པ།། དེར་ནི་རྣལ་འབྱོར་བརྩོམ་པར་བྱ་ཞེས་པའོ།། ངེས་པར་འཇམ་པའི་སྟན་དག་དང་།། གདན་ལ་ཉེ་བར་འདུག་ནས་སྔར་བརྗོད་བསྲུང་བ་བྱས་ནས་ནི་ཞེས་པ་ནི་དབང་གིས་ལེའུ་ལས་གསུངས་པའི ་བསྲུང་བ་བྱས་ནས་ཤེས་པ་སྟེ་གནས་ཀྱི་ངེས་པའོ།། ད་ནི་ཁ་དོག་པ་ལ་སོགས་པ་གསུངས་པ།། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་པས་སྔོར་གསུངས་པའི་བསྲུང་བ་དང་བདུད་བསྐྲད་པ་བྱ་སྟེ། དེ་ནས་སྒྲུབ ་ཐབས་ཀྱི་ལེའུ་ལས་གསུངས་པའི་ཆོ་གས་བདག་ཉིད་ལྷའི་གཟུགས་སུ་སྐད་ཅིག་རྣམ་པས་ཕྱག་ནས་རང་གི་སྙིང་གར་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ།། དེའི་སྟེང་དུ་ལྟེ་བ་ལ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས ་ཟླ་བའི་དཀྱིལ་འཁོར་རོ།། དེའི་དབུས་སུ་དེ་ཉིད་ཅེས་པ་ཀུན་རྫོབ་དུ་ཧུ~ཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའོ།། དེའི་འོད་ཟེར་སྣ་ཚོགས་རྣམས་ཏེ། ཁ་དོག་ལྔ་རྣམས་རྣལ་འབྱོར་པར་བསྒོམ་པར་བྱའོ།། སྔོན་དུ་ཁ་ལ་སོགས་པ་དག ་པར་བྱས་ནས་ཏེ། བདུད་རྩི་ལྔའི་རི་ལུ་ཁར་བཅུག་པས་ཁཾ་དག་པར་འགྱུར་རོ།། དེ་བཞིན་དུ་སྔར་གསུངས་པའི་མཆོག་གི་ཕྱག་རྒྱས་མགོ་བོ་ནས་བརྩམས་ཏེ་ཇི་སྲིད་རྐང་པའི་མཐའ་དེ་སྲིད་དུ་བདག་ཉིད་ལ་ཡང་དག་པར་རེག་པར་བྱའོ།། དེ ་ལྟར་ཁ་ལ་སོགས་དག་པ་བྱས་ནས། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་འོད་ཟེར་གྱིས་ན་མཁའི་མཐིལ་དུ་དེ་བཞིན་གཤེགས་པ་རྣམས་རབ་ཏུ་རྟོགས་པར་བྱ་སྟེ། སྤྲོས་པའི་རྒྱལ་བ་དེ་དག་རྣམས་ལྔ་མཆོད་པའི་དོན་དུ་འོད་ཟེར་དེ ་དེ་དག་རྣམས་ཀྱང་བཀུག་ནས་རང་གི་སྙིང་ཁང་ཟླ་བའི་རྡོ་རྗེ་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ།། དེ་ནས་ཟླ་བའི་དཀྱིལ་འཁོར་ལ་མཆོད་པའི་ལྷ་མོ་བཅུ་གཉིས་པོ་རྣམས་ཀྱི་ས་བོན་ཡི་གེའི་གོང་བུ་རྣམས་བསམ་པར་བྱ་སྟེ། ཀྵྨགྷྣཱནྡྷ་ནྱཱདྷཱུ་དྷཱུབྷཱུ་བྷཱི་དྷཱདྷཱ་སྠཱཿ། ་ཞེས་པ་ས་ཟིན་གྱི་ཡི་གེ་འདི་རྣམས་ལས་གྲུབ་པ་ནི་གྲངས་བཞིན་དུ་རོལ་མོ་མ་པར། གར་མ་དང་། དྲི་མ་དང་། ཕྲེང་བ་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། ལྷ་བ་ཤེས་མ་དང་། འབྲུ་མོ་ནིཥྚྲྀཥྚྲྀ ་ཉམས་མ་དང་། སྒེག་མོ་དང་། གཞང་མ་དང་། གླུ་མ་དང་། འདོད་མ་སྟེ། དེ་དག་ལ་སོགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་མཆོད་པ་བྱས་ནས ་དེ་ནས་འཆད་པར་འགྱུར་བའི་རིམ་པས་སྡིག་པ་རྣམ་པ་མང་པོ་བསགས་པ་དག་ནི་དང་པོར་བཤེགས་བྱ་སྟེ། དེ་ནས་སྒྲུབ་པ་པོ་ཡིས་ལུས་དང་ངག་དང་སེམས་རྣམས་དག་པ་ཡིས་ནི་གསུམ་ལ་སྐྱབས་སུ་འགྲོ་བར་བྱ། ཞེས་པ ་ནི་ངེས་པའོ།། ད་ནི་སྡིག་པ་བཤགས་པའི་མཇུག་ཐོགས་སུ་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་ཚོགས་ཀྱིས་རྣམ་མེང་དགེ་བ་གང་བྱས་པ། དེ་དག ་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པའི་སྔགས་པ་རྗེས་སུ་ཡི་རང་། དེ་ནས་གསུམ་ལ་སྐྱབས་སུ་འོ་གློ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ ་བདག་ནི་སྐྱབས་སུ་འཆི། གསུམ་ལ་སླེབས་སུ་སོང་སྟེ། བདག་ཉིད་ཀྱི་དངོས་པོ་འབུལ་བ་བྱས་ནས། དེ་ནས་སེམས་ཅན་གྱི་དོན་གྱི་སླད་དུ་སྨོན་ལམ་བྱ་སྟེ། རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ།། ཞེས་པའོ།། དེ་ལྟར་ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་འང་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ ་པ་དང་། བསྐུལ་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་སྟེ། དེ་ལྟར་མཆོད་པ་རྣམ་པ་བདུན་བྱས་ནས། དེ་ནས་རྩ་བ་གསུམ་དྲན་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསམ་པ་རྣམ་པར་དག་པ་དང་། བདག ་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ།། དེ་ནས་བསོད་ནམས་དང་ཡེ་ཤེས་དང་། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་བསམ་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསམ་པར་བྱའོ།། དེ་ནས་ཚངས་པའི་གནས་རྣམས ་དྲན་པར་བྱ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ།། དེ་ནས་བསྡུ་བའི་དངོས་པོ་བཞི་བསམ་པར་བྱ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་དཔྱོད་པ་དང་། དོན་མཐུན་པའོ།། དེ་ནས་མི་དགེ་བ་བཅུ ་ཡོངས་སུ་སྤང་པོ་བསྒོམ་པར་བྱ་སྟེ། སྲོག་གཅོད་པ་དང་། རྫུན་དུ་སྨྲ་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལས་ལོག་པོར་གཡེམ་པ་དང་། ཚིག་རྩུབ་དང་། ཕྲ་མ་དང་། ཚིག་འཁྱལ་པ་དང་། བརྣབ་སེམས་དང ་གནོད་སེམས་དང་། ལོག་ལྟོའོ།། དེ་བཞིན་དུ་འགྱོད་པ་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། ཐེ་ཚོམ་སྟེ། སྒྲིབ་པ་ལྔ་ཡོངས་སུ་སྤང་བར་བྱའོ།། དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང ་ང་རྒྱལ་ཏེ་ཉོན་མོངས་པ་རྣམས་ཡོངས་སུ་སྤང་བར་བྱའོ།། དེ་བཞིན་དུ་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པ་སྤངས་ནས། དེ་ནས་རྣམ་པར་ཐར་པ་བཞི་བསྒོམ་པར་བྱ ་སྟེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པོར་འདུས་མ་བྱས་པ་བསྒོམ་པར་བྱའོ།། རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་ཁམས་གསུམ་པོ་ཚིགས་སུ་བཅད་པ་འདི་ཡིས་རྣམ་པར་དཔྱད་པར་བྱ་སྟེ། དངོས་པོ་མེད ་ལ་སྒོམ་པ་མེད། སྒོམ་པ་སྒོམ་པ་ཉིད་མ་ཡིན།། དེ་ལྟར་དངོས་པོ་དངོས་མི་འགྱུར།། སྒོམ་པ་དམིགས་སུ་མེད་པའོ་ཞེས་པའོ།། འདིའི་དོན་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། ད་ནི་སྟོང་པ་ཞེས་པོ་ལ་སོགས་པས་ཡང་སྲིད་པ ་གཟུང་བའི་སླད་དུ་སྟོང་པ་ཉིད་ཀྱི་མཚན་ཉིད་གསུངས་ཏེ། སྟོང་པ་དངོས་པའི་ངོ་བོའི་རང་བཞིན་འགྲོ་བ་མཐའ་དག་འདི་ནི་དངོས་པོ་དག་གིས་རྣམ་པར་དམན་པ་གང་ཡིན་པའི་སྟོང་པ་ཆེན་པོ་དེ་ལས་ཀྱང་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན ་སྙིང་རྗེ་དག་ཀྱང་མིང་ངོ་།། དེ་བཞིན་དུ་འགྲོ་བ་ལ་ཕན་པའི་ཕྱིར་སངས་རྒྱས་སུ་བྱའོ།། ཞེས་པའི་མཚན་མའི་དམ་བཅའ་མེད་པ་སྟེ། མཐའ་དག་དེ་ལྟར་ཤེས་ནས་སངས་རྒྱས་ཉིད་ཀྱི་སླད་དུ། དེ་ལྟར་ཡང་མིའི་བདག་པོ་སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ནི། དཔག་མེད་ཡོན་ཏན་དཀྱིལ་འཁོར་དབང་པོ་དཀྱིལ་འཁོར་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ་ཞེས་པ་སྟེ། འཇིག་རྟེན་པའི་འབྲས་བུ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྟན ་པའི་སླད་དུ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་གཙོ་བོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་འཇིག་རྟེན་ལས་འདས་པའི་ཕུང་པོ་གཟུང་བ་དང་། འཁོར་བ་པའི་ཕུང་པོ་ཡོངས་སུ ་སྤང་བའི་སླད་དུ་ཏིང་ངེ་འཛིན་གསུངས་པ། ཆུ་ཡིས་ཤེས་པ་ལ་སོགས་པ་སྟེ། མིའི་འཇིག་རྟེན་འདིར་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་སུ་ཆུ་ཡིས་མེ་རྣམ་པར་ཉམས་པར་བྱེད་དོ།། དེའི་ཕྱིར་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཆུ་ཡིས་མོན ་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་དག་གིས་བྱ། ཕྱི་ནས་མེ་མེད་པའི་ཕྱིར་འཛིན་མ་དག་ནི་སྲ་བ་ཉིད་སྤངས་ཏེ། ལན་ཚྭ་བཞིན་དུ་ཞུ་བར་གྱུར་ནས་ཆུར་འགྱུར་ཏེ། ཆུའི་དབུས་སུ་རབ་ཏུ་ཞུགས་སོ།། དེ་ནས་རླུང་ནི ་ཆུ་དེ་རྣམས་མཐའ་དག་སྐམས་ནས་ན་མཁའ་ལ་མི་སྣང་བར་འགྱུར་རོ།། དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་ཏེ། དེ་ནས་སེམས་ནི་མེ་དང་མུན་པའི་མཐའ་ལ་ན་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང ་པར་བྲལ་བའི་དབུས་ཀྱི་ས་ལ་གཞག་པར་བྱ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ།། དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་བཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོ&ཧཾ། ཨོཾ་ཨ་ནི་མིདྷ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཨོཾ་ཨ་ན་བྷི་སཾ་སྐྲྀ་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་པ་བརྗོད་ནས་ཁམས་གསུམ་པོ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་ཀྱིས་གཟུགས་སུ་རྣམ་པར་བསྒོམ་པར་བྱའོ།། ཞེས་པ་ནི་དེ ་བཞིན་གཤེགས་པའི་ངེས་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྱག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། གནས་དང་བསྲུང་བ་དང་སྡིག་པ་བཤགས། ་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། ། ད་ནི་སྔོན་གྱིས་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ། མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པས་བཅོམ ་ལྡན་འདས་ཀྱིས་སྒྲུབ་ཐབས་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་དང་ནང་དུ་བསྐྱེད་པའི་མཚན་མ་ནི། ན་མཁོའི་ཁམས་མཐའ་ཡས་པ་དང་། ཤེས་རབ་ཀྱི་ཆོས་འབྱུང་གྲུ་གསུམ་མོ།། ཕྱི་རོལ་དུ་མི་ཡུལ་ལ་རྡོ་རྗེའི་རང ་བཞིན་རྩིབས་བཅུ་ཟླུམ་པོ་སྟེ། ནང་དུ་མིའི་ལུས་སོ།། དེ་ལ་ཕྱི་རོལ་དུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལོས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་ཐང་ཀའི་དཔག་ཚད་འབུམ་ཕྲག་བཞི་པ་འོག་དང་། སྟེང་དུ་ཧཱུ~ཾ་ཡིག་ཡོངས་སུ་གྱུར་པའི ་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ། རྒྱལ་མཚན་གྱི་མཚན་པོའོ།། དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ ་ཚོགས་རྡོ་རྗེ་གཉིས་དང་བཅས་པ། བཀྲ་ཤིས་ཀྱི་མཚན་པའོ།། དེའི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དཔག་ཚད་གཉིས་པ། སྟེང་དང་འོག་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས ་པ་པདྨས་མཚན་པའོ།། དེའི་སྟེང་དུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་ཁ་དོག་སེར་པོ་གྲུ་བཞི་པ་དཔག་ཚད་འབུམ་ཡོད་པ། འོག་དང་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ། རྡོ་རྗེས་མཚན་པའོ།། ། ་དེའི་སྟེང་དུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་སྟོང་ཕྲག་བཅུ་དྲུག་དང་། སྟེང་ལ་སྟོང་ཕྲག་ལྔ་བཅུ་པའོ།། དེའི་དབུས་སུ་ཀྵཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོའི་ཚད་ཕྱེད་ཀྱིས་སྣ་ཚོགས་ཆུ་སྐྱེས་སོ།། ་དེའི་སུམ་ཆ་ནི་ལྟེ་བ་སྟེ། དེའི་སྟེང་དུ་ཧཾ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་ལྟེ་བ་དང་མཉམ་པའོ།། དེའི་སྟེང་དུ་རྣམ་པར་བཅད་པ་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཐིག་ལ་ཡོངས་སུ་གྱུར་པ་ལས། ་མེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་སྟེ། དེ་ལྟར་མཐའ་དག་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཧཱུཾ་ཞེས་པ་ས་བོན་གྱི་ཡི་གེར་རྣམ་པར་བསྒོམ་པར་བྱ་སྟེ། དེ་ལས་འཇིག་རྟེན་གྱི་ཁམས་གྲུབ་པར་བསམ་པར་བྱའོ།། ཞེས་པ་ནི་ཕྱི་རོལ ་ཏུའོ།། ནང་དུ་ནི་སྔར་གསུངས་པའི་ཆོ་གས་མའི་ལུས་ལ་དཔྲལ་བར་རླུང་གི་དཀྱིལ་འཁོར་རོ།། མགྲིན་པར་བྷྲཱུཾ་གསུང་གི་དཀྱིལ་འཁོར་རོ།། སྙིང་གར་ཆུའི་དཀྱིལ་འཁོར་རོ།། ལྟེ་བར་སའི་དཀྱིལ་འཁོར་རོ།། ལྟེ་བ་ནོས་གསང་བའི་པདྨའི ་མཐར་ཐུག་པའི་ལྷུན་པོ་ཆེན་པོའོ།། གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་པདྨ་བཞིན་ནོ།། གཤེང་བ་དང་། རྨི་ལྕི་བ་དང་། ཁུ་བ་འབབ་པའི་རྩ་གསུམ་ནི་ཟླ་བ་དང་། ཉི་མ་དང་། སྒྲ་གཅན་གྱི་དཀྱིལ་འཁོར་ཏེ། གསང་བའི་པདྨའི་ལྟ་བཱི་ད ་རྣམས་འདུས་པའོ།། དེ་བཞིན་དུ་དེའི་སྟེང་དུ་ཁང་པ་བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བ་འམ། རྡོ་རྗེ་ལས་སྐྱེས་ཏེ་ཧུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་གུར་ཏེ། ཡུམ་གྱི་སྐྱེས་གནས་སུ་ནི་རྡོ་རྗེ་དང་བཅས་པདྨ་ཞེས་པའི་ཤེས་པར ་བྱེད་པ་ལས་སོ།། དེ་ཉིད་ཀྱིས་ན་ཡང་ན་རྡོ་རྗེའི་རང་བཞིན་གྱི་གུར་རོ།། དེའི་དབུས་སུ་རྡོ་རྗེའི་ས་ལ་བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་འམ། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ནོར་བུའི་འོད་ཟེར་ཚོགས་ཀྱི་དཀྱིལ་འཁོར་རྣམ་པ་འཕྲོ་བ་སྟེ། ཨོཾ་ཡིག་ཡེ ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པདྨ་ཟླ་བ་དང་ནི་ཉི་མ་དག་གི་གདན་ཞེས་པ་སྟེ། སའི་དཀྱིལ་འཁོར་གྱི་མཐར་ཐུག་པར་ཐུགས་ཀྱི་དཀྱིལ་འཁོར་རོ།། དེའི་ཕྱི་རོལ་ཏུ་ནི་གསུང་གི་དཀྱིལ་འཁོར་རྒྱ་མཚོའི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ། ནོར ་གྱི་པདྨ་ཞེས་པདྨ་བརྒྱད་པོ་འདི་ནི་ཟླ་བ་ཉི་མས་རྣམ་པར་དམན་པའོ།། དེ་ཉིད་ཀྱི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ། ཉིན་མོར་བྱེད་པའི་པདྨ་ཞེས་པ་པདྨ་བཅུ་གཉིས་ཟླ་བ་ཉི་མས་རྣམ་པར་དམན་པ་དང་། དེ་བཞིན ་དུ་སྒོ་བཞིར་ཤིང་རྟ་རྣམས་སོ།། དེ་ལྟར་སྐུའི་དཀྱིལ་འཁོར་ནི་ཞེང་དུ་དཔག་ཚད་བཞི་འབུམ་མོ།། དེའི་ཕྱེང་ནི་གསུང་གི་དཀྱིལ་འཁོར་རོ།། དེའི་ཡང་ཕྱེད་ནི་ཐུགས་ཀྱི་དཀྱིལ་འཁོར་རོ།། ངོའི་ཡང་ཕྱེད་ནི་བདེ་བ་ཆེན་པོའི་འཁོར་ལོའོ།། དེའི་ཡང ་ཕྱེད་ནི་བཅོམ་ལྡན་འདས་ཀྱི་པདྨའོ།། པདྨའི་སུམ་ཆ་ནི་ལྟེ་བ་སྟེ། དེ་བཞིན་དུ་ཟླ་བ་དང་ཉི་མ་དང་། སྒོ་གཅན་གྱི་དཀྱིལ་འཁོར་རྣམས་སོ།། དེ་བཞིན་དུ་ནང་དུ་ནི་གསང་བའི་པདྨ་ནས་འོག་དང་སྟེང་དུ་སྙིང་ག་ནས་གསང་བའི་པདྨ་དང་སྤྱི་བོ་ཇི་སྲིད ་པར་རོ།། ཡང་ན་སྙིང་གཱ་ནས་དཔུང་པ་དང་། ཉེ་བའི་དཔུང་པ་དང་། སེན་མོའི་མཐའ་ཇི་སྲིད་པར་ཏེ། མའི་ལུས་ལ་རྣམ་པར་བརྟགས་པ་བསྒོམ་པའི་ཕྱིར་རོ་ཞེས་པ་ནི་ངེས་པའོ།། དེ་ལྟར་དཀྱིལ་འཁོར་རེ་རེ་ལ་སྒོ་བཞི་བཞི་སྟེ། དེ་ལྟར་སྒོ་བཅུ ་གཉིས་རྣམས་སོ།། ཉི་མའི་སྒོ་རྣམས་སུ་ནི་རྒྱལ་པོ་ཞེས་པ་བོང་པ་སྟེ། ནོར་དུ་གསེར་གྱི་རང་བཞིན་རྟ་བབས་རྣམས་དང་། སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་། སྙིང་པོར་བརྒྱད་གཉིས་ཀ་བ་རྣམས་ཏེ། ཆ་བཅུ་དྲུག་གི ་དབྱེ་བས་ཀ་བ་བཅུ་དྲུག་གོ།། རྡོ་རྗེའི་རང་བཞིན་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། རྒྱས་པའི་ཤིན་ཏུ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ།། འདི་ལ་ལུས་ཀྱི་ཁམས་རྣམས་ཀྱིས་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་ལེའུ་ལས་བརྗོད་པར་བྱའོ།། ་འདིར་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། ཆོས་ཀྱི་ཕུང་པོའི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། འདིར་བཅོམ་ལྡན་འདས་ཀྱིས་གསུངས་པ།། སངས་རྒྱས་ཆོས་དང་དགེ་འདུན་ཆོས།། ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ།། ཚངས་པའི ་གནས་བཞི་རྣམས་ཀྱིས་ནི།། རྡོ་རྗེ་ཐིག་ནི་བཞི་པོ་སྟེ།། དྲན་པ་ཉེ་བར་གཞག་བཞི་རྣམས་ཀྱིས།། ཀུན་ནས་གྲུ་བཞི་པ་ཉིད་དོ།། ཡན་ལག་བཅུ་གཉིས་འགོག་པ་ཡིས།། སྒོ་ནི་བཅུ་གཉིས་པོ་རྣམས་ཏེ།། དེ་བཞིན་ས་ནི་བཅུ ་གཉིས་ཀྱིས།། རྟ་བབས་ངག་ནི་མཛེས་པ་རྣམས།། འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས།། ཕྱོགས་བརྒྱད་དུ་ནི་དུར་ཁྲོད་རྣམས།། སྟོང་ཉིད་བཅུ་དྲུག་ཀ་པ་རྣམས།། ཁམས་རྣམས་ཀྱིས་ཀྱང་ཁང་པ་བརྩེགས།། རྣམ ་ཐར་བརྒྱད་ཀྱི་སྤྲོ་ཁྱུད་རྣམས།། གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ཀྱིས།། འགྲམ་རྣམས་དང་ནི་ལོག་རྣམས་ཉིད།། ཐུགས་གསུང་སྐུ་ཡྀ་དབྱེ་བས་སོ།། ཚུལ་ཁྲིམས་ལ་སོགས་ཕུང་པོ་ལྔས།། ཁ ་དོག་ལྔ་ནི་རྣམས་སྦྱངས་པ།། ཐེག་པ་གསུམ་གྱི་ར་བ་གསུམ།། དད་པའི་དབང་པོ་སོགས་ཀྱིས་ལྔ།། དང་སོགས་སྟོབས་རྣམས་ངག་གིས་ལྔ།། ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ།། ཏིང་ངེ་འཛིན་དང་གཟུངས་རྣམས ་ཀྱིས།། དཀྱིལ་འཁོར་གསུམ་ལ་ཁ་ཁྱེར་ཏེ།། ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས།། རིན་ཆེན་རྣམ་བུ་རྣམ་པར་བཀྲ།། མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས།། དོ་ཤལ་ཕྱེད་པ་དེ་རྣམས་ཉིད།། དབང་རྣམས་ཀྱིས་ཀྱང་བ་ཀུ་ལཱི།། ། ་དགེ་བས་ཀྲ་མ་ཤཱིར་བའོ།། སྟོང་ཉིད་ལ་སོགས་རྣམ་ཐར་གྱིས།། དྲིལ་བུའི་སྒྲ་ནི་རྫོགས་པ་སྟེ།། རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས།། སྤོང་བས་མེ་ལོང་རབ་ཏུ་འབར།། བྱང་ཆུབ་ཡན་ལག་རྔ་ཡབ་གཡོ།། ཡན ་ལག་དགུ་ཡིས་ཕྲེང་བས་བརྒྱན།། བསྡུ་བ་བཞི་པོ་རྣམས་ཀྱིས་ནི།། ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན།། བདེན་པ་རིན་ཆེན་བཞི་རྣམས་ཀྱིས།། སྒོ་དང་སྒོ་ཁྱུང་མཚམས་སུ་སྤྲས།། མངོན་ཤེས་ལྔ་ཡིས་རྟག་ཏུ་ནི།། ཟླུམ ་སྐོར་ཆེན་པོ་ལྔ་ཡིས་བསྐོར།། རྣམ་པ་ཀུན་མཁྱེན་བྱང་ཆུབ་པས།། རྡོ་རྗེ་ཕྱུང་བས་ལེགས་པར་བསྐོར།། བདེ་བ་གཅིག་པུའི་ལྕགས་རི་ཡིས།། དེ་བཞིན་ཡེ་ཤེས་རྡོ་རྗེ་འབར།། ཤེས་རབ་ཐབས་ཀྱི་ཆ་ཡིས་ནི།། ཟླ་བ་ཉི་མ ་རྟག་ཏུ་ཤ་། ཐུག་པ་གསུང་སྒྱུ་ནི་ཡང་དག་དག། ཆོས་ཀྱི་འཁོར་ལོ་བུམ་པ་ཆེ།། རྔ་བོ་ཆེ་དང་བྱང་ཆུབ་ཤིང་།། དེ་ནི་ཡིད་བཞིན་ནོར་བུ་སོགས།། འོད་དག་དཔལ་ལྡན་དུས་འཁོར་གྱི།། དཀྱིལ་འཁོར་ཆོས་ཀྱི་དབྱིས་དང ་ལྡན།། ཕུན་ཚོགས་ཀུན་བྱེད་བསྒོམས་ནས་ནི།། དེ་ནས་ཨ་སོགས་ཀ་སོགས་དགོད་ཅེས་པ་སྐྱེ།། བཅོམ་ལྡན་འདས་མངལ་དུ་འཇུག་པའི་དུས་སུ་མངལ་སྦྱོང་བའི་ཆོ་གའོ།། ང་ནི་ཟླ་བ་ཞེས་པ་ལ་སོགས་པས་ཕྱི་རོལ་ཏུ་སྟེ་རྫོགས ་པ་དང་ར་ནང་དུ་མངལ་རྫོགས་པ་གསུངས་ཏེ།། འདིར་དཀྱིལ་འཁོར་གྱི་ལྟེ་བའི་སྟེང་གི་ཟླ་བ་དང་ཉི་མ་དང་། སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ལ་ཨ་སོགས་དབྱངས་སུམ་ཅུ་དང་། ཐོག་ལེ་དང་། རྣམ་པར ་བཅད་པ་སྟེ། སུམ་ཅུ་རྩ་གཉིས་པོ་རྣམས་མཚན་སུམ་ཅུ་རྩ་གཉིས་ཀྱི་དོན་དུ་གཡོན་པང་གཡས་སུ་བསྐོར་བས་དགོད་པར་བྱའོ།། དེ་ལ་ཨ་ཨི་རྀ་ཨུ་མཾ་ཞེས་པ་ནི་དང་པོའི་ཆ་ལྔའོ།། དེ་ནས་ཡོན་ཏན་གྱི་དབྱེ་བས་ཨ་ཨེ་ཨར་ཨོ་ཨལ ་ཞེས་པ་ནི་གཉིས་པའི་ཆའོ།། དེ་ནས་ཡ་ཎར་བསྒྱུར་བས་ཧ་ཡ་ར་ཝ་ལཱ་ཞེས་པ་ནི་གསུམ་པའི་ཆ་ལྔའོ།། ཆ་བཅོ་ལྔའི་ཐར་ཐིག་ལེ་ཨཾ་ཞེས་པ་སྟེ་བཅུ་དྲུག་ནི་གཡོན་སྐོར་གྱིས་སོ།། དེ་ནས་གཡས་སྐོར་གྱིས་ནག་པོས་ཚེས་གཅིག་ལ ་སོགས་པའི་ཆ་རྣམས་དགོད་པར་བྱ་སྟེ། ལཱ་ཝཱ་རཱ་ཡཱ་ཐཱ། ཨཱ་ལ་ཨོཾ་ཨཱར། ཨེ་ཨཱ་ལཱྀ་ཨཱུ་རཱཾ་ཨཱི་ཨཱ་ཞེས་པ་སྟེ། བཅོ་ལྔ་པ་གནམ་སྦྱོང་གི་མཐ་རོ་རྣམ་པར་བཅང་བ། ཨཿཞེས་པ་སྟེ་དབྱངས་བཅུ་དྲུག་གོ། འདི་དག་ནི་སྐྱེས་བུ་ཆེན ་པོའི་མཚན་སུམ་ཅུ་གཉིས་པོ་རྣམས་ཏེ། ཟླ་བའི་ཡན་ལག་དང་མངལ་འཛིན་པའི་ཁུ་བའི་ཁམས་ལའོ།། དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཀ་སོགས་གསལ་བྱེད་གཅིག་གི་བདག་ཉིད་བཞི་བཅུ་དང་། བརྩེགས་པ ་བཞི་བཅུ་རྣམས་ཏེ་དེ་ལ་ཧ་ཡ་ར་ཝ་ལ་དང་བཅས་པའི་སྡེ་པ་དྲུག་པོ་རྣམས་ནི་སུམ་ཅུ་རྩ་ལྔར་འགྱུར་རོ།། དེ་བཞིན་དུ་ལན་གཉིས་བརྗོད་པའི་དབང་གིས་ལ་ཝ་ཡ་ཌ་ཌྷ་རྣམས་གཟུང་བར་བྱ་སྟེ། ལླ་ལླཱ་ཡྻ་ཊཱ་ཌྷཱ། ལླ་གྷཱ་ཪྵ་ཡྻ་ཧཱ། སྭབྡྷ ་ལྱཱ་ཤྲཱ་བྷཱུ། དྷབྷཱུ་དྲ་དྷཱནྣ། པྲ་པཱ་བྷ་བྷཱུ་སྨ། བྷཱ་བྷཱུ་བཱ་བྷཱུརྞྞ། ཙུརྒྷཾཛྙཱཊྚ། ཀ་ཀྵ་གྷ་གྷྲྀ་དྡ། ཞེས་པ་བཞི་བཅུ་སྟེ། གཡས་བསྐོར་དུས་ལ་སོགས་པའི་དབྱེ་བས་བརྩེགས་པ་རྣམས་སོ།། དེ་ནས་གཚགྱིས་བགྷ་ག་ཁ་ཀ། ་ཛཚ་ཀཾ། ཎ་ཌྷ་ཛཊ། མ་བྷ་བི་ཕ་པ། ནཱ་དྷ་ད་\ུ0f7fཏ། བྷཱུ་ཤ་ཥསྭ་ས་ཧ་ཡ་ར་ཝ་ལ་ཌྷ་ཌ་ཡ་ཝ་ལ་ཞེས་པ། གསལ་བྱེད་གཅིག་གི་བདག་ཉིད་བཞི་བཅུའོ།། དེ་ལྟར་ཉི་མ་དང་མངལ་འཛིན་པའི་རྡུལ་ལ། དཔེ་བྱང ་བརྒྱད་ཅུ་རྣམས་སོ་ཞེས་པ་ནི་ངེས་པའོ།། དེ་ལྟར་ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་ཞེས་པ་ནི། དེ་དག་ལས་འོག་ཏུ་ཉི་མའོ།། ཉི་མའི་སྟེང་དུ་ཟླ་བའོ།། ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུའོ།། དེ་བཞིན ་དུ་རྡུལ་གྱི་སྟེང་དུ་ཁུ་བའོ།། ཁུ་བའི་དབུས་སུ་ཀུན་བཞི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ནོ།། དེ་ནས་མེ་ལོང་ལ་སོགས་ལྔ་རྣམས་ཀྱིས། ཤེས་པ་ནི་དེ་ལ་ཟླ་བ་དང་ཁུ་བ་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཟུམས ་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་རྣམ་པར་སྣང་མཛད་དོ།། ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཚོར་བའི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ།། དྲི་ཟའི་སེམས་ཅན་ཧཱུཾ་ཡིག་དང་ལྡན་པ་ནི་སོ་སོར་རྟོག་པར ་ཡེ་ཤེས་ཏེ། འདུ་ཤེས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་སྣང་བ་མཐའ་ཡས་སོ།། དེ་རྣམས་གཅིག་པ་ཉིད་དང་སྲོག་གི་རླུང་ཅི་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ།། དེ་ནས ་ཡན་ལག་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་རྣམ་པར་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། རྣམ་པར་ཤེས་པའི་ཕུང་པོ་སྐྱེད་པར་བྱེད་པ་མི་བསྐྱོད་པ་ཏེ། ཕྱི་རོལ་དང ་རླུང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ།། འདི་རྣམས་གཅིག་དུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ། དབྱངས་རྣམས་ཀྱི་ཐིག་ལེ་དང་། གསལ་བྱེད་རྣམས་ཀྱིས་རྣམ་པར་བཅད་པ་དང་། རྣམ་པར་ཤེས་པ་གཞོན་དུ་མེད་པ་དང་། སྲོག་གི་ཨ ་ཡིག་གོ།། དེ་ལྟར་གསུངས་པའི་རིམ་པས་བཅོམ་ལྡན་འདས་འོད་ཟེར་ལྷ་རྣམས་འགྱེད་པོར་བྱེད་ཅིང་དྲི་མ་མེད་པའི་འོད་ཟེར་འཕྲོ་དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། ཞེས་པ་སྟེ། ཕྱི་རོལ་དང་མངལ་དུ་སྐུ་རྫོགས་པའི་ངེས་པའོ།། ་ད་ནི་ལྷའི་སྐུ་ལ་དུས་ཀྱི་ཆ་ཡིས་དབྱིབས་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། འདིར་ལྷ་རྣམས་སྐྱེ་བའི་དུས་སུ་རྒྱན་ཐམས་ཅད་དང་བཅས་པར་སྐྱེ་སྟེ། དེ་དག་ཀྱང་ལུས་ཀྱི་ཚེ་ཤས་སྣ་ཚོགས་དང་ཁ་དོག་སྣ་ཚོགས་དང་དབྱིབ ་སྣ་ཚོགས་ཉིད་དུ་སྐྱེའོ།། དེའི་ཕྱིར་རྡོ་རྗེ་རྒྱུན་དང་ལྡན་པའི་ལུས་དང་། རྒྱལ་བའི་ཕྱག་གི་པདྨ་ནི་ཕྱག་ཉི་ཤུ་རྩ་བཞིའོ།། ཉི་མ་ཞེས་པ་དཔུང་པ་བཅུ་གཉིས་སོ།། དུས་ཀྱི་ཞལ་ནི་ཞལ་བཞིའོ།། མགྲིན་པ་གསུམ་དང་སྤྱན ་བཅུ་གཉིས་ཏེ། རྣམ་པར་རྒྱས་པའི་ཞལ་ཡང་མཆེ་བ་ཕྱེང་ནི་གཙིགས་པའོ།། ཞེས་པའོ།། ལུས་རྫོགསོ་བ་ལ་ལུས་ཀྱི་རྣམ་པར་ཤེས་པ་བདག་པོའི་མཚན་ཉིད་ནི་དཀྱིལ་འཁོར་གྱི་པདྨའི་ལྟེ་བའི་དབུས་སུ་རང་གི་ལུས་ཀྱི་ནང་དུ་འདུས་པའི་ལྷ ་རྣམ་པར་དགོད་པ་དང་། དཀྱིལ་འཁོར་གྱི་རྣམ་པ་གསུངས་སོ།། དཔལ་ལྡན་ཨཾ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པདྨར་ཞེས་པ་སྙིང་ཁའི་པདྨར། ཟླ་བ་ཉི་མ་མེའི་སྟེང་དུ་ནི་ཞེས་པ་ལ་ལ་ནཱ་དང་ར་ས་ནཱ་དང་། ཨ་བ་དྷཱུ་ཏཱིའི་སྟེང་དུ ་དྲག་པོ་ལུས་མེད་གཉིས་ཀྱི་ཞེས་པ་བདུད་དང་ཉོན་མོངས་པའི་ཕྱོགས་གཡོན་དང་གཡས་པར་རབ་ཏུ་འབབ་པ་དག་གི་སྙིང་གར་རྒྱལ་པོའི་དབང་པོ་ཤིན་ཏུ་རིལ་པའི་ཞབས་ནི་གཡས་བརྐྱང་སྟབས་ཞེས་པའོ།། དེ་ལ་བདུད་ནི་འདོད་པའི་ལྷ ་ག་དམར་པོ་གདོང་གཅིག་པ་ལག་པ་བཞི་པ། ལག་ན་མེ་ཏོག་གི་མངའ་ལྔ་དང་གཞུ་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པ་སྟེ། ཞབས་གཡས་པ་ཁ་དོག་དམར་པོའི་འོག་ཏུའོ།། དེ་བཞིན་དུ་དྲག་པོ་དཀར་པོ་མིག་གསུམ་པ ་གདོང་གཅིག་པ་ལག་པ་བཞི་པ། རྩེ་གསུམ་དང་ཌཱ་མ་རུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྟེ། ཞབས་གཡོན་པ་དཀར་པོའི་འོག་ཏུའོ།། འདི་ལྟར་སྐུ་སྔོན་པོ་སྟེ། དེ་བཞིན་དུ་དབུས་ཀྱི་མགྲིན་པ་སྔོན་པོ་དང་། གཡས་པ་ཉི་མ་དང་མཚུངས ་པ་དམར་པོ་དང་། གཡས་མིན་ཏེ་གཡོན་པ་ནི་ཟླ་བའི་མདོག་དཀར་པོ་སྟེ། དེ་ལྟར་མགྲིན་པ་གསུམ་མོ།། སྔར་གསུངས་པའི་ཆོ་གས་ཤར་གྱི་ཞལ་ནི་ནག་པོ་འཆེ་བ་གཙིགས་པ་དྲག་པོའོ།། གཡས་པ་ནི་ཆགས་པ་དང་བཅས་པ ་དམར་པོའོ།། གཡོན་ནི་རབ་ཏུ་ཞི་བ་དཀར་པོའོ།། ནུབ་ནི་ཏིང་ངེ་འཛིན་ལ་གནས་པ་སེར་པོའོ།། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང ་རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུབ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་ངར་དཔྱངས་དང་། རྡོ་རྗེ་ཕྲེང་བ་དང་། སྟག་གིས་པོགས་པའི་གོས་འཛིན་པའོ།། དེ་བཞིན་དུ་གཡས་ཀྱི་ཕྲག་པ་དང་པོ་སྔོན་པོ་སྟེ། ་གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ། དེ་བཞིན་དུ་གཡོན་དུ་ཡང་ངོ་།། དེ་བཞིན་དུ་གཡསོ་དང་གཡོན་དུ་ཡང་དཔུང་པ་གཉིས་སྔོན་པོ་དང་། གཉིས་དམར་པོ་དང་གཉིས་དཀར་པོའོ།། དེ་བཞིན་དུ་གཡས་དང་གཡོན ་དུ་ཡང་ཕྱག་བཞི་ནག་པོ་དང་། བཞི་དམར་པོ་དང་། བཞི་དཀར་པོ་སྟེ། དེ་རྣམས་ཀྱང་འཆད་པར་འགྱུར་བའི་མཚོན་ཆ་དང་བཅས་པའོ།། དེ་བཞིན་དུ་ཕྱག་རེ་རེ་ལ་སོར་མོ་ལྔ་དང་། དེ་དག་རེ་རེ་ལ་ཚིགས་གསུམ་སྟེ། མཐེ ་བོ་སེར་པོ་དང་། མཛུབ་མོ་དཀར་པོ་དང་། གུང་མོ་དམར་པོ་དང་། མིང་མེད་ནག་པོ་དང་། མཐེ་ཆུང་ལྗང་གུ་དང་། ཕྱག་གི་མཐིལ་ནས་སོར་མོ་ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་དང་། གཉིས་པ་དམར་པོ་དང ་གསུམ་པ་དཀར་པོའོ།། དེ་ལྟར་ཕྱག་གི་པདྨོ་རི་བོང་ཅན་སོ་སོ་ལ་ཁ་དོག་ལྔ་སྟེ། དེ་དག་སོར་གདུབ་རྣམས་ཀྱིས་འཕྲོ་བའོ།། དེ་ལྟར་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་རབ་ཏུ་ཞུགས་པའི་ངེས་པ་སྟེ། ་མངལ་གྱི་ཟླ་བ་གསུམ་པ་དང་། གནས་སྐབས་དང་པོའོ།། དི་ནི་གནག་ཅེས་པ་ལ་སོགས་པས་མཚོན་ཆའི་ཆོ་ག་གསུངས་ཏེ། གནག་པའི་ཕྱག་གི་མཐིལ་བཞི་ལ་དང་པོར་རྡོ་རྗེའོ།། གཉིས་པ་རལ་གྲིའོ།། གསུམ་རྩེ་གསུམ་མོ། ་བཞི་པ་གྲི་གུག་གོ།། དེ་བཞིན་དུ་དམར་བའི་ཕྱག་གི་མཐིལ་བཞི་ལ། དང་པོར་མེའི་མངའོ།། གཉིས་པར་རྡོ་རྗེ་ལྕགས་ཀྱུའོ།། གསུམ་པར་སྒྲ་དང་བཅས་པའི་ཌཱ་མུ་རུའོ།། བཞི་པར་མཐོ་བའོ།། གསུམ་པ་དཀར་པོའི་ཕྱག་གི ་མཐིལ་བཞི་ལཾ། དང་པོའི་ཕྱག་གི་མཐིལ་དུ་འཁོར་ལོའོ།། གཉིས་པར་མདུང་ངོ་།། གསུམ་པར་དབྱུག་པའོ།། བཞི་པར་དགྲ་སྟའོ།། ཞེས་པ་ནི་གཡས་པའི་མཚོན་ཆའི་ཚོགས་ཏེ། རྡོ་རྗེ་ཅན་གྱི་ཉི་མའི་ཕྱག་གི་པདྨོ་གཡས ་ལའོ་ཞེས་སོ།། ད་ནི་གཡོན་པའི་གནག་པའི་ཕྱག་གི་མཐིལ་བཞི་ལ། མཚན་མ་གསུངས་ཏེ། དང་པོར་རྡོ་རྗེ་དྲིལ་བུའོ།། གཉིས་པར་ཕུབ་པོ།། གསུམ་པར་ཁ་ཊྭཱཾ་ག་རྣམ་པར་རྒྱས་པའི་ཁའོ།། བཞི་པར་ཁྲག་གིས་གང་བའི ་ཐོད་པའོ།། དེ་བཞིན་དུ་དམར་བའི་ཕྱག་གི་མཐིལ་བཞི་ལ། དང་པོར་གཞུའོ།། གཉིས་པར་ཞགས་པའོ།། གསུམ་པར་ནོར་བུ་རིན་ཆེན་ནོ།། བཞི་པར་པདྨར་དཀར་པོའོ།། དེ་བཞིན་དུ་དཀར་བའི་ཕྱག་གི་མཐིལ་བཞི་ལ། དང་པོའི ་ཕྱག་གི་མཐིལ་དུ་ཆུ་ན་རྒྱུ་བ་ཞེས་པ་དུང་ངོ་།། གཉིས་པར་མེ་ལོང་ངོ་།། གསུམ་པར་རྡོ་རྗེ་ལྕགས་སྒྲོག་གོ།། བཞི་པར་ཚངས་པའི་མགོ་བོ་སྟེ། དེ་བཞིན་དུ་ཚངས་པའི་མགོ་བོ་པདྨས་བརྒྱན་པ་སྟེ། སྤྲས་པ་རིག་བྱེད་གདོང་ལྡན་གང ་ཡིན་རྒྱལ་བའི་གཡོན་གྱི་ཕྱག་ནའོ་ཞེས་སོ།། དེར་བདུད་དང་དྲག་པོ་ཡང་དག་པར་བཟུང་བ་ནི། བདུད་དང་དྲག་པོ་དག་གི་ལྷ་མོ་ངག་ནི་ཞབས་ཀྱི་མཐིལ་ལ་འཛིན་ཞིང་གདོང་གི་དམན་པ་དག་ཏུ་བྱེད་དོ། བདུད་ཀྱི་དགའ་མ་དང་དྲག ་པོའི་ཨུ་མའོ།། མི་བསྐྱོད་པ་རབ་ཏུ་བཞུགས་པའོ།། ད་ནི་སྣ་ཚོགས་ཡུམ་གྱི་མཚན་ཉིད་གསུངས་པ། གསེར་མདོག་ཅེས་པ་ལ་སོགས་པ་སྟེ། དེ་ལ་རོ་མཉམ་པ་གཅིག་ལས་ཟླ་བ་དང་ཁུ་བའི་རང་བཞིན་གྱིས་བཅོམ་ལྡན ་འདས་བསྐྲད་ཅིང་། ཉི་མ་དང་རྡུལ་གྱི་རང་བཞིན་གྱིས་ལྷ་མོ་བསྐྱེད་དོ།། དེ་ལ་དཀར་པོ་དང་ནག་པོའི་ཆོས་ཅན་ནི་ཟླ་བ་སྟེ། དམར་པོ་དང་སེར་པོའི་ཆོས་ཅན་ནི་ཉི་མའོ།། དེས་ན་གསེར་མདོག་གོ། རིག་བྱེད་ཞལ་ལྡན་ནི་ཞལ་བཞིའོ།། ་ནོར་གྱི་ཕྱག་གི་པདྨ་ནི་ཕྱག་བརྒྱད་དེ། མདུན་ནས་འཁྱུད་པ་ངག་ནི་སྣ་ཚོགས་ཡུམ་མོ།། དེའི་གཡས་ཀྱི་ཕྱག་དང་པོ་ན་གྲི་གུག་གོ། གཉིས་པ་ནུ་ལྕགས་ཀྱུའོ།། གསུམ་པ་ན་སྒྲ་དང་བཅས་པའི་ཌཱ་མ་རུའོ།། བཞི་པ་ན་བགྲང ་ཕྲེང་ངོ་།། གཡོན་གྱི་ཕྱག་དང་པོ་ན་ཐོད་པའོ།། གཉིས་པ་ན་ཞགས་པའོ།། གསུམ་པ་ན་འདབ་མ་བརྒྱ་པའི་པདྨ་དཀར་པོའོ།། བཞི་པ་ན་མཆོག་གི་རིན་ཚན་དེ་བཞིན་ཉིད་དུའོ།། དེ་བཞིན་དུ་བཅོམ་ལྡན་འདས་ནི་གཡས་བརྐྱང་སྟེ། སྐུ ་ཚོགས་ཡུམ་ནི་གཡོན་བརྐྱང་ངོ་།། ཉི་མའི་སྤྱན་ནི་བཅུ་གཉིས་སོ།། རྒྱལ་བའི་བདག་པོའི་ཅོད་པན་ནི་རྡོ་རྗེ་སེམས་དཔའི་ཅོད་པན་ནོ།། ཕྱག་རྒྱ་ལྔ་པོ་རྣམས་ཀྱིས་རྒྱ་ཡིས་བཏབ་པ་སྙོམས་པར་ཞུགས་པས་གནས ་པའོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣ་ཚོགས་ཡུམ་དེའི་ནང་དུ་འོདུས་ཤིང་ཕ་རོལ་ཏུ་ཕྱིན་པ་གཞན་སྦྱིན་པ་ལ་སོགས་པ་རྣམས་ཏེ། ཕ་རོལ་ཏུ་ཕྱིན་པ་བརྒྱད་ནི་འདབ་མ་རྣམས་ལ་ལྷ་སྒོ་བརྒྱད་དེ། དེ་རྣམས་ནོར་གྱི་ཕྱག་གི་པདྨ་ནི ་ཕྱག་བརྒྱད་དོ།། རིག་བྱེད་ཞལ་ནི་ཞལ་བཞིའོ།། ཉི་མའི་སྤྱན་ནི་སྤྱན་བཅུ་གཉིས་སོ།། དེ་དག་རྣམས་ཀྱིས་ནང་ནས་བཞི་ནི་སྦྲུལ་གྱི་རྔ་ཡབ་འཛིན་ཏོ། ཕྱག་བརྒྱད་ཀྱིས་རྔ་ཡབ་བརྒྱད་འཛིན་པའོ།། ཟུར་བཞིར་རྒྱལ་བའི་ཞལ་གྱི་དབུ ་བས་སོ་ཞེས་པ་ནི་མེར་ནོག་མོའོ།། བདེན་བྲལ་དུ་དམར་མོའོ།། རླུང་དུ་སེར་མོའོ།། དབང་ལྡན་དུ་དཀར་མོའོ།། དེ་བཞིན་དུ་དེ་དག་རྣམས་ཀྱིས་རྒྱབ་ཏུ་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོའོ།། བདེན་བྲལ་དུ་ཆོས་ཀྱི་གན་ཊཱི་དམར་པོའོ།། ་མེར་ཡིད་བཞིན་གྱི་ནོར་བུ་ནག་པོའོ།། རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ།། དེ་བཞིན་དུ་ཤར་གྱི་འདབ་མ་ལ་ནག་མོ་དང་། ལྷོར་དམར་མོའོ།། བྱང་དུ་དཀར་མོ་དང་། ནུབ་ཏུ་སེར་མོ་འབར་མའོ།། ཕྱོགས་བཞིའི་དབྱེ་བས་བཅོམ ་ལྡན་འདས་ཀྱི་ཞལ་གྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོ་རྣམས་ཀྱི་སྟེ། སྣ་ཚོགས་ཡུམ་གྱི་དང་པོའི་ཞལ་གསེར་གྱི་མདོག་དང་། གཡས་དཀར་པོ་དང་། གཡོན་པ་དམར་པོ་དང་། རྒྱབ་སྔོན་པོ་སྟེ་དེ་བཞིན་དུ་ལྷ་མོ་སེར་མོ་རྣམས་ཀྱིའོ།། ་དཀར་མོ་རྣམས་ཀྱི་མདུན་དཀར་པོ་དང་། གཡས་ནག་པོ་དང་། རྒྱབ་དམར་པོ་དང་། གཡོན་སེར་པོའོ།། དམར་པོ་རྣམས་ཀྱི་དང་པོ་དམར་པོ་དང་། གཡས་སེར་པོ་དང་། གཡོན་སྔོན་པོ་དང་། རྒྱབ་དཀར་པོའོ།། ནག་མོ་རྣམས་ཀྱི་མདུན་དུ ་ནག་པོ་དང་། གཡས་དམར་པོ་དང་། གཡོན་དཀར་པོ་དང་། རྒྱབ་སེར་པོའོ།། སྙིང་པོའི་པདྨའི་ལྷ་མོ་རྣམས་ཀྱིས་རྒྱན་དང་ཕྱག་རྒྱ་ལྔ་པོ་རྣམས་ཀྱི་བཅོམ་ལྡན་འདས་མའི་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ།། ཞེས་པ་ངེས་པའི།། ་ད་ནི་ནག་པོ་འབར་མ་ལ་སོགས་པ་རྣམས་ཀྱི་གཡས་དང་གཡོན་གྱི་ཕྱག་གི་མཚན་མ་རྣམས་གསུངས་པ། ནག་མོ་ཞེས་པོ་ཞེས་པ་ལ་སོགས་པ་སྟེ། ནག་མོ་ཡི་ནི་དང་པོའི་ཕྱག་གི་མཐིལ་ན་སྤོས་ཀྱི་སྣོད་དང་། གཉིས་པ་དག་ན ་བསིལ་བའི་སྣོད་དེ་ཙན་དན་གྱི་སྣོད་དོ།། དམར་པོ་སྦྱར་བ་གུར་གུམ་གྱོ་སྣོད་ནི་གསུམ་པ་ནའོ།། མྱོས་བྱེད་དང་བཅས་རི་བོང་འཛིན་པ་ཞེས་པ་གླུ་རྩི་དང་བཅས་པ་ག་བུར་གྱི་སྣོད་ནི་བཞི་པ་ན་སྟེ། གཡས་ཀྱི་ཕྱག་རྣམས་ནའོ།། གཡོན ་པའི་དང་པོ་ན་དྲིལ་བུའོ།། གཉིས་པ་ན་པདྨའོ།། གསུམ་པ་ན་ལྷའི་ཤིང་གི་མེ་ཏོག་གོ། བཞི་པ་ན་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་རིམ་པས་སོ་ཞེས་པ་སྟེ། ཤར་གྱི་འདབ་མ་ལའོ།། དམར་པོ་འབར་མའི་གཡས་ཀྱི་ཕྱག་དང་པོ་ན་མར ་མེའོ།། ར་གཉིས་པ་ན་དོ་ཤལ་ལོ།། གསུམ་པ་ན་ཅོད་པན་ནོ།། བཞི་པ་ན་གདུ་བུའོ།། དེ་བཞིན་དུ་གཡོན་པའི་ཕྱག་དང་པོ་ན་གོས་སོ།། གཉིས་པ་ན་སྐ་རགས་སོ།། གསུམ་པ་ན་རིན་པོ་ཆེའི་རྣ་རྒྱན་ནོ།། བཞི་པ་ན་རྐང་གདུབ་པོ།། དེ་བཞིན་དུ ་སེར་མོར་འབར་མའི་གཡས་ཀྱི་དང་པོ་ན་དུང་ངོ་།། གཉིས་པ་ན་གླིང་བུའོ།། གསུམ་པ་ན་ནོར་བུའོ།། བཞི་པ་ན་བཱ་མ་རུའོ།། གཡོན་གྱི་དང་པོ་ན་རྒྱུད་མངས་སོ།། གཉིས་པ་ན་ལྔའོ།། གསུམ་པ་ན་སྒྲ་སྒྲོགས་པའི ་འཁར་བའོ།། བཞི་པ་ན་ཟངས་དུང་ངོ་།། དེ་བཞིན་དུ་དཀར་མོ་འབར་མིའི་དང་པོ་ན་འོ་མའི་སྣོད་དེ།། གཉིས་པ་ན་ཆུའི་སྣོད་དོ།། གསུམ་པ་ན་མཆོག་གི་སྨན་ནོ།། བཞི་པ་ན་ཆང་གི་སྣོད་དོ།། གཡོན་གྱི་དང་པོ་ན་བདུད་རྩིའི་སྣོད་དོ།། གཉིས་པ ་ན་གྲུབ་པའི་རོའི་སྣོད་ངོ་།། གསུམ་པ་ན་བདུད་རྩིའི་འབྲས་བུའོ།། བཞི་པ་ན་ཟན་གྱི་སྣོད་དེ་དཀར་མོའི་འོ།། རང་གི་ཕྱག་རྒྱ་དང་བཅས་པ་སྟེ་རྡོ་རྗེ་སེམས་དཔའ་རྫོགས་པའོ།། །། ད་ནི་མིང་དང་གཟུགས་ལ་སོགས ་པ་བསྐྱེད་པའི་སླད་དུ་འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་གྱི་འཇིག་རྟེན་དང་པོའི་སངས་རྒྱས་བསྟན་པར་བྱ་བའི་སྣོད་དུ་མངོན་པར་གཟིགས་ནས་ཤིན་ཏུ་དགའ་བའི་སྒྲ་ཡིས་རང་གི་ལུས་ལ་མི་བསྐྱོད་པ་ལ་སོགས ་པའི་རྒྱལ་བའི་ཚོགས་རྣམས་དང་། ན་མཁའ་ལ་སོགས་པོའི་ཁམས་ཀྱི་ཚོགས་རྣམས་དང་། སྐྱེས་བུ་དང་། རིག་མ་མིགོ་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཡུམ་གྱི་རང་བཞིན་གྱི་ལྷའི་རང་གི་ངོ་བོར་སྣང་བར་གྱུར་པ ་རྣམས་གཞུག་པར་བྱ་སྟེ། སླར་ཡང་དེ་དག་རང་གི་ལུས་ལ་སྤྲོས་ནས་སྣ་ཚོགས་ཡུམ་གྱི་ནང་དུ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ།། དེ་ནས་དེ་བཞིན་ཉིད་དུ་སྤྲོས་ནས་སླར་ཡང་ཁམས་དང་བཅས་པའི་དེ་བཞིན་གཤེགས་པའི་དཀྱིལ ་འཁོར་གྱི་འཁོར་ལོའི་རྣམ་པ་རྣམས་རང་གི་ལུས་ལ་གཞུག་པར་བྱའོ།། ཟླ་བ་ཞུ་བར་གྱུར་པ་རྣམས་རང་གི་རིག་མའི་པདྨའི་ནང་དུ་རང་གི་རྡོ་རྗེ་ནས་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་རྟེན་དང ་བརྟེན་པའི་མཚན་ཉིད། མི་བསྐྱོད་པ་བདག་པོར་བསྒོམས་ནས་དང་པོར་བཅོམ་ལྡན་འདས་ཀྱི་སྐུ་ལ་གཞུག་པར་བྱའོ།། དེ་ནས་ཕྱོགས་ཀྱི་པདྨར་ཆུ་གཏེར་སངས་རྒྱས་བཞི་རྣམས་ནི་ངེས་པར་སྤྱན་དགུ་པ་མེའི་ཞལ་ཞེས་པ་ཞལ་གསུམ ་པ་རུས་ཀྱི་ཕྱག་ཅེས་པ་ཕྱག་དྲུག་པ་རྣམས་སྤྲོ་བར་བྱའོ།། དེ་ལ་ཤར་གྱི་པདྨའི་ཉི་མའི་སྟེང་དུ་དོན་ཡོད་པ་གྲུབ་པ་ནག་པོ་སྟེ། གཡས་སྐོར་གྱིས་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ལོ།། ལྷོ་རིན་ཆེན་འབྱུང་ལྡན་ཁ་དོག་དམར ་པོ་སྟེ། གཡས་སྐོར་གྱིས་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་ལོ།། བྱང་དུ་སྣང་བ་མཐའ་ཡས་དཀར་པོ་སྟེ། གཡས་སྐོར་གྱིས་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ལོ།། ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སྟེ། གཡས་སྐོར ་གྱི་སེར་པོ་དང་དཀར་པོ་དང་ནག་པོའི་ཞལ་ལོ།། དེ་ལྟར་བཞི་ནི་ཉི་མའི་དཀྱིལ་འཁོར་ལ་སྟེ། ཉི་མོ་བཅོམ་ལྡན་རྡོ་རྗེ་ཙམ་ཞེས་པའི་ཤེས་པར་བྱེད་པ་ལས་སོ།། མེར་སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུའོ།། བདེན་བྲལ་དུ་གོས་དཀར་མོ་རིན ་ཆེན་འབྱུང་ལྡན་ལྟ་བུའོ།། དབང་ལྡན་དུ་མཱ་མ་ཀཱི་སྣང་བ་མཐའ་ཡས་ལྟ་བུའོ།། རླུང་དུ་སྤྱན་མ་རྣམ་པར་སྣང་མཛད་ལྟ་བུའོ།། དེ་ལྟར་བཞི་ནི་ཟླ་བའི་དཀྱིལ་འཁོར་ལ་སྟེ། མཚན་མོ་ཤེས་རབ་རབ་ཏུ་གྲགས་ཤེས་པའི་ཤེས་པར ་བྱེད་པ་ལས་སོ།། སླར་ཡང་ལྷ་དང་ལྷ་མོ་དེ་དག་གིས་བར་གྱིས་མཚམས་བརྒྱད་དུ་བདུད་རྩིའི་བུམ་པ་བརྒྱད་ངོ་།། དེ་ལྟར་ལྷ་དང་ལྷ་མོ་གནག་དང་དམར་སེར་དང་རི་བོང་འཛིན་པ་ལྟ་བུ་དཀར་བ་སྟེ། ཞེས་སོ།། ཤར་གྱི ་སྒོར་ཁྲོ་བོ་ཤིན་ཏུ་སྟོབས་ཏེ་ཁ་དོག་དང་ཞལ་དང་ཕྱག་ནི་དོན་ཡོང་གྲུབ་པ་ལྟ་བུ་ནག་པོའོ།། ལྷོའི་སྒོར་རྨུགས་བྱེང་དེ་ཁ་དོག་དང་ཞལ་དང་ཕྱག་ནི་རིན་ཚན་འབྱུང་ལྡན་ལྟ་བུ་དམར་པོའོ།། ནུབ་གྱི་སྒོར་རེངས་བྱེད་དེ། ཁ་དོག་དང་ཞལ་དང ་ཕྱག་ནི་རྣམ་པར་སྣང་མཛད་ལྟ་བུ་སེར་པོའོ།། བྱང་དུ་ཁེངས་བྱེད་དེ། ཁ་དོག་དང་ཞལ་དང་ཕྱག་ནི་སྣང་བ་མཐོའ་ཡས་ལྟ་བུ་དཀར་པོའོ།། སྟེང་དུ་གཙུག་ཏོ་ར་ཏེ་ཁ་དོག་དང་ཞལ་དང་ཕྱག་ནི་མི་བསྐྱོད་པ་ལྟ་བུ་ལྗང་གུའོ།། འོན་ཀྱང་ཁྲོ་བོ ་འདི་རྣམས་གཡས་བརྐྱང་བ་སྟེ། ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་ངོ་།། ཟླ་བ་བཞི་པ་ལོ་མིང་དང་གཟུགས་སྐྱེ་བའི་དུས་སུ་གཟུགས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་དང་། རླུང་དང་མེ་དང་སོ་དང་ཆུའི་ཁམས་ཀྱི་བདག་ཉིད་དེ། དེས ་ན་ཁམས་དང་ཕུང་པོ་དང་ཁྲོ་བོ་རྣམས་སྤྲོ་བའོ།། དེ་ནས་ཟླ་བ་ལྔ་ལ་སྐྱེ་མཆེད་དྲུག་སྐྱེ་བའི་དུས་སུ་ན་མཁའི་སྙིང་པོ་ལ་སོགས་པ་སྤྲོ་བར་བྱ་སྟེ། མཁའ་སྙིང་ལ་སོགས་པ་ཞེས་པ་ནི། འདིར་རླུང་ལས་སྐྱེས་པ་སྣ་ནི་ན་མཁའི་སྙིང ་པོ་དབྱིབས་ལ་སོགས་པ་དོན་ཡོད་གྲུབ་པ་ལྟ་བུ་སྟེ། ཤར་གྱི་སྒོའི་གཡས་སུ་ར་བཱི་རྩིག་པ་ལ་སྟེ་ཕྱོགས་སུའོ།། ཕྱོགས་བྲལ་དུ་གནས་ནི་མེའི་ཟུར་དུ་རླུང་ལས་སྐྱེས་པ་རེག་བྱ་རྡོ་རྗེ་མ་སྟེ། དབྱིབས་ལ་སོགས་པ་སྒྲོལ་མ་ལྟ་བུའོ།། ་དེ་བཞིན་དུ་ལྷོའི་སྒོའི་གཡས་སུ་མེ་ལས་སྐྱེ་བ་མིག་ནི་སའི་སྙིང་པོ་སྟེ། དབྱིབས་ལ་སོགས་པ་རིན་ཆེན་འབྱུང་ལྡན་ལྟ་བུའོ།། དེ་བཞིན་དུ་བདེན་བྲལ་གྱིས་ཟུར་དུ་མེའི་ཁམས་ལས་སྐྱེས་པའི་རྡོ་རྗེ་མ་ནི་གོས་དཀར་མོ་ལྟ་བུའོ།། ནུབ་ཀྱི ་སྒོའི་གཡས་སུ་ས་ལས་སྐྱེས་པས་ལུས་ཀྱི་དབང་པོ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། རྣམ་པར་སྣང་མཛད་ལྟ་བུའོ།། དེ་བཞིན་དུ་རླུང་གི་ཟུར་དུ་སོའི་ཁམས་ལས་སྐྱེས་པ་དྲི་རྡོ་རྗེ་མ་ནི་སྤྱན་མ་ལྟ་བུའོ།། བྱང་གི་སྒྲ ་གཡས་སུ་ཆུ་ལས་སྐྱེས་པ་ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། སྣང་བ་མཐའ་ཡས་ལྟ་བུའོ།། དབང་ལྡན་དུ་ཆུའི་ཁམས་ལས་སྐྱེས་པ་གཟུགས་རྡོ་རྗེ་མ་ནི་མཱ་མ་ཀཱི་ལྟ་བུའོ།། འོག་ཏུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་ཡིད་ནི་ཀུན་ཏུ ་བཟང་པོ་ཁ་དོག་སྔོན་པོ་ཞལ་གསུམ་པ་ཕག་དྲུག་པ་ཁ་དོག་དུས་ཀྱི་འཁོར་ལོ་ལྟ་བུ་སྟེ། ཤར་གྱི་སྒོའི་གཡོན་དུ་ར་བའི་རྩིག་པོ་ལའོ།། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ལས་སྐྱེས་པ་སྒྲ་རྡོ་རྗེ་མ་ནི་ཀུན་ཏུ་བཟང་པོ་ལྟ་བུ་སྟེ། བྱང་གི ་སྒོའི་གཡོན་དུའོ།། སྟེང་དུ་ན་མཁའི་ཁམས་ལས་སྐྱེས་པ་རྣ་བ་ནི་ཕྱག་ན་རྡོ་རྗེ་ལྗང་གུ་མི་བསྐྱོད་པ་ལྟ་བུ་སྟེ། ལྷོའི་སྒོའི་གཡོན་དུའོ།། དེ་བཞིན་དུ་ན་མཁའི་ཁམས་ལས་སྐྱེས་པོ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ནི་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ། ནུབ ་ཀྱི་སྒོའི་གཡོན་དུའོ།། དེ་ལྟར་ཟླ་བ་ལྔ་ལ་སྐྱེ་མཆེད་དྲུག་དང་། དྲུག་པོ་ལ་རེག་བྱ་ཞེས་པའི་ཤེས་པར་བྱེད་པ་ལས་རེག་བྱ་ལ་སོགས་པའི་ཡུལ་རྣམས་ཏེ། དེ་ལྟར་སྐྱེ་མཆེད་བཅུ་གཉིས་སྤྲོ་བོའོ།། སྐུ་རྡོ་རྗེའི་གནས་སྐབས་གཉིས་པའོ།། ་འདིར་ཤར་དང་བྱུང་དང་སྟེང་ན་གནས་པའི་ལྷ་དང་ལྷ་མོ་ནག་པོ་དང་དཀར་པོ་རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱ་སྟེ། ནམ་མཁའ་དང་རླུང་དང་ཆུའི་ཁམས་རྣམས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། ཡང་ན་ཕྱོགས ་བྲལ་དུ་གནས་པ་ཟུར་གྱི་ལྷ་མོ་རྣམས་ཟླ་བ་ལ་སྟེ། མཚན་མོ་ཤེས་རབ་རབ་ཏུ་གྲགས་ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་ལྷོ་དང་ནུབོ་དང་འོག་ན་གནས་པའི་ལྷ་དང་ལྷ་མོ་དམར་པོ་དང་སེར་པོ་རྣམས་ནི་ཉི་མའི་དཀྱིལ་འཁོར་ལ་སྟེ། ཡེ ་ཤེས་པང་མེ་དང་སའི་ཁམས་རྣམས་ནི་རྡུལ་ཚོན་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། ཡང་ན་ཕྱོགས་ན་གནས་པའོ་ལྷ་རྣམས་ཉི་མ་ལ་སྟེ། ཉི་མོ་བཅོམ་ལྡན་རས་རྡོ་རྗེ་ཅན་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་གང་ཞིག་བཅོམ་ལྡན་འདས་ལ ་མངོན་དུ་ཕྱོགས་པ་དེ་ནི་གཙོ་བོ་སྟེ། ཕྱོགས་སུའོ།། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པའི་ལྷ་མོ་ནི་གཙོ་མོ་སྟེ། ཕྱོགས་བྲལ་རྣམས་སུའོ།། གཞན་དུ་ཕྱོགས་པ་ནི་གཙོ་བོ་མ་ཡིན་པའོ།། དེའི་ཕྱིར་ཤེས་རབ་ཕང་པར་ཐབས་ནི་གཙོ ་བོ་མ་ཡིན་པ་སྟེ། རི་བོང་འཛིན་པའི་པདྨོ་ལ་ཟུར་གྱི་ཆར་ཕྱོགས་བྲལ་རྣམས་སུའོ།། དེ་བཞིན་དུ་ཐབས་ཀྱི་ལྷ་རྣམས་ཀྱི་ཕང་པར་ཡང་ལྷ་མོ་གཙོ་མོ་མ་ཡིན་པ་སྟེ། ཉི་མའི་དཀྱིལ་འཁོར་ལ་ཕྱོགས་རྣམས་སུའོ།། གཉིས་པོ་དག་ནི་རང་གི ་ཕྱག་གི་ཆུ་སྐྱེས་འཆད་པར་འགྱུར་བའི་རང་རང་མཚན་མོས་མཚན་པ་དག་གིས་ཕན་ཚུན་འཁྱུད།། མཚན་མ་གང་ཞིག་གང་གིས་གཡས་ཀྱི་དང་པོའི་ཕྱག་མཐིལ་ན་སྟེ། དེ་ཡིས་ཕྱག་རྒྱ་ཆུ་སྐྱེས་དམན་ཆུ་སྐྱེས་ཀྱི་མཚན་མ་དང་རིན་པོ་ཆེ ་དང་རལ་གྲི་ནི་གཡོན་དང་གཡས་སུ་ཡང་ཐུན་མོངས་ངོ་།། དེ་ལྟར་ཤར་དང་ནུབ་དང་གཡོན་དང་གཡས་དང་འོག་དང་སྟེང་དུ་ཤེས་རབ་ཐབས་ཀྱི་འཁོར་ལོ་མཆོག་གི་བདེ་བར་གནས་པ་རྡོ་རྗེའི་གདན་གྱིས་བཞུགས་པ་ནི་ཐབས་འདྲེན་པ་སྟེ། ་པདྨའི་གདན་གྱིས་བཞུགས་པ་ནི་ལྷ་མོའི་ཚོགས་འདྲེན་མའོ།། ཞེས་པ་ངེས་པའོ།། ང་ནི་ནག་པོ་རྣམས་ཀྱིས་ཞེས་པ་ལ་སོགས་པས་མཚན་མ་རྣམས་གསུངས་ཏེ། འདིར་རིགས་དྲུག་གི་ཕུང་པོ་རྣམ་པར་དག་པས་མཚན་མ་དྲུག ་རྣམས་སོ།། དེ་ལ་འདུ་བྱེད་ཀྱི་རིགས་ལས་སྐྱེས་པ་དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་ཤིན་ཏུ་སྟོབས་དང་ན་མཁའི་སྙིང་བྷྱོ་དང་རེག་བྱ་རྡོ་རྗེ་མ་སྟེ། ནུག་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ནཱ་རལ་གྲིའོ།། གཉིས་པ་གྲི་གུག་གོ།། གསུམ ་པ་ན་རྩེ་གསུམ་མོ།། གཡོན་གྱི་དང་པོ་ན་ཕུབ་པོ།། གཉིས་པ་ན་ཐོད་པའོ།། གསུམ་པའི་ཕྱག་གི་མཐིལ་ན་ཁ་ཊྭཱཾ་གཾ་དཀར་པོའོ།། དེ་བཞིན་དུ་ཚོར་བའི་ཕུང་པོའི་རིགས་ལོས་སྐྱེས་པ་རིན་ཆེནི་འབྱུང་ལྡན་དང་གོས་དཀར་མོ་དང ་ས་དེང་དང་སའི་སྙིང་པོ་དང་རོ་རྡོ་རྗེ་མ་སྟེ། དམར་པོ་རྣམས་ཀྱི་གཡས་ཀྱི་ཕག་དང་པོ་ན་མོའི་མངའོ།། གཉིས་པ་ན་རྡོ་རྗེ་ལྕགས་ཀྱུའོ།། གསུམ་པ་ན་སྒྲ་དང་བཅས་པའི་བླ་མ་རུ་སྟེ། རིམ་པ་ཡིས་སོ།། གཡོན་གྱི་དང་པོ ་ན་གཞུའོ།། གཉིས་པ་ན་རྡོ་རྗེ་ཞགས་པའོ།། གསུམ་པ་ན་དྲི་མེད་འཕྲོ་བའི་ནོར་བུ་རིན་པོ་ཆེ་རྩེ་མོ་དགུ་པའོ།། དེ་བཞིན་དུ་གཟུགས་ཀྱི་རིགས་ལས་སྐྱེས་པ་རྣམ་པར་སྣང་མཛད་དང་། སྤྱན་མ་དང་། རངས་བྱེད་དང་། སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བ་དང་། དྲི་རྡོ་རྗེ་མ་སྟེ་སེར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོའོ།། གཉིས་པ་ན་དབྱུག་པའོ།། གསུམ་པ་ན་འཇིགས་བྱེད་རྡོ་རྗེའོ།། གཡོན་གྱི་དང་པོ་ན་དུང་ངོ་།། གཉིས ་པ་ན་རྡོ་རྗེ་ལྕགས་སྒྲོག་གོ།། གསུམ་པ་ན་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུའོ།། དེ་བཞིན་དུ་འདུ་བྱེད་ཀྱི་རྀ་གས་ལས་སྐྱེས་པ་སྣང་བ་མཐའ་ཡས་དང་མཱ་མ་ཀཱི་དང་། པདྨ་མཐར་བྱེད་དང་། འཇིག་རྟེན་དབང་ཕྱུག་དང་། གཟུགས་རྡོ ་རྗེ་མ་སྟེ། དཀར་པོ་རྣམས་ཀྱི་གཡས་ཀྱི་ཕྱག་དང་པོ་ན་ཐོ་བའོ།། གཉིས་པ་ན་མདུང་ངོ་།། གསུམ་པ་ན་རྩེ་གསུམ་མོ།། གཡོན་པའི་དང་པོ་ན་པདྨ་དཀར་པོ་འདབ་མ་བརྒྱད་པོའོ།། གཉིས་པ་ན་མེ་ལོང་ངོ་།། གསུམ་པ་ན་བགྲང ་ཕྲེང་ངོ་།། དེ་བཞིན་དུ་རྣམ་པར་ཤེས་པའི་རིགས་ལས་སྐྱེས་པ་མི་བསྐྱོད་པ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་གཙུག་ཏོར་དང་ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། ལྗང་གུ་རྣམས་ཀྱི་གཡས་ཀྱི་དང་པོ་ན་རྡོ་རྗེའོ།། ་གཉིས་པ་ན་གྲི་གུག་གོ། གསུམ་པ་ན་སྒྲ་སྟའོ།། གཡོན་གྱི་དང་པོ་ན་དྲིལ་བུའོ།། གཉིས་པ་ནི་ཐོད་པའོ།། གསུམ་པ་ན་ཚངས་པའི་མགོ་བོའོ།། དེ་བཞིན་དུ་ཡེ་ཤེས་ཀྱི་རིགས་ལས་སྐྱེས་པ་རྡོ་རྗེ་སེམས་དཔའ་དང་སྣ་ཚོགས ་ཡུམ་དང་། གནོད་མཛེས་རྒྱལ་པོ་དང་། ཀུན་ཏུ་བཟང་པོ་དང་། སྒྲ་རྡོ་རྗེ་མ་སྟེ་སྔོན་པོ་རྣམས་ཀྱི་ཡང་ངོ་།། མཚན་མའི་ངེས་པའོ།། ཡང་ན་སྒྲོབ་མ་དང་། ཀུན་ཏུ་བཟང་པོའི་ཁ་ཊྭཱཾ་གའི་གནས་དང་། ཚངས་པའི་མགོ་བོའི ་གནས་སུ་ཨུད་པ་ལའོ།། དུ་བ་ལ་སོགས་ལྷ་མོ་བརྒྱད་པོ་དང་བུམ་པ་བརྒྱད་དང་ཆོས་ཀྱི་དུང་ལ་སོགས་པ་དོར་ནས་རྒྱལ་བའི་བདག་པོའི་པདྨ་དག་ལ་རེས་འགའ་ནི་དཔལ་ལྡན་འཁོར་ལོ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ནི་སྙིང་པོའི ་དབུས་སུ་མི་ཡི་བདག་པོ་ཉི་ཤུ་ལྔའི་བདག་ཉིད་དུ་ཡང་འགྱུར་རོ།། དེའི་ཚེ་བཅོམ་ལྡན་འདས་བཞུགས་པ་ཡང་དཔལ་འདུས་པ་ལྟ་བུར་འགྱུར་རོ།། འདི་ལ་སྐྱོན་མེད་དེ་རིགས་མེད་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་སྒྲུབ་པ་པོ་རྣམས ་ཀྱི་རང་གི་སེམས་ཀྱི་ནུས་པ་ཤེས་ནས་བཅོམ་ལྡན་འདས་འདི་ཡང་རྣལ་འབྱོར་པ་རྣམས་བདག་གིས་བསྒོམ་པར་བྱའོ།། དབང་གི་དོན་དུ་དཀྱིལ་འཁོར་དག་ནི་རིགས་ཀྱི་དབང་གིས་ཕྱིའི་འཁོར་ལོ་རབ་ཏུ་དམན་པར་འགྱུར་རོ།། འདིར ་ལྷན་ཅིག་སྐྱེས་པའི་བདེ་བ་རྡོ་རྗེ་སེམས་དཔའ་ཁུ་བ་མངལ་དུ་ཞུགས་པ་ནི་ཟླ་བ་དང་པོ་ལ་མ་རིག་པའོ།། གཉིས་པ་ལ་འདུ་བྱེད་དོ།། གསུམ་པ་ལ་རྣམ་པར་ཤེས་པའོ།། བཞི་པ་ལ་མིང་དང་གཟུགས་སོ།། གཟུགས ་དང་འབྲེལ་པ་སྐྱེ་མཆེད་དྲུག་དང་། རེག་བྱ་ལ་སོགས་པ་ནི་ཟླ་བ་དྲུག་པ་ཇི་སྲིད་པར་ཏེ། རིགས་ཀྱི་དབང་གིས་སོ།། ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་བཞིན་དུ་སྙིང་ཁར་ཐུགས་ཀྱི་དཀྱིལ་འཁོར་ཁམས་ལྔ་ལྔའི ་བདག་ཉིད་།། དེ་ནས་ཟླ་བ་བདུན་པ་ལ་ཚོར་བ་སྐྱེ་བའི་དུས་སུ་གནས་སྐབས་གསུམ་པ་ནི་གསུང་གི་དཀྱིལ་འཁོར་ལ་རྩའི་ལྷ་མོ་རྣམས་སྤྲོ་བ་སྟེ། དེ་ལ་གསུང་གི་དཀྱིལ་འཁོར་ནི་མགྲིན་པ་ནས་སྤྲུལ་པའི་འཁོར་ལོའི ་མཐར་ཐུག་པ་གྲུ་བཞིར་གཟུང་བར་བྱའོ།། སྤྲུལ་པའི་འཁོར་ལོ་དེ་ལ་རྩ་རྣམ་པ་བཞི་སྟེ། སྙིང་པོའི་ཟླུམ་སྐོར་དང་པོ་ལ་བཞིའོ།། གཉིས་པ་ལ་བརྒྱད་དོ།། གསུམ་པ་ལ་བཅུ་གཉིས་ཏེ། ཐུགས་དང་གསུང ་དང་སྐུའི་རང་བཞིན་གྱིས་སོ།། དེ་ནས་ཟླུམ་སྐོར་བཞི་པ་ལ་རྡོ་རྗེ་གསུམ་ཐུན་མོང་གི་རྩ་དྲུག་ཅུ་རྩ་བཞི་སྟེ། དེ་ལ་དྲུག་ཅུ་ནི་དཀྱིལ་འཁོར་འབབ་པ་ཡིན་ལ། བཞི་ནི་སྟོང་པའོ།། དེ་བཞིན་དུ་མགྲིན་པར་སུམ་ཅུ་ནི་ཡུད་ཙམ་འབབ་པ་སྟེ། གཉིས་ནི ་པའོ།། དེ་ལྟར་སྤྲུལ་པའི་འཁོར་ལོ་ནས་གསུང་གི་རྩ་ཐུན་ཚད་བརྒྱད་ཀྱི་དབྱེ་བ་འབབ་པ། ཟླུམ་སྐོར་གཉིས་པ་ལ་གནས་པ་རྣམས་དྲུག་ཅུ་རྩ་བཞི་པོ་རྣམས་དང་ལྷན་ཅིག་ཏུ་མགྲིན་པའི་བར་དུ་སྤྲོ་བར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི ་ཕྱི་རོལ་ཞེས་པ་ལ་སོགས་པས་གསུང་གི་དཀྱིལ་འཁོར་གྱི་ལྷ་སྤྲོ་བ་གསུངས་ཏེ། འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ནི་གསུང་གི་དཀྱིལ་འཁོར་ཏེ་ཕྱི་རོལ་དེར་ནི་བརྒྱད་པ་བརྒྱད་ཀྱིས་བོ་དའང་པོ་བརྒྱད་པོ་རྣམས་ལ་ཕྱོགས་བརྒྱད ་ལྷ་མོ་རྣམས་དང་ལྷན་ཅིག་ཏུ། ཙཱ་ར་ཙི་ཀ་སོགས་རྣལ་འབྱོར་མ་རྣམས་ཟླ་བ་ཉི་མ་དང་བྲལ་ཞིང་རང་རང་གི་གཞོན་པ་ལ་གནས་པ་རིག་བྱེད་ཕྱག་ཅེས་པ་ཕྱག་བཞི་དང་སྤྱན་གསུམ་མ་གདོང་སྣ་ཚོགས་པའོ།། ངོ་ལ་ཤར་གྱི་པདྨ་ཙར་ཙིཀྵ ་ཞལ་གཅིག་མ་ནག་མོའོ།། མེར་ནི་མཁའ་འགྲོའི་བདག་པོས་འགྲོ་མ་ཁྱབ་འཇུག་མའོ།། ཕག་མོ་དང་གདོང་དྲུག་མ་ནི་ཁ་དོག་དམར་པོ་སྟེ། གཤིན་རྗེ་དང་བདེན་གྲོལ་དུའོ།། ཆུར་དབང་མོ་སེར་མོའོ།། རླུང་དུ་ཆུ་གཏེར་གདོང་མ་སྟེ་ཚངས ་མ་སེར་མོའོ།། བྱུང་དུ་དྲག་མོ་དཀར་མོ་ཞལ་གཅིག་མའོ།། དབང་ལྡན་དུ་དཔལ་མོ་དཀར་མོའོ།། དེ་ལྟར་ལྟེ་བ་ལ་གནས་པའི་གཙོ་མོའི་ཁ་དོག་དང་དབྱིབས་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཀྱི་འདབ་མ་ལ་གནས་པའི་ལྷ་མོ་རྣམས་སོ།། དེ་ལྟར ་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མ་གང་པདྨའི་འདབ་མ་ལ་གནས་པ་གཙོ་མོའི་ཁ་དོག་ཞལ་རྣམས་སོ།། ད་ནི་ཤར་ལ་སོགས་པར་ཞེས་པ་ལ་སོགས་པས་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་གཡས་ཀྱི་ཕྱག་གཉིས་ལ་མཚན་མ་རྣམས ་ནི་རིམ་པ་བཞིན་དུ་གསུངས་ཏེ། འདིར་ཤར་དུ་ཙ་ར་ཙི་ཀཱིའི་ཕྱག་དང་པོ་ན་གྲི་གུག་གོ། གཉིས་པ་ན་རྩེ་གསུམ་མོ།། ཁྱབ་འཇུག་མའི་འཁོར་ལོ་དང་བེ་ཅོན་ནོ།། ཕག་མོའི་དབྱུག་པ་དང་རལ་གྲིའོ།། གཞོན་ནུ་མའི་མདུང་ཐུང་དང ་ལྕགས་ཀྱུའོ།། དབང་མོའི་རྡོ་རྗེ་དང་མངའོ།། ཚངས་པའི་པདྨ་དོང་ཚངས་པའི་དབྱུག་པའོ།། དྲག་མོའི་རྩེ་གསུམ་དང་ཌཱ་མཱ་རུའོ།། དཔལ་ཆེན་མོའི་པདྨ་དང་བགྲང་ཕྲེང་ངོ་ཞེས་པ་སྟེ། གཡས་ཀྱི་ཕྱག་གཉིས་ལའོ།། དེ་བཞིན་དུ་འདབ ་མའི་ལྷ་མོ་རྣམས་ཀྱི་ཡང་ངོ་།། དེ་ནས་གཡོན་གྱི་ཕྱག་གཉིས་ལ་ཤར་ལ་སོགས་པ་རིམ་པ་བཞིན་དུ་སྟེ། ཙ་ར་ཙི་ཀཱའི་གཡོན་གྱི་ཕྱག་དང་པོ་ནི་ཐོད་པའོ།། གཉིས་པ་ན་ཁ་ཊྭཱཾ་གའོ།། ཁྱབ་འཇུག་མའི་པདྨ་དང་དུང་ངོ་།། ཕག་མོའི ་ལྕགས་སྒྲོག་དང་ཕུབ་པོ།། གཞོན་ནུ་མའི་རིན་པོ་ཆེ་དང་ཞགས་པའོ།། དབང་མོའི་དྲིལ་བུ་དང་གཞུའོ།། ཚངས་པའི་སྤྱི་བླུགས་དོང་སྣོད་དོ།། དྲག་མོའི་ཁ་ཊྭཱཾ་ག་དང་སྦྲུལ་ལོ།། དཔལ་ཆེན་མོའི་པདྨ་དང་རིན་པོ་ཆེ་ཉིད་དོ།། དེ་བཞིན་པདྨ ་ནོར་འདབ་ལ་ནི་བརྒྱད་པ་བརྒྱད་ཀྱི་རྣལ་འབྱོར་མའི་ཕྱག་གི་མཚོན་ཆ་དེ་བཞིན་ནོ་སྟེ། གཙོ་མོའི་ཇི་ལྟ་བ་དེ་བཞིན་ནོ་ཞེས་པ་ངེས་པའོ།། ང་ནི་དེ་དག་རྣམས་ཀྱི་མིང་དུ་འགྱུར་ཏེ། དེ་ལ་ཙ་ར་ཙི་ཀཱ་ལ་སོགས་པའི་པདྨའི ་འདབ་མ་རྣམས་ལ་ཤར་ལ་སོགས་པ་གཡས་སྐོར་གྱིས་ཙར་ཙི་ཀཱ་ལོ་སོགས་པ་རྣམས་ཀྱི་འདབ་མའི་ལྷ་མོ་རྣམས་རིག་པར་བྱའོ།། དེ་ལ་འདབ་མ་དང་པོ་ལ་འཇིགས་མ་སྟེ། གཉིས་པ་ལ་སོགས་པ་ལ་དྲག་མོ་དང་དུས་ཀྱི་མཆེ་བ་དང ་མེ་འབར་གདོང་མ་དང་རླུང་གི་ཤུགས་མ་དང་རབ་ཏུ་གཏུམ་མ་དང་། དྲག་སྤྱན་མ་དང་སྣ་ཆེན་མ་སྟེ། ཙར་ཙི་ཀཱའི་ནོར་འདབ་པདྨ་ལ་རང་གི་ཕྱོགས་རྣམས་སུའོ།། ཁྱབ་འཇུག་མའི་འདབ་མ་དང་པོ་ལ་སོགས་པ་ལ་གཡང་མོ་དང་། སྒྱུ་མ་དང ་གྲགས་མ་དང་། དཔལ་མོ་དང་། རྣམ་པར་རྒྱལ་མ་དང་། དཔལ་ལྡན་རྒྱལ་མ་དང་། དཔལ་ལྡན་རྒྱལ་བྱང་མ་དང་། བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ་སྟེ། ནོར་འདབ་པདྨ་ལ་ནི་ཁྱབ་འཇུག་མའི་ཕྱོགས་ཀྱི་ཆར་ཞེས་པ་མེར་རོ།། དེ ་ནས་ཕག་མོའི་འདབ་མ་དང་པོ་ལ་སོགས་པ་ལ་ཀེང་རུས་མ་དང་། དུས་མཚན་མ་དང་། རབ་ཏུ་ཁྲོས་པའི་གདོང་མ་དང་དུས་ཀྱི་ལྕེ་དང་། གཙིགས་མ་དང་། ནག་མོ་དང་། འཇིགས་རུང་མ་དང་། གཟུགས་ངན་མ་རྣམས་ནོར་འདབ་པདྨ་ལ ་སྡེ་ཕག་མོའི་འདབ་མའི་ལྷ་མོའོ་ཞེས་པ་ལྷོར་རོ།། དེ་བཞིན་དུ་གཞོན་ནུ་མའི་འདུན་གྱིས་འདབ་མ་ལ་སོགས་པ་ལ། པདྨ་དང་། ལུས་མེད་མ་དང་། གཞོན་ནུ་མ་དང་། རི་དགས་བདག་པོས་འགྲོ་མ་དང་། རིན་ཆེན་ཕྲེང་བ་མ་དང་། མིག ་བཟངས་མ་དང་། རུལ་མ་དང་། བཟང་མོ་སྟེ། གང་ན་གཙོ་མོ་མཆོག་གི་རྨ་བྱས་འགྲོ་མའི་ཆུ་སྐྱེས་འདབ་མ་ལའོ།། རྒྱལ་པོ་ཀྱེ་ཞེས་པ་བདེན་བྲལ་དུའོ།། དེ་བཞིན་དུ་དབང་མོའི་འདུན་གྱི་འདབ་མ་ལ་སོགས་པ་ལ། རྡོ་རྗེ་འོད་དང་། རྡོ་རྗེ་ལུས ་དང་ད་གསེར་ལྡན་མ་དང་། ཨུར་བ་སཱི་དང་། བཀྲ་བའི་རི་མོ་དང་རམ་བྷ་དང་ཟུག་རྔུ་མེད་དང་། ཤིན་ཏུ་སྒྲོལ་མ་སྟེ། པདྨ་ནོར་འདབ་རྡོ་རྗེ་ལག་མ་ལྷག་མའི་ལྷ་ཅན་ལའོ།། ཞེས་པ་ནུབ་ཏུའོ།། དེ་ནས་ཚངས་མའི་འདུན་གྱི་འདབ་མ་ལ ་སོགས་པ་ལ་སྭ་བི་ཏྲི་དང་། པདྨའི་མིག་དང་། ཆུ་སྐྱེས་ཅན་མ་དང་། བློ་མ་དང་ངག་གི་དབང་ཕྱུག་མ་དང་། གཱ་ཡ་ཏྲི་དང་། གློག་མ་དང་། དྲན་མ་དག་ཀྱང་པདྨ་རིག་བྱེད་གདོང་ནི་ལྷག་པའི་ལྷ་ཅན་ལའོ།། ཞེས་པ་རླུང་དུའོ།། དེ་ནས ་དྲག་མོའི་འདུན་གྱི་འདབ་མ་ལོ་སོགས་པ་ལ་གཽ་རཱི་དང་གང་གཱ་དང་། རྟག་མ་དང་། མྱུར་མ་དང་། ཏོ་ཏ་ལཱ་དང་། མཚོན་བྱེད་མ་དང་། དམར་སེར་མ་དང་། ནག་མོ་སྟེ། དེ་བཞིན་གང་ན་དྲག་མོ་གཙོ་མོའི་པདྨ་ནོར་གྱི་འདབ་མ་ལའོ། ་ཞེས་པ་བྱང་དུའོ།། དེ་ནས་དཔལ་མོའི་འདུན་གྱི་པདྨ་ལ་སོགས་པ་ལ་དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་དང་། རི་བོང་འཛིན་པའི་གདོང་མ་དང་། ངང་པའི་མདོག་མ་དང་། འཛིན་མ་དང་། པདྨའི་དབང་མོ་དང་། སྐར་མིག་མ་དང ་དྲི་མེད་རི་བོང་མཛིན་མ་སྟེ། དབང་ལྡན་པདྨ་དག་ལ་མཚན་མར་བཅས་པའོ།། དེ་ལྟར་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་པོ་རྣམས་ནི་ཙར་ཙི་ཀཱ་ལ་སོགས་པ་རྣམས་ཀྱི་པདྨའི་འདབ་མ་རྣམས་སོ།། ཚོར་བའི་ཡཱ་ལག་གསུང་གི་དཀྱིལ་འཁོར ་གྱི་གཙོ་མོ་དང་། སྲེད་པའི་ཡན་ལག་ལ་སྐུ་རྡོ་རྗེ་ཐམས་ཅད་རྫོགས་པ་སྟེ། སྐུ་རྫོགས་པ་ལ་དཔྲལ་བ་ནས་གསང་བའི་པདྨའི་མཐར་གྲུ་བཞིར་རིག་པར་བྱའོ།། དེ་ལ་ལག་པ་དང་རྐང་པའི་ལས་ཀྱི་འཁོར་ལོ་དང ་བྱ་བའི་འཁོར་ལོའི་ཚིགས་བཅུ་གཉིས་ལ་འདབ་མ་ཉི་ཤུ་རྩ་བརྒྱད་པའི་པདྨ་བཅུ་གཉིས་པོ་གང་ཡིན་པ་དེ་དག་ནི་ཟླ་བ་བརྒྱད་པ་ལ་རྩ་དང་ལྷའི་གཟུགས་ཀྱིས་སྤྲོ་བར་བྱ་སྟེ། དེའི་ཕྱི་རོལ་ཉི་མའི་པདྨ་ལ་ཞེས་པ་ནི། དེའི་ཕྱི་རོལ་དུ ་སྐུའི་དཀྱིལ་འཁོར་གྱི་པདྨ་བཅུ་གཉིས་པོ་རྣམས་ལ་ཤར་གྱི་སྒོའི་གཡས་ཀྱི་ཆ་ལ་སོགས་པར་ར་བའི་རྩིག་པ་ལ་ན་མཁའི་སྙིང་པོ་ལ་སོགས་པ་བཞིན་དུ་བདེན་བྲལ་ལོ་སོགས་པ་རྣམས་གྲངས་བཞིན་གསུངས་ཏེ། ལྷ་མིན་ཞེས་པ་ནི། ་བདེན་བྲལ་ཏེ། ཤར་གྱི་སྒོའི་གཡས་སུའོ།། གཡོ་དང་ཞེས་པ་ནི་རླུང་སྟེ་མེར་རོ།། གཤིན་རྗེ་ཞེས་པ་ནི་ལྷོའི་སྒོའི་གཡོན་དུའོ།། གཡས་སུ་མེའོ།། བདེན་བྲལ་དུ་གདོང་དྲུག་གོ། ནུབ་ཀྱི་སྒོའི་གཡོན་དུ་གནོད་སྦྱིན་ནོ།། གཡས་སུ ་བརྒྱ་བྱིན་ནོ།། རླུང་དུ་ཚངས་པའོ།། བྱང་གི་སྒོའི་གཡོན་དུ་དྲག་པོའོ།། གཡས་སུ་རྒྱ་མཚོའོ།། དབང་ལྡན་དུ་ཚོགས་ཀྱི་བདག་པོའོ།། ཤར་གྱི་སྒོའི་གཡོན་དུ་ཁྱབ་འཇུག་སྟེ་ཐམས་ཅད་ཕྱག་བཞི་པའོ།། བཅུ་གཉིས་པོ་འདི་རྣམས ་ཀྱི་གཡས་ཀྱི་ཕྱག་གཉིས་ལ་རིམ་པ་བཞིན་མཚན་མ་རྣམས་སུ་འགྱུར་ཏེ། བདེན་བྲལ་གྱི་དང་པོ་ན་རལ་གྲིའོ།། གཉིས་པ་ན་གྲི་གུག་གོ། རླུང་གི་དང་པོ་ན་ལྗོན་ཤིང་དབང་པོ་སྟེ། དཔག་བསམ་གྱི་ཤིང་ངོ་།། གཉིས་པ་ན་ཡོངས ་འདུའི་མེ་ཏོག་གོ།། གཤིན་རྗེའི་དང་པོ་ན་དབྱུག་པའོ།། གཉིས་པ་ན་རལ་གྲིའོ།། མེའི་དང་པོ་ན་ཤག་ཏིའོ།། གཉིས་པ་ན་དབྱུག་པའོ།། གདོང་དྲུག་གི་དང་པོ་ན་ཤག་ཏིའོ།། གཉིས་པ་ན་མདུང་ངོ་།། ནོར་སྦྱིན་གྱི་དང་པོ་ན་ནོར་བུ ་རིན་པོ་ཆེའོ།། གཉིས་པ་ན་བེ་ཅོན་ནོ།། དབང་པོའི་དང་པོ་ན་རྡོ་རྗེའོ།། གཉིས་པ་ན་མེའི་མངའོ།། ཚངས་པའི་དང་པོ་ན་ཁབ་བོ།། གཉིས་པ་ན་བགྲང་ཕྲེང་ངོ་།། དྲག་པོའི་དང་པོ་ན་རྩེ་གསུམ་མོ།། གཉིས་པ་ན་མདོའོ།། ཆུ་ལྷའི་དང ་པོ་ན་ཞགས་པའོ།། གཉིས་པ་ན་རིན་པོ་ཆེའོ།། ལོག་འདྲེན་གྱི་དང་པོ་ན་དགྲ་སྟའོ།། གཉིས་པ་ན་རྡོ་རྗེའོ།། ཁྱབ་འཇུག་གི་དང་པོ་ན་འཁོར་ལོའོ།། གཉིས་པ་ན་དབྱུག་ཐོའོ།། དེ་ནས་གཡོན་དུ་བདེན་བྲལ་གྱི་ཕྱག་དང་པོ་ནི་ཕུབ་པོ།། ་གཉིས་པ་ན་ཐོད་པའོ།། རླུང་གི་དང་པོ་ན་ཨིན་དྲ་ནཱི་ལའོ།། གཉིས་པཱ་ན་ཨུཏ་པ་ལ་སྔོན་པོའོ།། གཤིན་རྗེའི་དང་པོ་ན་ལྕགས་སྒྲོག་གོ།། གཉིས་པ་ན་ཞགས་པའོ།། མེའི་དང་པོ་ན་པདྨའོ།། གཉིས་པ་ནཱ་རིལ་པ་སྤྱི་ལུགས་སོ།། གདོད ་དྲུག་གི་དང་པོ་ན་རིན་པོ་ཆེའོ།། གཉིས་པ་ན་མི་ལོང་ངོ་།། གནོད་སྦྱིན་གྱི་དང་པོ་ན་ནེའུ་ལེའོ།། གཉིས་པ་ན་པདྨའོ།། དབང་པོའི་དང་པོ་ན་དྲིལ་བུའོ།། གཉིས་པ་ན་གཞུའོ།། ཚངས་པའི་དང་པོ་ན་པདྨའོ།། གཉིས་པ་ན་སྤྱི ་ལུགས་སོ།། དྲག་པོའི་དང་པོ་ན་སྦྲུལ་དང་བཅས་པའི་ཁ་ཊྭཱཾ་གའོ།། གཉིས་པ་ན་གཞུའོ།། རྒྱ་མཚོའི་དང་པོ་ན་ཀླུའི་ཞགས་པའོ།། གཉིས་པ་ན་ཟླ་བ་ཆུ་ཤེལ་གྱི་ནོར་བུ་རིན་པོ་ཆེའོ།། ལོག་འདྲེན་གྱི་དང་པོ་ན་ཞགས་པའོ།། གཉྩི ་པ་ན་རིན་པོ་ཆེའོ།། ནོར་ལྷའི་དང་པོ་ན་པདྨའོ།། གཉིས་པ་ན་སྐྱེ་བ་ལྔ་པའི་དུང་སྟེ། ཐམས་ཅད་ཀྱི་ཕྱག་གཡོན་པ་གཉིས་ལ་རིམ་པ་བཞིན་དུ་མཚན་མ་རྣམས་སོ།། བདེན་བྲལ་ལ་སོགས་པ་པདྨར ་ལྟེ་བ་ལ་གནས་པ་དེ་དག་རྣམས་ཀྱི་པདྨའི་འདབ་མ་ནི་ཉི་ཤུ་རྩ་བརྒྱད་དེ་གཡས་སྐོར་གྱིས་འདབ་མའི་ཟླུམ་སྐོར་གསུམ་ལ། ཟླུམ་སྐོར་དང་པོ་ལ་འདབ་མ་བཞིའོ།། གཉིས་པ་ལ་བརྒྱད་དོ།། གསུམ་པ་ལ་བཅུ་དྲུག་གོ། དེ་ལྟར ་འདབ་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ལ། ནག་པོ་ལ་སོགས་པའི་ཟླ་བའི་ཚེས་རྣམས་ཏེ། དཀར་པོ་དང་ནག་པོའི་ཕྱོགས་རྣམས་ཀྱི་ཉ་དང་། གནམ་སྟོང་ནི་གཙོ་བོ་ཉིད་ཀྱིས་སྟེ་བ་ལ་གནས་སོ།། དེ་ལྟར་ནག་པའི་ཟླ་བའི ་ཆོས་རྣམས་བདེན་བྲལ་གྱི་པདྨའི་འདབ་མ་ལའོ།། ས་གའི་ཟླ་བའི་ཆོས་རྣམས་རླུང་གི་ལའོ།། སྣརོན་གྱི་ཟླ་བའི་ཚེས་རྣམས་མེའི་ལའོ།། ཆུ་སྣོད་ཀྱི་ཟླ་བའི་ཚེས་རྣམས་གདོང་དྲུག་གི་ལའོ།། གྲོ་བཞིན་གྱི་ཟླ་བའི་ཆོས་རྣམས་རྒྱ ་མཚོའི་ལའོ།། ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་རྣམས་ལོག་འདྲེན་གྱི་ལའོ།། ཐ་སྐར་གྱི་ཟླ་བའི་ཚེས་རྣམས་དབང་པོའི་ལའོ།། སྨིན་དྲུག་གི་ཟླ་བའི་ཚེས་རྣམས་པའི་ལའོ།། མགོའི་ཟླ་བའི་ཚེས་རྣམས་དྲག་པོའི་ལའོ།། རྒྱལ ་གྱི་ཟླ་བའི་ཚེས་རྣམས་གནོད་སྦྱིན་གྱི་ལའོ།། མཆུའི་ཟླ་བའི་ཚེས་རྣམས་ཁྱབ་འཇུག་གི་ལའོ།། དཔའ་བོའི་ཟླ་བའི་ཚེས་རྣམས་གཤིན་རྗེ་ལའོ།། ལྷ་མོ་རྣམས་ཀྱི་ཁ་དོག་དང་མཚོན་ཆ་དང་དབྱིབས་ནི་དེ་བཞིན་ནོ།། དེ་ལྟར་པདྨའི ་འདབ་མ་དག་ལ་ནག་པ་ལ་སོགས་ཀྱི་ནོར་ལག་ཚེས་རྣམས་ལྟེ་བ་ལ་ནི་རྫོགས་པ་གཉིས་མཆོག་གི་ཟླ་བའི་ཆ་རྣམས་ཐམས་ཅད་སྟོང་དུས་འཇིག་རྟེན་ཞེས་པ་སུམ་བརྒྱ་དྲུག་ཅུ་སྟེ། དེ་རྣམས་ལོའི་སྦྱོར་བས་རིག་པར་བྱའོ།། འཆང ་པཪྵ་འགྱུར་བའི་ས་བོན་དང་པོར་གྱུར་པ་རྡོ་རྗེ་ཡིས་མཐའ་ཅན་ནི་འདི་རྣམས་ཀྱི་མིང་དུ་འགྱུར་རོ།། ཞེས་པ་ངེས་པའོ།། ང་ནི་ལག་པ་དང་རྐང་པའི་མཐིལ་དང་། གཙུག་ཏིར་དང་བཤད་ལམ་གྱི་རྩ་སྤྲོ་བའི་དག་པས་སྒོཪྵ་ནི་ལྷ་མོ ་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་ཞལ་གཅིག་ཕྱག་བཞི་མ་རྣམས་ཏེ། འདི་རྣམས་ནི་གཞན་གྱི་གནས་སུ་འགྲོ་བའི་ཕྱིར་གཙོ་མོ་མ་ཡིན་པ་ཉིད་དོ།། དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་ནི་རབ་གི་གནས་ཀྱི ་ཕྱིར་གཙོ་བོ་ཉིད་དོ།། དེའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་ལ་སོགས་པ་འདི་རྣམས་མངོན་དུ་ཕྱོགས་པའི་གནས་སུ་འགྲོ་བ་ནི་ཤར་ལ་སོགས་པའི་རིགས་སོ།། རིགས་ཀྱི་དབང་དེས་ན་ལྕགས་སྒྲོག་མའི་གཡས་ཀྱི་ཕྱག་དང་པོ་ན ་རོལ་གྲི་དང་གཉིས་པ་ན་རྡོ་རྗེ་སྟེ། དོན་ཡོད་གྲུབ་པའི་རིགས་ཀྱི་དབང་གིས་སོ།། དེ་བཞིན་དུ་རིན་པོ་ཆེའི་རིགས་ཀྱི་དབང་གིས་ཁྲོ་གཉེར་ཅན་གྱི་ཕྱག་དང་པོ་ན་མངའ་དང་། གཉིས་པ་ན་ལྕགས་ཀྱུ་དང་བཅས་པའོ།། རྣམ ་པར་སྣང་མཛད་ཀྱི་རིགས་ཀྱི་དབང་གིས་འོད་ཟེར་ཅན་གྱི་གཡས་ཀྱི་ཕྱག་ན་འཁོར་ལོ་དང་། གཉིས་པ་ན་དབྱུག་པའོ།། རང་བཞིན་ཡོན་ཏན་དབང་གིས་ཤེས་པ་པདྨའི་རིགས་ཀྱི་དབང་གིས་ཙུན་དཱི་ཕྱག་དང་པོ་ན་ཐོ་བ་དང ་གཉིས་པ་ན་མདུང་ངོ་།། ཡེ་ཤེས་ཀྱི་རིགས་ཀྱི་དབང་གིས་ཤིན་ཏུ་སྔོན་མོའི་དང་པོ་ན་གྲི་གུག་དང་། གཉིས་པ་ན་རྡོ་རྗེའོ།། ན་མཁའི་རིགས་ཀྱི་དབང་གིས་དྲུག་ཅན་མའི་དང་པོ་ན་དགྲ་སྠ་དང་། གཉིས་པ་ན ་རྩེ་གསུམ་མོ།། དེ་བཞིན་དུ་ལྕགས་སྒྲོག་མའི་གཡོན་གྱི་ཕྱག་ན་ཕུབ་དང་སྦྲུལ་ལོ།། ཁྲོ་གཉེར་ཅན་གྱི་དང་པོ་ན་གཞུ་དང་། གཉིས་པ་ན་ཞགས་པའོ།། འོད་ཟེར་ཅན་གྱི་དུང་དང་རིན་ཆེན་ནོ།། ཙུན་དཱི་པདྨ་དང་མ་ལོང་ངོ་།། ཤིན་ཏུ ་སྔོན་མོའི་ཐོད་པ་དང་དྲིལ་བུའོ།། དྲག་ཅན་མའི་ཀླུའི་ཞགསཽ་པ་དང་ཁ་ཊྭཱཾ་གའོ།། དེ་བཞིན་དུ་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོར་གནས་པ་དབྱུག་པ་སྔོན་པོ་དང་། འདོད་པའི་རྒྱལ་པོ་དང་། སྟོབས་པོ་ཆེ་དང་། མི་གཡོ་བའི་འོ ་ཞེས་པ་ནི་ངེས་པའོ།། དེ་ནས་ཟླ་བ་དགུ་པ་ལེན་པ་ལ་བྱ་བའི་འཁོར་ལོ་ལ་སོར་མོ་ཉི་ཤུའི་རྩ་རྣམ་པར་དག་པས་ཀླུ་བཅུ་དང་རབ་གཏུམ་མ་བཅུ་སྤྲོ་བར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ ་ཀླུ་བརྒྱད་དང་འོག་དང་སྟེང་དུ་རྒྱལ་བ་དང་། རྣམ་པར་རྒྱལ་བ་དག་གོ། ཐམས་ཅད་ཕྱག་བཞི་པ་སྟེ། གཡས་ཀྱི་ངང་བི་ནི་བདུད་རྩིའི་བུམ་པའོ།། གཉིས་པ་ན་རྡོ་རྗེའོ།། གཡོན་གྱི་དང་པོ་ན་པདྨའོ།། གཉིས་པ་ན་རིན་པོ་ཆེའོ།། དེའི ་ཕྱིར་བུམ་པ་རྡོ་རྗེའི་ཕྱག་དང་པདྨ་ནོར་བུ་དག་གི་ཕྱག། རླུང་ལ་སོགས་པའི་དཀྱིལ་འཁོར་ལ་ནི་ཞེས་པ་སྟེ། ཤར་གྱི་རླུང་གི་དཀྱིལ་འཁོར་གཉིས་ལ་པདྨ་དང་། ཀར་ཀོ་ཊ་དག་གོ། ལྷོར་མེའི་དཀྱིལ་འཁོར་ལ་ནོར་རྒྱས་ཀྱི་བུ ་དང་དྲུང་སྐྱོང་ངོ་།། ནུབ་ཏུ་སྭཱ་ཡཾ་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོའོ།། བྱང་དུ་ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་ནོ།། ན་མཁའ་ལ་རྒྱལ་བའོ།། ཡེ་ཤེས་ལ་རྣམ་པར་རྒྱལ་བའོ་ཞེས་པ་སྟེ། རྐང་པའི་སོར་མ ་བཅུའོ།། དེ་ནས་ལག་པའི་སོར་མོ་རྣམ་པར་དག་པས་ཤར་དུ་ཁྲི་གདོང་མ་དང་། ལྷོ་ཕག་གདོང་མ་དང་། ནུབ་ཏུ་ལྕེ་སྤྱང་གདོང་མ་དང་། བྱང་དུ་སྟག་གདོང་མ་སྟེ། རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཆེན་པོ་ལ་ཞལ ་གཅིག་ཕྱག་གཉིས་མ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་ནོ།། དེ་བཞིན་དུ་མེར་བྱ་རོག་གདོང་མ་དང་། བདེན་བྲལ་དུ་བྱ་རྒོད་གདོང་མ་དང་། རླུང་དུ་མཁའ་ལྡིང་གདོང་མ་དང་། དབང་ལྡན་དུ་བུག་གདོང་མ་དང་། ས་འོག་ཏུ་རྡོ་རྗེ་མིག་དང ་ན་མཁར་སྔོན་མོ་སྟེ། འདི་རྣམས་ཐམས་ཅད་ཕྱག་ན་གྲི་གུག་དང་ཐོད་པ་ཅན། གཅེར་བུ་ཕྱག་རྒྱ་ལྔ་ཡིས་བརྒྱན་པ་མགོ་བོའི་ཕྲེང་བ་འཕྱང་བའོ།། དེ་བཞིན་དུ་བ་སྤུ་དང་སྐུ་རྣམ་པར་དག་པས་ཕྱེད་དང་བཅས་པ། བྱེ་བ་ཕྲག ་གསུམ་གྱི་འབྱུང་པོའི་སྐྱེ་གནས་གཡོ་བའི་མཐར་ཞེས་པ་རླུང་གི་དཀྱིལ་འཁོར་གྱི་མཐར་ཏེ། པགས་པའི་མཐར་སྤུ་རྣམསོ་ཞེས་པ་སྔོགས་པས་ཕྱི་རོལ་ཏུ་སྤྲོ་བར་བྱ་སྟེ། དེ་ལྟར་ཟླ་བ་དགུའི་མཐར་ལུས་དང་ལྷོ་ཡི ་ཚོགས་རྫོགས་པའོ།། ང་ནི་ཡི་དགས་དམར་དང་ཞེས་པ་ལ་སོགས་པས་ཙཱ་མུན་པ་ལ་སོགས་པ་རྣམས་ཀྱི་པདྨའི་གདན་རྣམས་གསུངས་ཏེ། འདིར་ཤོར་དུ་ཙཱ་མུརྐ་བི་སྟེ། ཡི་དགས་དམར་པོ་ཆེན་པོའི་གདན་ནོ།། ལྟ་བ་དང ་འདབ་མ་བརྒྱད་ལ་ཙྪ་མུནུ་བ་ལ་སོགས་པའི་ལྷ་མོ་རྣམསོ།། དེ་བཞིན་དུ་ཁྱབ་འཇུག་མའི་མཁའ་ལྡིང་དང་། ཕག་མོའི་མ་ཧེ་དང་གཞོན་ནུ་མའི་རྨ་བྱ་དང་། དབང་མོའི་གླང་པོ་དང་། ཚངས་པའི་ངང་པ་དང་། དྲག ་མོའི་ཁྱུ་མཆོག་དང་། དཔལ་ཆེན་མོའི་སེང་གེ་ནི་རིམ་པས་པདྨའི་གདན་ཏེ། ཕྱོགས་དང་ཕྱོགས་བྲལ་རྣམས་སུའོ།། ལྷ་མིན་ལ་སོགས་རྣམས་ཀྱི་དེ་བཞིན་ཞེས་གསུངས་པའི་ཕྱིར་བདེན་བྲལ་གྱི་པདྨའི་གདན་ནི་ཡི་དགས་དམར ་པོའོ།། ཁྱབ་འཇུག་གི་མཁའ་ལྡིང་ངོ་།། གཤིན་རྗེའི་མ་ཧེའོ།། གཞན་ནུའི་རྨ་བྱའོ།། དབང་མའི་གླང་པོའོ།། ཚངས་པའི་ངང་པའོ།། དྲག་པོའི་ཁྱུ་མཆོག་གོ།། ཞེས་པ་ནི་བདེན་བྲལ་ལ་སོགས་པ་རྣམས་ཀྱི་ངེས་པའོ།། དེ་བཞིན ་དུ་ནོར་བདག་རྩེ་མོ་ཅན་དང་། ཆུ་གཏེར་རླུང་དང་ཚེགས་ཀྱི་ནི་ཞེས་པ་ལྔ་པོ་རྣམས་ཀྱི་གྲངས་བཞིན་དུ་སྟེ། ནོར་བདག་གི་གླང་པོ་ཆེའོ།། མེའི་ལུགོ། རྒྱ་མཚོའི་ཆུ་སྲིན་ནོ།། རླུང་གི་རི་དགས་སོ།། ཚོགས་ཀྱི་བདག་པོའི་བྱི་བའོ།། དེ ་བཞིན་དུ་བྱ་རོག་གདོང་མའི་འཁོར་ལོའི་འོག་ཏུ་བྷེ་རུ་རྐ་བའོ།། བྱ་རྒོད་གདོང་མའི་ཁྲུང་ཁྲུང་ངོ་།། མཁའ་ལྡིང་གདོང་མའི་མིག་སྔོན་ནོ།། འུག་གདོང་མའི་ཕ་ཝང་སྟི་ཟུར་དུའོ།། དེ་བཞིན་དུ་ཕྱོགས་རྣམས་སུ་ཁྱི་གདོང་མའི་འཁོར་ལོའི ་འོག་ཏུ་བསེའོ།། ཕག་གདོང་མའི་དོམ་མོ།། ལྕེ་སྤྱང་གདོང་མའི་སང་གེའོ།། སྟག་གདོང་མའི་གཡག་གོ། ཞེས་པ་ཁྱི་གདོང་མ་ལ་སོགས་པ་ཡི་སྟེ། ཕྱོགས་རྣམས་སུའོ།། རྡོ་རྗེ་མིག་གི་རྐང་པ་བརྒྱད་པས་འོག་ཤིང་རྟ་ལ ་གནས་པའོ།། མཁའ་ལ་སྔོན་མོའི་ཤིང་རྟའི་མཁར་འགྲོང་ཁྲོ་བོ་དང་བཅས་ཁ་དོག་ལྔ་པ་ལུས་རྒྱས་མིག་གསུམ་ལྡན་པ་ཨ་ནི་ལ་ཞེས་པའོ།། དེ་བཞིན་དུ་ཤར་གྱི་སྒོར་འོད་ཟེར་ཅན་གྱི་ཤིང་རྟ་ལ་ཕག་བདུན་ནོ།། ལྷོར་ཙུན་ངའི་ཤིང་རྟ་ལ ་རྟ་བདུན་ནོ།། ནུབ་ཏུ་ལྕགས་སྒྲོག་མའི་དཤིང་རྟ་ལ་གླང་པོ་བདུན་ནོ།། བྱང་དུ་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་སེང་གེ་བདུན་ནོ།། དེ་བཞིན་དུ་དེ་ནས་སྙིང་ཁའི་རྩ་བཅུའི་རང་བཞིན་གྱིས་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་གཡས་དང་གཡོན་གྱི ་ཁ་ཁྱེར་ལ་མཆོད་པའི་ལྷ་མོ་སྤྱི་བར་པ་སྟེ། ཤར་དུ་དྲི་མ་དང་ཕྲེང་བའོ།། ལྷོར་བདུག་སྤོས་དང་མར་མེ་མའོ།། ནུབ་ཏུ་སྐྲག་མོ་དང་བཞེད་མའོ།། བང་དུ་རོལ་མོ་མ་དང་གར་མཁན་མའོ།། ན་མཁར་ག་མ་དང་འདོད་མའོ།། འོག་ཏུ ་བཤང་བ་དང་གཅི་བའི་རྩའི་རང་བཞིན་གྱིས་ལྷ་བཤེས་མཱ་དང་བདུད་རྩིའི་འབྲས་བུའོ།། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཁའ་དང་འོག་ན་གནས་པོའི་ལྷ་མོ་གང་སུ་ཡང་རུང་བ་དེ་དག་ནི་ཤར་དང་ནུབ་ཀྱི་རྟ་བབས་ཀྱི་འོག་ཏུ་བལྟ་བར ་བྱའོ།། བསྒོམ་པ་ལ་ནི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཇི་ལྟར་གསུངས་པའི་གནས་ཉིད་དུའོ།། ཀུན་ཏུ་བཟང་པོ་ལ་སོགས་པ་བཞི་ནི་སྒོའི་གཡས་མ་ཡིན་པར་རོ་ཞེས་པ་ངེས་པའོ།། དེ་ལྟར་མཆོད་པའི་ལྷ་མོ་རྣམས་ཇི་ལྟ་བ་དེ ་བཞིན་དུ་མཐའ་ཡས་པོའི་གཟུངས་མ་རྣམས་ནི་སྣམ་བུ་ལ་སྟེ་ཁ་ཁྱེར་ལའོ།། དེ་བཞིན་དུ་གདེངས་ཅན་རིགས་དང་བཅས་པའི་ཕྱིར་འདོང་མ་རྣམས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཁ་ཁྱེར་ལའོ།། དེའི་ཕྱིར་གསུང་གི་དཀྱིལ་འཁོར ་གྱི་ཁ་ཁྱེར་ལ་འདོད་མ་རྣམསོ།། དེ་ལ་ཤར་དུ་སྒྲོལ་མ་ལས་སྐྱེས་པ་དབྱེ་བར་འདོད་མའོ།། ལྷོར་གོས་དཀར་མོ་ལས་སྐྱེས་པ་བསྐྱོད་པར་འདོད་མའོ།། བྱང་དུ་མཱ་མ་ཀཱི་ལས་སྐྱེས་པ་རྒྱས་པར་འདོད་མའོ།། ནུབ་ཏུ ་སྤྱན་མ་ལ་སྐྱེས་པ་རེངས་པར་འདོད་མའོ།། དེ་ལྟར་ལྷ་མོ་སྒྲོལ་མ་ལ་སོགས་དག་པ་ཡིས་སོ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་སྐྱེས་པ་ནི་སྲིད་པ་གསུམ་སྐྱེད་མ་གསོད་པར་འདོད་མའོ།། སྣ་ཚོགས་ཡུམ་ལས་སྐྱེས་པ་ནི ་སྐྱོསྤྱོད་པ་འདོད་མའོ།། དེ་བཞིན་དུ་སྒྲ་ལས་སྐྱེས་པ་རོལ་མོ་འདོང་མ་དང་། གཟུགས་ལས་སྐྱེས་པ་རྒྱན་འདོད་མ་དང་། རོ་ལས་སྐྱེས་པ་ཟས་འདོད་མ་དང་། དྲྀ་ལས་སྐྱེས་པ་དྲི་འདོད་མ་དང་། རེག་བྱ་ལས་སྐྱེས་པ་གོས་འདོད་མ ་དང་།། ཆོས་ཀྱི་དབྱིངས་ལས་སྐྱེས་པ་འཁྲིག་པ་འདོད་མ་སྟེ། ཤར་ལ་སོགས་པའི་ཁོ་ཁྱེར་རྣམས་ལ་རིགས་ཀྱི་དབྱེ་བས་སོ།། ཙཱ་མུཎྜཱ་ཌ་ལས་སྐྱེས་པ་ལུས་ལ་འཕྲུག་པར་འདོད་མ་དང་། ཁྱབ་འཇུག་མ་ལས་སྐྱེས་པ་ཁ ་ན་གནས་པའི་མཚོལ་མ་འདོར་བར་འདོད་མ་དང་། ཕག་མོ་ལས་སྐྱེས་པ་ལུས་ཀྱི་དྲི་མ་འདོད་མ་དང་། གཞོན་ནུ་མ་ལྀས་སྐྱེས་པ་གར་འདོད་མ་དང་། དྲག་མོ་ལས་སྐྱེས་པ་སྟན་འདོད་མ་དང་། ཚངས་མ་ལས་སྐྱེས་པ་ཆུ་ལས ་རྒྱལ་བར་འདོད་མ་དང་། དབང་མོ་ལས་སྐྱེས་པ་མལ་སྟན་ལ་བསྙེས་པར་འདོད་མ་དང་། དཔལ་མོ་ལས་སྐྱེས་པ་རྒྱལ་སྲིད་འདོད་མ་སྟེ། ཙཱ་མུཎ་བ་ལ་སོགས་པ་བརྒྱད་ཀྱི་བྱ་བ་རྣམས་སོ།། དེ་བཞིན་ས་ལ་ཁྲོ་སྐྱེས་རྣམས་ཀྱིས ་འདོད་མ་དང་། འདིར་ཤིན་ཏུ་སྔོན་མོ་ལས་སྐྱེས་པ་ཀུན་ཏུ་གདུང་བ་འདོད་མ་དང་། རེངས་བྱེད་མ་ལས་སྐྱེས་པ་འཆིང་འདོད་མ་དང་། ང་རྒྱལ་མ་ལས་སྐྱེས་པ་འཇམ་པར་སྨྲ་བར་འདོད་མ་དང་། རྨུགས་བྱེད་མ་ལས་སྐྱེས་པ་སྐེམས ་པར་འདོད་མ་དང་། ཤིན་ཏུ་སྟོབས་མ་ལོས་སྐྱེས་པ་སྐྲོད་འདོད་མ་དང་། དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལས་སྐྱེས་པ་རེག་བྱ་འདོད་མ་དང་། ཁྲོ་གཉེར་ཅན་ལས་སྐྱེས་པ་དགུག་པ་འདོད་མ་དང་། ཙུན་དཱ་ལས་སྐྱེས་པ་འཆི ་བ་འདོད་མ་དང་། འོད་ཟེར་ཅན་ལ་སྐྱེས་པ་ཕུར་བུས་གདབ་པ་འདོད་མ་དང་། དྲག་ཅན་མ་ལས་སྐྱེས་པ་རྒྱུག་པ་འདོད་མའོ།། དེ་བཞིན་དུ་ལྷ་མིན་རིགས་ལས་སྐྱེས་པ་རྣམས་ཀྱི་འདོད་མ་རྣམས་ནི། ཁྱི་གདོང་མ་ལས་སྐྱེས་པ ་ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་དང་། ཕག་གདོང་མ་ལས་སྐྱེས་པ་བཤང་གཅི་ཟག་པར་འདོ་དམ་དང་། ལྕེ་སྤྱང་གདོང་མ་ལས་སྐྱེས་པ་སེམས་ཅན་རྣམས་ལ་སླུ་བར་འདོད་མ་དང་། སྟག་གདོང་མ་སྐྱེས་པ་རྩོད ་པ་མང་པོ་འདོད་མ་དང་། བྱ་རོག་གདོང་མ་ལས་སྐྱེས་པ་ལྷག་མ་ཟ་བར་འདོད་མ་དང་། བྱ་རྒོད་གདོང་མ་ལས་སྐྱེས་པ་གཡུལ་འདོད་མ་དང་། མཁའ་ལྡིང་གདོང་མ་ལས་སྐྱེས་པ་སྦྲུལ་འཆིང་བར་འདོད་མ་དང་། འུག་གདོང་མ ་ལས་སྐྱེས་པ་བྱིས་པ་ཁྲོ་བར་འདོད་མ་སྟེ། འདོད་མ་སུམ་ཅུ་རྩ་བདུན་རྣམས་ཀྱིས་གསུང་གི་དཀྱིལ་འཁོར་ལ་རང་གི་རིགས་ཀྱི་དབྱེ་བས་རང་རང་གི་ཕྱོགས་རྣམས་སུའོ།། དེ་བཞིན་དུ་སུམ་ཅུ་རྩ་བདུན་ཕྱིར་འདོད་མ་རྣམས ་ཤེས་པ་འདོད་མ་རྣམས་ལས་བཟློག་པ་ནི་ཕྱིར་འདོད་མ་ཞེས་བརྗོད་དེ། དེ་རྣམས་སྐུའི་དཀྱིལ་འཁོར་གྱི་ཁ་ཁྱེར་ལ་རང་གི་རིགས་ཀྱི་དབང་གིས་རང་རང་གི་ཕྱོགས་རྣམས་སུའོ།། ཞེས་པ་ནི་ཐམས་ཅད་དུ་ངེས ་པའོ།། དེ་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་སྣམ་བུ་ལ་གཞན་ཡང་ཉིན་ཞག་སོ་སོའི་དུས་སུ་འདོང་པ་ལས་གང་ཞིག་ཅུང་ཟད་སེམས་ཅན་གྱི་བྱ་བ་དེ་ཐམས་ཅད་འདིར་ཁམས་ཀྱི་དབང་གིས་རྣལ་འབྱོར་མའི་བྱ་བའོ་ཞེས ་པ་ནི་ངེས་པའོ།། ད་ནི་རྟག་པ་དང་མི་རྟག་པ་གསུངས་པ་ཞེས་པ་དེ་ལྟར་ཞེས་པ་ལ་སོགས་པ་སྟེ། ཞེས་པ་དེ་ལྟར་སྐྱེ་བའི་ཟླ་བ་བདུན་ལ་སོགས་པ་རྣམས་ཀྱི་ཕྱི་རོལ་ཏུ་རྡོ་རྗེ་ཅན་གྱིས་སྲིད་པ་གསུམ་པོ་མཐའ་དག་རྣམས ་ཀྱང་ཞེས་པ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་རྣམ་པར་གསུངས་ཏེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་དོན་དུའོ།། འདིར་ཕྱི་འཇིག་རྟེན་གྱི་ཁམས་དང་། ནང་ལུས་དང་། ་གཞན་བརྟགས་པའི་དཀྱིལ་འཁོར་ལ་སྤྲོ་བ་དང་། སྡུད་པ་ནི་སྤྲོ་དང་སྡུད་པ་དག་ལ་དངོས་པོའི་སྐྱེ་བ་ཡོང་དག་གནས་ཤེས་པ་ལ། འདིར་དངོས་པོ་ནི་རྡུལ་ཕྲ་རབ་ཀྱི་རྫས་ཏེ། ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་པོ ་རྣམས་དང་། ན་མཁའི་ཁམས་ནི་ཟླ་བ་དང་རྗེས་སུ་ང་རོ་འམ། ཁུ་བ་འོམ་དེ་བཞིན་དུ་རྡུལ་ལམ་ཐིག་ལེ་གཉིས་དང་ཉི་མ་ཡང་ན་མཁའི་ཁམས་དང་དེ་བཞིན་དུ་སྒྲ་གཅན་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལྟར ་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ནི་དངོས་པོའི་སྐྱེ་བའོ།། དངོས་པོའི་སྐྱེ་བ་དེའི་འབྱུང་བ་ནི་སྤྲོ་བའོ།། ཉམས་པ་ནི་སྡུད་པ་སྟེ། དེ་གཉིས་ལ་འབྱུང་བ་ལས་སྐྱེས་པ་རྣམས་ཡང་དག་པར་གནས་སོ།། ། ་དེ་ལྟར་སའི་སྐྱེ་བ་ནི་ཤིང་ལ་སོགས་པ་བརྟན་པ་རྣམས་སོ།། ཆུའི་སྐྱེ་བོ་ནི་དྲོད་གཤར་ལས་སྐྱེས་པ་རྣམས་སོ།། མེའི་སྐྱེ་བ་ནི་མངལ་སྐྱེས་རྣམས་སོ།། རླུང་གི་སྐྱེ་བ་ནི་སྒོང་སྐྱེས་རྣམས་སོ།། ཟླ་བའི་སྐྱེ་བ་ནི་ཀླུ་དང་ལྷ ་མ་ཡིན་རྣམས་སོ།། ཉི་མའི་སྐྱེ་བ་ནི་འབྱུང་པོ་དང་ལྷ་རྣམས་སོ།། སྒྲ་གཅན་གྱི་སྐྱེ་བ་ནི་གཟུགས་མང་རྣམས་སོ།། དུས་མེའི་སྐྱེ་བ་ནི་དམྱལ་པ་རྣམས་སོ།། དེ་ལྟར་སྐྱེ་བ་རྣམ་པ་རྒྱད་ནི་དངོས་པའི་རང་བཞིན་ཅན་ཏེ་དངོས ་པོའི་སྐྱེ་བའོ།། དེ་ལ་རྟག་པ་མཁའི་རྡོ་རྗེ་ཞེས་པ་ལ། འདིར་མཁའ་ཞེས་པ་ནི་དགུ་པ་ན་མཁའི་ཁམས་རྡུལ་ཕྲ་རབ་ཀྱི་རྗེས་དང་བྲལ་བ་མི་ཆོད་པ་སྟེ། གཅད་དུ་མེད་པ་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་དང་། རྫས་མེད་པའི་ཕྱིར ་ན་མཁའི་རྡོ་རྗེ་ན་མཁའི་ཁམས་ནི་རྟག་པ་སྟེ། ནམ་མཁའི་ཁམས་དེ་ཐམས་ཅད་ན་གནས་པ་ཉིད་ཀྱི་ཕྱིར་རྣམ་གསུམ་སྲིད་པ་ལ་གནས་ཀྱང་མི་རྟག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ།། སྔར་བརྗོད་པའི་འབྱུང་པོའི་ཚོགས་ནི་རྟོག ་པ་མིན་པར་འགྱུར་ཏེ། མིའི་བདག་པོ་མི་འཕྲུལ་ཇི་བཞིན་དུ་མཐོང་བ་ཉམས་པ་ཞེས་པའི་རིགསོ་པ་ལས་སོ།། དེ་ལྟར་རྣམ་པར་དཔྱད་ཀྱང་རྟག་པ་སྟོང་པ་ཆེན་པོ་མཐོང་ཞིང་། མི་རྟག་པ་རྡུལ་ཕྲ་རབ་ཕྲད་པ་དང་འབྲལ་བ ་ཡང་མཐོང་སྟེ་གཉི་ག་སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་སུ་མི་འགྱུར་རོ།། དེ་ལྟར་ན་ཡང་བླུན་པོའི་བློ་ཅན་བྱིས་པ་རྣམས་གཞུག་པ་དང་། སེམས་ནི་དག་པའི་དོན་སླད་དུ། ཀྱེ་མིའི་བདག་པོ་ཟླ་བ་བཟང་པོ་ཁྱོད ་ཀྱིས་སྒྲུབ་ཐབས་དག་ནི་བརྗོད་པར་བྱ་སྟེ། དོན་དམ་པར་ནི་རྟག་པ་དང་མི་རྟག་པའི་དངོས་པོ་སྙིང་པོར་གྱུར་པ་འགའི་ཡང་འདིར་ནི་བསྒྲུབ་པར་བྱ་བ་མེད་དོ།། དེའི་ཕྱིར་སངས་རྒྱས་ཉིད་ཀྱི་སླད་དུ་གང་ཞིག་སྒྲུབ་བྱ་ནི་སྒྲུབ་པ་པོ་དེ་ཉིད་དོ། ་ཞེས་པ་ངེས་པའོ།། འདིར་གང་ཞོག་བརྟགས་པའི་སྒྲུབ་ཐབས་དེ་ནི་འཁྲུལ་པ་ཞེས་པ་སྟེ། རྡོ་རྗེ་ཅན་གྱི་སྒྲུབ་ཐབས་མཐའ་དག་གང་ཡིན་པའོ།། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་སྟེ། བརྟགས་པ་དང་བྲལ་བ ་ངག་ནི་དཀྱིལ་འཁོར་གྱི་དབང་པོར་བྱའོ།། ཞེས་པ་ངེས་པའོ།། ད་ནི་དཱཔལ་ལྡན་ཞེས་པ་ལ་སོགས་པས་རཱི་ནཱི་དང་བརྟེན་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་དཔལ་ལྡན་རྡོ་རྗེ་ཅན་གཙོ་བོ་ནི། ཐུགས་རྡོ་རྗེ ་འགྱུར་ཏེ་མི་བདག་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཀྱི་དཀྱིལ་འཁོར་ནི་སྐུའི་རྡོ་རྗེའོ།། ལྷ་རྣམས་འཁོར་ལོ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་གསུང་གི་རྡོ་རྗེ་ཟླ་བ་ཉི་མའི་སྟེང་དུའོ།། དེ་ལྟར་གསུང་དང་སྐུའི་དཀྱིལ་འཁོར་ལ་ཡང་ལྷའི ་ཚོགས་ནི་གསུང་རྡོ་རྗེའོ།། དེ་ལྟར་སྐུའི་རྣམ་པས་ཐུགས་རྣམ་པ་གསུམ་དང་། དཀྱིལ་འཁོར་གྱི་རྣམ་པས་སྐུ་རྣམ་པ་གསུམ་དང་། སོ་སོར་སྡུད་པས་གསུང་ཡང་རྣམ་པ་གསུམ་མོ།། ཞེས་པ་ནི་ཐམས་ཅད་དུ་ངེས་པའོ།། ་འདིར་པདྨ་རྣམས་ཀྱི་རྩ་བ་དང་སྡོང་བུ་ནི་ཨ་ཡིག་ལས་བྱུང་བའོ།། འདབ་མ་རྣམས་དང་གེ་སར་རྣམས་ནི་ཨུ་ཡིག་ལས་ཡང་དག་པར་བྱུང་བའོ།། དབུས་ཀྱི་ལྟེ་བ་དང་ཟླ་བའི་གདན་ནི་མ་ཡིག་གིས་སོ།། ཉི་མའི་གདན་ནི་ཡང་ན་ར་ཡིག ་གིས་སོ།། དེ་ལྟར་ཨོཾ་ཡིག་པཱ་ཎ་བ་ནི་སྙིང་པོར་གསུངས་ཏེ་པདྨའོ།། མངལ་ནས་སྐྱེས་པ་རྣམས་ཀྱི་སྐྱེ་བ་འདི་ལ་དང་པོ་ལྷའི་སྐུའི་དེ་བྱིབས་རྫོགས་པའོ།། ཞེས་པ་སྟེ་ངེས་པའོ།། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་བཅོམ་ལྡན ་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔས་དབུས་རྒྱན་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་བསྒོམ་སྟེ། དེ་ནས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དེ་ཉིད་དུ ་བཅུག་པར་བསྒོམ་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པོ་ཁམས་དང་བཅས་པ་རྣམས་རང་གི་སྙིང་གར་བཅུག་ནས། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྣམས་རང་གི་གསང་བའི་རྡོ་རྗེ་ནས ་སྤྲོས་ཏེ། བྱང་ཆུབ་ཀྱི་སེམས་དེས་སེམས་ཅན་དེ་དག་རྣམས་དབང་བསྐུར་བར་བསྒོམ་པར་བྱའོ།། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་ཞལ་གསུམ་པ་དང་། ཞལ་སྣ་ཚོགས་པ ་དང་ཁ་དོག་སྣ་ཚོགས་པའི་ལྷའི་རང་བཞིན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། མཆོག་གི་དགའ་བའི་བདེ་བས་གང་བར་བསྒོམ་པར་བྱའོ།། དེ་ནས་དེ་རྣམས་ཀྱི་རང་གི་ལུས་དཀྱིལ་འཁོར་ལོའི་རང་བཞིན་དུ་གྱུར་པར་སྐད ་ཅིག་གིས་བལྟ་བར་བྱའོ།། དེ་ལ་སྔགས་ཀྱི་ས་བོན་རྣམས་ནི་གསལ་བྱེད་སྣ་ཚོགས་བརྩེགས་པ་དབྱངས་དང་བཅས་པ་རྣམས་སོ།། འདིར་གསལ་བྱེད་ཐམས་ཅད་ཀྱི་ཚོགས་ནི་ཀྵ་ཡིག་སྟེ། ཤེས་པར་བྱེད་པ ་དེ་ཡིས་གང་གིས་གསལ་བྱེད་དང་པོ་གང་ཡིན་པ་དེས་དེ་ཐམས་ཅད་བྱའོ།། འདིར་ཀྵ་ཀྵི་ཀྵཱ་ཀྵཱ་ཀྲཱྀ་ཞེས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའོ།། དེ་བཞིན་དུ། ཀྲཱུཀྵྨཱི་ཀྵཱི་ཀྵཱ་ཀྵཽ་ཞེས་པ་ནི་ན་མཁའ་ལ་སོགས་པ ་ཁམས་ལྔའོ།། དེ་བཞིན་དུ། ཀྵ་ཀྵེ་ཀྵ་ར་ཀྵོ་ཀྵ་ལ་ཞེས་པ་ནི་རྣ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་གོ། དེ་བཞིན་དུ། ཀྵ་ཀཱཾ་ཀྵར་ཀྵོ་ཀཱ་ལ་ཀྵཿཞེས་པ་ནཱི་ཡུལ་དྲུག་གོ། ཀྵ་ཀྠ་ཀྵ་ཀྵཱ་རིཀྵྨཱི་ཞེས་པ་ནི་ལས་ཀྱི་དབང་པོ་ལྔའོ།། ་དེ་བཞིན་དུ་ཁྲོ་བོ་རྣམས་ནི་ཀྵ་ཀྱཱ་ཀྱཱ་ཀྵཱ་ཀྵ་ཞེས་པ་ནི་ལས་ཀྱི་དབང་པོའི་ཡུལ་ལྔའོ།། དེ་ལྟར་ཕུང་པོ་ལྔ་དང་། ཁམས་ལྔ་དང་། སྐྱེ་མཆིང་བཅུ་གཉིས་དང་། ལས་ཀྱི་དབང་པོ་ལྔ་དང་། ལས་ཀྱི་དབང་པོའི་ཡུལ་ལྔ་སྟེ། དེ་ལྟར་སྐྱེས ་བུ་ཆེན་པོའི་མཚན་སུམ་དུ་རྩ་གཉིས་སུ་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སེམས་ཅན་ཐམས་ཅད་སྐད་ཅིག་གིས་བསྒོམ་པར་བྱའོ།། ཡང་ན་རྒྱས་པར་ཏེ་ལྷ་མོའི་གསང་བར་ས་བོན་སོ་སོར་རེ་རོས ་ལྷ་དེ་རྣམས་སོ་སོར་རྫོགས་པར་བྱས་ནས་སྤྲོ་བར་བྱའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ། སངས་རྒྱས་ཞིང་ན་སེམས་ཅན་གང་།། སྐུ་གསུམ་དམ་ཚིག་བདུད་རྩི་ཡིས།། བསྐྱེད་ཅིང་རྡོ་རྗེ་དཔལ ་གྱིས་རེག། ཐམས་ཅད་དེར་ནི་དེ་བཞིན་གཤེགས།། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ།། འདིར་ནི་རྫོགས་པའི་སངས་རྒྱས་གྱུར།། བསྒོམས་ཏེ་དེ་ནས་དེ་དག་རྣམས།། རང་རབ་ཞིང་དུ་རབ་ཏུ་གཞུག་ཅེས་པའོ།། སེམས་ཅན་རྣམས ་ལ་བརྩེ་བའི་དོན་དུ་དབང་བསྐུར་སྦྱིན་པའོ།། ཞེས་པ་ངེས་པའོ།། ང་ནི་ཟླ་བ་བཅུ་པ་སྲིད་པའི་ཡན་ལག་ལ་སྲོག་སྤྲོ་བ་དང་གསུང་གི་རྡོ་རྗེ་བསྐྱེད་པའི་སླད་དུ་གསུངས་ཏེ། ཕྱི་རོལ་ཏུ་ཡང་གཉིས་པ་རྫོགས་པའོ།། དེ་ལ་ལྟེ་བ་དང ་གཙུག་ཏོར་དུ་ཡང་ཙཾ་ཡིག་སྟི། འདི་གཉིས་ཀྱི་དབུས་སུ་ཆུད་པ་ནི་དཔྲལ་བར་སྨྼ;ྻུཾ་རྡོ་རྗེ་ཨོཾ། མགྲིན་པར་གསུང་རྡོ་རྗེ་ཨཱཿསྙིང་ཁ་ཐུགས་རྡོ་རྗེ་ཙུཾ་ཞེས་པཾ་ཡི་གེ་གསུམ་པོ་འདི་ནི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྩ་གསུམ་སྐྱེད་པར ་བྱེད་པའོ།། ལྟེ་བར་ཧོ་ཡིག་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཞུ་བ། བད་མཱཉམ་པདྨ་ལེ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། ད་ནི་ཤེས་རབ་ཆགས་པ་ཞུ་བ་ཁྱབ་བདག་རྡོ་རྗེ་ཅན། ཡང་ཡིག་གིས་ཤེས་རབ་དང་ལྷན་ཅིག་རི་བོང་འཛིན་པ ་བཞིན་དུ་རྣམ་པར་བལྟས་ནས། ནང་དུ་དཀྱིལ་འཁོར་ལྷོ་འབར་བའི་དོན་དང་། ཕྱི་རོལ་གྱི་ཡུལ་ཐམས་ཅད་ཉེ་བར་ལོང་སྤྱོད་པའི་དོན་དང་། ཕྱི་རིལ་ཏུ་ལྷ་རྫོགས་པ་ནི་འགྲོ་བ་ཐམས་ཅད་ངག་གི་དོན་བྱེད་པའི་སླད་དུ་བྱམས་པ་དང་སྙིང ་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཅན། སྒྲོལ་མ་དང་། མཱ་མ་ཀཱི་ད་། གོས་དཀར་མོ་དང་། སྤྱན་མ་སྟེ། ལྷ་མོ་རྣམས་ཀྱིསོ་གླུ་དག་མཛད་པ། བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པའོ།། བདག ་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད་ཅེས་པ་སྟེ། བྱམས་པའི་རང་བཞིན་སྒྲོལ་མས་ཐུགས་རྡོ་རྗེ་དང་། སྙིང་རྗེའི་རང་བཞིན་མཱ་མཀྵི་ཡིས་སྐུ་རྡོ་རྗེ་དང་། དགའ་བའི ་རང་བཞིན་གོས་དཀར་མོས་གསུང་རྡོ་རྗེ་དང་། བཏང་སྙོམས་ཀྱི་རང་བཞིན་སྤྱན་མས་ཡེ་ཤེས་རྡོ་རྗེ་སྐུལ་བར་བྱེད་དོ།། དེ་ལྷོར་ཐུགས་དང་སྐུ་དང་གསུང་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་རྡོ་རྗེ་ཅན་དེས་དེ་དག་རྣམས་ཀྱི་གླུ ་དག་གསན་ནས། འདོད་པ་དང་གཟུགས་དང་གཟུགས་མེང་པའི་མཚན་ཉིད་སྲེང་བ་གསུམ་པོ་མཐའ་དག་རྣམས་ཀྱང་མིག་འཕྲུལ་ལྟ་བུར་གཟིགས་ནས་ཟླ་བ་ཤུ་བ་དེ་ལ་ཧཱུཾ་ཡིག་ཁ་དོག་སྔོན་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་བལྟས་ཏེ། ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ།། དེ་ལས་སྤྲོས་པ་ཞེས་པ་ནི་རྣལ་འབྱོར་པ་བདག་ཉིད་བཅོམ་ལྡན་འདས། རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ཤེས་རབ་ཀྱིས་འཁྱུད་པར་གྱུར་པ་ཡང་རྫོགས་པའོ།། སྔར་བཞིན་དུ ་སླར་ཡང་ཤེས་རབ་ཐབས་ཀྱི་བདག་ཉིད་ཐུགས་དང་སྐུ་དང་གསུང་གི་ཆོས་ཀྱི་དཀྱིལ་འཁོར་རབ་ཏུ་སྤྲོ་བར་བྱ་སྟེ། སྐྱེས་པའི་བྱིས་པ་རབ་ཏུ་སད་པ་ངུ་བར་བྱེད་པའི་ཕྱིར་རོ།། འདིར་སྔགས་ཀྱི་ཚུལ་ལ་མངལ་ནས་སྐྱེས་པ་སྐྱེ་བའི ་རིམ་པས་ཟླ་བ་དགུས་བྱིས་པའི་ལུས་རྫོགས་ཤིང་། རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་ལྷ་རྣམས་ཀྱི་སྐུ་རྫོགས་པ་སྟེ། བསྙེན་པའི་ཡན་ལག་དང་པོའོ།། འདིར་ལྷའི་ང་རྒྱལ་གྱི་སླད་དུ་སྔགས་ཀྱི་ཚིག ་ཨོཾ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ&ཧཾ་ཞེས་པ་བརྗོད་དོ།། དེ་ནས་གསུང་རྡོ་རྗེ་བསྐྱེད་པའི་སླད་དུ་རྣལ་འབྱོར་པས་བསྙེན་པའི་ཡན་ལག་གཉིས་པ་བསྒོམ་པར་བྱའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད ་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྐྱེས་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། ། འདིར་ནི་སྲོག་གི་ཀུན་སྤྱོད་དག་ལས་གསུང ་གི་རྡོ་རྗེ་དཀྱིལ་འཁོར་བཅུའི་བདག་ཉིད་དེ། སྟོང་པ་ལ་སོགས་དབྱེ་བོ་དབྱངས་ཀྱི་རང་བཞིན་ལས་རྟག་ཏུ་གནས་ལྔ་དག་ལ་གནས། སྲིད་པའི་འཇིགས་ལས་སེམས་ཅན་རྣམས་ཀྱི་ལྷག་པར་མོས་པས་དམ་པོའི་ལམ་ནི་སྟོན ་བྱེད་པ། འདིའི་སྐྱེད་པ་དག་ནི་འཇམ་དཔལ་གྱིས་གསུངས། འགྲེལ་པོ་ཤང་དག་གིས་རྣམ་པར་རྒྱས་པར་བྱ། ཧོ་ཡིག་ཅེས་པ་ལ་སོགས་པ་ནི། འདིར་མིའི་འཇིག་རྟེན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི། སྲོག་གི་རླུང་བསྐྱེད ་པོའི་སླད་དུ་རང་གི་དཀྱིལ་འཁོར་འབབ་པ་ས་ལ་སོགས་པའི་ཁམས་རྣམས་ཀྱིས། རྨི་ལམ་གྱི་གནས་སྐབས་སུ་ཞུགས་པའི། རྣམ་པར་ཤེས་པ་ལ་སད་པའི་གནས་སྐབས་ཀྱི་དོན་དུ་སྐུལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ ་སེམས་ཅན་གྱི་དོན་གྱི་སླད་དུ། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རིག་པར་བྱའོ།། འདིར་ལྷ་ལ་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏིའི་ལམ་དུ་ཧོ་ཡིག་ཐོག་མ་ཐ་མར་བཀོད་དེ། དེ་ནས་དཔྲལ་བར་སྐུ་རྡོ་རྗེ་ཨོཾ། མགྲིན་པར་གསུ་རྡོ་རྗེ ་ཨཱཿསྙིང་གར་ཐུགས་རྡོ་རྗེ་ཧུ~ཾ་སྟེ། དེ་ལྟར་སྐུ་གསུང་ཐུགས་ལས་ཡང་དག་པར་བྱུང་བ་ཟླ་བ་དང་ཉི་མ་དང་སྐུ་གཅན་གྱི་མཚན་ཉིད་དོ།། དུས་ཀྱི་མེས་འོག་དང་སྣང་ནས་ཤེས་རབ་ཀྱི་འོད་ཟེར་གྱིས་ཞུ་བ་སྟེ། ཤེས ་རབ་ཆགས་པས་ཞུ་བ་ཞེས་པཱ་ལ། ཤེས་རབ་ནི་གཏུམ་མོ་སྟེ་དེས་ཞུ་བའོ།། འདིར་སྐུལ་བ་རྣམས་པ་གཉིས་ཏེ། གཅིག་ནི་སྲོག་རྫོགས་པའི་སླད་དུ་ཡིན་ལ། གཉིས་པ་ནི་ལོ་བཅུ་དྲུག་གི།། མཐར་བདེ་བ་རྫོགས་པའི་སླད་དུའོ།། ་དེ་ནས་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་ཞུ་བ་བཞིན་བལྟས་ནས། ཡང་ཡིག་གིས་ཤེས་རབ་ཀྱང་སྟེ། ཤེས་རབ་དང་བཅས་པའི་ཐུགས་དང་ཡེ་ཤེས་རྡོ་རྗེ་ཨ་བ་དྷཱུ་ཏི་དང་། དུང་ཅན་མ་ལ་བརྟན་པའོ།། ལྷ་མོ་རྣམས་ཀྱིས་གླུ ་ངག་མཛད་དེ། བཅོམ་ལྡན་ཁྱེད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ།། བདག་ཅག་སྲུངས་ཤིག་ལྷ་མའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། འདིར་བྱམས་པ་དང་སྙིང་རྗེ་དང་། དགའ ་པ་དང་བཏང་སྙོམས་ཀྱི་རང་བཞིན་ཅན། སྒྲོལ་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྤྱན་མ་སྟེ། ལྷ་མོ་རྣམས་ཀྱིས་བྱིས་པ་རྣམས་ལ་དཀྱིལ་འཁོར་འབབ་པའི་དོན་དང་། བཅོམ་ལྡན་འདས་ལ་འགྲོ་བའི་དོན་གྱི་སླད་དུ ་སྐལ་བར་བྱེད་དོ།། ལྷ་མོའི་རྡོ་རྗེ་ཡི་གླུ་ཡིས་བསྐུལ་བའི་ངེས་པའི།། དེ་བཞིན་དུ་རྩ་བའི་རྒྱུད་ལས། སྤྱན་མ་དག་ནི་འགྲོ་བའི་ཡུལ།། རྣལ་འབྱོར་མ་ཡི་རྒྱུ་མཐུན་གནས།། བདག་གིས་དཀྱིལ་འཁོར་རང་བཞིན་གྱིས།། དུས ་འཁོར་བཞེངས་ལ་བདག་འདོད་མཛོད།། མཱ་མ་ཀཱི་བདག་སྙིང་མ་སྐྱེ།། རྣལ་འབྱོར་མྦྷ་ཡི་རྣམ་སྨིན་གནས།། བདག་གི་དཀྱིལ་འཁོར་རང་བཞིན་གྱིས།། དུས་འཁོར་བཞེངས་ལ་བདག་འདོད་མཛོད།། གོས་དཀར་མོ་བདག་པུ ་སྒོ་སྙེད་དུ་རྣལ་འབྱོར་པ་ཡི་སྐྱེས་བུར་གནས།། བདག་གིས་དཀྱིལ་འཁོར་རང་བཞིན་གྱིས།། དུས་འཁོར་བཞེངས་ལ་བདག་འདོད་མཛོད།། སྒྲོལ་མ་བདག་ནི་ཆ་མོ་སྟེ།། རྣལ་འབྱོར་པ་ཡི་དྲི་བྲལ་གནས།། བདག་གི ་དཀྱིལ་འཁོར་རང་བཞིན་གྱིས།། དུས་འཁོར་བཞེངས་ལ་བདག་འདོད་མཛོད།། སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི།། འགྲོ་བ་གདོན་པའི་བསམ་པ་ཡིས།། འགྲོ་བའི་མགོན་པོ་སྤྲོ་བར ་མཛོད་པ་ད་ཅེས་པ་སྟེ། དེ་ལྟར་བོང་མཉམ་འབྲས་བུ་སྟེར་བ། ལྟེ་བ་དང་གསང་བ་ལ་སོགས་པའི་པདྨ་ལཱྀ་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་བརྒྱལ་བར་གྱུར་བསད་པར་བྱེད་པ་བཞིན་དུ། ལྷའི་སྐུ་གནས་སོ།། ཞེས་པ་ནི ་ངེས་པའི་དོན་ཏོ།། ད་ནི་རྡོ་རྗེ་ཅན་དེས་གླུ་ཞེས་པ་ལ་སོགས་པས་ལྷ་བཞེངས་པ་གསུངས་ཏེ། འདིར་སྟོང་པ་ཉིད་ལ་རབ་ཞུགས་པའི་བཅོམ་ལྡན་འདས་གླུ་རྣམས་ཀྱིས་རབ་ཏུ་ས་པར་གྱུར་པ་ན་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར ་གཟིགས་ནས་སེམས་ཅན་གྱི་དོན་གྱི་སླད་དུ། སླར་ཡང་སྐྱེད་པ་མཛད་དེ། དྲི་མ་མེད་པའི་འོད་ཟེར་འཕྲོ་བ་རང་གི་མཚན་མོ་ཧུ~ཾ་ཡིག་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་སྤྲོས་བྱས་ནས། དེས་རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བ ་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་པའི་ཅོད་པན་ནོ།། ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་པ་ཞེས་པ་ནི་སྟོང་པའི་དཀྱིལ་འཁོར་འབབ་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྣ་ཚོགས་ཡུམ་གྱིས་ཏེ ་དེའི་སྙིང་ཁར་བྱིས་པ་རྣམས་ཀྱི་བཞིན་ནོ།། ཤེས་རབ་ཐབས་ཀྱིས་རྒྱལ་པོ་ཞེས་པ་བོད་པ་སྟེ། ཤེས་རབ་དང་ཐབས་སྙོམས་པར་ཞུགས་པས་དཀྱིར་འཁོར་ལྔའི་རང་བཞིན་གྱི། སངས་རྒྱས་ན་མཁར་གནས་པ་རྣམས ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རང་བཞིན་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་བཅུག་སྟེ། ཤེས་རབ་ཀྱི་པདྨར་སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་བ་རྣམས་སོ།། དེ་ནས་པདྨ་ལས ་སྔོན་བཞིན་དུ་ཞལ་དང་ཕྱག་དང་མཚན་མ་དང་། དབྱིབས་ཀྱི་མཚན་ཉིད་ཅན་རྣམས། ཡེ་ཤེས་དང་ཐུགས་དང་སྐུ་དང་གསུང་གི་དཀྱིལ་འཁོར་རྣམས་ལ་སྤྲོ་བར་བྱའོ།། དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲོ་བ་དག་ཀྱང་ངོ་།། ཀྱང ་ཡིག་གིས་སྔོན་བཞིན་ཞེས་སོ།། བྱིས་པ་མངལ་ནོས་འབྱུང་བའི་དུས་སུ་སྲོག་ལ་སོགས་པའི་རླུང་བཅུ་སྐྱེའོ།། སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་མེ་ཏོག་མཐོར་རོ།། གཙར་བུ་མངལ་གྱི་ཁྲུ་མའི་གོས་འཛིན ་པ་བྱིས་པ་ཞེས་པའི་རྣམ་པར་དག་པས་ལྷའི་དམ་ཚིག་གི་དཀྱིལ་འཁོར་རྫོགས་པའོ།། དེ་ནས་དབང་པོ་རབ་ཏུ་སད་པ་ནི་ཡེ་ཤེས་སེམས་དཔའ་གཞུག་པ་སྟེ། བྱིས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ལྷ་ལ་རྣམ་པ་ཉི་ཤུ་རྫོགས ་པར་བྱང་ཆུབ་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ།། དེ་ལྟར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་སྐུ་རྫོགས་པ་ནི་བསྙེན་པའི་ཡན་ལག་སྟེ། རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པས ་གསུང་རྫོགས་པའི་ཉེ་བའི་བསྒྲུབ་པོའོ།། དེ་ལྟར་སྐྱེད་པའི་རིམ་པོ་རྣམ་པ་གཉིས་ཏེ། གཅིག་ནི་མངལ་ནས་སྐྱེས་པོ་དང་། གཉིས་པ་སྒྲོ་ང་ལས་སྐྱེས་པའོ།། གང་སྒོ་ང་ལས་སྐྱེས་པ་དེ་ནི་འཇིག་རྟེན་གྱི་ཁམས་སྐྱེད ་པ་སྟེ། ཚངས་པའི་སྒོ་ང་ཞེས་པའི་ཚིག་གི་ཕྱིར་རོ།། གང་མངལ་ནས་སྐྱེས་པ་དེ་ནི་མི་རྣམས་སྐྱེད་པའོ།། གོང་སྐད་ཅིག་གིས་ཡིན་པ་དེ་ནི་སེམས་ཅན་རྣམས་རྫས་སྐྱེས་ལས་སྐྱེད་པའོ།། དེ་ནི་སྐྱེས་པའི་རིམ་པ་གཅིག ་སྟེ། སྐད་ཅིག་གིས་རྣམ་པའི་སེམས་ཅན་གྱི་བསྒོམ་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། རྫོགས་པའི་རིམ་པ་ནི་རྟོག་པ་དང་བྲལ་བ་སྟེ། ནམ་མཁའ་ལས་བྱུང་རིང་ཐུང་བ།། ཤེས་རབ་ཡེ་ཤེས་མེའོ་ཆེ།། འོད་ཆེན ་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྣང་བ་ལམ་མེ་བ།། ཞེས་པ་ལ་སོགས་པ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་རྟོག་པར་བྱའོ།། ང་ནི་འོད་ཟེར་སྔོན་པོ་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ ་དགུ་པ་གསུངས་ཏེ། འདིར་བྱིས་པ་སྐྱེས་པའི་དབུ་མའི་སྲོག་འབྱུང་བ་ནི་འོད་ཟེར་སྔོན་པོ་སྟེ། དེའི་འབྱུང་བས་དབང་པོ་རྣམས་རབ་ཏུ་སད་ཅིང་ཕྱི་རོལ་གྱིས་ཡུལ་རྣམས་དང་། རྣམ་པར་ཤེས་པ་དྲུག་པོ་རྣམས་འཇུག་པ་ནི ་ནང་དུའོ།། དེའི་ཕྱིར་ཕྱི་རོལ་གྱི་ལྷ་ཚོགས་པ་ལ་དབུ་མའི་སྲོག་རྣམ་པར་དག་པས་རྡོ་རྗེ་ཤུགས་འོད་ཟེར་སྔོན་པོ་འཇིགས་པའི་སྐུ། རབ་ཏུ་བཞད་པའི་ཞལ་མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ། ་སྤྱན་བཅུ་གཉིས་པ། གཉིས་ལྷག་རྒྱལ་བའི་ཕྱག་སྟེ། ཕྱག་ཉི་ཤུ་རྩ་དྲུག་པ། ཞལ་བཞི་པ་ཞབས་གཉིས་པ་ཤེས་རབ་དང་ཐབས་ལས་རབ་ཏུ་བྱུང་བ། གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ།། གླང་པོ་ཆེའི་པགས ་པའི་གོས་འཛིན་པ།། ཕྱག་རྒྱ་ལྔས་རྣམ་པོར་བརྒྱན་པ།། མི་བསྐྱོད་པས་དབུ་བརྒྱན་པ།། ཐོད་པ་དང་མགོ་བོའི་ཕྲེང་བ་འཛིན་པ།། སྦྲུལ་གྱིས་བརྒྱན་པ། ཧུཾ་ཡིག་རྡོ་རྗེའི་སྤྲུལ་པ། རྐང་པ་བརྒྱད་པའི་ཤིང་རྟ་དག་ལ་གནས་ཤེས ་པ་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་། དྲི་དང་སྙིང་སྟོབས་དང་། རྡུལ་དང་མུན་པའི་ཡོན་ཏན་ལ་གནས་པ། རྒྱལ་བའི་དགྲ་ནི་འཇོམས་པར་བྱེད་པ་སྟེ། བདུད་དང་ཉོན་མོངས་པ་འཇོམས་པར་བྱེད་པའི་རྡོ་རྗེ་ཤུགས་དེ་ནི་ཡི ་ཡེ་ཤེས་འཁོར་ལོའི་སླད་དུ་ཞེས་པ་ཡུལ་ལྔའི་ཡེ་ཤེས་འཇུག་པའི་སླད་དུ་བསྐུལ་བར་བྱ་སྟེ། ཀུན་བཞི་རྣམ་པར་ཤེས་པ་དང་།། འཇུག་པའི་རྣམ་པར་ཤེས་པའོ།། དེ་ནས་ལྟེ་བའི་པདྨ་ལས་ཕྱི་རོལ་ཏུ་འབྱུང་བའི་སྲོག་གིས ་ལ་གྱི་དངོས་པོ་རྣམས་བཀུག་ནས་སླར་ཡང་ལྡོག་གོ། དེའི་ཕྱིར་རྣམ་པར་དག་པས་དྲི་མང་འོད་ཟེར་འཕྲོ་བ། ཡེ་ཤེས་འཁོར་ལོའི་དབང་ཕྱུག་དག་ནི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བསྣུན་བྱས་ཤིང་། ཕག་ཉི་ཤུ་རྩ་བཞི་པོ་རྣམས ་རང་གི་རྡོ་རྗེ་ཀླུའི་ཞགས་པ་དག་གིས་བཅིངས་ནས། རང་གི་མཚན་ཆ་རྣམས་ཀྱིས་འཇིགས་པར་བྱ་སྟེ། དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་པར་བྱས་ཤིང་། དངོས་པོའི་མཚན་ཉིད་སྣ་ཚོགས་པའི་འཁོར་ལོ་མཐའ་དག་བསྐྱ ་པར་བྱས་ནས། སླར་ཡང་རང་གི་གནས་སུ་འགྲོའོ།། དེ་ནས་གཞུག་པ་ནི་མིག་གི་དབང་པོ་ལ་སོ་སྐྱེས་པ་ཀུན་བཞི་རྣམ་པར་ཤེས་པ། གས་བྱེད་ཀྱིས་བྱེད་དོ།། བཅིངས་པ་ནི་ལུས་ཀྱི་དབང་པོ་ལས་སྐྱེས་པ་ལུས་ཀྱི་རྣམ ་པར་ཤེས་པ་རེངས་བྱེད་ཀྱིས་བྱེད་དོ།། མཉེས་པ་ནི་ལྕེའི་དབང་པོ་ལས་སྐྱེས་པ་ལྕེའི་རྣམ་པར་ཤེས་པ་ཁེངས་བྱེད་ཀྱིས་བྱེད་དོ།། རོ་མཉམ་པར་བྱེད་པོ་ནི་སའི་དབང་པོ་ལས་སྐྱེས་པ་སྣའི་རྣམ་པར་ཤེས་པ་ཤིན་ཏུ་སྟོབས་ཀྱིས ་བྱེད་དོ།། དེ་ལྟར་ན་རྣམ་ལྔ་ནཱི་ཛཾཿཡིག་གིས་དགུག་པ་དང་། ཧུཾ་ཡིག་གིས་གཞུག་པ་དང་། ཝ་ཡིག་གིས་བཅིང་པ་དང་། ཧོ་ཡིག་གིས་གཉིས་པ་དང་། ཧོ་ཡིག་གིས་རོ་མཉམ་པར་བྱས་པ་སྟེ། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དང་། ་རྡོ་རྗེ་ཞགས་པ་དང་། རྡོ་རྗེ་དྲིལ་བུ་དང་། རྡོ་རྗེ་དབྱིག་པས་སོ།། དེ་ལྟར་ཡང་ཤེས་ཀྱི་འཁོར་ལོ་ཡང་དག་པར་མཆོད་དེ། སྔར་བཞིན་དམ་ཚིག་འཁོར་ལོ་ལ་རོ་མཉམ་པ་ཉིད་དུ་གྱུར་པར་བསྒོམ་པར་བྱའོ།། ཞེས་པ་ནི་ངེས་པའོ།། ་དེ་ནི་རྫོགས་པའི་ཞེས་པ་ལ་སོགས་པས་སྐྱེད་པའི་རིམ་པས་གནས་སོ་སོར་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་ལྷ་རྣམས་དང་། ལྷན་ཅིག་ཏུ་གཅིག་པ་ཉིད་གསུངས་ཏེ། འདིར་རྫོགས་པའི་རྣལ་འབྱོར་གྱི་སྐྱེད་པའི་རིམ་པ ་ངག་ལ་རྣམ་པར་ཤེས་པ་ནི་ན་མཁའ་དང་བཅས་ཤེས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཏུ། སྙིང་པོའི་པདྨར་ཞེས་པ་བདེ་བ་ཆེན་པོ་ལ། མེའི་སྟེང་དུ་སྟེ། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་། དུས ་མེའི་སྟེང་དུ་དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་རོ་མཉམ་པ་ཉིད་དུ་འགྱུར་རོ།། དེ་བཞིན་དུ་ཤར་གྱི་འདབ་མ་ལ་ནག་པོ་འབར་མ་རོ་མཉམ་པའོ།། མཆོག་གི་པདེ་འདབ་ལ་ནི་ལྷོ་རུ་དམར་མོ་འབར་མའོ།། བྱང་དུ ་དཀར་མོ་འབར་མའོ།། ནུབ་ཏུ་སེར་མོ་འབར་མར་འགྱུར་ཏེ། རིགས་ཀྱི་དབང་གིས་ཤེས་པ་ཡེ་ཤེས་ཀྱི་ཞལ་གྱི་དབང་གིས་སོ།། དེ་བཞིན་དུ་མེར་དུ་བ་མའོ།། བདེན་བྲལ་དུ་སྨིག་རྒྱུ་མའོ།། དབང་ལྡན་དུ་མཁའ་སྣང་མོའོ།། ་རླུང་དུ་མར་མེ་མ་རོ་མཉམ་པའོ།། དེ་བཞིན་དུ་མེའི་ཟུར་དུ་ཡིད་བཞིན་གྱི་ནོར་བུ་དང་། བདེན་བྲལ་དུ་ཆོས་ཀྱི་གཎ་ཌཱི་དང་། དབང་ལྡན་དུ་ཆོས་ཀྱི་དུང་དང་། རླུང་དུ་དཔག་བསམ་གྱི་སོ་ཤིང་སྟེ། རྡོ་རྗེ་ཕྲེང་བ་དང་པདྨའི་འདབ་མ་དག ་གོ་བར་གྱི་ཟུར་གྱི་ཆ་ལའོ།། དེ་བཞིན་དུ་ཤར་གྱི་པདྨའི་གདན་གྱི་ལྟེ་བར་ཉི་མ་ལ། འདུ་བྱེད་དང་ས་གཉིས་པ་དམ་ཚིག་སེམས་དཔའ་དགེ་དང་། ལྷན་ཅིག་རོ་མཉམ་པའོ།། ལྷོར་ཚོར་བ་དང་ཆུའི་ཁམས་སོ།། བྱུང་དུ་འདུ ་ཤེས་དང་མེའི་ཁམས་སོ།། ནུབ་ཏུ་རླུང་དང་བཅས་པའི་གཟུགས་རོ་མཉམ་པར་འགྱུར་རོ།། འདིར་ཐབས་རྣམས་གཙོ་བོའོ།། དེ་བཞིན་དུ་མེའི་ཕྱོགས་སུ་རླུང་དང་གཟུགས་དག་རོ་མཉམ་པར་འགྱུར་རོ།། བདེན་བྲལ་དུ་མོའི ་ཁམས་དང་འདུ་ཤེས་སོ།། དབང་ལྡན་དུ་ཆུའི་ཁམས་དང་ཚོར་བའོ།། རླུང་དུ་སའི་ཁམས་དང་འདུ་བྱེད་དག་རོ་མཉམ་པ་སྟེ། ཟུར་ང་ལྷ་མོ་རྣམས་གཙོ་མོའོ།། དེ་བཞིན་དུ་ལྷ་མོ་སངས་རྒྱས་པར་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་གནས ་སུ་བདུད་རྩིའི་རོའི་བུམ་པ་རྣམས་རོ་མཉམ་པར་འགྱུར་རོ་ཞེས་པ་ངེས་པ་སྟེ། དེ་བཞིན་གཤེགས་པའི་འཕར་མ་ལའོ།། དེ་ནས་ངང་ཆུབ་སེམས་དཔའི་འཕར་མའི་ཤར་གྱི་པདྨ་ལ་སྣ་དང་དྲི་རོ་མཉམ་པའོ།། ལྷོར་མིག་དང་ཡུལ ་གཟུགས་སོ།། བྱང་དུ་ལྕེ་དང་རོའོ།། ཆུར་ལུས་ཀྱི་དབང་པོ་དང་རེག་བྱའོ།། སྭ་འོག་ཏུ་རྣ་བ་དང་སྒྲ་དག་སྟེ། ལྕེའི་སྒོའི་གཡོན་དུའོ།། ན་མཁའ་ལ་ནི་ངེས་པར་སེམས་དང་། ཆོས་ཀྱི་དབྱིངས་སུ་འགྱུར་ཏེ། ཤར་གྱི་སྒོའི་གཡོན་དུའོ།། ་དེ་ལྟར་དང་པོར་ཕ་བས་ནི་དྲུག་པོ་དག་ཀྱང་། དེ་བཞིན་གཤེགས་པའི་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ལྷག་པའི་ལྷ་རུ་འགྱུར་རོ།། ཕྱི་ནས་ཤེས་རབ་ལ་སོགས་དྲུག་ཅེས་པ་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་སྟེ། འདིར་མི ་རུ་རེག་བྱ་རྡོ་རྗེ་མ་དང་། ལུས་ཀྱི་དབང་པོའོ།། བདེན་བྲལ་དུ་རོ་རྡོ་རྗེ་མ་དང་ལྷའོ།། དབང་ལྡན་དུ་གཟུགས་རྡོ་རྗེ་མ་དང་མིག་གི། རླུང་དུ་དྲི་རྡོ་རྗེ་མ་དང་སྣའོ།། ས་འོག་ཏུ་སྒྲ་རྡོ་རྗེ་མ་དང་རྣ་བ་སྟེ། བྱང་གི་སྒོའི་གཡོན་དུའོ།། ནམ་མཁའ ་ལ་ཆོས་ཀྱི་དབྱིངས་དང་ཡིད་དེ། ནུབ་ཀྱི་སྒོའི་གཡོན་དུའོ།། དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་བྱང་ཆུབ་སེམས་དཔའི་འཕར་མ་ལི་སྟེ། རང་རང་གི་པདྨའི་གདན་ལ་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་དང་རོ་མཉམ་དུ་བྱེད་པའོ།། ་ད་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རོ་མཉམ་པ་ཉིད་གསུངས་ཏེ། ཤར་གྱི་སྒོར་ནི་རབ་གཏུམ་རལ་གྲི་འཛིན་པ་ཤིན་ཏུ་སྟོབས་ཏེ། དེའི་ཕྱག་རྒྱ་རེངས་བྱེད་མའོ།། ལྷོའི་སྒོར་རྨུགས་བྱེད་དང་ཕྱག་རྒྱ་ང་རྒྱལ་མའོ།། ་བྱང་གི་སྒོར་ཁེངས་བྱེད་དང་ཕྱག་རྒྱ་རྨུགས་བྱེད་མའོ།། ནུབ་ཀྱི་སྒོ་རེངས་བྱེད་དང་དེའི་ཕྱག་རྒྱ་མཐའ་ཡས་བརྩོན་འགྲུས་མར་འགྱུར་ཏེ། སྒོའི་དབུས་ན་གནས་པོའི་པདྨ་ལོ་རོ་མཉམ་པའོ།། ཐུགས་ཀྱི་དཀྱིལ་འཁོར་ལ་རོ་མཉམ ་པོར་བྱེད་པ་སྟེ། སྨྱོས་པའི་ལྟེ་བའི་འཁོར་ལོ་དང་སྙིང་ཁེའི་པདྨ་ལའོ།། ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་ཁྲོ་བོའི་ཞར་ལ་བྱུང་བས་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་གྱི་སྒོ་སྐྱོང་སྟེ། ཤར་དུ་དབྱུག་པ་སྔོན་པོ་འོད་ཟེར་ཅན་རོ། ་མཉམ་པའོ།། ལྷོར་འདོད་པ་དང་ཙུན་དཱ་ཤིང་རྟ་ལ་གནས་པའོ།། བྱང་དུ་མི་གཡོ་བ་དང་ཁྲོ་གཉེར་ཅན་མའོ།། ནུབ་ཏུ་བརྩོན་འགྲུས་མཐོའ་ཡས་སྟོབས་པོ་ཆེ་དང་། ལྕགས་སྒྲོག་མ་རོ་མཉམ་པའོ།། ས་འོག་ཏུ་གནོད ་མཛེས་རྒྱལ་པོ་དང་དྲག་ཅན་མའོ།། སྟེང་དུ་གཙུག་ཏོར་དང་ཤིན་ཏུ་སྔོན་མོའོ།། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཤར་གྱི་སྒོའི་སྟེང་དུ་གཙུག་ཏོར་དང་། ནུབ་ཏུ་གནོད་མཛེས་ཏེ་གཉིས་པོ་དག་གི་ཤིང་རྟ་ཡང་ངོ་།། ཞེས་པ་ན་ངེས ་པའོ།། བསྒོམ་པ་ལ་ནི་འོག་དང་སྟེང་དུ་ཤིང་རྟའོ།། སྙིང་པོའི་དཀྱིལ་འཁོར་ལ་ཁ་དང་དབང་པོ་དང་བཤང་ལམ་དང་། གཙུག་ཏོར་ནི་སྒོ་རྣམས་ཏེ། དབང་པོ་ཞེས་པ་ནི་གཅིན་དང་ཁུ་བའི་སྒོའོ།། ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་ལ ་སྣ་དང་མིག་དང་ལྕེ་དང་ལུས་དང་རྣ་བ་རྣམས་ཏེ། བྱིས་པའི་ལུས་ལ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལའོ།། ཞེས་པ་ངེས་པའོ།། དེ་བཞིན་དུ་གནས་ལྔ་ནས་བརྗོད་པའི་དབང་གིས་གསུང་གིས་དཀྱིལ་འཁོར་གྱི་སྒོ་ལྔ་སྟེ་དེ་ལྟར ་འོག་དང་སྟེང་དུ་སྟོང་པའི་སྒོ་གསུམ་པོ་ཁུ་བའི་སྒོ་དང་ལུས་དང་། མགྲིན་པའི་གནས་ཀྱི་མཚན་ཉིད་སྤངས་ནས། དཀྱིལ་འཁོར་གསུམ་པོ་རྣམས་ལ་སྒོ་བཅུ་གཉིས་སོ།། དེ་ལྟར་ཉི་མའི་དུས་སྦྱོར་གྱི་དབྱེ་བས་སྒོ་བཅུ ་གཉིས་དང་། ཟླ་བའི་ཆ་ཡི་དབྱེ་བས་བཅོ་ལྔ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱིས་སོ་ཞེས་པ་ནི་ངེས་པའོ།། འདིར་གསུང་གི་དཀྱིལ་འཁོར་ལ་སོགས་པ་རོ་མཉམ་པོ་ཉིད་དང་། གཡོན ་བརྐྱང་ལ་སོགས་པའི་སྟབས་རྣམས་ནི་གོ་བླ་སྟེ་གསུང་ལས་སྐྱེས་པའི་དཀྱིལ་འཁོར་དུ་ནི་ཞེས་པ་ནས་བརྩམས་ཏེ། རྡོ་རྗེ་གར་གྱི་སླད་དུའོ།། ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པ་དགུ་ནི་གོ། ་བླའོ།། ད་ནི་ཅོད་པན་ཞེས་པ་ལ་སོགས་པས་ལྷ་རྣམས་ཀྱི་རིགས་ཀྱི་རྒྱས་གདབ་པ་གསུངས་ཏེ། འདིར་མཆོག་གི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ། ཅོད་པན་དག་ལ་ཕན་ཚུན་རྡོ་རྗེ་ཡི་ནི་རྡོ་རྗེར་འགྱུར་ཏེ། དེ་ཅིའི ་ཕྱིར་ཞེ་ན། ཡེ་ཤེས་དང་རྣམ་པར་ཤེས་པ། ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་རོ།། དེ་བས་ན་ཡེ་ཤེས་ཀྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པས་ཡེ་ཤེས་ལ་སྟེ། གཉི་གའི་སྤྱི་བོ་ལ་ཐུགས་རྡོ་རྗེ་ཆོས ་གོས་དང་གཙུག་ཏོར་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ལ་དབུགས་འབྱིན་པ་སྟེ། རིགས་ལྔའི་ཕྱག་རྒྱས་གདབ་པའོ།། ངོ་བོ་ཉིད་ཀྱི ་རིགས་ནི་བཀག་སྟེ། སངས་རྒྱས་རྣམས་ཀྱི་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ།། ཡང་ན་ཡེ་ཤེས་དང་། རྣམ་པར་ཤེས་པའི་ཆོས་ཀྱིས་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཅོད་པ་ནི་ནི་རེས་འགའ་ནའོ་ཞེས་པ་ངེས་པའོ།། གཟུག ་ཀྱི་སྟང་དུ་མི་བསྐྱོད་པ་སྟེ། སྐུའི་རྣམ་པས་ཐུགས་ཤོས་གསུངས་པའི་ཕྱིར་རོ།། གསལ་བར་པདྨ་འཛིན་པའི་རྣམ་པར་སྣང་མཛད་ཉིད་དུ་འགྱུར་ཏེ། ལུས་ནི་སོ་སོར་བརྗོད་པས་གསུངས། ཞེས་གསུངས་པའི་ཕྱིར ་རོ།། རིན་ཆེན་དབོང་པོའི་ཆུ་སྐྱེས་འཛིན་ཏེ། རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། དོན་ཡོད་གྲུབ་པའི་ཅོད་པན་ལ་ནི། རབ་མཆོག་ནོར་བུའི་ཕྱག་རྒྱ་སྟེ། ཁྲག་ལ་ཤ་འབྱུང་བའི་ཕྱིར་རོ།། དྲུག་གི་ཅོད་པནྡ་རལ་པ་ཟློས ་བྱར་འགྱུར་ཏེ། ཡོན་ཏན་དབང་གིས་ཤེས་པ་ལ། ཡོན་ཏན་ནི་མུ་སྟོགས་པ་རྣམས་གཞུག་པར་བྱ་བའི་སླད་དུ་དབང་ཕྱུག་གི་ཞལ་རྣམ་པར་དག་པས་ཞལ་དྲུག་གམ། ཚངས་པའི་མཚན་ཉིད་ལྔའི་ཞལ་ལྷ་ནི ་རོལ་པའི་ཅོད་པན་འཛིན་པའོ།། འདིར་ང་མ་ཐག་པ་སྟེ། རྣམ་པར་སྣང་མཛད་དང་། གཡོན་གྱི་ལྷ་སྟེ། སྣང་བ་མཐའ་ཡས་དང་། མི་འཇིགས་པ་སྟེ། རིན་ཆེན་འབྱུང་ལྡན་དང་། དེའི་སྐྱེས་བུ་སྟེ་དོན་ཡོད ་གྲུབ་པ་དང་། དབང་ལྡན་ཏེ་མི་བསྐྱོད་པ་དང་། དུས་ཀྱི་མེ་སྟེ་རྡོ་རྗེ་སེམས་དཔའ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཐ་མལ་པའི་ཕུང་པོ་རྣམས་ཏེ། དག་པའི་ཕུང་པོ་གཙུག་ཏོར་དང་ཆོས་གོས ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པའོ།། དེ་ལྷུར་དྲུག་གི་ཅོད་པན་རལ་པ་ཞེས་བྱའོ།། ལྷག་མའི་འཁོར་ལོའོ་ལྷ་དང་ལྷ་མོ་རྣམས་ཀྱི་ཅོད་པན་ནི། རིན་པོ་ཆེ་སྣ་ཚོགས་པའི་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་སྟེ། འཆད་པར ་འགྱུར་བ་ལས་གང་ཞིག་གང་གིས་སྐྱེས་པ་དེ་ནི་དེ་ཡིས་རྒྱས་གདབ་བོ།། ངོ་ནི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ཀྱི་རབ་ཏུ་སྐྱེ་བ་གསུངས་པ། ས་ལས་ཤེས་པ་ལ་སོགས་པ་སྟེ། འདིར་སའི་ས་བོན་ལྀ་ཡིག་ལས ་འཁོར་ལོ་རབ་ཏུ་སྐྱེའོ།། ཆུ་ལས་ཏཾ་ཨུ་ཡིག་ལས་པདྨའོ།། མེ་ལས་ཏེ་རྀ་ཡིག་ལས་ནོར་བུའོ།། རླུང་ལས་ཏེ་ཨི་ཡིག་ལས་རལ་གྲྀའོ།། སྟོང་པ་ལས་ཏེ་ཨ་ཡིག་ལས་རྡོ་རྗེའོ།། ཡེ་ཤེས་ལས་ཏེ་ཨཾ་ཡིག་གྲི་གུག་ཏུ་འགྱུར ་ཞེས་བྱ་བ་དང་འབྲེལ་ལོ།། དེ་བཞིན་དུ་ལྀ་ཡིག་ལས་གོས་སུ་འགྱུར་རོ།། ཨུ་ཡིག་ལས་བདུད་རྩིའི་སྣང་ངོ་།། རཱྀ་ཡིག་ལས་མེ་ལོང་ངོ་།། ཨཱི་ཡིག་ལས་དྲིའོ།། ཨཱ་ཡིག་ལས་རྒྱུད་མངས་སོ།། རྣམ་པར་བཅད་པ་སྟེ་ཨཿཡི ་ལས་ཚོས་འབྱུང་སྟེ། ས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་མཚན་མ་རྣམས་སོ།། དེ་བཞིན་དུ་ཨིལ་ཡིག་ལས་ཕུབ་པོ།། ཨུ་ཡིག་ལས་མདུང་ངོ་།། ཨར་ཡིག་ལས་མངའོ།། ཨེ་ཡིག་ལས་དགྲ་སྟའོ།། ཨ་ཡིག ་ལསཱ་ཌ་མ་རུ་སྟེ་ཡོན་ཏན་གྱི་དབྱེ་བས་མཚན་མ་ལྔའོ།། དེ་བཞིན་དུ་ཨཱལ་ཡིག་གིས་དབྱུག་པའོ།། ཨཽ་ཡིག་ལས་ཞགས་པའོ།། ཨཱར་ཡིག་ལས་ལྕགས་ཀྱུའོ།། ཨེ་ཡིག་ལས་ཐོ་བའོ།། ཨཱ་ཡིག་ལས་རྩེ ་གསུམ་སྟེ་འཕེལ་བའི་དབྱངས་ཀྱིས་མཚན་མ་ལྔའོ།། དེ་བཞིན་དུ་ལ་ཡིག་ལས་གཞུའོ།། ཝ་ཡིག་ལས་ཨུད་པ་ལའོ།། ར་ཡིག་ལས་མགོ་བོའོ།། ཡ་ཡིག་ལས་ཁ་ཊྭཱཾ་གའོ།། ཧ་ཡིག་ལས་དྲིལ་བུའོ།། དེ་བཞིན་དུ་ལཱུ་ཡིག་ལས ་ལྕགས་སྒྲོག་གོ། ཝཱ་ཡིག་ལས་དུང་ངོ་།། རཱ་ཡིག་ལས་ཐོད་པའོ།། ཡཱ་ཡིག་ལས་སྟོག་གི་པགས་པའོ།། ཧཱ་ཡིག་ལ་གླང་པོའི་པགས་པའོ།། ཡ་ཎར་བསྒྱུར་བ་རིང་པོ་རྣམས་ཀྱིས་སོ།། མཚན་མ་སུམ་ཅུ་རྩཝ་གཉིས་ཀྱི་དབྱངས་ཀྱི ་ངེས་པའོ།། འདིར་ནི་ལྷག་མ་ཉེ་བའི་མཚན་མ་ས་དང་ཆུ་དང་། བསྲེག་ཟ་རླུང་དང་ན་མཁའ་ལས་སྐྱེས་པ། དེ་དག་རང་བཞིན་ཡོན་ཏན་དབང་གིས་ཤེས་པར་བྱ་བ་ཉིད་ལྷ་དང་ལྷ་མོ་རྣམས་ཀྱིའོ་ཞེས་པ་སྟེ། ཙཱ་ར་ཙི་ཀྵཱ་ལ་སོགས་པ ་ཐམས་ཅད་ཀྱི་མཚན་མ་རྣམས། རླུང་ལ་སོགས་པའི་རེག་པས་དབྱེ་བར་བྱའོ།། འདིར་གསུངས་པོ། གང་ཞིག་ལ་ལ་སོགས་པ་སུམ་ཅུའི་དབྱངས་ནི་ས་ཆུ་བསྲེག་ཟ་རླུང་དང་ན་མཁའ་ལས་སྐྱེས་པ། ཐུང་ངུ་རིང་པོའི་རབ་དབྱེ་རྣམས ་ཀྱིས་རིམ་པས་ཡོངས་བཀོད་ངེས་པར་པདྨ་ལ་གནས་ཟླ་བ་དང་། ཉི་མའི་གཽདན་ལ་གནས་པ། དེ་དག་མཐའ་དག་འཁོར་ལོ་ལ་སོགས་མཚན་མ་རྣམས་ཀྱི་རང་གི་སྔགས། གང་ཞིག་ཁོ་ནར་མཚན་མ་དྲུག་པར་གྱུར་པ་དོར་ནི་ཡོན ་ཏན་དབང་གིས་གཞོམ་དུ་མེད་པར་འགྱུར།། དེ་ལྟར་ས་བོན་གྱིས་མཚན་མ་བསྐྱེད་པ་དང་། མཚན་མས་ལྷ་བསྐྱེད་པ་ནི་རྣལ་འབྱོར་པས་ཐམས་ཅད་དུ་རྟོགས་པར་བྱའོ།། ཞེས་པ་རྒྱུད་ཀྱི་ངེས་པའོ།། ད་ནཱི་ནཱ་ད་ཞེས་པ་ལ་སོགས་པས ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་ས་བོན་གྱི་ཡི་གེ་གསུངས་ཏེ། ནཱ་ད་ནི་གཞོམ་དུ་མེད་པའོ།། དཔ་ལ་ལྡན་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་ཀྱི་ཕུང་པོའོ།། དེ་ལྟར་ཐམས་ཅད་དུ་མིང་དང་མིང་ཅན་གྱིས་འབྲེལ་པ་སྟེ། ་འདི་ལྟར་ཨ་ནི་མི་བསྐྱོད་པའོ།། ཨ་ནི་དོན་ཡོད་གྲུབ་པའོ།། རི་ནི་རིན་ཆེན་འབྱུང་ལྡན་ནོ།། ཨུ་ནི་སྣང་བ་མཐའ་ཡས་སོ།། ལྀ་ནཱི་རྣམ་པར་སྣང་མཛད་དོ།། ལཱྀ་ནི་སྤྱན་མའོ།། རཱཾ་ནི་གོས་དཀར་མོའོ།། ཨཱུ་ནི་མཱ་མ་ཀཱིའོ།། ཨཱི་ནི ་སྒྲོལ་མའོ།། ཨཱ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། གཞོམ་དུ་མེད་པ་ཞེས་པ་ནི་དཔལ་ལྡན་ཡུམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། དེ་ལྟར་ལུས་དང་བསམ་པའི་དབྱེ་བས་ཐུང་ངུ་དང་རིང་པོའི་དབྱངས་རྣམས་ཀྱི་སྐྱེ་བའོ།། ་དེ་བཞིན་དུ་མཆོག་གི་རྒྱལ་བའི་བདག་པའི་ཡེ་ཤེས་ཀྱི་ཕུང་པོ་དང་། སྣ་ཚོགས་ཡུམ་ཡེ་ཤེས་ཀྱི་ཁམས་ནི་ཕན་ཚུན་ལུས་བསམ་པའོ།། རྣམ་པར་ཤེས་པ་དང་ན་མཁའི་ཁམས་སོ།། འདུ་བྱེད་དང་སིའི་ཁམ་སོ།། ཚོར་བ་དང་། ་ཆུའི་ཁམས་སོ།། འདུ་ཤེས་དང་མེའི་ཁམས་སོ།། གཟུགས་དང་རླུང་གི་ཁམས་སོ།། དེ་བཞིན་དུ་ཨཾ་ཡིག་ནི་ཀུན་ཏུ་བཟང་པོའོ།། ཨ་ཡིག་ནི་ཕྱག་ན་རྡོ་རྗེའོ།། ཨེ་ནི་ན་མཁའི་སྙིང་པོའོ།། ཨར་ནི་སའི་སྙིང་པོའོ།། ཨོཾ ་ནི་འཇིག་རྟེན་དབང་ཕྱུག་གོ། ཨ་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ།། དེ་བཞིན་དུ་ཨཱ་ནི་ཆོས་ཀྱི་དབྱིངས་སོ།། ཨཱིཿནི་སྒྲ་རྡོ་རྗེ་མའོ།། ཨཾ་ནི་རེག་བྱ་རྡོ་རྗེ་མའོ།། ཨཱར་ནི་རོ་རྡོ་རྗེ་མའོ།། ཨོཾ་ནི་གཟུགས་རྡོ ་རྗེ་མའོ།། ཨཱ་ལ་ནི་དྲི་རྡོ་རྗེ་མའོ།། ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས་ནི། ཕན་ཚུན་དུ་ལུས་དང་བསམ་པར་བྱའོ།། ཕྱག་ན་རྡོ་རྗེ་དང་། སྒྲའི་རྡོ་རྗེ་མ་ཟུང་སྟེ། ལུས་དང་བསམ་པར་བྱའོ།། ནམ་མཁའི་སྙིང་པོ་དང་དྲི་རྡོ་རྗེ་མའོ།། འཇིག་རྟེན ་དབང་ཕྱུག་དང་རོ་རྡོ་རྗེ་མའོ།། སའི་སྙིང་པོ་དང་གཟུགས་རྡོ་རྗེ་མའོ།། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་པ་དང་རེག་བྱ་རྡོ་རྗེ་མའོ།། དེ་ལྟར་རིགས་ནི་དྲུག་པོ་རྣམས་དག། རང་བཞིན་ཡོན་ཏན་དབང་གིས་ཡང་དག་པར་ནི་རྣལ་འབྱོར་པ ་ཡིས་རིག་པར་བྱ། ཞེས་པ་ནི་ངེས་པའོ།། ད་ནི་ཧཾ་ཞེས་པ་ལ་སོགས་པས་ཁྲོ་བོ་རྣམས་ཀྱིས་རིགས་ལྔའི་ས་བོན་གསུངས་ཏེ། འདིར་ཧཾ་ཡིག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བར་འགྱུར་ཏེ། ལུས་ཀྱི་དབང་གིས་ཤེས་པ་ལུས ་ཀྱི་དབྱེ་བ་ལསོ།། ད་ལྟར་གཞན་དུ་ཡང་ངོ་།། ཧཿནི་ཤིན་ཏུ་སྔོན་མོའོ།། ཧ་ནི་གནོད་མཛེས་སོ།། ཧཱ་ནི་དྲག་སྤྱན་མའོ།། ཡཾ་ནི་ཤིན་ཏུ་སྟོབས་སོ།། ལཱཾཿནི་རེངས་བྱེད་མའོ།། རྀ་ནི་རྨུགས་བྱེད་མའོ།། ཝཱཿནི་ང་རྒྱལ་མའོ།། ཝཱཿནི ་ཁེངས་བྱེད་དོ།། རཱཿནི་རྨུགས་བྱེད་ལའོ།། ལཾ་ནི་རངས་བྱེད་དོ།། ཡཱཿནི་ཤིན་ཏུ་བརྩོན་འགྲུས་མའོ།། དེ་བཞིན་དུ་ཡ་ཝ་ར་ལ་ནི་གྲངས་བཞིན་དུ་དབྱུག་པ་སྔོན་པོ་དང་། མི་གཡོ་བ་དང་། འདོད་པ་དང་། སྟོབས་པོ་ཆེར་འགྱུར་རོ།། ལུས ་ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་རིང་པོ་སྟེ། གླང་པོ་ཆེའི་ཤིང་རྟ་ལ་ཡཱ་ནི་རྡོ་རྗེ་ལྕགས་སྒྲོག་མའོ།། རྟའི་ཤིང་རྟ་ལ་ཝཱ་ནཱི་ཙུན་རའོ།། སེང་གེའི་ཤིང་རྟ་ལ་རཱ་ནི་ཁྲོ་གཉེར་ཅན་མའོ།། ཕག་གི་ཤིང་རྟ་ལ་ལཱ་ནི་འོད་ཟེར་ཅན་མའོ།། དེ་བཞིན ་དུདབྱུག་སྔོན་དང་འོད་ཟེར་ཅན་ནི་ཟུང་སྟེ། ཕན་ཚྭན་ལུས་དང་བསམ་པའོ།། མི་གཡོ་བ་དང་། ཁྲོ་གཉེར་ཅན་མཱའོ།། ཤིན་ཏུ་སྟོབས་དང་རྡོ་རྗེ་ལྕགས་སྒྲོག་མའོ།། འདོད་པའི་རྒྱལ་པོ་དང་། ཙུན་དཱ་ནི་ཟུང་སྟེ། དཀྱིལ་འཁོར་ལ་ནི ་བདེ་བ་དམ་པའི་དོན་དུའོ།། ཞེས་པ་ནི་གཞན་གྱི་རིགས་ལ་འཁྱུད་བས་སོ།། དེ་བཞིན་དུ་ནུས་མའི་ས་བོན་རྣམས་ཏེ་ནུས་མ་ནི་དུ་བ་ལ་སོགས་པ་མཚན་མའི་རྣལ་འབྱོར་མ་རྣམས་སོ།། དེ་ལ་ཨ་ཡིག་དག་དང་ཨཾ་དང་རྣམ་པར་བཅད ་པ་ནི་ཨཱ་ཨཱ་ཨཾ་ཨཿསྟེ། རིམ་པ་བཞིན་དུ་ནག་མོ་འབར་མ་དང་། སེར་མོ་འབར་མ་དང་། དཀར་མོ་འབར་མ་དང་། དམར་མོ་འབར་མའོ།། དེ་བཞིན་དུ་ཧཾ་དང་ཧཽཿདད་ཧ་ཧཱ་སྟེ། ཧཾ་ནཱི་མཁའ་གསལ་མཱའོ།། ཧཿནི་སྨིག་རྒྱུ་མའོ།། ། ་ཧ་ནི་དུ་བ་མའོ།། ཧ་ནི་མར་མེ་མའོ།། དེ་ལྟར་ཡི་གེ་བརྒྱད་ལས་སྐྱེས་པ་ནུས་མ་བརྒྱད་དོ།། བུམ་པ་རྣམས་ལ་དེ་བཞིན་ཧ་ཡིག་རླུང་དང་མེ་དང་ཆུ་དང་སའི་དབྱངས་ཀྱིས་ཕྱེ་བར་འགྱུར་ཞེས་པ་ནི། ཤར་གྱི་བུས་པ་དག་ལ་ཧིཾ་ཧཱིའོ།། ་ལྷོའི་བུམ་པ་དག་ལ་ཧཱཾ་ཧཱཾའོ།། བྱང་གི་བུམ་པ་དག་ལ་ཧུ་ཧཱུའོ།། ནུབ་ཀྱི་བུམ་པ་དག་ལ་དླྀ་ཧཱུཾ་སྟེ། རླུང་ལ་སོགས་པའི་དབྱེ་བའོ།། དེ་བཞིན་དུ་ཨོཾ་ཡིག་ནི་ཆོས་ཀྱི་དོང་ངོ་།། ཧུ~ཾ་ནི་ཡིད་བཞིན་གྱི་ནོར་བུའོ།། སོ་ནི་དཔག་བསམ ་གྱི་ཤིང་ངོ་། ཨཱཿནི་ཆོས་ཀྱི་གཎ་ཊཱི་སྟེ། ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷའི་ས་བོན་གྱི་ཡི་གེའོ།། དེ་ནི་གསུང་གི་དཀྱིལ་འཁོར་ལ་ཙར་ཙི་ཀྵཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་གསུངས་ཏེ། ཧ་ཡིག ་ནི་ཙྪ་མུརྐ་ཌའོ།། ཧཾ་ནི་དབང་ཕྱུག་ཚན་མོའོ།། ཧཿནི་ཕག་མོའོ།། ཧཱ་ནི་དབང་མོའོ།། ཀཱ་ནཱི་ཁྱབ་འཇུག་མའོ།། ཀྵཱ་ནི་ཚངས་མའོ།། ཀཱཾ་ནཱི་དཔལ་ཆེན་མོའོ།། ཀྵཿནི་གཞོན་ནུ་མ་སྟེ། གཙོ་བོ་རྣམས་ཀྱི་ས་བོན་ནོ།། དེ་བཞིན་དུ་འདབ ་མའི་ལྷ་མོ་རྣམས་ཀྱི་ནི་རིམ་པ་བཞིན་དུ་ཤྭར་ལ་སོགས་པ་ཕྱོགས་བརྒྱད་ཀྱི་རྒྱབ་ཀྱི་པདྨའི་འདབ་མ་རྣམས་ལ་ཧྲཱིསྟྭ~ཾ་ཧུ་ཧྲཱིཾ་ཀྵ་ཀྲཱྀ་ཀྵཱ་ཀྵཱིའོ།། ཐུང་ངུའི་དབྱངས་རྣམས་མདུན་དུའོ་ཞེས་པ། འདབ་མ་བརྒྱད་པོ་རྣམས་ལ། ཧ་ཧཱཾ་ཧུ ་xxx། xxx ་མོའི་འདབ་མ་དྲུག་པོ་རྣམས་ལ་ནི། འདྲབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་གིས་ཕྱེ་བ་ཐུང་ངུ་རིང་པོ་རྣམས་ནི་རིམ་པས་ཡོངས་བཀོད་པ་ཞེས་པ་སྟེ། ཕྱོགས་དང་ཕྱོགས་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ།། དེ་ལ ་ཙ་མུརྐ་བའི་པདྨའི་འདབ་མ་ལ་མདུན་དུ་ཧི་ཡིག་སྔར་བཀོད་པ་སྟེ། དེ་ནས་གཡས་སྐོར་གྱིས་འདབ་མ་གཉིས་པ་ལ་ཡའོ།། གསུམ་པ་ལ་ཡིག། བཞི་པཾ་ལ་ཡཱཾའོ།། ཝ་པ་ལ་སྔར་བཀོད་པའི་སཱིའོ།། དྲུག་པ་ལ་ཡུའོ།། ་བདུན་པ་ལ་ལླིའོ།། བརྒྱད་པ་ལ་ཡང་ངོ་།། དེ་བཞིན་དུ་ཁྱབ་འཇུག་མའི་ཀྵི་ཡཱ་ཡི་ཀྵཾ་ལྱཱ་ཡཱི་ཡཿའོ།། དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་མ་ལ་ཏྲི་སྟེ། དེ་ནས་རཱ་རི་ནྟཾ་དྷྲྀ་རཱ་རཱི་རཾ་མོ།། གཞོན་ནུ་མཱའི་ཀྵཱ་རཱུ་རཱི་དྷྲྀཀྵཱི་རཱུ་ཪྻཾ་རཿའོ།། དྲག་མཿ། ་ཧུ་ཝི་ཝཱི་རླྀ་ཧུ་ཝ་ཝུ་ཝཱཾ་ཝ~ཾ་ངོ་།། དེ་བཞིན་དུ་དཔལ་ཆེ་ནི་མོའི་ཀྵ་ཝཱ་ཤྲཱི་ལཱྀཀྵཱི་ཝཱའོ།། དབང་མོའི་ངྒ་ལཾ་ལྀ་ལྱཱ་བྷྲཱུཾ་ལུ་ལླཱི་ལཾའོ།། ཚངས་མའི་ཀཱུ་ལ་ཁཱི་ལཱྀ་ཀྵཱི་མཱུམླྀ་ལཿའོ།། དེ་ལྟ་ཙི་ཀྵི་ལ་སོ་ག་སའི་ལྀ་མཐའ་ཐམས ་ཅད་ན་ནི་གངས་རྐྱེན་གྱིས་བསྒྱུར་ཞེས་པ་བརྒྱད་བརྒྱད་ཀྱིས་བིདྡྷ་འཇིགས་མཱ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་འདབ་མ་ལཱ་གོ་རིམས་རྗེའོ།། ནས་པ་ངེས་པ་སྟེ། ཕྱོགས་རྣམས་སུའོ།། ་ལཱ་ལ་སོགས་པ་ནི་པདྨ་ལ་སོགས་པ་རྣམས་ཀྱི་ཕྱོགས་བྲལ་ལའོ།། འདིར་རིགས་ཀྱི་དབང་གིས་མངོན་ཕྱོགས་ཙ་མུཎ་བ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་སྔགས་ཀྱི་དབྱེ་བས་སོ་ཞེས་པ་ནི། འདིར་ཙྪ་མུཎ་བ་དང ་ཁྱབ་འཇུག་མ་ནི། འདུ་བྱེད་ཀྱི་རིགས་ཅན་མའོ།། དེ་ལ་མངོན་དུ་ཕྲོགས་པ་གཟུགས་ཀྱི་རིགས་ཅན་ནི་ཐབས་ཏེ། སྔགས་ཀྱི་དབྱེ་བས་ཤེས་པ་ལ་ཡིག་གིས་རིགས་ཉིད་དོ།། ཕག་མོ་དང་གཞོན་ནུ་མ་ནི་ཚོར་བའི་རིག ་ཅན་མའོ།། དེ་ལ་མངོན་དུ་ཕྱོགས་པ་འདུ་ཤེས་ཀྱི་རིགས་ཅན་ནི་ཐབས་ཏེ་ཨུ་ཡིག་ལས་སྐྱེས་པའོ།། དབང་མོ་དང་ཚངས་མ་ནི་གཟུགས་ཀྱི་རིགས་ཅན་མའོ།། དེ་ལ་མངོན་དུ་ཕྱོགས་པ་འདུ་བྱེད་ཀྱི་རིགས་ཅན་ནི་ཐབས ་ཏེ་རི་ཡིག་ལས་སྐྱེས་པའོ།། དེ་ལྟར་གསུང་གི་དཀྱིལ་འཁོར་ལ་རིགས་བཞིའི་རྣམ་པར་གཞག་པའོ།། ང་ནི་སྐུའི་དཀྱིལ་འཁོར་ལ་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ། ཏཾ་ནི་བརྒྱ ་བྱིན་ནོ།། ནཿནི་ཚངས་པའོ།། པཾ་ནི་བརྒྱ་མཚོའོ།། མཿནི་ཚོགས་ཀྱི་དབང་པོའོ།། ཏཾ་ནི་མཱིའོ།། ཎཿནི་གཞོན་ནུའོ།། ཙཾ་ནི་སྲིན་པོའི་དབང་པོའོ།། ཉཿནི་རླུང་ངོ་།། ཀཽཿནི་ཁྱབ་འཇུག་གོ། པཿནི་གཤིན་རྗེའོ།། སཾ་ནི་དྲག་པའི ་བྷཱུཿནི་གནོད་སྦྱིན་ནོ།། དེ་ལྟར་ཙ་ལ་སོགས་པ་སྡེ་པ་དྲུག་པོ་རྣམས་ཀྱི་ཐུང་ངུ་དང་། རིང་པོའི་དབྱེ་བས། ནག་པའི་ཟླ་བ་ལ་སོགས་པ་རྣམས་ཀྱིས། གནམ་སྟོང་གི་ས་བོན་ཏེ། ཙ་ཉཿཞེས་པ་ལ་སོགས་པས་ནག ་པའི་ཟླ་བའི་གནམོ་སྟོང་དང་། ས་གའི་ཟླ་བའི་གནམེ་ལ་གཟུང་བར་བྱའོ།། དེ་བཞིན་དུ་རྩ་སོགས་སྡེ་པ་དབྱངས་དང་བཅས་པ་རྣམས་ནི་ལྷའི་པདྨའི་འདབ་མར་ལྷ་མོ་རྣམས་ཀྱིས་འགྱུར།། ནག་པའི་ཟླ་བ་སོགས་ཀྱི་ཚེས ་རྣམས་དུས་ཀྱི་ངེས་པའི་དབང་གིས་སྟོང་པ་དྲུག་དང་མེའི་གྲངས་ཤེས་པ་སུམ་བརྒྱ་དྲུག་ཅུའི་གྲངས་ཏེ། ལོའི་ཚེས་རྣམས་སོ།། འདིར་ནག་པའི་ཟླ་བའི་ལྷ་མོ་རྣམས་ནི་དང་པོའི་ཟླུམ་སྐོར་གྱིས་འདབ་མ་བཅུ་བཞི་པོ་རྣམས ་ལིའོ།། དེ་ལ་དང་པོའི་འདབ་མ་ལ་ཉ་རྡོ་རྗེ་མའོ།། གཉིས་པ་ལ་ཉི་རྡོ་རྗེ་མའོ།། དེ་བཞིན་དུ་ནི་རྡོ་རྗེ་མ་དང་། བུ་རྡོ་རྗེ་མ་དང་། ཤྲཱི་རྡོ་རྗེ་མ་དང་། ཉེ་རྡོ་རྗེ་མ་དང་། དེ་བཞིན་དུ་དྷི་རྡོ་རྗེ་མ་ད་། དྷི་རྡོ་རྗེ་མ་དང་། རྗེ་རྡོ་རྗེ་མ་དང་། རྡོ་རྗེ་མ ་དྷཱི་རྡོ་རྗེ་མ་དང་། བྷྲཱུཾ་རྡོ་རྗེ་མ་དང་། རྡོ་རྡོ་རྗེ་མ་དང་། ཇི་རྡོ་རྗེ་མ་སྟེ། ལྷ་མོ་བཅུ་བཞི་པོ་རྣམས་ནི་བདེན་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ།། ཛྷི་རྡོ་རྗེ་མ་ནི་མངོན་དུ་ཕྱོགས་པའི་ཤེས་རབ་སྟེ། ཉའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ ་གཉིས་པའི་ཟླུམ་སྐོར་ལ་ནག་པའི་ཚེས་གཅིག་ལ་སོགས་པ་སྟེ། དང་པོའི་འདབ་མ་ལ་ཛུ་རྡོ་རྗེ་མའོ།། དེ་བཞིན་དུ་ཛཱི་རྡོ་རྗེ་མ་དང་། ཛཾ་རྡོ་རྗེ་མ་དང་། ཛ་རྡོ་རྗེ་མ་དང་། ཆ་རྡོ་རྗེ་མ་དང་། ཚེ་རྡོ་རྗེ་མ་དང་། ཚེ་རྡོ་རྗེ་མ་དང་། ཆུ་རྡོ་རྗེ་མ ་དང་། རྨི་རྡོ་རྗེ་མི་དང་། ཚེ་རྡོ་རྗེ་མ་དང་། ཙ་རྡོ་རྗེ་མ་དང་། ཅི་རྡོ་རྗེ་མ་དང་། ཙཱི་རྡོ་རྗེ་མ་དང་། ཙུ་རྡོ་རྗེ་མ་དང་། ཙུཾ་རྡོ་རྗེ་མ་སྟེ། ཅི་རྡོ་རྗེ་མ་ནི་གནམ་སྟོང་གི་ས་བོན་ཏེ། འདིར་སྐྱེས་པའི་རིམ་པས་སོ།། 1\ུ0f7fཞེས་པ་ལུགས་ལས ་བཟློག་པའི་སྐྱེད་པའི་རིམ་པས་ཏེ། རླུང་གི་འདབ་མ་ལ་ཙྪ་རྡོ་རྗེ་མའོ།། དེ་བཞིན་དུ་སྔགས་ཐམས་ཅད་རྡོ་རྗེའི་མཐའ་ཅན་སྟེ། ནཱ་ནཱཾ་ཙཱ་ཙྪནྟི་ཙ~ཾཿཚཱ་རྨཱནྠིརྨྨརྨྨི་ཚཿཛྙཱ་དྷཱི་སྟེ། ཛྷཻཾ་ཉའི་གནས་སུ་སྔར་བཞིན་ནོ།། གཉིས་པའི ་ཟླུམ་སྐོར་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་སྟེ། ཛྱཱ་ཛྲཱྀ་ཛཿཛྙཱ་དྷྲྀ་དྷྲྀ་ཛྙཱ་དྷྲྀ་ཛཿཉྫ་ཉྫ་ཛྙཱ་ཉྫ་ཉྫིའོ།། 1\ུ0f7fཞེས་པ་ནི་གནམ་སྟོང་གི་སཾ་བིན་ཏེ། རླུང་གི་བཾ་ལའོ།། དེ་བཞིན་དུ་སྣརོན་གྱི་ཟླ་བ་དང་ཆུ་སྟོད་ཀྱི་ཟླ་བ་དག་ལ་ཊ་སྡེའོ། ་གྲོ་བཞིན་གྱི་ཟླ་བ་དང་། སྟོད་ཀྱི་ཟླ་བ་དག་ལ་པ་སྡེའོ།། ཐ་སྐ་འཛི་གྱི་ཟླ་བ་དང་། སྨིན་དྲུག་གི་ཟླ་བ་དག་ལ་ཏ་སྡེའོ།། མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་དག་ལ་ས་སྡེའོ།། མཆུའི་ཟླ་བ་དང་། ད་བོའི་ཟླ་བ་དག་ལ ་ཀ་སྡེའོ།། དེ་ལྷུར་ལོའི་ཚེས་ཀྱི་ས་བོན་གྱི་ངེས་པའོ།། ད་ནི་དེ་ཉིད་ལ་ཞོན་ཧ་ཡིག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས་ཏེ། འདིར་དེ་ཉིད་ནི་ཡ་ར་ལ་ཝ་སྟེ། དེ་རྣམས་ལ་ཞོན ་པ་ནི་དེ་ཉིད་ལ་ཞོན་པའོ།། རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་རྒྱུ་དང་པདྨ་དག་གི་ཧྱ་རྒྱའོ།། སའི་དཀྱིལ་འཁོར་ལ་འཇོག་པོ་པདྨ་ཆེན་པོ་དག་གི་གྲངས་བཞིན་དུ་རྨ་རྨཱའོ།། མེའི་དཀྱིལ་འཁོར་ལྔ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་དག་གི ་ཧཱ་ཧཱའོ།། ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་དག་གི་ཧཱ་ཧཱའོ།། དེ་ལྟར་རླུང་མེ་ཆུ་དང་ས་རྣམས་ཀྱི་དཀྱིལ་འཁོར་དག་ལ་ཤར་ལ་སོགས་པའི་ཀླུ་རྣམས་ཀྱིས་ཞེས་སོ།། ད་ནི་ཁྱི་གདོང་མ་ལ་སོགས་པ་རྣམས ་ཀྱི་ས་བོན་གསུངས་ཏེ། བརྩེགས་པ་ཞེས་པ་ནི་ཡི་གེ་སོ་སོས་ཡི་གེ་ལྷའི་བདག་ཉིད་བརྩེགས་པའོ།། སྡེ་བདུན་བརྩེགས་པ་ལ་གནས་དེ་རྣམས་ཀཱ་ཡ་ར་ཝ~ཾ་ལར་ལྡན་པ་ནི་བརྒྱད་དེ། དུར་ཁྲོད་བརྒྱད་དུ་ལྷ་མིན་མོ་རྣམས་ཀྱིའོ།། ་དེ་ལ་ཕྱོགས་ཀྱི་དུར་ཁྲོད་དུ་ཤྭ་ར་རུ། ཀྱཱའོ།། གྷོར་ཀྵཱའོ།། ནུབ་ཏུ་བྷཱུའོ།། བྱང་དུ་ཧྱཱའོ།། ཟུར་གྱི་མེར་ཉྫའོ།། བདེན་བྲལ་དུ་རྞྞའོ།། རླུང་དུ་ནྡྷའོ།། དབང་ལྡན་དུ་སྠཱའོ།། དེ་ལྟར་ཐམས་ཅད་དུ་ཤེས་རབ་ཐབས་ཀྱི་ལུས་དང་བསམ ་བས་རིགས་ཀྱི་དབང་ལས་འདིར་ནི་དྷཱི་གང་ཞིག་དྷཱི་དབུསསུ་མངོན་མླེ་ཕྱོགས་འགྱུར། དྷཱི། རྣལ་འབྱོར་པས་བྷྲཱུཾ་གཙོ་བོབྷྱཱཾདང་ཉེ་བའི་གཙོ་བོའི་བྷཱི་དབྱེ་བས་རྟོགས་པར་བྱ། ཞེས་པ་ནི་རྒྱུད་ཀྱི་ངེས་པའོ།། ད་ནི ་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་འབྲེལ་པ་དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་གུ་ནི་གོ་བླ་སྟེ། སྣ་ཚོགས་ཡུམ་ནི་ལྷག་མའོ་ཞེས་པའི་མཐར་ཐུག་པ་རིགས་ཅན་དག ་གི་འབྲེལ་པའོ།། ད་ནི་སྐུ་བཞི་རྣམ་པར་དག་པས་དག་པ་གསུངས་ཏེ། ལྷ་མོ་ཞེས་པ་ལ་སོགས་པ་སྟེ། འདིར་ནང་གི་ལེའུ་ལས་མངལ་ནས་སྐྱེས་པའི་བྱིས་པའི་གནས་སྐབས་རྣམ་པ་བཞིའི་དབྱེ་བས་མངལ་དང་། ཕྱི་རོལ ་ཏུ་སྐུ་བཞིར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ། ལྷ་བསྒོམ་པ་ལ་རྣལ་འབྱོར་པས་རྣམ་པར་སྦྱངས་པར་བྱའོ།། དེ་ལ་ལྷ་མོ་ནི་དུ་བ་མ་དང་། སྨིག་རྒྱུ་མ་དང་། མཁའ་སྣང་མ་དང་། མེར་མེ་མ་དང་། སེར་མོ་འབར་མོ་དང་། ་དཀར་མོ་འབུར་མེ་དང་། དམར་མོ་འབྲང་མེ་དང་། ནག་མོ་འབྱུ་མྦྷ་དང་། ཟླ་བའི་རྒྱུ་དང་། ཐིག་ལེའི་གཟུགས་ཅན་མ་སྟེ། བ་བ་ཆེན་པོའི་འཁོར་མོའི་བདེ་བ་ཆེན་པོའི་པཱུཔྣའི་ལྟུ་བ་མ་རྣམས་ལའོ།། ལས་མ་གཉིས་པས ་སངས་རྒྱསྣ་རིགས་མ་ཞེས་པ་སྟེ། འདིར་སངས་རྒྱས་ནི་དོན་ཡོད་གྲུབ་པ་དང་། རིན་ཚུན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དོ།། རིག་མི་ནི་སྒྲོལ་མ་དང་། གོས་དཀར་མོ་དང་། མཱ་མཱ་ཀྵི་དང་། སྤྱན ་མའོ། ཤིང་དང་བཅས་ཤིང་བུམ་པ་དང་བཅས་ཤེས་པ་ལ། ཤིང་ནི་དཔག་བསམ་གྱི་ཤིང་སྟེ། དེ་བཞིན་དུ་ཡིང་བཞིན་གྱི་ནོར་བུ་དང་། ཆོས་ཀྱི་གཎ་ཌཱི་དང་། ཆོས་ཀྱི་དུང་དང་ངོ་།། བུམ་པ་ནི་རྡུལ་དང་ཁུ་བ་དག་གིས་སྐུ་ད ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་གཤང་པ་དང་གཅི་བ་དང་ཁྲག་དང་རྐང་གིས་བུམ་པ་བརྒྱད་དོ།། རྒྱལ་བ་དཀྱིལ་འཁོར་གྱི་བདག་པོ་ཡི་ནི་དག་པའི་སྐུའོ།། དེ་ནས་ཕྱི་རོལ་གྱི ་འབར་མ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་རྣམས་སུ་ཁྲོ་བོའི་དབང་པོ་ནཱི་བགེགས་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། གཤིན་རྗེ་མཐར་བྱེད་དང་། གཙུག་ཏོར་རོ།། བྱང་ཆུབ་སེམས་དཔའ ་ནི། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོའོ།། ངེས་པར་རོའི་རྡོ་རྗེ་མ་ཞེས་པ་ནི། སྒྲ་རྡོ་རྗེ་མ་དང་། རིག་བྱ་རྡོ་རྗེ་མ་དང་། ་གཟུགས་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། འདི་རྣམས་ནི་ཆོས་ཀྱི་སྐུ་དེ་ཉིད་དོ།། དེ་ནས་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ། ཙ་ར་ཙི་ཀཱ་ལ་སོགས ་པ་འདབ་མའི་ལྷ་མོ་དང་ལྷན་ཅིག་པའོ།། དེ་ནི་སྐུའི་དཀྱིལ་འཁོར་ལ་རབ་མཆོག་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་དང་། ལྷ་ནི་ཉི་མར་རབ་གྲགས་པ་བདེནི་བྲལ་ལ་སོགས་པ་བཅུ་གཉིས་དང་། སྟོབས་ཀྱི་རྒྱུ ་ལ་སོགས་པ་ཀླུ་ནི་བརྒྱད་པོ་རྣམས་དང་། ཁྱི་གདོང་མ་ལ་སོགས་པ་རབ་གཏུམ་མ་རྣམས་ཏེ། ལྷ་ལ་སོགས་པ་འདི་དག་འཁོར་དང་བཅས་པ་ཞེས་པ། པདྨའི་འདབ་མའི་ལྷ་དང་བཅས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི ་སྐུའོ།། དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་ལ་གཉིས་སུ་འགྱུར་ཏེ། ཕྱི་རོལ་དག་དང་ནང་ལ་ཡང་། མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་འགྱུར།། ཞེས་པ་ནི་འདིར་མངལ་དུ ་བྱིས་པའི་རྣམ་པར་ཤེས་པ་དང་། ཡེ་ཤེས་དང་དབུ་པ་དང་རྡུལ་མངལ་དུ་དོག་པའི་སྐུ་ཡིན་པ་ཇི་ལྟར་དེ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་དང་ལྷ་མོ་དུ་བ་མ་ལ་སོགས་པ་དང་། སོགས་པའི་སྒྲས་ཆོས་ཀྱིས་དུང་ལ་སོགས ་པོ་དང་། བུམ་པ་བརྒྱད་དེ་འདི་རྣམས་ནི་དཀྱིལ་འཁོར་གྱི་སྙིང་པོར་ལྷན་ཅིག་སྐྱེས་པའི་སྐུའོ།། དེ་ནས་བྲིས་པའི་ཕུང་པོ་དང་ཁམས་འབྱུང་བ་ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་སངས་རྒྱས་ལ་སོགས་པའོ།། ་དེ་ནས་བྱིས་པའི་སྐྱེས་མཆེད་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངེས་པར་སྒྲ་རྡོ་རྗེ་མ་སོགས་པའོ།། དེ་ནས་བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་དང་། སྒྲ་ལ་སོགས་པ ་འབྱུང་བ་དང་། བཅའ་བའི་དུས་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞི་སྟེ། རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས་ཤེས་པ། ཐུགས་ཀྱི་དཀྱིལ ་འཁོར་ལ་ཐུགས་ཀྱི་རིགས་ཀྱི་དབང་གིས་ཏེ། མངལ་དུ་རྣམ་པ་བཞིའི་ངེས་པའོ།། ད་ནི་ཕྱི་རོལ་དུ་རྣམ་པ་བཞི་གསུངས་པ། ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། འདིར་བྱིས་པ་སྐྱེས་པའི་ལྟེ་བ་ནས་སྲོག་འབྱུང་བ་ལྷན་ཅིག་སྐྱེས་པའི་སྐུ ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་གྱི་གསུང་གི་དཀྱིལ་འཁོར་ལ་ཙཱ་མུཎྜ་ཌ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་ཞེས་པ་ལྷ་མོ་དྲུག་ཅུ་རྩ་བཞི་དང་བཅས་པའོ།། འདིར་བྱིས་པའི་ལག་པ་དང་རྐང་པ ་ལ་སོགས་པ་བསྐུམ་པ་དང་ཚིགས་མི་གསལ་པོ་ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བཅུ་གཉིས་ཏེ། སོགས་པའི་སྒྲས་ཤིང་རྟ་ལ་གནས་པའི་ལྷ་མོ་དྲུག་གོ།། འདིར་བྱིས་པའི་སོ་སྐྱེས་པ་དང་ཚིགས་གསལ་བར ་གྱུར་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་འཁོར་ལ་མཐའ་དག་གདེངས་ཅན་རིགས་སོ།། འདིར་བྲིས་པའི་སོ་ལྷུང་སྟེ། སླར་སྐྱེས་པ་ནས་འཚོ་བའི་བར་དུ་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ ་བཞིན་དུ། དཀྱིལ་འཁོར་ལ་གཏུམ་མོ་ཁྱི་གདོང་མ་ལ་སོགས་པ་འཁོར་དང་བཅས་པ་སྟེ། འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་དང་བཅས་པ་ནི་སྒྲོལ་པའི་སྐུར་པར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི ་དོན་གྱི་སླད་དུའོ་ཞེས་པ་སྟེ། ཕྱི་རོལ་ཏུ་སྐུ་བཞི་རྣམ་པར་དག་པའི་ངེས་པའོ།། ད་ནི་སྐུ་བཞི་དང་རྡོ་རྗེ་བཞི་ཕན་ཚུན་དུ་སྦྱོར་བ་གསུངས་པ། སྐུ་ཡི་ཞེས་པ་ལ་སོགས་པ་སྟེ། འདིར་བྱིས་པའི་གཟུ་གས་རྫོགས་པའི་སླད ་དུ་ལྷན་ཅིག་སྐྱེས་པའི་སྐུ་དང་འབྱུང་བཞིའི་བདག་ཉིད་ཀྱི་སྐུ་ཡི་རྡོ་རྗེ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། དཀྱིལ་འཁོར་ལ་ཡང་ངོ་།། དེ་བཞིན་དུ་བྱིས་པའི་བརྗོད་པའི་དོན་གསུང་རྡོ་རྗེ་དང་ཆོས་ཀྱི་སྐུ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ ་བཞིན་དུ་ཆོས་སྟོན་པའི་དོན་དུ་དཀྱིལ་འཁོར་ལ་ཡང་ངོ་།། འདིར་བྱིས་པའི་བྱང་ཆུབ་སེམས་དཔའ་དང་ལོངས་སྤྱོད་རྫོགས་པའི་སྐུ་སེམས་ཅན་ཀུན་གྱིས་དོན་བྱེད་པ་པོ།། ཟུང་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་། ་འདིར་བྱིས་པའི་ཡེ་ཤེས་ཏེ་ཤེས་པ་ནཱི། འཕོ་བའི་དུས་སུ་བདེ་བའོ།། སྤྲུལ་པའི་སྐུ་ཞེས་པ་ནི། ལོ་བཅུ་དྲུག་གི་མཚམས་སུ་ཁམས་ཡོངས་སུ་རྫོགས་པ་ཉིད་དོ།། ཟང་དུ་འགྱུར་ཏེ། སྲོག་ཆགས་རྣམས་ལ་ཐར་པ་སྟེར ་བ་ཉིད་དོ་ཞེས་པ་ལ། ཐར་པ་ནི་འདི་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་འཕོ་བའི་སྐད་ཅིག་སྟེ། དེ་སྟེར་བའི་ཕྱིར་ཐར་པ་སྟེར་བའོ།། སྲོག་ཆགས་རྣམས་ཀྱི་ཡེ་ཤེས་དང་། སྤྲུལ་པའི་སྐུའི་མཚན་ཉིད་ཟུང་ཡིན་པ། ་ལྟ་བ་དེ་བཞིན་དུ་དེའི་ཆོས་མི་མཐུན་པས་རྒྱུ་དང་། འབྲས་བུའི་ཡན་ལག་བཅུ་གཉིས་འགོགས་པ་ནི་ཐར་པ་སྦྱོར་བའོ།། ཞེས་པ་སངས་རྒྱས་ཀྱི་ངེས་པའོ།། སླར་ཡང་སྐུ་བཞི་དང་རྡོ་རྗེ་བཞི་པོ་འདི་རྣམས་ཀྱི། ཤེས་རབ ་ཐབས་ཀྱི་ལུས་དང་བསམ་པ་མཉམ་དང་མི་མཉམ་རིགས་ཤེས་ཤེས་པ་ལ། མཉམ་པའི་རིགས་ནི་རྡུལ་ལས་བྱུང་བའི་ཁམས་ཀྱི་རིགས་དང་། མི་མཉམ་པའི་རིགས་ནི། ཁུ་བ་ལས་བྱུང་བའི་ཁམས་ཀྱི་རིགས ་ཏེ། ཉི་ཟླ་ཀ་སོགས་ཨ་སོགས་དང་། རྣམ་གསུམ་སྲིད་པ་ལ་གནས། ཡེ་ཤེས་ཀྱི་དབྱེ་པ་དགའ་བ་ལ་སོགས་པ་དང་། རྣམ་ཤེས་ཀྱི་དབྱེ་བ་སྐྱེ་མཆེད་བཅུ་གཉིས་ཀྱི་དབྱེ་བ་དག་གིས། རྣལ་འབྱོར་པ་ཡིས་མཐའ་དག ་རིག་པར་བྱ་སྟེ། ནང་གི་ལེའུ་ལས་བྱིས་པ་ལ་ཇི་ལྟ་བ་བཞིན་དུ་ལྷའི་སྒྲུབ་ཐབས་ཀྱི་སྐྱེད་པའི་རིམ་པ་ལའོ།། དེ་ལྟར་ལྷའི་གཟུགས་རྫོགས་པའོ།། ད་ནི་སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབ ་པ་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། འདིར་བྱིས་པ་སྐྱེས་པའི་ལུས་དང་། དགེ་དང་སེམས་བྱིན་གྱིས་བརླབས་པ་སད་པ་དང་རྨི་ལམ་དང་། ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དུ་འགྱུར་བ། ཇི་ལྟ་བ་བཞིན ་དུ་དཔྲལ་བ་དང་མགྲོན་པ་དང་། སྙིང་ཀ་དང་ལྟེ་བ་དང་གསང་བ་དང་། གཙུག་ཏོར་ལ་ཨོཾ་ཨཱཿཧཱུཾ་ཧོ་སྥོ་ཧཱའོ།། འདྲི་དག་གིས་བྱིན་གྱིས་བརླབས་པའི་ཡན་ལག་ནི། བྱིས་པ་མ་ཡིས་འཁྲུ་བར་བྱེད་པ་ཇི་ལྟ་བྱ་དེ་བཞིན ་དུ་རབ་མཆོག་རྒྱལ་བའི་བདག་པོ་ལྷ་མོ་རྣམས་ཀྱི་ཤེས་པ་རྣལ་འབྱོར་མ་རྣམས་ཀྱིས་བཀྲུ་བར་བྱའོ།། འདིར་བྱིན་གྱིས་བརླབས་པ་ནི། དཔྲལ་བར་ཨ་ཡིག་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་རོ།། དེའི ་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས། འཁོར་ལོའི་རྩིབས་བརྒྱད་པའོ།། དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་ཞལ་གསུམ་པ། རྩ་བ་དཀར་པོ་གཡོན་དམར་པོ་གཡས་ནག་པོ།། ཕྱག་དྲུག་པ་གཡས ་ན་འཁོར་ལོ་དང་། རྡོ་རྗེ་དང་པདྨ་འཛིན་པ། གཡོན་ན་རལ་གྲི་དང་ནོར་བུ་དང་དྲིལ་བུ་འཛིན་པ། ཤེས་རབ་དང་བཅས་པ་རྫོགས་པར་བྱ་སྟེ། དེ་ནས་དཔྲལ་བ་ལས་སྤྲོས་ནས་དེ་ཡིས་ན་མཁའི་ཁམས་ཀུ་ནས་ཡོངས་སུ་གང ་བར་བསྒོམ་པར་བྱའོ།། སྐུ་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས། སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ། སྐུའི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ་ཞེས ་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ནས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་མངོན་པར་དབང་བསྐུར་རོ།། དེ་ནས་དབང་བསྐུར་བར་གྱུར་པ་ལཾ་བྱིན་གྱིས་བརླབ་པར་བྱ་སྟེ། དཔྲལ་བར་ཟླ་བའི ་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་རབ་ཏུ་བཅུག་ནས་འདི་བརྗོད་པར་བྱའོ།། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། སྐུ་ཡི་རྡོ་རྗེ་ཅན་གྱིས་ནི།། བྱིན་བརློབས་གནས་སུ་དིང་བོ་དག་མཛོད།། ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེང་གསུམ་བསྒོམས་པས།། སྐུ་ཡི་རྡོ་རྗེ་ཅན་གྱིས་ནི།། བྱིན་བརླབས་གནས་སུ་རིང་བདག་མཛོད།། ཅེས་པ་སྟེ། སྐུ་བྱིན་གྱིས་བརླབ་པའོ།། དེ་བཞིན་དུ་མགྲིན་པར་ར ་ཡིག་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་པདྨ་དམོང་པོ་འདབ་མ་བརྒྱད་པའོ།། དེ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་ཤེས་རབ་དང་བཅས་པ། དམར་པོ་ཞལ ་དམར་པོ་དང་དཀར་པོ་དང་ནག་པོ།། གཡས་ན་པདྨ་དང་རྡོ་རྗེ་དང་འཁོར་ལོ་འཛིན་པ། གཡོན་ན་ནོར་བུ་དང་དྲིལ་བུ་དང་རལ་གྲི་འཛིན་པ་སྤྲོས་ཏེ། དེ་ནས་ན་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་པར་བྱའོ།། གསུང་རྡོ་རྗེས་གདུལ ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས། སླར་ཡང་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་དོ།། གསུང་གི་རྡོ་རྗེ་ཅན་གྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་བསྐུར ་བར་གསོལ་བ་གདབ་པར་བྱའོ།། དེ་ནས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ། དབང་བསྐུར་བར་བསྒོམ་པར་བྱའོ།། དེ་ནས་གསུང་བྱིན་གྱིས་བརླབ་པར་བྱ་སྟེ། གསུང་རྡོ་རྗེ་ཉི་མའི ་དཀྱིལ་འཁོར་ལ་རྣམ་པར་བཀོད་ནས་འདི་བརྗོད་པར་བྱའོ།། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། གསུང་གི་རྡོ་རྗེ་ཅན་གྱིས་ནི།། བྱིན་པོ་རླབས་གནས་སུ་རིང་བདག་མཛོད།། ཕྱོགས ་བཅུར་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེང་གསུམ་བསྒོམས་པས།། གསུང་གི་རྡོ་རྗེ་ཅན་གྱིས་ནི།། བྱིན་བརླབས་གནས་སུ་དང་བདག་མཛོད། ཅེས་པ་སྟེ། གསུང་བྱིན་གྱིས་བརླབ་པའོ།། ཐུགས་བྱིན་གྱིས ་བརླབས་པ་ནི། སྙིང་གར་ཐིག་ལེ་ཡོངས་སུ་གྱུར་པ་ལས། སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་རྣམ་པར་བསྒོམ་པར་བྱའོ།། དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པའོ།། དེ་ཡོངས་སུ་གྱུར་པ ་ལས་ཐུགས་རྡོ་རྗེ་ཤེས་རབ་དང་བཅས་པ། ནག་པོ་ཞལ་ནག་པོ་དང་དམར་པོ་དང་། དཀར་པོ་གཡས་ན་རྡོ་རྗེ་དང་། འཁོར་ལོ་དང་པདྨ་འཛིན་པ། གཡོན་ན་དྲིལ་བུ་དང་ནོར་བུ་དང་རལ་གྲི་འཛིན་པ་སྤྲོས་ཏེ། དེ་ཡིས་ན་མཁའི ་ཁམས་ཡོངས་སུ་གང་བར་བྱའོ།། ཐུགས་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས་སླར་ལོག་སྟེ། བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ། ཐུགས་ཀྱི་རྡོ་རྗེ་ཅན་གྱིས་བདག་ལ་དབང ་བསྐུར་དུ་གསོལ། ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ནས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམས་ནས་བྱིན་གྱིས་བརླབ་པར་བྱ་སྟེ། ཐུགས་རྡོ་རྗེ་སྒྲ་གཅན ་གྱི་དཀྱིལ་འཁོར་ལ་བཀོད་ནས་འདི་བརྗོད་པར་བྱའོ།། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། ཐུགས་རྡོ་རྗེ་ཅན་གྱིས་ནི།། བྱིན་བརླབས་གནས་སུ་དིང་བོདག་མཛོད།། ཕྱོགས་བཅུར་བཞུགས། ་པའི་སངས་རྒྱས་རྣམས།། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས།། ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི།། བྱིན་བརླབས་གནས་སུ་རིང་བདག་མཛོད། ཅེས་པ་སྟེ། དེ་ལྟོར་ཐུགས་བྱིན་གྱིས་བརླབས་པར་བྱས་ཏེ། དེ་ནས་གཅིག་པ ་ཉིད་ཀྱིས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྵཱ་ཡོ་ཝ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏ་མ་ཀོ&ཧཱུཾ་ཞེས་པའི་ང་རྒྱལ་རྣལ་འབྱོར་པས་གཟུང་བར་བྱའོ།། ཞེས་པ་ངེས་པའོ།། དེ་བཞིན་དུ་ཤེས་རབ་ཀྱི་ལྟེ་བར་ཧོ་ཡིག་གིས་སོ།། གསང་བར་སྭ་ཡིག་གིས ་སོ།། གཙུག་ཏོར་ཁ་སཱ་ཡིག་གིས་སོ།། ཁུ་བའི་ཆོས་ལས་ཐབས་རིགས་གསུམ་དང་། རྡུ་ལོ་དང་ཁུ་བའི་ཆོས་ལས་ཤེས་རབ་རིགས་དྲུག་གོ།། གསོལ་བ་གདབ་པ་གཞན་ནི་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་བྱའོ།། ་དེར་མ་གསུངས་པ་གང་ཡིན་པ་དེ་ཐམས་ཅད་ཆོ་ག་འདི་ཡིས་བྱའོ།། ཞེས་པ་ནི་ངེས་པའོ།། ང་ནི་སྟོང་པ་ལ་སོགས་པའི་ང་རྒྱལ་གྱི་གནས་རྣམས་གསུངས་པ། སྟོང་པ་ཞེས་པ་ལ་སོགས་པས་ཏེ། འདིར་སེམས ་ཅན་ཐམས་ཅད་ཤྲཱི་བའི་མཐར་ཤི་བའི་མཐའི་ཕུང་པོ་རྣམས་སྟོང་པ་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱིས་མི་ཡི་ཕུང་པོའི་ང་རྒྱལ་ཡོངས་སུ་སྤང་བའི་དོན་དང་། ལྷའི་ཕུང་པོ་ཡོང་སུ་རྫོགས་པར་བྱེད ་པའི་དོན་དུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ&ཧཾ་ཞེས་པ་ནི་ངེས་པའོ།། འདིར་ཉེ་བར་བསྐྱེད་པའི་ཆ་ཤསོ་ཅན་གྱི་ཕུང་པོ་ལྔས་མངལ་དུ་བྱིས་པའི་ལུས་རྫོགས་པ། ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་མེ་ལོང་ལྷ ་བུ་ལ་སོགས་པ་རྣམ་པ་ལྔས་བྷིའི་སྐུ་རྫོགས་པའོ།། དེ་ལ་ང་རྒྱལ་ནི། ཨོཾ་སུ་བཱི་ཤུད་དྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏ་མ་ཀོ&ཧཾ་ཞེས་པ་ངེས་པ་སྟེ། དེ་ལྟར་སྟོང་པ་དང་ཆོས་ཀྱི་དབྱིངས་ཀྱི་དུས་དང་། རྡོ་རྗེ་གསུམ་གྱི་དུས་དང་། དེ་བཞིན ་དུ་འཆད་པར་འགྱུར་བའི་ཡེ་ཤེས་མཆོད་པ་རྗེས་སུ་ཆགས་པ་ལ་སྟེ། འདིར་བྱིས་པའི་རྣ་བ་འབིགས་པ་ལ་སོགས་པ་དང་། བག་མ་ལེན་པ་ན་ལག་པ་འཛིན་པ་དང་། ལོ་བཅུ་དྲུག་གི་མཚམས་སུ་ཡེ་ཤེས་མཆོད ་པའི་རྗེས་སུ་ཆགས་པ་ཇི་ལྟ་བ་བཞིན་ནོ།། དེ་ལྟར་དེའི་དུས་སུ་ཏང་སྭ་བྷཱ་བ་ཨཱཏ་མ་ཀོ&ཧཾ། ཞེས་བརྗོད་པར་བྱ་སྟེ། འདིར་བསྐྱེད་པའི་རིམ་པ་ལ་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་ལྷའི་རྣམ་པར་དག་པས་འཁོར་ལོ ་ཐམས་ཅད་ཀྱི་རྩ་རྣམས་གསུངས་པ། བུམ་པ་ཞེས་པ་ལ་སོགས་པ་སྟེ། འདིར་བུམ་པ་རྣམས་དང་ལྷན་ཅིག་དུ་བ་ལ་སོགས་པ་བརྒྱད་པོ་རྣམས་ཀྱིས་སྐྱོང་ཁའི་འཁོར་ལ་རྩིབས་བརྒྱད་པ་དག་སྟེ། དེ་ཉིད་ཆོས་ཀྱི་འཁོར་ལོའོ།། ་རིག་མ་སྤྱན་མ་ལ་སོགས་པ་བཞི་དང་། སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ། བརྒྱད་པོ་འདི་རྣམས་ལུས་དང་བསམ་པའི་དབྱེ་བས། བཅུ་དྲུག་པོ་རྣམས་ཀྱིས་མགོ་བོར་འཁོར་ལོ་རྩིབས་བཅུ་དྲུག་དག ་བ་སྟེ། དེ་ཉིད་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས་སོ།། མ་གསུངས་པ་ཉིད་ལས་ཀྱི་དུང་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎ་ཌཱི་དང་། དཔག་བས་མོ་གྱི་ཤཱིང་སྟེ་བཞི་པ་རྣམས་ཀྱིས་གཙུག་ཏོར་གྱི་འཁོར་ལོ་དག་པའོ།། བྱང ་ཆུབ་སེམས་དཔའ་ལ་སོགས་ཤེས་པ་སྐྱེ་མཚང་བཅུ་གཉིས་དང་། ཁྲོ་བོ་བཞི་སྟེ་བཅུ་དྲུག་པོ་རྣམས་ཤེས་རབ་དང་ཐབས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་ཏེ། ཉིས་འགྱུར་མི་བདག་ཙསྟྲ་པ་སུམ་ཅུ་རྩ་གཉིས་རྣམས་ཀྱིས ་མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་དག་པའོ།། འཇིགས་མ་ལ་སོགས་ནོར་ནི་གདེང་ཅན་དག་གིས་བསྒྱུར་བ། ཞེས་པ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་ལོ ་རྩིབས་དྲུག་ཅུ་རྩ་བཞི་པ་དག་ལའོ།། དེ་བཞིན་དུ་ཙཱ་མུཎེ་བྷཱུ་ལཾ་སོགས་པ་བརྒྱད་དང་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་གསང་བའི་འཁོར་ལོ་དག་པའོ།། ལག་པ་དང་། རྐང་པའི་ཚིགས་བཅུ་གཉིས་པོ་རྣམས་ལ་ལྷ་སུམ ་བརྒྱ་དྲུག་ཅུ་པོ་རྣམས་ཀྱིས་ལས་ཀྱི་འཁོར་ལོ་དག་པའོ།། ཀླུ་དང་གཏུམ་མོ་བཅུ་དྲུག་པོ་འདི་རྣམས་ཀྱི་ལུས་དང་བསམ་པའི་དབྱེ་བས་སོར་མོའི་ཚིགས་ཀྱི་མཚམས་རྣམས་ལ་བྱ་བའི་འཁོར་ལོ་དག་པ ་སྟེ་འཁོར་ལོ་དག་པའི་ངེས་པའོ།། དེ་ནི་གཙོ་བོ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གཞན་གསུངས་པ། དུས་ཀྱི་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་ཏུ་དུས་དང་ནང་དུ་ཆུ་སྲིན་ལ་སོགས་པའི་ཁྱིམ་གྱི ་འཁོར་ལ་ཡན་ལག་བཅུ་གཉིས་ཀྱིས་བདག་ཉིད་ནི། རྒྱུ་དང་འབྲས་བུའི་བདག་ཉིད་དེ། དེ་ལ་ལྔ་ནི་རྒྱུའི་ཆོས་སོ།། བདུན་ནི་འབྲས་བུའི་ཆོས་སོ།། རྒྱུའི་ཆོས་ནི་ཉོན་མོངས་པ་དང་ལས་ཀྱི་བདག་ཉིད་དོ།། འབྲས་བུའི ་ཆོས་ནི་སྡུག་བསྔལ་གྱི་བདག་ཉིད་དེ། འཇིག་རྟེན་ཁམས་ཀྱི་ལེའུར་གསུངས་སོ།། རྒྱུ་དང་འབྲས་བུའི་ཆོས་དེ་རྣམས་ཀྱི་དག་པ་ནི་དུས་དག་པ་སྟེ། རྒྱུ་དང་འབྲས་སུ་འགོག་པའི་དག་པས་རྡོ་རྗེ་ཅནྡ་ཏེ། དཀྱིལ་འཁོར ་གྱིས་དབང་པོ་དུས་ཀྱི་འཁོར་ལོ་ཅན་རྣམ་པར་དག་པའོ།། ལོ་དང་ཟླ་བ་ལ་སོགས་པ་དབྱེ་བས་སོ།། ཞེས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ།། སེམས་ཀྱི་རྣམ་པ་ནི་རྣམ་པར་དག་པའི་སེམས་སོ།། ཉི་མ་སྟེ ་འཁོར་བའི་སེམས་ཀྱི་མཚན་ཉིད་སྲོག་ལ་ཞོན་པའི་རྣམ་པར་ཤེས་པའི་ཕུང་པོ་ནི་མ་ཡིན་ནོ།། ཉིན་ཞག་སོ་སོའི་དབང་གིས་སྐྱེ་ཚོགས་ཡུམ་ཤེས་རབ་མ་རྣམ་པར་དག་པ་སྟེ། འདིར་ལོ་ལ་ཟླ་བའི་དབྱེ་བས་དུས་སྦྱོར ་བཅུ་གཉིས་ཇི་ལྟ་བ་དེ་བཞིན་དུ་ཉིན་ཞག་སོ་སོ་ལ་འཆར་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་སོ།། དེ་བཞིན་དུ་ཡན་ལག་བཅུ་གཉིས་འགོག་པས་ཤེས་རབ་མའང་དག་པའོ།། འདིར་ཐེག་པ་གསུམ་ལ་རྒྱས་གདབ་པ་ནི་ཆོས ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཡེ་དྷརྨཱའོ།། ལྷ་རྣམས་ཀྱི་རྒྱས་གདབ་པ་ནི་སངས་རྒྱས་པའོ།། དགེ་འདུན་རྣམ་པ་བཞིའི་རྒྱས་གདབ་པ་ནི་དགེ་སློང་ངོ་།། དེ་བཞིན་དུ་དགེ་སློང་སྔོན་དུ་འགྲོ་བ་ནི་དགེ་འདུན་ནོ།། ཡེ་དྷརྨཱ་སྔོན ་དུ་འགྲོ་བ་ནི་ཆོས་སོ།། སངས་རྒྱས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་ལྷའི་ཚོགས་སོ།། དེ་བཞིན་དུ་དཀྱིལ་འཁོར་ལ་གཙོ་བོ་ནི་བསམ་དུ་མེད་པའི་ཐུགས་རྡོ་རྗེ་སྟེ། གཙོ་མོ་ནི་སྟོང་པ་ཉིད་དང་ཡེ ་ཤི་ས་ཀྱི་ཆོས་ཅན་མ་སྣ་ཚོགས་ཡུམ་མོ་ཞེས་པ་ནི་རིགས་པའོ།། ད་ནི་དུ་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། རླུང་ཞེས་པ་ལ་སོགས་པ་སྟེ། འདིར་སྙིང་ཁའི་པདྨ་མཉྫུམ་གནས་ལ་སོགས ་པའི་རླུང་རྣམས་ཀྱི་རྟེན་དུ་གྱུར་པའི་རྩ་བ་བརྒྱད་དེ་རྣམས་ཀྱིས། དུ་བ་ལ་སོགས་པའི་ལྷ་མོ་ནག་མོ་འབར་མའི་མཐར་ཐུག་པ་རྣམས་དག་པའོ།། ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་དག་གི་ཆ་དང་། ཐིག་ལེའི་གཟུགས་ནྡནྡ ་མ་དག་སྟེ། རླུང་བཅུ་འགོག་པས་དག་པའོ།། ཉོན་མོངས་པ་བཞི་ཟད་པས། ཞབས་གཡོན་པའི་འོག་ཏུ་དྲག་པོ་དག་པའོ།། བདུད་ཀྱི་ཚོགས་ཟད་པས། ཞབས་གཡས་པའི་འོག་ཏུ་བདུད་དག་པའོ།། ལུས་ཀྱི་སྒྲིབ ་པ་ཟད་པས་དྲུང་དག་པའོ།། ངག་གི་སྒྲིབ་པ་ཟད་པས་གཱཎ་ཌཱི་དག་པའོ།། སེམས་ཀྱི་སྒྲིབ་པ་ཟད་པས་ནོར་བུ་དག་པའོ།། ཡེ་ཤེས་ཀྱི་སྒྲིབ་པ་ཟད་པས་དཔག་བསམ་གྱི་ཤིང་དག་པ་སྟེ། སྐུའི་རྡོ ་རྗེ་ལ་སོགས་ཀྱིས་སོ།། བུམ་པ་བརྒྱད་ནི། བདུད་རྩིའི་ཡན་ལག་གིས་ཞེས་པ་ནི། འདིར་རྐང་འགོག་པས་བུམ་པ་གཉིས་དག་པ་སྟེ། གཡོན་དང་གཡས་ཀྱི་དཔེ་བས་སོ།། དེ་ལྟར་ཐམས་ཅད་དུ། གཡོན་དང་གཡུ ་ཀྱི་དབྱེ་བས་རིག་པར་བྱའོ།། དེ་བཞིན་དུ་ཁྲག་འགོག་པས་བུམ་པ་གཉིས་སོ།། དེ་བཞིན་དུ་གཅི་བ་མི་འཛག་པས་བུམ་པ་གཉིས་སོ།། དེ་བཞིན་དུ་བཤང་བ་མི་འཇོག་པས་བུམ་པ་གཉིས་སོ།། དེ་བཞིན་དུ་ཁུ་བ་མི ་འཛག་བས་རྒྱལ་པོའི་བུམ་པ་གཉིས་སོ།། རྡུལ་མི་འཛག་པས་རྣམ་པར་རྒྱལ་བའི་བུམ་པ་སྟེ། བུམ་པ་བརྒྱད་དམ། ཐོད་པ་རྣམས་དག་པའོ།། ད་ནི་སངས་རྒྱས་རྣམས་ཀྱི་དག་པ་གསུངས་ཏེ། འདིར་ཀུན་རྫོབ་ཀྱི ་ཆོས་འགགས་པར་གྱུར་པ་ན། གཞན་འདུ་བྱེང་ལ་སོགས་པ་དེ་དག་རྣམས་སོ།། དེས་ན་འདུ་བྱེད་རྣམ་པར་དག་པ་ནི་དོན་ཡོད་གྲུབ་པ་སྟེ། འདུ་བྱེད་ཀྱི་སྒྲིབ་པ་ཟད་པས་སོ།། ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅེས་པ ་རིན་ཆེན་འབྱུང་ལྡན་ཏོ། དང་ཡིག་ནི་སྡུད་པའི་དོན་ཏོ།། དེ་བཞིན་དུ་འདུ་ཤེས་ནི་སྣང་བ་མཐའ་ཡས་སོ།། གཟུགས་ཀྱི་ཕུང་པོ་ནི་འཁོར་ལོ་ཅན། ཞེས་པ་རྣམ་པར་སྣང་མཛད་དོ།། འདི་དག་ནི་སླར་ཡང་མི ་བསྐྱོད་པ་ལ་སོགས་པ་སྟེ། རི་བོང་ཅན་ཞེས་པ་ཁུ་བ་དང་། སྟོབས་ཤེས་པ་ཤ་དང་། ཁྲག་དང་། གཅི་བ་དང་། བཤང་བ་སྟེ། འདི་རྣམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པས། རྣམ་པར་ཤེས་པ་ལ་སོགས་པའི་ཕུང ་པོ་ལྔ་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་ལྷ་མོ་དྲུག་ཅེས་པ་སྣ་ཚོགས་ཡུམ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྒྲོལ་མ་དང་། གོས་དཀར་མོ་དང་། མཱ་མ་ཀཱི་དང་། སྤྱན་མ་སྟེ། ཁམས་རྣམས་ཀྱིས་ཤེས་པ། ཡེ་ཤེས ་དང་ན་མཁེའ་དང་། རླུང་དང་། མེ་དང་། ཆུ་དང་། སའི་ཁམས་རྣམས་འགགས་པས་གཞན་ཁོམས། དེ་དག་རྣམ་པར་དག་པར་འགྱུར་རོ།། ཡུལ་དང་ཡུལ་ཅན་རྣམས་ཀྱིས་ཤེས་པ། གཟུགས་ལ་སོགས་པ་ཡུལ་དྲུག་དང་། མིག ་ལ་སོགས་པའི་ཡུལ་ཅན་རྣམ་པར་དག་པ་རྣམས་ཀྱིས། གཞན་གཟུགས་ལ་སོགས་པ་དེ་རྣམས་དང་། གཞན་མིག་ལ་སོགས་པ་དེ་རྣམས་རྣམ་པར་དག་པ་ནི། གཟུགས་རྡོ་རྗེ་མ་ལ་སོགས་པ་དང་། ལྷན་ཅིག་ཏུ་སའི་སྙིང ་པོ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་སྲས་དང་བཅས་པ་དཤུ་པདྨ་ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཤེས་པ། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་ཀྱི་སྟོབས་ཏེ། དད་པ ་མེད་པ་དང་། བརྩོན་འགྲོས་མེང་པ་དང་། དྲན་པ་མེད་པ་དང་། ཏིང་ངེ་འཛིན་མེད་པ་དང་། ཤེས་རབ་མེད་པའི་སྒྲིབ་པ་ཟད་པས། ངད་པ་ལ་སོགས་པའི་སྟོབས་རྣམས་སུ་འགྱུར་ཏེ། སྟོབས་དེ་རྣམས་ཀྱིས་རྣམ་པར་དག་པ་ནི། གཙུག། ་ཏོར་དང་། བགེགས་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། གཤིན་རྗེ་མཐར་བྱེད་དང་། ཁྲོ་བོའི་རྒྱལ་པོ་རྣམས་དག་པའོ།། ངེས་པར་སླར་ཡང་གཞན་པ་ཞེས་པ་གནོད་མཛེས་རྒྱལ ་པོ་དང་། དབྱུག་པ་སྔོན་པོ་དང་། འདོད་པའི་རྒྱལ་པོ་དང་། མི་གཡོ་བ་དང་། སྟོབས་པོ་ཆེ་ནི་བྷ་ག་དང་། ངག་དང་ལག་པ་དང་། རྐང་པ་དང་། བཤང་ལམ་གྱི་ལས་ཀྱི་དབང་པོ་ལྔ་པོ་རྣམས་ཀྱིས་ཏེ། ལས་ཀྱི་དབང་པོའི་བྱ་བ་རྣམས ་ཀྱིས་དྲུག་ཅན་མ་ལ་སོགས་པ་དང་ལྷན་ཅིག་ཡོངས་སུ་དག་པའོ།། ཙཱ་མུཎ་ཌ་ལ་སོགས་པ་ཐུན་བརྒྱད་ཀྱིས་སོ།། པདྨའི་འདབ་མར་གནས་པ། འཇིགས་མ་ལ་སོགས་པ་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་དྲུག་ཅུ་རྣམས ་ཀྱིས་སོ།། བཞི་ནི་སྟོང་པའི་འདབ་མ་རྣམ་པར་དག་པས་སོ།། སྤྲུལ་པའི་འཁོར་ལོའི་སྒྲིབ་པ་ཟོད་པས། གཞན་ཙ་ར་ཙི་ཀཱ་ལ་སོགས་པ་དང་། གཞན་འཇིགས་མ་ལ་སོགས་པའོ།། ཞེས་པ་དག་པའོ།། ལྷ་མིན་ལྀ་སོགས ་ཤེས་པ་བདན་བྲལ་དང་། རླུང་དང་། མ་དང་། གདོང་དྲུག་པང་། རྒྱུ་མིཚྭ་དང་། ཚོགས་ཀྱི་དབང་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དྲག་པོ་དང་། གནོད་སྦྱིན་དང་། ཁྱབ་འཇུག་དང་། གཤིན་རྗེ་རྣམས་ནི་ནག་པའི་ཟླ་བ་དང ་ས་གའི་ཟླ་བ་དང་། སྣརོན་གྱི་ཟླ་བ་དང་། ཆུ་སྟོད་ཀྱི་ཟླ་བ་དང་། གྲོ་ཞིན་གྱི་ཟླ་བ་དང་། ཁྲུམས་སྟོད་ཀྱི་ཟླ་བ་དང་། ཐ་སྐར་གྱི་ཟླ་བ་དང་། སྨིན་དྲུག་གི་ཟླ་བ་དང་། མགོའི་ཟླ་བ་དང་། རྒྱལ་གྱི་ཟླ་བ་དང་། མཆུའི་ཟླ་བ་དང་། དབོའི་ཟླ་བ་སྟེ། ་བཅུ་གཉིས་པོ་རྣམས་ཀྱི་སྒྲིབ་པ་ཟད་པས་དག་པའོ།། དེ་རྣམས་ཀྱི་པདྨའི་འདབ་མར་གནས། སྒེག་མོ་ལ་སོགས་པ་དང་ལྡན་པ། སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོང་དབུགས་ཀྱི་གྲངས་ཀྱིས་ཉིན་ཞག་རྣམས་ཀྱིས་ཏེ། ཉིན་ཞག ་སུམ་བརྒྱ་དྲུག་ཅུའི་སྒྲིབ་པ་ཟད་པས། དག་པ་གཞན་ལྷ་དེ་རྣམས་དང་། གཞན་འདབ་མའི་ལྷ་མོ་དེ་རྣམས་སོ།། ཞེས་པ་དག་པའོ།། གསང་བར་མེ་བདག་ཉིས་འགྱུར་ཆུ་ཚོད་རྣམས་ཀྱིས། ཀླུ་རྣམས་དང་ནི་གཏུམ ་མོ་རྣམས་ཀྱང་རྣམ་པར་དག་ཅེས་པ་ཤེས་རབ་དང་། ཐབས་ཀྱི་དབྱེ་བས་ཉིས་འགྱུར་ཉིད་དོ།། དེ་བཞིན་འདོད་མ་ལ་སོགས་ཤེས་པ་ནི་འདིར་འདོད་མ་སུམ་ཅུ་རྩ་དྲུག་དང་། ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་སྔར་གསུངས་པ་རྣམས ་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག་པ་སྟེ། ལུས་ཀྱི་བྱ་བའི་སྒྲིབ་པ་ཟད་པས། གཞན་འདོད་མ་ལ་སོགས་པ་དེ་རྣམས་དག་པའོ།། སླ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་གོ། སྒྲིབ་པ་མེད ་པའི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་པོ་རྣམས་ཀྱིས་དུར་ཁྱོད་དུ་འབྱུང་པོའི་ཚིགས་རྣམ་པར་དག་པ་སྟེ། དེ་ལྟར་གཞན་གྲུབ་པ་དེ་རྣམས་དང་། གཞན་འབྱུང་པོ་དེ་རྣམས་སོ།། ཞེས་པ་སྟེ་དག་པའོ།། དེ་ཉིད ་ནི་ཉི་ཤུ་རྩ་བཞི་སྒྲིབ་པོ་མེད་པ་རྣམས་ཀྱི་གཙོ་བོའི་མཚོན་ཆ་རྡོ་རྗེ་ལ་སོགས་པ་རྣམས་དག་པ་སྟེ། རྣམ་པ་ཉི་ཤུ་རྩ་བཞིའི་རང་བཞིན་མེད་པའི་ཕྱིར་རོ།། རང་བཞིན་ཡོན་ཏན་དབང་གིས་ཤེས་པ་ལ། རང་བཞིན་ནི་ས ་ལ་སོགས་པའི་ཁམས་ཀྱི་ཚོགས་སོ།། དེ་རྣམས་ཀྱི་ཡོན་ཏན་ནི་ཡུལ་དྲུག་སྟེ། དེ་རྣམས་ཀྱི་སྒྲིབ་པ་ཟད་པ་ལས་གཞན་དྲི་ལ་སོགས་པའི་ཁམས་ཀྱིས་ཕྱག་རྒྱ་དྲུག་རྣམ་པར་དག་པའོ།། རྡོརྗེ ་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་རྣམ་པར་དག་པ་རྣམས་ཀྱི་སྒྲིབ་པ་མེད་པའི་ཕྱིར། ནང་གི་ཕྱག་རྒྱ་རྣམས་དག་པ་སྟེ། ་གཞན་སྐུའི་ཕྱག་རྒྱ་དེ་རྣམས་རྣམ་པར་དག་པའོ།། རྡོ་རྗེ་འཛིན་པའི་ཐུགས་ཀར་ཞེས་པ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་པར་གནས་པའོ།། དཔལ་ལྡན་རྡོ་རྗེ་ཅན་ནི་ལྷན་ཅིག་སྐྱེས་པའི ་དགའ་བ་མཆོག་ཏུ་འགྱུར་བ་མེད་པའོ།། སྣ་ཚོགས་ཡུམ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དུས་གསུམ་གཟིགས་པ་སྟེ། འཕོ་བའི་བདེ་བ་བརྟགས་པའི་སྒྲིབ་པ་ཟད་པའི་ཕྱིར་རོ།། ཞེས་པ ་དག་པའོ།། རྣམ་གསུམ་སྲིད་གནས་ཤེས་པ་ནི། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་སྟེ། སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་རོ།། ཞེས་པ་བཅོམ་ལྡན་འདས་ཀྱི ་ངེས་པའོ།། དེ་ལྟར་སྲིད་པ་ཡོངས་སུ་ཤེས་པ་མྱ་ངན་ལས་འདས་པ་ཞེས་བརྗོད་དོ།། འདིར་སྲིད་པ་གསུམ་གྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྟེ། དུས་གསུམ་དུ་འཇུག་པ་ཡང་དག་པ་ཇི་ལྟ་བ་བཞིན ་གས་པ་ནི་ཡོངས་སུ་ཤེས་པ་སྟེ། དེ་ཉིད་སྲིད་པ་གསུམ་གྱི་སྒྲིབ་པ་ཟད་པ་དང་། རྒྱུ་དང་འབྲས་བུ་འགོགས་པས་རྫོགས་པའི་སངས་རྒྱས་རྣམས་ལ་ཅིག་ཅར་དུ་འགྱུར་ཏེ། ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱི་སྟོབས་ཀྱིས་སོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ། སྲིད་པ་གསུམ་གྱི་དུས་གསུམ ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཇི་ལྟ་ཅིག་ཅར་མི་འགྱུར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མ་ངན་ལས་འདས་པའི་དབྱིངས་ཀྱི་ཕྱིར་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲིབ་པ་ཅུང ་ཟད་ཙམ་གྱི་ཕྱིར་རོ།། དེ་བཞིན་དུ་ཁྲོ་བོའི་དབང་པོ་རྣམས་ཀྱང་ས་བཅུ་ཡིས་དབང་ཕྱུག་ཉིད་དུ་གྲུབ་བོ།། ད་ནི་དག་པ་ལས་ཆོས་ཀྱི་སྐུ་ལ་སོགས་པ་འབྱུང་བ་གསུངས་པ། དཔལ་ལྡན་དག་པ་ལས་ཤེས་པ་ལ ་སོགས་ཏེ། འདིར་ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་ཅིང་། འབྲེལ་པར་འབྱུང་བའི་ཆོས་སྐད་ཅིག་མ་རྣམས་སྐྱེ་བ་དང་། འཇིགས་པའི་ཆོས་ཅན་ཏེ། སྲིད་པ་ཡོངས་སུ་མི་ཤེས་པའི་ཕྱིར་རོ།། འཁོར་བ་པ་རྣམས ་ཀྱི་མ་རིག་པའི་བག་ཆགས་ལས་བཞི་པ་ལ་སོགས་པའི་གནས་སྐབས་བཞིར་འགྱུར་ཏེ། དེ་རྣམས་ལས་ལུས་ཀྱི་རབ་ཏུ་དབྱེ་བས་ཡིས་ནི་རྣམ་པ་བཞི་རུ་གནས་སོ།། སྲོག་ཚོགས་རྣམས་ཀྱི་ལུས་ལ་རྣམ ་པ་བཞིན་འདིར་འཛིན་པའི་དུས་སུ་མངལ་དུ་འཇུག་པ་ན་ལ་ཁུ་བ་འབ་བའི་གནས་སྐབས་ནཱ་བཞི་པ་སྟེ། དེ་ཡང་ཀུན་རྫོབ་ཏུ་བདེ་བ་ཆེན་པོ་ཞེས་བརྗོད་དོ།། ང་ཉིད་ན་ཤྲཱི་ཡིག་ལས་གཉིས་སུ་མེད་པའི་ཡ་ཤེས ་ཀུན་རྫོབ་དུ་དག་པའི་སྐུ་སྟེ་ལྷན་ཅིག་སྐྱེས་པའི་སྐུའོ།། ཞེས་པོའི་དོན་ཏོ།། དེ་ལས་ཆོས་ཀྱི་སྐུ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དོ།། དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྨི་ལམ་གྱི་མཚན་ཉིད་དོ།། དེ་ལས་སྤྲུལ་པའི ་སྐུ་སད་པའི་མཚན་ཉིད་དོ།། ལུས་རྫོགས་ཏེ་སྲོག་འབྱུང་བའི་དུས་ནས་ཕྱི་རོལ་ཏུ་སླར་ཡང་རྣམ་པ་བཞིར་གསུངས་སོ།། དེ་བཞིན་དུ་དཀྱིལ་འཁོར་ལ་རྒྱལ་བའི་བདག་པོའི་སེམས་ཅན་ཀུན་དོན་བྱེད་པ་པོ་སྐུའི་དབྱེ ་བར་འགྱུར་ཏེ། ཀུན་རྫོབ་ཀྱི་སྒྲིབ་པ་ཟད་པའི་ཕྱིར་རོ།། ཁམས་གསུམ་པ་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ལས་སངས་རྒྱས་རྣམས་ཀྱི་ཡིད་བཞུགས་ཏེ། སྲིད་པ་ཡོངས་སུ་ཤེས ་པའི་ཕྱིར་རོ།། ད་ནི་སྐུ་བཞིའི་བྱ་བ་གསུངས་པ། སྤྲུལ་པར་ཞེས་པ་ལ་སོགས་པ་སྟེ། འདིར་འཁོར་བ་པ་རྣམས་ཀྱི་སྤྲུལ་པར་ཞེས་པ། སད་པའི་གནས་སྐབས་སུ་ཡིད་ནི། ཡུལ་རྣམས་ལོངས་སྤྱོད་བྱེད་པ་པོ ་རབ་ཏུ་འགྱུར་ཏེ། ལུས་དོང་ངག་གི་དབང་པོ་བྱེད་པར་འགྱུར་བས་སོ།། ལོངས་སྤྱོད་རྫོགས་ལ་ཞེས་པ་རྨི་ལམ་གྱི་གནས་སྐབས་སུ་མ་མཐོང་བའི་ཡུལ་བེམས་པོ་མ་ཡིན་པ་རྣམས་ལ་སེམས་པར་འགྱུར་ཏེ་ཡོན ་ཏན་དབང་གིས་ཤེས་པ་ཡུལ་གྱི་བག་ཆགས་ཀྱི་དབང་གིས་སོ།། ཆོས་ཀྱི་སྐུ་ལ་ཞེས་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སུ་གཉིད་དུ་འགྱུར་ཏེ། ཡིད་ནི་དབང་པོ་མེད་པར་འགྱུར་རོ།། ཞེས་པའི་དོན་ཏོ།། དག་པ ་ལ་ནི་ཞེས་པ་བཞི་པའི་གནས་སྐབས་སུ་བདེ་བས་རབ་ཏུ་འགྱུར་ཏེ། འདི་དེ་ནི་ཉིན་མོའི་དུས་སུ་མཚན་མོའི་དུས་སུ་སྟེ། དུས་ནི་དུས་ཚོད་དེ།། དེའི་དུས་སུ་འཁྲིག་པ་བྱས་པ་ནི་ཐིག་ལ་གྲོལ་བ་གསུམ་གྱི་མཐར ་ལྷན་ཅིག་སྐྱེས་པའི་སྐད་ཅིག་གིས་དུས་གཅིག་ན་བདེ་བ་ཆེན་པོར་རབ་ཏུ་འགྱུར་རོ།། ཞེས་པ་ཀུན་རྫོབ་ཀྱི་དེ་ཉིད་གང་ཡིན་པ་དེའི་ཕྱིར། དེ་ཉིད་མཚན་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ།། འགྱུར་མེད་དོན ་དུའོ།། ཞེས་པ་མི་འཕོ་བའི་སྐད་ཅིག་གི་དོན་དུ་སྟེ། འཆད་པར་འགྱུར་བའི་ཡན་ལག་དྲུག་གིས་སོ།། ཞེས་པ་ངེས་པའོ།། དེ་ལྷོར་སྒྲིབ་པ་དང་བཅས་པོའི་ཆོས་འགགོས་ན་སྒྲིབ་པ་མེའི་ཆོས་སུ་འགྱུར་ཏེ། སྐྱེ་བ ་དང་འཇིགས་པ་དང་། བྲལ་བའོ་ཞེས་པ་རིག་པའོ།། ང་ནི་གཡོན་བརྐྱང་གི་སྟབས་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། གཡོན་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་འཁོར་བ་པ་རྣམས་ཀྱི་གཡོན ་གྱི་རྩ་ལ་སྲོག་རབ་ཏུ་རྒྱུ་བར་འགྱུར་བ་དེའི་ཚེ་གཡས་ལ་བསྐུམ་པར་འགྱུར་ཏེ། སྲོག་ཀྱང་སྔགས་ཀྱི་ལྷའོ།། དེས་ན་གཡོན་བརྐྱང་བ་དང་གཡས་བསྐུམ་པས་གཡོན་ལ་སྲོག་རབ་ཏུ་རྒྱུ་བ་གང་ཡིན་པ་དེར་འགྱུར་ཏེ། དེ ་བཞིན་དུ་སྔགས་ཀྱིས་ལྷའི་གཡས་བསྐུམ་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་གིས་སྟབས་སུ་བརྗོད་དོ།། མཉམ་པའི་སྟབས་དང་། གཞན་པ་གཡས་བརྐྱང་གི་སྟབས་ནི་གྲངས་བཞིན་དུ་སྟེ། མོའི ་ལས་ཤེས་པ་གཅིག་ཅར་རུ་གཉིས་ལས་དབུ་མར་རྒྱུ་བ་ལས། མཉམ་པའི་སྟབས་སུ་འགྱུར་རོ།། ཉི་མའི་རྒྱུ་བ་ལས་ཤེས་པ་གཡས་ལ་རྒྱུ་བ་དང་གཡོན་བསྐམ་པ་ལས། གཡས་བརྐྱང་གི་སྟབས་སུ་འགྱུར ་རོ།། དེ་བཞིན་དུ་ས་གའི་སྟབས་དང་། ཟླུམ་པོ་དང་། རོལ་པའི་སྟབས་དང་། པདྨའི་གདན་དང་། གཤིན་རྗེའི་གདན་གང་ཡིན་པ་དེ་དག་རིམ་པ་བཞིན་དུ། གཡོན་གྱི་རྩེ་འམ། གཡས་ཀྱི་རྩ་ལ་ན་མཁའ་ལ་སོགས་ལ ་ཞེས་པ་སྟེ། ན་མཁའི་དཀྱིལ་འཁོར་ལ་སྲོག་རབ་ཏུ་རྒྱུ་བ་ནི། ས་གའི་སྟབས་སོ།། རླུང་གི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི། ཟླུམ་པོའི་སྟོབས་སོ།། མིའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རོལ་པའི་སྟབས་སོ།། ཆུའི་དཀྱིལ ་འཁོར་ལ་རབ་ཏུ་རྒྱུ་བ་ནི་པདྨའི་གདན་ནོ།། སའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རྡོ་རྗེ་གདན་ནོ།། དེ་ལྟར་མཉམ་དང་མི་མཉམ་བགྲོད་པ་དག་ལ་སྲོག་རླུང་རབ་ཏུ་རྒྱུ་བ་གང་ཡིན་པ་རྣམ་པ་ལྔའོ།། རྣམ་པར་དག་པ་དེས་ལྷ ་རྣམས་ཀྱིས་སྟབས་དང་། གདན་རྣམ་པར་དག་པར་འགྱུར་ཏེ། གཡོ་བ་མེད་པ་ལས་སོ་ཞེས་པ་ངེས་པའོ།། དེ་བཞིན་དུ་སྐྱེས་པའི་ངག་རྫོགས་པ་གཉིས་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ ་བཤད་རྣ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། སྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ་སྟེ་གསུམ་པའོ།། ། འཕོ་མེད་བདེ་ལ་རབ་བཏུད་ནས།། བཅུ ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་།། གང་དེའི་ཐབས་ནི་ཡང་དག་པ།། ཐིག་ལེའི་རྣལ་འབྱོར་རབ་བརྗོད་བྱ།། གཏུམ་མོ་ཞེས་པ་ལ་སོགས་པས་སོ།། འདིར་བསྐྱེད་པའི་རིམ་པ་ཐམས་ཅད་ལ་སྐུ་རྟོགས་པ་ནཱི། དཀྱིལ་འཁོར་རྒྱལ ་མཆོག་གོ། གསུང་རྫོགས་པ་ནི་ལས་རྒྱལ་མཆོག་གོ། གསུང་རྫོགས་པ་ནི་ལོས་རྒྱལ་མཆོག་སྟེ། ཁས་ཀྱི་དབང་པོ་བྱ་བ་ལ་འཇུག་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལི་རྫོགས་པ་ནི་ཐིག་ལེའི་རྣལ་འབར་རོ།། ་ཁུ་བ་འཕོ་བ་ལས་བདེ་བ་ལས་དམིགས་པ་ནི་ཕྲ་མོའི་རྣལ་འབྱོར་ཏེ། དེ་ཡང་མི་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་འགྱུར་རོ།། དེས་ན་ཉེ་བར་ལོངས་སྤྱོད་པའི་སླད་དུ་བག་མ་ལེན་པ་དང་། ལག་པ་འཛིན་པ་ལ་སོགས ་པའི་བྱ་བ་དང་། སློབ་མ་ལ་སློབ་དཔོན་གྱིས་ཤེས་རབ་མ་གོཏོད་པར་བྱེད་དོ།། བྱིས་པའི་སྐྱེ་བོ་རྣམས་ལ་ལས་ཀྱི་ཕྱག་རྒྱ་དེས་བདེ་བ་དེ་སྒྲུབ་པར་བྱེད་པར་གསུངས་སོ།། འབྲིང་པོ་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱ ་ལས་སོ།། མཆོག་རྣམས་དང་རྣལ་འབོར་པ་རྣམས་ལ་ཕྱག་རྒྱ་ཆེན་པོ་སྨོས་སོ།། དེས་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། བོཅུ་དྲུག་ལོ་འམ་རིགས་ལྡན་མ།། གཟུགས་དང་ལང་ཆོས་བརྒྱན་པ་ལ ་དང་པོར་ལེགས་པར་བསླབས་བྱས་ནས།། དབང་བསྐུར་ནས་ནི་བསྒྲུབ་པ་བརླམ།། སྐུ་གསུང་ཐུགས་དང་ཆགས་པ་ནི།། དཔྲལ་བ་ལ་སོགས་རྣམས་ལ་དགོད།། སྭཱཧཱ་གསང་བར་གཙུག་ཏོར་ཆར།། དེ་ནས ་པདྨ་རྣམ་པར་སྦྱངས།། ཨཱཿཡིག་པདྨ་འདབ་བརྒྱད་པ།། ཧཱུཾ་ཡིག་གིས་ནི་རྡོ་རྗེར་ལྡན།། དེ་ལྟར་རྡོ་རྗེ་དང་བཅས་པའི།། ཤེས་རབ་པདྨ་སྐྱོང་རྒྱུ་ལས།། ཧཱུཾ་ཡིག་རང་གི་རྡོ་རྗེ་ནི།། རྩེ་མོ་ལྔ་པར་རྣམ་པར་བསྒོམ།། དེ་དབུས ་པདྨ་འདབ་བརྒྱད་པ།། ཨཱཿཡིག་གིས་ནི་རབ་ཏུ་བརྟག། ད་ལྟར་རྡོ་རྗེ་པདྨ་དང་།། བཅས་པ་བྱས་ནས་པདྨར་གཞུག། དེ་ལྟར་རྡོ་རྗེ་འཛིན་པའི་བསྙེམས།། འཛིན་ཅིང་རྣལ་འབོར་ཧུཾ་ཕབ་པ།། བྷ་གར་ལིང་ག་རབ་བཀོད་ནས།། བྱང ་ཆུབ་སེམས་ནི་སྤྲོ་མི་བྱ།། ཁམས་གསུམ་པོ་ནཱི་མྦྷ་ལུས་ནས།། སངས་རྒྱས་གཟུགས་སུ་བསྒོམ་པར་བྱ།། ལྟེ་བར་གཏུམ་མོ་འབར་བ་ནི།། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་།། སྤྱན་མ་མིག་ལ་སོགས་པ་ཡང་།། བསྲེགས ་ནས་རི་བོང་ཅན་ཧཾ་འཛགོ།། བདུད་རྩི་ཁུ་བའི་གཟུགས་ཅན་ནི།། ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད།། བིག་ལེའི་རྣལ་འབྱོར་ཞེས་པར་གྲགས།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆད།། ཆ་མེད་ཆ་ལས་འདས་པ་སྟེ།། བསྣམ་གཏན ་བཞི་ཡི་རྩེ་མོ་འཆང་།། ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས།། རྒྱ་མཐུན་ལ་སོགས་སྟེང་དུ་འགྲོ།། དུང་ཅན་མ་ནི་ཕྱག་རྒྱ་ཆེ།། ང་ནི་གཏུམ་མོར་རབ་ཏུ་བརྗོད།། ལྟེ་བའི་སྟེང་དུ་གདོལ་མོ་གང་།། ཨ་བ་དྷཱུ་ཏཱི་མི་ཡི་སྣ།། འོད ་ཟེར་ལྔ་ཡི་རང་བཞིན་སྲོག། དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ།། སྣ་རྩེར་ཡུངས་ཀར་དུ་གྲགས་པ།། དེ་ཡང་སྲོག་གི་རྩོལ་བར་བཤད།། ཁམས་གསུམ་པོ་ནི་མ་ལུས་ནས།། སྲིད་པ་གསུམ་ནི་ཡོངས་ཤེས་པ།། ཡུངས་ཀར ་སྲོག་ལ་རྒྱུ་བཅས་དང་།། རྒྱུ་མེད་འགོག་པ་དེ་ཡང་ངོ་།། སོ་སོར་སྡུད་ལ་ཕྱག་རྒྱ་ཆེ།། ན་མཁའ་སྟོང་པའི་མཚན་ཉིད་དོ།། གང་ཕྱིར་ཁོ་ནར་ཡིད་དག་ནི།། བཀོད་པ་དེ་ཡི་ཕྱོགས་སུ་སྣ།། མཚན་མའི་མཐའ་ནི་རེ་ཁཱ་གང་།། དེ་ལ་སྣ ་ཚོགས་རྒྱུ་མི་རྒྱུ།། མ་ལུས་བསྒོམ་པར་བྱ་དེ་ལ།། རྣལ་འབྱོར་བསམོ་གཏན་སོགས་དེ་ཡང་།། ཞེས་པ་རྩ་བའི་རྒྱུད་ལས་ངེས་པ་སྟེ། འདིར་མདོར་བསྡུས་ནས་གསུངས་སོ།། དེས་རྩ་བའི་རྒྱུད་ཀྱིས་རྗེས་སུ་འབྲངས་ནས་རྟོགས ་པར་བྱའོ།། ཞེས་པ་བཅོམ་ལྡན་འདས་འཇིམ་དཔལ་གྱི་ངེས་པའོ།། གཏུམ་མོ་ལྟེ་བའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ། ཞེས་པ་ནི་འདིར་ལྟེ་བཾ་ལ་རྩ་བའི་འཁོར་ལོ་དགུ་ཡིས་བསྣུན་པའི་ལག་འགྲོ་སྟེ། རྩ་བདུན་ཅུ་རྩ ་གཉིས་ཀྱི་བདག་ཉིད་ནི་ཁྱིམ་བཅུ་གཉིས་ཀྱི་རྩའི་བདག་ཉིད་དང་། དཀྱིལ་འཁོར་དྲུག་ཅུའི་རྩའི་བདག་ཉིད་དོ།། དགུ་ཡིས་བསྣུན་པའི་ལག་འགྲོ། ཙར་ཙི་ཀཱ་སོགས་ལྷག་པའི་ལྷ་དང་ལྡན་ཧོ་ཡིག་ཡེ་ཤེས་སྙིང་པོ་སྟེ། ཡེ་ཤེས ་རྡོ་རྗེས་བྱིན་གྱིས་བརླབས་པ་དེ་ལ་དྲི་མེད་གློག་དང་མཚུངས་པ་གཏུ་མོའི་ཡེ་ཤེས་ནི་རབ་རྒྱས་པ་ཞེས་པ་ཀུན་རྫོབ་ཀྱི་ཡེ་ཤེ་ས་འདོད་པ་སྟེ། དེའི་མེ་ནི་འདོད་པའི་མེའོ།། འདོད་པའི་མ་ངེས་རབ་ཏུ་རྒྱས་པར་གྱུར་པ་ན་ལྟ་བ་སྤྲུལ་པའི ་འཁོར་ལོར་རྣམ་པར་སྣང་མཛད་ལ་སོགས་པ་གཡོན་དང་གཡས་ལ་དཀྱིལ་འཁོར་ལྔར་གྱུར་པ་རྣམས་བསྲེག་ཅིང་། སྤྱན་མ་ལ་སོགས་པ་རྣམས་དང་། མིག་ལ་སོགས་པའི་དབང་པོ་རྣམས་དང་། ་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་སྲེག་སྟེ། ཡིད་ནི་ཆོས་ཀྱི་དབྱིངས་འཛིན་པའི་ཕྱིར་རོ།། ཐམས་ཅད་མི་འཇུག་པའི་ཕྱིར་བསྲེགས་པའོ།། དེ་ལྟར་ཐམས་བསྲེགས་ནས་མགོ་བོར་ཟླ་བ་བཟང་ལ་སེ་ཤེས ་པ་སྐྱེ་བའི་བྱང་ཆུབ་ཀྱི་ས་བོན་ལས་ཧཾ་ཡིག་ཐིག་ལེའི་གཟུགས་ཁུ་བ་གློ་བོར་བ་འཛག་པ་གང་ཡིན་པ་དེ་ནི་རྡོ་རྗེ་ཅན་ཏེ། བྱང་ཆུབ་ཀྱི་སེམས་སོ་ཞེས་པའི་དོན་ཏོ།། མགོ་བོ་ནས་མགྲིན་པར་རོ།། མགྲིན་པ་ནས་སྙིང་ཁར ་རོ།། སྙིང་ཁོ་ནས་ལྟེ་བར་རོ།། ལྟེ་བ་ནས་གསང་བའི་པདྨར་རོ།། པདྨ་དེ་ཉིད་ནི་ཤེས་རབ་ཀྱི་ཆོས་འབྱུང་དུ་གསུངས་ཤིང་། དེ་བཞིན་དུ་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུགེ་ཏོར་གྱི་པདྨ་རྣམས ་ཤེས་རབ་ཀྱི་ཆོས་འབྱུང་དུ་གསུངས་ཏེ། དེ་ལྟར་ཞུ་བར་གྱུར་པ་ན་གསང་བར་སྐུའི་ཐིག་ལེའོ།། ལྟེ་བར་གསུང་གི་ཐིག་ལེའོ།། སྙིང་ཁར་ཐུགས་ཀྱི་ཐིག་ལའོ།། མགྲིན་པར་ཡེ་ཤེས་ཀྱི་ཐིག་ལེ་སྟེ། དེ་ལྟར་ཤེས ་རབ་ཆོས་འབྱུང་དག་ལ་གནས་པ་བྱང་ཆུབ་ཀྱི་སེམས་ནི། སླར་ཡང་ཞེས་པ་ཇི་ལྟར་པ་དེ་བཞིན་གཤེགས་པ་སྟེ། སྤྲོ་བ་བྱས་ཤེས་གསུངས་སོ།། ཇི་ལྟར་དཔྲལ་བ་ན་དགའ་བ་ལ་སོགས་པའི་དབྱེ་བ་འམ། རྣམ་པ ་སྣ་ཚོགས་ལ་སོགས་པའི་དབྱེ་བས་བྱོན་པ་དང་། ཟླ་བའི་ཆ་བཅོ་ལྔ་ཡོངསུ་གང་བ་དེ་བཞིན་དུ་རྒྱུ་མཐུན་ལ་སོགས་པའི་དབྱེ་བས་སྟེང་དུ་དཔྲལ་བར་གཤེགས་ཏེ། དྲི་མ་མེད་པ་སྤྲོ་བ་བྱས་པར་འགྱུར་རོ།། དྲི་མ་མེད་པའི་ཐིག ་ལཾ་དེ་ཡིས་སྣ་ཚོགས་རྒྱན་དང་ལྡན་ཞིང་། མེ་ལོང་དག་ལ་གནས་པ་ལྟ་བུ་ཞེས་པ་པྲ་ཕབ་པོ་དང་མཚུངས་པ། དུས་གསུམ་དུ་གནས་པའི་ཡེ་ཤེས་འཁོར་ལོ་རང་འབྱུང་བ་ཞེས་པོ་ནི། ཐིག་ལེའི་རྣལ་འབྱོར་ལས་ཕྲ་མོ ་རྣལ་འབྱོར་དུ་གྱུར་པའོ།། དེ་བཞིན་དུ་འདོད་པ་དང་ནི་གཟུགས་དང་། གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་ཤེས་པས། སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་སྐྱེད་པའི་རིམ་པས་སྦྱངས་བྱས་ཏེ། ཕྱི་ནས ་ཡེ་ཤེས་མེ་ལྕེ་དག་གིས་ཤེས་པ། མི་འཕོ་བའི་བདེ་བའི་འོད་ཟེར་རྣམས་ཀྱི་སྲིད་པ་གསུམ་པོ་མཐའ་དག་སྟེ། ཁམས་གསུམ་པོ་དུས་གཅིག་ཏུ་ནི་དགུག་པར་བྱ་བ། ཞེས་པ་གཅིག་ཅར་དུས་གསུམ་ཤེས་པ་སྟེ། ལྷའི ་རྣལ་འབྱོར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་སྤྲོ་བ་དང་། འཁོར་བ་པ་རྣམས་ཀྱིས་བུ་དང་བུ་མོ་སྤྲོ་བ་ནི་བྱང་ཆུབ་ཀྱི་སེམས་ལས་སོ།། དེ་ལྟར་ལོ་བཅུ་དྲུག་གི་མཚམས་སུ་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང ་སེམས་དང་ཡེ་ཤེས་རྫོགས་པ་སྟེ། ལྷ་རྣམས་ཀྱི་ནི་བསྒོམ་པའི་སྟོབས་ཀྱིས་སོ།། སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་ཐར་པ་བཞིའི་སྟོབས་ཀྱིས་སོ།། ཞེས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པས་སོ།། ད་ནི་ཟླ་བ ་ཞེས་པ་ལ་སོགས་པས་ནང་ད་སྔགས་ཀྱི་ཟླས་པ་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་ཟླ་བ་ཞེས་པ་ནི་གཡོན་གྱི་རྩའོ།། ཉི་མ་ཞེས་པ་གཡས་ཀྱི་རྩའོ།། ཨ་སོགས་ཞེས་པ་ནི་ཨ་ལ་སོགས་པ ་དབྱངས་ཀྱི་ཚོགས་ཏེ་གཡོན་དུ་སྲོག་ཡང་དག་པར་རྒྱུ་བའོ།། ཀ་སོགས་ཤེས་པ་ནི་གསལ་བྱེད་ཀྱི་ཚོགས་ཏེ། གཡས་སུ་སྲོག་ཡང་དག་པར་རྒྱུའོ།། རྣམ་གསུམ་བགྲོད་གནས་ཤེས་པ་གཡོན་གྱི་བགྲོད་པ་ལ་གནས་པའི་སྲོག ་ནི་སྐུ་རྡོ་རྗེའི་བཟླས་པ་ཞེས་བརྗོད་དོ།། གཡས་ཀྱི་བགྲོད་པ་ལ་གནས་པའི་སྲོག་ནི་གསུང་གི་བཟླས་པ་ཞེས་བརྗོད་དོ།། དབུ་མའི་བགྲོད་པ་ལ་གནས་པའི་སྲོག་ནི་ཐུགས་ཀྱི་བཟླས་པ་ཞེས་བརྗོད་དོ།། འདི་རྣམས་འགགས ་པ་ལས་ཐམས་ཅད་མཁྱེན་པའི་གསུང་གཞོམ་དུ་མེད་པར་འགྱུར་རོ།། ངོས་ན་སོ་སོར་སྡུད་པ་ལ་སོགས་པ་དྲུག་གི་སྦྱོར་བ་ཡན་ལག་དྲུག་པོ་བསྒོམ་པར་བྱ་སྟེ། སོ་སོར་སྡུད་དང་། བསམ་གཏན་དང་། དེ་བཞིན་སྲོག ་རྩོལ་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་ངེ་འཛིན། སྦྱོར་བ་ཡན་ལག་དྲུག་ཏུ་འདོད་ཅེས་པ་སྟེ། འཆད་པར་འགྱུར་བ་འདི་དག་གོམས་པས། གསེར་བཟང་པདྨ་ལ་ནི་ཞེས་པ་ལྟེ་བའི་པདྨ་ལ། སྐུ་གསུང་ཐུགས་ཀྱི ་རྣལ་འབྱོར་ཏེ། ཞེས་པ་ནི་རྣམ་གསུམ་བགྲོད་པ་ལ་གནས་པའི་སྲོག་འགོག་པའོ།། ཞེས་པའི་དོན་ཏོ།། འགོགས་པ་དེ་ནས་དགའ་བ་ལ་སོགས་པ་རྣམས་ཀྱིས་ཤེས་པ་དགའ་བ་དང་། མཆོག་དགའ་དང་ཁྱད་པར་གྱི ་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་རྣམས་ཀྱིས་རྡོ་རྗེ་ཆུ་སྐྱེས་དག་ལ་རོ་མཉམ་གྱུར་པས། མི་འཕོ་བ་ཉིད་ཀྱི་ཕྱིར་བསྒོམ་པ་འདི་ནི་རྡོ་རྗེ་གསུམ་སྟེ། ཁུ་བ་དང་བཤད་པ་དང་། ལྕི་བ་འགོགས་པའོ།། ཞེས་པའི་དོན་ཏོ།། དེ ་བཞིན་དུ་རྩུ་བའི་རྒྱུད་ལས། དབུ་མ་མཆོག་གི་དབུགས་དང་ནི།། དྲི་དང་ཆུ་དང་ལྡན་པས་ཀྱང་།། རྟག་ཏུ་རིགས་ལྡན་མོ་མཆོད་བྱ།། ཁྱད་པར་དུས་ཀྱི་ཕོ་ཉ་མོ་ཞེས་སོ།། དེ་ནས་ཤེས་རབ་པདྨར་ཞེས་པ་གསང་བའི་པདྨར ་སེམ་ཀྱི་ཐིག་ལེ་གནས་པར་གྱུར་པ་དག་ལ་ལྷན་ཅིག་སྐྱེས་པའི་དབང་གིས་ཤེས་པ། མི་འགྱུར་པའི་བདེ་བའི་དབང་གིས་བསྒོམས་པ་ནི། གཞོམ་དུ་མེད་པར་འགྱུར་ཏེ་སྟེང་དུ་ཁུ་བའོ།། ད་ནི་བསྙེན་པ་ལ་སོགས་པ་གསུངས་པ ་བདུད་རྩི་ཞེས་པ་ལ་སོགས་པ་སྟེ། འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པ་བྱས་ཏེ། བདུད་རྩི་ལྔ་ལ་སོགས་པས་སྙན་པ་ཞེས་པ་ལ། ཕྱི་རོལ་དུ་བདུད་རྩི་ལྔ་ནི། བཤང་བ་ལ་སོགས ་པ་དང་། སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ། ལྷ་མཉེས་པོའི་དོན་དུ། དེ་དག་ཟོས་པས་བསྙེན་པའོ།། ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔའོ།། སོགས་པའི་སྒྲས་དབང་པོ་ལྔ་པཾ་སྒྲོལ་མ་ལྔའོ།། དེ་རྣམས ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ།། བསྙེན་པ་དེ་ཡིས་ལྷ་རྣམས་མཆོག་སྟེར་བར་འགྱུར་ཏེ། བཤང་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ།། ཆུ་གཏེར་རྡོ་རྗེ་རྣམས་དང ་ཞེས་པ་ནི་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་། ངག་གི་ལོངས་སྤྱོད་ལ་ལྟོས་མེང་བ་དང་། སེམས་ཀྱི་ལོངས་སྤྱོད་པ་མེད་པ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལྔས། ་དང་ངག་དྲང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ།། ཞེས་པའི་དོན་ཏོ།། འདི་ཡིས་ལྷ་མཆོག་སྟེར་བར་འགྱུར་ཏེ། སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ།། སྔགས་ཀྱིས་བཟླས་པ་སོགས་ཀྱིས་ཤེས་པ་ལ། འདིར ་སྔགས་ཀྱིས་བཟླས་པ་ཤེས་པ་ནི་སྲོག་སྡོམ་པ་སྟེ། སོགས་པའི་སྒྲས་དབྱུང་བ་དང་། དགང་བ་དང་། བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ།། དེ་ཡིས་ལྷ་མཆོག་སྟེར་བར་འགྱུར་ཏེ། སྲོག་མ་བསྡམས་པར་དག་དུ ་བརྗོད་པས་ནི་མ་ཡིན་ནོ།། ཞེས་པ་ངེས་པའི་དོན་ཏོ།། དྲང་བའི་དོན་གྱིས་ནི་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བགྲང་ཕྲེང་ལ་སོགས་པས། བཟླས་པ་ལྔ་སོགས་པ་བྱའོ།། ད་ནི་ཉེ་བའི་བསྒྲུབ་པ་གསུངས་པ། སོ་སོར་ཞེས་པ ་ལ་སོགས་པ་སྟེ། འདིར་ཕྱིར་སྡུད་པ་ཞེས་པ་ལ་འཁོར་བ་པོ་རྣམས་ཀྱི་སྡུད་པ་ནི། མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་འཛིན་པའོ།། དེ་ཡོངས་སུ་སྤོང་བ་ནི་ཕྱིར་སྡུད་པ་ཞེས་བརྗོད་དེ། ་སྟོང་པ་ཉིད་ཀྱི་གཟུགས་ལོ་གཞན། ཤ་ལ་སོགས་པའི་མིག་ལ་སོགས་པ་རྣམས་ཀྱིས་གཞན། གཟུགས་ལ་སོགས་པའི་ཡུལ་འཛིན་པ་ནི། ཉེ་བའི་བསྒྲུབ་པའོ།། དེ་བཞིན་དུ་བསམ་གཏན་དང་། སྲོག ་རྩོལ་བ་དང་། འཛིན་པ་སྟེ། རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་འཕོ་བ་མེད་པ་ཡིས་ནི་ཉེ་བའི་སྒྲུབ་པ་སྟེ། ངེས་པའི་དོན་གྱིས་སོ།། དྲང་བའི་དོན་གྱིས་ནི་ཕྱི་རོལ་ཏུ་ལྷ་སྤྲོས་པས་སོ།། ཞེས་པས་ཉེ་བའི་སྒྲུབ་པ་གྲུབ་པའོ།། དགའ ་བ་ཞེས་པ་ལ་སོགས་པ་སྟེ། འདིར་དགའི་བ་ལེ་རྡོ་རྗེ་ག་མ་ཞུས་པ། སྐུ་དང་གསུང་དང་ཐུག་ས་ཀྱི་ཐིག་ལེ་རྣམས་དང་། ཆུ་སྐྱེས་རོ་མཉམ་གྱུར་པ་སྦོམ་པོ་སྒྲུབ་པར་འགྱུར་ཏེ། སྙིང་ཁཱ་དང་ལྟེ་བ་དང་། གསུང་བར་ཐིག་ལེ་རྣམས ་གནས་པའོ།། ཞེས་པའི་དོན་ཏོ།། དེ་ལྟར་ན་བསྒྲུབ་པའོ།། དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་སྦྱར་ལ་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་འགྱུར་བ། དེའི་ཚོངས་པར་སྒྲུབ་པ་ཆེན་པོ་སྟེ། ཕྲ་མོའི་རྣལ་འབྱོར་དག་ལས་ཤེས ་པ་ངེས་པའི་དོན་གྱིས་ཤིན་ཏུ་ཡིད་བཟངས་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ཆེན་པོར་གསུངས་ཏེ། དྲང་བའི་དོན་གྱིས་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་སྣའི་རྩེ་མོར་ཡུངས་ཀར་ལ་སོགས་པའོ།། ཞེས ་པ་ངེས་པའོ།། དེ་སྐར་སྒྲུབ་པ་ཆེན་པོར་འགྱུར་རོ།། ང་ནི་དམན་པ་དང་མཆོག་གི་དབྱེ་བས། བསྙེན་པ་ལ་སོགས་པ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་སྐྱེད་པའི་རིམ་པ་ལ་དད་པོར་སྦྱོང་ཉིད་བྱང ་ཆུབ་ཅེས་པ་ནི་སྲོག་ཆགས་རྣམས་དཤི་བོའི་མཐར་ཕུང་པོ་ཡོངས་སུ་དོར་ནས་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་པར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་མ་གཅིག་པོ་སྲིད་པ་གསུམ་མཐོང་བ་ནི། སྟོང ་ཞེས་གསུངས་ཏེ། ངེས་པར་ནི་གདོན་མི་ཟ་བར་རོ།། སྐད་ཅིག་དེའི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་ནི། འདིར་ཀུན་གཞི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལྕེའི་རྣམས་འཛིན ་པ་ཞེས་བྱ་བ་ནི་ཡང་དག་འཛིན་པའོ།། དེའི་འོག་ཏུ་ཁུ་བ་ལ་སོགས་པ་གཟུང་བ། དེ་ནས་གཟུགས་ངག་བསྐྱེད་པ་ཞེས་བྱ་བ་ནི། ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ། ལུས་རྫོགས་པའོ།། ཞེས་པའི་དོན་ཏོ།། དེ་ནས་རབ ་མཆོག་རོའི་རིགས་རྣམས་ངག་གིས་ཤེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས། མིག་ལ་སོགས་པ་རྣམས་ཀྱིས་ཡི་གེ་དགོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་རབ་ཏུ་འཇུག་པའོ།། དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང ་ལས་དང་པོ་པས་བརྟགས་པའི་བདག་ཉིད་བསྒོམ་པར་བྱའོ།། འདི་ནི་སྤྱིའི་བསྙེན་པའོ།། ཆུའི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་ཤེས་པ་སྐུ་དང་གསུང་དང་ཐུགས་དང་། ཡེ་ཤེས་ཀྱི་རྡོ་རྗེ་ཚོགས་པ་རྣམས་ཀྱིས་སྒྲུབ་པ་དག་ནི་འབྲིང ་པོ་ཡང་སྟེ། སྲོག་རྫོགས་པའོ།། འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ། ཞེས་པ་ནི་བསྙེན་པའི་ཡན་ལག་དང་། ཉེ་བར་བསྒྲུབ་པ་ཡན་ལག་ལ་དམན་པ་དང་བསྟན་པའོ།། སྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཉིད་དེ་ལ ་བཅུ་དྲུག་གི་མཚམས་སུ་ཞེས་པ་ངེས་པའོ།། འདིར་དམན་པ་ནི་སྐྱེས་པའི་བྱིས་པའོ།། སོ་སྐྱེས་ནས་འབྲིང་པོའི་བྱིས་པའོ།། སོ་ལྷུང་ནས་གཞོན་ནུའོ།། སླར་ཡང་སོ་སྐྱེས་ཤིང་ལོ་བཅུ་དྲུག་གི་རྗེས་ལ་དར་མ་སྟེ། བུ་དང ་བུ་མོ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ།། ཞེས་པ་ནི་འཇིག་རྟེན་པའི་བདེན་པའི་ངེས་པའོ།། ངན་དོན་དམ་པའི་བདེན་པས་སངས་རྒྱས་ཀྱིས་སྐུ ་རྫོགས་པ་བརྗོད་པར་བྱ་སྟེ། འདིར་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་མུན་པ་ལ་ཅུང་ཟད་བསམ་པར་མི་བྱ་བའོ།། དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག ་པ་འཛིན་པའོ།། དེ་ནས་གཟུགས་དག་བསྐྱེད་ཅིང་ཞེས་པ་ནི་ཐིག་ལེ་ནས། སྣ་ཚོགས་མཐོང་བ་ནི་གཟུགས་སྐྱེད་པའོ།། རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཤེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ།། ཡི ་གེ་དགོད་པ་ཞེས་པ་ནི་ཉི་ཚེ་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ།། དེའི་ཕྱིར་ས་ཐོབ་པས་དམན་པ་ལ་སོགས་པའི་དབྱེ་བར་འགྱུར་ཏེ། ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར ་གྱི་བར་དུའོ།། དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན། དེ་ཉིད་རྣམ་པ་བཅུ་དྲུག་རིགས།། རྣམ་པ་ཉི་ཤུས་བྱང་ཆུབ་པ། རྣམ་པར་སངས་རྒྱས་ཀུན་རིག་མཆོག་ཅེས་པ་ངེས་པའོ།། ད་ནི་སྦྱོར་བ་ཡན་ལག་དྲུག་གསུངས་པ། ་སོ་སོར་སྡུད་པ་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོའི་ལས་ལ་སོ་སོར་སྡུད་པའི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ།། དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ་དང་། རྨིག་རྒྱུ་དང་། མི་ཁྱེར་དང་། ་མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ།། བསམ་གཏན་མི་བསྐྱོད་པ་ཉིད་དོ་ཞེས་པ ་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པ་བཅུ་ནི་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ། སྣ་ཚོགས་གཟུགས་ལ་བསམ་གཏན་པའོ།། སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ།། ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ། རྣམ་པ ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ།། སླར་ཡང་རྣམ་པ་བཅུ་སྟེ། འཛིན་པ་ཕྱག་ན་རིན་ཆེན་ནོ།། ཞེས་པ་ནི་ཚོར་བའི་ཕུང་པོ་སྟེ། སྲོག་གི་འཛིན་པ་ལྟ་བ་དང ་སྙིང་ཁ་དང་། མགྲིན་པ་དང་དཔྲལ་བ་དང་། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་། འོང་བའི་དབྱེ་བས་རྣམ་པ་བཅུའོ།། གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར། ཞེས་པ་འདུ་ཤེས་ཀྱི་ཕུང་པོའོ།། གདོལ་པ ་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་རྣམ་པ་བཅུ་སྟེ། འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ།། དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དེ། ཏིང་འཛིན་རྣམ་པ་བཅུ་པོ་རྣམས་འགོག ་པའི་ཕྱིར་རོ།། དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མ་ངན་ལས་འདས་པ་སྟེ། རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ།། ཞེས་པའི་དོན་ཏོ།། རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་ཞེས་པ་ནི། འདིར་སྦྱོར་བ་རེ་རེ་དཀྱིལ ་འཁོར་ལྔ་འབབ་པའོ།། ཨ་སོགས་ཀ་སོགས་རྣམས་ཀྱིས་ཤེས་པ་ནི་དབྱངས་དང་གསལ་བྱེད་གཡོན་དང་གཡས་ཀྱི་སྲོག་ཡང་དག་པར་རྒྱུ་བ་འགོག་པས་སོ།། ང་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་གསུངས་པ། ་སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི། ཡུལ་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པས། རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་གཟུགས་ཀྱི་ཡུལ ་རྣམས་ལ་གཞན། མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ།། དེ་བཞིན་དུ་གཟུགས་དེ་ཉིད་ལ། ཤེས་རབ་ཅེས་པ་ནི་ལྟ་བའོ།། རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ།། དཔྱོད་པ་ཞེས ་པ་ནི་ངེས་པའི་དོན་ཏོ།། དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་པའོ།། གཡོ་མེད་བདེ་བ་ཞེས་པ་ནི། གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ།། དེ་ལྟར་གཟུང་བ་དང་། འཛིན་པའི་དབྱེ་བསོ་བསམ ་གཏན་རྣམ་པ་བཅུའོ།། འདིར་སྲོག་གི་རྩོལ་བ་ཞེས་བྱ་བ་དག་ཀྱང་ལམ་ནི་གཉིས་པོ་ཞེས་པ་གཡོན་དང་གཡས་པའི་ལམ་བསྒྱེལ་བ་སྟེ། བགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ།། དེ་ཡང་དཀྱིལ་འཁོར ་བཅུ་འགོག་པ་ལས་རྣམ་པ་བཅུའོ།། འདིར་ཐིག་ལོར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་། གཉིས་ཀའི་བགོད་པ་བཅོམ་པ་ཞེས་པ་འགྲོ་བ་དང་། འོང་བ་དང་བྲལ་བ་ནི་རྩེ་གཅིག་སེམས་དཔའ་ཞེས་བྱ་བ ་དཔྲལ་བར་སྲོག་འཛིན་པའོ།། གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལ་གྱུར་པ་དེ་ནི་རྗེས་སུ་དྲན་པ་སྟེ། རྣམ་པ་བཅུར་སྔར་གསུངས་སོ།། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནཱི་ཞེས ་པ་ཤེས་པ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། འགྱུར་མེད་བདེ་བའི་དབང་གིས་གཟུགས་ལ་ཏིང་ངེ་འཛིན་ཏོ།། དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ།། དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་སྒྲུ ་ཐབས་སོ།། འདི་དག་དམན་པ་ལ་སོགས་པ་དགེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པོའི་རྣམ་གསུམ་བགྲོད་པའི ་དབང་གིས་ཤེས་པ་སྟེ། འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་སོ།། གཡོ་བའི་བགྲོད་པ་ནི་འིབྲིང་པོའི་གནས་སྐབས་སོ།། མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ།། ་འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི་འཛེག་པའི་བདེ་བ་སྦྱིན་པ་མོའི།། ཡེ་ཤེས་ཀྱི་ཕྱག་རྒྱ་ནཱི་གཡོ་བའི་བདེ་བ་སྦྱིན་པ་མོའོ།། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ།། དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག ་རྒྱུ་གསུམ་བསྒོམ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ། སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ།། ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ། སོ ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་སོ་སོར་སྡུད་པ་གཟུགས་བརྟན་པར་གྱུར་པས། རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ། སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། ཚིག་གི་མཆོག་སྦྱིན་ལ ་སོགས་པ་སྦྱིན་པར་འགྱུར་རོ།། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ། མིའི་བདག་པོ་བསམ་གཏོན་སྦྱོར་བས་དག་པའོ།། ཞེས་པ་ནི་འདིར་གང་གི་ཚེ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ།། དེ་བཞིན་དུ ་གྷའི་རྣ་བ་ལ་སོགས་པ་སྟེ། བསམ་གཏན་གྱིས་དག་པར་འགྱུར་རོ།། སྲོག་གི་རྩོལ་བས་དག་པ་ཞེས་པ་ནི་འདིར་གང་གི་ཚེ་རྣལ་འབྱོར་པ་ཉི་མ་རི་བོང་ཅན་གྱི་ལམ་དང་བྲལ་ཏེ། རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི ་སྲོག་གི་རྩོལ་བས་དག་པར་གྱུར་པས་དབྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ། བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ།། བདུད་དང་ཉོན་མོངས་ལ་སོགས་ཉམ་སེ་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་པ ་ནི་སྟོང་པ་ཉིད་ཀྱི་གཟུགས་གཟུང་བའི་སེམས་ལ་འཇུག་པར་འགྱུར་ཏེ། འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་གི་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་འདྲེས་པར་གྱུར་པས་སོ།། རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས ་པ་ལ་འདིར་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ།། དེའི་ཕྱིར་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ།། ཀྱང་གི་སྒྲ་ལས་པ་སྤུའི་ཁུང ་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ།། ཡེ་ཤེས་གཟུགས་ལས་སོ་ཞེས་པ་སྟོང་པའི་གཟུགས་ལས་སོ།། དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཞེས་པ་ནི། འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ ་ཉིད་ཀྱིས་གང་ཞིག་འགྱུར་བ་མེད་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་དུ་གསུངས་པ། དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་དྲི་མ་མེད་པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་དག་གིས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ ་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར་ཞེས་པ། དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། སོ་སོར་སྡུད་པ་ལ་སོགས་པ་སོགས་པའི་ངེས་པའོ།། ད་ནི་བཅན་འབོས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མི་མ་སྐྱེས་ན་དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བས་བཙུན་ཐབས་སུ་དབུ་མར་འབབ་པར་བྱས ་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ།། ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ།། ད་ནི་སྟོང་པ་ཉིད་ཀྱིས ་གཟུགས་བསྒྲུབ་པའི་སླད་དུ་ལྟ་སྟང་གསུངས་པ། བསྐྱོན་པ་ཞེས་པ་ལ་སོགས་པ་སྟེ། འདིར་བསྟན་པ་ཞེས་པ་ནི་རང་བར་དུ་བ་ལ་སོགས་པའི་མཚོན་མ་བསྒོམ་པའོ།། བསྙེན་པ་དེ་ལ་ད་བོའི་རྣལ་འབྱོར་ནི་སེམས་ཀྱི ་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ།། དེ་ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་སྦྱིན་དུ་འགྱུར་བ་རྣམ་པ་སྟེ། དེས་ན་དེ་ཡང་རྣམ་པ་བཅུའོ།། འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་གྱི་ཁྲོ་བོའི་ལྟ་བས་ཤེས་པ་མིག་མི་འཛུམ ་པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ། མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང་ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ། དེ་ནས་གཟུགས་སྷོ།། དེ་ལྟར་གཟུགས་ཀྱི་མཐར་ཐུགས་པ་སོ་སོར་སྣང་དང་བསམ་གཏན་གྱིས ་བསྙེན་པའི་ཡན་ལག་དུ་འགྱུར་རོ།། བགེགས་འཆར་བྱེད་པའོ་ལྟ་བ་ཞེས་པ་ལ། བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པོའོ།། དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བར་སོན་པའོ།། བགོགས་མཐར་བྱེད་པའི་ལྷ ་བ་བདུད་རྩིའི་ལམ་དུ་སོན་པ་དེ་ཡིས་ཉེ་བའི་སྒྲུབ་པ་ལ་ཡོན་ལག་དྲུག་གོ།། ཀྱང་ཡིག་གིས་སྲོག་རྩོ་ལོ་དང་འཛིན་པ་བྱ་སྟེ། སྲོག་གི་གཟུགས་མཐོང་བར་གྱུར་པ་ན་ཉེ་བའི་སྒྲུབ་པའོ།། ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལོ་ཞེས་པ་ལ ་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པ་འདི་ཟླ་བ་ཐིག་ལེ་ཡིན་པ་ནི་ལ་སྤྲོས་ཟླ་བ་ཐིག་ལེ་སྟེ། རྡོ་རྗེ་ནོར་བུར་གནས་པ་དེའི་གསང་བ་དང་ལྟེ་བ་དང་སྙིང་ཁར་འགྱུར་མེད་གསུམ་དུ་གྱུར་པ་གང་ཡིན་པ་དེ་ནི་སྒྲུབ་པ་ལ་ཞེས ་པ་གསུམ་པ་སྒྲུབ་པའི་ཡན་ལག་ལ་འགྱུར་རོ།། དེ་ལྟར་སྒྲུབ་པའི་ཡན་ལག་བྱའོ།། བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་པ་ལ་འདིར་བདེ་བ་མ་ཉམས་པས་བྱང་ཆུབ་ཀྱི་སེམས་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ ་ཞེས་གསུངས་ཏེ། ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ་ཞེས་པ་ནི་སེམས་ཀྱིས་འགྱུར་བ་མེད་པའི་བདེ་བ་དང་། ལྷན་ཅིག་གཅིག་པ་ཉིད་དོ།། ཞེས་པ་སྒྲུབ་པ་ཆེན་པོའི་ཡན་ལག ་བཞི་པའོ།། དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་ཡན་ལག་བཞིའོ།། ལྷའི་སྒྲིབ་ཐབས་ལ་སྐྱེད་པའི་རིམ་པས་སྔར་གསུངས་ཏེ་འཇིག་རྟེན་པའོ།། འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་རྫོགས་པའི་རིམ་པས་སོ།། དེ ་བཞིན་དུ་གསུངས་པ། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། བདེན་པ་གཉིས་ལ་ཡང་དག་བསྟེན།། འཇིག་རྟེན་ཀུན་རྫོགས་བདེན་པ་དང་།། དམ་པའི་དོན་གྱི་བདེན་པའོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། སླར་ཡང ་རྡོ་རྗེ་ཅན་དག་གིས་བསྟན་པ།། རིམ་པ་གཉིས་ལ་ཡང་དག་བརྟན།། གཅིག་ནི་སྐྱེད་པའི་རིམ་པ་སྟེ། གཞན་ནི་རྫོགས་པའི་རིམ་པའོ།། དེ་ལྟར་ལྷའི་སྒྲུབ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་དང་། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ལ་རྣམ་པར ་རྟོག་པ་དང་བྲལ་བ་ཡན་ལག་བཞི་པོ་རྣམས་ཀྱིས་སོ།། ཞེས་པ་རིགས་པའོ།། དེ་ནི་སྲོག་རྩོལ་གྱི་མཚན་ཉིད་གསུངས་པ། སྲོག་ཅེས་པ་ལ་སོགས་པ་སྟེ། འདིར་སྟོང་པ་ཉིད་ཀྱི་གཟུགས་མཐོང་བར་གྱུར་པ་ན་རྣལ་འབྱོར་པས ་སྲོག་གི་རྩོལ་བ་བྱ་བ་གང་ཡིན་པ་དེ་ནི་ཇི་སྲིད་མགོ་ཡིས་གར་དུ་ཞེས་པ་མགོ་བོ་ན་བར་མི་བྱེད་ཀྱི་བར་དུའོ།། དེ་ཡང་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་རོ།། དེ་ལྟར་སྟེང་དུ་ཞེས་པ་ནི་མགོན་བའི་མཐའ་ལས་འདོད་པོ་མ་ཡིན་པ ་འཆི་བའི་འཇིགས་པ་བྱེད་པར་འགྱུར་ཏེ། ཕུང་པོ་རྣམ་པར་ཉམས་པའི་རྒྱུར་འགྱུར་རོ།། ཅི་སྟེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་ཕུག་ནས་སྲོག་འགྲོ་ན་རྣལ་འབྱོར་པས་མཆོག་གི་བདེ་བའི་གོ་འཕངས་དག་ལ་ཞེས་པ་སྟོང་པ ་ཉིད་ཀྱིས་གཟུགས་ལ་ངེས་པར་སྦྱར་བར་བྱ་སྟེ། ངེས་པར་ནི་མཐའ་གཅིག་ཏུའོ།། དེ་ལྟར་ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་ཞེས་པ་སངས་རྒྱས་ཀྱི་གཟུགས་ལ་འཇུག་སྟེ། རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར ་གྱི་སེམས་འགྲོ་བའོ།། འོན་ཀྱངའཇིག་རྟེན་དུ་ནི་གྲགས་པ་མིན་པ་རྣལ་འབྱོར་པ་འདི་ཤིའོ་ཞེས་པ་སྟེ། སྲོག་རྩོལ་གྱི་ངེས་པའོ།། ཚིགས་སུ་བཅད་པ་གཞན་ནི་གོ་སླའོ།། ད་ནི་ལྷ་གཤེགས་སུ་གསོལ་བ་གསུངས་པ། གཙུ ་ཏོར་ཞེས་པ་ལ་སོགས་པ་སྟེ། འདིར་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་བསྒོམས་ནས། མཆོད་པ་དང་། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཅེས ་པ་ལ་སོགས་པས་བསྐྱོད་པ་བྱས་སྟེ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བའི་སླད་དུ། གཙུག་ཏིར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པ་བསྒོམ་པར་བྱའོ།། དེའི་ལྟེ་བ་ལ་བདེ་བ་ཆེན་པོའི་འཁོར་ལོ་གཤེགས ་སུ་གསོལ་ལོ།། དེའི་ཕྱི་རོལ་གྱི་རྩེ་མོ་དག་ནི་ཉིས་འགྱུར་ཞེས་པ་རྩེ་མོ་བརྒྱད་པ་སྟེ། དབུས་ཀྱི་རྩེ་མོ་དང་ལྷན་ཅིག་རྩེ་མོ་དགུ་པའི་རྡོ་རྗེ་ཆོས་ཀྱི་འཁོར་ལོར་ཞེས་པོ་སྙིང་ཁར་འགྱུར་ཏེ། དེའི་ལྟེ་བར་དུ་བ་ལ་སོགས་པ་གཤེགས ་སུ་གསོལ་ལོ།། ཉིས་འགྱུར་གཞན་མ་ཞེས་པ་རྩེ་མོ་བཅུ་དྲུག་པ་དབུས་ཀྱི་རྩེ་མོ་དང་བཅུ་བདུན་པ་སྟེ། ལྷན་སྐྱེས་ཞེས་པ་དཔྲལ་བར་རོ།། དེའི་ལྟེ་བར་ཕུང་པོ་དང་ཁམས་ཀྱིས་ལྷ་གཤེགས་སུ་གསོལ་ལ ་དེའི་ཉིས་འགྱུར་དག་ཀྱང་གཞན་ཞེས་པ། རྩེ་མོ་སུམ་ཅུ་རྩ་གཉིས་པ། དབུས་མའི་རྩེ་མོ་དང་ལྷན་ཅིག་རྩེ་མོ་སུམ་ཅུ་རྩེ་གསུམ་པ་སྟེ། ལོངས་སྤྱོད་རྫོགས་ཤེས་པ་མགྲིན་པར་རོ།། དེའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་དང་། ཁྲོ་བོ ་བཞིའི་ལྷ་གཤེགས་སུ་གསོལ་ལོ།། དེའི་ཡང་ན་ཉིས་འགྱུར་གཞན་ཞེས་པ། རྩེ་མོ་དྲུག་ཅུ་རྩ་བཞི་པ། དབུས་མཱའི་རྩེ་མོ་དང་ལྷན་ཅིག་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་རྡོ་རྗེ་སྟེ། སྤྲུལ་པ་ཞེས་པ་ལྟེ་བོའི་འཁོར་ལོར་རོ།། དེའི་ལྟེ་བར ་ཙར་ཙི་ཀཱ་ལ་སོགས་པ་དང་འཇིགས་མ་ལ་སོགས་པ་དཀྱིལ་འཁོར་དྲུག་ཅུ་འབབ་པ་རྣམས་ཏཽ། བཞི་ནི་སྟོང་པ་ཉིད་ཀྱི་རིགས་ལྡན་མའོ།། དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་དག་གཤེགས་སུ་གསོལ་ལོ།། དེའི་སྙིང་པོ་རྩེ་མོ ་གཅིག་པ་ཞེས་པ་ནི་དེ་རྣམས་ཀྱི་སྙིང་པོར་སྔར་གསུངས་པའི་རྩེ་མོ་གཅིག་པ་སྟེ། བདེ་མཉམ་འབྲས་སྔར་གསང་བའི་པདྨའི་ཁོངས་སུ་གནས་པའོ།། དེ་ལ་ཡང་རྩེ་མོ་སུམ་ཅུ་རྩ་གཉིས་ཏེ་འདབ་མའི་གྲངས་སོ།། དེའི་ལྟེ ་པར་འོད་ཟེར་ཅན་ལ་སོགས་པ་གང་ཡིན་པ་དེ་དག་ནི་གཤེགས་སུ་གསོལ་ལོ།། དེ་བཞིན་དུ་ལྷ་བཅུ་གཉིས་པོ་འཁོར་དང་བཅས་པ་རྣམས་ནི་ལས་ཀྱི་འཁོར་ལོ་རྣམས་རྡོ་རྗེར་བྱས་ནས་དེ་རྣམས་ཀྱིས་ལྟེ་བར་དེ་རྣམས་གཤེགས ་སུ་གསོལ་ལོ།། ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པ་རྣམས་ནི་བྱ་བའི་འཁོར་ལོ་རྣམས་སོ།། དེ་ལྟར་གཤེགས་སུ་གསོལ་བ་བྱས་ཏེ། དེ་ནས་ཐུན་མཚམས་གསུམ་ལ་སྔར་གསུངས་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ།། སྔར་གྱི ་ཚོ་གས་བདུད་རྩི་ལྔ་སྦྱང་བར་བྱས་ནས་དེས་བདག་ཉིད་ཚིམ་པར་བྱའོ།། དེ་ལྟར་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པོས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་བཅོམ་ལྡན་འདས་འཇམ་དཔལ་གྱིས་གསུངས་སོ།། ད་ནི་རྣལ ་འབྱོར་གྱི་སྤྱོད་པ་གསུངས་པ། རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་གྱི་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའི་འོ།། གཉིས་པ་ནི་ནང་གིའོ།། དེ་ལ་ཕྱིའི་གང་ཡིན་པ་དེ ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང་ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་འབྲོས་བུའི་རྒྱུར་རྣལ་འབྱོར་པས་བྱའོ།། འདིར་རྣལ་འབྱོར་པ་ཡིས་ཉིན་དང་མཚོན་མོར་སྲོག་གཅོད་པ་དག་བྱ་བ་དེ་ནི་ཐམས་ཅད་མཁྱེན་པའི ་འབྲས་བུ་ཐོབ་པའི་སླད་དུ་རང་གི་ལུས་ལ་སྲོག་ཉམས་པ་གསུངས་པ་སྟེ། ཕྱི་རོལ་དུ་སྲོག་གཅོད་པ་ནི་མ་ཡིན་ནོ།། འདིར་ཕྱི་རོལ་དུ་གདུལ་དཀའ་འདུལ་བའི་སླད་དུ། སྲོག་གཅོད་པར་གསུངས་པ་གང་ཡིན་པ་དེ་ནི་དེ་རྣམས ་ཀྱིས་སྲོག་རྣལ་འབྱོར་གྱི་བཀུག་པ་སླར་ཡང་ལུས་དེ་ཉིད་ལ་རྣལ་འབྱོར་པས་གཞུག་པོར་བྱའོ།། དེ་ལྟར་ན་གདུལ་དཀའ་འདུལ་བ་པོར་འགྱུར་ཏེ། གདུལ་དཀའ་མཐར་བྱེད་པ་ནི་མ་ཡིན་ནོ་ཞེས་གྲུབ་པོ།། སྒྲ་ནི་གང་ཞིག་ཞལ་གྱིས་དམན ་པ་དག་ཅེས་པ་ནི་འདིར་ཐམས་ཅད་མཁྱེན་པའི་གསུང་ཐམས་ཅད་ཀྱི་སྐད། སེམས་ཅན་གྱི་སྙིང་ལ་རང་རང་གི་སྐད་གཞན་གྱིས་འགྱུར་བ་གང་ཡིན་པ་དེ་ཉིད་ནི་རབ་ཏུ་མི་གནས་པ་སྟེ། སེམས་ཅན་ཐམས ་ཅད་ཀྱི་སྐད་ཡིན་པ་ཉིད་ཀྱི་ཕྱིར་རོ།། རབ་ཏུ་མི་གནས་པ་ཉིད་ཀྱི་ཕྱིར་བརྫུན་དུ་སྨྲ་བར་གསུངས་སོ།། ཕྱི་རོལ་ཏུ་ཡང་སེམས་ཅན་གྱི་དོན་གྱི་སླད་དུ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ།། འབྱུང་དང་སྡུད་པར་བྱེད་པ་མོ།། ཞེས་བྱ ་ལ་སོགས་པའི་གསུང་ནི་གདུལ་བྱའི་དོན་དུའོ།། དེ་བཞིན་དུ་དབང་པོ་གཉིས་སྐྱེས་བདེ་དེ་ཉིད།། སངས་རྒྱས་ཉིད་ཀྱིས་འབྲས་བུ་སྟེར།། རྡོ་རྗེ་འཛིན་པའི་རྣམ་པ་མི།། བུད་མེད་རྡོ་རྗེ་བཙུན་མོའོ།། ཞེས་པ་ལ་སོགས་པའི ་གསྤྱང་ནི་བརྫུན་དུ་སྨྲ་བ་སྟེ། སེམས་ཅན་རྣམས་སླུ་བའི་སྲིང་དུ་སངས་རྒྱས་པོའི་རྣལ་འབྱོར་པ་རྣམས་ཀྱི་སླུ་བ་ཅན་གྱི་ཚིག་རྣ་མ་ཡིན་ནོ་ཞེས་པ་སྟེ། གྲུབ་པའི་སླད་དུའོ།། འདིར་ལུས་སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་དང་། ་གང་ཞིག་ཐམས་མཁྱེན་པའི་ས་བཅུ་གཉིས་པོ་རྣམས་འཛིན་པ་དྲི་ནི་རྣལ་འབྱོར་པའི་བརྐུསོ་ཏེ་འཛིན་པར་གསུངས་སོ།། ཕྱི་རོལ་ཏུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་གསེར་ལ་སོགས་པ་དབྱུང་བར་བྱ་སྟེ། གཏེར་བསྲུང ་བ་པོ་རྣམས་ངན་འགྲོ་ལས་གྲོལ་བར་བྱ་བའི་དོན་དུའོ།། ཁུ་བའི་ཐིག་ལེ་མོ་ལྷུང་བ་ལས་བདེ་བར་འགྱུར་བ་གང་ཡིན་པོ་དེ་ནི་གཞན་གྱི་བུད་མེད་བསྟེན་པའོ།། གཞན་གྱི་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་ཁྲོ ་བའི་ཕ་རོལ་ཏུ་སོན་མའོ།། གཞན་ནི་རྡོ་རྗེ་སེམས་དཔའ་སྟེ་འཁོར་བའི་ཕ་རོལ་སྟོན་པའོ།། དེའི་བུད་མེད་ནི་གཞན་གྱི་བུད་མེད་དེ། རྣལ་འབྱོར་པ་རྣམས་ཀྱི་ཆགས་བྲལ་མིན་པ་ལསྣ་ཤེས་པ་མི་འགྱུར་བའི་བདེ་བ་ལས་ཏེ ་བསྟེན་པའོ།། ཕྱི་རོལ་དུ་ཡང་དབང་ལ་སོགས་པའི་དུས་སུ་སྦྱིན་པ་པོས་རང་གི་ཆུང་མ་ལ་སོགས་པ་གང་བྱིན་པ་དེ་བསྟན་པ་ནི་གཞན་གྱི་བུད་མེད་བསྟེན་པ་སྟེ། ཆགས་བྲལ་མིན་པ་ལས་ཤེས་པ་ནི་ཇི་ལྟར་བདག་ལ ་དམ་ཚིག་ཅན་རྣམས་དམི་ཚིག་ཉམས་པ་ལས་ཆགས་བྲལ་དུ་མི་འགྱུར་བའོ།། ཞེས་པའི་དོན་ཏོ།། སྲོག་གི་རྩོལ་བའི་མེ་ཡིས་ཤེས་པ་ནི་འདིར་སྲོག་འགོག་པས་གཏུམ་མོ་འབར་བ་གང་ཡིན་པ་དེ་སྲོག་གི་རྩོལ་བའི ་མེ་ཞེས་གསུངས་ཏེ། སྲོག་གི་རྩོལ་བའི་མེ་དེ་ཡིས་རི་བོང་ཅན་ནི་ཞུ་བ་དག་ཀྱང་ཞེས་པ་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁྱ་བ་བིག་ལེའི་གཟུགས་རྡོ་རྗེའི་ཁྭ་ཡིས་སྟེང་དུ་བཏུང་བ་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེས་པའི་གང ་ཡིན་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱིས་ཆང་བཏུད་པར་གསུངས་སོ།། ཕྱི་རོལ་ཏུ་ཡང་དབང་ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ཀྱིས་གཏོར་མེའི་དོན་དུ་གསུངས་སོ།། མཐེ་བོའི་ཚོགས་ནས་གཙུག་ཏོར་དག་ཏུ་ཞེས ་པ་ནི། འདིར་འདོང་པོའི་བསྟན་བཅོས་ལས་ཐོས་ཏེ། དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོང་ནས་ཆོས་གཅིག་ལ་སོགས་པ་འཕེལ་བ་དང་། ཟླ་བའི་ཚེ་འཕེལ་བས་ཉའི་མཐར་གཙུག་ཏོར་དུ་རང་སེམས་ཤྭེ ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ།། སླར་ཡང་གཙུག་ཏོར་ནས་ནི་རྐང་པ་གཡས་པའི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ། ནག་པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་ཇི་སྲིད ་ནག་པོའི་ཕྱོགས་ཀྱི་མཐར་ནི་བྱང་ཆུབ་ཀྱི་སེམས་རྐང་པའི་མཐེ་བོ་ལ་རིག་པར་བྱའོ།། སླར་ཡང་ཟླ་བ་གཞན་གྱི་དཀར་པོའི་ཕྱོགས་ལ་གཡོན་གྱི་མཐུ་བོ་ལ་སྔར་བཞིན་ནོ།། དེ་ལ་སྨྲས་པ། དང་པོའི་ཆོས་ནི་དང་པོའི་སོར་མོའི ་ཚིགས་ལོའོ།། གཉིས་པ་ནི་གཉིས་པ་ལའོ།། གསུམ་པ་ནི་གསུམ་པ་ལའོ།། བཞི་པ་ནི་གཡོན་གྱི་རྐང་པའི་ཚིགས་ལྀའོ།། ལྔ་པ་ནི་པུས་མོའི་ཚིགས་ལའོ།། དྲུག་པ་ནི་བཪྵ་དང་དཔྱིའི་ཚིགས་ལའོ།། བདུན་པ་ནི་གཡོན ་པའི་ལག་པའི་སོར་མོའི་ཚིགས་ཀྱི་མཚམས་ལའོ།། བརྒྱད་པ་ནི་དབུ་མའི་ཚིགས་ལའོ།། དགུ་པ་ནི་གསུམ་པའི་ཚིགས་ལའོ།། བཅུ་པ་ནི་ལག་པའི་ཚིགས་ལའོ།། བཅུ་གཅིག་པ་ནཽ་དཔུང་པའི་ཚིགས་ལའོ།། བཅུ་གཉིས ་པ་ནི་ཕྲག་པ་དང་དཔུང་པའི་ཚིགས་ལའོ།། བཅུ་གསུམ་པ་ནི་སྙིང་ཁར་རོ།། བཅུ་བཞི་པ་ནི་མགྲིན་པར་རོ།། ཉ་ནི་དཔྲལ་བར་རོ།། ཁུ་བའི་ཉཾའི་མཐའ་ནི་སྤྱི་གཙུག་ཏུ་འགྱུར་རོ།། སླར་ཡང་ནག་པོའོ་ཚེས་གཅིག་ནི་དཔྲལ་བར་རོ།། ་གཉིས་པ་ནི་མགྲིན་པར་རོ།། གསུམ་པ་ནི་སྙིང་གར་རོ།། བཞི་པ་ནི་གཡས་པའི་ཕྲག་པ་དང་དཔུང་པའི་ཚོགས་ལའོ།། ལྷག་མ་ནི་གཡོན་པ་བཞིན་ལུགས་ལས་བཟློག་པ་སྟེ། རྐང་པ་གཡས་པའི་སོར་མའི་སེན་མོ་མ ་ཇི་སྲིད་པར་བྱང་ཆུབ་སེམས་ཀྱི་གནམ་སྟོང་གི་མཐའོ།། རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བ་ཞེས་པ་ནི་འདིར་གཡོན་དང་གཡས་ཀྱི་རྩ་ལ་རབ་ཏུ་འབབ་པའི་དབང ་གིས་གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་གསང་བ་ལ་སོགས་པའི་པདྨ་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སྟེང་དུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་ནི་འདོད་པའི ་དངོས་གྲུབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོསོ་གྲུབ་སྟེ། དེ་རབ་ཏུ་སྟེར་བ་པོའོ།། ཕྱི་རོལ་དུ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་ཤྲཱི་བྲིང་མེད་རྣམས་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ། བུད་མེད་ཀྱི་སྤྱོད་པ་དེ་རྣམས་ལ་སྒྲུབ ་པ་ནི་ཚངས་པའི་སྤྱོད་པའོ།། དེ་བཞིན་དུ་ཞལ་ལྔས་རྣལ་འབྱོར་པར་བྱའོ་ཞེས་པོ་དང་། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་འཐབ་མོ་ནི་རྩའི་ཀུན་ཏུ་སྤྱོད་པ་ཞེས་པ་ནི་སྟེང་དུ་ཁུ་བ་འགྲོ་བར་བྱའོ།། ཞེས་པ་རྣོ་བའི་རྒྱུད་ལུས་ངེས ་པ་སྟེ། བུད་མེད་ཀྱི་སྤྱོད་པའི་ངེས་པའོ།། འདིར་ནི་ཉི་ཤུ་རྩ་ལྔ་ལྷོག་པའི་བརྒྱའི་རྗེས་ལ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ།། ད་ནི་ཞི་བ་ལ་སོགས་པའི་དོན་དུ་ལྕེ་སྒོམ་པ་གསུངས་པ། དཀར་པོ་ཞེས་པ་ལ་སོགས་པ ་སྟེ། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའམ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་ལྔའི་བདག་ཉིད་ལ་སོགས་པར་གསུངས་པ་ནི་ཞལ་ལ་སོགས་པའི་དབྱེ་བ་རྣམས་ཀྱི་ཞི་བ་ལ་སོགས ་པར་འགྱུར་རོ།། གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་རྣལ་འབྱོར་པས་སྐུའི་ཞལ་གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཁ་དོག་དཀར་པོ་དཔྲལ་བར་གནས་པར་བསྒོམ་པར་བྱའོ།། དཀར་པོ་ཡིས་ནི་ཞི་བ་དང ་རྒྱས་པ་བྱེད་དོ།། གསུང་གི་ཞལ་གཙོ་བོ་ཉི་མའི་དཀྱིལ་འཁོར་ལ་མགྲིན་པར་གནས་པ་ཡིད་ལ་སྒོམ་པོར་གྱུར་པ་ནི་དམར་པོ་ཡིས་ནི་དགུག་པ་དང་དབང་དུ་བྱེ་བ་བྱེད་དོ།། ཡེ་ཤེས་ཀྱི་ཞལ་གཙོ་བོ་དུས་མེའི་དཀྱིལ་འཁོར་ལ ་ལྟ་བར་གནས་པ་བསྒོམ་པས་སེར་པོས་རེངས་པ་དང་རྨོངས་པ་བྱེད་དོ།། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་ཀྱི་ཞལ་གཙོ་བོ་སྟེ། ནག་པོ་ཡིས་བསད་པ་དང་བསྐྲད་པ་དང་དབྱེ་བ་ཡང་བྱེད་དོ།། དེ་བཞིན་དུ་འབྱུང ་མས་ཀྱི་དཀྱིལ་འཁོར་ལ་གནས་ལྷ་མིན་ལག་འགྲོའི་རིགས་འདི་བསྒོམས་པ་ཡིས་ནི་བསྒྲུབ་པར་བྱ། ཞེས་པ་ལ་ལྷ་མིན་དང་ལག་འགྲོ་རྣམས་ཀྱི་རིགས་རྣམ་པ་བརྒྱད་དེ། རིགས་དེ་ཉིད་བསྒྲུབ་པར་བྱའོ།། མཁའི་ལྡིང ་དུ་འཆད་པར་འགྱུར་བ་ནི་འདིར་རྒྱས་པར་མ་བྱས་སོ།། སྒོམ་དང་བཟླས་པ་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་ཅེས་པ་ནི་ཞལ་གཅིག་ཕྱག་གཉིས་པའི་ལྷའི་སྐུ་ལ་སོགས་པའི་ཁ་དོག་གི་དབྱེ་བས་བསྒོམས་པ་ནི་འཆད་པར ་འགྱུར་བའི་རིམ་པས་ཞི་བ་ལ་སོགས་པ་བྱེད་དོ།། དེ་ལྟར་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་པ་ཤེས་པ་ཆུ་ལ་སོགས་པོའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བཞི་སྲིད་པ་གསུམ་གྱི་གནས་སུ་བསྒྲུབ་པར་བྱ་སྟེ། ་ལས་ཀྱི་དབྱེ་བ་དུ་མ་རྣམས་ཀྱིས་ཤེས་པ་ཆོ་ག་སྣ་ཚོགས་པ་རྣམས་ཀྱིས་ཤེས་པའི་དོན་ཏོ།། ད་ནི་གདུལ་དཀའ་འདུལ་བར་བྱེད་པའི་སླད་དུ། གླང་པོ་ཆེའི་པགས་པ་རློན་པའི་གོས་འཛིན་པར་བསྒོམ་པ་གསུངས་པ། ཕྱོགས་ཤེས ་པ་ལ་སོགས་པ་སྟེ། འདིར་དུས་རྣམ་པར་དག་པས་ལོའི་ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་ཀྱིས་ཕག་ཉི་ཤུ་རྩ་བཞི་པ་སྟེ། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་ཞེས་པ་གྲུབ་པོ།། གླང་པོ་ཆེའི་པགས་པ་རློན་པའི་གོས་འཛིན་པ་འདི་ནི ་ལྷག་མའི་ཟླ་བ་དང་བཅས་པ་སྟེ། ལོ་གང་ཞིག་ཟླ་བ་བཅུ་གསུམ་གྱི་བདག་ཉིད་དོ།། དེའི་ཕྱོགསོ་ཉི་ཤུ་རྩ་དྲུག་རྣམས་ཀྱིས་ཕྱག་རྣམ་པར་དག་པའོ།། དེའི་ཕྱིར་ཕྱོགས་ལྷག་པ་ལས་བྱུང་བ་ནི་ཕྱག་གཉིས་སོ།། ཕྱག་དེ་དག་བུང་བ ་དང་ནི་གསེར་དང་མཚུངས་པ་ཞེས་པ་ནག་པོ་དང་སེར་པོ་གཡས་དང་ཅིག་ཤོས་དག་གིས་ནི། ཕུང་པོའི་བདུད་ལྷ་གླང་ཆེནོ་ཞེས་པ་ནི་ཕུང་པོའི་བདུད་ལྟ་བུ་གླང་པོ་ཆེ་སྟེ། དེ་ཟད་པ་ལས་ཆ་ཙམོ་ཉིད་ནི་པགས་པའོ།། དེ་ཉིད་རབ་ཏུ ་འབྱིན་པ་ནི་ཕུང་པོའི་བདུད་ལྟ་གླང་ཆེན་མ་ལུས་བཤུས་ནས་རྐང་པ་ཟུང་ཞིག་དག་ནས་འཛིན་ཅིང་རྐང་པ་ཟུང་ཞིག་འཕྱང་བ་གླང་ཆེན་པགས་པའི་གོས་ཞེས་པ་འཛིན་པ་སྟེ། གཡས་སུ་མགོ་བོ་དང་གཡོན་གྱི་མཚར་མཇུག་མའོ། ་ལྷོ་མིན་དབང་པོ་ཞེས་པ་ནི་ལྷའི་བུའི་བདུད་དེ། དེའི་མ་རིག་པ་འཇུག་པ་ནི་ཁྲག་གོ། དེ་ཟད་པ་ལས་ཆ་ཙམ་ནི་ཐོད་པའི་ཁྲིག་སྟེ། ཁྲག་གི་ཐོད་པ་དེ་གང་གིས་རབ་མཆོག་ཕྱག་ནི་མཐིལ་ན་ཡོད་པ་དེ་ནི་ལྷ་མིན་དབང་པོའི ་ཁྲག་གི་ཐོད་པ་ཕྱག་མཐིལ་ནཱ་ཞེས་པའོ།། འཆི་བདག་བདུད་ཀྱི་གདོང་གི་ཕྱག་ཅེས་པ་ནི་འཆི་བདག་གི་བདུད་ཟད་པ་ལས་ཆ་ཙམ་གྱི་སྒྲིབ་པ་མགོ་བོ་གོང་གི་ལག་པ་ན་ཡོད་པ་དེ་ནི་འཆི་བདག་བདུད་ཀྱི་གདོང ་གི་ཕྱག་ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྲོལ་ཞེས་པ་ནི་ཉོན་མོངས་པའི་བདུད་ཟད་པ་ལས་ཆ་ཙམ་གྱི་ཉོན་མོངས་པའི་སྒྲིབ་པ་ངེས་པར་མ་བསྲེགས་པ་གང་ཡིན་པ་དེ་དག་ནི་ཡི་དགས་ཏེ། གང་གི་ཞབས་ཀྱི་འོག་ཏུ་བསྒྱེལ ་བའོ།། དེས་ན་ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྲལ་བའོ།། དེ་ལྟར་ཆ་ཙམ་གྱི་སྒྲིབ་པ་རྣམས་ཀྱིས་གཉིས་ལྷག་རྒྱལ་བའི་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ་སྟེ། ལྷག་མའི་ཕྱག་ལ་ནི་མཚོན་ཆ་དུས་ཀྱི་འཁོར་ལོ་བཞིན ་མགོ་བོ་དང་ཐོད་པའི་ཕྲེང་བ་འཛིན་པ་སྟག་གི་པགོས་པའི་ཤམ་ཐབས་ཅན།། རུས་པའི་ཕྱག་རྒྱ་དང་ཀླུའི་དབང་པོས་བརྒྱན་པ་སྟེ། གཞན་གྱི་དོན་དུ་སྒོམ་པར་བྱ་ཞེས་པ་ནི་གདུལ་དཀའ་བོར་འདུལ་བའི་དོན་དུའོ།། ཞེས་པ་ངེས་པའོ།། ་ང་ནི་དེའི་ཤེས་རབ་ཀྱི་མཚན་ཉིད་གསུངས་པ། དེ་ལ་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ཀྱི་དབྱེ་བས་ཉི་མ་ནི་ཤེས་རབ་སྟེ་ཟླ་བ་ནི་ཐབས་སོ།། ཟླ་བ་དེས་ཉི་མ་ལས་བཅུ་གཉིས་ལྷག་པའི་གཅིག་གིས་རྒྱུ་བ་ཇི་སྲིད་པར་རྒྱུ་སྟེ། ་ཟླ་བ་སོ་སོར་ཁྱིམ་བཅུ་གསུམ་རྒྱུ་ཞིང་། ཉི་མས་ཁྱིམ་གཅིག་རྒྱུའོ།། དེས་ན་ཉི་མའི་རྒྱུ་བའི་དབང་གིས་དེ་ལ་ཡུམ་ནི་ཞལ་གཅིག་མ་སྟེ། ཟླ་བ་དག་པས་སོ།། ཟུང་གི་ཕྱག་གི་པདྨ་ནི་ཕྱག་གཉིས་ཏེ། ཕྱག་གི་པདྨ་གཡས་དང ་གཡས་མིན་དེ་དག་ལ་གྲི་གུག་དང་དཔལ་ལྡན་ཞེས་པ་མའི་ཐོད་པའོ།། དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་བས་ཤེས་པ་ཟླ་བའི་ཁྱིམ་གྱི་ཕྱོགས་ཀྱི་དབྱེ་བ་ཉི་ཤུ་རྩ་དྲུག་གིས་རྒྱལ་བའི་བདག་པོ་ཕྱག་ཉི་ཤུ་རྩ་དྲུག་པར་འགྱུར་ཏེ། སྣ་ཚོགས་ཡུམ ་ནི་དེ་བཞིན་ཉིད་དུ་ལུས་ཀྱི་དབྱེ་བས་ཉི་མའི་ཁྱིམ་གཅིག་སྟེ་ཕྱོགས་ཀྱི་དབྱེ་བས་སྣ་ཚོགས་ཡུམ་ཕྱག་གཉིས་མའོ།། གཙོར་བུ་སྐྲ་གྲིལ་མ་སྟེ། ལྷག་མ་ནི་བཅོམ་ལྡན་འདས་བཞིན་དུ་རྒྱན་གྱིས་བརྒྱན་པའོ།། ཤེས་རབ ་ཐབས་ཀྱིས་ལུས་དང་བསམ་པ་བདེ་མཉ་མོ་འབྲས་སྟེརཞེས་པ་མི་འགྱུར་བའི་བདེ་བའི་འབྲས་བུ་སྟེར་བ། ཟླ་བ་ཉི་མའི་རབ་ཏུ་རྒྱུ་བ་སྟེ། དབུགས་འཇུག་པ་དང་འབྱུང་བ་དང་། འགོག་པ་དེ་ལྟར་གསུངས་པ་དག་གིས་བསྒོམ ་པར་བྱའོ་ཞེས་པ་ནི་ངེས་པའོ།། ད་ནི་སྣ་ཚོགས་གཟུགས་བསྒོམ་པ་གསུངས་པ། གཅིག་ཅེས་པ་ལ་སོགས་པ་སྟེ། འདིར་ཞལ་གཅིག་པ་འམ། སོགས་པའི་སྒྲས་ཞལ་གཉིས་པ་འམ། ཞལ་བཞི་དང་ལྔ་དང་མཐའ ་ཡ་སཽ་པ་འམ། ཕྱག་དང་ཞབས་མང་ཞེས་པ་ཕྱག་དང་ཞབས་དུ་མ་ཅན་མཚན་ཆ་དུ་མ་འཛིན་པ། དུ་མའི་ཁ་དོག་དང་དུ་མའི་དབྱིབས་ཏེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། ཆེ་བ་སངས་རྒྱས་རིག་སྔགས་འཛིན་པ་སྟེ། ་སྟོང་པ་ཉིད་དང་མི་འགྱུར་བ་འཛིན་པའི་བཅོམ་ལྡན་འདས་ཤེས་རབ་ཐབས་ཀྱིས་བདག་ཉིད་དོ།། མུན་པ་དག་གི་མཐར་ཞེསོ་པ་ནི་མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་དུས་སུ་ཉིན་མོའི་རྣལ ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི་མཚན་མོ་ན་མཁའ་ལ་བལྟ་ཞིང་ཉིན་མོ་བླ་གབ་མེད་པ་ལ་བལྟའོ།། དེ་ལྟར་གཟུགས་ཀྱི་མཐར་ཐུག་པར་བསྒོམས་ཏེ། རྩ ་ནི་ཟླ་བ་ཉི་མ་འགོག་པ་ལསོ་ཤེས་པ་གཡོན་དང་གཡས་ཀྱི་སྲོག་འགོག་པ་ལས་བདེ་མཉམ་སྟེར་ཏེ། ཞེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་རོ།། ས་ལ་སོགས་པ་རྣམས་ནི་ཞེས་པ་ནི་ས་ལ་སོགས་པའི་ཁམས་རྣམས ་ས། འབིགས་བྱེད་དྲི་མེད་ནོར་བུ་དང་མཚུངས་ཤེས་པ་ནི། ཇི་ལྟར་དྲི་མེད་ནོར་བུ་ཆེན་པོ་རེག་པ་ཙམ་གྱིས་རྡོ་ལ་སོགས་པའི་ཁམས་རིན་པོ་ཆེར་བྱེད་དེ། འབིགས་པར་བྱེད་པ་ཞེས་པ་འཇོམས་པར་བྱེད་པ་ནི་མ་ཡིན་ནོ།། དེ་བཞིན ་དུ་སྟོང་པ་གཅིག་པུ་དེ་མ་དང་བྲལ་བ་ནི་ས་ལ་སོགས་པའི་ལུས་ཀྱི་ཁམས་རྣམས་ཀུན་ནས་འབིགས་པར་བྱེད་དོ།། སྟོང་པ་ཉིད་ཀྱི་གཟུགས་ཅན་ནི། ཐོག་མ་མེད་ཅིང་མཐའ་མེང་དབུས་ཀྱང་མེད་ལོ་ཡུལ་མང་ཡུལ་ཞེས་པ ་ནི། ཡུལ་རྣམས་མེད་པར་ཡུལ་དུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་ལྟ་བུ་བསྒྲུབས་པ་ནི་དུས་ཀྱི་འཁོར་ལོ་སྟེ། བདེ་མཉམ་སྟེར་བའོ།། ཞེས་པ་ངེས་པའོ།། དེ་ལྟར་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགས ་པའི་རིམ་པས་གསུངས་པ་སྟེ། འདིའི་རྒྱས་པ་ནི་ཡེ་ཤེས་ལེའུ་ལས་བརྗོད་པར་བྱའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འབྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད ་པའི་འོད་ལསསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། ། རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན།། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ།། རྡོ་རྗེ་ཤུགས་ལ་ཕྱག་འཚལ ་ནས། སྒྲུབ་པ་སྣ་ཚོགས་བཤད་པར་བྱ།། ཁྲོ་བོའི་དབང་པོ་ཞེས་པ་ལ་སོགས་པས་སོ།། འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་ཧཱུཾ་ཡིག་རྡོ་རྗེ་ལས་རྫོགས་པ་གཉིས་ལྷག་རྒྱལ་བའི ་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ། གླང་པོ་ཆེའི་པགས་པའི་གོས་འཛིན་པ། རིག་བྱེད་ཞལ་ཞེས་པ་ཞལ་བཞི་པ། ཞབས་གཉིས་པ་དམར་སེར་སྤྱ་དབུ་སྐུ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་པའི ་ཅོད་པན་ཅན། མཆེ་བ་རྣོན་པོ་གཙིགས་པ། སྦྲུལ་གྱི་རྒྱུན་དང་ཞེས་པ་སྦྲུལ་གྱི་བརྒྱན་པོ། རབ་མཆོག་སྟག་གི་པགས་པའི་ཤམས་ཐབས་ཅན། གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག་སྟེ། དུས་ཀྱི་འཁོར་ལོ་ལྟ་བུ། སྤྱི་བོར་མཐའ ་ངག་རྒྱལ་བའི་རིགས་རྣམ་པར་དག་པའི་ཐོད་པ་ཁ་དོག་ལྔ་རྣམས་ངག་གིས་ཕྲེང་བ་ངེས་པར་བཅིངས་པ། དེ་ལྟར་གྱུར་པ་དྲི་མེད་འཕྲོ་བ་སྟེ་ངང་བ་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མོའི་དཀྱིལ་འཁོར་གྱི་སྟེང་དུ་དཀྱིལ་འཁོར་གྱི་ཁང ་པ་སྣ་ཚོགས་མདོག་ལ་དབུས་སུ་དཔའ་བོ་གཅིག་པ་སྟེ། སྒོ་བཞི་རྣམས་སུ་རྡོ་རྗེ་དང་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་དྲིལ་བུ་རྣམས་གོ་རིམས་ཇི་ལྟ་བ་བཞིན་བཀོད་ནས། ཞབས་གཉིས་དག་གིས་འབྱུང་པོའི་མགོན ་པོ་སྟེ་ཡི་དགས་ཀྱི་མགོན་པོ་གཞན་གྱིས་མི་ཐུབ་པ་ལྷག་པའི་སྟོབས་ཀྱིས་མནན་ཞིང་གཡས་བརྐྱང་སྟོབས་ཀྱིས་ཡང་དག་གནས་པ། འབྱུང་པོ་ལ་སོགས་པ་རྣམས་སྐྲག་པར་བྱེད་པའི་གླང་པོ་ཆེའི ་པགས་པ་འཛིན་པ། ལག་པའི་སྡིགས་མཛུབ་དག་གིས་ལྷ་མིན་གདེངས་ཅན་ལྷ་རྣམས་སྐྲག་པར་བྱེད་པ། ཛཿཧཱུཾ་བཾ་ཧོཿསྔགས་ཀྱི་ཚིག་འདི་དག་གིས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་རྣལ་འབྱོར་པས་བསྒོམས་ན ་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོངས་ལ་གནས་པ་ཞེས་པ། དུར་ཁྲོད་ཀྱི་སར་གནས་པའི་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བ་ཞེས་པ་སྟེ། འབྱུང་པོ་ལ་སོགས་པ་རྣམས་ཀྱི་གཙོ་བོ་གང་ཡིན་པ་དེ་གཟུགས་དེས་ཞབས་ཀྱི ་འོག་ཏུ་བསྒྱེལ་བར་གྱུར་པ་ན། འཁོར་དང་བཅས་པ་འགྲུབ་པར་འགྱུར་ཏེ། ཡི་དགས་སམ། སྲིན་པོ་ལ་སོགས་པའོ།། འབྱུང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངེས་པའོ།། ད་ནཱི་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཀླུའི་རྒྱལ་པོའི ་སྒྲུབ་ཐབས་གསུངས་པ། ཀླུ་རྣམས་ཤེས་པ་ལ་སོགས་པ་སྟེ། འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དེ་ཉིད་བསྒོམས་པར་གྱུར་པས། ཉིན་ཞག་འགའ་ཞིག་དག་གིས་ཤེས་པ། ཟླ་བའི་ཉིན་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི ་བསྒྲུབ་པར་བྱ་སྟེ། དེ་ལྟར་ཞེས་པ་ཆོ་ག་འདི་ཡིས་སོ།། ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ། ཞེས་པ་ནི། ཆུ་སྐྱེས་ཀྱི་ཤར་གྱི་འདབ་མ་ལ་སྟོབས་ཀྱི་རྒྱུའོ།། མེར་པདྨའོ།། ལྷོར་ནོར་རྒྱས་ཀྱི་བུའོ།། བདེན་བྲལ་དུ་དུང་སྐྱོང་ངོ་།། ་བྱང་དུ་མཐའ་ཡས་སོ།། དབང་ལྡན་དུ་རིགས་ལྡན་ནོ།། ནུབ་ཏུ་འཇོག་པོའོ།། རླུང་དུ་པདྨ་ཆེན་པོའོ།། ཤར་དང་མེར་ནག་པོ་དག་གོ།། ལྷོ་དང་བདེན་བྲལ་དུ་དམར་པོ་དག་གོ། བྱང་དང་དབང་ལྡན་དུ་དཀར་པོ་དག་གོ། ནུབ་དང་རླུང་དུ་སེར་པོ ་དོག་གི། ཀླུའི་རྒྱལ་པོ་རྒྱལ་བ་དང་། རྣམ་རྒྱལ་ལྔ་གུ་དང་སྔོན་པོ་དག་ནི། ཉི་མོའི་སྟེང་དུ་བསྒྱེལ་བྱས་ནས་ཞེས་པ། ཉི་མའི་དཀྱིལ་འཁོར་ལོ་གཡོན་པ་དང་གཡས་པའི་ཞབས་ཀྱི་འོག་ཏུ། ལྟེ་བུ་ཡན་ལ་སྐྱེས་བུའི་རྣམ་པ ་མན་ཆད་སྦྲུལ་གྱི་རྣམ་པ། མགོའི་སྟེང་ན་གདེངས་ཀ་བདུན་གྱི་ཁོར་ཡུག་ཅན། ནོར་བུ་ཆེན་པོ་འཕྲོ་བ་དག་གན་རྒྱལ་དུ་བསྒྱེལ་ཞིང་། ཀླུའི་རྒྱལ་པོ་གཞན་རྣམས་བསྒྱེལ་ནས་དེ་རྣམས་ཀྱིས་མཇུག་མའི་རྩེ་མོ་ནི་སོ་སོར་རྒྱལ་བའི ་སྟེང་དུ་ཤར་དང་བྱང་གི་རྣམས་དང་། རྣམ་པར་རྒྱལ་བའི་སྟེང་དུ་ལྷོ་དང་ནུབ་ཀྱི་མཇུག་མའི་རྩེ་མོ་ཐམས་ཅད་དོ།། དེ་ལྟར་ཞབས་དག་གིས་ནི་གདེངས་ཀ་ཅན་བདག་པོ་ཟུང་དང་པདྨའི་འདབ་མར་གནས་པ་རྣམས་ཀྱི་འཇུག་མ་ཡི། རྩེ་མོ ་ཐམས་ཅད་མནོན་ནས་ཤེས་སོ།། དེ་ལྟར་ཀླུའི་རྒྱལ་པོ་བརྒྱད་ནི་གདེངས་ཀ་ལྔ་དང་ལྡན་པ་སྤྲིན་གྱི་རིགས་ཏེ་སྤྲིན་ཚོགས་སྔོ་བ་དག་ནས་ངེས་པར་ཀུན་ཏུ་སྤྲོ་བྱེད་པའོ།། དེ་ལྟར་དུར་ཁྲོད་ཀྱི་སར་ཁྲོ་བོའི་དབང་པོ་བསྒོམ་པས་ཟླ་བའི་ཉིན ་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབས་པར་བྱ་སྟེ། དེ་ནས་ཇི་ལྟར་མངོན་པར་འདོད་པའི་དུས་སུ་ཆར་འབེབས་པར་བྱེད་ཅིང་གཤེགས་སུ་གསོལ་བས་ཟློག་པར་བྱེད་དོ།། ཀླུའི་རྒྱལ་པོའི་སྦུབས་ཐབས་ཀྱིས་ངེས་པའོ།། ད་ནི་ལས་ཀྱི་རུ ་པ་རྣམས་ཀྱིས་ལྷའི་སྒྲུབ་ཐབས་གསུངས་པ། ཞེས་པ་ལ་སོགས་པ་སྟེ། འདིར་དཀྱིལ་འཁོར་དུ་གསུངས་པ་ལ་སོགས་པ་དང་མཾ་ཡི་བདག་པོ་གཞན་ལྷ་དང་ལྷ་མོ་རྣམས་ཀྱིས་སྒྲུབ་ཐབས་སོ།། ས་སོ་རུ་དསལ ་འཁོར་འདིར་ནི་དཔའ་བོ་གཅིག་པ་རྣམས་ཀྱིས་འགྱུར་ཏེ། རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱིས་སྒྲུབ་ཐབས་སུ་འགྱུར་རོ།། རིས ་དང་ཞི་བ་དག་དང་དབང་དང་གཞན་ནོར་འཕྲོག་དང་། གསད་པ་དང་ནི་བསྐྲད་པ་ལ་སོགས་པ་དག་ལ་ཡང་། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་དང་། གཞན་དུར་ཁྲོད་ཀྱི་མཐོར་ཐུག་པ་རྣམས་ཀྱི་འཆད་པར་འགྱུར་བའི་སྒྲུབ་ཐབས་སུ ་འགྱུར་ཏེ། སླར་ཡང་བཟླས་པ་དང་སྦྱིན་སྲེག་ནི་རང་རང་གི་སྔགས་རྣམས་ཀྱི་ས་བོན་རྣམས་ཀྱིས་འགྱུར་རོ།། ང་ནི་ཞི་བ་ལ་སོགས་པའི་བསམ་གཏན་གསུངས་པ། ཞི་བ་ལ་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་བ་ལ་བསམ ་གཏན་ཞི་བ་དང་རི་དོང་འཛིན་པ་ལྟར་དཀོར་བའི་ལྟ་ཞི་བའི་གཟུགས་བསྒོམ་པར་བྱའོ།། དྲག་པོ་གསདང་པ་ལ་སོགས་པ་ལ་བསམ་གཏན་དྲག་པོ་དང་། ལྷ་ཁ་དོག་ནག་པོའོ།། དབང་ལ་བསམ་གཏན་ཆགས་པ་དང་བཅས་པ་དང་ལྷ་ཁ་དོག ་དམར་པོ་ཆགས་པའི་གཟུགས་སོ།། རེངས་པ་ལ་བསམ་གཏན་རྨོངས་པ་དང་ལྷ་ཁ་དོག་སེར་པོ་རེངས་པའི་གཟུགས་སོ།། ཞི་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱས་པ་དང་རིམས་ཉེ་བར་ཞི་བ་དང་དུག་གཞིལ་བར་འགྱུར་རོ།། གསང་བ་ལ ་ཇི་ལྟར་དེ་བཞིན་དུ་བསྐྲད་པ་དང་དབྱེ་བ་དང་རིམས་གཞུག་པ་ལ་ཡང་ངོ་།། དབང་ལ་ཇི་ལྟ་བ་དེ་བཞིན་དུ་དགུག་པ་དང་བསྐྱོད་པ་དང་རིམས་བསྐྱེད་པ་ལ་ཡང་ངོ་།། རེངས་པ་ལ་ཇི་ལྟ་བ་དེ་བཞིན་དུ་རྨོངས་པ་དང་ཕུར་བུས་གདབ་པ་ལ་ཡང་ངོ་།། ཞེས ་པ་ངེས་པའོ།། ད་ནི་ཚོགས་ཀྱི་རིགས་ཀྱིས་ཞི་བ་ལ་སོགས་པ་འགྲུབ་པར་གསུངས་པ། ཞི་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་དང་། ཞེས་པ་ནི་འདིར་གཟུགས་དང་། ཚོར་བ་དང་། ་འདུ་ཤེས་དང་འདུ་བྱེད་དེ། བཞི་པོ་འདི་རྣམས་ནི་རྒྱལ་བའི་རིགས་སོ།། སྲས་བཅས་ཤེས་པ་ནི་རྣམ་པར་སེལ་བ་དང་། སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་སྟེ། འདི་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས ་སོ།། དེ་བཞིན་དུ་སྦྱིན་མ་དང་། གོས་དཀར་མོ་དང་། མཱ་མ་ཀཱི་དང་། སྒྲོལ་མ་རྣམས་ནི་རྒྱལ་བའི་རིགས་སོ།། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། གཟུགས་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་ཏེ། རིགས་འདི ་རྣམས་ཁ་དོག་དཀར་པོ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་པ། ཐབས་རྣམས་པདྨ་དཀར་པོ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་དང་། ཤེས་རབ་རྣམས་ཨུཏྤ་ལ་དཀར་པོ་མི་འཇིགས་པའི་ཕྱག་ཏུ་བསྒོམས་པ་སོ ་སོ་རེ་རེས་ཞི་དང་རྒྱས་པ་དག་ཀྱང་འགྲུབ་པར་འགྱུར་ཏེ། རྒྱལ་པོ་ཞེས་པ་ནི་བོང་པའོ།། ཀྱང་ཡིག་གིས་དུག་མེད་པ་ཉིད་དང་། རིམས་ཉེ་བར་ཞི་བ་ཡང་ངོ་།། དབྱེ་བ་དང་བསྐྲད་པ་དག་དང་། ཀྱང་ཡིག་གིས་གསོད་པ་དང་དུག་གཞུག ་པ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་ཤེས་པ། ཁྲོ་བོའི་རང་བཞིན་གྱིས་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར་རོ།། ཁྲོ་བོ་ལས་སྐྱེས་ནི་ཧཱུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་པ་ཁྲོ་བོ་བཅུ་པོ ་རྣམས་དང་ཕྲེཾ་ཡིག་དང་གྲི་གུག་ལས་སྐྱེས་པ་ཁྲོ་བོ་བཅུའི་བཙུན་མོ་རྣམས་ཏེ། སྙིང་གར་སྒྲ་གཅན་གྱིས་དཀྱིལ་འཁོར་ལ་ཁྲོ་བོ་གཡས་བརྐྱང་གི་སྟབས་ཕྲག་ན་རྡོ་རྗེ་དང་ཞགས་པ་ཅན་རྣམས་ཀྱིས་གསད་པ་འགྲུབ་པར་འགྱུར་རོ། ་ཕྱག་ན་རལ་གྲི་དང་ལྕགས་སྒྲོག་སྡིགས་མཛུབ་དང་བཅས་པ་རྣམས་ཀྱིས་དབྱེ་བ་ལ་སོགས་པ་འགྲུབ་པར་འགྱུར་ཏེ། ཁ་དོག་ནག་པོ་དྲག་པོ་རྣམས་ཀྱིས་སོ།། ལྷ་མོ་གཡོན་བརྐྱང་པ་ཕག་ན་གྲི་གུག་དང་ཐོད་པ་ཅན་རྣམས་དང་། ཕྱག ་ནོ་རལ་གྲི་དང་ཞགས་པ་ཅན་རྣམས་ཀྱིས་སོ།། དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་ཞེས་པ་ནི། འདིར་ཙ་ར་ཙི་ཀཱ་ལ་སོགས་པའི་ལྷ་མོ་བརྒྱད་པོ་མགྲིན་པར་ཉི་མའི་དཀྱིལ་འཁོར་ལོ་ས་གའི་སྟབས་ཁ་དོག་དམར་པོ་ཕྱག་ན ་མངའ་གཞུ་ཅན་རྣམས་ཀྱིས་དབང་དུ་བྱ་བ་འགྲུབ་པར་འགྱུར་ཏེ། ག་ན་ཞགས་པ་དང་ལྕགས་ཀྱུ་ཅན་གྱིས་དགུག་པ་ལ་སོགས་པ་འགྲུབ་པར་འགྱུར་རོ།། རབ་གསལ་ལྷ་མིན་རིགས་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་རྣམས་ཀྱིས ་ཤེས་པ་ནི། འདིར་ཁྱི་གདོང་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་ལྟོ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཟླུམ་པོའི་སྟབས་ཕྱག་ན་འཁོར་ལོ་དང་རི་བོང་ཅན་རྣམས་ཀྱིས་རེངས་པ་འགྲུབ་པར་འགྱུར་རོ།། ཕྱག་ན་ཐོད་པ་དང ་ཕུར་བུ་ཅན་རྣམས་ཀྱིས་ཕུར་བུས་གདབ་པ་འགྲུབ་པར་འགྱུར་རོ།། ཕྱག་ན་རྩེ་གསུམ་དང་སྦྲུལ་རྣམས་ཀྱིས་རྨོངས་པ་འགྲུབ་པར་འགྱུར་རོ།། ཡུམ་དག་གིས་ནི་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འམ། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་མ་ཡིས་གསང་བའི་པདྨ་ལ་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཆུ་ལ་སོགས་པའི་དཀྱིལ་འཁོར་གྱི་དབྱེ་བས་དཀར་པོ་ལ་སོགས་པའི་ཁ་དོག་དང་། སྔར་བརྗོད་པའི་མཚན་མཱ་སོ་སོ་རེ་རེས་གསད་པ་དང་གཡོ་བ་ཡང ་འགྲུབ་པར་འགྱུར་རོ།། རྡོ་རྗེའི་གདན་གྱིས་ཐིག་ལེའི་དབུས་སུ་དགའ་བ་དང་བཙོས་པའི་ལྷ་མོས་གསོ་བར་བྱེད་དོ།། རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་བཀུག་སྟེ། ཐིག་ལེ་འཕོས་པས་ནི་ཆགས་པ་དང་བྲལ་བས་འཆི་བར་བྱེད་དེ། ་སླར་ཡང་བསྒྲུབ་པ་ལ་སླར་འཚོ་བ་མང་ངོ་།། དེས་ན་དེ་ནི་སངས་རྒྱས་པའི་རྣལ་འབྱོར་པས་བསྒྲུབ་པར་མི་བྱ་སྟེ། གང་དུ་བསྒྲུབ་བྱའི་སྲོག་བཀུག་པ་ན་ཁུ་བ་འབྱུང་བར་འགྱུར་བའོ་ཞེས་པ་སྟེ། ལས་ཐམས་ཅད་ལ་ངེས་པའོ།། ད་ནི ་ལས་ཐམས་ཅོད་ཀྱི་སྒྲུབ་ཐབས་ཀྱི་དང་པོ་རྒྱུ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོར་ན་ལེའི་བྱོར་པས་འབད་པ་ཡིས་ནི་བླ་མའི་མན་ངག་ལས་བསྒྲུབ་པར་བྱ་སྟེ། རུས་ཀྱི་འཁོར་མོ་ཞེས་པ་ནི ་སྲོག་གི་རླུང་སྟེ། རྟག་ཏུ་དབུ་མར་རབ་ཏུ་གཞུག་པར་བྱའོ།། སྲིད་གསུམ་སྐྱེད་མ་ཞེས་པ་ནི། སྟོང་པ་ཉིད་ཀྱི་གཟུགས་ཏེ། གཟུགས་དང་སྲོག་གཉིས་པོ་དེ་དག་འབད་པ་ཡིས་ནི་བསྒྲུབ་པར་བྱ། ཕྱིས་ནས་ས་གཞིའི་གནས ་དག་ཏུ་ནི་གང་ཞིག་གསུངས་པ། ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་བར་འགྱུར་རོ།། འདིར་དཔེ་ནི་ཕ་དང་མ་ཡིས་ནི་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན ་གྲགས། དེ་ཕྱིར་བདེ་མཉམ་འབྲས་སྟེར་གཟུགས་དང་སྲོག་གཉིས་པོ་བསྒྲུབ་པར་བྱ་སྟེ། རྣམ་པ་གཞན་དུ་གཟུགས་དང་སྨིག་མི་བསྒྲུབ་པས་ལས་ནི་འགྲུབ་པ་ཡོད་པ་མིན་ནོ།། ཞེས་པ་ངེས་པའོ།། ང་ནི་ཞི་བ་ལ་སོགས་པ་བསྒྲུབ ་པའི་སླད་དུ་དང་པོའི་སྒོམ་པ་གསུངས་པ། གཙོ་བོའི་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་པས་ཨ་བ་དྷཱུ་ཏཱི་ལ་སོགས་གནས་པ་གཟུགས་རྣམ་པར་གསལ་བ་མཐོང་བ་དེའི་ཚེ། གཟུགས་དེ་ཇི་ལྟར་རྣམ་པར ་བརྟགས་པ་དེ་ལྟར་གཟུགས་དེ་མཐོང་བར་འགྱུར་རོ།། གཙོ་བོའི་ཞེས་པ་ནི་སྔར་གསུངས་པའི་དུས་ཀྱི་འཁོར་ལོ་རྫོགས་པར་བྱ་སྟེ། དེ་ནས་དེའི་ཐུགས་ཀར་པདྨའི་དབུས་ཀྱི་ལྟེ་བ་ལ་རི་བོང་ཅན་དང་ཉི་མ་མེ་ཞེས་པ་ཟླ་བ་དང ་ཉི་མ་དང་སྒྲ་གཅན་ཏེ་གསུམ་གྱི་བདག་ཉིད་སྦྱོར་བའི་གཟའི་དཀྱིལ་འཁོར་དང་། ནང་དུ་ལ་ལ་ནཱ་དང་ར་ས་ནཱ་ཨ་བ་དྷཱུ་ཏཱི་གཅིག་ཏུ་འདྲེས་པར་གྱུར་པ་སྙིང་ཁའི་པདྨ་སྟེ། དེའི་སྟེང་དུ་རྡོ་རྗེ་ནི། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ། ་འཇིག་དུས་སྤྲིན་དང་མཚུངས་པ་ཞེས་པ། ཁ་དོག་ནག་པོ། རྩེ་མོ་ལྔ་པ་འོད་ཟེར་དང་བཅོས་ཤེས་པ། འོད་ཟེར་ལྔ་འཕྲོ་བ་དགོད་པར་བྱའོ།། དེའི་དབུས་སུ་ཞེས་པ་ནི་རྡོ་རྗེའི་དབུས་སུ་སྟེ། ལྟེ་བར་ཛཿཡིག་ཡོངས་སུ་གྱུར་པ ་ལས་རྡོ་རྗེ་ལྕགས་ཀྱུ་བསྒོམ་པར་བྱའོ།། དེ་ནས་ཛཱཿཡི་ལྕགས་ཀྱུ་དེའི་འོད་ཟེར་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་རྣམས་ཀྱིས་སྲིད་པ་གསུམ་པོ་ཞེས་པ་ཁམས་གསུམ་པོ་མཐའ་དག་བཀང་བྱས་ནས། རྡོ་རྗེ་ལྕགས་ཀྱུ་དེ་རྣམས་ཀྱིས་སྲིད ་པགསུམ་གྱི་རྣམ་པ་ཅན་དང་བ། ཁྱབ་བྱེད་ཉིད་ཀྱིས་རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་འཁོར་ལོ་གང་ཡིན་པ་དེ་ཐམས་ཅད་བཀུག་ནས། ཨ་བཱ་དྷཱུ་ཏཱིའི་སྒོ་ནས་གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། ་ལྕེ་དང་། གསང་བའི་ལམ་དུ་རབ་ཏུ་གཞུག་པར་བྱ་སྟེ། རྣམ་པ་ཐམས་ཅད་པ་ཟླ་བ་ཞུ་བ་དང་མཚུངས་ཞེས་པ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གང་ཡིན་པ་དེ་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ་ཞེས་པ་ནི། སྐྱེས་བུས ་རང་གི་རྡོ་རྗེའི་སྒོ་ནས་བུད་མེད་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པར་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷའི་རྣལ་འབྱོར་གྱིས་ལྷ་མོའི་པདྨར་སྤྲོ་བར་བྱ་སྟེ། ཡུམ་ཞེས་པ་ནི་འཆད་པར་འགྱུར་པོ་རྣམས་ཀྱི་སྐྱེང་མཛད ་མ་སྟེ། མངལ་ནས་སྐྱེས་པ་རྣམས་ཀྱི་ཛཱ་ལྟ་བ་དེ་བཞིན་ཉིད་དོ།། དེར་ནི་ཉི་མར་རབ་ཏུ་ཞུགས་པ་ཞེས་པ་ནི། འདིར་བུད་མེད་ཀྱི་སྐྱེས་གནས་སུ་ཁྲག་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཁྲག་དང་ལྷན་ཅིག་རོ་མཉམ ་པར་འགྱུར་བ་ཇི་ལྟ་པོ་དེ་བཞིན་དུ་ཡུམ་གྱི་པདྨར་ཉི་མའི་དབུས་སུ་རབ་ཏུ་ཞུགས་པའི་ཟླ་བའི་རོ་མཉམ་པར་འགྱུར་རོ།། ཨ་སོགས་དང་ལྡན་པ་ཟླ་བ་ཞུ་བ་དང་། ཀ་སོགས་དང་ལྡན་པ་ཉི་མ་རྡུལ་ཏེ། སྲོག་དང་ཐུར་སེལ ་དང་ལྡན་པའོ།། དེའི་དབུས་སུ་སྟེ་སྲོག་དང་ཐུར་སེལ་གྱི་དབུས་སུ་ཡེ་ཤེས་ས་བོན་ཀུན་བཞི་རྣམ་པར་ཤེས་པའི་མཚན་ཉིད་དུ་འགྱུར་ཏེ། རིགས་ཀྱི་དབང་གིས་སོ་ཞེས་པ་ནི། ཕུང་པོ་ལྔའི་བག་ཆགས་ཀྱི་དབང ་གིས་སེམས་ཅན་རྣམས་ཀྱིས་རྣམ་པར་ཤེས་པར་འགྱུར་ཏེ། དེ་བཞིན་དུ་ཞི་བ་ལ་སོགས་པའི་ལས་ཀྱི་ཡེ་ཤེས་ཀྱི་ས་བོན་དུ་འགྱུར་རོ།། ས་བོན་དེ་ཡིས་རྫོགས་པའི་གཞོན་ནུ་མ་འམ་གཞོན་ནུ་ལོ་བཅུ་གཉིས་ཀྱི་མཐའ་དང་། ལོ ་དྲུག་གི་མཐར་འདས་བུ་སྟེར་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོ་འམ། ཐབས་ཀྱི་ལྷ་རྣལ་འབྱོར་པས་བསྒོམས་པའོ།། ཞེས་པ་ནི་ངེས་པའོ།། དེའི་ཕྱིར་ལོ་བཅུ་གཉིས་རྣམས་ཀྱིས་ལྷ་མོ་བསྒོམས་པ་མཆོག་སྟེར་བར ་འགྱུར་ཞིང་། ལྷ་ནི་ལོ་བཅུ་དྲུག་རྣམས་ཀྱིས་མཆོག་སྟེར་བར་འགྱུར་ཏེ། དེ་ནས་ལས་ཐམས་ཅད་དང་། དངོས་གྲུབ་ཐམས་ཅད་དང་། བདེ་བ་ཐམས་ཅད་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ།། རྣམ་པ་གཞན་དུ་ན་ཉོན་མོངས་པ ་འབའ་ཞིག་སྟེ། རྒྱུད་གཞོན་ཐམས་ཅད་ལས་དུས་ངེས་པ་ནི་བརྩོན་འགྲུས་དང་ལྡན་པ་ཉིན་དང་མཚན་མོར་བསྒོམས་པའི་བདག་ཉིད་ཅན་རྣམས་ཀྱི་ཡིན་གྱི། གཞན་རྣམས་ཀྱིས་ནི་ལོ་བརྒྱའི་མཐར་ཡང་མ་ཡིན་ནོ་ཞེས་པ ་དངོས་གྲུབ་ངེས་པའོ།། ད་ནི་མཚན་མ་བསྐྱེད་པའི་སླད་དུ་ཡེ་ཤེས་ཀྱི་ས་བིན་རྣམས་གསུངས་པ། ཛཿཞེས་པ་ལ་སོགས་པ་སྟེ། འདིར་ཛཿཙུ་བཾ་ཧོཿརིམ་པ་ཞེས་པ་ནི་ཛཿཡིག་ལས་རྡོ་རྗེ་ལྕགས་ཀྱུར་འགྱུར་ཏེ། དེ་ཡོངས ་སུ་གྷུ་རཱ་པ་ལས་ལྷ་འམ། ལྷ་མོ་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་ཅན་དུ་འགྱུར་རོ།། དེ་བཞིན་དུ་ཧཱུཾ་ཡིག་ལས་རྡོ་རྗེ་སྟེ། དེ་ལས་ཕྱུག་ན་རྡོ་རྗེར་འགྱུར་རོ།། བཾ་ཡིག་ལྷས་ཞགས་པ་སྟེ། དེ་ལས་ཕྱག་ན་ཞགས་པར་འགྱུར་རོ།། ཧོཿཡིག་ལས ་དྲིལ་བུ་སྟེ། དེ་ལས་ཕྱག་ན་དྲིལ་བུར་འགྱུར་རོ།། ཨོཾ་ཨཱཿཧཱུཾ་ཧོ་དེ་བཞིན་དུ་གསུངས་ཤེས་པ་ལ། དེ་བཞིན་དུ་ཞེས་པོ་ནི་སྔར་བཞིན་དུ་རིམ་པ་སྟེ། ཨོཾ་ཡིག་ལས་ཟླ་བ་ཞེས་པ་ཟླ་བོའི་དཀྱིལ་འཁོར་རོ།། ཨཱ་ཡིག་ལས་ཉི་མ ་ཞེས་པ་ཉི་མའི་དཀྱིལ་འཁོར་རོ།། ཧུ~ཾ་ཡིག་ལས་རྡོ་རྗེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་རོ།། ཧོ་ཡིག་ལས་དེ་བཞིན་ཉིད་དུ་འགྱུར་མེད་ཅེས་པ་དུས་མེའི་དཀྱིལ་འཁོར་རོ།། ཨཱི་རཱྀ་ཨཱུ་ལཱྀ་དེ་བཞིན་དུ་ཞེས་པ་སྟེ། རིམ་པ་བཞིན ་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་སྟེ། ཡོངས་སུ་གྱུར་པ་ལས་ལྷ་འམ། ལྷ་མོ་ཕྱག་ན་རལ་གྲིར་འགྱུར་རོ།། དེ་བཞིན་དུ་རཱྀ་ཡིག་ལས་ནོར་བུ་འམ་མངའ་སྟེ། དེ་ལས་མེའི་ལྷོ་ཕྱག་ན་ནོར་བུ་འམ་ཕྱག་ན་མདའ་སྟེ། ཨཱུ ་ཡིག་ལས་པདྨ། དེ་ལས་ཆུའི་ལྷ་ཕྱག་ན་ཨུཏྤ་པ་ལའོ།། ལཱྀ་ཡིག་ལས་འཁོར་ལོ་སྟེ། དེ་ལས་སའི་ལྷ་ཕྱག་ན་འཁོར་ལོའོ།། དེ་བཞིན་དུ་ཡཱ་ར་ཝ་ལ་རྣམས་ཀྱང་རིམ་པ་བཞིན་དུ་རླུང་དང་མཽ་དང་ཆུ་དང་སའི་ལྷོ་རྣམས་སོ།། དེ་བཞིན ་དུ་ཧཿཞེས་པ་ཉི་མའི་དཀྱིལ་འཁོར་རོ།། ཧུཾ་ཞེས་པ་ནི་ཉི་མའི་སྟེང་དུ་གཙོ་བོའི་རྡོ་རྗེའོ།། ཧཾ་ཞེས་པ་ནི་ཟླ་བོའི་དཀྱིལ་འཁོར་རོ།། ཕྲེཾ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་བོའི་གྲི་གུག་གོ་མཚན་མའི་ངེས་པ་སྟེ། དེ ་བཞིན་གསུངས་ཤེས་སོ།། ད་ནི་ལྷ་བསྒྲུབས་པའི་རྗེས་ལ་ཞི་བ་ལ་སོགས་པའི་ལས་བྱ་བའི་སླད་དུ་ལྷའི་ཏིང་ངེ་འཛིན་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་བརྗོད་པའི་ཡུམ་གྱི་གསང ་པའི་པདྨར་ཟླ་བའི་ཉི་མའི་དབུས་ཨ་སོགས་ཀ་སོགས་དང་བཅས་པར་ཆུའི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ། ཞེས་པ་ནཱི་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོའོ།། དེ་ལས་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན་ཞལ ་གཅིག་ཕྱག་གཉིས་མ། གླང་ཆེན་དཀར་པོ་ལ་ཞོན་ཞེས་པས་ས་སྲུངས་ལ་ཞོན་པ་ཕྱག་ན་ཆུ་སྐྱིས་དཀར་དང་ཞེས་པ་ནི་ལྷ་ཕྱག་ན་པདྨ་དཀར་པོ་དང་། ལྷ་མོ་ཕྱག་ན་ཨུཏ་པ་ལ་དཀར་པོའོ།། མི་འཇིགས་པ་ནི་གཡས་པ་མི་འཇིག ་པའི་ཕྱག་གོ། གོས་ནི་དཀར་པོ་དཀར་བའི་རྒྱན་དང་ལྡན་པ་སྟེ། མུ་ཏིག་གི་འབྲས་བུ་སཽ་བརྒྱན་པ་རབ་ཏུ་གཞད་པའི་ཞལ་ནི་བསྒོམས་པར་བྱ་སྟེ། དེ་ཡང་བསྒྲུབ་བཽའི་ཁྱིམ་དུ་བསྐུལ་བར་བྱའོ།། དེ་ནས་ཞེས་པ་སོགས་པ་ཚིགས་སུ ་བཅད་པ་གཞན་གཉིས་ཀྱིས་གསུངས་པ་གོ་བླ་སྟེ། དེ་ལྟར་བསྒྲུབ་པ་ཡི་ནི་མཆོག་གི་བདེ་བ་བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་པར་བ་ཞེས་པའི་མཐོར་ཐུག་པར་རོ།། དེ་བཞིན་དུ་ཟླ་བ་ཉི་མའི་དབུས་སུ་ཧྲཱིཿསྟེ་ཞེས ་པ་ལ་སོགས་པ་ནས། དེ་བཞིན་ཞགས་པ་ལྕགས་ཀྱུ་དག་གིས་ཁམོས་གསུམ་པོ་ནས་དགུག་པའི་ལས་ནི་རྣམ་པ་མང་པོར་ཞེས་པའི་མཐར་ཐུག་པོ་དབང་དང་དགུག་པའི་ཚོགས་སུ་བཅད་པ་གསུམ་ནི་གོ་བླའོ།། དེ་བཞིན་དུ་དབྱེ་བ ་དང་བསྐྲད་པ་ལ། ཉི་མ་ཟླ་བའི་དབུས་སུ་སྤྲིན་ནག་དང་མཚུངས་ཧཱུཾ་ཡིག་རིང་པོ་ལས་སྐྱེས་རལ་གྲི་བསྒོམ་བྱས་ནས། ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་བླའོ།། ཉི་ཟླ་བའི་དབུས་སུ་ལ། ཞེས་བྱ་བ་ཡོངས་གྱུར ་ར་ལོ་བཟང་པོ་ཁ་དོག་སེར་པོ་བསྒོམ་བྱས་ནས། ཞེས་པ་ལ་སོགས་པ་རེངས་པ་དང་ཕུར་བུས་གདབ་པོ་དང་རྨོངས་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་བླའོ།། སླར་ཡང་གསང་པ་ལ་ཉི་མ་ཟླ་བའི་དབུས་སུ་དྲི་མེད་གློག་དང་མཚུངས ་པའི་གྲི་གུག་ཕྲོ་གི་རང་བཞིན་བསྒོམ་བསོ་ནས། ཞེས་པ་ལ་སོགས་པ་ཚིགས་སུ་བཅང་པ་གཉིས་ནི་གོ་བླ་སྟེ། དེ་ལྟར་དབང་ལ་སོགས་པའི་ཚིགས་སུ་བཅད་པ་དགུ་ནི་གོ་བླ་སྟེ། དེས་ན་མ་བྲིས་སོ།། ད་ནི་ཞི་བ་ལ་བསམ་གཏན ་གཞན་གསུངས་པ་ཞི་དང་ཞེས་པ་ལ་སོགས་པ་སྟེ། དང་པོར་རེ་ཤིག་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་བདག་ཉིད་བསྒོམ་པར་བྱ་སྟེ། ཞི་བ་ལ་སོགས་པ་དང་དབདེ་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་བཞི་པ་དང་། གསང ་པ་ལ་སོགས་པ་དང་རེངས་པ་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་དྲུག་པའོ།། དེ་ནས་སྐད་ཅིག་གིས་རྣམ་པས་ཞི་དང་རྒྱས་པ་ལ་ཞེས་པ་ནི། འདིར་དུས་ཀྱི་འཁོར་ལོའི་ཐུགས་ཀར་ཆུའི་དཀྱིལ་འཁོར་ལ་ཆུའི་ས་བོན་གྱིས་བསྐྱེད ་པའི་ལྷ་ཆུའི་བདག་ཉིད་ཅན་དཀར་པོ་སྟེ། རིགས་ཀྱི་དབང་གིས་ཞེས་པ། ཨུ་ཡིག་གི་རིགས་ཀྱི་དབང་གིས་ཆུའི་ས་བོན་ལས་ནི་ཞི་དང་རྒྱས་པ་ལ་ཡང་ངོའི་བསམ་གཏན་ནི་བསམ་གཏན་དཀར་པོར་འགྱུར་རོ།། དེ་བཞིན་དུ་དབང་དང་དགུག ་པ་ལ་ཡང་དམར་པོ་ལུས་ནི་སྲེག་པར་བྱེད་པ་མེ་ཡི་ས་བོན་བདག་ཉིད་དེ། མགྲིན་པར་མེའི་དཀྱིལ་འཁོར་ལ་རྀ་ཡིག་གི་རིགས་ཀྱི་དབང་གིས་སོ།། དབྱེ་བ་དང་ནི་བསྐྲད་པ་ལ་ཡང་ནག་པོ་རླུང་གི་ས་བོན་གྱི་རང་བཞིན་ཏེ། ་དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་སོགས་གི་ཨི་ཡིག་གི་རིགས་ཀྱི་དབང་གིས་སོ།། རེངས་པ་དང་ཕུར་བུས་གདབ་པ་ལ་སོགས་པ་ལ་སེར་པོ་སའི་ས་བོན་གྱི་བདག་ཉིད་དེ། ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ་ཡིག་གི་རིགས་ཀྱི་དབང ་གིས་སོ།། གསད་པ་ལ་སྟོང་པའི་ས་བོན་ལས་སྔོན་མོའི་མདོག་སྟེ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨ་ཡིག་གི་རིགས་ཀྱི་དབང་གིས་སོ།། གསོ་བ་ལ་ལྗང་གུ་སྟེ་གཙུག་ཏོར་དུ་སྟོང་པའི་དཀྱིལ་འཁོར་ལ་ཨ་ཡིག་གིས ་རིགས་ཀྱི་དབང་གིས་སོ།། དེ་ལྟར་གནས་དྲུག་པོ་རྣམས་སུ་རིགས་དྲུག་གི་དབང་གིས་སྲོག་ཡང་དག་པར་སྡོམ་པས་ལས་འགྲུབ་པར། བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་ནི་ས་ལ་སོགས་པའི་ཟད་པར་བསྒོམ་པ་གསུངས ་པ་ས་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་ལྷ་གྲུབ་པར་གྱུར་པ་དེའི་ཚེ། ལྟེ་བའི་སའི་དཀྱིལ་འཁོར་ལས་སའི་ཟད་པའི་རྒྱ་མཚོའོ་སྟེང་དུ་ཟམ་སྟེགས་བརྩེགས་པ་བཞིན་དུ་སྤྲོས་ནས་བསྒོམ ་བར་བྱ་སྟེ། ཆུའི་གཏར་དུ་འགྲོ་བ་ལ་ཞེས་ཟད་པར་སའི་བསམ་གཏན་གྱི་ཐང་ལ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལ་རྒྱ་མཚོའི་སྟེང་དུ་རྣལ་འབྱོར་པ་འགྲོའོ།། དེ་བཞིན་དུ་རླུང་གི་ཟད་པར་ཆར་ཆེས་པ་ཉམས་པའི་དོན་ཏོ།། ཞེས་པ་ནི་དཔྲལ་བའི ་རླུང་གི་དཀྱིལ་འཁོར་ལས་སྤྲིན་གྱི་སྟེང་དུ་རླུང་གི་ཟད་པར་སྤྲོས་ནས་བསྒོམ་པར་བྱ་སྟེ། དེས་སྦྱིན་དང་ཆར་རྣམ་པར་ཉམས་པར་བྱེད་དོ།། གཞན་ཡང་ཁམས་ལྔའི་བདག་ཉིད་ཀྱི་ཁང་པ་བརྩེགས་པ་བདག་ཉིད་ཀྱི་སྟེང་དུ་བསྒོམ་པར་བྱ་སྐུ། ་བསམ་གཏན་དེས་ནི་ཆར་འབབ་ཀྱང་རྣལ་འབྱོར་པ་ལ་ཆུས་མ་རེག་ཅིང་ཁང་པོ་བརྩེགས་པའི་མཚམས་ཀྱིས་མཐར་ཐུག་པར་སྤྲིན་གྱི་ཆར་རབ་ཏུ་འཇུག་པར་འགྱུར་རོ།། ཞེས་རྩ་བའི་རྒྱུད་ལས་རབ་ཏུ་གསུངས་སོ།། དེ་ལྟར་རླུང ་གི་ཟད་པར་ཆར་པ་ནི་ཉམས་པའི་དོན་ཏོ་ཞེས་སོ།། མེ་ཡི་ཟད་པར་ཞེས་པ་ནི་འདིར་མགྲིན་པའི་མེའི་དཀྱིལ་འཁོར་ལས་ས་བོན་ཡོངས་སུ་གྱུར་པའི་འབར་བ་རྣམས་སའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ། འབར་བ་དེ་རྣམས ་ཀྱིས་སའི་དཀྱིལ་འཁོར་གསེར་ཞུ་བ་བཞིན་དུ་ཞུ་བར་བྱེད་དོ།། དེ་ལྟར་ས་ཞུ་བར་བྱེད་པའི་དོན་དུ་མེའི་ཟད་པར་བསྒོམ་པར་བྱའོ།། དེ་བཞིན་དུ་མེ་དག་ཀྱང་ཉམས་པའི་དོན་དུ་ཆུ་ཡི་ཟོད་པར་ཞེས་པ་ནི་འདིར་ལྷའི་ཐུགས་ཀའི་ཆུའི ་དཀྱིལ་འཁོར་ལས་ཆུའི་ས་བོན་གྱིས་བསྐྱེད་པའི་ཆུའི་ཟད་པར་མེའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ། དེས་མེ་བསོལ་བར་འགྱུར་ཞིང་སྲེག་པར་བྱེད་པའི་ནུས་པ་མེད་དོ།། སྟོང་པའི་ཟད་པར་མཁའ་ལ་འགྲོ་དང་ཞེས་པ་ནི། ་གཙུག་ཏོར་གྱིས་ན་མཁའི་དཀྱིལ་འཁོར་ལོ་ན་མཁའི་ཟད་པར་རྫས་དང་བྲལ་བ་བསྒོམ་པར་བྱ་སྟེ། དེས་ན་མཁའ་ལ་འགྲོ་བར་འགྱུར་རོ།། དེ་བཞིན་དུ་ཆོམ་རྐུན་ལ་སོགས་པའི་ཉེ་བར་འཚེ་བ་ལ་བསམ་གཏན་དེ་ཉིད་ཀྱིས་མི་སྣང ་བར་འགྱུར་རོ་ཞེས་པ་ནི་ངེས་པའོ།། ད་ནི་དུད་འགྲོའི་ཉེ་བར་ཚེ་བ་ཞི་བའི་སླད་དུ་བསམ་གཏན་གསུངས་པ། གླང་པོའི་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་གླང་པོའི་བདག་པོས་འཇིགས་པར་འགྱུར་བ ་དེའི་ཚེ་མགྲིན་པའི་མེའི་ས་བོན་ཞེས་པ་ར་ཡིག་ལས་བྱུང་བའི་གདོང་ལྔ་པ་བསྒོམ་པར་བྱ་སྟེ། གླང་པོའི་བདག་པོ་གཞོམ་པའི་ཡུལ་ལ་དེ་ནི་གདོང་ལྔ་པའི་བསམ་གཏན་དུ་འགྱུར་རོ།། དེ་བཞིན་དུ་ཀླུའི་དབང་པོ་གཞོམ་པ་ལ ་ནིན་མཁའ་ལྡིང་སྙིང་ཁའི་ཆུའི་དཀྱིལ་འཁོར་ལས་ཆུའི་ས་བོན་བདག་ཉིད་ཅན་ཏེ། དེ་ནི་དཀར་པོར་འགྱུར་རོ།། བ་སའི་འཇིགས་པ་དང་། སེང་གེའི་འཇིགས་པ་ལ་རྐང་བརྒྱད་ཅེས་པ་རྐང་པ་བརྒྱད་པ་ནག་པོ་སྟེ། དཔྲལ་བའི ་རླུང་གི་དཀྱིལ་འཁོར་ལས་རླུང་གི་ས་བོན་གྱི་བདག་ཉིད་ཅན་ནོ།། རྟ་ཡི་དག་ལ་ཞེས་པ། མ་ཧེའི་འཇིགས་པ་ལ་བསེ་ཞེས་གྲགས་པ་ས་ཡི་རིགས་ཀྱི་དབང་གིས་ཤེས་པ་སེར་པོ་སྟེ། ལྟོ་བའི་སའི་དཀྱིལ་འཁོར་ལ ་ལ་ཡིག་གི་ས་བོན་ལྔས་སོ།། ལྷ་མིན་གཞོམ་པ་ལ་ཁྲོ་བོ་སྐྱེས། གཙུག་ཏོར་གྱི་སྟོང་པའི་དཀྱིལ་འཁོར་ལྗང་གུ་འམ། གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལས་ཧཱུཾ་ཡིག་གི་ས་བོན་གྱིས་བདག་ཉིད་དམ ་ཀྵུཾ་ཡིག་གི་ས་བོན་གྱི་བདག་ཉིད་ཁྲོ་བོ་ལས་སྐྱེས་པ་ནི་ལྷ་མིན་ལ་སོགས་པ་རྣམས་གཞོམ་པའི་ཡུལ་ལ་རྣལ་འབྱོར་པ་རྣམས་ཀྱིས་བདེ་བ་བྱེད་པར་འགྱུར་རོ་ཞེས་པ་སྟེ། དུད་འགྲོ་གཞོམ་པའི་སླད་དུ་བསམ་གཏན ་གྱི་ངེས་པའོ།། ད་ནི་ལས་སྒྲུབ་པའི་སླད་དུ་དང་པོའི་ངེས་པ་གསུངས་པ། ཁྱབ་བདག་ཅེས་པ་ལ་སོགས་པ་འདིར་རྣལ་འབྱོར་པས་ལས་འགྲུབ་པའི་སླད་དུ་དང་པོར་བསྒྲུབ་པར་བྱ་སྟེ། སྔགས་གཞན་འགྲུབ་པའི་སླད་དུ་འཆད་པར ་འགྱུར་བའི་བཟླས་པ་དང་། སྦྱིན་སྲེག་གི་ཆོ་གས་དཔལ་ལྡན་སྔགས་ཤེས་པ་སྟེ། ཨོཾ་ཨཱཿཧུཾ་ཞེས་པ་བསྒྲུབ་པར་བྱའོ།། དེ་བཞིན་དུ་བསམ་གཏན་གཞན་འགྲུབ་པའི་སླད་དུ་སངས་རྒྱས་གཟུགས་བྲེལ་སྟོང་པ་ཉིད་ཀྱི་གཟུགས ་མངོན་སུམ་དུ་སྟེ། དེ་ལྟར་ཁ་བོ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡི་ས་དང་པོར་བསྒྲུབ་པར་བྱའོ།། ཕྱི་ནས་ཉི་མའི་དགེ་བ་རྣམས་ཀྱིས་ཤེས་པ་དབྱེ་བ་བཅུ་གཉིས་ཀྱི་གནས་པ་ཡིན ་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར་རོ།། སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པོར་འགྱུར་བ་ཉིད་མ་ཡིན་ནོ།། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ ་བ་དག་ལ་དང་པོ་ཁྱབ་བདག་གི་སྔགས་དང་གཟུགས་ནི་བསྒྲུབ་པར་བྱའོ།། ཞེས་པ་ངེས་པའོ།། ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུ་ལྷ་མིན་དབང་པོའི་བསྒྲུབ་པ་གསུངས་པ། དཔའ་བོ་ཞེས་པ་ལ་སོགས ་པ་སྟེ། འདིར་གཡུལ་གྱི་སར་དཔའ་བོ་རྒྱལ་པོའི་བུ་འམ། འཐབ་མོ་པ་གཞན་ལྕགས་མདའ་གཅིག་བསྣུན་པས་ལྷུང་བར་གྱུར་པ་འམ། དེ་བཞིན་དུ་ཆོམ་རྐུན་ནམ། དཔའ་བོ་ཤིང་ལས་སྦྱངས་པ་ནི་ནག་པོའི ་ཕྱོགས་ཀྱི་བརྒྱད་དམ་འབྱུང་པོའི་མཚན་མ་ཞེས་པ་བཅུ་བཞི་ལ་སྟེ། མིའི་བདག་པོ་ཞེས་པ་ནི་བོད་པའོ།། རོ་སྲེག་སར་ནི་ཞེས་པ་དུར་ཁྲོད་དུ་དབང་གི་ལས་ལ་གསུངས་པའི་བུམ་པ་བརྒྱད་དང་རྒྱལ་བ་དང ་རྣམ་པར་རྒྱལ་བའི་བུམོ་པ་དག་གིས་ཀྱང་རོ་དེ་བཀྲུ་བར་བྱའོ།། དེ་ནས་དྲི་དང་། སྤོསྣ་དང་། མེ་དང་ནི་རྣམ་མང་ཁ་ཟས་མེ་ཏོག་དམར་པོ་རྣམས་ཀྱིས་རབ་མཆོད་ནས། གོས་དམར་པོ་བསྐོན་པ་བྱ་སྟེ། མགོ་དང་སྙིང་ཁ་དང ་ནི་སྤྱི་བོ་ལྟེ་བ་ལ་སོགས་སུ་ཡང་རྡོ་རྗེ་དགོད་པར་བྱས་ཏེ། ཞེས་པ་ནི་དཔྲལ་བར་ཨོཾ། སྙིང་ཁར་ཧཱུཾ། གཙུག་ཏོར་དུ་ཧཾ། ལྟེ་བར་ཧོ། མགྲིན་པར་ཨཱཿགསང་བར་ཀྵཿདེ་བཞིན་དུ་སྔར་གསུངས་པའི་སྙིང་ཁ་དང་། མགོ་བོ་དང་། ་གཙུག་ཏོར་དང་། གོ་ཆ་དང་། མིག་དང་། མཚན་ཆེ་སྟེ་ཡན་ལག་དྲུག་དགོད་པ་བྱས་ནས། རོ་དང་བདག་ཉིད་ཀྱི་ལུས་ཀྱང་ལྷའི་རྣལ་འབྱོར་གྱིས་བསྐྱེད་པ་བྱས་ཏེ། དེ་ནས་སྔར་གསུངས་པའི་ཐབ་ཁུང་ཟུར་གསུམ་དུ་རྡུལ་ཆེན་དམ ་པོར་སྙིང་པོའི་པདྨ་དམར་པོ་གང་ཡིན་པ་དེ་ནི་མཚན་མར་བཅས་པ་ཞེས་པ་སྟེ། ལྟེ་བ་ལ་མངའི་མཚན་མའོ།། ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རྡོ་རྗེ་དམར་པོའོ།། འདབ་མར་རྒྱལ་རྣམས་མཚན ་མ་ཞེས་པ་ནི། ཤར་གྱི་འདབ་མར་རལ་གྲི་དང་། ལྷོར་རིན་པོ་ཆེ་དང་། བྱང་དུ་པདྨ་དང་། ནུབ་ཏུ་འཁོར་ལོ་སྟེ། ཕྱོགས་སུའོ།། ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱིས་རང་མཚན་མ་ཞེས་པ་ནི་སྔར་གསུངས་པའི་མ་མར ་སྐྱོན་ལ་ཇི་ལྟ་བ་བཞིན་དུ་མེར་གྲི་གུག་དང་། བདེན་བྲལ་གྱི་འདབ་མར་རྡོ་རྗེ་ལྕགས་ཀྱུ་དང་། རླུང་དུ་རྡོ་རྗེ་ཞགས་པ་དང་། དབང་ལྡན་དུ་རྩེ་གསུམ་མོ།། ཕྱི་རོལ་རེ་ཁཱ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ ་རྣམས་ཤེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་རྣམས་སུའོ།། ལྷ་མོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བྲལ་རྣམས་སུའོ།། སྟེང་དུ་གཙུག་ཏོར་གྱི་རྡོ་རྗེའོ།། འོག་ཏུ་གནོད་མཛེས་རྒྱལ་པོའི ་དགྲཱ་གྷཱ་སྟྭཾ། རབ་གསུམ་པོ་རྣམས་བསྲུང་བའི་སྤྱད་དུའོ།། དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྔར་གསུངས་པའི་ཚོ་གས་མཚན་མོ་རྣམས་བཀོད་ཅིང་། དཀྱིལ་འཁོར་གྱི་དུར་ཁྲོད་ཀྱི་ས་ལ་བུམ་པ་ལ་སོགས་པ་ཡང་ངོག་པར ་གཞག་སྟེ། རབ་ཏུ་གནས་པར་བྱས་ལ། དཱི་ལ་སོགས་པ་རྣམས་ཀྱི་སྤྱི་འདོད་པའི་ལྷ་རྣམས་ལ་མཆོད་པ་བྱསྟེ་ནས། ཞིང་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མུ་བྱིན་ཏེ། དེ་ནས་ཡི་རིགས་ཏེ་དེའི་གཡས་མིན་དུ་ནི་ཞེས་པ་ཐབ་ཁུང་གི་བྱུང ་རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱུ་སྟེའི་སྒོ་ལྟར་ཏེ། དེ་ལྟར་དཀྱིལ་འཁོར་དང་ཐབ་ཁུང་དག་གིས་དབུས་སུ་ཡི་དགས་སོ།། གཡས་སྤུ་རྐང་པའོ།། ཞེས་པ་ནི་ལྷོར་རྐང་པ་དང་བྱུང་དུ་མགོ་བོའོ།། ལག་པད་རལཾ་གྲི་ཞེས་པ་ནི་ལག་ནཱ་རོལ ་བྲི་གན་རྐྱལ་ཏེ། རི་མོ་གསུམ་གྱིས་ཡོངས་སུ་བསྐོར་བའོ།། དེ་ལྟར་སྔར་བརྗོད་མ་མོའི་སྐྱོན་ལས་དཀྱིལ་འཁོར་དུ་རྒྱལ་བའི་བདག་པོའི་རྡོ་རྗེ་སྔར་གསུངས་པ་རྣམས་ཀྱིས་བདག་ཉིད་བསྲུང་བ་རབ་བྱས་ནས།། སྔགས་པས་ཐབས་ཀྱིས ་གཡས་སུ་ཁྲག་དང་བཅས་པའི་ཤ་རྣམས་ངག་གིས་སྦྱིན་སྲེག་ཉིད་ནི་རབ་བྱེད་པ་ཞེས་པ་ནི། འདིར་ཐབ་ཁུང་དུ་རྒྱལ་རིགས་ཀྱི་མེ་སེང་ལྡེང་གི་ཤིང་གིས་རབ་ཏུ་སྦྱར་ཏེ། དེ་ནས་སྔར་གསུངས་པའི་ཆོ་གས་མེ་ལྷ ་སྤྱན་དྲང་བ་ལ་སོགས་པ་བྱས་ནས། ལྷའི་རྣལ་འབྱོར་གྱིས་ཤ་ཆེན་པོ་ཁྲག་དང་བཅས་པ་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་ཞེས་པ་སྟོང་ཕྲག་གཅིག་འདི་ཡི་སྔགས་ཀྱིས་སྦྱིན་བསྲེག་བྱའོ།། དེའི་སྔགས་ཤེས་པ་ཨོཾ་ཧྲིཾ་ཕྲེཾ་ཧུཾ་ཕཊ་ཞེས ་པོ་འདི་ནི་དེའི་སྔགས་སྷོ།། འདི་ཡིས་དེ་ལྔ་དགོད་པ་ཡོད་བྱ་སྟེ། དཔྲལ་བར་ཨཽ། མགྲིན་པར་ཧཱི་སྙིང་ཁར་བྲོ། ལྟེ་བར་ཧུ~ཾ། གསང་བར་ཕཊ། ཞེས་པ་དགོད་དོ།། རྡོ་རྗེ་སྐྱིལ་ཀྲུང་བྱོས་ནས། འཆི་མེད་རི་བོང་བཞིན་དུ་གཡོ་བ་མེད་པ་ཉིད་དུ ་མཚན་མོ་ཕྱེད་ཐུན་གཅིག་ཇི་སྲིད་པར་སྦྱིན་བསྲེག་བྱའོ།། དེ་ནས་སྦྱིན་བསྲེག་སྟོང་ཕྲག་རྫོགས་པར་གྱུར་པ་ན་རོ་འཛིན་རལ་གྲི་ལྟ་བུར་འཁྱུག་ཅིང་འབར་ལ་མཆེ་བོ་རྣོན་པ་མཽག་གསུམ་པ། གང་ཞིག་སྒྲ་སྒྲོགས་ས་ཡང་རྐང་པས་རྣམ ་པར་འགྲེང་སོ་ཤིདྡྷ། སྒྲུབ་པ་པ་ནི་འཇིགས་པར་བྱེད་པ་སྟེ། ཡཱི་དགོས་ཀྱི་ལུས་ལ་ལྕེ་མིན་དབང་པོ་ཞུགས་པ་སྟེ། དེ་ལྟར་སྒྲུབ་པ་ཐབ་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་དགོད་པར་བྱེད་ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། དེ་མཐོང ་ནས་འཇིགས་པའི་སྔགས་པ་སེམས་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་འགྲོ་བར་འགྱུར།། འདིའི་རྗེས་ལ་རོ་བསྲེག་གནས་སུ་སྔགས་པས་ཤེས་པ་ལ་སོགས་པ་ནས་བརྩོམས་ཏེ། ལྷ་མིན་དབང་པོ་བསྒྲུབ་པར་བྱོ་ཞེས་པའི ་མཐར་ཐུག་པ་ཚོགས་སུ་བཅད་པ་གསུམ་ནི་གློ་བླའོ།། དེ་ལྟར་ལྷ་མིན་དབང་པོའི་སྒྲུབ་པའི་ངེས་པའོ།། ད་ནི་སྔགས་ཀྱི་མཚན་ཉིད་གསུངས་པ། མིང་གི་དང་པོ་ཞེས་པ་ལ་སོགས་པ་སྟེ། ཁམས་གསུམ་པོ་འདིར་བརྟན་པ་དང་གཡོ་བའི་ཆོས ་རྣམས་ཀྱི་གང་གི་མིང་གང་ཡིན་པ་དེའི་དང་པོའི་ཡི་གེ་ནི་མིང་གི་དང་པོའོ།། དེ་ཉིད་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མིའི་བདག་པོ་ལྷ་དང་ལྷ་མོ་རྣམས་ཀྱིའོ།། གསུང་གི་རྡོ་རྗེ་མིང་ཐམས་ཅད་དེ། འདིར་དཔེར་ན་ཏཱ་རཱ་དང་། པཎ་ཌ་རཱ་མཱ་མ་ཀཱི་ལོ་ཙཱ་ནཱ་ཞེས་པ ་མིང་དེ་ཉིད་གསུང་གི་རྡོ་རྗེའོ།། དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱིའོ།། དེ་བཞིན་དུ་མྲྀང་གི་ཡི་གེ་ཐམས་ཅད་ཀྱང་ངོ་།། དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ། ཞེས་པ་ནི་འདིར་དཔེར་ན་ཨོཾ་ཏཱ་རེ་ཏུདྷ་ར་ཏུ་རེ་སྭཱ་ཧཱ། ཨོཾ་པཱརྶ་ར་བཱི་སི་ནི་བིར་དཾ་སྭཱཧཱ། ་ཨོཾ་མཱ་མ་ཀཱི་ཀི་ར་ཀི་རི་སྭཱཧྣེ། ཨོཾ་ལོ་ཙ་ན་བོ་སུ་དཾ་སྭཱཏྨ། ཞེས་པ་ལ་སོགས་པ་མིང་གི་ཡི་གེ་ལས་ལྷག་པའི་ཡི་གེ་ཐུགས་དང་གསུང་གི་ཡ~ཾ་གེ་དང་བཅས་པ་རྣམས་ནི་སྐུ་རྡོ་རྗེའོ།། སྐུ་རྡོ་རྗེ་དེ་ལ་གཞན་པ་ཕྲེང་བའི་སྔགས་གང་ཡིན་པ་དེ་ནི་ཡན ་ལག་སོ་སོའི་སྔགས་ཤེས་གསུངས། ཇི་ལྟར་ལེག་པ་དང་། རྐང་པ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཡིན་པ་དེ་བཞིན་དུ་མིང་གི་ཆ་ཤས་ནི་སྔགས་ཀྱི་མིང་གིའོ།། དེ་ཡང་རྣམ་པ་མང་པོར་འགྱུར་ཏེ། གླེགས་པས་གྲུབ་པ་བརྒྱ་ལམ་ན། འདིར ་ཇི་ལྟར་དབང་གི་ལེ་རུ་ལས་ཡན་ལག་སོ་སོའི་སྔགས། ཨོཾ་ཨཱཿཧཱུ~ཾ་ཧོ་ཙ་ཀྵཿཧཾ་ཀྵ་མ་ལ་ཝ་ར་ཡ་ཀཱ་ལ་ཙཀྲ་དུར་དཱནྟ་ད་མ་ཀ། ཛཾ་ཏི་ཛ་རཱ་མཱ་ར་ཎཱ་ན་ཏ་ཀ་ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བཱི་རེ་ཤྭ་ར་བཛྲ་བྷཻ་ར་པ། བཛྲ་ཀཱ་ཡ། བཛྲ་གཱ་ཏྲ། བཛྲ་ཎེ་ཏྲ། ་ཞེས་པ་ལ་སོགས་པ་ཡན་ལག་སོ་སོའི་སྔགས་ཏེ། བརྒྱ་ལམ་ན་སྟོན་གྱི་སྐྱེ་བ་ལ་བསྒྲུབས་ན་ཀླགས་པས་འགྲུབ་པོ།། སྐྱེ་བ་འདི་ལ་བསྒྲུབས་ན་ཡང་འགྲུབ་པར་འགྱུར་ཏེ། དེ་ནས་ལས་བྱེད་དོ།། འདིར་ཐུགས་ལ ་སོགས་པ་རྣམས་ཀྱི་སྔགས་བསྒོམ་པར་བྱ་བ་ནི་མིང་གི་ཡི་གེ་དང་པོའོ།། མཆོད་པར་བྱ་བ་ནི་མིང་གོ་སྔགསོ།། བཟླས་པར་བྱ་བ་ནི་མིང་ལས་ལྷག་པའོ།། རང་གི་རྒྱལྟ་བའི་རིགས་ཀྱི་དབང་གི་ཤེས་པ་བགྲང་ཕྱོད་ལ་སོགས་པའི་དབྱེ ་བ་རྣམས་ཀྱིས་སོ།། ཐུགས་ཀྱི་དབྱེ་བས་བསྒོམ་པར་བྱའོ།། གསུང་གི་དབྱེ་བས་མཆོང་པར་བྱའོ།། སྐུ་ཡི་དབྱེ་བས་བཟླས་པར་བྱའོ།། ཞེས་པ་ངེས་པའོ།། འདིར་ཨོཾ་ཡིག་མ་གཏོགས་པའི་མིང་གི་ཡི་གོ་དང་པོའི་ལྷའི་རྣམ་པར་བསྒོམ ་པར་བྱའོ།། ཨོཾ་ཡིག་དང་པོའི་མིང་ཐམས་ཅད་ལ་མཆོད་པོར་བྱ་སྟེ། སྐུ་རྡོ་རྗེས་སོ།། དེ་བཞིན་དུ་ཡན་ལག་སོ་སོ་ལྀ་དང་པོར་སྐུ་རྡོ་རྗེ་དང་མཐར་ཐུག་རྡོ་རྗེ་སྟྭཾ་ཕཊ་ཞེས་པ་བྱིན་ནས་བཟླས་པར་བྱའོ།། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས ་དུང་དོག་དང་ཡིད་ཀྱི་དབྱེ་བའོ།། ད་ནི་ཐུན་མོང་གི་སྔགས་བསྒྲུབ་པ་ལཾ་བཟླས་པའི་གྲངས་གསུངས་པ། སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་སོ་སོ་སྐུ་རྡོ་རྗེའི་སྔགས་ཀྱི་རིགས་ནི་བྱེ་བོ་བཟླས་པར་འགྱུར་ཏེ། རབ་ཏུ་གྲགས་པར། སྦྱིན ་སྲེག་ནི་བྱེ་བ་བཟླས་པོ་དེ་ལས་བཅུའི་ཆ་ཤས་ཤེས་པ། གསུང་རྡོ་རྗེའི་སྦྱིན་བསྲེག་འབུམ་ཕྲག་བཅུར་འགྱུར་རོ།། རང་བཞིན་ཡོན་ཏན་དབང་གིས་ཤེས་པ་ནི་ཞི་བ་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་དབང་གི་ལེའུ་ལས ་གསུངས་པའི་རྫས་རྣམས་དང་། ཐབ་དང་གདན་ལ་སོགས་པའི་ཆོ་གས་འགྲུབ་པར་འགྱུར་བ་ཇི་སྲིད་ཉིད་དུའོ།། ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་ཏུ་འགྱུར་རྣམས་པ་གཞན་དུ་འགྲུབ་པར་མི་འགྱུར།། དེ་ལྟར ་གསུངས་པའི་བསམ་གཏན་དང་བཅས་བཟླས་དང་སྦྱིན་བསྲེག་བརྟུལ་ཞུགས་ངེས་ལྡན་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་བསྒྲུབ་པར་བྱ། འདིར་ལྷ་གང་དག་གི་དམ་ཚིག་གང་དང་གང་ཡིན་པའི་ལྷ་དེ་ནི་དྲིམ་ཚིག་དེ་དང་བརྟུལ་ཞུགས ་དང་ངེས་པ་དེས་བསྒྲུབ་པར་བྱ་བར་འགྱུར་ཏེ། རྣམ་པོ་གཞན་དུ་འགྲུབ་པར་མི་འགྱུར་རོ།། དེ་བཞིན་དུ་བསྒྲུབ་ཕྱིའི་མིང་གི་ཡི་གོ་གལ་ཏཱི་བསྒྲུབ་པ་པོ་མིང་གི་ཡི་གེ་དང་པོའི་དགྲར་གྱུར་ན་དེའི་སྒྲུབ་པ་པོ་འཆི་བར་འགྱུར་རོ།། ཅི་སྟེ་བ ་མལ་པར་གྱུར་ན་དེའི་ཚེ་ཉོན་མོངས་པར་འགྱུར་རོ།། ཅི་སྟེ་གྲོགས་པར་གྱུར་ན་དེའི་ཚེ་ལྷ་འགྲུབ་པར་འགྱུར་རོ།། དབྱངས་ཀྱི་དགྲ་ཡིས་འཆི་བའོ།། གསལ་བྱེད་ཀྱིས་དག་ཡིས་ནེ་བའོ།། གཞན་རླུང་གི་ཡི་གེ་ཐམས་ཅད་ཆུ་ཡི་ཡི་གེ ་རྣམས་ཀྱིས་དག་སྟེ། དབྱངས་རྣམས་ཀྱིས་དབྱངས་རྣམས་དང་། གསལ་བྱེད་རྣམས་ཀྱིས་གསལ་བྱེད་རྣམས་སོ།། དེ་བཞིན་དུ་ཆུའི་ཡི་གེ་རྣམས་མེའི་ཡི་གེ་རྣམས་ཀྱིའོ།། མེའི་ཡི་གེ་རྣམས་སོའི་ཡི་གེ་རྣམས་ཀྱིའོ།། སའི་ཡི་གེ ་རྣམས་རླུང་གི་ཡི་གེ་རྣམོས་ཀྱིའོ།། ན་མཁོའི་ཡི་གེ་རྣམས་ཐམས་ཅད་ཀྱི་གྲོགས་པོའོ།། ཐམས་ཅད་ཀྱི་ཡི་གེ་རྣམས་ན་མཁེའི་གྲོགས་པའོ།། དེ་བཞིན་དུ་སའི་གྲོགས་པོ་ཆུའོ།། མེའི་གྲོགས་པོ་རླུང་ངོ་།། རླུང་གི་མེའོ།། ཆུའི་ས་སྟེ ་དེ་ལྟར་གྲོགས་པོའི་སྡེ་མཚན་ནོ།། རླུང་གི་ཐ་མལ་པ་ནི་ཆུའོ།། མེའི་ཕ་མལ་པ་ནཱི་སའོ།། ཆུའི་ཐ་མལ་པ་ནི་མེའོ།། སའི་ཐ་མལ་པ་ནི་རླུང་ངོ་།། དེ་ལྟར་ཐམས་ཅད་ཤེས་པར་བྱ་སྟེ། དེ་ནས་སྔགས་ཀྱི་ལྷ་བསྒྲུབ ་པར་བྱའོ།། ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་ངེས་པ་སྟེ། དེ་བཞིན་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨ་ཀུ་ཧ་ཌྷ་མགྲིན་བྱུང་གང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། སྟོང་པ་རླུང་སོགས་ཁམས་རྣམས ་ཀྱི།། གྲགས་པོ་ཉིད་ཀྱིས་རྟག་ཏུ་གནས།། ཨི་ནུ་ཡ་ཤ་རྐན་ལས་བྱུང་།། དབྱིངས་དང་གསལ་བྱེད་མཚན་ཉིད་རྣམས།། རླུང་གི་ཁམས་ལས་ཡང་དག་བྱུང་།། ཆུ་ལས་སྐྱེས་པ་རྣམས་ཀྱིས་དགྲ།། རཾ་ཊུ་ར་ཥ་སྤྱི་བོ་སྐྱེས།། དབྱངས་དང ་གསལ་བྱེད་མཚན་ཉིད་རྣམས།། མ་ཡི་ཁམས་ལས་ཡང་དག་བྱུང་།། ས་ལོས་སྐྱེས་པ་རྣམས་ཀྱི་དག།། ཨུ་པུ་ཝ་རྠ་མཆུ་སྐྱེས་གང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། ཆུ་ཡི་ཁམས་ལས་ཡང་དག་བྱུང་།། མོ་ལྔས་སྐྱེས ་པཱ་རྣམས་ཀྱི་དགྲ། ལྀ་ཎྜ་ལས་སོ་སྐྱེས་གང་།། དབྱངས་དང་གསིལ་བྱུང་མཚན་ཉིད་རྣམས།། ས་ཡི་ཁམས་ལས་ཡང་དག་བྱུང་།། རླུང་ལོས་སྐྱེས་པ་རྣམས་ཀྱི་དགྲ།། རྟག་ཏུ་རླུང་གི་གྲོགས་པོ་མེ།། ཐ་མལ་པ་ཆུ་ནུསྣ་མེད་ཕྱིར།། ་ཡི་གྲོགས་པོ་སེ་ཡིན་ཏེ།། ཐ་མལ་པ་མེ་ནུས་མིང་ཕྱིར།། ས་ཡི་གྲོགས་པོ་ཆུ་ཡིན་ཏེ།། ཐ་མལ་པ་ནི་རླུང་ཉིད་དོ།། ཨོཾ་གྱི་ཡི་གེ་སྤངས་ནས་ཀྱང་།། སྔགས་ཀྱི་དང་པོའི་ཡི་གེའི་རིགས།། དེ་ཉིད་སྔགས་རྣམས་དག་གི་ཐུགས།། གཟུགས ་ནི་རྫོགས་པའི་རྒྱུ་ཡིན་ནོ།། གང་ཚེ་སྔགས་ཀྱི་དང་པོ་ཡི།། ཡི་གེ་གསལ་བྱེད་གཞན་བརྩེགས་མ།། དེ་ཚེ་ཐོག་མར་བརྗོད་པའི་སླད།། དེ་དག་ལས་ནི་དང་པོ་བཟུང་།། དབྱངས་དང་གསལ་བྱེད་དབྱེ་བ་ཡིས།། དེ་ཉིད་རྣམ་པ་གཉིས་སུ་འགྱུར།། སྲོག་གི ་དགྲ་དང་གྲོགས་པོ་དང་།། ལུས་ཀྱི་ཡང་ནི་བརྗོད་པར་བྱ།། སྲོག་གི་དགྲ་དང་གྲོགས་པོ་འམ།། ཐ་མལ་པ་ནི་དདངས་སུ་བརྗོད།། ལུས་ཀྱི་དགྲ་གྲོགས་ཐ་མལ་པ།། གསལ་བྱེད་རྣམས་ཀྱི་བདོག་ཉིད་།། དབྱངས་ཀྱི་དགྲ་ཡིས་བསྒྲུབ་པ་པོའོ།། སྲོག་འཕྲོག ་པར་ནི་ཐེ་ཚོམ་མེད།། གསལ་བྱེད་མཚན་ཉིད་དགྲ་ཡིས་ནི།། ལུས་ལ་ནང་ལ་སོགས་པ་བྱེད།། སྡེ་པ་གཅིག་ལའང་ཀ་ལ་སོགས།། གསལ་བྱེད་ཆོས་ཅན་ལྡི་རྣམས་གང་།། དེ་རྣམས་ས་ལ་སོགས་པའི་རིགས།། སྔགས་སྒྲུབ་པ་ལ་ཤེས ་པར་བྱ།། ད་ཉ་ཎ་མ་ནཱན་འདི་རྣམ་སོ།། རླུང་སོགས་ལེས་སྐྱེས་རྣམས་ཀྱི་གྲོགས།། གྲཱ་ཎཱཾ་བྷཱ་བྷ་དྷོ་དྷོ་འདི་རྣམས།། ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ།། གཛ་ཌ་བ་དང་འདི་རྣམས།། སཱ་ལཱས་སྐྱེས་པ་རྣམས་ཀྱི་དག། ཁ་ཆཥཱ་པ་ཐ་བ་འདི་རྣམས།། མེ ་ལས་སྐྱེས་པ་རྣམས་ཀྱི་དགྲ། ཀ་ཙ་ཊ་པ་ཏི་ཏ་འདི་རྣམས།། རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ།། སྔགས་ཀྱི་དང་པོར་ཡི་གེ་གནས།། རང་གི་སྔ་པ་འམ་གཞན་ལ་ཡང་།། སྒྲུབ་པ་པོ་ཡི་ཡི་གེ་གཉིས།། སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར།། ཞེས་པ ་ལ་སོགས་པ་རྩ་བའི་རྒྱུད་ལས།། བཅོམ་ལྡན་འདས་ཀྱིས་ངེས་པའོ།། སླར་ཡང་དེ་ཉིད་ལས་དང་པོའི་ཡི་གེའི་ལས་རྣམ་པ་དྲུག་གསུངས་པ་འདི་ལྟ་སྟེ། སྔགས་ཀྱི་དང་པོ་གསལ་བྱེད་དམ།། དབྱངས་རྣམས་བསྒྲུབ་པར་བྱ་བའི་སླད།། ་བསྙེན་དང་བཟླས་པ་བྱེད་རྣམས་ལ།། འདི་ཡི་ལས་ནི་རྣམ་དྲུག་གསུངས།། དང་པོར་བསྣུན་པར་བྱ་བ་སྟེ།། དེ་ནས་དབབ་དང་བསྲེག་པ་དང་།། དེ་ནས་སྔགས་པས་བསླང་བ་དང་།། དེ་ནས་རྒྱས་དང་མཉེས ་པའོ།། རྣམ་པར་གཙང་བཅས་སྟོང་པ་ཡིས།། སྔགས་ཀྱི་སྔོན་འགྲོ་མནན་པ་ནི།། མཚོན་གྱི་རྒྱལ་པོ་བསྣུན་པ་སྟེ།། བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར།། ཐུགས་ཀྱི་བཟླས་པ་འབུམ་གྱིས་ནི།། བརྒྱལ་བར ་གྱུར་པ་སྔགས་ཀྱི་ལྷ།། ང་རྒྱལ་ཡོངས་སུ་གཏོང་བ་ནི།། སྒྲུབ་པ་པོ་ཡི་དབང་དུ་འགྱུར།། དེ་བཞིན་རླུང་གིས་མནན་ན་དེ།། རྣལ་འབྱོར་པ་ལ་ཕེབས་པར་འགྱུར།། མེ་ཡིས་མནན་ནས་བསྲེག་པར་འགྱུར།། དེ་བཞིན་ཆུ་ཡིས ་བསླང་བར་འགྱུར།། ས་ནི་སྤྱི་བོར་གནས་པ་དག། བཟླས་ན་ལྷ་ནི་རྒྱས་པར་གྱུར།། སྤྱི་བོར་ཐིག་ལེའི་ཆོས་མནན་ན།། མཉེས་པ་མཆོག་ནི་སྟེར་བར་འགྱུར།། དེ་ལྟར་དྲུག་འབུམ་བཟླས་པ་ནི།། དང་པོའི་སངས་རྒྱས་རྒྱུད་ཆེན ་ལས།། འདོད་པ་གྲུབ་སླད་བདེ་གཤེགས་ཀྱིས།། སྔོན་དུ་བསྙེན་པ་དག་ཏུ་གསུངསོ།། ཕཊ་དེ་བཞིན་ཧུཾ་བཽ་ཥཊ།། ན་མཿསྭཱཧཱ་བ་ཥ་ཊ་རྣམས།། ལས་དྲུག་ལ་ནི་གྲངས་བཞིན་དུ།། སྔགས་མཐར་བརྟུལ་ཞུགས་ཅན་གྱིས ་བྱ།། དང་པོ་རྣམ་སྣང་མཛད་བྱིན་ནས།། སླར་ཡང་བཟླས་པ་ཡང་དག་བརྩམ།། དེ་ནས་དབྱེ་བ་བཟླས་བྱས་ནས།། སྦྱིན་བསྲེག་བཅུ་ཡི་ཆ་ཤས་ཀུན།། རྒྱུ་དེ་ལས་གསུངས་པའི་ཚོ་གས་བྱ།། དེ་ནས་ལྔ་ནི་འགྲུབ་འགྱུར་ཏེ།། ་སྔགས་པ་རྣམས་གྲུབ་པ་དེས།། མཆོག་དང་གང་ཞིག་དོན་གཉེར་སྟེར།། རིགས་གཞན་དང་ནི་བྱ་བ་གཞན།། དུས་དང་དེ་བཞིན་སྔགས་ཀྱི་རིགས།། གནས་དང་ཕྱོགས་དང་རྟེན་གཞན་གྱིས།། ལས་རྣམས་ཀུན་ལ་འབྲས་བུ་མེད།། ་གླེགས་བཾ་དག་ལས་གླགས་པའི་སྔགས།། མན་ངག་རྣམ་པར་སྤངས་རྣམས་ཀྱིས།། སྒྲུབ་པ་རབ་ཏུ་བྱེད་པའི་མི།། གང་དེ་ས་ལ་ཉོན་མོངས་འགྱུར།། གལ་ཏེ་གླེགས་པཾ་ལས་རྙེད་ན།། མན་ངག་ཅེས་པ་དེ་ནི་ཅི།། ཇི་ལྟར་བྲིས་པ་ཀླགས ་པ་ནི།། དྲང་བའི་དོན་གྱིས་རབ་བསྟན་ཏོ།། སྔགས་ཀྱི་དམ་པའི་དངོས་སྤངས་ནས།། གླེགས་བམ་གླགས་པའི་སྔགས་རྣམས་ཀྱིས།། ལྔ་ལ་སོགས་རྣམས་སྒྲུབ་པ་པོ།། ནམ་མཁའ་དག་ནི་ཟ་བར་འདོད།། རོང་སེམས་བརྟན་པའི་བརྩོན ་འགྲུས་སམ།། སྔགས་ཀྱི་བཟླས་པས་སྒྲུབ་པ་པོ།། གཞན་དོན་གཉེར་བ་རྣམས་ཀྱི་ནི།། འདོད་པའི་འཇིག་རྟེན་དངོས་གྲུབ་འགྱུར།། སྔགས་བཟླས་དེ་བཞིན་སྦྱིན་བསྲེག་དང་།། མཆོད་རྟེན་མཆོད་པའི་ཆོ་ག་རིམ་གྱིས།། ཚིག་འདི ་ཇི་ལྟར་གྱུར་པ་གཞིན།། བརྩེ་བས་ངམན་ནཱ་འགྲུབ་མི་འགྱུར།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། སྟོན་པ་བྱང་ཆུབ་སེམས་དཔའི་དང་།། ལྷ་རྣམས་བསྒྲུབས་པའི་སླད་དུ་ནི།། དེ་ཉིད་མཁས་པས་བཟུང་བར་བྱ་ཞེས་པ་སྟེ། ་དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས།། ཐུགས་ཀྱི་ཡི་གེ་བསྒྲུབ་པར་བྱའོ།། འདིར་སྔགས་ལ་བསྣུན་པ་ལ་སོགས་པ་ནི།། འདི་ལྟ་སྟེ་དང་པོར་སྒྲོལ་མའི་སྔགས་བསྟན་པར་བྱ་སྟེ། ཆོ་ག་དེས་གཞན་ལ་ཡང་ཤེས་པར་བྱའོ།། ཨོཾ་ཧཱུཾ་ཏྲཱཾ་ཕཊ ་ཅེས་པ་སྔགས་ཀྱིས་བསྟན་པ་སྟེ་འཇམ་བཟླས་སྷོ།། ཨོཾ་སྣཱ། ཧཱུཾཟླས་པ་ནི་དབ་བ་ག། ཨོཾ་ཛྙཱཿཔོ་ཥཊ་ཞེས་བྱ་ནྟི་སྲེག་པའོ།། ཨོཾ་ཝཱཿན་མཿཞེས་པ་ནི་སྨད་པའོ།། ཨོཾ་གྣཿསཱ་སྠཱ་ཞེས་པ་ནི་རྒྱས་པའོ། ་ཨོཾ་ཏཱི་ཝ་ཥཊ་ཞེས་པ་ནི་ཉེས་པའོ།། བཟླས་པ་དྲུག་འབུམ་དང་སྦྱིན་བསྲེག་དྲུག་ཁྲི་བས་ཏེ། དེ་ནས་ཨོཾ་དྷཱ་རེ་སྭཱཿ། ཞེས་པ་གསུང་རྡོ་རྗེའི་བཟླས་པ་འབུམ་བྲེག་བདྨ་དང་། སྦྱིན་བསྲེག་བསྡུ་རྒྱུའོ།། དེ་ནས་ཨོཾ་ཏཱ་རེ་དྷ། རེ་ཏུ་རསྭཱ ་ནས་པཾ་སཱུ་ནྟེ་ཐཱས་བྱ་བའི་མ་བར་ཐུག་པ་དང་། འདུམ་བྲག་བདུ་སྦྱིན་པ་ག་ཐཱ་སྟེ། དེ་ཝཱ་ན་རྣལ་འབྱོར་པ་རྣམས་ལ་སྔགས་ཀྱི་མཆོག་སེ་བར་འགྱུར་གྱི་རྣམ་པ་གནན་དུན་མི་ཡིན་ནོ།། ཐུགས་དང་གསུང ་དབྱ་པ་རྣམས་ཀྱིས་བསྒོམ་པར་བྱ་བ་དང་། མཆོད་པར་བྱ་བ་དང་། བཟླས་པར་བྱ་བའི་སྔགས་སོ་སོར་འབུམ་ཕྲག་དྲུག་དང་། འབུམ་ཕྲག་བཅུ་དང་། འབུམ་ཕྲག་བརྒྱའོ།། ཞེས་པ་ནི་རྩ་བའི་རྒྱུད་ལས། བཅོམ་ལྡན་འདས ་ངེས་པའོ།། ང་ན་ལུའི་བསྒྲུབ་པོ་གསུངས་པ། གྲུབ་པོ་ཞེས་པ་ལ་སོགས་པོ་སྟེ། འདོར་དང་པོར་རཱི་ལུ་སྒྲུབ་པའི་སྡིགས་སྔར་གསུངས་པའི་ཚོགས་བསྒྲུབས་ནས། ཨོཾཀྵ་ལཙྪཀྲརྞྞ་ས~ཾདྡྷ་གྲྀ་ཁ~ཾ་ཀྵེ་སཱ་དྷ་ཡ་སྭཱཧཱ། དེ་ནས་རི ་བསྒྲུབ་པའི་སྦྲང་དུ་ལྷོ་མིས་རབ་ཏུ་སྣང་བར་འགྱུར་ཏེ། དེ་ལ་འཐུན་ཆོགའོ།། གྲུབ་པ་ཞེས་པ་ནི་རབ་གས་བུ་ལས་གསུངས་པ་མཁའ་ལ་སྤྱོད་པ་སུམ་ཅུ་རྩ་དྲུག་པོ་རྣམས་བན་དེ་། དྲུག་དང་། བསྲུ་ང་བརྒྱ་གེ། བརྒྱད་ནི་རྗེ་ཚུ། ་དེ་རྣམས་ལས་སྟེ་མཚན་གཅིག་གི་ཤ་བསྒྲུབས་ནས་གྲིབ་མ་ལ་བསྐམས་པ་བདུད་རྩི་ལྔ་དང་ལྷན་ཅིག་ཏུ་ཕྱེ་མར་བྱས་ཏེ། དེ་ནས་མི་སྐྱོད་པས་སྤྲས་ནས་ཅན་ཀ་ཡིས་ཚད་ཀྱི་རི་ལུ་བས་པས་ཏེ། དེ་ལྟར་ན་གྲུབ་པ་ཞེས་པའོ།། ལྕགས ་གསུམ་གྱིས་བཅིངས་ཤེས་པ་ནི་འདིར་སྐུ་དང་གསུང་དང་ཐུགས་ཀྱི་དག་པས་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དབྱེ་བཱ་ལ~ཾ་པ་ལ་དང་ཟངས་དང་ཁབ་ལེན་གྱི་ལྕགས་ཏེ། སོ་སོར་བཅིངས་པོ་ནི་ལྕགས་གསུམ་གྱིས་བཅིངས་པའོ།། མཁ ་ལ་འགྲོ་བའི་ཤའི་རི་ལུ་འཆད་པར་འགྱུར་བའི་རིམ་པས་བསྒྲུབས་པ་ནི་མཁའ་ལ་སྤྱོད་པ་ཉིད་དག་སྡེར་རོ།། དེ་བཞིན་དུ་ཁྱི་དང་། རྟ་ལ་སོགས་པ་ས་ལ་སྤྱོད་པ་དང་། ཆུ་ལ་སྤྱོད་པ་རྣམས་ཀྱི་ལུས་ཀྱི་ཤ་རྣམས་ཀྱིས་རི་ལུ་གྲུབ་པ ་ལྕགས་གསུམ་གྱིས་བཅིངས་པས། ལུས་ལ་བཀྲེས་སྐེམ་ལ་སོགས་ནད་རྣམས་འཕྲོག་པར་བྱུང་ངོ་།། ཞེས་པ་རི་ལུ་བསྒྲུབ་པའི་པའོ།། ད་ནི་མིག་སྨན་པོ་སྒྲུབ་པ་གསུངས་པ། དེ་དག་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། འདིར ་མིག་སྨན་སྒྲུབ་པའི་སྔགས་སྔར་བཞིན་བསྒྲུབས་ནས་དེ་ནས་མིག་སྨན་བསྒྲུབ་པར་བྱའོ།། ཨོཾ་ཀཱ་ལ་ཙིཀྲདྡྷ་སིདྡྷཉྫ་ནཾ་སཱ་དྷ་ཡ་སྭཱཧཱ། དེ་ནས་མཁའ་ལ་འགྲོ་བ་རྣམས་ཀྱིས་མིག་རྣམས་བླངས་ནས་ཕ་མ་ཞིབ་མོར་བྱས་ཏེ། བྱང་ཆུབ་ཀྱི ་སེམས་ཀྱིས་སྨྲ་བར་བྱའོ།། མིག་སྨན་དེ་ཉིད་ནི་གཏེར་བསྒྲུབ་པའི་སླད་དུ་ས་རབ་ཏུ་འབྱེད་པར་འགྱུར་རོ།། མཁྱིས་པ་རྣམས་ཀྱིས་ཤེས་པ་ནི་ཁྱི་དང་རྟ་ལ་སོགས་པ་རྣམས་ཀྱིས་མཁྲིས་པ་རྣམས་ཀྱིས་མིག་སྨན་བྱས་ནས་བུད ་མེད་ཀྱི་མེ་ཏོག་གིས་སྒྲུ་བར་བྱའོ།། མིག་སྨན་དེ་ཉིད་ནི་མི་སྣང་བའི་ཡུལ་ལ་མི་སྣང་བར་བྱེད་ཅིང་། དབང་དུ་བྱ་བའི་ཡུལ་ལ་ན་ཆུང་གིས་ཡིད་འཕྲོག་པར་འགྱུར་ཏེ། དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབས་པའོ།། དེ་ལ ་འདི་ནི་ཆོ་ག་སྟེ། ནག་པོའི་བརྒྱད་ཀྱི་མཚན་མོ་འམ། ཡང་ན་མ་ནུའི་ཉིན་ཞག་ལ་ཞེས་པ། ནག་པོའི་བཅུ་བཞིའི་མཚན་མོ་དཀྱིལ་འཁོར་བཞེངས་བྱས་ནས། སྔར་གསུངས་པའི་ལྷ་མིན་དབང་པོའི་སྒྲིབ་པཾ་ལས་བསྲུང་བ་སྔར་གསུངས ་པ་གང་ཡིན་པ་དག་ཀྱང་ཀུན་བྱས་ཏེ། དེ་ནས་དེ་ཡིས་དབུས་སུ་དཀྱིལ་འཁོ་ར་གྱི་ལྟེ་བ་ལ་རི་ལུ་དགེ་གམ། མིག་སྨན་ཐོད་པར་གནས་པ་གཞག་པར་བྱའོ།། དེ་ལྟར་དེའི་དབུས་སུ་ཤའི་རི་ལུ་དག་གམ། མིག་སྨན་ནི། བྱས ་ནས་ཤིན་ཏུ་དྲི་བཟངས་མེ་ཏོགཽ་རྣམས་ཀྱིས་ཡང་དག་མཆོད་དེ། དེ་བཞིན་དུ་སྔར་གསུངས་པའི་གཏོར་མ་ལ་སོགས་པ་བྱིན་ལ། དེ་ནས་སྔར་གསུངས་པའི་སྔགས་ཀྱི་བཟླས་པ་མཆོག་འདིས་རབ་ཏུ་བྱའོ།། དུས་ཀྱི་འཁོར་ལོའི ་བཀའ་ཡིས་ཇི་སྲིད་རི་ལུ་འམ་སྨིག་སྨན་རྣམས་འོད་ཟེར་འཕྲོ་བའི་བར་དེ་སྲིད་དུ་སྔགས་པར་བྱའོ།། དེ་ནས་དེ་དེའི་མཚམས་སུ་བླངས་ལ་བཟུང་བར་བྱའོ།། གལ་ཏེ་འོད་ཟེར་མི་འཕྲོ་ན་དེའི་ཚེ་ཡང་ཇི་སྲིད་ལྷས་རབ་ཏུ་གནང་བར་གྱུར་གྱི ་བར་དུ་སྔགས་བསྒྲུབ་པར་བྱའོ།། དེ་ནས་རི་ཁུའི་གྲངས་ཀྱིས་མི་རྣམས་བཟུང་ནས་རི་ལུའི་རིག་པ་འཛིན་པར་འགྱུར་རོ།། དེ་བཞིན་དུ་མིག་སྨན་གྱིས་རིག་པ་འཛིན་པའོ།། རལ་གྲི་ཡིས་རལ་གྲིའི་རིག་པ་འཛིན་པ་སྟེ། དེ་བཞིན་དུ་རིན་པོ ་ཆེ་ལ་སོགས་པས་ཀྱང་ངོ་།། དེ་ལ་སྔགས་ནི་ཨོཾ་ཀཱ་ལ་ཙཀྲ་ཨཱཛྙཱ་སིད་དྷ་ཁཱ་ཌ་གཾ་སཱདྷཱ་ཡ་སྭཱཧཱ། དེ་བཞིན་དུ་རིན་པོ་ཆེ་ལྔ་སོགས་པ་རྣམས་ལཱ་དང་པོར་ཀཱ་ལ་ཙཀྲ་ཞེས་པ་ངེས་པའོ།། དེ་ལ་ལྕགས་ཀྱི་རལ་གྲི་བྱས་ནས། ལྷའི་ངེས་པ་བསྒྲུབ ་པར་བྱའོ།། ཤེལ་གྱི་རིན་པོ་ཆེ་དང་། དངུལ་གྱི་པདྨ་དང་། གསེར་གྱི་འཁོར་ལོ་དང་། ལྕགས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་དང་། དེ་བཞིན་དུ་དྲིལ་བུ་དང་། ལྕགས་ཀྱི་གྲི་གུག་བྱས་ནས་སོ།། མཚན་མོ་བསྒྲུབ་པའི་ངེས་པ་སྟེ། དེ ་བཞིན་དུ་རྩེ་གསུམ་དང་ངག་སྟ་ལ་སོགས་པའི་མཚན་ཆ་ཐམས་ཅད་བསྒྲུབ་པར་བྱའོ།། དུས་ཀྱི་འཁོར་ལོའི་བཀའ་ཡིས་མཚོན་ཆ་གང་དང་གང་བསྒྲུབས་པ་དེ་མཚན་མ་དེ་ཡིས་དེའི་རིགས་ཀྱི་རིག་པ་འཛིན་པར་འགྱུར་རོ།། ཅི་སྟེ་ལྷ ་ཡིས་དེ་ས་པ་གྲུབ་པའི་བཅུད་བཞིན་དུ་བདུན་དུ་འཁོར་བ་རྙེད་ནས། སྒྲུབ་པ་མེད་པར་མཁའ་ལ་སྤྱོད་པ་རྣམས་འགྲུབ་པར་འགྱུར་རོ།། ཞེས་པོ་ནི་རྩ་བའི་རྒྱུད་ལས་ངེས་པ་སྟེ། རི་ལུ་ལ་སོགས་པ་བསྒྲུབ་པའི་ཆོ་གའོ།། དེ་ནས ་ཚིགས་སུ་བཅད་པའི་བདུན་ཅུ་ལྷག་པའི་བརྒྱ་པ་ནས་མཁའ་ལྡིང་གི་ཚིགས་སུ་བཅད་པ་བཅུ་བཞི་ནི་གོ་སླ་སྟེ། དེས་ན་འདིར་མ་བྲིས་སོ།། ད་ནི་ཞི་བ་ལ་སོགས་པའི་འཁྲུལ་འཁོར་གསུངས་པ། རིག་བྱེད་ཅེས་པ་ལ་སོགས་པ་སྟེ། འདིར ་དབང་གི་ལེའུ་ལས་གསུངས་པའི་ནྱ་གློ་དྷའི་འདབ་མོ་ལ་སོགས་པ་ལ། ཤྲཱི་རི་ཁ་ན་ཌ་ལ་སོགས་པ་དང་། ཙན་དན་ལ་སོགས་པའི་སྨྱུ་གུས་ཞི་བ་ལ་སོགས་པའི་འཁྲུལ་འཁོར་བྲི་བར་བྱའོ།། དེ་ལ་རིམ་པ་འདི་ལྟ་སྟེ། དང་པོའི་ཟླུམ་སྐོར་ལ་འདབ་མ ་བཞིའོ།། གཉིས་པ་ལ་བརྒྱད་དོ།། གསུམ་པ་ལ་བཅུ་དྲུག་གོ། བཞི་པ་ལ་སུམ་ཅུ་རྩ་གཉིས་སོ།། ལྔ་པ་ལ་དྲུག་ཅུ་རྩ་བཞིའོ།། དྲུག་པ་ལ་སུམ་ཅུ་རྩ་གཉིས་ཏེ། ཇི་ལྟར་ལུས་ལ་གཙུག་ཏོར་དང་། སྙིང་ཁ་དང་དཔྲལ་བ་དང་། ་མགྲིན་པ་དང་ལྟེ་བ་དང་གསང་བ་ནས་འཁོར་ལོ་དྲུག་ཡོད་པ་དེ་བཞིན་དུ་འཁྲུལ་འཁོར་བྲི་བ་ལ་ཟླུམ་སྐོར་དྲུག་གོ།། དེ་ལ་འདབ་མ་བཞིའི་དབུས་སུ་བསྒྲུབ་པའི་མིང་ངོ་།། རིག་བྱེད་ཅེས་པ་འདབ་མ་བཞི་ལ་ཕྱོགས་སུ་དང་པོར་ཨ་ཨཱི་ཟུང་ཞེས ་པ་ནི་ཤར་དུ་ཨ། བྱང་དུ་ཨཱཾ། ནུབ་ཏུ་ཨཱ། ལྷོར་ཨཿཞེས་པ་ནི་ཟླུ་མེ་སྐོར་དང་པོ་ལའི།། ཆུ་སྐྱེས་འདབ་བརྒྱད་ཅེས་པ་ནི་ཨི་ལ་སོགས་པ་འདབ་བརྒྱད་ལྀ་ཞེས་པ་ནི། ཤར་དང་མར་ཨི་ཨཱི། གཤིན་རྗེ་དང་བདེན་བྲལ་དུ་རྀ་རཱཾ། བྱང་དང་དབང་ལྡན ་དུ་ཨུ་ཨཱུ། ནུབ་དོང་རླུང་དུ་ལྀ་ལཱྀ། ཞེས་པ་ནི་ཟླུམ་སྐོར་གཉིས་པ་ལའོ།། དེ་བཞིན་དུ་མི་ཡི་བདག་པོ་ཞེས་པ་ནི་ཟླུམ་སྐོར་གསུམ་པའི་འདབ་མ་བཅུ་དྲུག་ལ་ཨེ་ཡ་ལ་སོགས་པ་ཞེས་པ་སྟེ། ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨེ་ཨཱཾ་ཡ ་ཡཱའོ།། ལྷའི་འདབེ་མ་རྣམས་ལ། ཨར་ཨཱར་ར་རཱའོ།། བྱང་གི་འདབ་མ་རྣམས་ལ། ཨོ་ཨཱཾ་ཝ་ཝཱའོ།། ནུབ་ཀྱི་འདབ་མ་རྣམས་ལ། ཨལ་ཨཱ་ལ་ལ་ལཱ་ཞེས་པ་ནི་ཟླུམ་སྐོར་གསུམ་པ་ལའོ།། སོ་ཞེས་པ་འདབ་མ་སུམ་ཅུ་རྩ་གཉིས་རྣམས་ལ་ཀ་སོགས ་གསུམ་གྱིས་བསྒྱུར་བའི་བཅུ་ཞེས་པ་སུམ་ཅུ་དང་། ཧ་ཀྵོ་ཞེས་པ་གཉིས་སྐྱེས་ལའོ།། དེ་ལ་ཤར་ལ་སོགས་པའི་འདབ་མ་ལྔ་པོ་རྣམས་ལ་ཙ་ཚ་ཛ་ཛྷ་ཉའོ།། ལྷོའི་འདབ་མ་ལྔ་རྣམས་ལ་ཊ་ཋ་ཌ་བྷ་ཎའོ།། བྱང་གི་རྣམས་ལ་པ་ཕ་བ་བྷ་མའོ།། ནུབ་ཀྱི་རྣམས་ལ་ཏ ་ཐ་ད་དྷ་ནའོ།། དེ་བཞིན་དུ་དབང་ལྡན་ནས་བརྩམས་ནས་ཤར་ལ་འདབ་མ་གསུམ་ལ་མ་ཡིག་ནས་བརྩམས་ཏེ། ཀ་ཁ་གའོ།། མེ་ནས་བརྩམས་ནས་ལྷོར་འདབ་མ་གསུམ་ལ་ཉ་ཡིག་ནས་བརྩམས་ཏེ་གྷ་ད་ཀཱའོ།། བདེན་བྲལ་ནས་བརྩམས་ནས་ནུབ་ཏུ ་འདབ་མ་གསུམ་ལ་ཎ་ཡིག་ནས་བརྩམས་ཏེ་ས་ཏྭཱ། ཛའོ།། རླུང་ནས་བརྩམས་ནས་བྱང་དུ་འདབ་མ་གསུམ་ལ་ནཱི་ཡིག་ནས་བརྩམས་ཏེ་ཤ་བྷཱུ་ཧའོ།། དེ་ལྟར་འདབ་མ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་སྟེ། ཟླུམ་སྐོར་བཞི་པ་ལའོ།། ཆུ་གཏེར་དྲུག་ཅེས་པ་འདབ ་མ་དྲུག་ཅུ་རྩ་བཞི་ལའོ།། ཐུན་མཚམས་འདབ་མ་བཞི་པོ་རྣམས་ལ་ཤར་དང་ལྷོ་དང་བོང་དང་ནུབ་ཏུ་བསྒྲུབ་བྱའི་མིང་སྟེ་དབུས་སུ་ཇི་ལྟ་བ་བཞིན་ནོ།། དེ་ལྟར་གནས་ལྔར་བསྒྲུབ་པའི་མིང་ངོ་།། ཚེས་ཀྱིས་བསྒྱུར་བའི་དུས་ལ་ཞེས་པ། འདབ་མ་དྲུག་ཅུ་པོ ་རྣམས་གྲངས་བཞིན་དུ་ལ་མཐའ་དབྱངས་དང་བཅས་པ་རྣམས་ཤེས་པ་ནི་ཧ་ཡ་རོ་ཝ་ལ་རྣམས་དབྱིངས་དང་བཅས་པ་ཞེས་པ་དབྱངས་བཅུ་གཉིས་དང་བཅས་པ་སྟེ། འད་བོ་མ་དྲུག་ཅུ་པོ་རྣམས་ལའོ།། དེ་ནས་ཤར་ལ་སོགས་པའི་བསྒྲུབ་བྱའི་མིང ་ལས་གཡས་སྐོར་གྷི་ས་ཡ་ཡཱ་ཡཽ་ལཱི་ཡཱཾ་ཡཱཾ་ཡུ་ཡཱུ་ཡྻཱ་ཝཱཾ་ཡཾ་ཡཿཞེས་པ་འདབ་མ་བཅུ་གཉིས་ལའོ།། དེ་ནས་ལྷོར་བསྒྲུབ་བྱི་མིང་ལ་ས~ཾ་ར་རཱ་རི་རཱི་རཱྀནྟྲྀ་རུ་རཱུ་རླྀརླྀ་ར་རཿཞེས་པ་འདབ་མ་བཅུ་གཉིས་ལའོ།། བྱང་དུ་བསྒྲུབ་བྱའི་མིང་ལསི་ཝོ་ཝཱ་ཝི། ་ཝཱི་ཝཱཾ་ཝཱཾ་གྲུ་ཝཱ་ཝཱཾཝཱཾ་ཝ་ཝཿཞེས་པ་འདིབ་མ་བཅུ་གཉིས་ལའོ།། ནུབ་ཏུ་བསྒྲུབ་བྱའི་མིང་ལས་ལ་ལཱ་ལི་ལཱི་ལཱྀ་ལཱ~ཾ་ལུ་ལཱུ་ལྤཾ་ཝཱཾ་ལཾ་ལསཿཞེས་པ་འདབ་མོ་བཅུ་གཉིས་ལའོ།། དེ་ནས་ཤར་དུ་བསྒྲུབ་བྱའི་ཕ་རོལ་གྱི་འདོབ་མ་ལ་ཧའོ།། ནུབ་ཏུ ་སཱ་ལྷོར་ཧ། བྱུང་དུ་ཧཾ་སྟེ། དེ་བཞིན་དུ་གཡོན་སྐོར་གྱིས་ཧི་སྙི་དབང་ལྡན་གྱི་མཐར་རོ།། ཧཱུ~ཾ་མཱིའི་མཐར་རོ།། ཧུ་སྠུ་རླུང་གི་མཐར་རོ།། ཧཱུ~ཾ་ཧཱུ~ཾ་བདེན་བྲལ་གྱི་མཐར་རོ།། བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ནི་ལྟེ་བ་ལའོ།། གཉིས་པ་ནི་ཤར་གྱི་ཐུན ་མཚམས་ཀྱི་འདབ་མ་ལའོ།། གསུམ་པ་ནི་ལྷོར་རོ།། བཞི་པ་ནི་བྱང་དུའོ།། ལྔ་པ་ནི་ནུབ་ཏུ་སྟེ། དེ་ཧུཾ་ཨཱ། ཨོཾ་ཧོ་ཞེས་པ། ཐུགས་དང་གསུང་སྐུ་དང་ཡེ་ཤེས་ཀྱི་ཡི་གེ་མིང་གི་ཡི་གི་དངོ་པོ་དང་བཅས་པ་རྣམས་བྲི་བར་བྱའོ།། ཡང་ན་ཨ་སོགས་དབྱངས ་ནི་རེ་རེ་དག་གིས་ཆུ་སྲིན་བུམ་པའི་དབང་ལས་རིང་པོ་ཐུང་ངུ་དག་ཀྱང་ལྔ་ཞེས་པ་སྟེ། འདིར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱིས་ལྷག་པའི་ལྷ་ནི་ཀཱ་ཁཱ་གཱ་བྷ་དྷ་ཞེས་པ་ལ་སོགས་པའོ།། ཤར་དུ་བསྒྲུབ་བྱའི་ཐུགས་ཀྱི་ཡོ ་གེ་ནས་གཡས་སྐོར་གྱིས་ཉྩ་ལ་ཙྪ་ནཱ་ཛྙཱ་ཛྷ་ཉཱའོ།། དེ་བཞིན་དུ་ལུག་ལ་ཉེ་ཛྙཱ་རྫ་ཚ་ཙ་སྟེ། དེ་ལྟར་འདབ་མ་བཅུ་ལའོ།། དེ་བཞིན་དུ་ལྷོར་གསུང་རྡོ་རྗེ་ནས་ཊཱ་ལ་སོགས་པ་བཅུའོ།། བྱང་དུ་སྐུ་རྡོ་རྗེ་ནས་པཱ་ལ་སོགས་པ་བོ་ནུའོ།། ནུབ་ཏུ་ཡེ ་ཤེས་རྡོ་རྗེ་ནས་ཏཱ་ལ་སོགས་པ་བཅུའོ།། ལྷག་མའི་འདབ་མུ་ཉི་ཤུ་པོ་རྣམས་ཀྱི་ནུབ་ཀྱི་འདབ་མ་ལྔ་ལ་ཀཱ་ལཱ་སོགས་པ་རིང་པོ་ལྔའོ།། ཤར་དུ་ང་ལ་སོགས་པ་ཐུག་དུ་ལྔའོ།། ལྷོར་སཱི་ལ་སོགས་པ་རིང་པོ་ལྔའོ།། བྱང་དུ་བྷཱ་ལ་སྩོག ་པ་ཐུང་ངུ་ལྔའོ།། དེ་ལྟར་ཡི་གེ་དྲུག་ཅུ་རྣམས་ཟླུམ་སྐོར་ལྔ་པ་ལའོ།། ཕྱི་རོལ་འདབ་མ་སུམ་ཅུ་གཉིས་ལ་ཞེས་པ་ནི། འདིར་གསང་བའི་པདྨའི་འདབ་མ་སུམ་ཅུ་རྩ་གཉིས་རྣམ་པར་དག་པར་ཟླུམ་སྐོར་དྲུག་པའི་འདབ་མ་སུམ་ཅུ་རྩ་གཉིས ་པོ་རྣམས་ལ། བདག་གིས་སྙིང་པོ་བཛྲ་ཏིཀྵྞ་ལ་སོགས་པ་ཡི་གེ་རྣམས་ཤེས་པ་ནི་འདི་ལྟ་སྟེ། བཛྲ་ཏིཀྵྞ་དུཿཁ་ཙྪེ་ད་ཞེས་པ་ནི་དབང་ལྡན་ནས་བརྩམས་ནས་མེའི་མཐར་ཐུག་པར་རོ།། དེ་ནས་ལྷོར་པྲཛྙཱ་ཛྙཱ་ན་སུཪྴ་ཡེ་ཛྙཱ་ཞེས་པའོ།། དེ་བཞིན་དུ ་ནུབ་ཏུ་ནཱ་ཀཱ་ཡ་བཱ་གཱི་ཤྭ་རཱ་ཨ་ཞེས་པའོ།། དེ་བཞིན་དུ་བྱང་དུ་ར་པ་ཙ་ན་ཡ་ཏྭེ་ན་མཿཞེས་པ་སྟེ་པྲཛྙཱ་ཏཱི་ཀཱ་ལ་སོགས་པ་ཡི་གེ་རྣམས་སོ།། དེ་ལྟར་འཁོར་ལོ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་དབང་གི་ལེའུ་ལས་གསུངས་པའི་ཆོ་གས ་བྲིས་ནས། དེ་དག་རྣམས་ཀྱི་ཕྱི་རོལ་ཏུ་ཡང་ཞི་སོགས་ལ་སཽ་ལ་ཝཾ་ཡ་ར་ལ་དཀྱིལ་འཁོར་རྣམས་ཉིད་དོ།། ཞེས་པ་ནི་འཁྲུལ་འཁོར་འདི་ཡིས་ཞི་བ་དང་རྒྱས་པ་དང་རིམས་འཕྲོག་པ་དང་དུག་མེད་པར་བྱེད་པ་ལ་འཁྲུལ་འཁོར་ཆུའི་དཀྱིལ ་འཁོར་རམ་ཝ་ཡིག་གིས་བསྐོར་བར་བྱའོ།། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སམ། གླང་པོ་ཆེའི་དབུས་སུ་གཞུགས་པར་བྱའོ།། དེ་བཞིན་དུ་གསང་པ་ལ་སོགས་པ་ལ་རླུང་གི་དཀྱིལ་འཁོར་དང་། དབང་ལ་སོགས་པ་ལ་མེའི་དཀྱིལ་འཁོར ་དང་། རེངས་པ་ལ་སོགས་པ་ལ་སའི་དཀྱིལ་འཁོར་གྱིས་བསྐོར་བར་བྱའོ།། ལྷག་མ་དབང་གི་ལེའུ་ལས་གསུངས་པོ་དག་གོ།། འདིར་འཁྲུལ་འཁོར་ལ་སྙིང་པོར་ཡི་གེའི་ཡན་ལག་མཆོག་ཅེས་པ་ནི། སྙིང་པོར་མགོ་བོ་བྲི་བར་བྱའོ།། རྩེ་མོ་ཅན ་དང་གཡོ་བར་རྐང་པ་ཞེས་པ་ནི་ལྷུན་པོ་ཐམས་ཅད་ཀྱི་བྱང་ན་གནས་པོའི་སྙིང་པོའི་ལྟེ་བ་ཡིན་པའི་ཕྱིར་ལྷོར་རྐང་པ་སྟེ། དབང་དང་དགུག་པ་ལ་སོགས་པ་ལའོ།། དེ་བཞིན་དུ་ཞི་བ་ལ་སོགས་ལ་སྙིང་པོར་རྐང་པ་ཞེས་པ་ནི་བྱང་དུ་རྐང་པ་སྟེ་ལྷུན ་པོ་ལ་མངོན་པར་ཕྱོགས་པའོ།། མེ་དང་རླུང་དུ་མགོ་བོ་ཞེས་པ་ནི་ལྷོར་མགོ་བོའོ།། དེ་བཞིན་དུ་གསད་པ་ལ་སོགས་པ་ལང་ཤུར་རྐང་པ་དང་ནུབ་ཏུ་མགོ་བོའོ།། རེངས་པ་ལ་སོགས་པ་ལ་ཤར་དུ་མགོ་བོ་དང་ནུབ་ཏུ ་རྐང་པ་སྟེ། དེ་ལྟར་འཁྲུལ་འཁོར་སོ་སོ་ལ་སྡིགས་པས་བྲི་བར་བྱའོ།། ཞི་བ་ཞེས་པ་ལ་སོགས་པ་ནི་གོ་བླའོ།། འཁོར་ལོ་དྲུག་གི་འཁྲུལ་འཁོར་གྱི་ངེས་པའོ།། དེ་ནི་གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གསུངས་པ་རྩིབས་བརྒྱད་ཅེས ་པ་ལ་སོགས་པ་སྟེ། འདིར་ནྱ་གྲོ་དྷའི་འདབ་མ་ལ་སོགས་པ་ལ་འཁྲུལ་འཁོར་བྲི་བར་བ་སྟེ། ཟླུམ་སྐོར་དང་པོ་ནི་རྩིབས་བརྒྱད་པའོ།། གཉིས་པ་ནི་རྩིབས་བཅུ་གཉིས་པའོ།། གསུམ་པ་ནི་རྩིབས་བཅུ་དྲུག་པའོ།། དེ་ལ་རྩིབས་བརྒྱད ་པོ་རྣམས་ལ་ཕྱོགས་དང་ཕྱོགས་བྲེལ་དུ་གནས་ཤེས་པ་ནི་ཕྱོགས་སུ་ཡ་མ་ལ་སོགས་པའི་ཡི་གེ་གནས་པ་དང་། ཕྱོགས་བྲལ་གྱི་འདབ་མ་ལ་བསྒྲུབ་བྱའི་མིང་གི་ཡི་གེ་གནས་ཤིང་། བཅུ་དྲུག་རྩིབསོ་ལ་ཡང་བར་གྱི་འདབ་མ་བརྒྱད ་པོ་རྣམས་ལའོ།། དེ་ལྟར་ཟླུམ་སྐོར་དང་པོ་ལ་བསྒྲུབ་བྱ་ཟུར་རྣམས་སུ་སྟྭཾ། དབུས་སུ་ལྟེ་བར་རབ་ཏུ་འགྱུར་བ་ལའོ།། ཤོར་དུ་མའོ།། རྩིབས་བཅུ་གཉིས་པའི་ཤར་དུ་རཱའོ།། གཉིས་པར་ཛཱའོ།། གསུམ་པར་སའོ།། འདབ་མུ་བཞི་པར་དོའོ།། ་དང་བའི་རྩིབས་བརྒྱད་པའི་ལྷོར་མེའོ།། སླར་ཡང་རྩིབས་བཅུ་གཉིས་པའི་འདབ་མ་ལྔ་པར་རུའོ།། དྲུག་པར་ཎའོ།། བདུན་པར་ཡིའོ།། སླར་ཡང་རྩིབས་བརྒྱད་པའི་ནུབ་ཀྱི་འདབ་མ་ངའོ།། སླར་ཡང་རྩིབས་བཅུ་གཉིས་པའི་བརྒྱད་པར་ནིའོ།། 8 ་པར་རའོ།། བཅུ་པར་ཡའོ།། སླར་ཡང་རྩིབས་བརྒྱད་པའི་བྱུང་དུ་ཀྵའོ།། སླར་ཡང་སྒྲིབས་བཅུ་གཉིས་པའི་བཅུ་གཅིག་པ་རནྡྷའོ།། བཅུ་གཉིས་པར་ནིའོ།། དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པ། ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མྨེ་དོནྨ་ཎཱ་ཡོད ་ཡ། ཡ་ད་ཡོ་ནཻ་རཱ་ཡ་ཀཱ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཞེས་སོ།། གཅིག་བདག་པོ་ཡིས་ཡི་གེ་བཅུ་དྲུག་པོ་རྣམས་འདབ་མི་བཅུ་དྲུག་ལའོ།། དེ་ལྟར་དབུས་སུ་རཾ་བ་འགྱུ་ར་ཡ་མ་རཱ་ཛཱ་ས་དོ་མ་རུ་ཎ་ལ་ས་ལོ།། དེ་ནས་སྙིང་པོའི་རྩིབས ་ཀྱི་དབུས་ནས་ད་ནི་ར་ཡཀྵེ་ཙྪ། དེ་ནས་མཐར་ནི་ནི་རུ་འགྱུར་ཞེས་པ། རྩིབས་བརྒྱད་པ་དང་། རྩིབས་བཅུ་གཉིས་པ་ལ་ངེས་པའོ།། དེ་ནས་རྩི་བོས་བཅུ་དྲུག་པ་བསྒྲུབས་བྱའི་མིང་གི་བར་བར་གྷི་འདབ་མ་ལ་སྔགས་འདི་བྲི་བར་བྱའོ།། ་ཨོཾ་ཧྲཱིཾཥྚཾ་བིཀྵི་ཏཱ་ན་ན་ཧུཾ་ཧཱུཾ་ཕཊ། ཞེས་པའོ།། དེ་ལྟར་རོ་མིག་ནས་ནི་རེ་མིག་བར་ལ་འགྱུར་ཏེ། མི་ཡི་བདག་པོ་བསྒྲུབས་བྱའི་མིང་དང་སྔགས་འདིའོ།། དབྱེ་བ་གཽ་སྦེང་པ་དབང་ལ་ཞེས་པ་ནི་འདིར་དབྱེ་བ་ཁྱུ་དབུས་སུ་ལྷག་པའི་ཝཱ་ཡཱའོ།། གས ་པ་ལ་མེའོ།། དབང་ལ་རཱ་རབ་ཏུ་འགྱུར་རོ།། དེ་བཞིན་དུ་ཀྵཱ་ང་མེ་དོ་ཡ་ཙྪ་སོགས་ཤེས་པ་ནི། འདིར་རེངས་པ་ལྀ་ཀྵའོ།། དགུག་པ་ལ་དའོ།། རྨོངས་པོ་ལ་མེའོ།། སྟོབས་བྱེད་པ་ལ་ངོའོ།། ཞི་བ་ལྀ་སའོ།། བསྐྲད་པ་ལཙྪའོ།། རིམས ་བྱེད་པ་ལ་ཎའོ།། བསྐྱོད་པ་ལ་རུའོ།། རྒྱལ་བ་ལ་ཛཱའོ།། བདུད་བཞི་པར་བྱེད་པ་ལ་ཡོའོ།། དགྲ་བཟློག་པ་ལ་ནིའོ།། དེ་རེ་ནི་སྙིང་པོ་དག་ནས་ཡ་ཡིག་འགྲོ་སྟེ། ཡོན་ཏན་དབང་གིས་ཤེས་པ་ནི་འདིར་ལས་ཀྱི་རང་བཞིན་གྱིས་ཡི ་གེ་གང་ཞིག་སྙིང་པོར་བདག་པོར་གྱུར་པ་དེའི་གནས་སུ་ཡ་ཡིག་བྲི་བར་བྱའོ།། ཕྱི་རོལ་ཐམས་ཅད་སྔ་མ་བཞིན་ཏེ། གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གྱིས་ངེས་པའོ།། ང་ནི་འཇམ་དཔལ་གྱི་འཁྲུལ ་འཁོར་གསུངས་པ། ཡི་གེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། འདིར་ཡི་གེ་རྣམས་ཀྱིས་ཡོན་ལག་མཚོགས་ལས་ཅེས་པ་ནི་ཡི་གེ་རྣམས་ཀྱི་མགོ་ལ་ཐོག་ལེའོ།། ཡན་ལག་མཆོག་དེ་ལས་མདུན་དུ་དབྱངས་ཀྱིསྐུ་འཁྱུད་པ ་ངག་མཱ་རུ་རབ་ཏུ་འགྱུར་ཏེ། རྗེས་སུ་ང་རོ་དབྱངས་ཨ་ཡིག་གིས་འཁྱུད་པ་ནི་མ་རུ་འགྱུར་རོ།། གཞན་ཡང་ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་འཁྱུད་པ་ནི། སྡེ་མཐའ་ཞེས་པ་པཊ་ཎ་མ་ནན་རྣམས་སུ་འགྱུར་ཏེ། རྡོ་རྗེའི་རིགས་ཀྱི ་དབང་གིས་ལྔ་པ་ཧཾ་དང་སཾ་དུ་གསུངས། དེའི་ཕྱིར་ཐིག་ལེ་ནི་བདག་གོ།། རྣམ་པར་བཅད་པའི་ཐིག་ལེ་གཉིས་ཀྱིས་དབྱངས་མཆོག་སྦྱོར་བ་ལ་ནི་ཞེས་པ། ཨཱ་ཡིག་གཉིས་ཀྱི་དབུས་སུ་འདི་ཡང་བདག་གིས་ཤེས་རབ་ཡི་གེ་ཨུ་རུ་འགྱུར་རོ།། དེ་ལྟར་མཾ་ཞེས་པ་ནི ་ཐབས་སོ།། མུཿཞེས་པ་ནི་ཤེས་རབ་པོ།། དེ་བཞིན་དུ་ཧཾ་ཧུཿསཾ་སུཿམཉྫུ་ཞེས་པ་ཡི་གེ་བརྒྱད་པོ་རྣམས་འདབ་མ་བརྒྱད་ལའོ།། ཉི་མིའི་འདབ་མ་ལ་ཞེས་པ་རྩིབས་བཅུ་གཉིས་པའི་ཟླུམ་སྐོར་གཉིས་པ་ལ། ཕྱི་རོལ་དུ་འདབ་མ་དང་པི་ལ་ཤྲཱིའོ།། དེ་བཞིན་དུ་རིམ ་པས་ཛྲ་གྷོ་ཥ་ས་མནྟ་བྷ་དྲ་ཧཱུཾ་ཕཊ་ཞེས་པ་ཡི་གེ་བཅུ་གཉིས་པོ་རྣམས་སོ།། ལྷག་མ་ཐམས་ཅད་སྔར་བཞིན་ནོ།། བསྒྲུབ་བྱ་འདིར་ནི་ལྟེ་བ་ལ་སྟེ་ཞེས་པ་ནི་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ལྟ་བ་ལའོ།། དེ་ནས་བཟླས་པའི་དུས་དུ་དཔལ་ལྡན་ཞི་བ་སོགས ་ལ་བསྐུལ་ཞེས་པ་ནི། ཨོཾ་ཤྲཱི་བཛྲ་གྷོ་ཥ་ས་མནྟ་ཐཱ་དྲ་ཆེ་གེ་མོའི་ཤཱནཱ་ཏི་ཀུ་རུ་ཀུ་རུ་ན་མཿདེ་བཞིན་དུ་རྒྱས་པ་ལ་སོགས་པ་ལ་སྭཱ་ཧཱ་ཕཊ་ཧུཾ་བ་ཥ་ཊ་བཽ་ཥཊ་ཞེས་པ་མཐར་སྦྱིན་པར་བྱ་སྟེ། འཁྲུལ་འཁོར་བྲི་བ་ལ་ཡང་མཐའི་འདབ་མ་ལའོ།། ་དེ་བཞིན་སྔར་བརྗོད་འཁོར་ལོ་རྣམས་ངག་ལ་ཡང་རྟག་ཏུ་བསྒྲུབ་བྱའི་མིང་ནི་བྲི་བར་བྱ་བར་འགྱུར། འདི་དག་ཐམས་ཅད་བདག་གི་དྲིན་ལས་རྒྱལ་བའི་བདག་པོའི་བཀའ་ཡིས་མི་རྣམས་ཀྱིས་ནི་འགྲུབ་པར་འགྱུར་ཞེས་པ་སྟེ། འཁྲུལ ་འཁོར་བྲི་བའི་ཆོ་གའོ།། དེ་ནས་ཚིགས་སུ་བཅད་པ་བརྒྱ་དགུ་བཅུ་རྩ་གཅིག་པའི་རྗེ་སཽ་ལ་ཚིགས་སུ་བཅང་པ་བཞི་བཅུ་ནི་གོ་བླ་སྟེ། ངག་ནི་གང་ཞིག་ཅེས་པ་ལ་སོགས་པ་ནས་ཕོ་ཉ་མོ་རྣམས་དག་ལ་ཟས་ཕུད་ཅེས་པའི་ཚིགས་སུ་བཅད ་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་འགའ་ཞིག་ནི་གོ་བློ་ཞིང་། ཚིགས་སུ་བཅད་པ་འགའ་ཞིག་ནི་དགོས་པའི་དབང་གིས་དབང་གི་ལེའུར་ཁ་བསྐང་སྟེ་བརྗོད་ཟིན་ཏོ།། ང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི ་སླད་དུ་ལྷའི་དམིགས་པ་གསུངས་པ། ལྷ་ཡི་ཞེས་པ་ལ་སོགས་པ་སྟེ། འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱིས་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེསུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན ་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མིའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་སའི་མིག་གིས་བཟུང་བར་བྱ་བ་སྲིད ་པ་གསུམ་པ་དང་དུས་གསུམ་རྨི་ལམ་སྒྱུ་མ་དང་མཚུངས་པའོ།། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤིའི་མིག་གིས་སྣ་ཚོགས་མཐོང་ངོ་།། དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང ་གིས་ལྷའི་མིག་གིས་མཐོང་ངོ་།། དེ་ནས་ཆགས་པ་དང་བྲལ་བའི་མཆིམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ།། དེ་ནས་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱི་མཚམས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ལྷག་མ་ཀུན་ལས་རྣལ་གྲོལ་ཞིང་ཞེས་སོ།། དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་སླད་དུ་སྟེ། སེམས་ཅན་གཞན་རྣམ ་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དསུས་ལོང་ངོ་།། འདི་རྣམས་ཀྱི་རྒྱས་པ་ནི་མཆོག་ཏུ་མི་འགྱུར་བའི་ཡིས་གྲུབ་པ་ལས་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ།། དེ་ཁོ་ན་ཉིད་མ་ཡིན་པའི་བསྒྲུབ་པ་ལ་མངོན་སུམ་མིནི་རྗེས་སུ་དཔག་པ་ཤི་བའི ་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་ལུགས་མ་འམ། དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ། ་བར་བྱ་སྟེ། བྱིས་པའི་རྣལ་འབྱོར་པ་དམན་པ་རྣམས་ཀྱི་བསྒོམ་པའི་དོན་དུའོ།། ཞེས་པ་རྣམ་པར་རྟོག་པའི་བསྒོམ་པའི་ངེས་པའོ།། ད་ནི་རྣམ་པར་རྟོག་པའི་ཐབས་གསུངས་པ། གཟུགས་ཤེས་པ་ལ་སོགས་པ་སྟེ། འདིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་རང ་གཱི་སེམས་ཀྱི་ནུས་པས་གཟུགས་ཤེས་པ་ལྷ་གཅིག་གམ་དཀྱིལ་འཁོར་བྲིས་པ་བསྒོམ་པར་བྱ་སྟེ།། དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་རང་སེམས་བསྒོམ་པར་བྱ་ཞེས་སོ།། དེ་ཁོ་ན་ཉིད་ཀྱིས་ཀྱང་ན་མཁའ་ལ་ནི་དེ་ཉིད་སྦྱོར་བ་དག་གིས་ཤེས་སྟོང ་པ་ཉིད་དང་སྙིང་རྗེའི་སྦྱོར་བས་རང་སེམས་མ་ཚང་མེད་པ་མཐའ་དག་མཐོང་གྱུར་པ་ཞེས་པ་རྣམ་པ་ཐམས་ཅད་པ་སྟེ། གཟུགས་དང་དཀྱིལ་འཁོར་གྱི་འཁོར་ལོར་བརྟགས་པ་མདོ་པཱའི་པི་རོ།། དེ་ལྟར་གཟུགས་ལ་སོགས་པའི་བྲིས་བསྐུར་བྲིས་པ་བརྟགས་པ་འམ། ་སྟོང་པ་ཉིད་ཀྱི་གཟུགས་མ་བརྟགས་པ་ལོའི་ཕྱིར་ངམ་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་རང་སེམས་བརྟན་པར་གྱུར་གྱི་བར་དུའོ།། དེ་ནས་ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི། འདིར་སོ་སོར་སྡུང་དང་། བསམ་གཏན་དང་སྲོག་རྩོལ་དང་། འཛིན་པའི་སྟོབས་ཀྱིས ་རང་སེམས་བརྟན་པ་སྐྱེས་པར་གྱུར་པ་ན། དེ་ནས་ཕྱག་རྒྱའི་སྦྱོར་བར་ཉིན་ཞག་འགའ་ཞིག་དག་གིས་ཤེས་པ་ནི་དུས་ཀྱི་འཁོར་ལོའི་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིསོ་ཞེས་པ་ངེས་པ་སྟེ། ཉིན་ཞག་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས ་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་ཏེ་དྲི་མ་མེད་པ་ཉིད་དུ་འགྱུར་རོ།། ཞེས་འབྲེལ་ལོ།། འདིར་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་པཾ་བྲིས་པའི་སླདུ་ཉྩི་གནས་ཆོས་སྨྲ་བ་བཙལ་བར་བྱ་སྟེ། དེས་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་པ་ལ་སོགས་པ་བྱའོ།། མ ་པོ་དེང་ཞི་བའི་བྱེ་བས་སྔར་གསུངས་པའི་མཆོད་ཡོན་ལ་སོགས་པ་བྱིན་ནས་སློབ་དཔོན་གྱིས་མཆོད་པ་བྱའོ།། དགེ་འདུན་གྱི་མཆོད་སྦྱིན་དང་ཚོགས་ཀྱི་འཁོར་ལོ་སྦྱིན་པར་བྱའོ།། མཆོད་ཡོན་སྨྱོན་པའི་དུསུ་ནི་རབ་གནས་ཀྱི་དུས་ཀྱི་ཆོ་ག་ཇི་ལ་བ་དེ་བཞིན་དུ་མཚ ་ཡོན་སྦྱིན་པའི་དུས་སུ་ཡང་ཇི་ལྟར་ནུས་པས་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་རྡོ་རྗེའི་ཚིགས་གི་ངེས་པ་གསུངས་པ། རྒྱུད་ཀྱི་རྒྱལ་པོ་ཞེས་པ་སྟེ། འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ཞེས་པ། འདུས་པ་ལ ་སོགས་པ་ཐབས་ཀྱི་རྒྱུད་དང་། སྡོམ་པ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ལས་ངེས་པར་རྡོ་རྗེའི་ཚིག་སྔར་གསུངས་པའི་མི་འགྱུར་བའི་བདེ་བ་དེ། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་པ་རྣམས་དག་ལ་གསུངས་ཏེ། དེ་བཞིན་དུ་གསུངས ་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱིས་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། སྲོགས་ཆེན་པོ་ནི་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས ་པ་སྟེ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག།། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། ཅེས་པ་ལ་སོགས་པ་ནས།། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་པའི་མཐར་ཐུགས་པ། ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི ་བརྒྱ་ཡིས།། མཚན་ཡང་དག་པར་བརྗོད་པ་ལས།། ཡེ་ཤེས་ཀྱིས་སྐུ་གསུངས་པ་དེ་ཉིད། རྡོ་རྗེའི་ཚིག་ཏུ་བརྗོད་དེ། དེ་ཉིད་ནི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས། བྱིས་པ་རྣམས་ནི་སྦྱིན་པར་བྱེད་པའི་དོན་དུ་མཆོག་གི ་སྙིང་རྗེ་དག་གི་སྣ་ཚོགས་གཙོ་བོས་སྦས་ཏེ། བྱིས་པ་རྣམས་ལ་དབང་པོ་གཉིས་ཀྱིས། བདེ་བ་ལ་རབ་ཏུ་བསྟན་ཏོ།། དེའི་ཕྱིར་རྡོ་རྗེའི་ཚིག་དེ་ནི་དབྱེ་པ་བྱས་ནས། ཉིན་ཞག་སོ་སོའི་དུས་སུ་སྟེ། ཉིན་དང་མཚན ་མོར་རྣལ་འབྱོར་པ་ཡིས།། སྔར་གསུངས་པའི་མིག་གིས་བསྒོམ་པར་བྱ་སྟེ། ཕྱག་བརྒྱའི་དངོས་གྲུབ་དོན་སླད་ཅེས་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུའོ།། དེ་ཅི་ཞིག་ཅེས་ན་དེ་ནི་རྒྱུ་ལྔ་པོ་མཆོག ་གི་བསྐྱེད་མཛོད། གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ།། ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། རྫོགས་པའི་སངས་རྒྱས་ནི་གནས་ཐོབ་པའི་སློང་དུ། རྒྱུད་གཞན་ཐམས་ཅད་ལ་རྣལ་འབྱོར་པ་རྣམས ་ཀྱིས་རྟོག་པར་བྱའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བདུ་གཉིས་པ་དྲི་མ་མེད་པའི་འོད་ལས། སྣ་ཚོགས་པའི་སྒྲུབ་པའི་ཐབས་ཀྱི་མདོར་བསྡུས་ཆེན་པོ ་སྟེ། ལྔ་པའོ།། བསྒྲུབ་ཐབས་ཀྱི་ལེའུའི་འགྲེལ་བ་ཤང་རྫོགསོ།། ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་འབྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེསུ་འཇུག་པ་དྲི་མ་མེད་པའི་འོད་ལ་ཡེ་ཤེས་ལེའུའི་འབྲེལ་བཤང་བཞུག་སོ།། ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ཤཱཀྱ་ཐུབ་པ་གང་གིས་ཤེས་རབ་དང་ནི་ཡེ་ཤེས་སྟོབས་ཀྱིས་ཡིད་ལས་བྱུང་བ་དག། རང་གི་རྡོ་རྗེ་ནས་བཀུག་རང་གི་དཔྲལ་བ་དང་ནི་རྡོ་རྗེ་གཙུག ་ཏོར་ཆེན་པོར་ཁྲིད། གང་གིས་དམིགས་བཅུས་རྡུལ་མེང་སྟོང་པ་ཉིད་དང་། སྙིང་རྗེ་བཟང་པོ་དམིགས་པ་མེད་པ་ཉིད།། ལྷ་མི་ལྷ་མིན་ཀླུ་ཡི་བླ་མ་ཀུན་གྱི་སྟོན་པ་གཅིག་པུ་དེ་ལ་ཕྱག་འཚལ་ལོ།། ཀཱ་ལ་ཙིཀྲའི་མངོན་བརྗོད་ཀྱིས།། གང་ལ ་རྒྱུ་དང་མཚན་ཉིད་མེད།། གཡོ་དང་དེ་བཞིན་རིམ་པ་མེད།། གཉིས་མེད་དེ་ལ་བཏུད་བྱས་ཤིང་།། ཀཱ་སོགས་ཡི་གེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི།། དང་པོའི་སངས་རྒྱས་རིགས་མེད་གང་གིས་སྤྲུལ་པ་དང་།། ལོངས་སྤྱོད་རྫོགས ་པ་བཟང་པོའི་ཆོས་དང་དག་པ་སྟེ།། སྐུ་བཞི་གསུངས་པ་དེ་ལ་སྤྱི་བོས་རབ་བཏུད་ནས།། དྲང་སྲོང་རྣམས་དང་སེམས་ཅན་ཀུན།། བསོད་ནམས་ཡེ་ཤེས་འབྲས་ཐོབ་སླད།། དཔལ་ལྡན་ཡེ་ཤེས་ལེའུ་ལ།། འགྲེལ་བཤད་པདྨ་དཀར་བ ་བདག། འཇམ་དཔལ་གྱིས་ནི་བསྐུལ་གྱུར་ཅིང་།། བདེ་བར་གཤེགས་པས་ལུང་བསྟན་པ།། འཇིག་རྟེན་དབང་པོ་ཆུ་སྐྱེས་འཛིན།། སྤྲུལ་པའི་སྐུ་ཡིས་བྲི་བར་བྱ།། འདིར་དཔལ་ལྡན་ཀཱ་ལཱ་པའི་གྲོང་གི་ལྷོ་མ་ལ་ཡའི་བསྐྱེད་མོས་ཚོལ་གྱི ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཁང་པའི་ཤར་སྒོའི་མཐར་རིན་པོ་ཆེའི་ཁ་བཟངས་སུ་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ་འཇམོ་དཔལ་གྱི་སྤྲུལ་པའི་སྐུ། མེ་ཡི་དབང་པོ་གྲགས་པ། ཚངས་པའི་དྲང་སྲོང་ཉི་མའི ་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཀྱི་ལེའུ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་དེ་བཞིན་གཤེགས་པའི་ལན་གྱི་གསུངས་ཚིགས་སུ་བཅད་པ་དང་པོས ་གསུངས་པ། གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དག་ནི་ཅུང་ཟད་ཤེས། སླར་ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་དཀྱིལ་འཁོར་དང་། སངས་རྒྱས་རྣམས ་དང་། རྣལ་འབྱོར་མ་རྣམས་དག་གིས་རིགས་དྲུག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཉིད། ཟླ་བ་བཟང་པོའི་ཚིག་དག་གསན་ནས་རྒྱལ་བའི་བདག་པོས་ཁམས་ཀྱིས་དབྱེ་བས་དཀྱིལ་འཁོར་ལ་སོགས་གསུངས་ཤེས་པའོ།། འདིར་ཚིགས་སུ ་བཅད་པ་དང་པོས། དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པས་ལན་གསུངས་པ། འཇམ་དཔལ་གྱི་དོན་ལ་རྟོན་པ་ཉིད་ཀྱིས་ཡང་དག་པར་བསྡུས་པ་དེ་ཉིད་འབྲེལ་བཤད་ཀྱིས་དགྲོལ་བར ་བྱ་སྟེ། གཙོ་བོའི་ཞེས་པ་ལ་སོགས་པ་ལ། འདིར་སྒྲུབ་ཐབས་ཀྱི་ལེའུ་ལས་གང་ཞིག་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དེ་བཞིན་གཤེགས་པ་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དེ་ནི་བདག་གིས་ཅུང་ཟད་ཤེས་ཏེ། དེའི ་ཕྱིར་སླར་ཡང་བདག་ནི་ཉན་པར་འཚལ་ལོ།། ཀྱེ་ལྷ་མིའི་བླ་མ་ཤཱཀྱ་ཐུབ་པ། ལུས་ལ་ཁམས་ཀྱིས་དབྱེ་བ་རྣམས་ཀྱིས་ཤེས་པ། རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པོ་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང་། གཞན ་ཡང་སངས་རྒྱས་རྣམས་ཀྱིས་རིགས་དྲུག་ཉན་པར་འཚལ་ཏེ། གང་ཞིག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཞེས་པ་ནི་ཨ་ཡིག་ལ་སོགས་པའི་དབྱངས་ལ་གནས་པ་དང་། ཀ་ཡིག་ལ་སོགས་པའི་གསལ་བྱེད་ལ་གནས་པ་སྟེ། འཆད་པར་འགྱུར་པ ་རྣམས་སོ།། དེ་བཞིན་དུ་རྣལ་འབྱོར་མ་རྣམས་ངག་གིས་དེ་དག་སྟེ། ཕུང་པོ་དྲུག་པོ་རྣམས་ཀྱིས་རིགས་དྲུག་ཇི་ལྟ་བ་དེ་བཞིན་དུ་ཁམས་དག་པོ་རྣམས་ཀྱི་ཡང་ཨ་ལ་སོགས་པ་དང་། ཀ་ལ་སོགས་པོ་ལ་གནས་པའོ།། ཟླ་བ་བཟང་པོའི་ཚིག ་འདི་དག་གསན་ཏེ། དེ་ནས་རྒྱལ་བའི་བདག་པོ་ཞེས་པ། ལྷན་ཅིག་སྐྱེས་པ་ལ་སོགས་པ་སྐུ་བཞིའི་བདག་ཉིད་བསྒྲུབ་པ་མེད་པའི་ཕུང་པོ་ལ་སོགས་པའོ།། དེ་རྣམས་བདག་པོ་ནི་སྐྱེད་པར་བྱེད་པ་རྫོགས་པའི་སངས་རྒྱས་ཏེ། དང་པོའི་སངས་རྒྱས ་སོ།། ཁམས་ཀྱིས་དཀྱིལ་འཁོར་ལ་སོགས་ཤེས་པ། རིགས་དྲུག་ལ་སོགས་པ་འཆད་པར་འགྱུར་བ་དག་གསུངས་ཏེ། སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲལ་བའོ།། ཚི་གོས་སུ་བཅད་པ་འདི་ལ་རྐང་པ་གསུམ་གྱིས་ཟླ་བ་བཟང ་པོས་གསོལ་བ་བཏབ་པའོ།། རྐང་པ་བཞི་པ་ནས་བརྩམས་ཏེ། ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི། དེ་བཞིན་གཤེགས་པའི་ལན་གྱི་སྣ་གསུངས་པ། རྒྱུད་འདི་ལ་སླར་ཡང་གསོལ་བ་གདབ་པ་མེད་དོ་ཞེས་པ་ནི་ངེས་པའོ།། ད་ནི་ཁམས ་རྣམ་པར་དག་པ་ཡིས་དཀྱིལ་འཁོར་གྱི་རྣམ་པར་དག་པ་གསུངས་པ། ཀ་པ་རྣམས་ཤེས་པ་ལ་སོགས་པ་སྟེ། འདིར་ལུས་ཀྱི་རུས་པ་རྣམས་ཀྱིས་ལུས་ཀྱི་སྐུའི་དཀྱིལ་འཁོར་ལ་ཀ་བ་རྣམས་མཛོད་ཅིག་ཅེས་པ་བརྟགས་པས་སོ།། དེ་བཞི ་དུ་རྡོ་རྗེ་ཕྲེང་བ་དང་སའི་དཀྱིལ་འཁོར་དང་རྩིག་པ་ཡང་རས་པ་རྣམས་ཀྱིས་ཏེ། མཛོད་ཅེས་པ་ཚིགས་སུ་བཅད་པ་གསུམ་དུ་འབྲེལ་ལོ།། རྣམ་པར་དགུ་པ་འདིས་རུས་པའི་ཕྱི་མ་ལ་སོགས་པ་རྡུལ་ཚུན་གྱི་ནང་དུ་བླུགས ་པར་བྱའོ།། ཤཱ་ཁྲག་ཆུ་དང་པོ་ཤང་བ་རྣམས་ཀྱིས་ཤེས་པ་ནི་ཤ་རྣམ་པར་དག་པས་སྠཱ་སྟེ། ཤར་དུ་རྡུལ་ཚོན་གདབ་པའོ།། ཁྲག་རྣམ་པར་དག་པས་གཤིན་རྗེ་སྟེ། སྟོང་རྡུལ་ཚན་གདབ་པའོ།། ཆུ་རྣམ་པར་དག་པས་ནིང་སྦྱིན་ཏེ། བྱང་དུ་རྡུལ ་ཚེནྡོ་གོང་བ་པའོ།། བཤོང་བ་རྣམ་པར་དག་པས་གཞན་ཏེ། ནུབ་ཏུ་རྡུལ་ཚོན་གདབ་པའོ།། དབུས་སུ་ཁྲོ་བ་རྣམ་པར་དག་པས་རྡུལ་ཚན་གདབ་པའོ།། གང་དུ་རྡུལ་ཆེན་དྲུག་བུ་ཡིན་པ་དེར་ནི་རྡུལ་རྣམ་པོར་དག་པས་རྡུལ་ཚན་གདབ་པའོ།། དེ་ལྟ་དྭེ ་བཞིན་གཤེགས་པ་ཤ་ལ་སོགས་པ་རྣམ་པར་དག་པས་རིམ་པ་བཞིན་དུ། དོན་ཡོད་པ་དང་། རིན་ཆེན་དབང་པོ་དང་། འོད་དཔགོ་མེད་དང་། རྣམ་པར་སྣང་མཛོད་དང་། མི་བསྐྱོད་པ་དང་། རྡོ་རྗེ་སེམས་པ་སྟེ་དྲུག་གོ།། མཁྲིས་པ་ཞེས་པ་མཁྲིས་པའི ་ཁམས་ཀྱིས་ཉི་མའི་གདན་རྣམས་དང་བད་ཀན་གྱི་ཁམས་ཀྱིས་ཟླ་བའི་གདོན་རྣམས་ཏེ། ཉི་མ་རི་བོང་ཅན་ཡང་ཞེས་སོ།། ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས་ཏེ། ཟླ་བ་དང་ཉི་མའི་གདོན་གྱི་འོག་ཏུའོ།། ར་བ་ཝའི་རེ་ཁཱ་ཞེས་པ་ལ། རེ་ཁཱ་དང ་པ་ནས་ལས་སྐྱེས་པའི་མཐི་བི་རྣམ་པར་དག་པསས།། གཉིས་པ་ནི་མུལས་སྐྱེས་པའི་མཛུབ་མ་རྣམ་པར་དག་པ་།། གསུམ་པ་ནིམ་མོ་ས་སྐྱེས་པའི་གྲང་མ་རྣམ་པར་དག་པས་སོ།། བན་པ་ནི་རླུ་མེས་སྐྱེས་པའི་མིང་མ ་པར་དག་པསོ།། ལྔ་པ་ནཱི་ན་མཁའ་ལས་སྐྱེས་པའི་མཐེ་ཆུང་རྣམ་པར་དག་པས་སོ།། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ར་བ་ལྔའི་རེ་ཁཱ་མཛོད་ཅེས་པའོ།། དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་ཤེས་པ་ནི་ཨ་པ་དྷཱུ་ཏཱི་རྣམ་པར་དག་པས་གཙོ་བོ ་པདྨའོ།། ལྷག་མ་རྣམས་ནི་ལ་ལ་ནཱ་ལ་སོགས་པ་རྣམས་ཀྱིས་ཏེ། རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱི་མཐར་ཐུག་པ་རྣམས་ཀྱིས་སོ།། གཡོ་བ་མེའི་དཀྱིལ་འཁོར་ལ་སོགས་པ་པ་གསོ་པ་ལ་སོགས་ཀྱིས་ཤེས་པ་ནི་འདིར་རླུང་གི་དཀྱིལ ་འཁོར་པགས་པས་སོ།། མེའི་དཀྱིལ་འཁོར་ནི་ཁྲག་དང་དྲོད་ཀྱིས་ཁམས་ཀྱིས་སོ།། ཆུའི་དཀྱིལ་འཁོར་ནི་རྡུལ་གྱིས་སོ།། ཉི་མའི་སྒོ་རྣམས་ཤེས། སྒོ་བཅུ་གཉིས་པོ་རྣམས་བུག་པ་བཅུ་གཉིས་པོ་རྣམས་ཀྱིས་ཏེ། རྣ་བ་ལ་གཉིས ་དང་། སྣ་ལ་གཉིས་དང་། མཱིག་ལྔ་གཉིས་དང་། ཁ་ལ་གཅིག་དང་། གཎྜཱི་བ་དང་བཤད་པ་དང་ཁུ་བའི་བུག་པ་གསུམ་དང་ནུ་མ་གཉིས་ལ་གཉིས་སོ།། དེ་ལྟར་བུག་པ་བཅུ་གཉིས་ཏེ། བུག་པ་བཅུ་གཉིས་རྣམ་པར་དག་པས་རྡུལ་ཚོན ་ཀྱི་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ།། དཀྱིལ་འཁོར་ལ་ནོར་བུའི་རང་བཞིན་བཀོད་པ་དོ་ཤལ་ལ་སོགས་གོང་ཡིན་པ་དེ་སོའི་ཕྲེང་བ་མཛོད་ཅིག། དུར་ཁྲོད་བརྒྱད་དུ་འཁོར་ལོ་གང་ཡིན་པ་དྲི་རྣམས་ནི་སོར་མོ་རྣམས་ཀྱིས་སེམ ་མོ་ཡིས་ཤེས་པ་ལག་པ་དང་། རྐང་པའི་སེན་མོ་རྣམ་པར་དག་པས་མཛོད་ཅིག། བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་ཞེས་པ་ནི་ཕྱི་རོལ་གྱི་རྡོ་རྗེའི་ཕྲེང་བ་དང་། རྡོ་རྗེ་འབར་བ་བཻ་སྤུ་རྣམས་ཀྱིས་མཛོད་ཅིག་སྟེ། དཀྱིལ་འཁོར་གྱི་ནི་མཐའ ་རུ་ཕྱོགས་དང་ཕྱོགས་བྲལ་དགུ་ལ་གནས་པའི་བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེའོ།། དེ་ལྟར་ངེས་པར་སྐུའི་རྡོ་རྗེ་ཁམས་དྲུག་གི་བདག་ཉིད་ས་ལ་སོགས་པའི་དབྱེ་བས་མཆོག་གི་ཡོན་ཏན་རྣམས་མང་དཀྱིལ་འཁྲུ ་གྱི་ནི་རྣམ་པར་གསུངས་ཤེས་བི་ནི་དཀྱིལ་འཁོར་གྱི་ངེས་པའོ།། ད་ནི་ལྷའི་ཚོགས་ཀྱི་རྣམ་པར་དག་པ་གསུངས་པ། གསུང་གི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། འདིར་ཨ་སོགས་ཀ་སོགས་དབྱངས་དང་། གསལ་བྱེད་ཀྱི་བདག་ཉིད་ནི་གསུང ་རྡོ་རྗེ་སྟེ། དབྱངས་དང་གསལ་བྱེད་ཡོངས་སུ་གྱུར་པའི་ལྷའི་ཚོགས་མཐའ་དག་རྒྱལ་བའི་རིགས་དང་བཅས་པའོ།། དེས་ན་གསུང་གིས་རྡོ་རྗེ་ནི་ལྷའི་རྣམ་པ་གཉིས་སུ་གསུངས་ཏེ། དེ་ཉིད་རྡུལ་ཚོན་གྱི་དཀྱིལ་འཁོར་ལོ་ལྷའི་རྣམ་པར་མཛོད ་ཅིག་ཅེས་པོའོ།། སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་ཞེས་པ་ནི། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར ་ཤེས་པ་རྣམ་པར་དག་པས་རྣམ་པ་དྲུག་སྟེ། སྟོང་པ་དྲུག་དང་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་སྒྲིབ་པ་མེད་པ་ཐུགས་རྡོ་རྗེར་འགྱུར་རོ།། རྣམ་པ་གསུམ་གྱི་སྲིད་པ་ལ་གནས། ཀུན་ལ་ཁྱབ་པ་གཙོ་བོའི་རྣམ་པ་གཅིག་པུ ་མཛོད་ཅིག། དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་གཟུང་བར་བྱ་བའི་སེམས་རྣམ་པ་གསུམ་གྱི་སྲིད་པ་ལ་གནས་པ་སྣ་ཚོགས་ཡུམ་གྱི་རང་བཞིན་སྟོང་པ་ཉིད་ཀྱི་གཟུགས་སྲིད་པའི་འཇིགས་པ་འཇོམ་པ་རྟོགས་པ་ཐམས་ཅད་ལས་རྣམ་པར ་གྲོལ་བའི་ཡེ་ཤེས་རབ་གཙོ་མོར་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ།། དེ་ལྟན་ལུས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁམས་རྣམས་དང་། ཕྱི་རོལ་ཏུ་དཀྱིལ་འཁོར་དང་ལྷའི་ཚོགས་དང་། གཙོ་བོ་དང་གཙོ་མོ་སྟེ། ཀུན་རྫོབ ་དང་དོན་དམ་པས་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་དང་ལྷན་ཅིག་སྐྱེས་པའོ་ཞེས་གྲུབ་པོ།། ད་ནི་སྔགས་དྲུག་གི་རིགས་རྣམས་གསུངས་པོ། སྡེ་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཀ་ལ་སོགས་པ་སྡེ་པ་དྲུག་ནི་ཀ་ཙཊ ་ཏ་པ་སྭ་ཞེས་བྱའོ།། སྡེ་པ་ཀ་པ་ལ་སོགས་པ་རིམ་པར་ཡོངས་སུ་བཀོད་པ་དེ་རྣམས་ཀྱི་རིགས་དྲུག་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་ཏེ། དེ་ལ་རྡོ་རྗེ་ནི་ཀ་སྡེའི་རིགས་སོ།། རལ་གྱི་ནི་ཙ་སྡེའི་རིགས་སོ།། རིན ་པ་ཆེ་ནི་ཊ་སྡེའི་རིགས་སོ།། འཁོར་ལོ་ནི་ཏ་སྣེའི་རིགས་སོ།། ཆུ་སྐྱེས་ནི་པ་སྡེའི་རིགས་སོ།། དེ་བཞིན་དུ་གྲི་གུག་ནཱི་ས་སྡེའི་རིགས་ཏེ། ཉིད་ཅེས་པ་མཐའ་གཅིག་ཏུའོ།། སྡེ་པའི་རིགས་ངེས་པའོ།། སླར་ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག ་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་ངག་གིས་དབྱེ་ཞེས་པ་ནི། འདིར་གང་དུ་གཅིག་ཡིན་པ་དེར་ཀུནི་འབྱུང་གི་བདེན་པས་རིགས་ལྔ་རྣམས་སུ་འགྱུར་ཏེ། དེས་ན་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་དེ་རྣམས་ཀྱི་ཐ་སྙད་དོ།། དེའི་ཕྱིར ་སྡེ་པ་རེ་རེ་ལ་ཡང་སོ་སོར་ཡི་གེའི་དབྱེ་བ་སའི་དངོས་པོ་དང་། ཆུའི་དངོས་པོ་དང་། མེའི་དངོས་པོ་དང་། རླུང་གི་དངོས་པོ་དང་། ན་མཁའི་དངོས་པོ་ལས་སོ་སོར་སྡེ་པ་རྣམ་པ་ལྔར་དབྱེ་སྟེ། ཀ་ཁ་ག་གྷ་ང་ཞེས་པ་དང་། དེ་བཞིན་དུ ་ཙ་ལ་སོགས་པ་སྟེ། སོ་སོར་བརྗོད་པའི་ཀློག་གིས་སྡུད་པའི་རིམ་པས་བཀླགས་པའོ།། སླར་ཡང་ང་ལ་སོགས་པ་རྣམས་ན་མཁའ་ལ་སོགས་པའི་བསྐྱེད་པའི་རིམ་པས་བཀླགས་པ་སྟེ། དེ་དག་ཀྱང ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོར་རེ་ཤིག་སྤྱོང་པ་ནི་དེ་ཉ་ཎཱ་མ་ན་དང་དེ་བཞིན་དུ་ངྒ་དང་པོའི་དབྱངས་ཤེས་པ་ཨ་ཡིག་དང་། དེའི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་གཟུང་བའི་ཕྱིར་རོ།། ཞེས་པའི་བརྡའི ་སྐད་ཀྱིས་ཧ་ཡིག་ཀྱང་ན་མཁའི་དབྱེ་བའོ་ཞེས་གྲུབ་པོ།། དེ་བཞིན་དུ་རླུང་གི་དབྱེ་བ་ཨི་ཡིག་གྷ་ཛྷ་བྷ་བྷ་དྷ། ཤ་རྣམས་དཽང་ཡག་དང་ཡ་ཡིག་གོ། མེའི་རི་ག་ཛ་ཌ་བ་ད་འ་རྣམས་དང་རའོ།། ཆུའི་ཁུ་ཚ་ཝ་པཽ་ཐལྤ་རྣམས་དང་ཝའོ།། ་སའི་ལཱི་ཀ་ཙ་ཊ་པ་ཏ་ས་རྣམས་དངོ་ལའོ།། དེ་ལྟར་མཆོག་གི་རྒྱལ་པོའི་རིགསོ་ནི་རྣམ་པ་ལྔ་ཡིས་ཀ་ལ་སོགས་པའི་སྡེ་རྣམ་པར་ཕྱེ་ཞེས་པ་སྟེ། རྡོ་རྗེ་དཔརལ་གྲི་དང་རིན་པོ་ཆེ་དང་། པདྨ་དང་འཁོར་ལོའི་རིགས་རྣམས་ཀྱིས་གསུངས ་པའི་ཡི་གེ་ང་ལ་སོགས་པ་རྣམས་རིགས་པར་བྱའོ།། ཞེས་པ་ནི་ངེས་པའོ།། ད་ནི་གཙུག་ཏོར་གྱི་རིགས་རྣམས་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ། འདིར་གཙུག་ཏོར་ཆེན་པོའི་རིགས་ཆེན་གང་ཡིན་པ་དེ་ནི་སྟོང ་པ་ལྔ་སྟེ། འཇིག་རྟེན་ཁམས་ཀྱི་ལེའུར་བརྗོད་ཟིན་ཏོ།། རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་པའོ།། ཨ་སོགས་ཤེས་པ་ནི་ཨ་ཨི་རཾ་ཨུ་ལྀ་སྟེ། ལྷའི་ཚོགས་གདབ་པའི་ཕྱག་རྒྱའི་རིགས ་མི་བསྐྱེད་པ་ལ་སོགས་པའོ།། འཇིག་རྟེན་སྡང་བྱུང་རིགས་ཆེན་ཞེས་པ་ནི་ཧ་ཡ་ར་ཝ་ལ་ཀཱ་དང་ལྡན་པའི་ཀ་སོགས་སྡེ་པ་མཐའ་དག་རྣམས་ཏེ། གསལ་བྱེད་སུམ་སུན་དྲུག་གོ། ཧ་ཡ་ར་ཝ་ལར་ལྡན་དབྱངས་དང་བཅས་པའི་སྡུ་བ་རྣམས་ཏེ། ་ཧལ་སོགས་པ་དབྱངས་དང་བཅས་པ་དྲུག་ཅུ་སྔར་གསུངས་པ་རྣམས་དང་། ཀ་ལ་སོགས་པ་དབྱངས་དང་བཅས་པ་སུམ་བརྒྱ་དྲུག་སུ་དང་། སླར་ཡང་ཡོན་ཏན་དང་འཕེལ་པ་དང་ཡ་ཎར་བསྒྱུར་བས་ཕྱེ་བ་སྤོང་བརྒྱད་ཅུ་ནི་འཇིག་རྟེན་འཇིག ་རྟེན་འདས་པའི་རིགས་སུ་འགྱུར་རོ།། གོས་ལ་བྱེད་བརྩེགས་པ་ནི་རིག་སྔགས་འཆང་གི་དབང་པོ་མཐའ་དག་ཏུ་འགྱུར་ཏེ། ཀ་སོགས་སྡེ་པ་བརྩེགས་པ་ལ་གནས་བརྒྱད་རྣམས་ཤེས་པ་ནི། ཀྵྨཱཙྪཛྙོ་བྷཱུརྞྞ་སྣཱ་ཝཱ་ཝཱ་ཞེས་པའོ།། ད་ནི་ཀ ་སོགས་པའི་ཡི་གེ་ས་སྦྱོར་རིལ་བརྒྱུངས་ས་རི་རཱ་གསུངས་པ། ཀ་སོགས་ཤེས་པ་ལ་སོགས་པ་སྟེ། འདི་དཀྵཱ་མ~ཾ་སོགས་པའི་གསལེ་བྱངད་སུམ་དུ་ཧ་ཡཱ་ར་ཝ་ལ་ཀྵི་དང་བཅས་པ་ནི་སུམ་དྷཱི་ཥྚྲྀནྡྲ་བྷྲཱུ~ཾ་ཀྵ~ཾ་ཙུ་ན་དྲུག་ཉིད་དུ་རྣམས ་ནི་ཡི་གེ་ཞེས་བྱའོ།། ཡི་གེ་དེ་རྣམས་དབྱངས་ཀྱིས་རྣམ་པར་འགྱུར་བས་ཕྱེ་བ་ཞེས་པ་ལ། དབྱངས་ནི་ཨ་ཡིག་ལ་སོགས་པ་ཐུང་ངུ་དོང་རིང་པོ་བཅུ་གཉིས་དང་། ཡོན་ཏན་དང་འཕེལ་བ.རདྷཱི་ཎྜི་མོཾ་ནིགཞག་པར་བྱ་བ་བཅུ ་གཉིས་དང་། ཡཽ་ཎར་བསྒྱུར་བ་ཐུང་ངུ་དངོ་རིང་པོ་བཅུ་གཉིས་ཏེ། དབྱངས་ཀྱི་རྣམ་པར་འགྱུར་བ་འདི་རྣམས་ཀྱིས་དྲུག་དྲུག་གིས་ཕྱེ་བར་གྱུར་པ་ན་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་གི་འཁོར་ལོའི་མགོན་པོ་རྣམ་སོ་སུ ་འགྱུར་རོ།། ཡི་གེ་སོ་སོ་རེ་རེ་ལ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བར་འགྱུར་ཏེ། དེ་ལྟར་ན་ཐམས་ཅད་ལ་སུམ་ཅུ་རྩ་དྲུག་གོ།། རྒྱུད་སུམ་ཅུ་རྩ་དྲུག་པོ་རྣམས་ལ་གསལ་བྱེད་སུམ་ཅུ་རྩཝ་དྲུག་གི་རང་བཞིན་གྱིས ་འཁོར་ལོའི་མགོན་པོར་ཡང་འགྱུར་རོ།། དང་པོར་གསལ་བྱེད་ཀ་གཙོ་བོ་ཡིས་ཀོ་རྡོ་རྗེའི་རྒྱུད་གསུངས་ཏེ། དེ་ལ་དཀྱིལ་འཁོར་དུ་གཙོ་བོ་སྐུ་ནི་གཙུག་པ་དབྱངས་གཅིག་གིས་ཕྱེ་བ་སྟེ། དཔའ་བོ་གཅིག་པ་ནི་ཨ་ཡི་གེ་དང་བཅས་པའི་གསལ ་བྱེད་ཀའོ།། འཁོར་དང་བཅས་པ་གཉིས་ཤེས་པ། ཨ་ཡིག་གཉིས་དང་ལྡན་པ་ནི་གཙོ་བོ་ཤེས་རབ་དག་གིས་ཁྱུད་པར་འགྱུར་ཏེ་ཀཱའི།། ལྔའི་བདག་ཉིད་ལྔ་ཡིས་འགྱུར་ཏཾ་ཞེས་པ་ནི་ཀཱ་ཀི་ཀཱཾ་ཀུ་ཀླི་ཞེས་པའོ།། འཁོར་དང་བཅས་པ་དགུ ་ནོ་འཁོར་ལོའི་མགོན་པོ་དགུ་བདག་ཉིད་ཅེས་པ་ནི་ཀཱ་ཀཱི་ཀཱཾ་ཀཱ~ཾ་ཀུཀྐུ་ཀྵ~ཾ་ཀྵ~ཾ་ཞེས་པའོ།། དབྱངས་ཀྱི་གྲངས་ནི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་ཞེས་པ་ནི་བཅུ་གསུམ་གྱིས་བཅུ་གསུམ་གྱིས་བདག་ཉིད་དེ། སྔར་བརྗོད ་པ་རྣམས་ཀླ་ཀཱ་ཀྶ་ཀྵ་ཡ་ཎར་བསྒྱུར་བ་འདི་རྣམས་དང་ལྡན་པ་ནི་སྒོ་སྐྱོང་པཾ་རྣམས་དང་བཅོས་པ་བཅུ་གསུམ་གྱིས་བདག་ཉིད་དོ།། འདི་ཡང་ཡོན་ཏན་རྣམས་ཀྱིས་ཕྱེ་བ་བཅུ་དགུའི་བདག་ཉིད་དུ་འགྱུར་ཏེ། ཀ་ཀ་ཀར་ཀོ་ཀ་ལ་ཀཾ་ཞེས་པ་རྣམས ་དང་བཅས་པའོ།། དེ་ནས་ཉི་ཤུ་ཅོ་རྩ་ལྔའི་བདག་ཉིད་ནི་ཡོན་ཏན་དང་འཕེལ་བ་རྣམས་དང་བཅས་པཾ་སྟེ། ཀཱ་ཀཾ་ཀཱར་ཀི་ཀཱ་ལ་ཀཿཞེས་པའོ།། དེ་ནས་སུམ་ཅུ་རྩ་གཉིས་ཀྱིས་བདག་ཉིད་ནི་ཀྲཱྀ་ཀླཱ་ཀྵ་ཀྲཱ་ཀྑ་གྷཿཞེས་པ་སྟེ་སྙིང་པོའི་ཤེས་རབ ་མ་དང་བཅས་པའོ།། དེ་ནས་སུམ་ཅུ་རྩ་བཞིའི་བདག་ཉིད་ནི་ཀཾ་ཀཿདང་བཅས་པའོ།། དེ་བཞིན་དུ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་ཀྵཾ་ཀཱཿདང་བཅས་པ་སྟེ། ཐམས་ཅད་དུ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ནི་དབུས་སུ་ཧཱུཾ་ཡིག་གཙོ་བོ་དང ་སུམ་ཅུ་རྩ་དྲུག་དཀྱིལ་འཁོར་རྣམས་སོ།། ཀ་ཀཱ་ཀི་ཀཱི་ཀྵཾ་ཀྵཾ་ཀུ་ཀཱུ་ཀླྀ་ཀླྀ་ཀཾ་ཀཿཞེས་པ་ནི་ཐུང་ངུ་དེང་རིང་པོའི་དབྱིངས་ཀྱིས་ཕྱེ་བའི་ཡི་གེའོ།། དེ་བཞིན་དུ་ཀ་ཀཱ་ཀེ་ཀཾ་ཀར་ཀཱ་རེ་ཀཽ་ཀཾ་ཀེ་ལ་ཀཱ་ལི་ཀཾ་ཀཿཞེས་པ་ནི་ཡོན་ཏན་དང་འཕེལ་བཱ་རྣམས ་ཀྱིས་ཕྱི་བིའི་ཡི་གེའོ།། ཀྵུ་ཀྲཱ་མཱཀླཱ་ཀཱ་ཀཱ་ཀྲ་ཀཱ་ཀྵ་ཀླ་ཀླྀ་ཀྱཱཿཞེས་པ་ནི་ཐུང་ངུ་དང་རིང་པོའི་ཡ་ཎར་བསྒྱུར་བས་ཕྱེ་བའི་ཡི་གོ་སྟེ་ཀ་ཡིག་གོ། ཁ་ལ་སོགས་པ་རྣམས་ཀྱང་སོ་སོར་སུམ་ཅུ་རྩེ་དྲུག་གོ།། དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པའི་རྒྱུད ་གསུངས་ཏེ། གསལ་བྱེད་གཅིག་གི་བདག་ཉིད་དབྱིངས་སུམ་ཅུ་རྩ་དྲུག་གི་ཕྱེ་བའོ།། དེ་ལྟར་སུམ་ཅུ་དྲུག་གོ་བདག་ཉིད་ནི་དཀྱིལ་འཁོར་གྱིས་དབང་པོའོ།། ཡ་ལ་སོགས་པ་རྣམས་ཀྱིས་སྒོ་སྐྱོང་ཞེས་པ་ནི་ཡ་ཎར་བསྒྱུར་བ་དང་བཅས ་པའི་གསལ་བྱེད་ཀླ་ཀཱ་ཀྲོ་ཀླ་ཞེས་པ་འདི་རྣམས་ཀྱིས་སྒོ་སྐྱོང་རྣམས་སོ།། མཐའ་དག་ཚོགས་ཀྱིས་རིགས་ཕུང་པོ་དང་ཁམས་དང་སྐྱེད་མཆེད་ཀྱི་མཚན་ཉིད་ནི་དབྱངས་ལྷག་མའི་དབྱངས་ཐུང་ངུ་དང་རིང་པོ་དང་ཡོན་ཏན་དང་འཕེལ་བར ་གཞག་པར་བྱ་བ་རྣམས་ཀྱིས་ཏེ། ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ།། ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་ཞེས་པ་ནི་གང་དུ་ཕྱོགས་བཅུ་རྣམས་སུ་ཁྲོ་བོ་བཅུར་འགྱུར་བ་དེར་གཞན་ཁྲི་བོ་དྲུག་པོ་དེ་དག་ཏུ་ཧ་ལ་སོགས་པ་ཡ ་བསྒྱུར་བའི་རིང་པོ་རྣམས་ཀྱིས་འགྱུར་ཏེ། ཀྵ་ཀྱཱ་ཀླ་ཀཱཀྵཱ་ཀླ་ཞེས་པའོ།། གང་དུ་ཁྲོ་བོའི་དབང་པོ་ཡིན་པ་དེར་ཀཾ་ཀཿཞེས་པ་སྟེ་ཁྲོ་བོ་བཅུ་གཉིས་སོ།། རིགས་དྲུག་གི་རྒྱུད་དང་རིགས་གཅིག་གི་རྒྱུད་ལ་ཡ ་དབྱངས་དྲུག་རིགས་ཀྱི་དབྱེ་བ་རྣམས་ཀྱིས་སོ།། ཞེས་པ་ནི་ངེས་པའོ།། རང་རིགས་ཕྱོགས་སུ་གནས་པ་ནི་ན་མཁའི་ཁམས་སྙེང་དང་། ཡེ་ཤེས་ཀྱི་ཁམས་འོག་ཏུ་གནས་པ་སྟེ། ལྷ་གཞན་རྣམས་ནི་རླུང་གི་དབྱངས ་ལོ་སོགས་པའི་དབྱེ་བ་ཡོས་ཤར་དང་ལྷོ་དང་བྱང་དང་ནུབ་ཏུ་གནས་སོ།། དེ་ལྟར་སོ་སོར་ཀ་ཡིག་ལ་སོགས་པའི་གསལ་བྱེད་ནི་ཡི་གེའི་དབྱེ་བ་རྣམས་ཀྱིས་ཏེ། དབྱངས་ཀྱིས་དབྱེ་བ་རྣམས་ཀྱི་རོ་ཡིས་བསྒྱུར་བའི་རོ་ཞེས་པ ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ཅེས་པ་སྟེ། ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པོར་རྒྱུ་ཞིང་། གཙོ་བོ་མི་གཡོ་བ་དེ་ནི་རྣལོ་འབྱོར་མའི་རྒྱུད་དོ།། གང་དུ་ཐབས་ཡང་དག ་པར་རྒྱུ་ཞིང་། ཤེས་རོབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ།། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ།། དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་གསུངས་པ། ཧཾ་ཡིག་གིས་ནི་སྙིང ་རྗེ་ཆེའི་བཛྲ་ཤེས་རབ་ཅེས་བརྗོད་དེ། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད་།། ད་ནི་བདག་གིས་བཤད་ཀྱིས་ཉོན། ཞེས་གསུངས་པའི་ཕྱིར་དགྱེས་པ་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱིས་རྒྱུད་ཉོན་ཞེས ་གསུངས་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་འདུས་པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཅེས་པར་མངོན་པར་བརྗོད། འདུས་པ་སྦྱོར་བར་རབ་གསུངས་ཏེ། སངས་རྒྱས་ཐམས་ཅད་མངོན་རྗོད་བྱེ།། ཅེས་གསུངས ་པའི་ཕྱིར། འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ།། དེ་བཞིན་དུ་དང་པོའི་སངས་རྒྱས་ལས། ཐབས་ཀྱི་ལུས་ཀྱི་རྣོལ་འབྱོར་མིན།། ཤེས་རབ་གཅིག་པུས་འགྱུར་མ་ཡིན།། ཐབས་དང་ཤེས་རབ་སྙོམས་འཇུག་པ།། དེ་བཞིན་གཤེགས ་པས་རྣལ་འབྱོར་གསུངས་ཞེས་སོ།། དེ་བཞིན་ཡི་གེ་སོ་སོ་ནི་རོ་ཡིས་བསྒྱུར་བའི་རོ་ཞེས་པ། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དག་གི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་དཔའ་བོའི་རིགས་གཅིག་གི་རྒྱུད་དང་། རིགས ་གསུམ་དང་རིགས་ལྔར་གྲུབ་པ་གང་ཡིན་པ་དེ་ཉིད་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཕྱེ་བ་སྟེ། མཐའ་ཡས་པའི་སེམས་ཅན་གྱི་བསམ་པའི་དབང་གིས་འདུས་པ་ལ་སོགས་པ་དང་དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས ་ལ་གྲངས་མེད་དོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ།། ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་ནང་གི་དག་པ་གསུངས་པ། ཕུང་པོ་ཞེས་པ་ལ་སོགས་པ་སྟེ། འདིར་ཕུང་པོ་ལྔ་ཡིས་ལྡིའི་བདག་ཉིད་དག་པར་འགྱུར་རོ།། ཕུང་པོ་ལྔ་དང་འབྱུང་བ་རྣམས་ཀྱིས ་དགུའི་བདག་ཉིད་དག་པར་འགྱུར་རོ།། ལས་ཀྱི་དབང་པོ་བཞི་དང་བཅས་པས་བཅུ་གསུམ་གྱིས་བདག་ཉིད་དག་པར་འགྱུར་རོ།། ཡུལ་དྲུག་དང་བཅས་པས་བཅུ་དགུའི་བདག་ཉིད་དག་པར་འགྱུར་རོ།། དབང་པོ་དྲུག་དང་བཅས ་པས་ཉི་ཤུ་རྩ་ལྔའི་བདག་ཉིད་དག་པར་འགྱུར་རོ།། ལས་ཀྱི་དབང་པོའི་བྱ་བ་ལྔ་དང་བཅས་ཤིང་ལས་ཀྱི་དབང་པོ་ལྔ་པ་རབ་ཏུ་ཞུགས་པ་ན་རང་འོད་ཀྱི་ཤེས་རབ་དང་བཅས་པ་སུམ་ཅུ་རྩ་གཉིས་ཀྱི་བདག ་ཉིད་དོ།། ལས་ཀྱི་དབང་པོ་དྲུག་པ་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་པ་དང་ལྡན་པ་ནི། སུམ་ཅུ་རྩ་བཞིའི་བདག་ཉིད་དོ། ཕུང་པོ་དང་། ཁམས་དྲུག་པོ་དག་དང་ལྡན་པ་ནི་སུམ་ཅུ་རྩ་དྲུག་གི་བདག་ཉིད་དོ།། དེ་ལྟར་ཕུང་པོ་དྲུག ་དང་ར་ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་དང་། ལས་ཀྱི་དབང་པོ་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ། ཁམས་རྣམས་ནི་དཀྱིལ་འཁོར་པ་རྣམས་སོ།། དེ་རྣམས་ལ་ཁྱབ་པར་བྱེད་པ་སེམས་དང་ཡེ་ཤེས་ནི ་ཐམས་ཅད་དུ་གཙོ་བོ་སྟེ། དེ་ལྟར་དབྱིངས་ཀྱི་དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བར་བྱ་ཞེས་སོ།། སྟོང་པ་གཞོམ་མེད་ལ་སོགས་ཤེས་པ་ནི། འདིར་ཡེ་ཤེས་ལ་སོགས་པོ་སྟོང་པ་དྲུག་སྟེ། མཐའ་དག་རྒྱལ་བའི ་རིགས་ཕུང་པོ་དྲུག་རྣམ་པར་དག་པ་རྣམས་ཀྱིས་ལྷ་རྣམས་བརྒྱ་ཡིས་གདབ་པ་སྟེ། གཙུག་ཏོར་ནས་ནི་ཆུ་སྐྱེས་མཐའ་རུ་མི་མཉམ་མཉམ་པའི་རིགས་ལས་འཁོར་ལོའི་དབུས་ཀྱི་གདན་ལའོ།། ཞེས་པ་ནི་འདིར་གཙུག་ཏོར ་གྱི་འཁོར་ལོའི་ཐིག་ལེ་མི་བསྐྱོད་པ་ཨའོ།། དེ་བཞིན་དུ་སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པ་ཨིའོ།། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་ཨུ་སྟེ། མི་མཉམ་པའི་འཁོར་ལོ་མི ་མཉམ་པའི་རིགས་སོ།། དེ་བཞིན་དུ་ལྟེ་བར་དུས་ཀྱིས་མེ་ལ་རྣམ་པར་སྣང་མཛད་ལཾའོ།། མགྲིན་པར་ཉི་མ་ལ་རིན་ཆེན་དཔ་པོ་རཾའོ།། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ཨོཾ་ཞེས་པ་སྟེ། སྐུའི་རྒྱས་གདབ ་པ་ལ་ལྷ་རྣམས་ཀྱི་རྒྱས་གདབ་པའོ་ཞེས་པ་ངེས་པའོ།། སྲོག་གི་རྒྱས་གདབ་པ་ལ་ནི། ལྟེ་བར་ལྀའོ།། སྙིང་ཁར་ཨུའོ།། མགྲིན་པར་རྀའོ།། དཔྲལ་བར་ཨིའོ།། གཙུག་ཏོར་དུ་ཨ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་ལ་དགོད ་པར་བྱའོ།། དེ་བཞིན་དུ་ཐུགས་ཀྱི་ཐིག་ལེ་རྒྱས་གདབ་པ་ལ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿསྙིང་ཁར་སྒྲ་གཾ་ཅན་གྱི་དཀྱིལ་འཁོར་ལ་ཧཱུཾཿལྟེ་བར་དུས་ཀྱི་མེའི་དཀྱིལ ་འཁོར་ལ་ཧོ།། དེ་བཞིན་དུ་ཡེ་ཤེས་ཀྱིས་རྒྱས་གདབ་པ་ལ། ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།། ཞེས་པས་རྡོ་རྗེ་ནོར་བུ་ལ་ཨཾ་ཞེས་པ་སྒྲུབ་པོ།། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམས ་ཀྱིས་རྒྱས་གདབ་པའོ།། ད་ནི་ཞལ་གྱི་དབྱེ་བ་གསུངས་པ། རྡོ་རྗེ་རྣམས་ཀྱིས་ཤེས་པ་ལ་སོགས་པ་སྟེ། འདིར་རིགས་གཅིག་དང་། རིགས་གསུམ་དང་། རིགས་ལྔ་དང་། རིགས་དྲུག་ནི་རྡོ་རྗེར་གསུངས་ཤིང་། རྡོ་རྗེ་དེ་རྣམས ་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ། རིགས་གཅིག་གིས་ཞལ་གཅིག་གོ།། རིགས་གསུམས་གྱིས་དག་པ་ཞལ་གསུམ་མོ།། རིགས་ལྔ་ཡིས་དག་པ་ཞལ་ལྔར་འགྱུར་རོ།། རིགས་དྲུག་གིས་དགེ་པ་ཞལ་དྲུག་ཏུ་འགྱུར་ཏེ ་འཇིགས་ཤེས་སོ།། དེ་བཞིན་དུ་ཞལ་བརྒྱད་པ་ལ་སོགས་པ་ནས་ཧ་ལ་ཧ་ལ་གདོང་བརྒྱ་པའི་བར་དུ་ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་རོ་ཞེས་པ་རྒྱུད་གཞན་དུ་ངེས་པ་སྟེ། རྒྱལ་བའི་བདག་པོའིའོ།། ་དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལ་དཀྱིལ་འཁོར་གྱི་བདག་པོ་ཡང་། གཅིག་ལ་སོགས་པ་མཐའ་ཡས་ཞལ་དང་ཕྱུགས་དང་། ཞབས་མང་དུ་མའི་ཁ་དོག་དག་ནི་མུན་པའི་མཐར་ཞེས་པ་ལ་སོགས་པ་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་སོ།། ་འདིར་ཕྱག་ཉི་ཤུ་རྩ་བཞི་པའི་ཕྱག་རྣམས་ཀྱི་དབྱེ་བ་ནི་དབྱངས་ཀྱི་དབྱེ་བ་ཡིས་ཤེས་པ་ལ། ས་ཧཱ་ཎི་ཧཱི་ཧྲིཾ་ཧཱུ~ཾ་ཧུ་ཧཱུཾ་ཞེས་པ་ནཱི་ནག་པོ་བརྒྱད་དེ་མུན་པའི་ཡོན་ཏན་ལས་སོ།། ཧ་ཧྭཱ་ཧེ་ཧཾ་ཧ་ར་ཧཱ་ར་ཧོ་ཧོ་ཞེས་པོ་ནི། དམར་པོ་བརྒྱད་དེ་རྡུལ་གྱིས ་ཡོན་ཏྲོན་ལས་སོ།། དྷ་དྷཱ་དྷ་སྟྭ~ཾ་དྷཱ་རྦྷ་སྭཱཧྣ་ཞེས་པ་ནཱི་དཀར་པོ་བརྒྱད་དོ། སྙིང་སྟོབས་ཀྱི་ཡོན་ཏན་ལས་སོ།། ཞེས་པ་དུས་ཀྱི་འཁོར་ལོ་ཡིའོ།། དེ་བཞིན་དུ་སྣ་ཚོགས་ཡུམ་གྱི་ནི་ཡོན་ཏན་ཐམས་ཅད་ལས། ཧཾ་ཧཿཧཱུ~ཾ་ཧཱུཾ་ཧོ་ལ་ཧཱུཾ་ལཾ་ཧླ་ཧྨ་ཞེས ་པ་ནི་སེར་པོ་བརྒྱད་དེ། ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་ལ་སོ་ཞེས་པ་ངེས་པའོ།། དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་རབ་ཏུ་དབྱེ་བ་ཞེས་པ་ནཱི། ཨ་ཨཱི་རཱྀ་ཨཱུ་ལཱྀ་ཨཱཿཞེས་པ་ན་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡ་ཤེས་ཀྱི་དབྱེ་བ་སྟེ་ལྷའི ་ཚོགས་ཐམས་ཅད་ཀྱི་རྒྱས་གདབ་པའོ།། གཞན་ཡང་དེ་བཞིན་དུ་སྐུའི་རྒྱས་གདབ་པ་ཨོཾ། གསུང་གི་རྒྱས་གདབ་པ་ཨཱཿཐུགས་ཀྱི་རྒྱས་གདབ་བོ་ཧཱུཾཿཤེས་རབ་ཀྱི་རྒྱས་གདབ་པ་ཧོ།། རིགས་གཅིག་གིས་རྒྱས་གདབ་པ་གཞོམ་དུ ་མེད་པའི་ཨ་ཡིག་གོ་ཞེས་པ་སྟེ། དེ་ལྟར་རིགས་དྲུག་དང་། རིགས་ལྔ་དང་། རིགས་བཞི་དང་། རིགས་གསུམ་དང་། རིགས་གཅིག་གིས་རྒྱས་གདབ་པ་ནི་སྣམ་ཅུ་རྩ་དྲུག་རྣལ་འབྱོར་གྱི་རྒྱུད་རྣམས་ལའོ།། དཔག་མེད་ཡོན་ཏན་ཡི་གེ་རཱུ ་མའི་རབ་ཏུ་དབྱེ་བ་ཅན་ཏེ། རྒྱུད་སྣ་ཚོགས་པ། ཡི་གེ་སོ་སོའི་མིང་ཅན་ཞེས་པ། ཀ་རྡོ་རྗེ་མ་དང་། ཁ་རྡོ་རྗེ་དང་། ག་རྡོ་རྗེ་དང་། གྷ་རྡོ་རྗེ་དང་། ང་རྡོ་རྗེ་སྟེ། དེ་གཞིན་དུ་ཡི་གེ་སུམ་ཅུ་རྩ་དྲུག་གཽ་བར་དུ་རྩི་ཡིག་ལ་སོགས་པའི་མིང་ཅན། མཉམ་པོར ་རིགས་ཤེས་པ། ཤེས་རབ་ཀྱི་རྒྱུད་དང་མི་མཉམ་པའི་རིགས་ཤེས་པ་ཐབས་ཀྱི་རྒྱུད་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་རྒྱས་གདབ་པའི་ངེས་པ་སྟེ། ཕྱི་རོལ་ཏུ་ལག་གདུབ་ལ་སོགས་པ་དང་ནང་དུ་སངས་རྒྱས་ཀྱི་བདག་ཉིད་དོ།། ད་ནི་སྔགས ་ཀྱི་ལྷ་རྣམས་ཀྱིས་སྐྱེད་པའི་རིམ་པ་ལ་སྐྱེད་པའི་རྣམ་པར་དག་པ་གསུངས་པ། ས་བོ་ན་ཞེས་པ་ལ་སོགས་པ་སྟེ། འདིར་ཇི་ལྟར་མངལ་འཛིན་པ་ནི་བྱང་ཆུབ་སེམས་ཀྱིས་རྟེན་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཡུལ ་ཆོས་ཀྱི་དབྱིངས་དང་། གཅིག་ཏུ་འདྲེས་པར་གྱུར་པ་ན་སྐྱེས་པའི་དཔའ་བློ་གཅིག་པར་གསུངས་ཏེ། རང་འོད་ཀྱི་ཤེས་རབ་ནི་ནང་དུ་འདུས་སོ།། དེ་བཞིན་དུ་ལྷ་ནི་ཀ་ཡིག་གཅིག་པུས་དཔའ་བོ་གཅིག་པར་འགྲུབ་པོ།། ཕྱི་ནས་ས་བོན་དེ ་རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར་ཞེས་པ་ནི། དེའི་བག་ཆགས་ལས་རྣམ་པར་ཤེས་པའི་ཕུང་པོ་ཤེས་རབ་ཀྱིས་འཁྱུད་པ་ཀཱི་ཞེས་པར་འགྱུར་ཏེ། བཞི་པའི་སྦྱོར་བ་ལས་སོ།། ཞེས་པ་ངེས་པའོ།། དེ་བཞིན ་དུ་ཕུང་པོ་ལྔ་རྫོགས་པ་ན་མངལ་དུ་ལྔའི་བདག་ཉིད་དེ། དེ་བཞིན་དུ་ལྷ་ཡང་ལྷའི་བདག་ཉིད་ཅན་ཀཀྵི་ཀཱཾ་ཀུ་ཀླི་ཞེས་པའོ།། དེ་བཞིན་དུ་རུས་པ་དང་། ཁུ་བ་དང་དྲ་བ་དང་གཡོ་བའི་ཆས་སྐྱེས་པ་ན་ཕུང་པོ་ཁམས་ཀྱིས ་བྱིན་གྱིས་བརླབས་པས་མིངལ་དུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་། ཀ་ཀཱི་ཀཱི་ཀཱ་ཀྟཾ་ཀུ་ཀཱ་ཀླྀ་ཀྵཾ་ཞེས་པ་གྲུབ་པོ།། དེ་བཞིན་དུ་ངག་དང་ལག་པ་དང་རྐང་པ་དང་བཤད་ལམ་རྫོགས་པ་ན་སྔར་གྱི་ཕུང་པོ་དང་ཁམས་དང་བཅས་པ་བཅུ ་གསུམ་གྱི་བདག་ཉིད་དེ། ལས་ཀྱི་དབང་པོ་རྫོགས་པ་ན་བྱིས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་། ཀྵ་ཀི་ཀཱི་ཀཱཾ་ཀྵཱཾ་ཀུ་ཀྵ་ཀླྀ་ཀླྀ་ཀླ་ཀཱ་ཀཱ་ཀླ་ཞེས་པའོ།། ནང་དུ་ཡུལ་སྐྱེས་པ་ན་སྔར་གྱི་ཕུང་པོ་ལ་སོགས་པ་དང་ལྷན་ཅིག་མངལ་དུ་བཅུ་དགུའི་བདག་ཉིད ་ཛཾཛི་ལྟ་བ་དེ་བཞིན་དུ་ལྱཱ་ཡང་། ཀཱ་ཀིཾ་ཀྵི་ཀྵཱཀྵཽ་ཀུཀྵཱ་ཀྲཱྀ་ཀླྀ་ཀྵ་ཀྵཱ་ཀཱཀྵ་ཀཱ་ཀཾ་ཀ་ར་ཀཱཾ་ཀཱ་ལ་ཀཾཿཞེས་པའོ།། དེ་ནིས་མགོ་ཡ~ཾ་སོགས་པ་སྐྱེས་པ་ན་བྱིས་པ་སྐྱེས་པ་ཉི་ཤུ་རྩ་ལྔའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ཝཱ་ཡང་། ཀྵཱ་ཀི་ཀྵི་ཀཱ་ཀྲཱྀ་ཀུཾ་ཀཱུ་ཀྵི་ཀླྀཀྵ ་ཀཱཀཱ་ཀྵ་ཀཱ་ཀཾ་ཀཱ་ར་ཀཽ་ཀཱ་ལཱནྟ་ཀ་ཀཾ་ཀ་རི་ཀཾ་ཀ་ལི་ཀཽ་ཞེས་པའོ།། དེ་ནས་ལས་ཀྱི་དབང་པོ་ལྔའི་སྦྱོར་བས་བརྗོད་པ་དང་ལེན་པ་དང་འགྲོ་བ་དང་བཤིང་པ་དང་གཅི་བའི་བྱ་བཾ་སྐྱེས་པ་ནི་བྱིས་པ་སུམ་ཅུ་རྩ་གཉིས་ཀྱིས་བདག་ཉིད་དེ། དྲི་བཞིན་དུ་ལྱཱ་ཡང ་ཀ་ཀཱི་ཀི་ཀཱི་ཀཱ་ཀཱ~ཾ་ཀུ་ཀཱུ་ཀླྀ་ཀླྀ་ཀྵ་ཀཱ་ཀཱ་ཀྵ་ཀཱ་ཀཱ་ཀཱ་ཀྵ་ཀླ་ཀྵ་ཀ་ཀཱ་ཀཾ་ཀཻ་ཀར་ཀཱ་ར་ཀོ་ཀ~ཾ་ཀ་ལ་ཀཱ་མ~ཾ་ཀཾ་ཞེས་པ་སྟེ། ལོ་བཅུ་གཉིས་ཀྱི་མཚམས་རྫོགས་པའོ།། དེ་ནས་ལོ་བཅུ་དྲུག་གི་མཚམས་སུ་ཇི་ལྟར་བྱིས་པའི་ཁུ་བ་འཕོ་བ་ན་བཞི་པ ་གནས་སྐབས་སུ་འགྱུར་ཞིང་བཞི་པ་དེ་ཉིད་སྐུ་བཞི་པ་དང་། ཕུང་པོ་དྲུག་པ་དང་། ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་པ་དང་། ལས་ཀྱི་དབང་པོ་དྲུག་པ་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་པར་འགྱུར་ཏེ། དེ་ལྟར་ཕུང་པོ་དྲུག་དང་། ་ཁམས་དྲུག་དང་། སྐྱེ་མཆེད་བཅུ་གཉིས་དང་། ལུས་ཀྱི་དབང་པོ་དྲུག་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་པ་སྟེ། དེ་ལྟར་ཁམས་སུམ་ཅུ་རྩ་དྲུག་ནི་སུམ་ཅུ་རྩ་བདུན་པ་ཡེ་ཤེས་དང་སེམས་ཀྱིས་རྟེན་པར་འགྱུར་བའོ།། དེ་བཞིན་དུ་ལྷ་རྫོགས ་པ་ལ། ཀཱ་ཀཱཾ་ཀིཏྟི་ཀཱ་ཀྵོ་ག་ཀཱུ་ཀྵཀླྀ་ཀྵཾ་ཀྵཿཞེས་པ་ནི་ཕུང་པོ་དང་། ཁམས་བཅུ་གཉིས་སོ།། ཀྵོཀྱཱ་ཀྵཱ་ཀྵཱཾ་ཀཱ་ཀྵ་ཀཱ་ཀྵ་ཀྲ་ཀྵ་ཀྲྀ་ཀྵཱ་རྞྞ་ཞེས་པོ་ནི་ལས་ཀྱི་དབང་པོ་དང་། ལས་ཀྱི་དབང་པོའི་བྱ་བ་བཅུ་གཉིས་སོ།། དེ་བཞིན་དུ་ཀཱ་ཀཱི་ཀཻ་ཀཻ་ཀཱར ་ཀཱ་ཀོ་ཀཾ་ཀ་ལཾ་ཀཱ་ལ་ཀོ་ཀྲྀཿཞེས་པ་ནི་སྐྱེ་མཆེད་བཅུ་གཉིས་གྲུབ་པའོ།། ཁམས་འདི་རྣམས་ཀྱི་གཅི་བི་ནི་ཐེབས་སྟོང་པོ་ཆེན་པཾ་ཡི་གེ་ལཱ་དང་། ཤེས་རབ་ཐིག་ལེ་སྟོང་པ་ཡཽ་གེ་དྲུག་སྟེ། ཝ་ཡིག་དང་ཨཱི་ཡིག་གོ། ཨ་ཝཱི་གི་ཡི་གེ་ནཱཾ ་གཙོ་བོ་བདེ་བ་ཆེན་པོ་སྟེ། དཀྱིལ་འཁོར་གྱི་བདག་པོའོ།། ཀ་རྡོ་རྗེའི་རྒྱུད་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པ་ལ་གྲུབ་པོ།། དེ་ལྟར་སྙིང་པོའི་ཕར་མ་ལ་ཕུང་པོ་དང་ཁམས་རྣམས་སོ།། ཕྱིའི་ཕར་མ་ལ་སྐྱེ་མཆེད་བཅུ་གཉིས ་དང་སྒོ་སྐྱོང་རྣམས་དང་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་རྣམས་སོ།། འདིར་གཞོན་ནུ་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོའི་ཕུང་པོ་རྣམས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར། དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་ཞེས་པོ་ཇི་ལྟ་བ་དེ་བཞིན་དུ ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་བཀོད་པ་སྤྲོ་བའི་ཕྱིར་ལྷའི་ཚོགས་ཀྱི་གཙོ་བོ་ནི་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་དུ་འགྱུར་རོ།། ཞེས་པ་ངེས་པའོ།། འདིར་མངལ་གྱི་ལུས་སྐྱེད་པ་ཇི་ལྟ་བ་དེ ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ།། དོག་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལས་རྒྱལ་མཆོག་དང་། ཉེ་བའི་སྒྲུབ་པའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྐྱེད་པ་ཇི་ལྟ་པོ་དེ་བཞིན་དུ་ཐིག ་རྣལ་འབྱོར་དང་སྒྲུབ་པའོ།། ཁུ་བ་འཕོ་བ་ནི་བདེ་བ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་ཡན་ལག་བཞིའི་སྒྲུབ་པ་རླུང་གི་ལེའུ་ལས་སྔར་གསུངས་པ་དེ་རྒྱ་ཆེར་སྦྱར་བར་བྱའོ།། ཞེས་བྱ་ནི་ངེས ་པའོ།། ད་ནི་འཁོར་ལོ་དྲུག་པོ་རྣམས་སུ་ཁམས་དྲུག་ལས་རིགས་ཀྱི་ལྷ་རྣམས་སྤྲོ་བར་གསུངས་པ། དག་པར་ཞེས་པ་ལ་སོགས་པ་སྟེ། འདིར་ལོ་བཅུ་དྲུག་གི་རྗེས་ལ་མི་རྣམས་ཀྱི་ཁམས་དྲུག་གི་རང་བཞིན་གྱི་སེམས་ཀྱི་སྣ་ཚོགས་པ ་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་གཙོ་བོ་ཡི་ཡང་ཁམས་དྲུག་གི་དབྱེ་བས་ཏེ། དག་པར་ཞེས་པ་དཔྲལ་བའི་འཁོར་ལོ་རཱ། ཡང་དག་པའི་ཆུ་ལས་ཤེས་པ། སྒྲིབ་པ་མེད་པའི་ཆུའི་ཁམསི་དང་། འདུ་ཤེས་ཀྱི་ཕུང་པོ་ལས། ལྷའི་ཆོ་གས ་རོ་བོང་འཛིན་པ་ལྟར་དཀར་པདྨའི་མཚན་མ་སྤྲོ་བ་ནི་འདི་ལྟ་སྟེ། འོད་དཔག་མོད་དང་། མཱ་ཀཱི་དང་། པདྨ་མཐར་བྱེད་དང་། མི་གཡོ་བ་དང་། ང་རྒྱལ་མ་དང་། ཙུན་དཱ་དང་། འཇིག་རྟེན་དབང་ཕྱུག་དང་། གཟུགས་རྡོ་རྗེ་དང་། དྲག་མོ་དང་། དཔལ་མོ་དང ་རྒྱ་མཚོ་དང་། ཚོགས་ཀྱི་དབང་པོ་དང་། ཀླུ་མཐའ་ཡས་དང་། རིགས་ལྡན་དང་། སྟག་གདོང་མ་དང་། འུག་གདོང་མ་སྟེ། དེ་ལྟར་ལྷ་འདི་དག་གཡོན་གྱི་ཞལ་ནས་ཤེས་པ་སྐུའི་ཞལ་དཀར་པོ་ནས་མཆོག་གི་སྙིང་རྗེ་ཡིས་སྤྲོས་པའོ།། ཞེས ་པ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངེས་པའོ།། འདིར་སྣང་བ་མཧཱ་ཡས་ལ་རྣམ་པར་ཤེས་པ་དང་། ལྷའི་ཚོགས་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པ། པདྨའི་མཚན་མ་ཅན་ཞི་བ་དང་། རྒྱས་པའི་ལས་ཀྱི་དངོས་གྲུབ་སྟེར་བྱ ་ཆུའི་ཁ་དོག་ལས་དཀར་པོ་སྟེ། དེ་ལྟར་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་ལྷ་སྤྲོ་བ་དང་། བསྡུ་བ་ནི་སོ་སོར་རྟོག་པ་ལས་སོ།། དེ་ནི་དོན་ཡོད་གྲུབ་པའི་རིགས་སྤྲོ་བ་གསུངས་པ། ཆོས་ལ་ཞེས་པ་ལ་སོགས་པ་སྟེ། འདིར་སྙིང་ཁེ་ཆོས་ཀྱི ་འཁོར་ལོར་ཡང་དག་པའི་རླུང་གི་ཁམས་དང་དག་པའི་འདུ་བྱེད་ལས་རལ་གྲིའི་མཚན་མའི་ལྕེའི་ཚོགས་ཁ་དོག་ནག་པོ་ནི་འདི་ལྟ་སྟེ། དོན་ཡོད་གྲུབ་པ་དང་། སྒྲོལ་མ་དང་། བགེགས་མཐར་བྱེད་དང་། དབྱུག་པ་སྔོན་པོ་དང་། ཤིན་ཏུ ་སྟོབས་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། ནམ་མཁའི་སྙིང་པོ་དང་། རེག་བྱ་རྡོ་རྗེ་མ་དང་། ཙ་ར་ཙི་ཀཱ་དང་། ཁྱབ་འཇུག་མ་དང་། རླུང་ལྷ་དང་། བདེན་བྲལ་དང་། པདྨ་དང་། སྟོབས་རྒྱུ་དང་། བྱ་རོག་གདོང་མ་དང་། ཁྱི་གདོང་མ་དང་། འདི་དག་ནི ་བྱམས་པའི་ཐུགས་ཀྱིས་སྲིད་པ་གསུམ་གྱི་བདག་པོས་ཤར་གྱི་ཞལ་ནས་ཤེས་པ། ཐུགས་ཀྱི་ཞལ་ནས་སྔོས་པའོ།། འདིར་དོན་ཡོད་གྲུབ་པ་ལ་རྣམ་པར་ཤེས་པ་དང་། ལྷའི་ཚོ་གོས་ལ་དོན་ཡོད་གྲུབ་པོས་རྒྱས་བཏབ་པ། རལ་གྲི ་མཚན་མ་ཅན་བསྐྲད་པ་དང་དབྱེ་བའི་ལས་ཀྱི་དངོས་གྲུབ་སྟེར་བ། རླུང་གི་ཁ་དོག་ལས་ནག་པོ་སྟེ། དེ་ལྟར་དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་རྣམས་སྤྲོ་བ་དང་། བསྡུ་བ་ནི་བྱ་བ་ནན་ཏན་ལས་སོ།། ད་ནི་རིན་ཆེན ་འབྱུང་ལྡན་གྱི་རིགས་སྤྲོ་བ་གསུངས་པ། ལོངས་སྤྱོད་རྫོགས་པར་དག་པའི་མེ་ལས་ཤེས་པ་སྟེ། འདིར་མགྲིན་པའི་འཁོར་ལོ་དག་པའི་མེ་དང་དག་པའི་ཚོར་བ་ལས་ཉི་མ་འཆར་ཀ་དང་མཚུངས་ཤེས་པ། ཁ་དོག་དམར་པོ་སྟེ། ་རིན་ཆེན་འཛིན་ཅེས་པ་རིན་ཆེན་འབྱུང་ཝཱནྡྷ་དང་། དེ་བཞིན་དུ་གོས་དཀར་མོ་དང་། ཤེས་རབ་མཐར་ཕྱེད་དང་། འདོད་པའི་རྒྱུལ་པ་དང་། རྨུགས་བྱུང་མ་དང་། ཁྲོག་ཉེར་ཅན་དང་། སའི་སྙིང་པོ་དང་། རྙོ་རྗེ་མ་དང་། པག་མོ་དང་། ་གཞོན་ནུ་མ་དང་། མེ་ལྱཱ་དང་། སྨྱོན་དྲུག་གི་བུ་དང་། ཕག་གདིང་མ་དང་། བྱ་རྒོད་གདོང་མ་དང་། ནོར་རྒྱས་ཀྱི་བུ་དང་། དུང་སྐྱོང་སྟེ། འདི་དག་དཔལ་ལྡན་གཡས་ཀྱི་ཞལ་ནས། མཆོག་གི་དགའ་བ་ཡིས་ནཱི་སྣ་ཚོགས་གཙོ་བོས་སྨྲས ་པའོ།། ཞེས་པ་གསུང་གི་ཞལ་གྱི་རང་བཞིན་ལས་ཐམས་ཅད་ཁ་དོག་དམོར་པོ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པ། དབང་དང་དགུག་པའི་དངོས་གྲུབ་སྟེར་བའོ།། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ལྷ་རྣམས་སྤྲོ་བ ་ལ་སོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་ཏེ། འདིར་ཡང་རིན་ཆེན་འབྱུང་ལྡན་ནི་རྣམ་པར་ཤེས་པས་རྒྱས་བཏབ་པའོ།། ད་ནི་རྣམ་པར་སྣང་མཛོད་ཀྱི་རིགས་ཀྱི་སྒོ་སྤྲོ་བ་གསུངས་པ། ལྟེ་བར་ཡང་དག་དག་པའི་ས་ལས ་ཤེས་པ་ལ་སོགས་པ་སྟེ། འདིར་ལྟེ་བར་ཞེས་པ་སྤྲུལ་པའི་འཁོར་ལོའོ།། དག་པའི་གཟུགས་ཀྱི་ཕུང་པོ་དང་། དག་པའི་སའི་ཁམས་ལས་མཆོག་གི་གསེར་དང་མཚུངས་པ་ཁ་དོག་སེར་པོའི་ཐུབ་པ་ཕྱག་ན་འཁོར་ལོ་ཞེས་པ་རྣམ ་པར་སྣང་མཛད་དོ།། དེ་བཞིན་དུ་སྤྱན་མ་དང་། གཤིན་རྗེ་མཐར་བྱེད་དང་། སྟོབས་པོ་ཆེ་དང་། རེངས་བྱེད་མ་དང་། འོད་ཟེར་ཅན་དང་། རྣམ་པར་སེལ་བ་དང་། དྲི་རྡོ་རྗེ་མ་དང་། དབང་མོ་དང་། ཚངས་མ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ་འཇོག་པོ་དང་། པདྨ་ཆེན་པོ་དང་། ལྕེ་སྤྱང་གདོང་མ་དང་། མཁོའི་ལྡིང་གདོང་མ་སྟེ། འདི་རྣམས་གཙོ་བོ་ཡིས་ནི་བཏང་སྙོམས་ངག་གིས་ནུབ་ཀྱི་ཞལ་ནས་ཤེས་པ། ཡེ་ཤེས་ཀྱི་ཞལ་ནས་སྐྱེ་བོ་ཀུན་ལ་ཕན་རྣམས་སྤྲོས་པ ་ཁ་དོག་སེར་པོ་རེངས་པ་དང་། རྨོངས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་ཅིང་། རྣམ་པར་སྣང་མཛད་ལ་ཡང་རྣམ་པར་ཤེས་པས་རྒྱུས་བཏབ་པའོ།། དེ་ལྟར་རྣམ་པར་སྣོད་མཛད་ཀྱི ་རིགས་སྤྲོ་བ་ལ་སོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་སོ།། ད་ནི་མི་བསྐྱོད་པའི་རིགས་སྤྲོ་བ་གསུངས་པ། གཙུག་ཏོར་དག་པའི་སྟོང་པ་ལས་ནི་ཞེས་པ་སྟེ། གཙུག་ཏོར་གྱི་འཁོར་ལོར་དག་པའི་རྣམ་པར་ཤེས་པའི་ཕུང་པོ ་དང་དག་པའི་ན་མཁའི་ཁམས་ལས་མཆོག་གི་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཡེ་ཤེས་ཀྱིས་རྒྱས་བཏབ་པ་ཁ་དོག་ལྗང་ཁུ་སྟེ། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། གཙུག་ཏོར་དང་། རྡོ་རྗེ་ཧཱུཾ་མཛད་དང་། དྲག་སྤྱན་མ་དང་། ་ཁྲོ་བོའི་རྒྱལ་མོ་དང་། ཕྱག་ན་རྡོ་རྗེ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་། ཁྱབ་འཇུག་དང་། གཤིན་དྷཱ་དང་། ཀླུ་རྒྱལ་པ་སྟེ། འདི་དག་སྟང་གི་ཞལ་ནས་སྤྲོས་པ། ཡོན་ཏན་མང་པོའི་གནས་ཏེ། ལས་ཐམས་ཅད། ་ཀྱི་དངོས་གྲུབ་སྟེར་བ་རྡོ་རྗེའི་མཚན་མ་ཅན་མི་བསྐྱོད་པས་རྒྱས་བཏབ་པ་ན་མཁོའི་ཁ་དོག་ལས་ལྗང་ཁུའོ།། དེ་ལྟར་མི་བསྐྱོད་པའི་རིགས་ཀྱི་ལྷ་སྤྲོ་བ་ལ་སོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སོ།། ་ད་ནི་རྡོ་རྗེ་སེམས་དཔའི་རིགས་སྤྲོ་བ་གསུངས་པ། གསང་བར་དག་པ་ལས་ནི་ཞེས་པ་ལ་སོགས་པ་སྟེ། འདིར་གསང་བའི་འཁོར་ལོར་དག་པའི་ཡེ་ཤེས་ཀྱི་ཕུང་པོ་དང་དག་པའི་ཡེ་ཤེས་ཀྱི་ཁམས་ལས་རྡོ་རྗེ་སེམས་དཔའ་སྔོན་པོ་རྡོ་རྗེ ་གསུམ་པའི་མཚན་མ་ཅན། རྣམ་པར་ཤེས་པས་རྒྱས་བཏབ་པ་དང་། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཤེས་རབ་སྔོན་མོ་དང་། གནོད་མཛེས་རྒྱལ་པོ་དང་། རྡོ་རྗེ་ཤུགས་དང་། ཤིན་ཏུ་སྔོན་མོ་དང་། ཁྲོ་བོའི་དབང་ཕྱུག་མ་དང་། དྲག ་པོ་དང་། མ་ཐཱ་ལ་དང་། ཤིན་ཏུ་བཟང་པོ་དང་། སྒྲ་རྡོ་རྗེ་མ་དང་། ཀླུ་རྣམ་པར་རྒྱལ་བ་སྟེ། སྐྱེ་བོ་ཀུན་ལ་ཕན་པ་འདི་དག་ནི་སྲོག་ཆགས་རྣམས་ཀྱིས་ཐར་པའི་རྒྱུ་རུ་འོག་གི་ཞལ་ཡེ་ཤེས་ཀྱི་ཆོས་ལས་སྤྲོས་པ། ཤིན་ཏུ་རྣམ་པར་དགེ ་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཁ་དོག་སྔོན་པོ་མི་བསྐྱོད་པོའི་སྐུ་སྔོན་པོ་དང་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། ལས་ཐམས་ཅད་སྒྲུབ་པར་བྱེད་པའོ།། དེ་ལྟར་འཁོར་ལོ་དྲུག་ཏུ་རིགས་དྲུག་གི་ལྷ་རྣམས་སྤྲོ་བ་དང་འགྲོ་བའི་དོན ་བྱེད་པ་སྟེ། ལོ་བཅུ་དྲུག་གི་རྗེས་ལ་དུས་ཀྱི་འཁོར་ལོ་སྐྱེད་པར་བྱེད་པ་ཉིད་ཀྱིས་གྲུབ་པའོ།། ཞེས་པ་ངེས་པའོ།། འདིར་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ལྗང་ཁུ་ལ་མི་བསྐྱོད་པའི་གཟུགས་སྔོན་པོ་དང་། ཡེ་ཤེས་ཀྱི་ཕུང་པོ ་སྔོན་པོ་ལ་མི་བསྐྱོད་པ་ལྗང་ཁུས་རྒྱས་བཏབ་པའོ།། ཡང་ན་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རིགས་བཞིའི་དབྱེ་བས་གང་དུ་རྒྱས་གདབ་པ་དེར་ཟློ་བའི་ཆོས་ལས་རྣམ་པར་སྣང་མཛད་དཀར་པོ་དང་། ཉི་མའི་ཆོས་ལས་སྣང ་བ་མཐའ་ཡས་དམར་པོ་དང་། སྒྲ་གཅན་གྱི་ཆོས་ལས་མི་བསྐྱོད་པ་ནག་པོ་དང་། དུས་མེའི་ཆོས་ལས་རྡོ་རྗེ་སེམས་དཔའ་སེར་པོའོ།། ཡང་ན་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་པའི་ཚོ་གས་རྟེན་དང་བརྟེན་པའི་འབྲེལ་པས་རྒྱས ་གདབ་སྟེ། དེ་བཞིན་དུ་མི་བསྐྱོད་པ་ནི་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པོ།། རྣམ་པར་སྣང་མཛད་ནི་སྣང་བ་མཐའ་ཡས་ཀྱིའོ།། སྣང་བ་མཐའ་ཡས་ནི་རིན་ཆེན་འབྱུང་ལྡན་གྱིའོ།། རིན་ཚན་འབྱུང་ལྡན་ནི་དོན་ཡོད་གྲུབ་པ་ཡིའོ།། ་ཞེས་པ་རྒྱས་བདག་པོའི་ངེས་པའོ།། དེ་ལྟར་ཁམས་གསུམ་པའི་དབང་ཕྱུག་ཆེན་པོ་མཐའ་ཡས་འཁོར་ལོ་ཅན་ནི། རྒྱུད་གཞན་ཐམས་ཅད་ལ་རིག་པར་བྱ་སྟེ། རིགས་གསུམ་དང་རིགས་ལྔ་ལ་ཡང་ངོ་།། ད་ནཱི་ཤེས་རབ་ཀྱི་རྒྱུད་སྤྲོ ་བ་གསུངས་པ་ཕྱོགས་ཀྱི་འདབ་མར་ཞེས་པ་ལ་སོགས་པ་སྟེ། འདིར་འཁོར་ལོ་སྡོམ་པ་ལས་གྲགས་པ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་སྤྱན་མ་ལ་སོགས་པ་སྟེ། ས་ལ་སོགས་པའི་རང་བཞིན་ཞི་བ་ལ་སོགས ་པའི་དངོས་གྲུབ་སྟེར་བའོ།། དེ་དག་ཀྱང་ཐུགས་ཀྱི་ཞལ་ལ་སོགས་པའི་ཁ་དོག་ནག་པོ་ལ་སོགས་པས་ཕྱེ་བ་སྟེ། བདེན་པར་ས་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་མི་འགྱུར་རོ།། དེ་བཞིན་དུ ་གསུངས་པ། སེར་པོས་རེངས་པའི་བྱ་པཾ་དང་། དཀར་པོས་ས་ལ་ཞི་བའོ།། དམར་པོས་དབང་དང་དགུག་པ་སྟེ། ནག་པོས་བསྐྲད་པོ་ལ་སོགས་སོ་ཞེས་སོ།། དེའི་ཕྱིར་ཁ་དོག་ནག་པོའི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་ནི་རླུང་གི ་ཁམས་སོ།། ཁ་དོག་དམར་པོ་ལསཽ་ལཱ་མཱ་ནི་མེའི་ཁམས་སོ།། ཁ་དོག་སེར་པོ་ལས་དུམ་སྐྱེས་མཾ་ནི་སའི་ཁམས་སོ།། ཞལ་གྱི་ཁ་དོག་དཀར་པོ་ལས་གཟུགས་ཅན་མ་ནི་མཆུའི་ཁམས་སོ།། དེ་ལྟར་ཐུགས་དང་གསུང་དང ་ཡེ་ཤེས་དང་སྐུའི་ཞལ་རྣམས་རིམ་པ་བཞིན་དུ་ནག་པོ་དང་དམར་པོ་དང་སེར་པོ་དང་། དཀར་པོའི་ཁ་དོག་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེའི་ཕྱོགས་ཀྱི་ཆར་གནས་པ་རབ་གཏུམ་མ་ལ་སོགས་པ་ལྷ་མོ་དགུ་དགུ་པོ་རྣམས་ཀྱི་ཁ་དོག ་ཀྱང་རིག་པར་བྱ་སྟེ། མངོན་བརྗོད་འབུམ་པ་ཆེན་པོ་ལས་སོ།། ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེས་ན་བརྩོན་འགྲུས་ཆུང་བ་དང་ལྡན་པ་རྣམས་ལ་འཇམ་དཔལ་གྱིས་དུས་ཀྱི་འཁོར་ལོ་འདིར་ཉེ་བར་བསྟན་པ་ཉུང་ངུ་ཡིས ་སྤྲོས་པ་དེ་ཉིད་རབ་ཏུ་བསྟན་ཏོ།། ཕྱོགས་ཀྱི་འདབ་མར་སྤྱན་མ་ལ་སོགས་ཤེས་པ་ནི་ནུབ་ཀྱི་འདབ་མར་སྤྱན་མའི་ཁ་དོག་ལས་དུམ་སྐྱེས་མ་སེར་པོའོ།། དུས་ཀྱི་འཁོར་ལོ་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཞལ་ནུབ་མ་སེར་པོ་སྟེ། སའི་ཁ ་དོག་དང་བཤང་བའི་རྩའི་རང་བཞིན་ལས་སོ།། བྱང་གི་འདབ་མར་ཆུའི་ཁ་དོག་ལས་གཟུགས་ཅན་མ་དཀར་མོ་དང་། བྱང་གི་སྐུའི་ཞལ་དཀར་པོ་ལ་ལྕེ་ལ་ལ་ནཱའི་རང་བཞིན་ལས་སོ།། ལྷོར་མེའི་ཁ་དོག་ལས་ལཱ་མཱུ་དམར་པོ་དང་གསུ ་གི་ཞལ་དམར་པོ་སྡེ་ར་ས་ནཱའི་རང་བཞིན་ལས་སོ།། ཤར་གྱི་འདབ་མར་རླུང་གི་ཁ་དོག་ལས་རྡོ་རྗེ་མཁའ་འགྲོ་མ་ནག་མོ་དང་ཐུགས་ཀྱི་ཞལ་ནག་མོ་སྟེ། གཅི་བའི་རྩའི་རང་བཞིན་ལས་སོ།། དེ་བཞིན་དུ་ཨ་བ་དྷཱུ་ཏཱིའི་རང་བཞིན་གྱིས ་རྡོ་རྗེ་ཕག་མོ་ལྗང་ཁུའོ།། དུང་ཅན་མའི་རང་བཞིན་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་ཁ་དོག་སྔོན་པོའོ།། དེ་བཞིན་དུ་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་རྩིབས་རྣམས་ལ་ཤར་དང་མེར་མཁའ་འགྲོ་མ་ནག ་མོ་རྣམས་སོ།། ལྷོ་དང་བདེན་བྲལ་དུ་དམར་པོ་རྣམས་སོ།། ནུབ་དང་རླུང་དུ་སེར་པོ་རྣམས་སོ།། བྱང་དང་དབང་ལྡན་དུ་དཀར་མོ་རྣམས་ཏེ། དེ་བཞིན་དུ་དུར་ཁྲོད་བརྒྱད་དུ་ལྷ་མོ་རྣམས་རིགས་པར་བྱའོ།། འདི་རྣམས་ཀྱི་ལས་རབ་འབུམ ་ལ་སོགས་པ་རྒྱ་ཆེར་རྒྱུད་ལས་གསུངས་པ་ནི་ཕྱག་ན་རྡོ་རྗེས་མཛད་པའི་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ལས་རྟོགས་པར་བྱ་སྟེ། དེས་ན་བསྡུས་པའི་རྒྱུད་འདིར་མ་བྲིས་སོ།། ཕྱོགས་བྲལ་འདབ་མཱ་ལ་གནས་ཤེས་པ་ལྀ ་སོགས་པ་ནི་གཽ་བླའོ།། དེ་བཞིན་དུ་འདུས་པ་དང་། སྒྱུ་འཕྲུལ་དྲ་བ་ཡང་རབ་ཏུ་གྲགས་ཏེ་གོ་བླའོ།། དེས་ན་འདི་ནི་ཐུགས་དང་གསུངས་དང་སྐུའི་རྡོ་རྗེ་སྤྲོ་བ་ཙམ་ལས་མ་བྲིས་སོ།། འདིར་རྩ་བའི་རྒྱུད་ལས་ཐིག་གི་མཚན་ཉིད་ནི།། གཎྜཱི ་དང་གཅིག་དང་གསུམ་ཕྱེད་བཅས།། ཕྱེད་དང་གཅིག་དུས་རི་བོང་ཅན།། དུས་དང་གཅིག་དང་དུས་དང་གཅིག། ཆ་ནི་སུམ་ཅུ་གཉིས་སོགས་ལ། ཞེས་པ་སྟེ། ལྷག་མ་ར་བ་ལ་སོགས་པ་ནི་དུས་ཀྱི་འཁོར ་ལོའི་དཀྱིལ་འཁོར་བཞིན་ནོ།། ད་ནི་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གསུངས་པ། ཐིག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ནུབ་ཀྱི་ཞལ་ཡེ་ཤེས་ཀྱི་ཞལ་ནས་འཁོར་ལོ་སྡོམ་པ་ཆེན་པོ་ནི་འཁོར་ལོ་གསུམ་གྱི་སྡོམ་པའི ་ཉིས་འགྱུར་ཏེ། གང་གི་ཕྱིར་འཁོར་ལོ་དྲུག་དང་དུར་ཁྲོད་བཅུ་དྲུག་པོ་རྣམས་ཀྱིས་སོ།། དེས་སྒོ་བརྒྱད་རྣམ་པར་སྦྱང་བའི་སླད་དུ་འདིའི་དཀྱིལ་འཁོར་ནི་ཟླུམ་པོའོ།། དེའི་ཕྱིར་དཀྱིལ་འཁོར་འདིའི་མཚན་ཉིད་གསུངས་པ། ཐིག ་ནི་དྲུག་དང་བུག་པ་ཆ་ཤསོ་ཤེས་པ་ནི་དགུ་བཅུ་རྩ་དྲུག་གི་ཚྭ་ཤེས་སོ།། གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་ཤེས་པ་འཇིག་རྟེན་གྱི་ཁམས་ལ་རླུང་གི་དཀྱིལ་འཁོར་གྱི་མཐའ་དཔག་ཚད་འབུམ་ཕྲག ་བཞིར་གནས་པ་དང་། ལུས་ལ་ཁྲུ་བཞིར་གནས་པ་རྣམས་ཀྱིས་ཏེ། ཐིག་དགུ་བཅུ་རྩ་དྲུག་རྣམས་ཀྱིས་དཀྱིལ་འཁོར་ལ་ཐིག་བཏབས་ནས། དེ་རྣམས་ཀྱི་དབུས་སུ་དྲུག་དྲུག་ཆ་རྣམས་ཀྱིས་སོ་སོར་འཁོར་ལོ་བྱ་སྟེ། དེ་ལྟར ་འཁོར་ལོ་ནི་ཆ་དྲུག་དྲུག་རྣམས་ཀྱིས་སོ།། པདྨའི་འདབ་མ་ཕྱེད་ཀྱིས་ལྟེ་བར་ལྡན་པ་ཡང་དྲུག་གི་ཆ་རྣམས་ཀྱིས་ཏེ། དེ་ལྟར་བདུན་པོ་རྣམས་ལ་ཤར་དུ་ཆ་བཞི་བཅུ་རྩ་གཉིས་སོ།། དེ་བཞིན་དུ་ནུབ་དང་ལྷོ་དང་བྱང་དུ་སྟེ། ཐམས ་ཅད་གཅིག་ཏུ་བསྡུས་པ་ཆ་བརྒྱད་ཅུ་རྩ་བཞི་སྟོང་སྟེ་དགུ་བཅུ་རྩ་དྲུག་ལསྭཱ་ས།། ལྕུག་མ་ཆ་བཅུ་གཉིས་པོ་རྣམས་ལས་ཆུ་དྲུག་གིས་ཤཱར་བྷི་སའོ།། ནུབ་ཏུ་ཡང་དེ་བཞིན་ཏེ། བྱང་དང་ལྷོ་རུ་ཡང་དེ་བཞིན་ནོ།། ཕྱོགས་ཐམས་ཅད་དུ་ཐིག ་རྣམས་གདབ་པའོ།། དེ་ལ་སྔར་གསུངས་པའི་དབུས་ཀྱི་ཆ་དྲུག་རྣམས་ཀྱིས་བཞི་ཡིས་པདྨའི་འདབ་མའོ།། གཉིས་ཀྱིས་ལྟེ་བ་ཕྱེད་ངོ་།། དེ་བཞིན་དུ་བཞི་ཡིས་འཁོར་ལོའི་རྩིབས་དང་གཉིས་ཀྱིས་གྲི་གུ་གོ་ལ་སོགས་པ་རྣམས ་མཚན་མའི་ཕྲེང་བའོ།། དབུས་སུ་པདྨ་འདབ་མ་བཅུ་དྲུག་པའོ།། པདྨའི་འདབ་མའི་ཕྱི་རོལ་ཏུ་གྲི་གུག་གི་ཕྲེང་བ་སྔོན་པོ་སྟེ། དེའི་འོག་ཏུ་ས་ལྗང་ཁུའོ།། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་ལ་འཁོར་ལོའི་རྩིབས་ཀྱང་སྔོན་པོརུ ་དེ་ནས་སའི་ཁམས་ཀྱི་འཁོར་ལོ་ལ་འཁོར་ལོའི་ཕྲེ་བཾ་སེར་པོ་དང་། དེ་བཞིན་དུ་འཁོར་ལོའི་རྩིབས་ཏེ། འོག་ཏུ་ས་ནག་པོའི། ཆུའི་ཁམས་ཀྱི་འཁོར་ལོ་ལཾ་པདྨའི་ཕྲེང་བ་དང་། འཁོར་ལོའི་རྩིབས་དཀར་པོ་སྟེ། འོག་ཏུ་དམར་པོའོ།། ་མེམེའི་ཁམས་ཀྱི་འཁོར་ལོ་ལ་རིན་པོ་ཆེའི་ཕྲེང་བ་དང་། འཁོར་ལོའི་རྩིབས་དམར་པོ་སྟེ། འོག་ཏུ་ས་དཀར་མོའོ།། རླུང་གི་ཁམས་ཀྱི་འཁོར་ལོ་ལ་རལ་གྲིའི་ཕྲེང་བ་དང་། འཁོར་ལོའི་རྩིབས་ནག་པོ་སྟེ། འོག་ཏུ་ས་སེར་པོའོ།། ་ནམ་མཁའི་ཁམས་ཀྱི་འཁོར་ལོ་ལ་རྡོ་རྗེ་ཕྲེང་བ་དང་། འཁོར་ལོའི་རྩིབས་ལྗང་ཁུ་སྟེ། འོག་ཏུ་ས་སྔོན་པོའོ།། དེ་ནས་ཆ་དྲུག་གིས་ནི་ཚོན་གྱིས་ཏེ། སྐྱེད་བྱེད་ཞལ་གྱིས་དབང་གིས་ཤེས་པ་ནི་ཤར་དང་མེར་ནག་པོའོ།། ལྷོ་དང་བདེན ་བྲལ་དུ་དམར་པོའོ།། ནུབ་དང་རླུང་དུ་སེར་པོའོ།། བྱང་དང་དབང་ལྡན་དུ་དཀར་པོའོ།། སྒོའི་འཁོར་ལོ་དེ་བཞིན་ནོ།། ཞེས་པ་སྟེ། སྒོ་བརྒྱད་ཀྱི་མཐར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་འཁོར་ལོ་རྣམས་དང་སྒོ་བརྒྱད་ཀྱི ་བར་རྣམས་སུ་དུར་ཁྲོད་བརྒྱད་ཀྱི་འཁོར་ལོ་རྣམས་ཏེ། དེ་ལྟར་ན་དུར་ཁྲོད་བརྒྱད་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་བཅུ་དྲུག་གོ། སྙིང་པོའི་པདྨའི་འདབ་མ་བརྒྱད་ལ་ལྷ་མོ་བརྒྱད་དོ།། ལྷ་མོ་བརྒྱད་ཀྱི་བར་བར་གྱི་འདབ་མ་རྣམས ་ལ་ཐོད་པ་བདུད་རྩིས་གང་བ་བརྒྱད་དོ།། འཁོར་ལོ་དྲུག་གི་རྩིབས་བརྒྱད་པོ་རྣམས་ལ་གནས་དང་། ཉེ་བའི་གནས་ལ་སོགས་པའི་ལྷ་མོ་བཞི་བཅུ་རྩ་བརྒྱད་དང་། དེ་བཞིན་དུ་དཔའ་བོ་རྣམས་ཀྱང་རིག་པར་བྱའོ།། ཕྱི་རོལ ་ཏུ་ཁ་ཁོར་ལ་རྟ་བབས་ཀྱི་ཀ་བའི་རྩ་བར་ཀྭའི་རྒྱལ་པོ་བརྒྱད་དོ།། སྒོའི་རྟ་བབས་ལ་སྒེག་མོ་ལ་སོགས་པའོ།། ལྷག་མ་སྒོ་ལ་སོགས་པའི་མཚན་ཉིད་ནི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞིན་དུ་རིག་པར་བྱའོ།། ད་ནི ་འཁོར་ལོ་དྲུག་གི་རྩིབས་ལ་སོགས་པ་རྣམས་ལ་ལྷ་མོའི་ས་བོན་རྣམས་གསུངས་པ། རིང་པོ་ཞེས་པ་ལ་སོགས་པ་སྟེ། རིང་པོའི་དབྱངས་ལྔ་ལཱཾ་ཨཱུ་རཱྀ་ཨཱཾ་ཨཱ་ཞེས་པ་དང་། ཐུང་ངུ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་འདི་རྣམས་ཀྱིས་ཕྱེ་བས ་ཏ་པ་ཊ་ཙ་ཀཾ་སྡེ་པ་དྲུག་པོ་རྣམས་ཀྱིས་སོགས་སྟོང་སོགས་ཡི་གེ་རྣམས་སོ།། རླུང་སོགས་རྩིབས་རྣམས་ལ་རིང་པོ་ཞེས་པ་ནི། འདིར་ཡེ་ཤེས་ཀྱི་འཁོར་ལོ་ལ་སའི་སྔ་པ་ལྷག་པའི་ལྷ་སྟེ། དེའི་སྨྲྀ་རླུང་གི་རྩིབས་ལའོ།། ཐཱ ་དབང་ལྡན་དུའོ།། ཥྚྲྀ་བདེན་བྲལ་དུའོ།། ཤྲཱི་མེར་རོ།། བྷ་ས་འོག་སྟེ། རླུང་དང་ནུབ་ཀྱི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ།། མཁའ་འགྲོ་མ་ལྔ་པོ་འདི་དག་ནི་སྡིག་པའི་དུས་སྦྱོར་གྱི་དཀྱིལ་འཁོར་ལྔའི་གཙོ་མོ་སྟེ། སེམས་ཅན ་ཐམས་ཅད་ཀྱི་སྣ་བུག་གཡས་པཾ་ལས་སྡུད་པའི་རིམ་པས་སྲོག་འབབ་པའི་ཕྱིར་རོ།། དེ་ནས་གཞུའི་དུས་སྦྱོར་ལ་སྟེ་བྷ་སྟེ། རླུང་དང་བྱང་གི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ།། ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་ཤིའོ།། ་ལྷོར་ཥྚྲྀ་ལོ། བྱང་དུ་གྷཱའོ།། ནུབ་དུ་སླྀའོ།། ཞེས་པ་ནི། གཞུའི་དུས་སྦྱོར་ལ་གཡོན་པའི་རྩ་ནས་སྲོག་འབབ་པའོ།། དེའི་ས་སའི་འཁོར་ལོ་ལ་ཏའི་སྡེ་པ་ལྷག་པའི་ལྷ་སྟེ། དེའི་སླྀ་རླུང་དུའོ།། ཐཱ་དབང་ལྡན་དུའོ།། དྷྲྀ་བདེན་བྲལ ་དུའོ།། དྷཱི་མོར་རོ།། ནཱཾ་ས་འོག་ཏུ་སྟེ། རླུང་གི་སྒོའི་དུར་ཁྲོད་ཀྱི་འཁོར་ལོའི་དབུས་སུའོ།། ཞེས་པ་ནི་བུ་མོའི་དུས་སྦྱོར་ལའོ།། དེ་བཞིན་དུ་སྲང་ལ་སྟེང་དུ་ན་སྟེ་ནུབ་ཀྱི་སྒོར་རོ།། ཤར་དྲི་དྷིའོ།། ལྷོར་དཱིའོ།། བྱང་དུ་ཐུའོ།། ནུབ་ཏུ་ཤློའོ།། ་དེ་ནས་ཆུའི་ཁམས་ཀྱི་འཁོར་ལོ་ལ། བའི་སྡེ་པ་ལྷག་པའི་ལྷ་སྟེ། དེའི་བློ་རླུང་དུའོ།། པཱུ་དབང་ལྡན་དུའོ།། བྷྲྀ་བདེན་བྲལ་དུའོ།། བྷཱི་མོར་རོ།། མཱ་ས་འོག་ཏུ་སྟེ། དབང་ལྡན་གྱི་སྒོ་རུའོ།། དེ་ལྟར་ཀརྒེ་ཊའི་དུས་སྦྱོར་ལ་ལྷག་པའི་ལྷ ་རྣམས་སོ།། དེ་བཞིན་དུ་སེང་གེའི་དུས་སྦྱོར་ལ་ན་མཁའ་སྟེ། བྱང་གི་སྒོ་རུའོ།། ཤར་གྱི་རྩིབས་ལ་བྷཾའོ།། ལྷོར་བཱིའོ།། བྱང་དུ་ཕུའོ།། ནུབ་ཏུ་བློའོ།། དེ་ནས་མའི་འཁོར་ལོ་ལ་ཊའི་སྡེ་པ་ལྷག་པའི་ལཱྀ་སྟེ། ངོའི་ཛྷཻཾ་རླུང་གི ་རྩིབས་ལའོ།། བྷཱུ་དབང་ལྡན་དུའོ།། བྷྲཱུཾ་བདེན་བྲལ་དུའོ།། མེར་བྷིའོ།། ཎཱ་འོག་ཏུ་སྐྱེ་བདེན་བྲལ་གྱི་སྒོ་རའོ།། ཞེས་པ་གླང་གི་དུས་སྦྱོར་ལའོ།། དེ་ནས་འཁྲིག་པ་ལ་སྟེང་གི་ཎཱ་སྟཱ་ལཱྀའི་སྒྲའི་དུར ་ཁྲོད་དུའོ།། ཤྭར་གྱི་རྩིབས་ལ་བྷའོ།། ལྷོར་ཌཱིའོ།། བྱང་དུ་ཛུའོ།། ནུབ་ཏུ་ཊཾའོ།། དེ་ནས་རླུང་གི་འཁིར་ལཾ་ལ་ཙའི་སྡེ་པཱ་ལྷག་པའི་ལྷ་སྟེ། དེའི་ཙླི་རླུང་གི་རྩིབས་ལཾའོ།། ཚྭ་དབང་ལྡན་དུའོ།། ཛྙི་བདེན་བྲལྟ་དུའོ།། ཛཱི་མེར་རོ།། ཙྪ་ས ་འོག་ཏུ་སྟེ་མེའི་སྒོ་རུ་ཞེས་པ་ཉའི་དུས་སྦྱོར་ལྔའོ།། དེ་ནས་ལུགྶ་གི་དུས་སྦྱོར་ལ་སྟེང་དུ་ཉ་སྟེ། ཤར་གྱི་སྒོའི་དུར་ཁྲོད་ཀྱི་འཁོར་ལྷོ་ལའོ།། ཤར་གྱི་རྩིབས་ལ་དྷིའོ།། ལྷོ་རི་ཛྙཱའོ།། བྱང་དུ་ཆུའོ།། ནུབ་ཏུ་ཙྪའོ།། དེ་ནས་ན་མཁའི ་ཁམས་ཀྱི་འཁོར་ལོ་ལ་ཀའི་སྡེ་པ་ལྷག་པའི་ལྷ་སྟེ། དེའི་ཀླུ་རླུང་གི་རྩིབས་ལའོ།། ཁཱ་དབང་ལྡན་དུའོ།། གྷཾ་བཻ་དེན་བྲལ་དུའོ།། གྷི་མེར་རོ།། དཱ་འོག་ཏུ་སྟེ་མེ་དང་། ཤར་གྱི་སྒོའི་དབུས་ཀྱི་དྲྀར་ཁྲོད་ཀྱི་འཁོར་ལོའི་སྟེང་དུའོ།། ཞེས ་པ་ཆུ་སྲིན་གྱི་དུས་སྦྱོར་ལའོ།། དེ་ནས་བུམ་པའི་དུས་སྦྱོར་ལ་སྙིང་དུང་སྟེ། མེ་དང་ལྷོ་སྒྲའི་དབུས་སུའོ།། ཤར་གྱི་རྩིབས་ལོ་གྷཱའོ།། ལྷོའི་རྩིབས་ལ་གྷའོ།། བྱུང་གི་རྙིབས་ལ་ཁུའོ།། ནུབ་ཀྱི་རྩིབས་ལ་ཀྲཱྀའོ།། སྒོ་དང་སྒྲའི་བར་དུ་ཧྲ ་ཀ་དང་ལྡན་ན་མཁོའོ་མཐིལ་ན་གནས་པའི་སྡེ་པར་བཅས་པ་རྣམས་ཤེས་པ་ནི། འདིར་སྡེ་པ་དག་པོ་རྣམས་ཀྱི་སྟོང་པའི་དཀྱིལ་འཁོར་འབབ་པར་བྱེད་པའི་ཡི་གེ་རིང་པོ་དང་ཐུང་ངུ་བཅུ་གཉིས་པ་རྣམས་ཏེ། བྷཱི་དྷྭ་ནཱ་ན་མཱ་མ་ཎཱ་ཎ་ཉྫ་ཉ་དཱ་ང ་ཞེས་པ་ནི་དུར་ཁྲོད་བཅུ་གཉིས་ཀྱི་ལྷ་མོ་རྣམས་ཀྱིའོ།། གཞན་ནི་ཐུན་མཚམས་བཞིའི་དབྱེ་བས་དུས་སྦྱོར་གསུམ་གསུམ་གྱི་མཐའ་ཧ་ཧཱ་ཀཱུ་ཀཱ་ཞེས་པ་ཡི་གེ་བཞི་སྟེ། བྱང་དང་དབང་ལྡན་དང་ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་བཞི་རྣམས ་སུའོ།། དེ་ལྟར་དུར་ཁྲོད་བཅུ་དྲུག་པོ་རྣམས་ལ་ལྷ་མོ་བཅུ་དྲུག་དང་། འཁོར་ལོ་དྲག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ།། སྙིང་པོའི་པདྨའི་འདིབ་མ་ལ་ལྷ་མོ་བརྒྱད་དེ། དེ་རྣམས་ཀྱི་ས་བོན་ནི་ཤར་གྱི་འདབ་མེ་ལ་ཨ་འོ།། ལྷོའི་འདབ་མ ་ལ་ཨའོ།། བྱང་གི་འདབ་མཾ་ལྀ་ཨཾ་ངོ་།། ནུབ་ཀྱི་འདབ་མ་ལ་ཨའོ།། མོའི་འད་བ་མ་ལ་ཧའོ།། བདེན་བྲལ་གྱི་བདབ་མ་ལ་ཧའོ།། དབང་ལྡན་གྱི་འདབ་མ་ལ་ཧཾ་ངོ་།། རླུང་གི་འདབ་མ་ལ་ཧཱའོ།། དེ་རྣམས་ཀྱི་བར་བར་གྱི་འདབ་མ་བརྒྱད་པོ ་རྣམས་ཀྱི་ལོ་ཐོད་པ་བརྒྱད་དོ།། དབུས་སུ་རྡོ་རྗེ་མཁའ་འགྲོ་མ་དང་། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཧེ་རུ་ཀ་གཙོ་བོ་སྟེ། ཧཱུཾ་ཕྲེཾ་མོ།། མཁའ་འགྲོ་མ་དང་མཁའ་འགྲོ་འདི་རྣམས་ཀྱི་ས་བོན་གྱི་མཐར་རྡོ་རྗེ་སྟེ། དེ་དང་བཅས་པའི ་མིད་སྐྲྀ་རྡོ་རྗེ་མ་དང་། ནཱ་རྡོ་རྗེ་མ་ཞེས་པ་ལ་སོགས་པ་ཀྲྀ་རྡོ་རྗེ་མའི་མཐར་ཐུག་པ་རྣམས་སོ།། འོད་རྣམས་ཀྱི་མཁའ་འགྲོ་བཞི་བཅུ་རྩ་བརྒྱད་ནི་བསམ་པའི་དབྱེ་བསྟྲ་ཤྲཱི་རྡོ་རྗེ་དང་། ཧཱུ~ཾ་རྡོ་རྗེའོ།། གང་དུ་མཁའ་འགྲོ་མའི་ས་བོན་རིང་པོ་ཡིན ་པ་དེ་མཁའ་འགྲོའི་ས་བོན་ཐུང་ངུ་དང་གང་དུ་ཐུང་ངུ་ཡིན་པ་དེར་རིང་པོ་སྟེ། སྒོ་རྡོ་རྗེ་མ་དང་། ཤི་རྡོ་རྗེ་ཞེས་པ་ནི་ཤེས་རབ་དང་ཐབས་སོ།། ལྷ་རྡོ་རྗེ་མ་དང་། ཥྚྲྀ་རྡོ་རྗེ་ཞེས་པ་སྟེ། དེ་བཞིན་དུ་ཐམས་ཅད་དུ་འཆད་པར་འགྱུར་བའོ།། དེ ་བཞིན་དུ་དཀྱིལ་འཁོར་ལ་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཉིས་འགྱུར་མཆོད་པར་བྱའོ།། ཞེས་པ་ནི་ངེས་པའོ།། འདིར་སྡིག་པ་དང་། གཞུ་ལ་སོགས་པ་ལུགསོ་ལོས་བཟློག་པས་དགོད་པ་གང་ཡིན་པ་དེ་སྤྲོས ་པས་གསུངས་ཏེ། འདིར་ཡན་ལག་བཅུ་གཉིས་འགོག་པ་ཀུན་རྫོབ་མ་ཡིན་པས་དོན་དམ་པའི་བདེན་པར་གཞུ་དང་། སྡིག་པ་ལ་སོགས་པ་ལུགས་ལ་ས་བཟློག་པས་གནས་དང་ཉེ་བའི་གནས་ལ་སོགས་པ་དགོད་པའོ།། ཀུན་རྫོབ ་ཀྱིས་ཆུ་སྲིན་དང་བུམ་པ་ལ་སོགས་པ་རི་མ་པས་ཉེ་བའི་པའི་ལཾ་བ་ལ་སོགས་དགོད་པ་སྟེ། རྟེན་འབྲེལ་ཡན་ལ་གེ་བཅུ་གཉིས་ལས་སོ།། ཇི་ལྟར་འཁོར་ལོ་གསུམ་གྱི་སྡོམ་པ་ལས་གཅིག་ནི་རབ་གཏུམ་མ་དང་གཏུམ་པའི་མིག་མ་ལ་སོགས ་པའི་ལུགས་ལས་བཟློག་པས་གནས་ལ་སོགས་པ་དགོད་པ་སྟེ། གཉིས་པ་ནི་བརྩོན་འགྲུས་ཆེན་པོ་ལ་སོགས་པ་གི་རིམས་ཀྱིས་ཉེ་བའི་དུར་ཁྲོད་ལ་སོགས་པས་སོ།། འདིར་འཇིག་རྟེན་པའི་ཐ་སྙད་ལ་ཀུན་རྫོབ་གང་ཡིན་པ་དེ་ནི་དོན་དམ ་པ་ཞེས་ཤེས་པར་བྱའོ།། དེ་ལྟར་རླུང་སོགས་རྩིབས་རྣམས་ལ་ཉི་མའི་རྒྱུ་བའི་དབང་གིས་ཤེས་པ། གཡས་ཀྱི་རྩ་ལ་སྲོག་རྒྱུ་བའི་དབང་གིས་རིང་པོ་རྣམས་སོ།། སྟེང་སོགས་རྩིབས་ལ་ཟླ་བ་རྒྱུ་བའི་དབ་གིས་ཤེས་པ་གཡོན་གྱི་རྩ ་ལ་སྲོག་རྒྱུ་བའི་དབོང་གིས་ཐུང་ངུ་རྣམས་སོ།། ཞེས་པ་ནི་དགོད་པ་གསུངས་པ་སྟེ། རིམ་པ་ཡིས་ཀྱང་ཀུན་རྫོབ་ཀྱིས་ཉོ་བའི་པའི་ལ་བ་ལ་སོགས་པས་ཆུ་སྲིན་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་ཀ་ཙ་ཊ་པ་ཏ་སའི་སྡེ་པ་རྣམས ་ཀྱི་ཡི་གེ་ཀ་ཡིག་ལ་སོགས་པ་ལ་ཡིག་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རིང་པོ་དང་ཐུང་ངུ་རྣམས་དགོད་པར་བྱའོ།། དོན་དམ་པས་ཟླ་ལ་སོགས་པ་ཐུང་ངུའི་ཨ་ཡིག་ལ་སོགས་པའི་དབྱངས་ཀྱིས་ཕྱེ་བ་རྣམས་གཞུ་དང་སྡིག་པ ་ལ་སོགས་པའི་དབྱེ་བས་སོ།། དེ་ལྟར་རླུང་ལ་སོགས་པའི་རྩིབས་རྣམས་ལ་ས་ལ་སོགས་པ་སྟེ། གཡས་ཀྱི་དཀྱིལ་འཁོར་འབབ་པ་ལས་སོ།། སྟེང་ལ་སོགས་པའི་རྩིབས་རྣམས་ལ་ནི་མཁའ་ལ་སོགས་པ་སྟེ། གཡོན་གྱི ་དཀྱིལ་འཁོར་རབ་ཏུ་འབབ་པ་ལས་སོ།། ཞེས་པ་ནི་ནང་གི་ངེས་པའོ།། འདིར་ལྷག་མ་ཚིགས་སུ་བཅད་པ་ལྔ་ནི་གོ་བླའོ།། ད་ནི་ལྷ་རྣམས་ཀྱི་གནས་ལ་སོགས་པའི་གནས་གསུངས་པ། ལྷུན་པོ་ཞེས་པ་ལ་སོགས་པ་སྟེ། འདིར ་ལྷུན་པོའི་ཕྱོགས་བརྒྱད་རྣམས་ལ་སྟེང་དུ་རྣལ་འབྱོར་མའི་འཁོར་ལོ་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པ་སྟེ། འོག་ཏུ་ས་ལ་སེམས་ཅན་གྱི་དོན་གྱི་སླད་དུ་ཡང་དག་པར་རྒྱུའོ།། དེ་བཞིན་དུ་རྒྱ་མཚོའི་དཀྱིལ་འཁོར་དང་མེའི་དཀྱིལ ་འཁོར་དང་། རླུང་གི་དཀྱིལ་འཁོར་དང་། ན་མཁའི་མཐར་རོ་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་ལ་དཔག་ཚད་འབུམ་ལྔ་ཇི་སྲིད་པར་རོ།། སེམས་ཅན་རྣམས་ཀྱི་ལུས་ལ་སྐུའི་མཐར་ཁྱབ་པར་བྱེད་པ་ཉིད་དོ།། བཅོམ ་ལྡན་འདས་ཀྱི་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ལས་སོ།། འདིར་ལྷུན་པོའི་སྟེང་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་པདྨ་འདབ་མ་བཅུ་དྲུག་པའོ།། དེའི་སུམ་ཆེ་ནི་ལྟེ་བ་སྟེ། ལྟེ་བའོ་སྟེང་དུ་ཉི་མའི་དཀྱི ་འཁོར་རོ།། ཉི་མའི་སྟེང་དུ་དུས་ཀྱི་འཁོར་ལོའི་ཞབས་གཡས་པའི་འོག་ཏུ་བདུད་དང་། ཞབས་གཡོན་པའི་འོག་ཏུ་ཉོན་མོ་ངས་པ་སྟེ། དེ་ཡང་དྲག་པོའོ།། འདབ་མ་བརྒྱད་ལ་དུ་བ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ ་བརྒྱད་དོ།། དེ་རྣམས་ཀྱི་བར་བར་གྱི་འདབ་མ་རྣམས་ལ་བདུད་རྩིས་གང་བའི་ཐོད་པ་བརྒྱད་དོ།། དེ་ལྟར་འདབ་མ་བཅུ་དྲུག་ནི་དགའ་བའི་འཁོར་ལོ་སྟེ། དགའ་བ་བཅུ་དྲུག་གི་དབྱེ་བས་ལྷ་མོ་རྣམས་དང་ཐོད་པ་རྣམས་སོ།། བཅོམ ་ལྡན་འདས་ནི་ཐིག་ལེ་བཞི་འཛིན་པའི་ཕྱིར་ཞལ་བཞི་པའོ།། ཕྱོགས་ཉི་ཤུ་རྩ་བཞི་འགོག་པའི་ཕྱིར་ཕྱག་ཉི་ཤུ་རྩ་བཞི་པོའོ།། ལྷག་པའི་ཟླ་བའི་ཕྱོགས་གཉིས་འགོག་པའི་ཕྱིར་གཉིས་ལྷག་རྒྱལ་བའི་ཕྱག་རྒྱ་སྟེ། སྔར་གསུང ་པའི་རྡོ་རྗེ་ཤུགས་སོ།། བཅོམ་ལྡན་འོངས་མའི་ཞལ་གཅིག་ནི་སྟོང་པ་ཉིད་དོ།། ཕྱག་གཉིས་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་གོ།། གློ་གུག་དང་། ཕྱག་རྒྱ་དང་། ཐོད་པ་ལ་སོགས་པ་ནི་མངོན་པར་འདུས་མ་བྱས་པའོ།། ་དེ་ནས་པདྨོའི་ཕྱི་རོལ་ཏུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཐང་ཀའི་ཆར་སའི་དཀྱིལ་འཁོར་གྱི་ཚད་ཀྱིས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩཝ་ལྔ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་འཁོར་ལོ་སྟེ། དེའི་སུམ་ཆའི་སཱ་ལ་གྲི་གུག་ཕྲེང་བའོ།། ་གཉིས་ཀྱིས་རྩིབས་བརྒྱད་དོ།། དེ་བཞིན་དུ་རྒྱ་མཚོའི་ཕྱེད་ལ་སའི་འཁོར་ལོའོ།། ཕྱེད་ཕྱི་མ་ལ་ཆུའི་འཁོར་ལོའོ།། དེ་བཞིན་དུ་མེའི་དཀྱིལ་འཁོར་གྱི་ཕྱེད་ལ་མེའི་འཁོར་ལོའོ།། དེ་བཞིན་དུ་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལ ་ནམ་མཁའི་འཁོར་ལོའོ།། ཕྱེད་ཕྱི་མ་ལ་རྡུལ་ཚོན་གྱི་སའོ།། ནམ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་བཅུ་དྲུག་རྣམས་སོ།། ཞེས་པ་ནི་ངེས་པའོ།། འདིར་སྐུའི་མཐར་ཁྱུ་ཝ་ནི་ལུས་སོ།། དེས་ན་ན་མཁའི་དཀྱིལ་འཁོར་ལ་ཕྱི་རོལ་གྱི་དུར ་ཁྲོད་རྣམས་ཏེ། དེའི་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཀྱང་དཔག་ཚད་འབུམ་ཕྲག་ལྔའོ།། ཞེས་པ་འཁོར་ལོ་སྡོམ་པ་ཆེན་པོ་ལའོ།། དེ་ལྟར་རིམ་པ་བཞིན་དུ་ལྷུན་པོའི་ཕྱོགས་བརྒྱད་རྣམས་སུ་ཡེ་ཤེས་ཀྱི་ཁོམས་ཀྱི ་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་གནས་རྣམས་ཏེ། གཞུ་འགགས་པས་རྒ་ཤི་འགག་པའི་ཕྱིར་རོ།། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་གནས་རྣམས་ཏེ། སྡིག་པ་འགགས་པས་སྐྱེ་བ་འགག་པའི་ཕྱིར་རོ།། དེ ་བཞིན་དུར་ཁྲོད་གཉིས་སོ།། དེ་ནས་སའི་ཁྱམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཞིང་པོཞི་སྟེ། སྲོང་འགགས་པསྣ་སྲིད་པ་འགག་པའི་ཕྱིར་རོ།། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉོ་བའི་ཞིང་རྣམས་ཏེ། བུ་མ ་འགགས་པས་ལེན་པ་འགག་པའི་ཕྱིར་རོ།། དེ་བཞིན་དུ་དུར་ཁྲོང་གཉིས་སོ།། དེ་ནས་ཆུའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་ཚནཽ་དོ་ཧ་བཞི་སྟེ། སེང་གེ་འགགས་པས་སྲེད་པ་འགག་པའི་ཕྱིར་རོ།། ཕྱོགས ་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་ཚན་དོ་ཧ་རྣམས་ཏེ། ཀར་ཀ་ཊ་འགགས་པས་ཚོར་བ་འགག་པའི་ཕྱིར་རོ།། དེ་བཞིན་དུ་དུར་ཁྲོད་གཉིས་སོ།། དེ་ནས་མེའི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལོ་འདུས་པ ་བཞི་སྟེ། འཁྲིག་པ་འགགས་པས་རེག་པ་འགག་པའི་ཕྱིར་རོ།། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་འདུས་པ་རྣམས་ཏེ། གླང་འགགས་པས་སྐྱེ་མཆེད་དྲུག་འགག་པའི་ཕྱིར་རོ།། དེ་བཞིན་དུ ་དུར་ཁྲོད་གཉིས་སོ།། དེ་ནས་རླུང་གི་ཁམས་ཀྱི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམསཽ་ལ་དུར་ཁྲོད་བཞི་སྟེ། ལུག་འགགས་པས་མིང་དང་གཟུགས་འགག་པའི་ཕྱིར་རོ།། ཕྱོགསོ་བྲལ་གྱིས་རྩིབས་རྣམསཽ་ལ་ཉེ་བའི་དུར་ཁྲོད ་རྣམས་ཏེ། ཉ་འགགས་པས་རྣམ་པར་ཤེས་པ་འགག་པོའི་ཕྱིར་རོ།། དེ་བཞིན་དུ་དུར་ཁྲོད་གཉིས་སོ།། དེ་ནས་ན་མཁའི་འཁོར་ལོའི་ཕྱོགས་ཀྱི་རྩིབས་རྣམས་ལ་པིའི་ལ་བ་འམ། ཁྱིམ་བཞི་སྟེ། བུམ་པ་འགགིས ་པས་འདུ་བྱེད་འགག་པའི་ཕྱིར་རོ།། ཕྱོགས་བྲལ་གྱི་རྩིབས་རྣམས་ལ་ཉེ་བའི་པའི་ལེ་བ་རྣམས་ཏེ། ཆུ་སྲིན་འགགས་པས་མ་རིག་པ་འོགག་པའི་ཕྱིར་རོ།། དེ་བཞིན་དུར་ཁྲོད་གཉིས་སོ།། དུས་སྦྱོར་གྱི་ཐུན་མཚམས་བཞི ་འགགས་པས། གཞན་དུ་རི་ཁྲོད་བཞིའོ།། ཡང་ན་ཟླ་བའི་ཆ་བཅུ་དྲུག་འགགས་པས་དུར་ཁྲོད་བཅུ་དྲུག་རྣམས་ཏེ། དེ་བཞིན་དུ་བདེན་དོན་རྣམ་པ་བཅུ་གཉིས་ལྡན། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེསོ་སོ།། ཐུན་ཚོད་བརྒྱད ་འགགས་པས་ལྷ་མོ་བརྒྱད་དེ། ཡང་ན་གཟའ་རྣམས་འགགས་པའི་ཕྱིར་རོ།། དོན་དམ་པའི་རྟེན་ལ་སྒྲིབ་པ་མེད་པའི་ལྷ་མོ་རྣམས་བརྟེན་པའི་རང་བཞིན་ནོ།། ཞེས་པ་དོན་དམ་པའི་བདེན་པར་འགྱུར་རོ།། འཇིག་རྟེན་གྱི ་ཀུན་རྫོབ་ཀྱིས་ཀྱང་གནས་ལ་སོགས་པར་སྔགས་ཀྱི་ལྷ་རྣམས་སྐྱེ་བ་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཀཱ་མ་རཱུ་པ་ཛ་ལར་གྲགས།། པཱུ་རྡྷ་གི་རེ་དེ་བཞིན་གནས།། ཨོཾ་ཌི་ཡཱ་ཎུ་བཞི་པར་འགྱུར།། ཤཱིཥཱཾ ་བྷཱུ་སྨྲྀ་དེར་གཱ་ཙ་མཽ།། གོ་དཱ་བཱ་རཱི་རཱ་མ་ཤྭ།། དེ་བཱི་ཀོ་ཊ་མཱ་ལཱ་ཝ།། ཉོ་བའི་གནས་བཞི་འདི་རྣམས་སུ། སྟྲྀ་རྦཱཥྚཾ་ཤཱི་ག་ཙཾ་མོ།། ཨཪྻཱང་མུ་མྨཱ་ནཱི་ནི་།། ཨཾ་དྲྀ་ཀཱི་ར་ཎྱ་པཱ་ཊ།། དྷི་དྷྭཾ་བུ་ཛཱ་ཞེས་ལྷ་མོ།། རྣམས་རྟེན་ནོར་འཛིན་བཞི་ལའོ།། ་ཀུ་ནི་ཉེ་བའི་ཞིངདཱ།། དེ་བཞིན་ཀཱ་ར་མྦཱ་ར་པཱུ་ཏཱ།། ཀོ་ཤ་ལཱ་དྱཱང་ལཱ་ཌའི་ཡུལ།། དྷྲྀ་བྷཱུ་དྷཽ་དྷི་དེར་གཙེམ།། ཀཱི་ལིང་ག་ཧྲ་རི་ཀེ་ལ།། ཙིནྟ་དྷོ་པཽ་ལཾ་པཱུ་ཀཾ།། ཆེན་དོ་ཧ་ནི་རྣམ་པ་བཞི།། བྷི་བྷྲྀ་གུ་བྷྲྀ་དེར་གཙོ་མོ།། ཀཱནྟི་ཀོང་ཀ་ཎ་ཀཱ་དང་།། ་མཱ་མ་ཡ་ཉ་བ་ཡི།། ཚན་དོ་བཞི་པ་ནི་པ་ལཱ་ཉིད།། པྲཱྀ་པཱུ་བྷྲྀ་བྷཱུ་དེར་གཙེ་མོ།། མཱ་ཏྲཱྀ་གྲྀ་ཧི་པླྀ་ཡཱ་ག། ཀོལླ་གི་རི་གཱཾ་ཧའི་ལྷ།། འདུས་པ་རྣམ་པ་བཞིར་འགྱུར་ཏེ།། བྷ་བྷཱུ་དྷུ་ཏྲྀ་དེར་གཙི་མོ།། སཽ་རཱཥྚ་དང་ཀྵསྨཱི་ར།། སུ་ཝ་ར་ཎ་གླིངི་སིང ་ཧ་ལ།། ཉོ་བའི་འདུས་པ་འདི་རྣམས་སུ།། རྟྲྀལྤཱ་བྷྲྀ་ཌྷི་གཙོ་མོའོ།། ན་ག་ར་མ་ཧན་དཱ་རི།། སཾ་ནི་དྷཱའི་ཡུལ་ཀི་རཱ་ཏ་ཀ། དུར་ཁྲོད་རྣམ་པ་བཞིར་འགྱུར་ཏེ།། ཛཱི་ཛཱ་ཚྭ་ནརྀ་དེར་གཙི་མོ།། མ་རུའི་ཡུལ་དང་གེ་ཧྲ་རཱི་ཉིད།། ཀུ་ལུ་ཏཱ་དང་ས་མ་ལ།། ་བཞིན་ཉ་བའི་དུར་ཁྲོད་གསུངས།། ཙྪ་ཆུ་ཛྙེ་ཛྙི་དིར་གོ་ཙ་མོ།། ཙ་རཾ་ཏྲ་ཀི་ར་ཎ་ཉིད།། བིན་དྷ་ཀ་མཱ་རི་ཀའི་གྲོང་།། རྣམ་པཞི་པའི་ལ་ཝ་ཞེས་གྲགས།། གྷི་གཱཾ་ཁུ་ཀློ་དོར་གཙོ་མོ།། ཉེ་ཁྱིམ་བི་ར་ཛཱ་ཀོ་ག། ཏྲི་པུ་རཱི་ཤྲྀ་ཧཊཱི་ཀ། རྣམ་པ ་འདི་བཞིར་གྲགས་པ་སྟེ། ཀྲྀ་འཁུ་གྷྲྀ་དེར་གཙོ་མོ།། ཐཱ་སོགས་བཅཝ་གཉིས་ཕོ་ཉ་མོ།། སྟོང་པའི་དཀྱིལ་འཁོར་གཙོ་མ་སྟེ།། ཧ་སོགས་བཞི་ནི་ཕྱི་རོལ་གྱི།། དུར་ཁྲོད་ལ་སྟེ་ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿབཅུ་དྲུག། ་ཕོ་ཉ་མོ་དེ་པད་འདབ་ལ།། བརྒྱད་ཉིད་ལ་ནི་ཐོད་པ་རྣམས།། ལྟེ་བའི་རྩེ་མོར་གཙོ་བོ་སྟེ།། ཡན་ལག་བཅུ་གཉིས་འགགས་པ་ཡིས།། དུས་སྦྱོར་ལ་ནི་མི་འབབ་ཕྱིར།། སཽ་རྣམས་བཅུ་གཉིས་ཤེས་གྲགས་པ།། དོན་དམ་པར་ནི་གནས ་ལ་སོགས།། མ་རིག་ལ་སོགས་ལུགས་མཐུན་གྱིས།། ཆུ་སྲིན་སོགས་ལ་ཀུན་རྫོབ་ཏུ།། གཞུ་ལ་སོགས་པ་ལུགས་བཟློག་གིས།། རྒ་ཤི་ལ་སོགས་དེ་དག་རྣམས།། སྒྲིབ་པ་མེད་པའི་ཆོས་ཀྱིས་ནི།། དག་པའི་ཆོས་ཀྱི་རབ་དབྱེ་ལས།། ། ་མཁའ་འགྲོ་མ་རྣམས་ལུས་ཀྱི་ཁམས།། རྣམ་པ་བདུན་ཅུ་གཉིས་རབ་གསུངས།། ཀུན་རྫོབ་སྔགས་གྲུབ་གང་དེ་དག། ཁྱིམ་སོགས་རྣམས་སུ་གཙོ་མོ་སྟེ།། དེ་ནས་དེ་རྣམས་ས་བོན་ཡིག། གནས་སོགས་དང་པོར་གྱུར་པའོ།། ཞེས ་པ་ནི་འདི་ལྟེ་སྟེ། ཀཱ་ཛཱ་པཱ་ཨ་ཞེས་པ་ནི་གནས་རྣམས་ལའོ།། གོ་རཱ་དེ་མཱ་ཞེས་པ་ནི་ཉེ་བའི་གནས་རྣམས་ལའོ།། ཨ་མུ་ཨཽ་ཀཱ་ཞེས་པ་ནི་ཞིང་རྣམས་ལའོ།། ཏྲི་ཀ་ཀོ་ལཱ་ཞེས་པ་ནི་ཉེ་བའི་ཞིང་རྣམས་ལའོ།། ཀ་ཧ་ཙ་ལ་ཞེས་པ་ནི ་ཚན་དོ་ཧ་རྣམས་ལའོ།། ཀཱཾ་ཀོ་ཧི་ནེ་ཞེས་པ་ནི་ཉེ་བའི་ཚན་དོ་ཧཾ་རྣམས་ལའོ།། མཱ་པྲ་ཀོ་གྲི་ཞེས་པ་ནི་འདས་པ་རྣམས་ལའོ།། སཽ་ཀཱ་སུ་སི་ཞེས་པ་ནི་ཉེ་བའི་འདུས་པ་རྣམས་ལའོ།། ན་མ་སི་ཀི་ཞེས་པ་ནི་དུར་ཁྲོད་རྣམས་ལའོ།། མ ་ག་ཀུ་ས་ཞེས་པ་ནི་ཉེ་བའི་དུར་ཁྲོད་རྣམས་ལའོ།། ཙ་ཀེ་བི་ཀཽ་ཞེས་པ་ནི་པཱི་ལ་བ་རྣམས་ལའོ།། བི་ཀོ་ཏྲི་ཤྲི་ཞེས་པ་ནི་ཉེ་བའི་པཱི་ལ་བ་རྣམས་ལའོ།། དེ་བཞིན་དུར་ཁྲོད་རྣམས་ལ་སྟེ། རླུང་གི་སྒོའི་གཡོན་དང་གཡས་དག་ཏུ་ཀཾ་ཀཱ་ཡ ་ལ་ཀིཾ་དོ། ཀོ་ལ་ཧ་ལ་ལ་ཀཾའོ།། ཡང་ན་གྲཱ་བྷཱུའོ།། དེ་བཞིན་དུ་ནུབ་དང་། མཱུང་གི་སྒོར་པཱུ་ཏཾ་གན་དྷཱ་ལ་པཱུའོ།། སིརྦྦེ་དམ་ཤ་ལ་སའོ།། ཡང་ན་ནཱ་ནཱའོ།། བྱུང་གི་སྒོར་ཀྵི་ནཾ་ལ་ཀྲཱིའོ།། དབང་ལྡན་དུ་བྷཱུ་ལ་མཱི་ཏྱཱ་ལ་པའོ།། ཡང་ན་མ་མཱའོ།། དང ་བདེ་ན་བྲལ་གྱི་སྒོར་ཤ་བ་ད་ཧ་ན་ལ་ཤའོ།། གྷོ་རུ་ཡུད་དྷཾ་ལཾ་གྷའོ།། ཡང་ན་ཎ་ཎཱའོ།། ཤ་རི་དང་མཽ་ལྷའི་སྒོར་ཤཱུ་ལ་བེ་ད་ལ་ཤཱའོ།། ཨུཙྪིཥྚ་བྷོཀྵ་ལ་ཨུའོ།། ཡང་ནི་ཉ་ཉའོ།། མེའི་སྒོ་གཡོན་དང་གཡས་དག་ཏུ་བྷཱི་མ་ལ་བྷིའོ།། བྷ ་ཡཾ་ཀ་ར་ལཾ་བྷའོ།། ཡང་ནཱ་ད་དཱའོ།། དབང་ལྡན་གྱི་སྒོའི་གཡོན་དང་གཡས་དག་ཎྱེ་ཧ་ཧཱ་ཀཱ་ར་ལ་ཧཱའོ།། ཨནྡྲ་ཊྚ་ཧཱུཾ་ས་ལ་ཨའོ།། ཡང་ན་ཧཻ་ཧཱཾའོ།། བདེན་བྲལ་གྱི་སྒོའི་གཱ་ཡོན་དང་གཡཱས་དག་ཏུ། རྀ་དྲ་ནཱ་དཱ་ལ་རོའོ།། ཕིཊ་ཀ་ར་ལི་ཕའོ།། ་ཡང་ན་ཀྵ་ཀྵའོ།། ཞེས་པ་ནི་དུར་ཁྲོད་བཅུ་དྲུག་གི་ལྷ་མོ་རྣམས་ཀྱི་ས་བོན་ནོ།། དེ་ལྟར་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཉེས་འགྱུར་ནི་འཇིག་རྟེན་པོའི་ཐ་སྙད་ཡུལ་གྱི་ཐ་སྙད་ཀྱིས་བྱིས་པའི་སྐྱེ་བོ་རྣམས་བསྒྲིལ་བའི་སླད་དུ་གསུངས་སོ།། ་རྣམ་པར་དཔྱད་ན་ཀཱ་མ་རཱུ་པ་དང་། ཛཱ་ལོན་དྷ་ར་ལ་སོགས་པ་གནས་ལ་སོགས་པ་ཡིན་པ་ནི་བརྫུན་ཏེ། གྲོང་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་གཅིག་ལ་ཡང་གོནས་ལ་སོགས་པ་རྣམས་གསུངས་པའི་ཕྱིར་དང་། དེ ་བཞིན་དུ་བོང་དང་རྒྱ་ནག་དང་རྒྱ་ནག་ཆེན་པོ་ལ་སོགས་པ་གྲོང་བྱེ་བ་བྱེ་བའི་ལྷག་པའི་ལྷ་དང་ལྡན་པའི་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་མ་གསུངས་པ་ཉིད་ཀྱི་ཕྱིར། ཕོ་ཉ་མོ་རྣམས་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་དོ།། དེས ་ན་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ཤར་གྱི་ལུས་འཕགས་གནས་ཡིན་ཏེ། ལྷོ་རུ་འཛམ་བུའི་གླིང་དང་ནི། ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད།། བྱང་དང་བང་གི་སྒྲ་མི་སྙན།། ཕྱོགས་བྲལ་རྣམས་སུ་ཉེ་བའི་གླིང ་ཉེ་བའི་གནས་འགྱུར་ས་བཞི་ལའོ།། དེ་བཞིན་ཞིང་ལ་སོགས་པ་ཀུན།། རྒྱ་མཚོའི་དཀྱིལ་འཁོར་སོགས་རྣམས་ལ། ཞེས་སོ།། དེའི་ཕྱིར་འཁོར་ལོ་གསུམ་གྱི་སྦོམ་པོ་དང་དགྱེས་པོའི་རྡོ་རྗེ་ལས་བཅོམ་ལྡན་འདས་ཀྱི་སྔ་མ་དང་ཕྱི་མའི་གསུང ་འགལ་བ་གང་ཡིན་པ་དེ་ནི་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་འཛིན་པ་དགྲོལ་བའི་སླད་དུ་སྟེ། འདིར་འཁོར་ལོ་སྡོམ་པ་ལས་གནས་དང་ཉེ་བའི་གནས་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་དག་ནི་དགྱེས་པའི་རྡོ་རྗེ་ལསོ་ཞིང་དང་ཉེ ་བའི་ཞིང་ལ་སོགས་པ་འཁྲགས་འཁྲུགས་སུ་གསུངས་སོ།། རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་གནས་ལ་སོགས་པར་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ།། ནང་དུ་མ་རིགས་པ་ལ་སོགས་པ ་འགགས་པའི་དུས་སྦྱོར་བཅུ་གཉིས་རྣམས་ཏེ། རྒ་ཤི་ལ་སོགས་པ་འགགས་པའི་གཞུ་ལ་སོགས་པས་གནས་ལ་སོགས་པ་རྣམས་རྟོགས་པར་བྱའོ།། གནས་ལ་སོགས་པ་དེ་རྣམས་སུ་དེ་བཞིན་གཤེགས་པའི་རྣམ ་པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཁམས་རྣམས་ལྷའི་གཟུགས་ཀྱིས་བྱོན་པ་འམ། གཤེགས་པ་འདས་པའི་དུས་ན་བྱུང་བར་གྱུར་པ་དང་། ད་ལྟར་བྱུང་བ་ན་ཡོད་པ་དང་། མ་འོངས་པ་ན་འབྱུང་བར ་འགྱུར་བ་སྟེ། དབང་བྱེད་པ་དང་ལོངས་སྤྱོད་པ་དང་ཐིམ་པའི་དབྱེ་བས་སོ།། ཀུན་རྫོབ་ཏུ་ནི་འཁོར་ལོ་གསུམ་གྱི་སྡོམ་པ་ལས་ལོངས་སྤྱོད་པ་དང་ཐིམ་པ་དང་། དབང་བྱེད་པའི་བདག་པོ་ཉིད་དུ་ཐུན་མཚམས་དང་ཐུན་ཚོད་དང་དུས་སྦྱོར ་ཕྱེད་ཀྱི་དབྱེ་བ་ས་ལྷོ་མོ་བཞི་དང་བརྒྱད་དང་ཉི་ཤུ་རྩ་བཞི་རྣམས་གསུངས་སོ།། འདིར་འཁོར་ལོ་དྲུག་གི་སྡོམ་པ་ཆེན་པོ་ལས་དུས་སྦྱོར་གྱི་དཀྱིལ་འཁོར་རབ་ཏུ་འབབ་པོས་དབང་བྱེད་པ་དང་། ཐིམ་པའོ་ཞེས་པ་སྟེ། འདིར་དབང་བྱེད ་པ་ཞེས་བྱ་བ་ནི་སྲོག་གིས་བྱིན་གྱིས་བརླབས་པའོ།། དེ་ཉིད་ནི་ལོངས་སྤྱོད་པ་སྟེ་བདག་པོ་ཉིད་དོ།། ཐིམ་པ་ཞེས་བྱ་བ་ནི་འགྲོ་བར་བྱ་བའི་གནས་སོ།། དེས་ན་རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་ཞེས་པ་འདིར་ནི་མདུན་དེ་ཉིད་ལྔའི་རང་བཞིན ་རྣམས་ཀྱིས་ཏེ། ཞེས་པ་ལྀ་སོགས་པ་རྒྱས་པར་མཛད་དེ། འདིར་གཡས་ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་ཆུ་དོ་ཚོད་ལྔའི་བདག་ཉིད་ཀྱིས་ཆུ་ཚོད་དང་པོ་ལ་སའི་དཀྱིལ་འཁོར་རོ།། ལྟེ་བུར་རྩིབས་བཅུ་གཉིསུཾ་ལས་ནུབ་ཕྱོགས་ཀྱི་ཆར ་ཆུ་སྲིན་གྱི་འདབ་མ་ལ་སྲོག་རབ་ཏུ་འབབ་སྟེ། རླུང་གི་རྩིབས་ལ་ཞེས་པ་བརྟགས་པའོ།། འདི་རཾ་གང་གི་ཚེ་སྲོག་གི་ནུས་པའི་ལྷ་མོ་སིའི་དཀྱིལ་འཁོར་ལ་དབང་བྱེད་པ་གནས་པ་དེའི་ཚེ་འགྲོ་བར་བྱ་བ་ཆུའི་དཀྱིལ་འཁོར་ལ་ཐིམ་པ ་སླར་ཡང་སྐྱེ་བ་འཛིན་པ་ནི་སྔ་མ་འགྲགས་ཤིང་ཕྱི་མཱ་སྐྱེ་བ་སྟེ། ཁ་ཏོན་དང་མར་མེ་ལ་སོགས་པའི་དཔེ་བཞིན་དུ་འདིར་ཡང་ཡང་འཆི་བའི་ཐ་མ་དང་། སྐྱེ་བའི་ཆ་ཅན་གྱི་ཆོས་དག་ལའོ།། དེས་ན་སའི ་དཀྱིལ་འཁོར་ལ་དབང་བྱེད་པ་དང་། ཆུའི་དཀྱིལ་འཁོར་ལ་ཐིམ་པའོ།། ཆུའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་། མེའི་དཀྱིལ་འཁོར་ལ་ཐིམ་པའོ།། མེའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་། རླུང་གི་དཀྱིལ་འཁོར་ལ་ཐིམ་པའོ།། ་རླུང་གི་དཀྱིལ་འཁོར་ལ་དབང་བྱེད་པ་དང་། སྟོང་པའི་དཀྱིལ་འཁོར་ལ་ཐིམ་པའོ།། སྟོང་པའི་དཀྱིལ་འཁོར་ལ་དབང་བྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པའོ་ཞེས་པ་ནི་ཚྭ་སྲིན་ལའོ།། དེ་ནས་བུམ་པའི་འདབ་མ་ལ ་དབུ་མར་ཡང་དག་པར་རྒྱུ་བ་གང་ཡིན་པ་དེ་ནི་འཁོར་ལོའི་སྟེང་དུ་གསུངས་ཏེ། འདིར་གང་གི་ཚེ་ཨ་བ་དྷཱུ་ཏིར་ཡེ་ཤེས་ཀྱི་འཁོར་ལོ་ལ་དབང་བྱེད་པ་དེའི་ཚེ་གཡོན་གྱི་རྩར་ན་མཁའི་དཀྱིལ་འཁོར་ལ་ཐིམ་པའོ།། གང་གི་ཚེ་ན་མཁའི ་དཀྱིལ་འཁོར་ལ་དབང་བྱེད་པ་དེའི་ཚེ་རླུང་ལ་ཐིམ་པའོ།། དེ་བཞིན་དུ་རླུང་ལ་དབང་བྱེད་པ་དང་མ་ལ་ཐིམ་པའོ།། མེ་ལ་དབང་བྱེད་པ་དང་ཚུ་ལ་ཐིམ་པའོ།། ཆུ་ལ་དབང་བྱེད་པ་དང་ས་ལ་ཐིམ་པའོ།། ས་ལ་དབང་བྱེད་པ་དང་ཨ་བ་དྷུ ་ཏིར་ཡེ་ཤེས་ཀྱི་དཀྱིལོ་འཁོར་ལ་ཐིམ་པའོ།། དེ་བཞིན་དུ་ཉ་དང་ལུག་གི་དཀྱིལ་འཁོར་རྣམས་ལ་སྟེ། དེ་བཞིན་དུ་ཁྱུ་མཆོག་དང་འཁྲིག་པ་དག་དང་། ཀ་ར་ཀ་ཊ་དང་སེང་གེ་དག་དང་། བུ་མོ་དང་སྲང་དག་དང་། སྡིག་པ་དང ་གཞུ་དག་ལའོ།། དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་རྣམས་དུས་སྦྱོར་གསུམ་གྱིས་ཐར་བཞི་ནི་དབུས་མ་ལ་རིག་པར་བྱའོ།། རླུང་དང་དབང་ལྡན་ལ་མིན་མེ་དང་འོག་དང་མཁའ་དང་ལྷ་དང་གཤིན ་རྗེ་གནོད་སྦྱིན་ནུབ་ཏུ་དཀྱིལ་འཁོར་བཅུ་པོ་རྣམས་ལ་སྟེ། ཡང་ཡིག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་ངོ་།། ཆུ་སྲིན་དང་བུམ་པ་ལ་སྟེ། དེ་བཞིན་དུ་གཞན་ལ་ཡང་ངོ་།། ད་ནི་ཆུ་སྲིན་ལ་སོགས་པ་རྣམས་ཀྱི་རྟེན་གྱི་འཁོར ་ལོའི་རྩ་རྣམས་གསུངས་པ། གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ། འདིར་གཙུག་ཏོར་གྱི་འཁོར་ལོའི་ཟླུམ་སྐོར་དང་པི་ལ་རྩ་བཞི་དང་དབུས་སུ་གཅིག་གོ།། དེ་བཞིན་དུ་སྙིང་ཁ་ལ་སོགས་པའི་འཁོར་ལོ་རྣམས་ལའོ།། དེས་ན ་ཆུ་སྲིན་དང་བུམ་པ་དག་ལ་གཙུག་ཏོར་གྱི་འཁོར་ལོར་རླུང་གི་རྩིབས་ལ་སོགས་པ་ཡང་དག་པར་རྒྱུ་སྟེ། ན་མཁའ་དག་པས་འཁོར་ལོའི་དང་པ་ལ་རྡོ་རྗེའི་མཚན་མའོ།། དེས་ན་དཀྱིལ་འཁོར་དུ་ན་མཁའི་འཁོ་ལོ་ལ་རྡོ་རྗེ་ཕྲེང ་བའོ།། དེ་བཞིན་དུ་ཉ་དང་ལུག་དྲག་ལ་སྙིང་ཁའི་རང་བཞིན་ལས་རླུང་གི་འཁོར་ལོ་ལ་རལ་གྲཝའི་ཕྲེང་བའོ།། དེ་བཞིན་དུ་གླང་དང་འཁྲིག་པ་དག་ལ་མགྲིན་པར་གནས་པ་ལ་སྟེ། མེའི་རང་བཞིན་ལས་མེའི་འཁོར་ལོ་ལ་རིན་པ ་ཆེའི་ཕྲེང་བའོ།། ཀེར་ཀ་ཊ་དང་སེང་ཀེ་དྲག་ལ་མགོ་བོ་ལ་གནས་པ་ལ་སྟེ། ཆུའི་རང་བཞིན་ལས་ཆུའི་འཁོར་ལོ་ལ་པདྨའི་ཕྲེང་བའོ།། བུ་མོ་དང་སྲང་དག་ལ་ལྟེ་བའི་འཁོར་ལོ་ལ་སྟེ། སའི་རང་བཞིན་ལས་འཁོར་ལོའི་ཕྲེང ་བའོ།། སྡིག་པ་དང་གཞུ་དག་ལ་གསང་བའི་འཁོར་ལོ་སྭཱ། ཡེ་ཤེས་ཀྱི་རང་བཞིན་ལས་གྲི་གུག་གི་ཕྲེང་བའོ།། འཁོར་ལོ་རྩིབས་བརྒྱད་བརྒྱུད་པ་འདི་རྣམས་ལ། འོག་དང་སྟེང་དུ་ཉིན་ཞག་སོ་སོར་ཆུ་སྲིན ་གྱི་དུས་སྦྱོར་ནས་རྩམས་དེ། སྲོག་གི་ཡང་དག་པར་རྒྱུ་བ་འདི་རྣལ་འབྱོར་པས་རིག་པར་བྱའོ།། འདྲིར་གང་དང་གང་དུ་སྲོག་དབང་བྱེད་པ་དེ་དང་དེར་དཀྱིལ་འཁོར་གཙོ་མོའི་མིང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་རྐང་པ་བཞི་བཅུ་རྩེ ་བརྒྱད་པའི་རྐང་པ་གཅིག་བཟུང་ནས་སྲོག་ལ་རབ་ཏུ་འདྲིབབ་པས་བཟླས་པར་བྱ་སྟེ། བགྲོང་འཕྲེང་གིས་ནི་མ་ཡིན་ནོ།། དེ་བཞིན་དུ་རྐང་པ་བཅུ་དྲུག་པའི་རྐང་པ་རེ་རེ་བཟུང་ནས་དུར་ཁྲོད་ཀྱི་ལྷ་མོའི་མིང་དང་བཅས་པ་བཟླས་པར་བྱའོ།། ་རྐང་པ་བརྒྱད་ནི་པདྨའི་འདབ་མའི་ལྷ་མི་བརྒྱད་དང་ལྷན་ཅིག་ཏུའོ།། ཞེས་པ་འཆད་པར་འགྱུར་རོ།། དེ་ལྟར་ཆུ་སྲིན་ལ་སོགས་པ་དུས་སྦྱོར་གཉིས་གཉིས་ཀྱི་བར་དུ་དབྱུ་གུ་བཅུ་བཅུ་རྣམས་ལ་ཕོ་ཉ་མོ་རྣམས་ཀྱི་འཁོར་ལོ་ཡང་དག ་པར་རྒྱུའོ།། དེ་ལྟར་ཉིན་ཞག་གི་དབྱུ་གུ་དྲུག་ཅུ་པོ་རྣམས་ཀྱི་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལ་སྲོག་གི་ཡང་དག་པར་རྒྱུའོ།། དེ་ལྟར་ཕྲ་མོ་དང་ལུས་སྐྱེས་དང་མི་དང་འབྱུང་པོ་དང་། ལྷ་དང་ལྷ་མ་ཡིན་གྱི་རྣམས་ཀྱི་རང་རང་གི་ཉིན ་ཞག་དང་རང་རང་གི་དཀྱིལ་འཁོར་རྣམས་ལ་རྣལ་འབྱོར་མ་ཡང་དག་པར་རྒྱུ་བ་ནི་སྐྱེ་བ་དང་འཇིགས་པའི་རྒྱུར་གྱུར་པ་སྟེ། སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ།། འབྱུང་དང་སྡུད་པར་བྱེང་བ་མོ།། ཇི་ལྟར་དེ་བཞིན་རང་བྱེད་པོ།། འཕྲོག ་བློ་རྡོ་རྗེ་འཛིན་བཤད་དང་།། ཤེས་རབ་ཕ་རོལ་ཕྱིན་བྱེད་མ།། སངས་རྒྱས་བྱེད་མིན་ལུས་ཅན་གྱིས།། འཕྲོག་མོ་འཕྲོག་པོ་སངས་རྒྱས་པ།། རྣམས་ལ་བདེན་གསུང་གི་མ་བསྐྲུན།། ལུས་དང་ངག་དང་ཡིད་ཀྱི་ལས།། དགེ་དང ་མི་དགེ་གང་བྱེད་པ།། དེ་ཡི་འབྲས་སུ་སེམས་ཅན་སྤྱོད།། བྱེད་པོ་གཞན་ནི་འགའ་ཡང་མེད།། ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་གཙོ་བོའི་གང་ན་གསུངས་པ། གཙོ་བོའི་ཞེས་པ་ལ་སོགས་པ་སྟེ། འདིར་གཙུག ་ཏོར་ལ་སོགས་པའི་འཁོར་ལོ་དྲུག་པོ་རྣམ་ལ་ཀ་ཡི་གུ་ལྷོ་སོགས་པའི་ཡི་གེ་རྣམས་ཀྱིས་རྣལ་འབྱོར་མ་རྣམས་ཀྱི་ཡང་དག་པར་རྒྱུ་བའོ།། དེ་ནས་གཙོ་བའི་ཆུ་སྐྱེས་ཏེ་དཀྱིལ་འཁོར་གྱི་དབུས་སུ་པདྨ་གང་ཡིན་པ་དེ་ནི་རྡོ་རྗེ་ཀུན ་གྱིས་སོ།། འགྱུར་མེད་ཅེས་པ་མིའི་ཕོ་བོའི་ཐིག་ལེ་བཞི་པོ་རྡོ་རྗེ་ནོར་བུར་གནས་པ་རྣམས་ཀྱུས་རྡོ་རྗེ་ནོ་བ་ལྔ་གནས་པའི་པདྨ་ཀུན་ནཱས་དཔའ་བ་ཐམས་ཅང་བཅོང་པ་མི་འཕོ་བ་ཉིད་ཀྱི་ཕྱིར། རྡོ་རྗེ་ཆེན་གྱི་བདེ་བ་མཉམ་པ ་ཀུནས་ཏེ། དུས་ནི་ཐམས་ཅད་དུ་རྣལ་འབྱོར་ས་རྣམས་ཀྱིས་དགའ་བོ་སྐྱེད་པའོ།། བོད་ཕྱིར་ཟླ་བ་ཞུ་པ་མི་འཕྲོ་བའི་བདེ་ཟླ་སའི་བདེ་བ་བླ་མའི་ཞལ་ཞེས་པ། ལྕེ་ཤེས་ཀྱི་ཞལ་དེ་ནི་གང་ཞིག་ཞུགས་པ་དུས་ཀྱི་འཁོར་བ ་དེ་ཉིད་དེ། རྣལ་འབྱོར་པར་འགྱུར་ཞེས་པ་ངེས་པའོ།། དེ་ལྟར་འཁོར་མ་འདི་ནི་དུས་སུ་གསུངས་ཤིང་། མ་རིག་པ་ལ་སོགས་པའི་ཆོས་དང་ལྡན་པ་ཕུང་པོ་ལ་སོགས་པའི་བདུད་བཞི་པོ་རྣམས་ཀྱི་འཆི་བའི་འཇིགས་བྱེང ་མཁའ་འགྲོ་མའི་འཁོར་ལ་འདི་དག་གོ།། ཞེས་པ་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་སྟེ། ལྷའི་ཚོ་གས་བརྟགས་པ་གཞན་ནི་མ་ཡིན་ནོ།། ད་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་སྔགས་ཀྱི་བཟླས ་པ་གསུངས་པ། ཤེས་རབ་ཐབས་ཤེས་པ་ལ་སོགས་པ་སྟེ། འདིར་དུས་ཀྱི་འཁོར་ལོ་ལ་ཤེས་རབ་ཐབས་ཀྱི་ཡི་གེ་ངག་གིས་ཤེས་པ་ནི། འདིར་གང་དུ་ཤེས་རབ་ཀྱི་ས་བོན་ཐུང་ངུ་ཡིན་པ་དེའི་ཚེ་ཐབས་ཀྱི་མངོན་དུ་ཕྱོགས་པའི་རིགས་ཀྱི ་དབང་གིས་རིང་པོར་འགྱུར་རོ།། གང་གིས་ཚེ་ཤེས་རབ་ཀྱི་རིང་པོ་ཡིན་པ་དེའི་ཚེ་ཐབས་ཀྱི་ཐུང་ངུའོ།། དེ་ལྟར་གཉིས་ཀའི་རིགས་ཀྱི་དབང་ལས་མཁའ་གྲོ་མ་དང་མཁའ་འགྲོའི་མིང་ཞེས་པ་ནི། ཤི་རྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་ཞེས་པ་ལ་སོགས ་པ་དང་། དེ་བཞིན་དུ་སྐུ་རྡོ་རྗེ་མ་དང་ཤི་རྡོ་རྗེ་སྟེ། ས་དང་རླུང་ཕན་ཚུན་དུ་ཤེས་རབ་དང་ཐབས་ཀྱི་དབྱེ་བ་ལས་སོ།། དེ་བཞིན་དུ་ཆུ་དང་མེ་དག་གིས་ཥྚྲྀ་རྡོ་རྗེ་མ་དང་། ཝུ་རྡོ་རྞྞ་མེ་ཞེས་པ་དང་། དེ་བཞིན་དུ་ཏུ་རྔོ་མ་དང་། ཥཱཾ་རྡོ་རྗེ་ཞེས་པ་མཁའ་འགྲོ ་མ་དང་མཁའ་འགྲོ་ཐམས་ཅད་ཀྱི་མིང་། རྡོ་རྗེ་གསུམ་པ་རྐང་པ་གཞོན་དང་བཅས་པས་ཐོག་མ་དང་དབུས་དང་ཐ་མར་ཕྱེད་པ་འོད་བཟླས་བྱ་སྟེ། ཞེས་པ་ནི། ཐོག་མར་ཨོཾ་ཡིག་གོ། དབུས་སུ་ཕྲེང་བའི་སྔགས་ཀྱི་རྐང་པ་དང་པོ་ལ་སོགས་དང་། ་དེ་ནས་རྡོ་རྗེ་ཕོ་ཉ་མོའི་ས་བོན་རྡོ་རྗེ་མཁའ་འགྲོ་མོ་དང་བཅས་པ་དང་། དེ་ནས་ཐུགས་རྡོ་རྗེ་ཧཱུཾ་ཡིག་ཐུང་ངུ་དང་གསུང་རྡོ་རྗེ་རིང་པོའོ།། ཐ་མར་ཕཊ་ཡིག་གོ།། དེ་ལ་ཕྲེང་བའི་སྔགས་ནི་རྐང་པ་བདུན་ཅུ་རྩ་གཉིས་པ་སྟེ། རྐང་པ་བདུན་ཅུ་རྩ ་གཉིས་པོ་དེ་རྣམས་ལས་དང་པོར་བརྒྱད་ནི་པདྨའི་འདབ་མའི་ལྷ་མོ་རྣམས་དང་ལྷན་ཅིག་གོ།། རྐང་པ་བཅུ་དྲུག་ནི་དུར་ཁྲོད་ལྷ་མོ་རྣམས་དང་ལྷན་ཅིག་གོ།། རྐང་པ་བཞི་བཅུ་རྩ་བརྒྱད་ནི་འཁོར་ལོ་དྲུག་གི་དཔའ་བོ་དང་། དཔའ་མོའི་དབང་ཕྱུག ་མའི་མིང་དང་ལྷན་ཅིག་ཏུ་བཟླས་པར་བྱའོ།། འདིར་རྐང་པ་བརྒྱད་དང་དུར་ཁྲོད་བཞིའི་རྐང་པ་སྲོག་གི་བྱིན་གྱིས་བརླབས་པ་རྣམས་ནི་ཆུ་སྲིན་ལ་སོགས་པ་ལ་འཕོ་བའི་དུས་སུ་དབུ་མར་རབ་ཏུ་ཞུགས་པ་བཅུ་གཉིས་རྣམས་ལ་བཟླས་པར ་བྱའོ།། ལྷག་མ་རྐང་པ་དྲུག་ཅུ་རྣམས་ནི་དཀྱིལ་འཁོར་ལྔའི་བྱིན་གྱིས་བརླབས་ཀྱིས་སྲོག་བྱིན་གྱིས་བརླབས་པ་གང་གི་དཀྱིལ་འཁོར་ཡིན་པ་དེ་ནི་ལྷག་པའི་ལྷ་དང་བཅས་པའི་ཕྲེང་བའི་སྔགས་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་པར་འགྱུརརོ།། ་རོ་ཡིས་འགྲོ་བ་རྣམས་ལ་གོནས་ཤེས་པ་འགྲོ་བ་དྲུག་ལོ་གནས་པ་བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ཐམས་ཅད་རྒྱུ་བའི་དབྱེ་བ་ལ་མྱུར་དུ་འགྲུབ་པར་འགྱུར་རོ།། ཞེས་པ་ནི་ངེས་པའོ།། འདིར་ཀུན ་རྫོབ་ཏུ་ལྷ་མོའི་ཕྲེང་བའི་སྔགས་ལ་ཆུ་སྲིན་ལ་སོགས་པ་དང་། ཀའི་སྡེ་པ་ལ་སོགས་པས་ཉེ་བའི་པཱི་ལཱ་བེ་ལ་སོགས་པ་དགོད་དེ། དེ་ལ་འཕོ་བ་བཅུ་གཉིས་ཀྱི་རྐང་པ་རྣམས་ནི་འདི་ལྟ་སྟེ། ཨོཾ་ཨཱ་ཧཱུཾ་ཧོ། བྷྲཱུཾ་ཀཱ་ལ་ཙཀྲ་སཱ་བཛྲ་ཧུཾ་ཧཱུཾ་5། ་ཞེས་པ་ཆུ་སྲིན་གྱི་འཕོ་བ་ལ་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་བཟླས་སོ།། དེ་བཞིན་དུ་ཨོཾ་དུར་དཱ་ན་ཏ་ད་མ་ཀཿཛཱ་ཏི་ཛ་ར་མ་ར་ཎཱན་ཏ་ཀོ་ཧ་བཛྲེ་ཧུཾ་ཧཱུཾ་ཕཊ། བུམ་པའི་འཕོ་བ་ལའོ།། ཨོཾ་ཏྲཻ་གྷྲྀ་བི་ཛ་ཡ་ཨཱ་བཛྲ་ཧུཾ་ཧཱུཾ་ཕཊ། ་ཞེས་པ་ཉ་ལའོ།། ཨོཾ་མ་ཧཱ་བཱི་རེ་ཤྲོ་ར་ཨ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལུག་ལའོ།། ཨོཾ་བཛྲ་བྷཻ་ར་བ་ཧཿབཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་གླང་ལའོ།། ཨོཾ་བཛྲ་ཀཱ་ཡ་ཨཿབཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་འཁྲིག་པ་ལའོ།། ཨོཾ་བཛྲེ་གཱ་ཏྲ ་ཧཾ་བཛྲེ་ཧུཾ་ཧཱུཾ་ཕཊ། ཞེསྭཱ་པ་ཀ་ར་ཀ་ཊ་ལའོ།། ཨོཾ་བཛྲ་ན~ཾ་ཏྲ་ཨཾ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཞེས་པ་སེང་གེ་ལའོ།། ཨོཾ་བཛྲ་ཤོ་ཏྲ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་བུ་མོའི་འཕོ་བ་ལའོ།། ཨོཾ་བཛྲཱི་གྷཱཎ་ཧཱ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པཾ་སྲུང་ལའོ།། ཨོཾ་བཛྲ་ཛཱི་ཧྲ་ཀྵ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས ་པབ་སྡིག་པ་ལྔའོ།། ཨོཾ་བཛྲ་དཱན་ཏ་ཀྵ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་གཞུའི་འཕོ་བ་ལཱ་དབུགས་དང་ལྷན་ཅིག་བཟླས་པར་བྱའོ་ཞེས་པ་སྟེ། འཕོ་བ་བཅུ་གཉིས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བཟླས་པའོ།། ཨོཾ་བཛྲ་ན་ཁཱ་ཀྵོ་བཛྲ་གྷི་བཛྲ་ཧུ~ཾ་ཧཱུཾ་ཕཊ ་ཞེས་པ་ཆུ་སྲིནྡ་གྱི་སའི་དཀྱིལ་འཁོར་ལ་རྐང་པ་དང་བཅས་པོའི་བཅུ་གཅིག་གིས་དམན་པའི་སུམ་བརྒྱ་དྲུག་ཅུ་བཟླས་ཏེ། དེ་ལྟར་ཐམས་ཅད་དུ་དཀྱིལ་འཁོར་དྲུག་ཅུ་པོ་རྣམས་ལའོ།། ཨོཾ་བཛྲ་ཀེ་ཤ་ཁྱཱ་བཛྲེ་གྲཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ ་ཆུ་ལའོ།། ཨོཾ་བཛྲ་ལོ་མ་གྷྲྀ་བཛྲེ་ཁུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་མེ་ལའོ།། ཨོཾ་བཛྲ་བྷ་ར་ཎ་གྷྲི་བཛྲེ་ཀྲཱྀ་བཛྲ་ཧུཾ་ཧཱུ~ཾ་ཕཊ་ཞེས་པ་རླུང་ལའོ།། ཨོཾ་བཛྲ་ཧཱ་ས་པཾ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པཾ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ།། ཐབས་ན་བཅོམ ་ལྡན་འདས་ཏེ། ངེས་ན་ས་བོན་གཉིས་པ་མེད་ངོ་།། དེ་ལྟར་ཐམས་ཅད་དུ་ན་མཁའི་དཀྱིལ་འཁོར་ལ་ཤེས་པར་བྱའོ།། ཨོཾ་བཛྲ་གཱི་ཏ་ང་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་བུམ་པའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། ཨོཾ་བཛྲ ་ནྱཱ་ཀྵྨ་བཛྲཀླེ་བཛྲཱ་ས+འུདྡྷ་ཕཊ་བྷེ་པམྦྷ་སཧཱ།། ཨོཾ་བྱཱདྡྷཱ་ས་དྷ་ཀཱ་རཿཁརྦྦ་དྦྷ་བརྡྷ་ཧུདྡྷ་ཕཊ་ཞེས་པ་སྣརེལ།། ཛཱ་ཀྐོཏྶཱ་ཎྜཱི་བ་ཏཱཾ་ཁཱ་བཛྲཱ་གྷྲ་བཱརྡྷ་དྷ་ཙྪ་བཊ་ཞེས་བརྒྱ་ལའོ།། ཨོཾ་བརྞ་ཐཱཀཱཀྶཾ་བཱདྡྷོཀྵྨ་བཛྲ་ཙྪདྷཱུ་ཕཊཞེས་པ་སྱཱ་རཱ་ན ་འཁོར་ལ་དབུས་ཀྱི་བཟླས་པའོ།། དེ་ལྟར་ཀའི་སྡེ་པ་སོང་དེ།། དེ་ནས་ཉཝ་ལ་ཨོཾ་བཛྲ་བཱ་ཀོ་ནཱ་ཛ་ལ་པ་ར་བྲྀ་ཏནྟཾ་བཛྲེ་དྷི་བཛྲེ་ཧུ~ཾ་ཧཱུ~ཾ་ཕཊ་ཞེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། ཨོཾ་ཤཱི་གྷྲ་མཱ་གཙྪ་གཙྪ་ནྟུ་བཛྲེ་བྷྲཱུཾ་བཛྲེ་ཙུཧཱུཾ ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་བཛྲ་སཏྭཱ་ཛྙཱ་ཡ་སརྦ་མཱ་རཱ་བིགྷྣ་བི་ནཱ་ཡ་ཀ་ཀིན་ནཱ་ར་ཀི་པཱུ་རུ་ཥྚ་གི་རུ་ཌ་གན་རྠ་རྦ་ཡེ་ཀྵ་ནཱཀྵ་ས། བྷཱུ་ཏ་པྲ་ཏ་ཀུམ་བྷཱཿབྷཱ་བསྨཱ་རེཀྵེ་ཏྲ་པ་ལ་བཻ་ཏཱ་ཌ་པཱུ་ཏཱ་ནཾ། དུཥྚ་ནཱ་ག་གྲ་ཧཱ་ཡཽ་ཡཻ་སརྦཾ་ཛྭ་ར~ཾ་སརྦཾ་བྱཱ་དྷི་བྷྲྀཀྵུ་དྲྀ་བ ་དྲ་བ་ཀ་རཱི་ཎི། སརྦ་སཏྭཱ་པ་ཀཱ་ར་ར་ཏཱིནྟེ་སརྦཱ་ནཿཤྲཱིབྷཱུཾ་དྷེ་ཀུ་ཤེ་ནཱ་ཀཱཾ་ཥྱ་ཀཱཾ་བྷྱ་བཛྲཱི་བཛྲེ་ཆུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེསྟ་པཱ་མེ་དཀྱིལ་འཁོར་ལོའོ།། ཨོཾ་ཨུརྞྞཾ་དཾ་ཤཾ་ག་ཏཱ་ནཱ་ཀྲཱྀཥྚོཀྵཱི་ཥྱཾ་དྷཱི་བཛྲ་ནྣི་བཛྲཱི་ཙུ་ཧཱུ~ཾ་ཕཊ་ཞེས་པ་རླུང་ལྷའོ།། ཨོཾ་པཱུརྠ་དོ ་གཻ་ཏཱ་ནཱ་ཀྲྀ་ཥྱཱ་ཀྲཱྀ་ཥྱ་ཉ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ།། དེ་ནས་ལུག་ལ་ཨོཾ་རཀྵི་ཎ་དི་ཤིག་ཏཱ་ནཱ་ཀྵོ་ཐྱཱ་ཀྲྀ་བྱཱ་ཉ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཞེས་པ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དོ།། ཨོཾ་ཨུ་ཏ་ཏ་ར་དི་ཤི་ག་ཏཱ ་ནཱཀྲྀ་ཥྱ་ཀཱི་ཥྱ་བཛྲ་བཛྲོ་ཙྪ་བཛྲ་ཧུ~ཾ་ཧཱུཾ་ཕཊ་ཞེས་པ་རླུང་ལའོ།། ཨོཾ་པ་ཤྲཱི་མོ་བི་ཤི་གཽ་ཏཱ་ནཱ་ཀཱ་ཌཱ་ཀྲྀ་ཥྱ་ཏྲཱུཾ་བཛྲེ་ཆུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་མེ་ལེའོ།། ཨོཾ་བཱ་ཡཾ་བྱ་ངི་ཤི་ཀ་ཏཱ་ནཱ་ཀྲྀ་ཥཱ་ཀྲྀ་ཥྱ་ཆུ་བཛྲེ་དྷི་ར་བཻཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་ཨ~ཾ ་ཤ་ན་དི་ཤྲཱི་ག་ཏཱ་ནཱ་ཀླེ་ཥྱཱ་ཀྲྀཥྚ་ཙཱི་བཛྲེ་ཛཱི་བཛྲཱི་ཧུཾ་ཧཱུཾ་ཕཊ་ཞེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། དེ་ནས་གླང་གི་དུས་སྦྱོར་ལ། ཨོཾ་ནཻ་རྀ་ཏྱ་པི་ཤི་ག་ཏ་ནཱ་ཀཱི་ཥྱ་ཀྲཱྀ་ཥྱ་ཙྪ་བཛྲ་ཤྲཱི་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། ཨོཾ་ཨགྣི་ཡ་དི་ཤཾག་ཏཱི་ནཱ་ཀཱིར་ཥྱ་ཀཱཾ་ཥྱ་ཛྙཱ་བཛྲཱི་བྷྲྀ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་ཨ་དྷོ་ངི་ཤི་ག་ཏཱ་ནཱ་ཀྵཾ་ཥྱོ་ཀཱི་ཥྱ་ཊྭཱཾ་བཛྲེ་ཐུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པོ་མེ་ལྀའོ།། ཨོཾ་ཨཱ་ཀཱ་ཤ་མ་ཎ་ཌ་ལ ་གྷགཱ་ཏཱ་ནཱ་ཀཱི་ཥྱ་ཀྲཱྀ་ཥྱཱ་དྷཱི་བཛྲེ་ཊུཾ་བཛྲ་ཧུ~ཾ་ཧཱུཾ་ཕཊ་ཞེས་པ་རླུང་ལའོ།། ཨཾ་བྷཱུ་ཡུ་མཎྜ་ལ་ག་ཏཱ་ནཱཾ་ཀཱ་ཥྱཾ་ཀྲཱྀ་ཥྱ་ཎཱ་བཱཛྫ་ཧུ~ཾ་ཧཱུ~ཾ་ཕཊ་ཞེས་པ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ།། དེ་ནས་འཁྲིག་པ་ལ་ཨཾ་ཊི་ཛཱ་མཎྜ་ཌ་ལ་ག་ཏཱ་ནཱ ་ཀྲཱྀཀྲྀ་ཥྱ་ཀྲཱྀ་ཥྱཱ་ཎ་བཛྲེཧཱུ~ཾཧཱུཾ་ཕཊ་ཞེས་པ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྱང་དུ་དབུགས་ཀྱི་བཟླས་པའོ།། ཨཱཾ་ཨུ་ད་ཀ་མཎྜ་ལ་ག་ཏཱནྟ་ཀྲྀ་ཥྱ་ཀཱ་ཥྱ་བྷི་བཛྲེ་ཎཱཾ་བཛྲེ་ཧུ~ཾ་ཧཱུཾ་ཕཊཾ་ཞེས་པ་རླུང་ལའོ།། ཨོཾ་ཕྲེཾ་ཐཱི་མཎྜ་ལཱ་ག་ཏཱ་ནཱ་ཀྲཱྀ་ཥྱ་ཀྲཱྀ་ཥྱ་ཎཱཾ་བཛྲེ་དྷཱུ་བཛྲ ་ཧུཾ་ཧཱུ~ཾ་ཕཊ་ཞེས་པ་མེ་ལའོ།། ཨོཾ་ཀཱ་མཱ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱ་ཀྲྀ་བྱཱ་ཐཱ་བཛྲེ་བྷྲཱུ~ཾ་བཛྲི་ཧུཾ་ཧཱུཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་རཱུ་པ་དྷཱ་ཏུ་ག་ཏཱ་ནཱ་ཀཽ་ཥྱ་ཀྲྀ་ཥྱ་ཙྪ་བཛྲ་བྷ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། དེ་ནས་ཀརྐ་ཊའི་དུས ་སྦྱོར་ལ། ཨོཾ་ཨ་རཱུ་པ་དྷ་ཏུ་ག་ཏཱ་ནཱ་ཀཱི་ཥྱ་ཀཱི་ཥྱ་བྷྲཱུ~ཾ་བཛྲ་བྷི་བཛྲ་ཧུ~ཾ་ཧཱུཾ་ཕཊ་ཞེས་པ་སོའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། ཨོཾ་ཀཱ་ཡ་དྷཱ་ཏུ་ག་ཏཱ་ནཱ་ཀྲྀ་ཥྱ་ཀཱི་ཥྱ་པཱུ་བཛྲེ་བི་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་བཱཀ་དྷཱ་ཏུ་ག་ཏཱ་ནཱ་ཀཽཥྚི ་ཀྵོཀྲྀ་བྷུ་བྷཱི་བཛྲེ་པཱུ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་མེ་ལྷའོ།། ཨོཾ་ཙིཏྟ་དྷཱ་ཏྱཱ་ག་ཏཱ་ནྱཱ་ཀྲྀ་བྷྱ་ཀྲྀ་ཥྱཱ་བྷཱི་བཛྲེ་བྷཱུ་བཛྲཱི་ཧུཾ་ཧཱུཾ་ཕཊ་ཞེས་པ་དྷཱ་ལའོ།། ཨོཾ་པཉྩ་སྐན་དྷ་གཱ་ཏཱ་ནཱ་ཀྵུཾ་ཥྱ་ཀྵོ་བྷྱ་སྭཱ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ནཱ་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས ་པའོ།། སེང་གེ་མྦྷ། ཨོཾ་བིནྡྷ་དྷཱཏྟྭ་གཀྵཱནྟ་ཀྵ~ཾ་ཥྱཱ་སི~ཾཥྛ་མ་བཛྲཱི་ཧཱུ~ཾ་ཧཱུཾ་ཙྪ་ཞེས་པ་ན་མ་ཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ།། ཨོཾ་བོཉྫ་ནཱ་དྲཱ་ཡ་གྲཱྀ་ཏཱ་ནཱཾ་ཀཱ~ཾ་ཥྱཱ་ཀཱ~ཾ་ཥྱ་ཐཱི་བཛྲེ་བྷྲཱུཾ་བཛྲ་ཙྪ་སྟྭཾ་ཕཊ་ཞེ་ས་པ་རྒྱུ་པོའོ།། ཨོཾ་པཉྩ ་བྷི་ཥཱ་ག་ཏཱ་ནཱ་ཀྲཱྀ་ཥྱ་ཀྲྀ་ཥྱཱ་བ་ར་བཛྲ་ཕུ་བཛྲེ་ཧུཾ་ཧཱུཾ་ཕཊ་ཞེས་པ་མ་ལཾའོ།། ཨོཾ་པཉྫ་ཀཱརྨེན་དྲཱ་ཡ་ག་ཏཱ་ནཱ་ཀཱི་ཥྱཾ་ཀྲྀཥྚ་པྲྀ་བཛྲ་བྷཱ་བརྞྞ་ཧུཾ་ཧཱུཾ་ཕཊ། ཞེས་པ་ཆུ་ལའོ།། ཨོཾ་ཀ་ར་མིནྟྲི་ཡ་བཱི་ཥ་ཡ་གཱ་ཏཱ་ནཱ་ཀཱཾ་ཥྱ་ཀླྀ་ཥྚ་པླྀ་བཛྲེ་བྷྲྀ་བརྡྷ་ཧུཾ་ཧཱུཾ་ཕཊ ་ཞེས་པ་སོའི་ཀྱིལ་འཁོར་ལ་དཥྚས་ཀྱི་བགྷྣཱཾ་ས་པ།། དེ་ནས་བུ་མའི་དུས་སྦྱོར་། ཨོཾ་སརྦ་ཛཱི་ཡ~ཾ་ཛཱ་ཀཱ་ཊྚ་ཀྲྀདྦྷ་ག་ཏཱ་ནཱ་ཀིཙྪ་ཀྵིཾ་བྷཱུ་རྒྷཾ་བདྡྷེ་དྷཱུ་བཛྫ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། མུ~ཾ་མཉྫུ ་ཤླཱ་ཤཱ་ནེ་བཛྲཱ་ག་ནི་ཛྭཱ་ལི་ཏ་བྷཱུ་མྱཾ་ནཻ་པ་ཏ་ཡང་ཥྚ་བཛྲེ་དྷྲྀ་བཛྫ་ཧུཾ་ཧཱུཾ་ཕཊ་ཞེས་བཻ་ཆུ་ལྀའོ།། ཨོཾ་བཛྲ་པཱ་ཤཾ་ན་སརྦཾ་བྷུ་ཛྙེའུ་བནི་དྷ་ཡ~ཾ་བན་དྷ་ཡ་བཛྲི་བྲུཾ་བ~ཾཛྫ་ཧཱུ~ཾ་ཧཱུཾ་ཕཊ་ཞེས་པ་མེ་ལཱའོ།། ཨོཾ་བཛྲ་ཤྲིཾ་ཁ་ལ་ཡ་སརྦྦ་པཱ་ཏེའུ་ནི་རོ་དྷ་ཡ་ནི ་རྀརཾ་དྷ་ལེ་དྷཾ་བཛྲི་ཛཱ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་རླུང་ལའོ།། ཨོཾ་སརྦ་སཏྭཾ་ཀཱ་ཡ་བཱ་ཀ་ཙིཏྟ་ཀཱུ་དྲོ་བ་དྲ་བ་ཀ་རི་ར་ཏཱནྟ་མ་ཧཱ་ཀྲོ་དྷ་མ་ནུ་རཎཱ་ཡ་ནཱ་རཎཱ་ཡ་ནཱཾ། ཛྲིཾ་ཧུ~ཾ་ཧཱུཾ་ཕཊ་ཞེས་པ་ན་མཁའི་དཀྱིལ་འཁོར་ལ་དུར་ཁྲོད་དུའོ།། དེ་ནས་སྲང་གི ་དུས་སྦྱོར་ལ། ཨོཾ་ཁ་ཌ་གེ་ན་ནི་ཀྲིན་ད་ཡ་ནི་ཀྲིན་ང་ཡ་ན་བཛྲ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ནཱ་མཁའི་དཀྱིལ་འཁོར་ལ་དྲུར་ཁྲོད་དུ་དབུགས་ཀྱི་བཟླས་བྱའོ།། ཨོཾ་བཛྲཏྭཱི་ཤཱུ་ལེནྡྲ་བྷེ་ད་ཡཱ་བྷཱུ་ད་ཡ་དྷི་བཛྲེ་ཛྲཱྀཾ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས ་པ་རླུང་ལའོ།། ཨོཾ་བཛྲ་ཀནྟི་ཀྲྀ་ཡཱཾ་ཧ་ན་ཧ་ན་དྷི་བཛྲ་ཐུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་མེ་ལའོ།། ཨོཾ་བཛྲ་པཱ་ཎ་ན་བིན་དྷ་བིན་དྷ་བུ་བཛྲ་དྷཾ་བཛྲ་ཧུཾ་ཧཱུ~ཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་བཛྲ་ཀཱི་ལ་ཀཾཿཀ་ལ་ཡ་ཀི་ལ་ཡ་ཧཱུ~ཾ་བཛྲ་དྷི་བཛྲ་ཧུ~ཾ་ཧཱུ~ཾ་ཕཊ་ཞེས་པ་སའི ་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། དེ་ནས་སྡོག་པོའི་དུས་སྦྱོར་ལ། ཨོཾ་བཛྲ་མུ་ག་ར་ཎཱ་ཀོ་ཊ་ཡཱ་ཀོ་ཊ་ཡ་སྐྲྀ་བཛྲི་ཤ~ཾ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་སའི་དཀྱིལ་འཁོར་ལ་དབུགས་ཀྱི་བཟླས་པའོ།། ཨོཾ་བཛྲ་ཙཀྲྀ་ཎ~ཾ་ཙྪེ་ད་ཡ་ཙྪེ་ད་ཡ ་བྷཱུབྷཱ་བཛྲེཥྚཾ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ཆུ་ལའོ།། ཨོཾ་བཛྲ་ཀུན་ཏེ་ན་བྷིནྡ་དྷི་བྷིན་དྷ་ཥྚྲྀ་བཛྲེ་ལཱུ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་མ་ལའོ།། བཛྲེ་ད་ན་ཌེ་ན་ཏཱ་ཌ་ཡ~ཾ་ཏཱ་ཌ་ཡ་ཤི་བཛྲེར་སྨཻ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལའོ།། ཨོཾ་བཛྲ་པར་ཤུ་ནཱ་ཙྪིཙྪ་ཙིནྡ་ཐཱ་བཛྲ ་ཧུཾ་ཧཱུཾ་ཕཊ་ཞེས་པ་ནི་མཁའི་དཀྱིལ་འཁོར་ལ་དུར་ཁྲིད་དབུགས་ཀྱི་བཟླས་པའོ།། དེ་ནས་གཞིའི་དུས་སྦྱོར་ལ། ཨོཾ་སཱ་ར་དྷ་ཏཱི་ཀོ་ཏི་ཁཎ་ཌཱ་ཀྲཱྀ་ཏཱི་ཤྨ་ཤཱ་ན་བྷུ་ཏེ་བྷཱ་བ་ལ~ཾ་ཀུ་རུ་ཀཱུ་རུ་ཐཱ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ན་མཁོའི་དཀྱིལ་འཁོར ་ལ་དུར་ཁྲོད་དུ་དབུགས་ཀྱི་བཟླས་པའོ།། ཨི་བཛྲེ་ཌ་མ་རུ་ཀེ་ན་བཛྲ་ཌཱ་ཀི་ནཱི་རཱ་པཱ་ཧ་ཡཱ་པཱ་ཧོ་ཡ་ཤི་བཛྲ་སྐྲྀ་བཛྲ་ཧུཾ་ཧཱུ~ཾ་ཕཊ་ཞེས་པ་རླུང་ལའི། ཨོཾ་བཛྲ་ཌཱ་ཀ་ནཱཾ་བྷྱོ་མཱ་རོ་ཀཱི་ནཱཾ་བྷྱོ་མཱ་ར་ཀཱ་ཡ~ཾ་ཀཱ་ན་མ་རུ་དྷི་རི་ནི་བེ་ད་ཡ་ནི་བེ་ད་ཡཥཱི ་བཛྲི་དྦྷ་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་མེ་ལའོ།། ཨོཾ་པཉྩ་མཱི་ཏ་ཧཱ་ར་རིཏྟི་བྷྱོཿཔཉྩ་མྲི་ཏཱཾ་ནི་བེ་ད་ཡ་ནི་བྷེ་ད་ཡ་ལླུ་བཛྲ་ཥྚཾ་བཛྲ་ཧུཾ་ཧཱུཾ་ཕཊྚ་ཞེས་པ་ཆུ་ལའོ།། ཨོཾ་སརྦ་བཛྲ་བཱ་ཀཱི་ནི་ས་ཧི་ཏཿསརྦ་སཏྭཱ་ནཱ་ཤཱུ་ནཱ་ཏི་ཀཾ་པོཥྚིཾ་ཀཾ་རཱཀྵ་བ་ར་ཎ་གུ་པ ་ཏི་ཀུ་རུཾ་ཀུ་རུ་སྠི་བཛྲེ་ཤཱི་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་སོའི་དཀྱིལ་འཁོར་ལ་དབུགས་ཀྱིས་བཟླས་པའོ།། དེ་ལྟར་ཕྲེང་བའི་སྔགས་ཉིན་ཞག་སོ་སོར་དབུགས་ཀྱི་འཁོར་ལོའི་གྲངས་བཟླས་པར་བྱའོ།། འདིར་བགྲང་ཕྲེང་མེད་ཅིང་སྔགས ་བརྗོད་པ་མེད་དོ།། དབུགས་འཇུག་པ་དང་། འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་བྱུང་བ་མེ་ཏོག་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུག་དང་མཐུན་པ་དང་ལུགས་དང་མི་མཐུན ་པས་བལྟ་བར་བྱའོ།། དེ་ལྟར་ནང་དུ་ཉིན་ཞག་ལྔ་ཡིས་སྟོང་ཕྲག་བརྒྱད་ལྷག་པའི་འབུམ་ཕྲག་གིས་བཟླས་པ་རྣལ་འབྱོར་པ་ཡིས་བྱའོ།། ཉིན་ཞག་ལྔ་བརྒྱ་རྣམས་ཀྱིས་དབུགས་འབུམ་ཕྲག་བརྒྱད་ལྷག་པའི་དབྱེ་བ ་བཟླས་པའོ།། དེ་ནས་ལུགས་དག་པ་སྟེ། དེ་བཞིན་དུ་དག་པ་དང་། དེ་བཞིན་དུ་སེམས་རྣམ་པར་དག་པའོ།། དེ་ལྟར་ཉིན་ཞག་ལྔ་བརྒྱ་རྣམས་ཀྱིས་དབུགས་གཡོ་བ་མེད་པར་འགྱུར་ཏེ། སྲོག་གི་བུམ་པ་ཅན་གྱི་གནས ་སྐབས་ཐོབ་པར་འགྱུར་རོ།། དེ་ནས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་ཏེ། གཡོན་དང་གཡས་དང་དབུ་མོའི་སྲོག་ཡང་དག་པར་རྒྱུ་བས་རྡོ་རྗེའི་བཟླས་པའི་རིམ་པ་དང་། མ་ནིང་གི་བཟླས ་པའི་རིམ་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ད་ནི་ཨཱ་བ་དྷཱུ་ཏིའི་དབུགས་རྣམས་དང་། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་འཁོར་ལོ་ལྔ་པོ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྡོམ ་པ་གསུངས་པ། དབུགས་རྣམས་གང་དག་ཅེས་པ་ལ་སོགས་པ་སྟེ། འདིར་བྱིས་པ་སྐྱེ་བའི་དུས་སུ་དབུ་མ་ལ་ནི་དབུགས་རྣམས་གང་དག་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་སྟེ། རྐང་པ་དང་བཅས་རོ་དང་མངར་གྱུར་པ། དེ ་བརྒྱད་རྣམས་ཀྱིས་འཁོར་ལོར་འགྱུར་ཏེ། འོག་དང་མཁའི་དབང་གིས་སྒོ་ཡིས་དབུགས་གནས་ལྷ་མོ་རྣམས། ཤེས་པ་ནི་དབུགས་འདི་རྣམས་ཀྱིས་ནང་ནས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཆོས་ཅན་གྱི་དབུགས ་བརྒྱ་དང་། ཤེས་རབ་དང་ཐབས་ཀྱི་དབྱེ་བ་ལས་སོ།། དེ་རྣམས་ནི་སྙིང་པོའི་པདྨའི་འདབ་མ་ལ་ལྷ་མོ་བརྒྱད་དོ།། འདིར་ཐོད་པ་རྣམས་སུ་ནི་མི་འགྱུར་ཏེ། དཔའ་བོ་རྣམས་ཀྱང་ངོ་།། བརྒྱུད་ནི་གཟུགས་རྣམ་པར་དག་པས་སའི་འཁོར ་ལོ་ལའོ།། བརྒྱད་ནི་འདུ་ཤེས་རྣམ་པར་དག་པས་ཆུའི་འཁོར་ལོ་ལའོ།། བརྒྱ་ནི་ཚོར་བ་རྣམ་པར་དག་པས་མེའི་འཁོར་ལོ་ལའོ།། བརྒྱད་ནི་འདུ་བྱེད་རྣམ་པར་དག་པས་རླུང་གི་འཁོར་ལོ་ལའོ།། བརྒྱད་ནི་རྣམ་པར་ཤེས་པ་རྣམ ་པར་དག་པས་ན་མཁའི་འཁོར་ལོ་ལའོ།། བརྒྱད་ནི་ཡེ་ཤེས་རྣམ་པར་དག་པས་དུར་ཁྲོད་བརྒྱད་པོ་རྣམས་ལའོ།། དེ་ལྟར་གསང་བ་དང་། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་འཁོར་ལོ ་དྲུདྲག་པོ་རྣམས་ལ་བཞི་བཅུ་རྩ་བརྒྱད་ངོ་།། དེ་བཞིན་དུ་སྐུའི་བུག་པ་དག་ལ་གཉིས་སོ།། མིག་གི་བུག་པ་དག་ལ་གཉིས་སོ།། རྣ་བའི་བུག་པ་དག་ལ་གཉིས་སོ།། ལྕེའི་སྒོ་དང་གཙུག་ཏོར་གྱི་བུག་པ་དག་ལ་གཉིས་སོ་ཞེས་པ་ནི་ལྷ ་མེའི་ཚོགས་ཏེ། དེ་ལྟར་ལྔ་བཅུ་རྩ་དྲུག་གོ།། ལྷག་མོ་རྐང་པ་གཅིག་གི་བསྐྱེད་པ་སྲིད་པ་གསུམ་གྱི་ཡུམ་སྣ་ཚགས་ཡུམ་སྟེ། ཕྱག་ན་གྲི་གུག་དང་ནི་ཐོད་པ་ཅན་ནོ།། གཡོན་བརྐྱང་བདུད་རྩིའི་ཆ་དེ་ཡིས་འཁྱུད་པ་ཉི་མ་ཟླ་བའི་སྟེ་ང་དང་བདུད ་དང་ཉོན་མོངས་པའི་སྟེང་དུ་གཡས་བརྐྱང་གིས་གནས་པ། བཅོམ་ལྡན་འདས་ཀྱི་འཁོར་ལོ་མཆོག་ཏུ་མི་འགྱུར་བའི་བདེ་བའོ།། དབུགས་འདི་རྣམས་ཀྱི་ས་བོན་རྣམས་ནི་འཆད་པར་འགྱུར་བ་ལས་ལ་སོགས་དབྱངས་བརྒྱད་གང་དག ་ཅེས་པ་ལ་སོགས་པས་བརྗོད་པར་བྱ་སྟེ། དེས་ན་འདིར་མ་བྲིས་སོ།། འདིར་ངེས་པའི་དོན་ནི། དུས་ཐམས་ཅད་དུ་བསྟན་པར་གྱུར་པ་དང་། བུམ་པ་ཅན་གྱི་གནས་སྐབས་སུ་གྱུར་པ་ཇི་སྲིད་པར་དུས་ཐམས་ཅད་དུ་རྣལ་འབྱོར་པས ་འཇུག་པ་དང་འབྱུང་བ་ཉིད་ཀྱིས་སྲོག་དབུ་མར་བསྒོམ་པར་བྱའོ།། དེ་ནས་རྣལ་འབྱོར་པ་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། སྲོག་གིས་བཟླས་པ་ལས་སོ།། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ལྟར་མི་ཕྱེད་པའི ་ཡན་ལག་སྲོག་དང་ལྡན་པའི་ཡིད་ཀྱིས་སྔགས་བཟླས་པོར་བྱའོ།། ཞེས་པ་ནི་རྒྱུད་ཐམས་ཅད་ལས་རྡོ་རྗེ་ཡི་ཚིག་སྟེ། སྔར་བརྗོད་ཟིན་ཏོ།། གང་ཡང་སྲོག་གི་བཟླས་པ་སྔགས་བརྗོད་པ་དང་བགྲང་ཕྲེང་དང་བྲལ་བ་དེ་ལྟ་ན་བཟླས ་པ་ཞེས་བརྗོད་པར་བྱ་སྟེ། སྲོག་འབྱུང་བ་དང་འཇུག་པའི་ཕྱིར་རོ།། ད་ནི་ཕྱི་དང་ནང་དུ་ལྷའི་གདན་གྱི་དག་པ་གསུངས་པ། ལྔ་ཞེས་པ་ལ་སོགས་པ་སྟེ། འདིར་དཔའ་བོ་གཅིག་པའི་གདན་ནི་ཟླ་བ་ཁུ་བ་དང་ཉི ་མ་རྡུལ་ལོ།། ཁམས་ལྔ་པོ་རྣམས་ཤེས་རབོ་ཆོས་ཅན་ཉིད་ཀྱི་ཕྱིར། ཟླ་བའི་ཡོན་ཏན་ཡུལ་ལྔ་པོ་དེ་དག་ནི། འདིར་སྤྱན་མ་ལ་སོགས་པ་རྣམས་ཀྱི་ཟླ་བའི་གདན་རྣམས་ཏེ་ན་མཁའི་ཁམས་ཏེ། ནམ་མཁའི་ཁམས་ཀྱི་མཐར་ཐུག་པའོ།། ་ཡོན་ཏན་གསུམ་གྱི་དབང་གིས་རིན་ཆེན་འབྱུང་ལྡན་དང་། སྣང་པོ་མཐའ་ཡས་དང་། དོན་ཡོང་གྲུབ་པ་རྣམས་ཀྱིས་ཉི་མོའི་གང་ན་གསུམ་མོ།། འབྱུང་བ་བཞིའི་བདག་ཉིད་ནི་གཟུགས་ཆེན་པོ་ཞེས་པ་ཁམས་བཞིའི་ཆོས་ཅན་ཉིད་ཀྱི་ཕྱིར ་རྣམ་པར་སྣང་མཛད་ཀྱི་ཟླ་བའི་གདན་ཏེ། ཡེ་ཤེས་ཀྱི་མེ་ལྕེའི་ཆོས་ཅན་ཉིད་ཀྱི་ཕྱིར་ཉི་མའི་གང་ནི་ནོ།། ཚོར་བ་ལ་སོགས་པ་ནི་གཟུགས་ཅན་མིན་པ་ཉིད་ཀྱང་ལྷག་མ་རྣམས་ཤེས་གསུངས་པའི་ཕྱིར་རོ།། དེ་ལྟར་ཟླ་བའི་དཀྱིལ་འཁོར ་ལྔ་དང་། སྙིང་པོ་སྟོབས་དང་། རྡུལ་དང་། མུན་པ་མཉམ་པ་ཉིད་ཀྱི་དབྱེ་བས་ཉི་མོའི་དཀྱིལ་འཁོར་བཞིའོ།། དེ་ལྟར་ཕུང་པོ་དང་ཁམས་རྣམས་ཀྱིས་ཡོན་ཏན་དང་ཡུལ་གྱི་རྟེན་ལས་དགུའི་བདག་ཉིད་ཀྱི་འདུས་པ་སྟེ། མངལ་དུ་སྐྱེས ་པའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ལྷོ་ལ་ཡང་ངོ་།། སླར་གཞན་ཁྲོ་བོའི་གདན་བཞི་སྟེ། ཆུ་གཏེར་རྐང་པ་ཞེས་པ་ཉི་མའི་རྐང་པའི་ནོར་དང་བུ་ལོན་འཕེལ་བ་དང་། འགྲིབ་པའི་དབང་གིས་ཁྲོ་བོ་རྣམས ་ཀྱི་ཉི་མའི་གདན་རྣམས་སྷོ།། དེ་ལྟར་ཁྲོ་བོ་རྣམས་ཀྱི་རྐང་པ་ཞེས་བྱ་སྟེ། བཅུ་གསུམ་གྱི་བདག་ཉིད་ཀྱི་འདུས་པའོ།། དེ་བཞིན་དུ་གཟའ་བདུན་པོ་ཉི་མའི་གདན་རྣམས་དང་། རྫོགས་པ་བཅུ་གཉིས་ཟླ་བའི་དཀྱིལ་འཁོར་རྣམས་ཏེ། གསུམ ་པ་བཅུ་དགུའི་བདག་ཉིད་ཀྱི་འདུས་པའོ།། ལོ་སོ་སོར་ནག་པོའི་རྫོགས་པ་གནམ་སྟོང་བཅུ་གཉིས་དང་། དཀར་པོའི་རྫོགས་པ་ཉ་བཅུ་གཉིས་ཏེ། དེ་ལྟར་ཉི་ཤུ་རྩ་བཞི་ཉི་མ་དང་ཟླ་དེའི་གདན་རྣམས་དང་། གཙོ་བོའི་རིགས་ཀྱི་དབང ་གིས་ཟླ་བ་འམ་ཉི་མ་སྟེ། དེ་ལྟར་ལྷ་རྣམས་ཀྱིས་རྟེན་གྱི་དབྱེ་བ་ལས་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་འདུས་པའོ།། སླར་ཡང་དེ་རྣམས་ཀྱིས་ནང་དུ་གཞན་གཟའ་བདུན་གྱི་གདན་རྣམས་སྲེས་པ་ནི་ཕུང་པོ་ལྔ་དང་ཁམས་རྣམས་དང་སྐྱེ ་མཆེད་བཅུ་གཉིས་དང་། ཁྲོ་བོ་བཅུ་གཅིག་རྣམས་ཀྱི་གང་ན་སུམ་ཅུ་རྩ་གཉིས་སུ་འགྱུར་ཏེ། སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་འདུས་པའོ།། སླར་ཡང་མཉམ་དང་མི་མཉམ་གནས་ལ་སྲོག་གི་འགྲོ་བ་ཉི་མའི་གདན་དང་འོང་བ་ཟླ ་བའི་གདན་ཏེ། དེས་ན་སུམ་ཅུ་རྩ་བཞིའི་བདག་ཉིད་ཀྱི་འདུས་པའོ།། དེ་ལྟར་རྣམ་པ་དྲུག་སྟེ་མངལ་དུ་བྱིས་པའི་ཁམས་རྣམས་ཀྱི་རྟེན་དང་བརྟེན་པ་འདུས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་རྣམས་ཀྱི་འདུས་པའོ།། ཞེས་པའི་རིགས་པས་འདུས ་པར་དྲུག་གོ།། ད་ནི་ཟླ་བ་ཞེས་པ་ལ་སོགས་པས་འཁོར་ལོ་གསུམ་གྱི་སྡོམ་པ་ལ་གདན་གྱི་དག་པ་གསུངས་ཏེ། འདིར་འཁོར་ལོ་གསུམ་ལ་རྩིབས་ཉི་ཤུ་རྩ་བཞིའོ།། དེ་རྨས་ཀྱང་འབྱུང་བ་དང་འབྱུང་བ་མདའ་དང་རིགས་བྱེད་ཡོན་ཏན ་ལག་པ་རི་བོང་ཅན་ཞེས་པ་སྔར་གསུངས་པའི་ཟླ་བའི་རྐང་པ་ཉི་ཤུ་རྩ་ལྔ་སྟེ། དེ་རྣམས་ལས་ཉི་ཤུ་རྩ་བཞི་ནི་འཁོར་ལོ་གསུམ་གྱི་རྩིབས་སུ་འགྱུར་ཞིང་། ཉི་ཤུ་རྩ་ལྔ་པ་གཅིག་པུ་ནི་པདྨའི་འདབ་མའི ་ལྷ་མོའི་ཡི་དགས་ཀྱི་གདན་ནོ།། ཉི་མས་རྐང་པ་ནི་རོ་དང་དུས་དང་རི་བོང་ཅན་ཞེས་པ་བཅུ་གཅིག་སྟེ། དེ་རྣམས་ལས་གསུམ་ནི་སྙིང་པོའི་པདྨའི་འདབ་མ་གསུམ་ལའོ།། ལྷག་མ་བརྒྱད་ནི་དུར་ཁྲོད་བརྒྱད་ལ་རོའི་གཟུགས་ཀྱིས ་གནས་པ་རྣམས་ཏེ། རྩིབས་ཞེས་པ་ནི་རྟེན་ནོ།། རོ་ཞེས་པ་ནི་ལྷ་མོ་རྣམས་ཀྱི་བཞོན་པའི་རོ་རྣམས་སོ།། དེ་ལྟར་འཁོར་ལོ་གསུམ་གྱི་སྡོམ་པའོ།། སླར་ཡང་མ་དང་ཕྱི་མའི་དབྱེ་བས་རྐང་པ་ཉིས་འགྱུར་ནི་སྡོམ་པ་ཆེན་པོ་ལ་ལྷ་མོ ་རྣམས་ཀྱི་གདན་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། དེ་ལྟར་འཁོར་ལོ་དྲུག་གི་སྡོམ་པའོ།། སྒྱུ་འཕྲུལ་དྲ་བ་ལ་རྫོགས་པར་ཉི་ཤུ་རྩ་བཞི་སྟེ། དཀར་པོ་དང་ནག་པོ་རྣམས་ཟླ་བོ་དང་ཉི་མིའི་གདན་རྣམས་སོ།། དེ་བཞིན་དུ་གཟའ་བདུན་ཏེ། ཉི ་མའི་གདན་བདུན་ནོ།། ཉི་མའི་རྐང་པ་རྣམས་ནི་ཉི་མའི་གདན་བཅུ་གཅིག་གོ། ཡང་ན་བསམ་པའི་དབྱེ་བས་ཟླ་བའི་གདན་རྣམས་ཏེ། དེ་ལྟར་གདན་བཞི་བཅུ་རྩ་གསུམ་ནི་གཅིག་ལའོ།། མཉམ་པ་དང་མི་མཉམོ་རྐང་པས་སྔར་བཞིན ་དུ་ཟླ་བ་དང་ཉི་མའི་གདན་ཏེ། གདན་བཞི་བཅུ་རྩ་ལྔ་ནི་གཉིས་པ་ལའོ།། ཆུ་གཏེར་རྐང་པ་ཞེས་པ་ཉི་མའི་རྐང་པའི་དབྱེ་བས་ཉི་མའི་གདན་ནམ་ཟླ་བའི་བཞི་རེ་ལུས་དང་བསམ་པའི་དབྱེ་བས་འགྱུར་རོ།། དེ་ལྟར་ལྷ་རྣམས་ཀྱི་གདན་བཞི ་བཅུ་རྩ་དགུ་ནི་སྒྱུ་འཕྲུལ་དྲ་བ་གསུམ་པ་ལ་ཏེ། མངལ་དུ་བྱིས་པའི་སྲོག་གི་རྟེན་དུ་གྱུར་པའི་ཁམས་རྣམས་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་དང་གཞན་པ་ཡང་གྲུབ་པོ་དེ་ལྟར་འདུས་པ་དང་། སྒྱུ་འཕྲུལ་དྲ་བ་དང་། འཁོར་ལོ་གསུམ་དང ་འཁོར་ལོ་དྲུག་གི་སྡོམ་པ་ཡོངས་སུ་དག་པའི་ངེས་པའོ།། རྒྱུད་དེ་རྣམས་ལ་གཙོ་བོ་ནི་གཟུགས་མེད་པའི་ཕུང་པོའི་ཆོས་ཅན་ཉིད་ཀྱི་ཕྱིར། ཉི་མ་འམ་གཟུགས་ཀྱི་ཆོས་ཅན་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཆོས་ཟླ་བ་ལ་འགྱུར་རོ།། ་རྣམ་པར་སྣང་མཛད་ནི་སྙིང་རྗེའི་ཆོས་ཟླ་བའི་དཀྱིལ་འཁོར་ལ་འགྱུར་ཏེ། རིགས་ཀྱི་དབང་གིས་ཤེས་པ་ཤེས་རབ་དང་སྙིང་རྗེའི་དབང་གིས་སོ།། གཙོ་བོ་ཡང་ཁ་སྦྱོར་ལ་ཞེས་པ་ནི་དུས་ཀྱི་འཁོར་ལོ་ལ་ཤེས་རབ་དང་སྙིང་རྗེ ་གཉིས་ལའོ་ཞེས་པ་སྟེ། དང་པོའི་སངས་རྒྱས་རིགས་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གྲུབ་པོ།། ད་ནི་རླུང་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་གྱི་དག་པ་གསུངས་པ། རླུང་ཞེས་པ་ལ་སོགས་པ་སྟེ། འདིར་རླུང་ལ་སོགས་པའི་ལྷ་རྣམས ་ཀྱི་ཞལ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཡུལ་དག་པས་སོ།། གཉིས་པ་ནི་ཡོན་ཏན་གསུམ་དག་པས་སོ།། དེ་ལ་རླུང་གི་ཁམས་ལ་རེག་བྱའི་ཡོན་ཏན་གྱི་བདག་ཉིད་ཞལ་གཅིག་ཏུ་འགྱུར་ཞིང་། གཉིས་པ་ནི་སྒྲའི་ཡོན ་ཏན་གྱི་བདག་ཉིད་རྒྱས་གདབ་པ་སྟེ། དེས་ན་འདུ་བྱེད་ཀྱི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོས་རྒྱས་གདབ་བོ།། དེ་ལྟར་རླུང་ལ་རེག་བྱའི་ཞལ་གོཅིག་དང་ནི་ཡོན་ཏན་གཞན་གྱི་དབང་གིས་རྒྱས་གད་བ་ཞལ་ནི་གཉིས་པ་སྤྱི་བོར ་ཞལ་གྱི་གནས་སུ་ནི་མ་ཡིན་ནོ།། དེ་བཞིན་དུ་མེ་ལ་གཟུགས་དང་རེག་བྱའི་ཡུལ་གྱི་ཚིས་ཀྱིས་ཞལ་གཉིས་ཏེ། རྒྱས་གདབ་པའི་ཞལ་ནི་ཡོན་ཏན་གསུམ་པས་སོ།། དེས་ན་ཚོར་བ་ལ་ཡང་རྣམ་པར་ཤེས ་པས་རྒྱས་གདབ་པོ།། དེ་བཞིན་དུ་ཆུ་ལ་རེག་བྱ་དང་ནི་གཟུགས་དང་རོའི་ཞལ་ཏེ་ཞལ་གསུམ་དང་། རྒྱས་གདབ་ཞལ་ནི་བཞི་པ་ན་མཁའི་མཚན་ཉིད་སྒྲའོ།། དེས་ན་འདུ་ཤེས་ལ་རྣམ་པར་ཤེས་པས་རྒྱས་གདབ་པོ།། ས་ལ་དྲི་ལ ་སོགས་པ་ཞེས་པ་ལ་སོགས་པོ་དྲི་དང་རོ་དང་གཟུགས་དང་། རེག་བྱའི་ཡུལ་གྱི་ཆོས་ཀྱི་ཞལ་བཞིར་འགྱུར་ཏེ། དེ་ནས་གཟུགས་ཀྱི་ཕུང་པོ་ལ་ཡང་རྣམ་པར་ཤེས་པའི་ཕུང་པོས་རྒྱས་གདབ་པོ།། ཞེས་གྲུབ་པོ།། ན་མཁའི ་ཁམས་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་གསུངས་པའི་ཕྱིར། སྟོང་པ་རྣམ་པ་ལྔ་ཞལ་ལྔ་སྟེ། རྒྱ་ཡིས་གདབ་པའི་ཞལ་ནི་དྲུག་པ་ཡེ་ཤེས་ཀྱི་ཕུང་པོའོ།། དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལས་འགྱུར་ཏེ། ་ཡོན་ཏནྡ་དབང་ལས་ཤེས་པ་ཞལ་དྲུག་པ་ལ་སྟོང་པ་དྲུག་གིས་ཞལ་ཏཱཾ། དེ་ལ་ཡང་རྣམ་པར་ཤེས་པའི་ཁམས་ཀྱིས་རྒྱས་གདབ་བོ།། ཞེས་པ་ཕྱག་རྒྱའི་ངེས་པ་སྟེ། ཁམས་དང་ཡུལ་གྱི་ཡོན་ཏན་གྱི་དབང་གིས་དག་པའོ།། དེ་ནས ་གཅིག་ནི་བཞི་ལ་བསྲེས་པ་བདེ་མཉམ་འབྲས་བུ་སྟེར་བ་དག་སྟེ། གཉིས་དང་གསུམ་ནི་བསྲས་པ་ལྔ་ཞེས་པ་ནི་འདིར་གང་གི་ཚེ་རླུང་གི་ཁམས་རེག་བྱ་གཅིག་པུའི་ཡོན་ཏན་གྱི་བདག་ཉིད་ན་མཁའི་ཁམས་ཀྱི་རྒྱས་གདབ་པ་ནི་སའི ་ཁམས་དྲི་ལ་སོགས་ཡོན་ཏན་བཞིའི་བདག་ཉིད་ན་མཁའི་ཁམས་ཀྱིས་རྒྱས་གདབ་པ་ལ་བསྲེས་པར་གྱུར་པ་དེའི་ཚེ་བདེ་མཉམ་འབྲས་བུ་སྟེར་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་དུ་འགྱུར་རོ།། དེ་བཞིན་དུ་མེ་རེག་བྱ ་དང་གཟུགས་ཀྱི་ཡོན་ཏན་གཉིས་ཀྱི་བདག་ཉིད་ན་མཁའ་ཡིས་རྒྱས་བཏབ་པ་དང་། ཆུའི་ཁམས་ཡོན་ཏན་གསུམ་གྱི་བདགུ་ཉིད་ན་མཁའི་ཡོན་ཏན་གྱིས་རྒྱུས་བཏབ་པ་ཕན་ཚུན་འདུས་པ་ནི་ལྔར་འགྱུར་རོ།། དེ་བཞིན་དུ་ས་དེང་རླུང ་དག་ལ་ཝའོ།། དེ་བཞིན་དུ་ཤྭར་དང་ནུབ་དང་བྱང་དང་ལྷོ་ཕན་ཚུན་འདུས་པ་ནི་ཤེས་རབ་དང་བབས་ཞལ་བཅུ་སྟེ། འདིར་སྤྲོས་པ་ནི་ནང་གི་ལེའུ་ལས། ཤེས་རབ་ཐབས་ནི་རུས་པ་ཤྭ་དང་ཆུ་དང་བཅས་པའི་ཁྲག་དང་། གཙང་བྱེད ་ནི་གཅི་བ་ཉིད། ཅེས་པ་ལ་སོགས་པས་གསུངས་སོ་ཞེས་པ་ངེས་པའོ།། གཞན་ཡང་ཡོན་ཏན་རྣམ་པ་གསུམ་ཞེས་པ་ལ་སོགས་པས་ཡོན་གཏན་གསུམ་གྱི་དབྱེ་བ་གསུངས་ཏེ། འདིར་ཁམས་ཐམས་ཅད་ལ་སྙིང་སྟོབས་དང་རྡུལ ་དང་མུན་པའི་ཡོན་ཏན་རྣམས་ཡོད་དེ། དེ་དག་གིས་ཁམས་ཐམས་ཅད་ཞལ་གསུམ་པའོ།། ཁམས་རྣམས་ལ་དྲི་ལ་སོགས་པ་ནས་ཆོས་ཀྱི་དབྱིངས་ཀྱི་མཐར་ཡུལ་དྲུག་སྟེ། དེ་རྣམས་ཀྱི་ཕྱག་དྲུག་པའོ།། དེ་ལྟར་ཡོན་ཏན་རྣམ་པ ་གསུམ་གྱི་དབང་གིས་ཞལ་ནི་བཅུ་གཉིས་ཏེ། ཤར་དང་། ནུབ་དང་། བྱང་དང་། ལྷོ་དང་། འོག་དང་། སྟེང་གི་ཤེས་རབ་དང་ཐབས་སོ་ཞེས་པ་ངེས་པའོ།། འདུས་པ་ལས་ཐམས་ཅད་མཚོན་མ་ནི། ཁུ་བ་དང་རྩ་དང་རུས་པ་རྣམ་པར ་དག་པ་རྡོ་རྗེ་དང་། པདྨ་དང་འཁོར་ལོ་སྟེ། མི་བསྐྱོད་པའི་གཡས་ནའོ།། རྡུལ་དང་ཁྲག་དང་ཤ་ནི་རྡོ་རྗེ་དྲིལ་བུ་དང་ནོར་བུ་དང་རལ་གྲི་སྟེ་གཡོན་ནའོ།། འདིར་ལྷ་གང་གིས་གཡས་ཀྱི་ཕག་དང་པོའི་མཐིལ་དུ་རང་གི ་མཚན་མ་སོང་བ་དེའི་གནས་སུ་རྡོ་རྗེའི་མཚན་མ་འགྲོ་བ་དེ་ལྟར་འདུས་པའི་ངེས་པ་སྟེ། འདུས་པ་ལ་སངས་རྒྱས་གང་དབུས་སུ་ཞུགས་པ་དེའི་གནས་སུ་མི་བསྐྱོད་པ་འགྲོ་བ་ཇི་ལྟ་བ་བཞིན་དུ་མཚོན་མ་ལ་ཡང་ངེས་པའོ།། དེ ་བཞིན་དུ་ཞལ་ལྔ་པ་དང་ཞལ་དྲུག་པ་དག་ལ་ཞལ་བཅུ་གཅིག་པ་སྟེ། རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་ཁམས་ཞལ་ལྔ་པ་དང་། ཞལ་དྲུག་པ་སྟོང་པ་ཆེན་པོ་ཡི་གེ་ལྔ་དང་ཐིག་ལེ་སྟོང་པ་ཡི་གེ་དྲུག་དག་ལའོ།། སླར་ཡང་དེ ་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱིས་ཞལ་ཉི་ཤུ་རྩ་གཉིས་པའི་འདུས་པའོ།། ཞེས་པ་ངེས་པའོ།། ད་ནི་དུས་ཀྱི་དབྱེ་བས་ཞལ་ལ་སོགས་པའི་དག་པ་གསུངས་པ། ཐུན་མཚམས་ཤེས་པ་སྟེ། འདིར་ཉིན་མོ་བཅོམ ་ལྡན་རྡོ་རྗེ་ཅནཱ།། མཚན་མོ་ཤེས་རབ་རབ་ཏུ་གྲགས།། ཤེས་པའི་ངེས་པ་ལས། ནམ་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་ལ་ཐུན་དང་ཐུན་གྱི་མཚམས་ཀྱི་དབྱེ་བས་བཅོམ་ལྡན་འདས་ཞལ་བཞི་པའོ།། ཐུན་ཕྱེད་ཀྱི་དབྱེ་བས་ཕྱག་བརྒྱད ་པའོ།། དེ་བཞིན་དུ་ཉི་མ་ཕྱེད་ནས་ནམ་ཕྱེད་ཀྱི་བར་ལ་ཤེས་རབ་ཀྱང་ཞལ་བཞི་ཕྱག་བརྒྱད་མའོ།། མོཉམ་པ་འཁྱུད་པ་ནི་ཉན་མོ་དང་མཚན་མོ་དག་གིས་དབུ་མའི་ཆ་ཤས་ལའོ།། མི་མཉམ་པ་ནི་ཉིན་མོ་དོང་མཚན་མོ་དག ་གི་སྔ་མའི་ཐུན་མཚམས་དང་ཕྱི་མའི་ཐུན་མཚམས་དག་ལ་ཏེ། དམན་པ་དང་ལྷག་པའི་དབང་གིས་སོ།། དེ་ལ་འགའ་ཞིག་ཏུ་ཉི་མོ་འཕེལ་བ་ལས་བཅོམ་ལྡན་འདས་ཞལ་ལྔ་ཕྱག་བཅུ་པ་དང་། བཅོམ་ལྡན་འདས་མ་ཞལ ་གསུམ་ཕྱག་དྲུག་མའོ།། མཚན་མོ་འཕེལ་བ་ལས་བཅོམ་ལྡན་འདས་མ་ཞལ་ལྔ་མ་དང་། བཅོམ་ལྡན་འདས་ཞལ་གསུམ་པའོ་ཞེས་པ་ལ་སོགས་པ་གྲུབ་པོ་ཞེས་པ་དུས་ཀྱི་འཁོར་ལོའི་རྣམ་པར་དག་པ་གཅིག་གོ། དེ་བཞིན ་དུ་གཉིས་པ་གསུངས་པ། རྣམ་གསུམ་ཞེས་པ་ལ་སོགས་ཏེ། འདིར་ཆུ་སྲིན་ལ་སོགས་པ་ཁྱིམ་བཅུ་གཉིས་ཏེ། དེ་རྣམས་ནང་ནས་ཆུ་སྲིན་དང་བུམ་པ་དང་། ཉའི་ཁྱིམ་རྣམས་ནི་ཐུགས་རྡོ་རྗེའི་མུན་པ་དང་རྡུལ་དང་སྙིང་སྟོབས་ཀྱི ་དབྱེ་བས་ནག་པོ་དང་། དམར་པོ་དང་དཀར་པོའི་ཞལ་རྣམས་ཏེ། དུས་སྦྱོར་དབྱི་བས་ཁ་དོག་གསུམ་ཞེས་སོ།། དེ་བཞིན་དུ་ལུག་དང་། གླང་དོང་འཁྲིག་པའི་ཞལ་རྣམས་ནི་རྡུལ་དང་སྙིང་སྟོབས་དང་མུན་པའི་དབྱེ་བས་དམར་པོ་དང་དཀར ་བོ་དང་ནག་པོའི་ཁ་དོག་རྣམས་ཏེ། གསུང་རྡོ་རྗེ་ཡིའོ།། ཀ་ར་ཀ་ཊ་དང་སོང་གེ་དོང་བུ་མོའི་ཞལ་རྣམས་ནི་སྙིང་སྟོབས་དང་མུན་པ་དང་། རྡུལ་གྱི་དབྱེ་བས་དཀར་པོ་དང་། ནག་པོ་དང་དམར་པོའི་ཞལ་རྣམས་ཏེ། སྐུ་རྡོ་རྗེ་ཡིའོ།། སྲང་དང་སྡིག ་བ་དང་གཞུའི་དུས་སྦྱར་གྱི་ཞལ་རྣམས་ནི། མུན་པ་དང་། རྡུལ་དང་། སྙིང་སྟོབས་ཀྱི་དབྱེ་བས། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁོ་དོག་རྣམས་ཏེ། ཡེ་ཤེས་རྡོ་རྗེ་ཡིའོ།། དུས་སྦྱོར་ཕྱེད་པ་ཕྱག་གི་དབྱེ་བར་འགྱུར་ཏེ་དྲུག ་པོ་རྣམས་ཀྱི་གཉིས་གཉིས་ལ་གྲངས་བཞིན་དུ་རྩ་བའི་ཞལ་ལ་སོགས་པས་ཁྭ་དྲུག་གསུམ་སྟེ། གཡོན་དང་གཡས་དག་ལའོ།། དེ་བཞིན་དུ་སལ་བཅུ་གཉིས་དང་ཙྪི་ཤུ་ནུ་བྱཱནྡ་པ་ནི་བཅོམ་ལྡན་འདུས་དུ ་ཀྱི་འཁོར་ལོ་གཅིག་གོ།། འདིར་སྔར་གསུངས་པའི་ལྷ་ཞལ་གཅིག་པ་དང་ཞལ་བཞི་པ་ལ་སོགས་པ་རྣམས་ཀྱི་མི་མཉམ་པ་དང་མཉམ་པ་འཁྱུད་བ་གང་ཡིན་པ་དེ་ནི་ཐུན་མཚམས་ཆེ་ཤེས་སྔ་ཕྱི་ལ་སྟེ། སྔ་དྲོའི་ཐུན་མཚམས་དང་པི་དྲོའི ་ཐུན་མཚམས་ལ་འདུས་པའོ།། ཞལ་གསུམ་ཕྱག་དྲུག་པ་རྣམས་ཀྱི་ཕན་ཚུན་འཁྱུད་པ་གང་ཡིན་པ་དེ་ནི་དབུ་མའི་ཆ་ཤས་ལ་སྟེ། ཉི་མ་གུང་གི་ཐུན་མཚམས་ལའོ།། དེ་ལྟར་ལུས་དང་སེམས་ལ་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པ ་ལུས་དང་བསམ་པའི་དབྱེ་བ་ལས་ཤེས་པོའོ།། དེ་བཞིན་དུ་སྔ་མ་དང་ཕ་མའི་ཐུན་མཚམས་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ཁྱུད་པ་སྟེ། ཞལ་གཅིག་དང་ཞལ་བཞི་པ་དག་གམ། ཞལ་གཅིག་པ་ལ་སོགས་པ་དག་པ་དང་། ཞལ་བརྒྱད ་པ་ལ་སོགས་པ་དག་གིས་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པོ་ལས་སོ།། རྣལ་འབྱོར་གྱི་རྒྱུད་ལོ་ཞལ་དང་ཕྱག་མཉམ་པ་དག་གི་འཁྱུད་པ་ནི། ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ།། ཞེས་པ་དུས་ཀྱི་ཁྱད་པ་གྱི ་ངེས་པའོ།། དེ་བཞིན་དུ་བཟང་ངན་ཤེས་ཤིང་དུས་ཤེས་ལ། ཁྱབ་བདག་དམ་ཤེས་དམ་ཚིག་ལྗོན། དུས་ཤེས་སེམས་ཅན་དབང་པོ་ཤེས། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཞེས་པ་མཚན་ཡང་དག་པར་བརྗོད་པ་ལས་ཏེ། བཅོམ ་ལྡན་འདས་ཀྱི་ངེས་པའོ།། ད་ནི་བྱ་བའི་རྒྱུད་རྣམས་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་མའི་རྒྱུད་ལ་ཤེས་རབ་སྦྱོར་བ་དང་། རྣལ་འབྱོར་གྱི་རྒྱུད་ལ་ལ་སྙོམས་པར་ཞུགས་པ་སྟེ། སྔ་མ་དང་ཕྱི་མའི་ཐུན ་མཚམས་ཀྱི་སྦྱོར་བ་དང་། ཉི་མོ་གུད་ནས་མཚན་ཕྱེད་ཀྱི་ཐུན་མཚམས་ཀྱི་ཡང་དག་པར་སྦྱོར་བ་ཞེས་པ་ནི་རྒྱུད་གི་ཉིས་ལ་གྲུབ་པོ།། དགོད་པ་ལོ་སོགས་པ་རྣམས་ནི་ཐུན་གྱི་མངོན་མཚམས་ལའོ།། ཞེས་པ་ནི་འདིར་ཐུན་དང་པོའི ་མངོན་མཚམས་ལ་དགོད་པའི་རྒྱུད་དོ།། ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དོ།། ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དོ།། ཐུན་བདུན་པའི་ཐུན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ། དེ་ལྟར་རྒྱུད ་རྣམ་པ་བཞིའོ།། དེ་ཅིའི་ཕྱིར་ཞེ་ན། འདིར་རླུང་གི་ཟད་པར་རྣམས་ནི་ཤེས་རབ་ལ་དགོད་པོ་ཙམ་གྱིས་འཛག་པའི་བདེ་བར་འགྱུར་རོ།། མེའི་ཟད་པར་རྣམས་ནི་བལྟས་པས་བདེ་བར་འགྱུར་རོ།། ཆུའི་ཟད་པར་རྣམས་ནི་ནུ་མ་ལ་རེག་པས ་བདེ་བར་འགྱུར་རོ།། སིའི་ཟད་པར་རྣམས་ནི་ལོག་པ་འཛིན་པས་བདེ་བར་འགྱུར་རོ།། དེ་ལྟར་འོག་མིན་ལ་སོགས་པ་ནས་ཚུངས་རིས་ཀྱི་མཐར་ཐུག་པ་གཟུགས་ན་སྤྱོད་པ་བཅུ་དྲུག་སྟེ། འདི་རྣམས་རྒྱས་པ་ནི་འཆད་པར་འགྱུར་བའི ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ།། འདོད་པ་ན་སྤྱོད་པ་རྣམས་ཀྱི་སྙོམས་པར་ཞུགས་པ་ནི་གཉིས་སྦྱོར་བའོ།། ཞེས་པ་གྲུབ་པའི་མཐའོ།། ཐམས་ཅད་དུ་གཟུགས་མེད་པ་ལ་ནི་འདོད་ཆགས་དང་བྲལ ་བ་རྣམས་གནས་སོ།། ད་ནི་ལུས་དང་བསམ་པ་རབ་ཏུ་འཇུག་པ་གསུངས་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། འདིར་ཤེས་རབ་ཀྱི་ཡན་ལག་དམར་པོ་མེའི་ཁམས་དང་། སེར་པོ་སའི་ཁམས་ལ་ངེས་པར་དུས ་ཀྱི་འཁོར་ལོའི་བསམ་པ་རབ་ཏུ་འཇུག་གོ།། ཤེས་རབ་དང་ཐབས་ནི་གཟུང་བར་བྱ་བ་སྟེ། གང་གིས་ཕྱིར་སྙོམས་པར་ཞུགས་པ་ལ་ཤེས་རབ་གང་ཡིན་པ་དེ་ནི་ཐབས་ཀྱིས་བསམ་པ་འཛིན་པ་མོ་དང་། ཐབས་གང་ཡིན་པ་དེ་ཡང ་ཤེས་རབ་ཀྱི་འཛིན་པ་པོ་སྟེ། བསམ་པ་འཛིན་པ་དེས་ན་བདེ་བ་སྐྱེའོ།། དེསོ་ན་དུས་ཀྱི་འཁོར་ལོའི་ཆུའི་ཁམས་དཀར་པོ་ནི་དམར་པོའི་ཡན་ལག་མེའི་ཡན་ལག་རབ་ཏུ་འཇུག་ཅིང་རོ་མཉམ་པར་འགྱུར་རོ།། དེ་བཞིན་དུ་རླུང ་ནག་པོ་ནི་སེར་པོའི་ཡན་ལ་རོ་མཉམ་པར་འགྱུར་རོ།། དེ་བཞིན་དུ་ལྷོ་དང་ནུབ་ཏུ་ལྷ་རྣམས་ཀྱིའོ།། དེ་བཞིན་དུ་རྡོ་རྗེ་ཅན་དང་། ལྷ་རྣམས་ཀྱི་གཡོན་གྱི་ཡན་ལག་སྟེ། ཆུའི་ཁམས་དཀར་པོའི་ཡན་ལགེ་ལ་ཤེས་རབ་བསམ་པ ་ཞེས་པ་དམར་པོའི་བསམ་པ་རབ་ཏུ་འཇུག་གོ། བདུན་དུ་ཁ་དོག་ནག་པོའི་རླུང་གིས་ཁམས་ལ་སེར་པོ་སའི་བསམ་པ་འཇུག་གོ། དེ་བཞིན་དུ་སྟེང་དང་འོག་ཏུ་ལྗང་ཁུ་དང་། སྔོན་པོ་དག་ཕན་ཚུན་དུ་ཡང་དག་པར་སྦྱོར་བའོ།། དེ་ལྟར་སེམས ་ཅན་ཐམས་ཅད་ཀྱི་ཡང་མཆོག་གི་ལུས་ལ་ཤེས་རབ་བསམ་པས་ཕྱེ་བ་གཡོན་དང་མདུན་ནི་ཞི་བར་འགྱུར་རོ།། དྲག་པོ་གཡས་དང་རྒྱབ་ཀྱི་ཡན་ལག་མཆོག་གི་རྒྱལ་བའི་བདག་པོའི་བསམ་པས་ཕྱེ་བ་དེ་བཞིན་ཉིད་ཅེས་པས ་སྟེང་ཞི་བ་དང་འོག་དྲག་པོར་གྲུབ་པོ།། དེ་ལྟར་ཤེས་རབ་ཀྱིས་ཕྱེ་བ་རྒྱལ་བ་དག་གི་རབ་མཆོག་ཚོགས་ཀྱིས་རིགས་ཁུ་བའི་ཁམས་ལས་བྱུང་བ་ལས། ལུས་ཀྱི་དབྱེ་བས་ཆུ་དང་རླུང་དང་ན་མཁའི་མཚན་ཉིད་གང་ཡིན་པ་དེ་ཉིད་བསམ་པའི ་ས་རྡུལ་གྱི་ཁམས་ཀྱིས་ཕྱེ་བ་ས་དང་མེ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་བའི་ཕྱིར། རབ་མཆོག་ཚོགས་ཀྱི་རིགས་ནི་གཉིས་ཀྱི་རང་བཞིན་ཞེས་པ་གང་དང་ལྷོར་ལྷའི་ཚོགས་དམར་པོ་དང་དཀར་པོར་འགྱུར་རོ།། ཤར་དང་ནུབ་ཏུ ་སེར་པོ་དང་དམར་པོར་འགྱུར་རོ།། སྟེང་དང་འོག་ཏུ་སྔོན་པོ་དང་ལྗང་ཁུར་འགྱུར་རོ།། དེ་བཞིན་དུ་ནི་ཤེས་རབ་ཀྱི་ནི་ཚོགས་ཀྱི་རིགས་གཙོ་བོའི་བསམ་པས་ཕོ་བ་ངེས་པར་ཕྱོགས་བྲལ་དུ་ཡང་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར་ཏེ། བདེན་བྲལ ་དང་དབང་ལྡན་དུ་དཀར་པོ་དང་དམར་པོར་འགྱུར་རོ།། རླུང་དང་མེར་ནག་པོ་དང་སེར་པོར་འགྱུར་རོ།། གཉིས་ཀྱི་རང་བཞིན་ཞེས་པ་ངེས་པའོ།། དེ་ལྟར་ཐབས་ཀྱིས་ཆོ་གསོ་ནི་ཕྱོགས་སུ་གནས་པའོ།། རྣལ་འབྱོར་མའི་ཚོགས་ཤེས་པ ་ཤེས་རབ་ཀྱི་ཚོགས་སྤྱན་མ་ལ་སོགས་པ་ནི་སྒྲོལ་མ་ལ་སོགས་པ་ནི་ཕྱོགས་བྲལ་དུ་གནས་པའོ།། དེ་ལྟར་གཡས་དང་གཡས་མིན་ཉི་མ་དང་ནི་རི་བོང་ཅན་གྱི་སྐུ་དག་ཟུང་སྟེ། ཤར་དང་ནུབ་ཉིད་ཀྱང་། ནག་པོ་སེར་པོ་དག་སྟེ། ་སྔོན་པོ་ལྗང་ཁུ་དག་ཀྱང་དེ་བཞིན་མཁའ་དང་ས་འོག་ཡང་དག་གནས་པ་ལྔའི་ཚོགས་ཤེས་པ་ངེས་པའོ།། གཞན་གྱི་རིགས་ལ་འཁྱུད་པ་དེའི་ཕྱིར་ཐབས་དང་དཀར་པོ་རྣམས་ཀྱི་ཤེས་རབ་དམར་པོ་རྣམས་སུ་འགྱུར་རོ།། ཐབས ་དམར་པོ་རྣམས་ཀྱི་ཤེས་རབ་རི་བོང་འཛིན་པ་ལྟ་དཀར་མོ་རྣམས་སོ།། དེ་བཞིན་ཉིད་དུ་ཐབས་སེར་པོ་རྣམས་ཀྱི་ཤེས་རབ་ཁ་དོག་ནག་མོ་རྣམས་སོ།། ཐབས་དཀར་མིན་ཞེས་པ་ནག་པོའི་རིགས་རྣམས་ཀྱི་ཤེས ་རབ་མཆོག་གི་གསེར་དང་མཚུངས་པ་སེར་མོ་རྣམས་སོ།། སྔོན་མོ་རྣམས་ཀྱི་ཤེས་རབ་ཁ་དོག་སྣ་ཚོགས་ཤེས་པ་ལྗང་ཁུ་རྣམས་སོ།། སླར་ཡང་ཐབས་ལྗང་ཁུ་རྣམས་ཀྱིས་ཤེས་རབ་སྔོན་པོ་རྣམས་སོ།། དེ་བཞིན་གསུངས་ཤེས་པ ་ནི་རིགས་པ་སྟེ། གཞན་གྱི་རིགས་ལ་འཁྱུད་པ་ལས་བྱ་བ་འགྲུབ་པར་འགྱུར་རོ།། རང་གི་རིགས་ལ་འཁྱུད་པས་ནི་བྱ་བ་འགྲུབ་པ་མེད་དོ།། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིརརོ།། བྷ་གའི་སེམས་ཀྱི་བྷ་གའི་རིགས་ཀྱི་ཁམས ་རྣམས་ཀྱི་བདེ་བ་སྐྱེ་བ་དང་། དེ་བཞིན་དུ་རྟགས་ཀྱི་སེམས་ཀྱིས་སྐྱེས་བུའི་རིགས་རྣམས་ཀྱི་བདེ་བ་སྐྱེ་བ་ནི་མེད་དོ།། དེའི་ཕྱིར་དུས་ཀྱི་འཁོར་ལོ་ལ་རང་འོད་ཀྱི་ཤེས་རབ་རྣམས་སུ་མི་འགྱུར་ཏེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི ་ཕྱིར་རོ།། ཅི་སྟེ་མོ་ལོང་གི་གཟུགས་བརྙན་གྱི་ཆོས་ཀྱིས་སེམས་ཀྱི་དངོས་པོ་འཛིན་པར་བྱེད་དོ་ཞེ་ན། དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། མེ་ལོང་ལ་སྐྱེས་བུའི་གཟུགས་བརྙན་ནི་ནུ་མ་དང་སྐྲ་དང་ལྡན་པ་དང་མཚུངས་པོ་མ་ཡིན་ཞིང་། བུད ་མོམཽད་ཀྱི་གཟུགས་ཀྱང་ནུ་མ་དང་སྐྱེ་གནས་དང་བྲལ་བ་མ་ཡིན་ཏེ། དེས་ན་རེ་ཤིག་རང་འོད་ནི་མེད་དོ།། དེ་བཞིན་དུ་འགལ་བ་གཞན་ཡང་། འདིར་གཟུགས་ཀྱི་གཡོན་པའི་ལག་པ་རྣམས་ལ་མཚན་མ་གང་ཡོད་པ་དེ་དག་ནི་མེ་ལོང་གི་གཟུགས ་བརྙན་གྱི་ལག་པ་གཡས་པ་རྣམས་ན་གནས་པའོ།། དེ་བཞིན་དུ་གཡོན་གྱི་གདོང་པ་གང་ཡིན་པ་དེ་ནི་གཡས་ཀྱིསྟེ། དེའི་ཁ་དོག་ཉིད་ཀྱང་རང་འོད་ཅེས་པར་མི་འགྱུར་རོ།། དེས་ན་གཞན་གྱི་རིགས་ལ་འཁྱུད་པས་དཀྱིལ་འཁོར ་སྐྱོམ་པ་སྟེ། དུས་ཀྱི་འཁོར་ལོའི་རིགས་པ་ལྟས་སྷོ།། རྒྱུང་གཞན་དང་གཞན་ལས་ནི་དངོས་པོ་གང་དང་གང་གི་སཱ་ནི། མི་རྣམས་ཡིད་ལ་ཡང་དག་སྦྱོར།། དེས་དེའི་རང་བཞིན་ཉིད་འགྱུར་ཏེ།། ནོར་བུ་སྣ་ཚོགས་གཟུགས་བཞིན ་ནོ།། དེས་ན་འཁྲིགས་འཁྲུགས་བྱེད་པ་ཡི། ཚིག་ནི་རྣམ་པར་དཔྱད་མི་བཟོད་ཅེས་སོ།། དོན་དམ་པར་ནི་སྟོང་པ་ཉིད་ཀྱི་གཟུགས་སྒོམ་པ་ལ་གཟུགས་དང་སྐུའི་རྟོག་པ་མེད་དེ། དེས་ན་རང་འོད་དང་རང་འོད་མ་ཡིན་པ་ཞེས་པ་མེད་དོ།། ་རྣམ་པ་ཐམས་ཅད་པ་དང་། ཁ་དོག་ཐམས་ཅད་པའི་ཕྱིར་ཞེས་པ་དང་། ཤེས་བྱ་རྡུལ་ཕྲ་རབ་ཀྱི་རྫས་ཀྱི་རྣམ་པར་རྟོག་པ་དང་བྲལ་བ་དག་ལ་རང་བཞིན་མེད་དོ།། དེའི་ཕྱིར་རང་བཞིན་མེད་པའི་སྲིད་པ་བསྒོམ་པ་ནི་བུམ་པ་དང་སྣམ ་བུ་དང་ཤིང་རྟའི་སྡེ་ལ་སོགས་པ་རྣམས་ཀྱི་བྱ་བ་ཉི་ཚེ་བ་མ་ཡིན་པ་འཇིག་རྟེན་པོའི་ཐ་སྙད་མཐའ་དག་དང་བྲལ་བའོ།། ཞེས་པ་དབུ་མ་པའི་གྲུབ་པའི་མཐའ་སྟེ། སྔོགས་ཀྱི་ཚུལ་གྱི་དེ་ཁོ་ན་ཉིད་ཀྱི་ལེའུ་ལ་རིགས་པ་ལས་སོ། ་འདིར་ཚོགས་སུ་བཅད་པ་བཞི་བཅུ་རྩ་བརྒྱད་པ་ནས་བརྩམས་ཏེ། ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་པའི་བར་དུ་ཚིགས་སུ་བཅད་པ་དྲུག་ནི་གོ་སླའོ།། ང་ནི་ལུས་ལ་རྣམ་པ་བཅུའི་དག་པ་གསུངས་པ། སྤུ་ཞེས་པ་ལ ་སོགས་པ་སྟེ། འདིར་བ་སྤུ་དང་སྒྲ་ནི་ན་མཁའི་ཁམས་སོ།། པགས་པ་དང་ཤ་ནི་རླུང་གི་ཁམས་སོ།། ཁྲག་རྣམ་པ་གཉིས་ནི་མེའི་ཁམས་སོ།། རྡུལ་དང་གཅི་བ་ནི་ཆུའི་ཁམས་སོ།། རུས་པ་དང་རྐང་ནཱི་སའི ་ཁམས་སོ།། རྩ་དང་སྲོག་ནི་ཡེ་ཤེས་ཀྱི་ཁམས་སོ།། སྒྲ་གཅན་གྱི་འཇུག་མ་ནི་ཡེ་ཤེས་རྡོ་རྗེའོ།། སྒྲ་གཅེན་ནི་ཐུགས་རྡོ་རྗེའོ།། ཉི་མ་ནི་གསུང་རྡོ་རྗེའོ།། ཟླ་བ་ནི་སྐུ་རྡོ་རྗེ་སྟེ། བཞི་པོ་འདི་རྣམས་ཀྱི་བགྲོད་པ་ཀུན་ནས་སྲོག་གིས ་ས་སུའོ།། ཟླ་བའི་དབུས་སུ་སྟེ། ཁུ་བའི་དབུས་སུ་དྲི་མེད་ནོར་བུ་བཞིན་དུ་ཞེས་པ་བཞིན་དུ་ཉེ་བར་གཞག་པ་དང་འབྲེལ་བ་ལས་དངོས་པོ་ཀུན་གྱིས་འཁྱུང་བའི་རྣམ་པར་ཤེས་པ་སྟེ། དེ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གཉིས ་སུ་མེད་པ་ཉིད་སྒྱུ་མ་ལྟ་བུ་སྟོང་པ་ཉིད་ཀྱི་གཟུགས་ཙམ་འགྱུར་བ་མེད་པའི་བདེ་བ་མཆོག་གི་བདུད་རྩིའི་གོ་འཕང་ཁྱ་བ་བྱེད་གཞོམ་དུ་མེད་པའོ།། ཞེས་པ་ངེས་པ་སྟེ། ལུས་ལ་རྣམ་པ་བཅུ་དག་པའོ།། ད་ནི་ས་བཅུ་རྣམས་ཀྱིས་ཁམས་དེ ་རྣམས་སྦྱང་བ་གསུངས་པ་སྤུ་ལ་སོགས་ཞེས་པ་སྟེ། འདིར་བ་སྤུ་དང་སྐྲ་ནི་རབ་ཏུ་དགའ་བོ།། པགས་པ་དང་ཤ་ནི་དྲི་མ་མེད་པའོ།། ཁྲག་རྣམ་པ་གཉིས་ནི་འོད་བྱེད་པའོ།། རོ་དང་ཆུ་ནི་འཕྲོ་བའོ།། རུས་པ་དང་རྐང་ནི་སྦྱང་དཀའ་བའོ།། ། ་རྩ་དང་སྲོག་ནི་མངོན་དུ་གྱུར་པའོ།། དུས་ཀྱི་མེ་དང་ཆགས་པའི་ཁམས་ནི་རིང་དུ་སོང་བའོ།། སྒྲ་གཅན་མི་གཡོ་བའོ།། ཉི་མ་ནི་ལེགས་པའི་བློ་གྲོས་སོ།། ཟླ་བ་ནི་ཆོས་ཀྱི་སྤྲིན་ཏེ། ཚོགས་པ་དང་། མུན་པ་དང་། རྡུལ་དང་། སྙིང ་སྟོབས་ཀྱི་ཆོས་ཀྱིས་ཀུན་རྫོབ་ལ་འཇུག་པའོ།། དེ་ལྟར་སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་པ་དེ་རྣམས་ཀྱི་སྒྲིབ་པ་མེད་པ་ལས་ས་བཅུ་པོ་དེ་དག་རྣམས་ཏེ། གང་ཞིག་ས་བཅུར་གསུངས་དེ་དག་རྣམས་ཀྱང་སྡེ ་པ་དྲུག་དང་ལ་སོགས་གཞན་དབྱངས་དང་ལྡན་པ་རྣམས་སུ་གསུངས་སོ།། དེ་ལ་ཀའི་སྡེ་པ་ནི་རབ་ཏུ་དགའ་བ་སྟེ། དེ་བཞིན་དུ་གྲངས་ཇི་ལྟ་བར་ཀ་ཙ་ཊ་པ་ཏ་ས་ཞེས་པ་སྡེ་པ་དྲུག་རྣམས་དང་། ལ་ཝ་ར་ཡ་ཧ། ཨལ་ཨོ་ཨར་ཨོཾ ་ཨ་ལ་ཨུ་རི་ཨི་ཨ་ཧཿ་ཞེསཽ་པའོ།། དེ་བཞིན་དུ་ལུགས་ལས་ཟློག་པས་ཀྱང་། རིང་པོ་ལ་སོགས་པའི་སྡེ་པ་རྣམས་ཤེས་རབ་ཀྱི་ས་རྣམས་སོ།། འདི་དག་དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེ། དེ་ཕྱིར་བླ ་ཞབས་ལ་གནས་པ་ཞེས་པ་ཨ་བ་དྷཱུ་ཏཱིའི་ཞབས་ལ་གནས་པའི་རྣལ་འབོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བརྩལ་བར་བ་ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ།། ལུས་ལས་མ་གཏོགས་གང་ཞིག་ཁྱ་བ་བྱེད་པར ་པའི་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན། འདིར་ལུས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་སངས་རྒྱས་ཉིད་སྟོར་བར་བྱེད་པ་དང་། ཐུར་པའི་སྟེར་བྱའོ།། ཚིགས་སུ་བཅད་པ་དྲུག་ཅུ་རྩ་ལྔ་པ་འདི་ན་སོ་བདུན་དུ ་བཞི་པའི་མཐར་ཐུག་པ་གཞན་ཚིགས་སུ་བཅད་པ་དགུ་ནི་གོ་བླའོ།། ད་ནི་སྟོང་པ་ཉིད་ཀྱིས་གཟུགས་མཐོང་བའི་རྗེས་ལ་སྲོག་འགོག་པས་རྣལ་འབྱོར་པ་རྣམས་ཀྱི་སྐད་ཅིག་ཐོབ་པ་གསུངས་པ། རླུང་ཞེས་པ་ལ་སོགས་པ་སྟེ། ་སྔར་གཟུགས་མཐོང་བའི་རྗེས་ལ་སྲོག་རྩོལ་གྱི་རླུང་བཅུ་པོ་རྣམས་ཕྲད་པར་འགྱུར་རོ།། སྲོག་ཐུར་སེལ་ལ་སོགས་པ་བཅུ་པོ་ཡང་དག་པར་ཕྲད་པ་དེ་དག་རྣམས་ཀྱིས། ལྟེ་བའི་ལྟེ་བ་ལ་གཏུམ་མོ་གློག་གི་མེའོ ་དེའི་རྩེ་མོ་ནི་འོད་ཟེར་ཏེ་རྩེ་མོ་དེ་ཡིས་སྤྱི་བོ་སྟེ། དཔྲལ་བར་ཟླ་བ་ཞུ་བར་བྱེད་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བ་གནས་པར་བྱའོ།། བྱང་ཆུབ་སེམས་ཀྱི་ཐིག་ལ་གང་གང་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་གསང་བ ་དག་ལ་སོན་པ་ནི་སྲོག་རྩོལ་གྱི་སྟོབས་ཀྱིས་འགོག་པར་འགྱུར་ཏེ། གསང་བར་སྐུའི་ཐིག་ལ་འགོག་ཅིང་། དེ་བཞིན་དུ་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་ནི་ལྟོ་བ་དང་། སྙིང་གི་དང་མགྲིན་པ་ལ་འགོག་གོ། ཐིག་ལེ་འདི ་ལས་གཡོ་བའི་ཁུ་བ་གང་ཡིན་པ་དེ་ནི། འདིར་གསང་བ་ལ་གནས་པ་སྐུའི་ཐིག་ལ་སྲ་བའི་རང་བཞིན་གྱིས་གཞན་ངང་བའི་ཁུ་བ་གང་ཡིན་པ་དེ་ནི། གཡོ་བའི་ཁུ་བར་གསུངས་ཏེ། དེ་ནི་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་སྟེ། ་རྟགས་ཀྱི་སྒོ་ལ་ཡང་དག་པར་འགོག་པའོ།། གཡོ་བ་དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་སྟེ། གལ་ཏེ་ཐིག་ལེའི་འཕྲེང་བ་འཕོ་བ་མེད་པའི་རྒྱུ་ཡིས་བདེ་བ་སྟེར་ནའོ།། དེའི་ཚེ་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་མ་ཡིན་ཏེ། ཤེས་རབ་ཡེ ་ཤེས་སོ།། ཞེས་པ་གྲུབ་པའོ།། མི་འཕོ་བའི་རྒྱུ་དེའི་ཕྱིར། གཡོན་མེད་བདེ་བའི་སྐད་ཅིག་གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ནས་སྟེར་བར་བྱེད་ངོ་།། དེས་ན་ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མཆོག་ཏུ ་མི་འགྱུར་བའོ།། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་གཡོ་བ་དང་། ཐབས་ཀྱི་བདེ་བ་སྟེ། གཡོ་བ་དང་འགྱུར་བ་ནི་བྱིས་པ་དང་དར་ལ་བབ་པའོ།། ཇི་ལྟར་དངུལ་ཆུ་བྱིས་པ་དང་། ལང་ཚེ་དང་རྒན་པོ་བཅིངས་པའོ།། དེ་བཞིན་དུ ་ཁུ་བ་ཡང་བྱིས་པ་དང་དར་ལ་བབ་པ་དང་རྒན་པོ་འགོག་པ་སྟེ། སྒྲིབ་པ་ཐམས་ཅད་ཟད་པ་ལས་སྲོག། སྒྲིབ་པ་ནི་དྲི་མའོ།། བྱང་ཆུབ་ཀྱི་སེམས་དེ་ཉིད་གང་གི་ཚེ་དངལ་བར་སྟེང་དུ་འགྲོ་བ་དེའི་ཚེ་སེམས་དེ་ཇི་ལྟར་བྱོན་པ་དེ་བཞིན ་གཤེགས་པར་འགྱུར་རོ།། སྲོག་གིས་རོའི་འགྲོ་བ་རྣམས་ལ་གནས་པ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དྲུག་པོ་རྣམས་ལ་གནས་པ། ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་པོ་ཐམས་ཅད་བཀུག་ཅིང་། དེ་བཞིན་དུ་ཉོན་མོངས་བདུད ་རྣམས་བཅོམ་བྱས་ནས་རྫུ་འཕྲུལ་དང་ཀུན་མཁྱེན་གྱིས་བཅུ་གཉིས་འཆད་པར་འགྱུར་པ་རྣམས་དང་། སྲིད་གསུམ་བླ་མ་ཉིད་ཅེས་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་མཁྱེན་པ་ཉིད ་དང་རྣ་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ལ་སོགས་པའི་འབྱོར་པོ་ནི་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱི་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ།། ཅི་སྟེ་གང་གི་ཚེ་ལམ་དུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་འཆི་བར་འགྱུར་ན ་དེའི་ཚེ་དེ་ཡིས་འཛིན་པ་སྟེ། བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་འགྱུར་ཏེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་ངོ་ཞེས ་པ་ངེས་པའོ།། ད་ནི་བྱང་ཆུབ་སེམས་དཔའི་བྱིན་གྱིས་བརླབས་པ་སྐྱེ་བ་གསུངས་པ། གང་ཞིག་ཡོན་ཏན་མེད་ཅེས་པ་ལ་སོགས་པ་སྟེ། འདིར་གཞོན་ནུ་མ་གང་ཞིག་ཡོན་ཏན་མེད་པ་ནི་མི་འཛག་པའི་ཕྱིར ་ཆོས་ཀྱི་དབྱིངས་ཀྱིས་ཡོན་ཏན་དང་བྲལ་བའོ།། དེ་ནི་དངོས་པོ་ཆུང་པོ་ལུས་ཀྱི་ཁམས་རྫོགས་ཤིང་སོ་མ་ལྷུང་བ་སྟེ། ལོ་བརྒྱད་ཀྱི་བར་དུ་གཅིག་གོ། དེས་ན་གཉིས་པ་ནི་སོ་ལྷུང་ནས་ལོ་བཅུའི་བར་དུའོ།། དེ་ལྟར་སྐུའི་ཕྱག་རྒྱ་ནི་སྨྱོ ་གནས་མ་ཉམས་པའོ།། དེའི་མཚམས་ནས་ལོ་བཅུ་གཅིག་ནས་བརྩམས་ནས། ལོ་བཅོ་ལྔའི་བར་ནི་གཅིག་སྟེ། ཆགས་པ་རྗེས་ཚོགས་སོ།། ཡོན་ཏན་གཏེར་གཞན་ནི་གཞན་ལོ་ལྡིའི་བར་དུ་སྟེ། གསུང་གི་ཕྱ་ག་རྒྱ་རྣམ་པོ ་གཉིས་སུ་འགྱུར་རོ།། དེ་ལྟར་ལོ་བརྒྱད་དང་། ལོ་གཉིས་དང་། དེ་བཞིན་དུ་ལོ་ལྔ་དང་ལྔའོ།། དེ་ནས་ལོ་ཉི་ཤུའི་རྗེས་ལ་གཞན་པ་མཁའ་དུས་ཤེས་པ་ལོ་བཞི་བཅུ་ནི། དེ་བཞིན་དུ་ཐུགས་ཀྱི་ཕྱག་རྒྱ་གཅིག་སྟེ། གནག་པའི ་དངོས་པོ་ལ་རྗེས་སུ་ཆགས་པའོ།། དེ་ལྟར་ལོ་དྲུག་ཅུ་མའི་བུད་མེད་དོ།། སླར་ཡང་གཞན་མ་སྟོང་པ་རིགས་བྱེད་ཅེས་པ་ལོ་བཞི་བཅུའི་བར་དུ། དཀའ་བའི་དངོས་པོ་ལ་རྗེས་སུ་ཆགས་པ་སྟེ། རྒན་མོ་རྒས་པ་སྐྲ་དཀར་དང ་ལྡན་པ་ལོ་བརྒྱའི་མཐར་ཐུགས་པའོ།། དེ་ལྟར་ཐུགས་ཀྱི་ཕྱག་རྒྱ་ཡང་རྣམ་པ་གཉིས་སོ།། གསུམ་པོ་འདི་རྣམས་ཀྱི་ནང་ནས་སྐུའི་ཕྱག་རྒྱ་ནི་ཤིན་ཏུ་བུ་མོའོ།། ཐུགས་ཀྱི་ཕྱག་རྒྱ་ནི་ཤིན་ཏུ་ལང་ཚེ་དང་རྒན་མོ་སྟེ། གསུམ ་པོ་འདི་དག་སྤངས་ནས་ལོ་བཅུ་གཅིག་མ་མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་རྣམས་ནི། རྒྱལ་པོའི་བླ་མ་འམ། རྒྱལ་པོའི་དབང་བསྐུར་བ་འམ། དབང་ཕྱུག་དབང་བསྐུར་བ་གཞན་རྣམས་ཀྱིས་བསྲུང་བར་བྱའོ།། རིན་ཆེན ་དབང་མོ་མི་འབྱུང་བར་དུ་སྟེ། མི་འབྱུང་ཞེས་པ་རྡུལ་མི་འབྱུང་གི་བར་དུ་བསྲུང་བར་བྱའོ།། རིན་ཆེན་དབང་པོ་རབ་ཏུ་འབྱུང་བའི་དུས་སུ་མཐའ་དག་ཡོན་ཏན་གཏེར་གྱི་དཀྱིལ་འཁོར་དུས་ཀྱི་འཁོར་ལོ་བཞེངས་ནས་དང་པོར་ལེགས་པར ་བསླབ་པར་བྱ་སྟེ། དེར་དེ་ལ་དབང་བསྐུར་ནས། སངས་རྒྱས་བྱིན་བརླབས་སྔགསོ་པ་རྣམས་ཀྱིས་ཤེས་པ། རྡོ་རྗེ་དྲུག་པོ་རྣམས་དང་། འཇམ་དཔལ་གྱི་ཏིང་ངེ་འཛིན་གྱི་ཤེས་རབ་དེ་ཡང་རྫོགས་པར་བྱ་སྟེ། གཡས་ཀྱི་རྩ་ལ ་རབ་ཏུ་འབབ་པའི་དུས་སུ་དེའི་གསང་བའི་པདྨར་བདེ་མཉམ་བྱང་ཆུབ་ཀྱི་སེམས་སྔགས་དང་བཅས་པ་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྔགས་དང་བཅས་པ་སྤྲོ་བར་བྱའོ།། དེ་ནས་གསང་པོ་དེ་ལ་ཡན་ལག་དྲུག་གིས ་བསྲུང་བ་རབ་ཏུ་བྱ་སྟེ། དྲི་ནས་རང་གི་རྡོ་རྗེ་ནོར་བུ་ལ་གནས་བྱང་ཆུབ་སེམས་ནི་མྱང་བར་བྱའོ།། དེ་ནི་རྣལ་འབྱོར་པས་དེ་ལ་ཡང་སྦྱིན་ནོ།། དེའི་པདྨའི་ཕྱི་རོལ་གྱི་གང་ཡིན་པ་དེ་ནི། མིང་མེང་དང་མཐེ་བོ་དག་གིས་བླངས་ནས་མྱང་བར་བྱ ་སྟེ། ཐམས་ཅ་བསྲུང་བའི་དོན་དུའོ།། ཆོ་ག་འདི་ཡི་མངལ་བཟུང་བ་དེ་ལ་གང་ཞིག་པུར་གྱུར་པ་དེ་ནི་འཇམ་དཔལ་ཉིད་དོ།། ཤེས་རབ་ལྷག་པ་ལ་ཤེས་པ་ནི་རྡུལ་ལྷག་པ་ལས་གལ་ཏེ་བུ་མོར་གྱུར་ན། དེའི་ཚེ་སྣ་ཚོགས་ཡུམ ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ།། དེས་ན་ངེས་པར་སངས་རྒྱས་ཡུམ་དུ་འགྱུར་ཞེས་པ་སྟེ། འཇམ་དཔལ་དང་སྣ་ཚོགས་ཡུམ་གྱིས་བྱིན་གྱིས་བརླབས་པའི་ཆོ་གའོ།། དེ་ནས་གཞན་མེ་ཏོག་གསུམ ་གྱིས་ཤེས་པ་ནི་འདིར་གལ་ཏེ་དང་རྡུལ་དང་པོ་ལ་མངལ་མ་སྐྱེས་ན་དེའི་ཚེ་ཡང་དང་ཡང་དུ་རྡུལ་མཐོང་བ་སོ་སོ་ལ་དཀྱིལ་འཁོར་བཞེངས་ནས་ཏིང་འཛིན་གཞན་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ།། དེ་ལྟར་གཉིས་པ་ལ་པད་མ ་དཀར་འཛིན་ཞེས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པར་འགྱུར་རོ།། གསུམ་པ་ལ་ཛམ་བྷཾ་ལའི་སྤྲུལ་པའོ།། བཞི་པ་ལ་ཕྱག་ན་རྡོ་རྗེ་སྟེ། བུའི་ཡུལ་ལའོ།། བུ་མོའི་ཡུལ་ལེ་ནི་གོས་དཀར་མོ་དང་ནོར་རྒྱུན་མ་དང་། སྒྲ་རྡོ་རྗེ་མས ་བྱིན་གྱིས་བརླབས་པར་འགྱུར་རོ།། དེ་ནས་མེ་ཏོག་བརྒྱད་ཀྱིས་གཞན་བརྒྱད་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཚོ་ལྡན་ཁྲོ་བོའི་རྒྱལ་པོ་རྣམས་ཤེས་པ་ནི་འདིར་སྔར་ཛམ་བྷ་ལས་བྱིན་གྱིས་བརླབས་པ་ལ་གཙུག་ཏོར་གྱི ་ཏིང་ངེ་འཛིན་གྱི་གཙུག་ཏོར་རམ་ཤིན་ཏུ་སྔོན་མོས་བྱིན་གྱིས་བརླབས་ཡོངས་དེས་དབང་ལ་གཞན་བརྒྱད་ཅེས་པོ་མི་འདུག། པར་འགྱུར་རོ།། ཕྱག་ན་རྡོ་རྗེ་གནས་སུ་གནོད་མཛེས་རྒྱལ་པོ་འམ། དྲག་སྤྱན་མར་འགྱུར་རོ།། དེ་ནས་རྡུལ་ལྔ་པ ་ལ་བགེགས་མཐར་བྱེད་དང་། བརྩོན་འགྲུས་མཐའ་ཡོས་མའོ།། དྲུག་པ་ལ་ཤེས་རབ་མཐར་བྱེད་དང་། རྨུགས་བྱེད་མའོ།། བདུན་པ་ལ་པདྨ་མཐར་བྱེད་དང་། ང་རྒྱལ་མའོ།། བརྒྱད་པ་ལོ་གཤིན་རྗེ་མཐར་བྱེད་དང་། རེངས ་བྱེད་མའོ།། དེ་ནས་དགུ་པ་ལ་སྟོབས་པོ་ཆེ་དང་འོད་ཟེར་ཅན་མའོ།། བཅུ་པ་ལ་མི་གཡོ་བ་དང་ཙུན་དཱའོ།། བཅུ་གཅིག་པ་ལ་འདོད་པ་དང་ཁྲོ་གཉེར་ཅན་ནོ།། བཅུ་གཉིས་པ་ལ་དབྱུག་པ་སྔོན་པོ་དང་རྡོ་རྗེ་ལྕགས་སྒྲོག་མའོ།། ཞེས་པ་སྟེ ་ཕྱོགས་བྲལ་རྣམས་སུའོ།། དེ་ལྟར་ཁྲོ་བོའི་ཏིང་ངེ་འཛིན་གྱིས་མངལ་ནི་ཁྲོ་བོས་བྱིན་གྱིས་བརླབས་པར་འགྱུར་རོ།། དེ་ནས་ཟླ་མཚན་བཅུ་གསུམ་པ་ནི་སླར་ཡང་དང་པོ་སྟེ། མ་རིག་པ་ལ་སོགས་པའི་ཡན་ལག་ཇི་ལྟ་བ་བཞིན་ནོ།། ། ་དཔེར་ན་ཟླ་བ་དེ་ལ་རྡུལ་གང་རབ་ཏུ་བྱུང་བའི་རྡུལ་དེ་ནི་སླར་ཡང་འཇམ་དབྱངས་རབ་ཏུ་སྐྱེད་པ་སྟེ། དེ་བཞིན་དུ་ཏིང་ངེ་འཛིན་གྱིས་དམིགས་པ་བྱས་ནས་དེའི་སྟེང་དུ་རྣལ་འབྱོར་པས། བྱང་ཆུབ་ཀྱི་སེམས་རྣམ་པར་སྤྲོ་བ་བྱ་སྟེ། མངལ་ནི ་དེ་ཡིས་བྱིན་གྱིས་བརླབས་པར་འགྱུར་རོ།། ལ་ནི་ཉི་ཤུ་དག་གིས་བར་དུ་སོ་སོའི་རྡུལ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔར་གྱུར་པ་ནི་གཅིག་གམ་གཉིས་སམ། ཞེས་པ་ལ་སོགས་པ་སྟེ། ཡུམ་གྱི་སྒྱིང་སྟོབས་ཆེན་པོ་ཅན་དུ ་འགྱུར་རོ།། ཡུམ་གྱི་ལོ་བཞི་བཅུའི་བར་དུ་ཅུང་ཟད་སྙིང་སྟོབས་ཆ་ཤས་དམན་པར་འགྱུར་རོ།། སླར་ཡང་ལོ་ནི་ཉི་ཤུའི་བར་དུ་དེ་བས་ནི་སྙིང་སྟོབས་ཆུང་ཞིང་བརྩོན་འགྲུས་ཆུང་བའོ།། དེ་ལྟར་ཡུམ་གྱི་ལོ་བརྒྱད་ཅུ་སྟེ་སྙིང ་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་མང་ཡི་བྱིན་གྱིས་བརླབས་པའོ།། དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཅིང་། མངོལ་གྱི་ཡུལ་ནི་རབ་ཏུ་བཅོམ་པ་སྟེ། དེ་ཉམས་པ་ལས་ཤེས་རབ་ལ་དབང་མ་ཡིན་ནོ།། ཐབས་ལ་ཡང ་ས་བོན་མེད་ན་སྟེ། ས་བོན་ཞེས་པ་ནི་གང་རབ་ཏུ་སྐྱེ་བའོ།། འོན་ཀྱང་ས་བོན་ཉམས་པའི་རྒན་མོ་ལ་ཤེས་རབ་དབང་བསྐུར་རྒྱུ་ལྟ་བའི་བདག་པོའི་གསུང་གིས་སྦྱིན་པར་བྱ་སྟེ། དགེ་སློང་ལ་ཇི་ལྟ་བ་བཞིན།། ་དེ་བཞིན་དུ་ཤེས་རབ་ལ་ཡང་དགེ་སློང་མ་ལ་ཇི་ལྟ་བ་བཞིན་ནོ།། དེ་ལྟར་ལ་ཉི་ཤུ་མ་རྣམས་དབང་གི་དོན་དང་བྱིན་གྱིས་བརླབ་པའི་དོན་དུ་བཟུང་ངོ་།། ལོ་ཉི་ཤུ་ཉི་ཤུ་རྣམས་ཀྱིསོ་སའི་ཁོམས་དང་། དེ་བཞིན་ཉིད་དུ་ཆུ་དང་མེ་དང་རླུང ་དང་ན་མཁའི་ཡོན་ཏན་རྣམས་ལོ་བརྒྱའི་བར་དུ་སྟེ། རྒྱལ་བའི་ཡན་ལག་དྲག་གིས་བརྩལ་བར་བྱའོ།། བྱང་ཆུབ་སེམས་ཀྱི་བསྙེན་པ་འདི་ནི་སེམས་ཅན་དོན་གྱི་བྱིད་པ་མོ་སྟེ། འབྲས་བུ་མང་པོར་འགྱུར་ཞེས་པ་ནི་བྱང་ཆུབ་སེམས ་དཔའ་སྐྱེད་པའི་ཕྱིར་རོ།། ད་ནི་བདུད་རྩི་བཏུང་བ་གསུངས་པ་གང་ཞིག་ཁྲག་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་ཏུ་དྲང་བའི་དོན་གྱིས་གང་ཞིག་ཁྲག་མཐོང་བར་བྱེད་པ་དེ་ནི་སྦྲང་བུའོ།། ངེས་པའི་དོན་གྱིས་ནི་ཨོཾ་བ་དྷྱཾ་ཏཱི ་གླང་ཞི་གོ་འཕོ་བོའི་དུས་སུ་རྡུལ་གྱི་ཁམས་མཐུང་བའོ།། རབ་མཆོག་ལྷ་མི་རྣམས་ཀྱི་སྦྲང་བུ་དེ་ནི་བདུད་རྩི་སྟེ། ཨཱ་བ་དྷཱུ་ཏཱི་གཅིག་པུར་འགོག་པའོ།། ཞེས་པའི་དོན་ཏོ།། ཕྱི་རོལ་ཏུ་ཟས་ཀྱི་སྐྱུགས་པ་གང་ཡིན་པ་དེ་ནི་ངེས་པའི ་དོན་གྱིས་བྱང་ཆུབ་སེམས་ཀྱི་སྐྱུགས་པ་གསང་བ་ལ་སོགས་པའི་ཁ་ནས་རྡོ་རྗེ་ནོར་བུ་ལ་གནས་པ་སྟེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་རབ་ཏུ་ཞུགས་པ་ནི་མ་ཡིན་ནོ།། དེ་བཞིན་དུ་འཕོ་བ་མེད་པའི་ཚེ་བཤང་བ་དང་གཅི་བ་དང་ཁྲག་དང ་ཤ་ནི་མཆོག་ཏུ་རོ་མཉམ་སྟེ་མི་ཟག་པ་སྐྱུགས་པའི་དབུས་སུ་རབ་ཏུ་ཞུགས་པ་ཞེས་པ་འགགས་པ་ནི་སྒྲིབ་པ་མེད་པར་འགྱུར་རོ།། འདི་དག་རྣམས་ནི་ཡེ་ཤེས་བདུད་རྩིར་འགྱུར་ཞིང་། འཕོ་བ་མེད་པའི་བདུད་རྩི་ལྔ་ནི་སྲིད་པ ་གསུམ་གྱི་བླ་མ་ཡིས་ཀྱང་རྒྱུད་རྣམས་ཀུན་ཏུ་བསྟན་ཏེ། ཕྱི་རོལ་གྱི་བཤད་བ་ལ་སོགས་པ་དངོས་གྲུབ་ཀྱི་སླད་དུ་བསྟན་པ་མ་ཡིན་ནོ།། ཞེས་པ་བདུད་རྩིའི་ངེས་པའོ།། ང་ནི་ཕྱི་རོལ་ཏུ་དམ་ཚིག་བསྲུང་བ་དང་གཟའ་བ་གསུངས ་པ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། འདིར་སྙོམས་པར་ཞུགས་པ་ལ་སྒོམ་པར་བྱེད་བའི་རྣལ་འབྱོར་པོའི་བང་ཆུབ་ཀྱི་སེམས་མ་བསྡམས་པ་གལ་ཏེ་ཤེས་རབ་ཀྱི་ཆོས་འབྱུང་དུ་ལྷུང་ན། དེའི་ཚེ་ཤེས་རབ་ཆོས་འབྱུང་ལ ་ནི་གང་ཞིག་ལྷུང་བའི་བདེ་བ་དག་ཀྱང་རབ་ཏུ་འབད་པས་བསྲུང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱིས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་དེ་ཡིས་གང་སུ་ཞིག་བྱུང་བ་དེ་ནི་རྒྱལ་བའི་རིགས་ལ་བྱང་ཆུབ་སེམས་དཔའ་ཉིད ་དེ། གང་གི་ཕྱིར་བདེ་བར་གཤེགས་པའི་རིགས་རབ་ཏུ་འཕེལ་བར་བྱ་བ་དེའི་ཕྱིར། བདེ་བར་གཤེགས་པ་མཉམ་པར་མ་གཞག་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་སེམས་བསྲུང་བ་དང་བྲལ་བ་དེ་ནི་ཉོན་ཞག་སོ་སོའི་དུས་སུ ་བདུད་ཀྱི་ཕོ་ཉོ་དང་སྲིན་པོ་ཁུ་བ་འཕྲོག་པར་བྱེད་པ་རྣམས་དང་མི་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཆ་བྱད་ཀྱིས་ཟ་རུ་འཇུག་པར་བྱེད་ཅིང་། ཤེས་རབ་མེ་ཏོག་དང་ལྡན་པ་ཟོས་པ་ཞི་བ་བདེ་བའི་འབྲས་བུ་སྟེར་བའི་སྟོན་པར་བྱེད ་བྱིས་པའི་སྐྱེ་བོ་གཞན་རྣམས་དམྱལ་བར་བཏང་བའི་སླད་དུའོ།། དེའི་ཕྱིར་སངས་རྒྱས་པའི་སྔགས་པས་རྡོ་རྗེ་འཁུམས་པར་མ་གྱུར་གྱིས་བར་དུ་ཆུ་སྐྱེས་ལས་ནི་དབྱུང་བར་མི་བྱ་སྟེ། གང་ནི་ཚེ་འདོད་པ་གྲུབ་པ་དེའི། ་ནན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་འགྱུར། རྡོ་རྗེའི་ལམ་ལས་ཐབས་ཀྱི་སྙིང་གཽར་གཞུག་པར་བཞིང་པདྨའི་ལམ་ནས་ཤེས་རབ་ཀྱི་སྙིང་གར་གཞུག་པོར་བྱ་སྟེ། རང་རང་རྡོ་རྗེའི་སྙིང་གར་ལྷའི་འཁོར་ལོ་རབ་ཏུ་བཅུག ་པ་འདི་ཡིས་འོད་ཟེར་རྣམས་ཀྱིས་གཉིས་ཀའི་ལུས་ནི་གོང་བར་བྱས་ནས་འཁོར་ལོའི་རྣམ་པར་བྱེད་དོ།། གལ་ཏེ་འདི་ནི་གྲུབ་པར་མ་གྱུར་ན་དེའི་ཚེ་རྡོ་རྗེ་ནོར་བུ་ལ་ནི་ཡང་དག་གནས་པའི་བྱང་ཆུབ་ཀྱི་སེམས་མིང་མེད་དང་མཐེ་བོང་དག་གིས ་བླངས་ནས་བཟའ་བར་བྱའོ།། དེ་བཞིན་དུ་ཤེས་རབ་ཀྱི་པདྨའི་ཕྱི་རོལ་ཏུ་འོངས་དེ་ཉིད་ཀྱང་གཉིས་པོ་དག་གིས་བཟའ་བར་བྱའོ།། ཤེས་རབ་ཀྱི་ནི་ཆོས་འབྱུང་ན་གནས་པ་ལ་མཐའ་དགོ་རྒྱལ་བའི་རིགས་ནི་བསྲུང་བའི་དོན་དུ་འགོད་པར ་བྱ་སྟེ། དཔྲལ་བ་ལ་སོགས་པ་རྣམས་སུ་རྡོ་རྗེ་དྲུག་པོ་རྣམས་དང་། སྙིང་ག་ལ་སོགས་པ་རྣམས་སུ་ཡན་ལག་དྲུག་གོ།། ཤེས་རབ་ལྡན་པ་ལའོ།། ཞེས་པ་ནི་རྡུལ་དང་ལྡན་པ་ལའོ།། དེ་ནས་བྱང་ཆུབ་ཀྱི་སེམས་གཅིག་པུ་བསྲུངས ་པོ་ལ་བསོད་ནམས་ཆེན་པོར་འགྱུར་ཏེ། སླར་ཡང་གསུམ་ནི་རབ་ཏུ་གསུངས་པ་བྱང་ཆུབ་ཀྱི་སེམས་འདི་ནི་སངས་རྒྱས་ཀྱི་སྐུའོ།། བདུད་ཀྱི་རིགས་གང་སུ་ཞིག་འདི་ནི་ཉམས་ལ་མངོན་པར་དགའ་བྱེད་གཡོན་ཅན་དེ་ནི་རྡོ་རྗེ་ཅན་ཏེ། ་ཧེ་རུ་ཀ་ཡིས་གསོད་པར་བྱེད་དོ།། བྱང་ཆུབ་སེམས་ཀྱི་དམ་ཚིག་བསྲུང་བ་དང་བཟའ་བའི་ངེས་པའོ།། འདིར་སྔགས་ཀྱི་ཚུལ་ལསྭཱ། སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་ལུས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུང ་པ་གང་། དེ་དག་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིགས་པ་སྦྱང་བྱེད་སྲོག་ཆགས་རྣམས་ལ་ནམ་ཡང་མ་ཡིན་ནོ།། འདིར་བདུད་རྣམས་ནི། གང་ཞིག་དྲན་པ་རྣམས་ཀྱི་བྱེང་པོ་གཡུལ་གྱི་ཡུལ་ལ་དགའ་ཞིང་གསོད་གཞན། ་ཡང་མུ་སྟེགས་པ། དེ་རྣམས་ལཾ་ནི་མཆོག་གི་རྒྱལ་སྲས་རྣམས་ཀྱིས་སྲོག་ཆགས་བསྲུང་བའི་དོན་དུ་དེ་དག་སྦྱར་བར་བྱ། དེ་རྣམས་ཀྱིས་ཕྱོགས་ཤེས་པ་ནི་རིགས་བྱེད་ཀྱི་ཆོས་ལ་སོགས་པ་སྟེ། ཆོས་དེ་ཉམས་པ་དང ་འཇིག་པའི་སླད་དུ་ཡིན་གྱི། དེ་རྣམས་ཀྱི་སྲོག་གཞོམ་པའི་སླད་དུ་ནི་མ་ཡིན་ནོ།། འདིར་རྣལ་འབྱོར་མའི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པོ་དེ་རྣམས་ཀྱིས་ཕྱུགས་ཀྱི་སྐྱེ་བོ་སྟེ། མི་ཤེས་པ་རྣམས་གསང་བའི་དོན་དུ་སངས ་རྒྱས་པ་མཁས་པ་རྣམས་ཀྱི་གསོལ་བ་གདབ་པར་མི་བྱ་སྟེ། གང་ལས་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་པ་གསུམ་གྱི་བླ་མས་དེ་དག་རྣམས་ནི་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ། དེ་ཕྱིར་མཆོག ་གི་སྙིང་རྗེ་དང་ལྡན་པ་དེ་དག་རྣམས་ནི་འཇིག་རྟེན་རྣམས་སྲུང་བར་བྱེད་ཅིང་འཇིག་རྟེན་སླུ་བར་བྱེད་པའི་སྒྲུབ་པ་པོ་ལ་སྡང་བར་བྱེད་དོ།། ཅི་སྟེ་གསད་པ་ལ་སོགས་པའི་ལས་བྱས་པར་གྱུར་པ་ན་བསྒྲུབ་བྱ་དག་ནི་ལས་ཀྱི་མཐུ་ཡིས ་ཤི་བར་གྱུར་ན་དེའི་ཚེ་འདི་ནི་སྒྲུབ་པ་པོའི་ཡིན་ཏེ། བདག་གིས་གསད་དེ་ཞེས་པའོ་ང་རྒྱལ་ལས་ཕྲ་མོའི་ལས་ཀྱིས་སྒྲུབ་པ་པོ་དམྱལ་བར་འགྲོའོ།། ཁེངས་པ་མེད་པ་དང་ང་རྒྱལ་མེད་པ་ནི་ཕྲ་མོའི་ལས་མི ་བྱེད་དེ། བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་ལྟ་བའོ།། འདིར་འཁོར་བ་པའི་སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེ་བོའི་འབྲས་བུའི་དབང་གིས་ཕྲན་ཚེགས་རིག་པ་ལ་རྗེས་ཆགས། རིག་པ་འདི་ཡིས ་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་གིས་དབང་དུ་བྱེད་པའོ།། ཞེས་པ་ནི་བསམ་པ། བརྐམ་ཆགས་སེམས་ཀྱི་ཡེ་ཤེས་སྦྱིན་པ་རྣམ་པར་སྤངས་ནས་ཤི་བར་གྱུར་པ་དམྱལ་བར་རབ་ཏུ་འཇུག། རྒྱབ་ཏུ་སྟེ ་ཤི་བར་གྱུར་པའི་རྗེས་ལ་རྫས་གཞན་གྱི་དབང་དང་། རང་གི་ཁྱིམ་ཐབས་གཞན་གྱི་དབང་དུ་གྱུར་ཏེ། ཀྱེ་མ་འཁོར་བ་པ་རྣམས་ཀྱི་གཞན་ལ་ཆགས་པ་ནི་དམ་པའི་ཆོས་ལ་རབ་ཏུ་འཇོག་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་ཀྱི་ཡེ་ཤེས་ཀྱི་ལེའུ་ལས་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་སྤྲོ་བའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ།། ་ཡང་མིན་མེད་མིན་ཡོད་མེད་མིན།། གཉིས་ཀའི་བདག་ཉིད་མིན་པའང་མིན།། མཐའ་བཞི་ལས་ནི་རྣམ་གྲོལ་བ།། བདེ་ཆེན་སྐུལ་ཕྱག་འཚལ་ནསོ།། དང་པོའི་སངས་རྒྱས་རིགས་མང་ལས།། འཇམ་དཔལ་རྡོ་རྗེས་རབ་ཕྱུང་བ། ་སངས་རྒྱས་སྐུ་བཞི་པོ་རྣམས་ཀྱི།། མཚན་ཉིད་དེ་ནི་དགྲོལ་བར་བྱ།། ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིར་ཤེས་རབ་ནི་ཆ་བཅོ་ལྔའི་བདག་ཉིད་དེ། དཀར་པོའི་ཕྱོགས་སོ།། ཐབས་ནི་ནག་པོའི་ཕྱོགས་ཏེ། ཟླ་བའི ་ཆ་ཉམས་པའི་ཕྱིར་རོ།། དེ་བཞིན་དུ་དཀར་པོ་ནི་མཚན་མའོ།། ནག་པོ་ནི་ཉིན་མོའོ།། དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ནི་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། དེ ་ལྟར་ཡོད་པ་དཀར་པོའི་ཕྱོགས་མ་ཡིན་ནོ།། མེད་པ་སྟེ་ཆའི་དངོས་པོ་མེད་པ་ནག་པོའི་ཕྱོགས་མ་ཡིན་ནོ།། ཡོད་མཽང་མིན་ཏེ་འདི་དག་ཕན་ཚུན་འགལ་བའི་ཕྱིར་ཚོགས་པ་མེད་དོ།། གཉིས་ཀའི་བདག་ཉིད་མིན་པའང ་མིནྡ་ཞེས་པ་ནི་དཀར་པོ་དང་། ནག་པོའི་ཕྱོགས་འདི་དག་མ་གཏོགས་པ་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་དེ་མ་ཡིན་ནོ།། དེ་ལྟར་མཐའ་བཞི་ཡོངས་སུ་དག་པ་ཆོ་བཅུ་དྲུག་པ་སྟོང་པ་ཉིད་ཀྱིས་ཆོས་ཅན་ནི། ལྷན་ཅིག་སྐྱེས ་བའི་སྐུ་རུ་གསུངས་ཏེ། རྣལ་འབྱོར་བ་རྣམས་ཀྱི་བཞི་པ་ཟང་པ་ལས་རྒྱུ་མཐུན་པའི་མཚན་ཉིད་དོ།། དེ་ལྟར་ན་མ་ནིང་ངོ་ཞེས་གྲུབ་བོ།། འདིར་ལྷན་ཅིག་སྐྱེས་པའི་སྐུ་ནི་རི་གི་དོན་ཕུན་སུམ་ཚོགས་པའོ།། གཞན་གྱི་དོན ་ཕུན་སུམ་ཚོགས་པ་ལ་ཤིན་ཏུ་གཉིད་ལོག་པ་ཟང་པ་ལས་ཆོས་ཀྱི་སྐུར་གྱུར་པ་སྟེ། དེ་ཡང་ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས་ཤེས་པ་ལ་འདིར་ཡེ་ཤེས ་ནི་རྣལ་འབྱོར་པ་ཡི་འཛིན་པར་བྱེད་པའི་སེམས་སོ།། རྣམ་ཤེས་ནི་གཞན་གྱི་སེམས་ཤེས་པ་སྟེ། གཟུང་བར་བྱ་བ་ཤེས་བྱ་སྟེ། མཚན་ཉིད་དོ།། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་འཛིན་པར་བྱེད་པའི ་སེམས་ནི་ཤེས་རབ་སྐྱེ་བརྟགས་པོ་འམ་བྲལ་བ་ཉིད་ཀྱི་ཕྱིར་ཐབས་ཀྱི་སེམས་ནི་ཀུན་ཏུ་བརྟགས་པ་སྟེ། སྙིང་རྗེའི་མཚན་ཉིད་དོ།། འཛིན་པར་བྱེད་པ་དང་བཟུང་བར་བྱ་བའི་དབྱེ་བ་དེ་ཡིས་ཤེས་རབ་དང་། ཐབས་ཀྱི་རང་བཞི ་གཞན་གྱི་དོན་བྱེད་པ་པོ་ནི་ཆོས་ཀྱི་སྐུ་སྟེ། དེ་ཡང་ལྷན་ཅིག་གི་སྐྱེས་པ་ལས་བྱུང་བར་གྱུར་པའོ།། དེ་ལྟར་ལྟེ་བར་ལྷན་ཅིག་སྐྱེས་པ་རྒྱུ་མཐུན་པོ་དང་། སྙིང་ག་ཆོས་ཀྱི་འཁོར་ལོར་རྣམ་པར་སྨིན་པའོ།། ཆོས་ཀྱི་སྐུ་འདི་ནི། ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ།། འདིར་ལྷ་འི་མིག་གིས་འདས་པ་དང་། མ་འོངས་པའི་གཟུགས་གང་ཞིག་མཐོང་བ་ནི་གཟུགས ་བརྙན་གྱི་རྣམ་པ་དང་བ་སྟེ། དེ་ལ་སྒྲ་གང་ཞིགོ་རྒྱུ་བཱ་དེ་ནི་སྒྲ་བརྙན་ནོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཏེ། ལྷའི་རྣ་བས་ལྷའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པའོ།། སྒྲ་བརྙན་ནི་བཟུང་བར ་བྱ་བའོ།། དེས་ན་འདས་པ་དང་མ་འོངས་པའི་དུས་ཀྱི་གྲངས་ཤེས་ཏེ། བསྐལ་པ་ཚིག་མོ་དང་། དུས་ཆེ་གེ་མོ་དང་། ལོ་ཆེ་གེ་མོ་དང་། ཟླ་བ་ཆེ་གེ་མོ་དང་། ཕྱོགས་ཆེ་གེ་མོ་དང་། ཉིན་ཞགོ་ཆེ་གེ་མོ་ལ་སོགས་པ་ཁ་ཆེ་ག ་མོ་བྱུང་བར་གྱུར་ཏེ། ཆེ་གེ་མོ་འབྱུང་བར་འགྱུར་རོ།། ཞེས་པའོ།། དེ་ཡིས་སེམས་ཅན་རྣམས་འདུལ་བར་བྱེད་པ་སྟེ། སྟེང་དུ་ཁུ་བ་རྣམས་ཀྱི་རྨི་ལམ་གྱི་གནས་སྐབས་ཟད་པ་ལས་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུ ་སྐྱེས་བུ་བྱེད་པའོ།། སེམས་ཅནྡ་རྣམས་ནི་སྦྱིན་པའི་སླད་དུ། སླར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་འདོནི་སྤྲུལ་པའི་སྐུར་འགྱུར་ཏེ། ཤེས་རབས་དང་ཐབས་ཀྱི་བདག་ཉིད་ཅན་གཅིག་ཀྱང་སེམས་ཅན་རྣམས་ལ ་པོ་སྣ་ཚོགས་སྟོན་པར་བྱེད་པའི་ཕྱིར་དུ་མའོ།། དེ་ལྟར་གཅིག་དང་དུ་མ་དག་ནི་དོན་དམ་པར་སྦྱོར་བ་སྟེ། ཤེས་རབ་དང་ཐབས་སོ།། ཀུན་རྫོབ་ཏུ་ནི་གཅིག་དང་དུ་མ་འགལ་ལོ།། དེ་ཡང་སད་པའི་གནས་སྐབས་ཟད་པ ་ལས་དཔྲལ་བར་སྤྲུལ་པོའི་སྐུ་དྲི་མ་དང་བྲལ་བ་སྟེ། གཟུགས་རྣམས་མ་ལུས་ཀུན་ཏུ་སྟོན།། ནོར་བུ་ཆེན་པོ་རིན་ཆེན་ཏོ།། རྗེས་པའོ།། དེ་ལྟར་ལྷན་ཅིག་སྐྱེས་པའི་སྐུ་གཅིག་པུ་སྟེ། དེ་ཉིད་ཆོས་དང་ལོངས་སྤྱོད ་རྫོགས་པ་དང་སྤྲུལ་པའོ།། ཞེས་པ་རྣམ་པ་བཞིའོ།། སྔར་གསུངས་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་གཅིག་པུ་འདི་ནི་དུས་མཐའ་སྤྲིན་དང་མཚུངས་པ་ནག་པོའི་ཙཽ་རུ་ཀར་ནི་བྱུང་བར་གྱུར། འཕོ་བ་མེད་པའི་ཆོས་ཀྱིས ་གཞན་རྣམ་པར་ཤེས་པ་དེ་ནི་ཧེ་རུ་ཀ་སྟེ། དེ་ཡང་གདུག་པ་རྣམས་ནི་སྨིན་པའི་དོན་དུ་རྡོ་རྗེ་སེམས་དཔའ་སྤྲོས་པའོ།། རྡོ་རྗེ་སེམས་དཔའ་དེ་ཡང་རྨོངས་པ་རྣམས་སྨིན་པའི་དོན་དུ་གཞན་གཟུགས་དེ་ནི་དམ་ཚིག་རྒྱལ ་བ་སྟེ་རྣམ་པར་སྣང་དུ་བྱུང་བར་གྱུར་ཏོ།། དེ་ཡང་རིན་ཆེན་དབང་པོ་ནི་སྡུག་བསྔལ་ལྡན་པ་རྣམས་ལ་སྦྱིན་པའི་དོན་ཏེ། འཕོ་བ་མེད་པའི་ཆོས་ཀྱིས་གཞན་ཚོར་བ་དེ་ནི་སྡུག་བསྔལ་ཐམས་ཅད་འཕྲོ ་བར་བྱེད་པ་རིན་ཆེན་འབྱུང་ལྡན་པར་གྱུར་ཏོ།། དེ་ཡོད་པར་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད་དུ་སྟེ། འཕོ་བ་མེད་པའི་ཆོས་ཀྱིས་གཞན་འདུ་ཤེས་གང་ཡིན་པ་དེ་ནི་འཕོ་བ་མེད་པའི་བདེ་བ་སྦྱར་བར་བྱེད་པ་པོ་སྣང ་བ་མཐའ་ཡས་སུ་བྱུང་བར་གྱུར་ཏོ།། དེ་ཡང་བགེགས་རྣམས་རྣམ་པར་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་སྟེ། འཕོ་བ་མེད་པའི་ཆོས་ཀྱིས་གཞན་འདུ་བྱེད་གང་ཡིན་པ་དེ་དག་རྣམས་སེམས་སྒྲིབ་པ་མེད་པར་བྱེད ་ཅིང་། བདུད་ལ་སོགས་པའི་སྒྲིབ་པ་རྣམ་པར་འཇོམས་པར་བྱེད་པ་དོན་ཡོད་གྲུབ་པ་བྱུང་བར་གྱུར་ཏོ།། ཞེས་པ་སྟེ། སངས་རྒྱས་ལྔ་རྣམ་པར་དག་པའོ།། ད་ནི་ཁས་ལྷ་རྣམས་གསུངས་པ། ཞེ་སྡང་ཞེས་པ་ལ་སོགས ་པ་སྟེ། འདིར་ཐ་མལ་པའི་ཞེ་སྡང་ཟད་པའི་ཞེ་སྡང་ཆེན་པོ་ལོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་མཁའ་འགྲོ་མར ་བྱུང་བར་གྱུར་ཏོ།། དེ་བཞིན་དུ་གཏི་མུག་ཟད་པའི་གཏི་མུག་ཆེན་པོ་ལས་སྤྱད་མའོ།། མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་ཟད་པའི་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བར་གྱུར་ཏོ།། ཆགས་པ་ཟད་པའི་ཆགས་པ་ཆེན་པོ ་ལུས་དེ་ནི་གོས་དཀར་མའོ།། ཕྲག་དོག་ཟད་པའི་ཕྱག་དོག་ཆེན་པོ་ལས་དེ་ནི་མཐའ་དག་ཡོན་ཏན་གཏེར་སྒྲོལ་མར་བྱུང་བར་གྱུར་ཏེ། དེ་ལྟར་གཞན་ན་མཁའི་ཁམས་དང་། གཞན་སའི་ཁམས་དང་། གཞན་ཆུ་ཡི་ཁམས་དང་། གཿ ་མེའི་ཁམས་དང་། གཞན་རླུང་གི་ཁམས་སོ་ཞེས་པ་ཁམས་ཀྱི་མཚན་ཉིད་དེ། སྒྲིབ་པ་མེད་པའི་གཟུགས་དང་མི་འཕོ་བའི་བདེ་བ་ལས་སོ་ཞེས་གྲུབ་པོ།། དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ཐབས་དང་། ཤེས་རབ ་གཅིག་ཏུ་འདྲེས་པར་གྱུར་པ་སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ནི་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར་ཏེ། གཞན་དྲི་ལ་སོགས་པའི་ཡུལ་དེ་དག་རྣམས་དང་། གཞན་རྣ་བ་ལ་སོགས ་པའི་ཡུལ་ཅན་དེ་དག་རྣམས་དང་། གཞན་དག་དང་ལག་པ་ལ་སོགས་པ་རྣམས་དང་། གཞན་ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་རྣམས་ཏེ། དེ་བཞིན་དུ། ཀུན་ནས་ལག་པ་རྐང་པའི་མཐའ།། ཀླན་ནས་མིག་དང་མགོ ་དང་གདོང་།། ཀུན་ནས་ཐོས་ལྡན་འཇིག་རྟེན་དུ།། ཐམས་ཅད་གཡོགས་ཏེ་གནས་པ་ནི། རྡོ་རྗེ་སེམས་དཔའ་ཞེས་དོང་། དེ་བཞིན་དུ། བདག་རིགས་གཞན་རིག་ཐམས་ཅད་པ།། ཀུན་ནས་ལ་ཕན་པའི་གང་ཟག་མཆོགས། ་འཇིག་རྟེན་དཔེ་ལས་འདས་པ་སྟེ།། ཤེས་རབ་ཤེས་བྱའི་བདག་པོ་མཆོག་ཅེས་པ་དང་། དེ་བཞིན་དུ། དོན་གྲུབ་བསམ་པ་གྲུབ་པ་སྟེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། རྣམ་པར་མི་རྟོག་དབྱིངས་མི་ཟད།། ཆོས་དབྱིངས། ་དམ་པ་ཟང་མི་ཤེས།། ཤེས་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་དོ།། ད་ནི་སེམས་ཅན་གྱིས་བསམ་པའི་དབང་གིས་སངས་རྒྱས་རྣམས་ཀྱི་བཞུགས་པ། སྣ་ཚོགས ་པ་གསུངས་པ། ཕུང་པོ་ལ་ཞེས་པ་ལ་སོགས་པ་སྟེ། འདིར་ཉོན་མོངས་ལ་སོགས་ཏེ། འདིར་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་རྣམས་ཀྱི་མངལ་དུ་འཇུག་པ་དང་ཕུང་པོ་ལྔ་འཛིན་པ་དང་བུད་མེད་ཀྱི་མངལ་དུ་སྐྱེ ་བའི་སླད་དུ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་གཞུགས་པ་གང་ཡིན་པ་དེ་ནི་བརྩེ་བ་ཡིས་ཐ་མལ་པའི་སྐྱེ་བོ་ངེས་པར་རྣམ་པར་མ་བསྒྲུབས་ཤིང་བསོད་ནམས་མིན་པ་བསགས་པ་རྣམས་སྨིན་པའི་སླད་དུ་སྟེ། དེ་བཞིན་དུ ་གསུངས་པ། གང་ཕྱིར་རྡོ་རྗེ་སྐུ་ཡི་ལུས།། སངས་རྒྱས་རྣམས་ནི་མི་རྟག་ཉིད།། ཆུ་ཤིང་སྙིང་པོ་མཚུངས་པ་ཡི།། སྐྱེ་བོ་གཞན་ལྟ་ཅི་ཞིག་སེམས།། ཤེས་པ་ལ་སོགས་པས་རྟག་པར་སྨྲ་བ་རྣམས་སྦྱིན་པར་བྱ་བའི་སླད་དུའོ།། ། ་སླར་ཡང་གཙང་མོའི་གནས་ལ་སོགས་པར་སྐྱེ་བ་གང་ཡིན་པ་དེ་ནི་ལྷ་ཉིད་དུ་གྱུར་པའི་ཉན་ཐོས་རྣམས་ཀྱི་ང་རྒྱ་ལོ་ཉམས་པར་བྱ་བའི་སླད་དུ་སྟེ། ལྷ་ཉིད་འདི་ནི་ལྟུང་བའི་དུས་སུ་སྡུག་བསྔལ་ཆེན་པོའོ།། ཞེས་བསྟན་པས ་དེ་རྣམས་སྨིན་པར་བྱེད་དོ།། གང་ཞིག་ཨེ་ཝཾ་ཡི་གེ་སྟོང་པ་ཉིད་ལ་གནས་པ་དེ་ནི་མཆོག་གི་ངེས་པ་ཅན་རབ་འབྱོར་ལ་སོགས་པ་རྣམས་དང་། བྱམས་པ་ལ་སོགས་པ་རྣམས་སྐུ་བཞི་པ་བསྟན་པས་མཆོག་ཡང་དག ་པར་རྫོགས་པའི་སངས་རྒྱས་ཉིད་ལ་དགོད་པའི་སླད་དུའོ།། སྟོང་པའི་དངོས་པོ་ནི་སྟོང་པ་ཉིད་དེ། འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་སྟོང་པའོ།། དེ་མཐོང་བ་ནི་དངོས་པོ་སྟོང་པ་ཉིད་ཟ་བ་དང་རྒྱ་ཆེ་བ་སྟེ། འདས་པ ་དང་མ་འོངས་པའི་དངོས་པོ་མེད་པའི་ཕྱིར་ཟབ་པའོ།། འདས་པ་དང་མ་འོངས་པ་མཐོང་བའི་ཕྱིར་རྒྱ་ཆེ་བའོ།། དེ་བཞིན་དུ་གསུངས་པ། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ།། ཆོས་ཀྱི་དུང་སྟེ་སྒྲ་ཆེན ་ལྡན་ན་ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ།། མི་གནས་མྱ་ངན་འདས་པ་པོ།། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།། གཟུགས་མེད་གཟུགས་བཟང་དམ་པ་སྟེ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད ་སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་བ་པོ།། ཞེས་པ་ནི་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་ངེས་པའོ།། འདིར་ཚིགས་སུ་བཅད་པ་དགུ་བཅུ་རྩ་གཉིས་ཀྱི་རྗེས་ལ་ཚིགས་སུ་བཅད ་པ་བཅོ་ལྔ་ནི་གོ་བླའོ།། དེ་ནས་ཡེ་ཤེས་ཤེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་ནི་སྦས་པ་སྟེ། དེ་ཉིད་དགྲོལ་བར་བྱའོ།། འདིར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་དམ་ཚིག་སེམས་དཔའ་རྫོགས་པར་བྱ་སྟེ ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པ་དང་རོ་མཉམ་པ་སྔགས་པས་བྱ་བ་ནི་ཛོཿཧཱུཾ་བཾ་ཧོཿཧི་ཞེས་པའི་རྡོ་རྗེ་ལྕགས་ཀྱུས་དགུག་པ་དང་། རྡོ་རྗེས་གཞུག་པ་དང་། རྡོ་རྗེ་ཞགས ་པས་བཅིང་བ་དང་། དྲིལ་བུས་མཉེས་པ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་གནས་པའི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་སོ།། རྣལ་འབྱོར་མའི་རྒྱུད་ལ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས ་ཀྱི་ས་ཏེ། ཐམས་ཅད་དུ་གྲག་གོ།། དེ་ཉིད་ནང་དུ་གསུངས་པ་ཡེ་ཤེས་དགུག་པ་བྱུང་བ་འདིར་ནི་ལུས་ལ། སླར་ཡང་ཤིན་ཏུ་སྟོབས་ཤེས་པ་ནི་ན་ཆུང་དང་། རབ་ཏུ་འགྲོགསོ་པ་ལ་ཡེ་ཤེས་སེམས་དཔའ་ནི་ཁུ་བ་སྟེ། ་དགོངས་པའི་སྐད་གཞན་གྱིས་སོ།། དེའི་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དེ། སྟེང་དུ་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་དོ།། ཞེས་པའི་དོན་ཏོ།། ད་ནི་གཞུགས་པ་རྨུགས་བྱེད ་ཀྱིས་ཤེས་པ་ནི་མེ་ཡིས་དེ་ཞུ་བར་བྱས་ནསྟེ། ཁུ་བྱེ་ཐིག་ལེའི་གཟུགས་མགྲིན་པ་དང་། སྙིང་ག་དང་ལྟེ་བ་དང་། གོསང་པོའི་པདྨ་ལ་རབ་ཏུ་ཞུགས་པར་བྱེད་དོ།། རེངས་བྱེད་ཅེས་པས་སའི་ཁམས་ནི་ཐིག་ལེའི་གཟུགས ་དེ་ཡིས་བཅིང་པ་བྱེད་དེ། མཚིག་གི་བདེ་བའི་དབང་གིས་ཤིན་ཏུ་འགྱོགས་པས་འོངས་པ་ས་ནཱི་འགྲོར་མི་སྦྱར་རོ།། ཁེངས་བྱེད་ནི་ཆུའི་ཁམས་ཏེ། ཐིག་ལེའི་ཁུ་བ་དོང་གསང་བའི་པདྨ་དང་། རྡོ་རྗེ་ནོར་བུ་ལ་གནས་པ ་ནི་གཡོ་བ་ཞེས་བརྗོད་ཅིང་། དེའི་ཆུའི་ཁམས་ཀྱིས་ནི་མི་འཕོ་བའི་བདེ་བའི་དབང་གིས་མཉེས་པ་སྟེ། ལུས་ལ་བསིལ་བ་ཉིད་དུ་བྱེད་དོ།། ཞེས་པའི་དོན་ཏོ།། སླར་ཡང་གནས་དེ་ནས་སྟེང་དུ་འགྲོ་བའི་དོན་དུ་རྒྱུ་མཐུན་པའི ་བདེ་བ་དེ་ཉིད་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སྔར་བརྗོད་པའི་རྡོ་རྗེའི་ཀླུ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དོ།། དེ་ནས་ལྟེ་བར་རྒྱུ་མཐུན་པ་ཉིད་ཀྱི་དོན་དུ་སྤྱན་མས་སྐུལ་བར་བྱེད་དོ།། སྙིང་གར་རྣམ་པར་སྨིན་པའི་དོན་དུ ་མཱ་མ་ཀཱི་ཡིས་སོ།། མགྲིན་པར་སྐྱེས་བུ་བྱེད་པའི་དོན་དུ། གོས་དཀར་མོ་ཡིས་སོ།། སྤྱི་བོར་དྲི་མ་དང་བྲལ་བ་ཡི་དོན་དུ་སྒྲོལ་མ་ཡིས་སོ།། དེ་ལྟར་བུ་ལ་སོགས་པ་རྣམས་ཀྱིས་སླང་བ་བདེ་བ་ཆེན་པོ་གྲི་མ་དང་བྲལ ་བར་གྱུར་པས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པར་བྱེང་ངོ་།། དེ་ནས་རྣལ་འབྱོར་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་གནས་སུ་འགྱུར་ཏེ། བརྟགས་པའི་དཀྱིལ་འཁོར་ལོ་རྣལ ་འབྱོར་མའི་གླུ་ཡིས་བསླང་བས་ནི་མ་ཡིན་ནོ།། ཞེས་པ་ངེས་པའི་དོན་ཏོ།། རྒྱུད་ཐམས་ཅད་ལོ་ཀུན་རྫོབ་དང་། དོན་དམ་པས་ཀྱང་ངོ་།། དེ་ནས་དབྱུག་པོ་སྔོན་པོ་ལ་སོགས་པཾ་ལས་ཀྱི་དབང་པོ་དང་བྱ་བ་རྣམས་ཀྱིས་བདུད ་ལྀ་སོ་ག་སྣ་པ་རྣམས་ལ་བསྣུན་པ་ལ་སོགས་པ་བྱས་ནས། ནམ་མཁའ་ལ་འགྲོ་བ་དང་འོང་བ་ལ་སོགས་པ་བྱེད་དོ།། མི་འཇིགས་པ་བཞིའི་སྟོབས་ཀྱི་བདུད་ཀྱི་རིས་ཐམས་ཅད་ཕམ་པར་བྱས་ནས། སྔར་བརྗོད་པའི ་མཚན་གྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེང་ངོ་།། ཞེས་པ་ངེས་པའོ།། དེ་བཞིན་དུ་སྒྲིབ་པ་མེད་པའི་བདེ་བ་ལས་གཞན་གང་ཅུང་ཟད་སྤྲོས་པ་ཡོད་པ་དག་ཀྱང་ཁྱབ་བདག་དཀྱིལ་འ ་ལ་ནི་འབྱུང་པོ་ལས་སྐྱེས་མཐར། ཞེས་པ་ཕྱེད་དང་བཅས་པའི་བྱེ་བ་ཕྲག་གསུམ་གྱིས་མཐར་ཐུག་པ་སྟེ། ནང་དུ་བ་སྤུའི་མཐར་ཐུག་པ་སྒྲིབ་པ་མེད་པའི་ཁམས་ཀྱི་ཚོགས་སོ།། སེམས་ཅན་ཀུན ་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམ་མང་འདི་དག་རོང་གི་ལུས་ལ་རིག་པར་བྱ།། དེ་བཞིན་རྒྱུ་ངོ་དང་སྔགས་ནི་རྣམ་མང་རིགས་ལ་གནས་རྣམས་རྣལ་འབྱོར་མ་དང་། རྣལ་འབྱོར་དབྱེ་བས་ཏེ། འཇིག་རྟེན་པའི་དངོས་གྲུབ་ཀྱི ་སླད་དུའོ།། དུས་ཀྱི་འཁོར་ལོ་འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུའི་ཡོན་ཏན་དབང་གིས་འཇིག་རྟེན་པ་དང་། བླ་ན་མེད་པའི་ལམ་འདོད་པ་རྣམས་ཀྱི་ཡོན་ཏན་དབོང་གིས་བླ་ན་མེད་པའོ།། ཞེས་པ་ངེས་པའོ།། ད་ནི ་གང་ཞིག་ཤེས་རབ་ཅེས་པ་ལ་སོགས་པས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དབང་གི་དོན་གསུངས་ཏེ། འདིར་གང་ཞིག་རྒོད་པ་དང་ལྟ་བ་དང་། ལག་པ་བཅངས་པ་དང་གཉིས་གཉིས་འཁྱུད་པ་ཞེས ་པ་ནི་དབང་རྣམ་པ་བཞི་སྟེ། སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་། སླར་ཡང་དེ་བཞིན་གྱི་སྒྲས་གསུངས་པ་བཞི་པའོ།། དེ་བཞིན་དུ་འདུས་པ་ལ་སོགས་པ་ལས་བུམ་པ་ལ་སོགས་པའི་དབང་དེ་ནི ་ཀུན་རྫོབ་ཏུ་སློབ་དཔོན་བྱེད་པའི་སླད་དུ་བརྡ་ཙམ་སྟེ། དེ་ཁོ་ན་ཉིད་ནི་མ་ཡིན་ནོ།། དབང་བསྐུར་ནས་ནི་དེ་ཉིད་བཤད་ཅེས་གསུངས་པའི་ཕྱིར། དགོད་པ་དང་། ལྟ་བ་དང་། ལག་པ་བཅངས་པ་དང་། གཉིས་གཉིས་སྦྱོར ་བ་ཞེས་པ་དབང་རྣམས་བཞི་ནི་ཁོ་ན་ཉིད་དུ་མི་འགྱུར་རོ།། འདིར་དེ་ཁོ་ན་ཉིད་ནི་གཉིས་གཉིས་འཁྱུད་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་དཔྱང་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ།། འདིར ་གལ་ཏེ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པའི་བདེ་བ་ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན། དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པ་ནི་ཤེས་རབ་ཀྱི་ཐབས་ཡེ་ཤེས་སུ་འགྱུར་ཏེ། དངོས་གྲུབ་ཀྱི་སླད་དུའོ།། གྲལ་ཏེ་གཉིས་ཀའི ་ཡེ་ཤེ་ས་ཀྱི་དབྱེ་བ་ལས་ངོ་ལྟར་ཡེ་ཤེས་གཉིས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར་གཉིས་སུ་མེད་པར་མི་འགྱུར་ཏེ། གཉིས་སུ་མེད་པའི་ཕྱིར་སངས་རྒྱས་ཉིད་མེད་དོ།། ཅི་སྟེ་ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས ་ཡིན་པ་དེ་ལྟ་ནའང་སྐྱོན་ཏེ། ཐབས་ཀྱི་ཡེ་ཤེས་ནི་ཐབས་ཀྱི་ཡེ་ཤེས་སོ་ཞེས་གྲུབ་པོ།། དེའི་ཕྱིར་ཐབས་ཀྱི་འགྱུར་བའི་བདེ་བ་བྱིས་པ་དང་། ངར་ལ་བབ་པ་རྣམ་པ་གཉིས་དང་ཤེས་རབ་ཀྱི་གཡོ་བའི་བདེ་བ་རྒྱན་པོ་སྟེ། ་གཉིས་པོ་དེ་དག་གང་གི་ཚེ་ཕྱག་རྒྱ་ཆེན་པོའི་སྒོ་ནས་གཡོ་བར་གྱུར་པ་དེའི་ཚེ་དབང་པོ་གཉིས་དང་བྲལ་བ་གཉིས་མེད་པའོ།། དེའི་ཕྱིར་ཤེས་རབ་ཀྱི་ནུ་མ་ལ་རེག་པ་ལ་སོགས་པ་ནི་ལམ་ལ་གཞུག་པའི་དོན་དུ་འཇིག ་རྟེན་པར་བསྟན་ཏོ།། འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ།། དེ་ཉིད་གསུངས་པ། སེམས་ཀྱི་སྣང་བ་ཙམ་ཞེས་པ་ལ་སོགས་པའི་ཚིགས་སུ ་བཅད་པ་སྟེ་གོ་བླའོ།། ཤེས་རབ་ཡེ་ཤེས་ཞེས་པ་ལ་སོགས་པ་དགྲོལ་བར་བྱ་སྟེ། འདིར་ཤེས་རབ་དང་ཡེ་ཤེས་ནི་གྲངས་བཞིན་དུ་འཛིན་པར་བྱེད་པའི་སེམས་དང་འཛིན་པར་བྱེད་པའི་སེམས ་དེའི་གཟུང་བར་བྱ་བ་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་གང་ཡིན་པ་སྟེ། མེ་ལོང་གི་སྣང་བ་པྲ་ཕབ་པ་ལྟ་བུ་དེ་ཉིད་ནི་ཡེ་ཤེས་ཏེ། གཟུང་བར་བྱ་བའི་སེམས་སོ།། ཞེས་པའི་དོན་ཏོ།། དེ་ལྟར་མེ་ལོང་ལ་རང་གི་མིག་དང་གཟུགས ་བརྙན་ནི་རང་གི་མིག་དེང་གཟུང་བ་རླབ་པ་ཡིན་པ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱང་ངོ་།། དབང་ནི་འདི་ལ་ཞུགས་པ་གང་ཡིན་པ་ཞེས་པ་ནི་འདིར་འཛིན་པར་བྱེད་པའི་སེམས་ཀྱི་གཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི ་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པ་གང་ཡིན་པའོ།། ཡན་ལག་དྲུག་ལས་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་ཞུགས་པ་ཞེས་བརྗོད་དེ།། ཞུགས་པ་དེ་ལས་མྱ་ངན་ལས་འདས་པའི་བར ་བོ་འཕོ་བ་མེད་ལྷན་ཅིག་སྐྱེས་པ་འགྱུར་མོད་ཉིད་ནི་བཞི་པ་སྟེ། བང་བ་བྱིས་པ་དང་། དར་ལ་བབ་པ་དང་། གཡོ་བ་རྣམས་ཀྱི་མཆོག། འཇིག་རྟེན་པའི་དཔེ་ལས་འདས་པ། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས ་པའི་དོན་ཏེ། དགོད་པ་དང་། ལྟ་བ་དང་། རེག་པ་དང་། འཁྱུད་བ་དང་། ལག་པ་བཅངས་པ་དང་། འཁྲིག་པ་དང་བྲལ་བ་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་རྣམ་པོ་ཐམས་ཅད་པ་རབ་ཏུ ་གསལ་བའི་མཚན་ཉིད་དོ།། སངས་རྒྱས་ཞལ་ཏེ་ཡེ་ཤེས་ཀྱི་ཞལ་འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ཞེས་པ་བསྒོམས་པ་སྟེ། རང་གིས་ཉམས་སུ་མྱོང་བ་དང་། སློབ་མ་རྣམས་ལ་བསྟན་པའི་སླད་དུ་དུས་ཐམས་ཅད་དུ་ཁ ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་སྟེ། རྡོ་རྗེ་འཛིན་པའོ།། ཞེས་པའི་དོན་ཏེ།། གཞན་དབང་པོ་གཉིས་ཀྱི་བདེ་བ་རྟོགས་པར་བྱེད་པ་པོ་རྣམས་ནི་མ་ཡིན་ནོ།། ད་ནི་ན་མཁར་ཞེས་པ་ལ་སོགས་པས་རང་གི་སེམས་འདིའི་སྣང ་བ་ལ་རབ་ཏུ་གཞུག་པ་གསུངས་ཏེ། འདིར་སྔགས་ཀྱི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣལ་འབྱོར་གོམས་པ་རྣམ་པ་གཉིས་ཏེ། ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ།། གང་ཞིག་ན་མཁའ ་ལ་རྣལ་འབྱོར་གོམས་པར་བྱེད་པ་དེས་མཚན་མོ་བུག་པ་མེད་པའི་ཁྱིམ་དུ་མུན་པོ་ལ་ན་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་མི་འཛུམས་ཤིང་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཞེས་པོ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པས ་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་སྟེ། ན་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། སྟོང་པ་ལཾ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང ་ཏིཉིང་དང་མར་མེ་དང་ཞེས་པ་ནི་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ་།། དེ་ནས་སྤྲིན་མེད་པའི་ན་མཁའ་ལ་ལྟ་སྟེ། ནམ་མཁའ་དེ་ལས་ཀྱང་། ཉིན་མོའི་རྣལ་འབྱོར་གྱིས་ན་མཁའིའ་ལས་བྱུང་རང་བྱུང་བ། ཤེས་རབ་ཡེ་ཤེས་མ ་ཆེ། ཞེས་པ་འབར་བ་མཐོང་སྟེ། སྤྲིན་མེད་པའི་ན་མཁའ་ལའོ།། དེ་བཞིན་དུ་འོང་ཆེན་རྣམ་པར་སྣང་བར་བྱེད། ཡེ་ཤེས་སྣང་བ་ལ་མེ་བ་ནི་ཟླ་བ་སྣང་བའོ།། འགྲོ་བའི་མར་མེ་ནི་ཉི་མའོ།། ཡེ་ཤེས་སྒྲོན་ནི ་རྡོ་རྗེ་ཏེ་སྒྲ་ཅན་ནོ།། གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ།། སྔགས་མཆོག་མངའ་ངག་རིགས་སྔགོས་རྒྱལ་ནི་ཐིག་ལེའོ།། དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ། འདུས་པ་ལ་སོགས་པ་ལས་མཚན ་མོའི་རྣལ་འབྱོར་དང་མཚན་ཡང་དག་པར་བརྗོད་པ་ལས་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་པ་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས ་ཅད་པའི་གཟུགས་མཐོང་བའོ།། དེའི་དབུས་སུ་སྟེ། ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་རྫས་མེད་པའི་ཕྱིར་དང་། བརྟག་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དང་། དུ་མ་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ནས ་གཟུགས་ཀྱི་རྣལ་འབྱོར་གྱིས་གཞོམ་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ཐོས་ཏེ། དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་། སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་པའི་དོན་ཏོ།། འདིར་ཉིན་མོའི་རྣལ་འབྱོར ་ནི་ནམ་མཁའ་ཆུ་འཛིནི་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་དག་པའི་མིག་གིས་བལྟ་བར་བྱ་བ་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལེ་རྒྱབ་བསྟན་ནས་སོ།། རྣམ་པ་གཞན་དུ་ནི་ཉི་མའི་འོད་ཟེར་གྱིས་རབ་རིབ་ཏུ་འགྱུར་ཏེ། དེ་ཡིས་ཤེས ་པ་དེའི་གནོད་པ་ལས་སོ།། ཉི་མ་སོ་སོར་བལྟ་བར་བྱ་སྟེ། ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་བ་དྷཱུ་ཏཱི་ལ་མཐོང་བར་གྱུར་གྱི་བར་དུའོ།། ནང་དུ་འདུས་པ་ཀུན་མཁྱེན་གཟུགས ་ནི་ཁམས་གསུམ་མ་ལུས་པ་ཚུལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན ་གྱི་སེམས་ཤེས་པའི་ཕྱིར་རོ།། འདིར་དེ་བཞིན་གཤེགས་པའི་ཤའི་སྤྲིན་གྱི་དང་པོར་རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཀྱི་ཤེས་པ་མཐོང་སྟེ། དེས་ན་ཆོས་ཡང་དག་པར་སྡུད ་པ་ལས་བཅོམ་ལྡན་འོངས་ཀྱི་སྤྱན་ལྔ་ཞེས་གསུངས་སོ།། དེ་ལྟར་རིམ་པས་ཤའི་སྤྱན་དང་། ལྷའི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར ་འགྱུར་རོ།། དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ།། དེ་ནས་ཟླ་བ་དག་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་པ་ཞེས་པ་བུམ་པ་ཅན་རབ་ཏུ་བྱ་སྟེ། འོད་ཟེར་འཁོ ་ལ་རང་གི་ལུས་ལོ་ཡོངས་སུ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ།། ཞེས་པ་སྔར་བརྗོད་པའི་གཟུགས་ལས་ནང་དུའོ།། དེ་ནས་ཟླ་བ་དྲུག་གི་སྡོམ་བརྩོན་ཏེ། ལས་དང་པོ་པའི་ཚངས་པར་སྤྱོད་པ་རྣམས་ཀྱི་རེག ་བྱས་དབེན་པ་ཞེས་པ། དབང་པོ་གཉིས་ཀྱི་འཁྲིག་པ་དང་བྲལ་ཞིང་བདེ་བ་མཉམ་པ་སྟེ། མི་འགྱུར་བའི་བདེ་བ་ལམ་གྱི་སེམས་ཤེས་པ་སྟོང་པ་ཉིད་ཀྱི་གཟུགས་ཀྱི་སེམསོ་སུ་འགྱུར་རོ།། དེ་ནས་སྐད་ཅིག ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སྐད་ཅིག་མ་ལས་ཏེ། ཆགས་དང་ཆགས་བལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཞེས་པ་ལ། ཆགས་པ་ཞེས་པ་ནི་དཀར་པོའི་ཕྱོགས་ཏེ། དེའི་མཐར ་གནས་པ་ནི་ཆུ་དྲུག་པའི་མཚན་ཉིད།། ཆགས་བྲལ་ནི་ནག་པོའོ།། དེའི་དང་པོ་ལས་གནས་པ་ནི་ནག་པོའི་ཕྱོགས་ལ་མ་ཞུགས་པ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ཉིད་དོ།། སྐད་ཅིག་མ་དེ་ཉིད ་ཀྱང་དབུགས་ཀྱི་གླེགྲངས་ཤེས་པ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་གྲངས་འཕེལ་ལོ།། གསང་བར་རྡོ་རྗེ་ནོར་བུའི་རྩེ་མོ་ལས་སྐད་ཅིག་མ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱི་འཕེལ་ཏེ། དེའི་གྲངས་ཀྱིས་སྲོག་རྣམས་གསད་ནས ་གསང་བའི་པདྨ་ཐོབ་པོ།། དེ་ཡིས་ས་གཉིས་སུ་འགྱུར་ཏེ། དེ་བཞིན་དུ་ལྟེ་བ་དང་སྙིང་ག་དང་། མགྲིན་པ་དང་དཔྲལ་བར་བཞི་དང་། དྲུག་དང་བརྒྱད་དང་། ས་བཅུ་རྣམས་སུ་འགྱུར་ཞིང་། གཙུག་ཏོར་དུ་སྲོག་ཐམས་ཅད ་ཟད་པས་ས་བཅུ་གཉིས་སོ།། དེའི་ཕྱིར་ཨོཾ་བྷཱུ་འབར་བའི་བར་ཏེ། གསང་བར་འོངས་པ་དང་ཁྱད་པར་དགའ་བ་ལྷན་སྐྱེས་ངག་གིས་དབུས་སྟེ་ལྟེ་བ་དང་གཉིད་དང་གཉིད་ཡུར་གྱི་མཚམས་སྙིང་ག་དང་། ཡེ་ཤེས་རྣམ་ཤེས ་ངག་ནི་དབུས་མགྲིན་པར་གཉིས་གཉིས་སྦྱོར་བ་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཀྱིས་དཔྲལ་བ་ནས་འོངས་པའི་བདེ་བ་གང་ཡིན་པ་ཁུ་བ་བདེ་བ་དེའི་འཕེལ་བ་སྟེ། སྟེང་དུ་འགྲོ་བ་རབ་ཏུ་བྱའོ།། ་བླ་མའི་ངེས་པའི་དབང་གིས་ཤེས་པ་སྔར་གསུངས་པའི་སྲོག་འགོག་པ་ལས་དཔྲལ་བའི་བར་དུ་འཕེལ་བར་འགྱུར་ཏེ། འདི་ལ་ངོ་མཚར་མེད་དོ།། དེ་ལྟར་ཉོན་མོངས་བདུད་རྣམས་བཅོམ་ནས་རྒྱལ་བའི་བདག་པོར་འཇུག ་སྟེ་ཞེས་པ། གཡོན་པ་དང་གཡས་པར་གནས་པའི་སྲོག་རྣམས་གསང་ནས་རྒྱལ་བའི་བདག་པོ་སྟོང་པ་ཉིད་ཀྱི་གཟུགས་ལ་འཇུག་སྟེ། ལོའི་སྦྱོར་བས་རྣལ་འབྱོར་པ་བཟང་པོ་ཨ་བ་དྷཱུ་ཏཱི་ལ་གནས་པའོ།། དེའི་ཕྱིར་བུམ ་པ་ཅན་གྱི་བདེ་བ་ཆེན་པོའི་སྐད་ཅིག་སྐྱེད་ནས་བདེ་བ་འཕེལ་བར་བྱའོ།། ཞེས་པ་ནི་ངེས་པའོ།། དཱ་ནཱི་ས་ཞེས་པ་ལ་སོགས་པས་གཟུགས་ཀྱི་མཚན་ཉིད་གསུངས་ཏེ། འདིར་སྟོང་པ་རབ་ཏུ་སྣང་བ་རྫས་མེད་པོ་སིའི ་རྣམ་པར་མཐོང་སྟེ། སྲ་བ་མ་ཡིན་ནོ།། ཞུ་བ་ཆུའི་རྣམ་པ་ནི་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་ཡང་མ་ཡིན་ཏེ། གཤེར་བ་ཉིད་མེད་པའི་ཕྱིར་རོ།། དེ་བཞིན་དུ་མེའི་རྣམ་པ་ནི་མེའི་ཡིན་ནོ།། གཡོ་བ་རླུང་གི་ལུས་ནི་རྫས་མེད་པའི ་ཕྱིར་གང་ཞིག་གཡོ་བ་མེད་པ་དེ་ནི་རླུང་མ་ཡིན་ནོ།། རྫས་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་པ་དེ་ལྟ་ན་ཡང་མཐོང་ངོ་།། སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་རྫས་མེད་པའི་ཕྱིར ་ཁ་དོག་མ་ཡིན་ནོ།། རྣམ་པ་ཐམས་ཅད་པ་ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་བལྟ་བྱ་མིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་ཏེ། གཡོན་པ་དང་གཡས ་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ།། ཞེས་པ་ངེས་པའོ།། ད་ནི་ཞེས་པ་ལ་སོགས་པས་རྩའི་བགྲོད་པའི་སླད་དུ་གནས་གསུངས་ཏེ། འདིར་ནཱ་ད་ནི་སྙིང་གར་ཐུགས་ཀྱི་ཐིག་ལེ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སྐྱེད ་པར་བྱེད་པའོ།། ཐིག་ལེ་ཞེས་པ་ནི་དཔྲལ་བར་སྐུའི་ཐིག་ལ་སད་པའི་གནས་སྐབས་སྐྱེད་པར་བྱེད་པའོ།། ཆ་ཞེས་པ་ནི་མགྲིན་པར་གསུང་གི་ཐིག་ལེ་རྨི་ལམ་སྐྱེད་པར་བྱེད་པའོ།། ཡེ་ཤེས་ཤེས་པ་ནི་ལྟེ་བར་ཡེ་ཤེས་ཀྱི ་ཐིག་ལེ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའོ།། བདུད་རྩིའི་གནས་སུ་སོང་བ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ་ཞེས་པ་ལས་སོ།། བདུད་རྩིའི་གནས་ནི་དབུལ་བའོ།། དེར་སོན་པ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ། ལ་ལ ་སཱ་དང་། ར་ས་ནཱ་དང་། ཨ་བྱཱ་དྷཱུ་ཏཱིའོ།། དེ་རྣམས་ཀྱང་ལུ་གུ་རྒྱུད་དུ་བཅིངས་པས་ཝཱ་བཱ་དང་། སྙིང་གའི་བར་དུ་ལམ་གསུམ་བྱས་ནས། སླར་ཡང་ཨ་བ་དྷཱུ་ཏཱི་ནི་དབུས་སུ་སྙིང་གའི་ལྟ་བྷྲྀ་ཕུག་ནས་འགྲོའོ།། ལ་ལ་ནཱ་དང ་ར་ས་ནཱ་ནི་གཡས་དང་གཡོན་གྱི་འདབ་མ་རབ་ཏུ་རྒྱུ་བས་སོ།། དེ་ནས་སྙིང་ག་དང་མགྲིན་པའི་བར་དུ། སླར་ཡང་ལམ་གསུམ་བྱས་ནས་འགྲོའོ།། དེ་བཞིན་དུ་མགྲིན་པ་དང་དཔྲལ་བའི་བར་དུ། ལམ་གསུམ་དང་དཔྲལ ་བ་དང་གཙུག་ཏོར་གྱི་ལ་བར་དུ་ལམ་གསུམ་སྟེ། དེ་ལྟར་ལམ་གསུམ་བཞི་བྱས་ནས་ལ་ལ་ནཱ་ནི་སྣ་གཡོན་པའི་བུ་ག་ནས་གཞན་གྱིས་གནས་སུ་བཅུ་གཉིས་མཐའ་དང་ཚྭའི་མཐར་འགྲོ་སྟེ། ནང་གི་ལེའུ་ལས་གསུངས་སུ། ་ར་ས་ནཱ་ནི་གཡས་ནས་སོ།། ཨ་བ་དྷཱུ་ཏཱི་ནི་ཅིག་ཆར་སྣ་བུག་གཉིས་ནས་འགྲོའོ།། དེ་བཞིན་དུ་འོག་ཏུ་ལྟེ་བ་དང་གསང་བའི་བར་དུ་ལམ་གསུམ་པས་ནས་བཤང་བ་དང་གཅི་བའི་རྩཝ་ནི་གཡོན་དང་གཡས་ནས་སོང་ནས་གསང ་བའི་པདྨ་ལས་དབུས་སུ་དུང་ཅན་མའོ།། གསང་བའི་པདྨའི་འོག་ཏུ་དྲི་ཅན་གྱི་རྩེ་དབུས་ནས་འགྲོ་སྟེ། རྟགས་སམ་བྷ་ག་ལ་གཡོན་ནས་གཙོ་བོའི་རྩ་འགྲོ་ཞིང་གཡས་ནས་ཁུ་བའི་རྩ་འགྲོའོ།། རྩཝའི་ཀུན་ཏུ་སྤྱོད་པ་ནི་ནང་གི ་ལེའུ་ལས་སྔར་གསུངས་སོ།། དེ་ལྟར་སྲོག་དང་ཐུར་སེལ་ལིམ་གསུམ་རྣམས་ཤེས་པ་སྟེ། སྟེང་དུ་སྲོག་གི་གཡོན་དང་གཡས་དང་དབུ་མའི་ལམ་རྣམས་དང་། འོག་ཏུ་ཐུར་སར་གྱི་བཤང་བེ་དང་གཅི་བ་དང་ཁུ་བོའི་ལམ་རྣམས ་རྡོ་རྗེ་དང་བཅས་པདྨ་ནི་བུད་མེད་རྣམས་ཀྱི་སྐྱེ་གནས་ཏེ། གཡོ་བ་ཉིད་ཀྱི་ཕྱིར་རོ།། ནོར་བུ་དང་བཅས་པའི་རྡོ་རྗེ་ནི་འགྱུར་བའི་ཕྱིར་ཏེ། ཆུ་སྐྱེས་ལྡན་པ་ཉིད་ནི་ཁ་འབྱེད་པའི་ཕྱིར་རོ།། རླུང་གཉིས་ཡང་དག་ཕྲད་པའི་ད་བུས་སུ་ཞེས ་པ་ལྟེ་བར་སྲོག་དང་ཐུར་སེལ་གྱི་རླུང་དག་ཡང་དག་པར་ཕྲད་པའི་དབུས་སུ་ཡུལ་རྣམ་པར་དབྱེ་བ་མེད་པའི་ཚིགས་སྟེ། ཡུལ་རྣམས་ལ་ཡུལ་ཅན་མིན་པ་ལོ་སོགས་པའི་རྩ་རྣམས་འབྱུང་བ་དང་། འཇུག་པ་ཡང་ལྟེ་བར། ་དེ་ཉིད་ནི་སྔར་བརྗོད་ཟིན་ཏོ།། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་ནི། ཨ་བ་དྷཱུ་ཏཱིའི་སྒོ་ནས་ཏེ། ཀྱང་གི་སྒྲས་ལྟེ་བ་དེ་ཉིད་ལའོ།། འདི་དག་ཐམས་ཅད་གསང་བར་བྱ་སྟེ། བྱིས་པའི་སྐྱེ་བོ་རྣམས ་ལ་སྦ་བར་བྱའོ།། ཞེས་པ་ངེས་པའོ།། ད་ནི་དབུ་མར་སྲོག་ཅེས་པ་ལ་སོགས་པས་རྣལ་འབྱོར་ཉེ་བར་བསྡུ་བ་གསུངས་ཏེ། འདིར་དང་པོར་རྣལ་འབྱོར་པས་དབུ་མར་སྲོག་ནི་རབ་ཏུ་གཞུག་པར་བྱ་སྟེ། གང་གིས་མཚན་མོ་མཐོང་བར ་འགྱུར་བ་ཨོཾ་བ་དྷཱུ་ཏཱིར་རོ།། འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྟེ། ཞལ་གཅིག་ཏུ་བརྗོད་དོ།། དེ་ནས་ཉི་མ་དང་བཅས་ཏེ། གཡས་པའི་བགྲོད་པ་དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་ཞེས་པ་གཡོན་གྱི་རྩ ་བའི་བགྲོད་པ་ལ་སྲོག་གིས་བཅིང་བའོ།། ཞེས་པ་ངེས་པ་སྟེ། སྲོག་རྩོལ་ནི་གཉིས་པ་གསུང་རྡོ་རྗེའོ།། ཕྱག་རྒྱ་རབ་ཏུ་འགྲོགས་པ་ལ་སེམས་ཤེས་པ་གཟུགས་ལ་རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་ཞུ་བ་དང་མཆོག་གི ་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བླངས་པ་ཡང་གསུམ་པ་ཐུགས་ཀྱི་ཞལ་ལོ།། ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ན། དེའི་ཚེ་པདྨར་རྡོ་རྗེའི་སྒྲ་འམ་ཞེས་པ། དལ་བུ་དག་གིས་བྱོའོ།། ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ ་རང་གི་ལག་པའི་པདྨས་གསོར་བར་བྱའོ།། བདེ་བ་འཕེལ་བའི་སླད་དུ་སྟེ་ལྟུང་བའི་སླད་དུ་ནི་མ་ཡིན་ནོ།། དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཏེ། འདི་ནི་དཔལ་ལྡན་བླ་མའི་ཞལ ་བཞི་པ་སྟེ། ཡེ་ཤེས་རྡོ་རྗེའོ་ཞེས་པ་རྣལ་འབྱོར་གོམས་པའི་ངེས་པའོ།། ད་ནི་ས་ཞེས་པ་ལ་སོགས་པས་དཀྱིལ་འཁོར་ལྔ་ཟད་པ་གསུངས་ཏེ། འདིར་གང་གི་ཚེ་ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་བཀོད་པའི་རྣལ་འབྱོར་པ ་མིག་མི་འཛུམས་པར་གྱུར་པ་དེའི་ཆོ་གཡོན་ནམ་གཡས་སུ་ས་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། གང་གི་ཚེ་གཡས་སུ་ས་རབ་ཏུ་འབབ་པའི་དུས་སུ་རྣལ་འབྱོར་པ་སྒོམ་པར་བྱེད་ན་དེའི་ཚེ་ཆོ་ག་འདིའོ།། གཡོན་པའི་རྩ ་རབ་ཏུ་འབབ་པའི་དུས་སུ་ནི་མ་ཡིན་ཏེ། ན་མཁའི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ལས་སོ།། དེས་ན་གཡོན་ནམ་གཡས་སུ་སྲོག་གི་དཀྱིལ་འཁོར་ག་འབབ་པ་དེའི་ཆོས་ཅན་ཉིད་ཀྱི་ཕྱིར། དཀྱིལ་འཁོར་དེ་ཉིད་གསུང ་སོ།། དེས་ན་གཡས་ཀྱི་རྩ་ལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ།། གཡོན་གྱི་རྩ་ལ་ན་མཁའ་ལ་སོགས་པོས་འཇུག་གོ། དེ་བཞིན་དུ་སྟོང ་པ་ངེས་པར་དུ་བ་ལྔ་སྩོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་། མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ།། གཟུགས་ལས་འགྱུར་པ་མེད་པའི་བདེ་བར་འགྱུར་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ།། ཡེ་ཤེས་ལས་ནི་རྫུ་འཕྲུལ་ན་མཁའ་ལ་འགྲོ་བ་ལ་སོགས་པ་དང་། དངོས་གྲུབ་ཁམས་གསུམ་གྱི་དབང་ཕྱུག་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི ་ཉིད་ལའོ་ཞེས་པ་ལམ་ལ་རབ་ཏུ་ཞུགས་པའི་ངེས་པའོ།། ད་ནི་སྒྲ་བཞི་རྣམས་ཀྱི་རབ་ཏུ་དབྱེ་བ་བཅུ་དྲུག་གསུངས་པ་འདོད་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཀུན་འབྱུང་གི་བདེན་པ་ལས་གང་ན་སྐུ ་གཅིག་ཡོད་པ་དེ་ནི་གཞན་གསུང་དང་ཐུགས་ལ་སོགས་པ་རྣམས་ཀྱང་ངོ་།། འདོད་པ་ཞེས་པ་ལུས་ཀྱི་དགའ་བ་འགགས་པ་ལས་སངས་རྒྱས་ཀྱི་སྤྲུལ་པའི་སྐུར་ངེས་པར་འགྱུར་རོ།། རྫོགས་པ་སྟེ་ངག་གི་དགའ་བ་ཟད་པ་གང ་ཡིན་པ་དེ་ནི་སྤྲུལ་པ་དེའི་གསུང་ཉིད་དོ།། འབར་བ་སྤྲུལ་པའི་ཐུགས་ཏེ་འབར་བ་ཞེས་པ་ནི་སེམས་ཀྱི་དགའ་བ་འགགས་པའོ།། སྤྲུལ་པའི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་རྡོ་རྗེ་ནི་ཨོཾ་ཊྚ་སྟེ། ཡེ་ཤེས་ཀྱི་དགའ་བ་འགགས ་པའོ།། དེ་ལྟར་སྤྲུལ་པ་བཞིའོ།། དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་བཞི་ནི།། དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ལུས་ཀྱི་མཆོག་དགའ་འགགས་པའོ།། མཆོག་དགའ་དང་བཅས་ཁྱད་པར་དགའ་བ་རིམ་པས་འདི་ཡི་ནི་ཞེས ་པ། མཆོག་དགའ་ནི་ལོངས་སྤྱོད་རྫོགས་པའི་གསུང་སྟེ། ངག་གི་མཆོག་དགའ་ཟད་པའོ།། ཁྱད་པར་དགའ་བ་ནི་ལོངས་སྤྱོད་རྫོགས་པའི་ཐུགས་ཏེ། སེམས་ཀྱི་མཆོག་དགའ་འགགས་པའོ།། དེ་ལྟར་གསུང་དང་ཐུགས་སོ།། ་ལྷན་ཅིག་སྐྱེས་པའི་དགའ་བོ་ནི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་མཆོག་དགའ་འགགས་པའོ།། ཞེས་པ་ལོངས་སྤྱོད་རྫོགས་པའོ།། དེ་ནས་ཆོས་བཞི་ནི་འདར་བ་ཉིད་ཅེས་པ་ལུས་ཀྱི་ཁྱད་པར ་དགའ་བ་སྟེ་འགགས་པ་ནི་སྲིད་པ་གསུམ་གྱིས་བཏུད་པ་ཆོས་ཀྱི་སྐུའོ།། འབྱུང་བ་ཆོས་དེའི་གསུང་དུ་འགྱུར་ཞེས་པ་སྟེ། ངག་གི་ཁྱད་པར་དགའ་བ་འགགས་པའོ།། གཉིད་ཡུར་ནི་སེམས་ཀྱི་ཁྱད་པར་དགའ་བ་འགགས་པ་སྟེ། ་ཆོས་ཀྱི་ཐུགས་སོ།། གཉིད་དེ་ཡེ་ཤེས་ཀྱི་ཁྱད་པར་དགའ་བ་འགགས་པ་ནི་ཆོས་འདི་ཡི་སྲིད་པའི་འཇིགས་འཇོམས་ཡེ་ཤེས་སོ།། ཡི་གེ་ཉིད་ཅེས་པ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བོ་སྟེ། དེ་འགགས་པ་ནི་དག་པའི ་སྲུའོ།། དབྱངས་དང་བྲལ་བའི་ཆ་དང་ཐིག་ལྀ་མཱང་རིམ་པ་ཡིས་ཤེས་པ་ལ། ཆ་ཞེས་པ་ནི་ངག་གི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་སྟེ། དག་པའི་གསུང་ངོ་།། ཐིག་ལེ་ཞེས་པ་ནི་སེམས་ཀྱི་ལྷན་ཅིག་སྐྱེས་པའི་དགའ ་བ་འགགས་པ་སྟེ། རེག་པའི་ཐུགས་སོ།། ནཱ་ད་ཞེས་པ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་སྟེ། དག་པའི་ཡེ་ཤེས་སོ།། དེ་ལྟར་བདེ་འབྱུང་དག་པའི་སྐུ་རྡོ་རྗེ་སེམས་དཔའི་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར ་གནས་པ་སྟེ། དགའ་བ་བཅུ་དྲུག་གི་དབྱེ་བས་ཕྱེ་བའོ།། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་གསུངས་པའི་ཕྱིར། དེ་ཉིད་རྣམ་པ་བཅུ་དྲུག་ནི་མི་འགྱུར་བའི་བདེ་བོ་ཆེན་པོ་སྟེ། དོན་དམ་པར་རོ།། རྣམ་པ་བཅུ་གཉིས་ནི་ཀུན་རྫོབ་ཏུ་སྟེ། ་སངས་རྒྱས་རྣམས་དང་། འཁོར་བ་རྣམས་ཀྱིའོ།། དེས་ན་ཡན་ལག་བཅུ་གཉིས་འགོགས་ཤིང་སྲོག་ཟད་པས། རྡོ་རྗེ་ཉི་མ་སྣང་བ་ཚེ། བདེན་དོནི་རྣམ་པ་བཅུ་གཉིས་ལྡན་ཞེས་པ་སྟེ། རྡུལ་འགགས་པའི་ཕྱིར་རོ།། ཆ་བཅུ་དྲུག ་གྲི་ཁུ་བ་འགགས་པས། རྡོ་རྗེ་ཟླ་བ་དྲི་མེད་འོང་།། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་སྟེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གྲུབ་པོ།། ད་ནི་སད་པ་ལ་སོགས་པ་འགགས་པ་གསུངས་པ། སད་པ་ཞེས ་པ་ལ་སོགས་པ་སྟེ། འདིར་འཁོར་བ་པ་རྣམས་ཀྱི་ལུས་ལ་གནས་པ་ཞེས་པ་སྤྱི་བོར་གནས་པའི་བྱང་ཆུབ་ཀྱི་སེམས་ནི་སང་པའི་མཚན་ཉིད་དུ་འགྱུར་ཞིང་། དབུགས་ལ་ཞེན་པ་ཞེས་པ་མགྲིན་པར་གནས་པ་ནི་རྨི་ལམ་གྱིས་རང ་བཞིན་དུ་འགྱུར་ཏེ། གནས་སྐབས་གཉིས་ཀ་ལ་ཡུལ་རྣམས་རྣམ་པར་དཔྱང་ངོ་།། གཡོན་མེད་སེམས་ལ་ཞེན་པ་སྙིང་གར་གནས་པ་ནི་སླར་ཡང་གཞན་པ་འདི་ནི་སེམས་གསུམ་པ་སྟེ། ཤིན་ཏུ་གཉིད་ལོག་པའི་རང་བཞིན་ནོ།། ། ་ཡེ་ཤེས་ལ་གནས་ཤེས་པ་ནི། ལྟེ་བར་གནས་པ་བཞི་པའི་རང་བཞིན་ཏོ།། བུད་མེད་རང་རབ་ཏུ་འགྲོགས་པ་ལས་བྱང་ཆུབ་སེམས་ནི་ཞུ་བར་གྱུར་པ་ན། འཕོ་བ་སྐོང་ཅིག་མཚན་ཉིད་དོ།། སེམས་རྣམ་པ་བཞི ་འདི་ཉིད་འགགས་པ་ནི། སངས་རྒྱས་རྣམས་ཀྱི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུའི་མཚོན་ཉིད་དུ་འགྱུར་རོ།། དེས་ན་སྤྲུལ་པ་ལ་སོགས་ངག་གིས་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས ་ངེས་པར་རབ་ཏུ་འགྱུར་ཞེས་པའོ།། དེ་ལྟར་འཁོ་རབ་པ་རྣམས་ཀྱི་སང་པ་ལ་སོགས་པའི་མཚན་ཉིད་ཀྱི་སེམས་རྣམ་པ་བཞིན་སྲིད་པོ་གསུམ་ལ་གནས་པ་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྟེན ་ལ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ།། རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཞེས་པ། མི་འགྱུར་བའི་བདེ་བའི་འབྲས་བུ་སྟེར་བ་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱའོ།། ཐིག་ལེ་བཏང་སྟེ་རྟེན་ལྷུང ་བར་གྱུར་ནི་རྣལ་འབྱོར་པ་རྣམས་ཀྱི་སྐྱེ་བོ་རོས་བོན་མཆོག་གི་བདེ་བ་རྟེན་སོང་བ་ལ་བརྟེན་པ་བྱང་ཆུབ་ཀྱི་སེམས་ཀྱི་ཐར་པ་གདོན་ཡོད་། དེ་བྱོར་རོ་ཁོར་བའི་བདེ་བའི་སྐད་ཅིག་འཛིན་སྡོམ་བརྩོན་རྣམས་ཀྱིས་ཐམས་བྱུང ་དུས་སུ་དཱུ་བེ་དྨག།། ཞེས་བྱ་སྟེ། འགྱུར་བ་དང་། འཇུག་པ་དང་མ་ཐ་ནས་པོས་བཅོས་རྟེན་འདས་མྦྷ་ཨ་ཧཱའོ།། རྣལ་འབྱུ་བས་མྦྷ་མཐུན་པ་ལ་སགས་པས་དྲཾ་མ་དང་བྲལ་པོར་འགྱུར ་བཻ་དུ་སྙིང་དུ་བྱ་སྟེ། ཇི་ལྟར་དབྱོན་པ་དེ་བཞིན་གཤེགས་པའོ།། ཞེས་པ་མི་འགྱུར་བའི་བངོབོ་སྦྱང་པའི་ངེས་པའོ།། གང་ཞིག་ཨུ་སོགས་ཤེས་པ་ལ་ས་གོས་པ་ཚིགས་སུ་བཅད་པ་གཞན་གྱིས་མཆོག་ཏུ་མི་འགྱུར་བའི ་ཤེས་གྲུབ་པོ་ལས་རྒྱསུཾ་བོར་བརྗོད་པར་བྱ་སྟེ། དེས་ན་འདིར་ཡོངས་སུ་བཅད་པའོ།། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སྐྱེ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མི་མེད་པ ་འཇལ་པོ། སྐུ་བཞི་ལ་སོགས་པའི་རྣམ་པོར་དག་པ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་གཉིས་པའོ།། ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ།། མཆོག་ཏུ ་མི་འགྱུར་བའི་བདེ་བ་ལ་ཕྱག་འཚལ་ལོ།། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ།། གང་ཕྱིར་ཨ་སོགས ་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། ཧཱུཾ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་གྱུར་པོ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། འགྱུར་མེད་དག་གིསོ་སྐྱེད་ཅིང་འགྱུར་བ་ཉམོས་པར་གྱུར ་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ།། ད་ནི་གང་གང་ཕྱིར་ཏེ། གང་གི་ཕྱིར་འགྱུར་བ་མེད་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་སྐུ ་ལ་ཨཱ་ལི་ཀཱ་ལི་དང་པདྨ་དང་ཟླ་བ་དང་ཉི་མའི་གདན་དང་། ཧཱུཾ་ཡིག་ཡོངས་སུ་གྱུར་པའི་མཚན་མ་ལས་སྐྱེས་པའི་གཟུགས་དང་ཁ་དོག་དང་ཕྱག་དང་། དབྱིབས་ཡོངས་སུ་བརྟགས་པའི་ཆོས་བཀག་པ་དེའི་ཕྱིར། གང་ཕྱིར་ཨཱ ་སོགས་ཤེས་པ་ལ་སོགས་པས། བཅོམ་ལྡན་འདས་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་གསུངས་ཏེ། གང་པིར་ཨཱ་སོགས་ཤེས་པ་ལ། ཨ་སོགས་ནི་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཚོགས་པ་ཧཾ་ཡོག་ཟླ་བ ་སྟེ། དབྱངས་སོ་སོ་ཡང་ངོ་།། ཀ་ཡིག་ལ་སོགས་པ་གསལ་བྱེད་ཀྱི་ཚོགས་པ་ཀཱ་ཡིག་ཉི་མ་སྟཾ། གསལ་བྱེད་སོ་སོ་ཡོང་ངོ་།། ཨཱ་སོགས་ཀཱ་སོགས་ཧ་ཡིག་དང་ཀཱ་ཡིག་དག་གམ། ཨ་ཡིག་དང་པ་ཡིག་དེ་དག་གི་རི་བོང་ཅན ་དང་ཉིན་བྱེད་དེ། པ་ཡིག་གི་གསལ་བྱེད་ཀྱི་བདག་ཉིད་ཅན་པདྨཱ་དང་། ཨ་ཡིག་གི་བདག་ཉིད་ཅན་ནམ། ས་ཡིག་གི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་དང་ར་ཡིག་གི་བདག་ཉིད་ཅནྡ་ནམ། ཀྵ་ཡིག་གི་བདག་ཉིད་ཅན་ཉི་མའི་དཀྱིལ་འ ་གཅིག་ཉིད་ཅེས་པ་གཅིག་ཏུ་བྱས་པོ་ནཱི་བརྟེན་པ་རྡོ་རྗེ་ཅན་གྱི་སྟེ། རྡོ་རྗེ་ནི་གཅད་དུ་མེད་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་མི་འཕོ་བའོ།། དེ་འདི་ལ་ཡོད་པའི་ཕྱིར་རྡོ་རྗེ་ཅན་ཏེ། བརྟེན་པ་རྡོ་རྗེ་ཅན་འདི་ཡི་གདན་ནི་རྟེན་ནོ།། མིན ་ཞེས་པ་ནི་རྟེན་གདཱན་སྤེལ་པའོ།། དེ་བཞིན་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་མཚན་མ་དང་། རྡོ་རྗེའི་མཚན་མ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཁ་དོག་དང་ཕྱག་དང་དབྱིབས་ཡོངས་སུ་བརྟགས་པའི་ཆོས་བརྟེན་པའི་མཚན ་ཉིད་མི་འདོད་དེ། ཅིའི་ཕྱིར་ཞེ་ན་མངོན་པར་ཞོ་ནི། མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིར་དང་། འགྱུར་བའི་རང་བཞིན་གྱི་ཕྱིར་རོ།། འདིར་ཨ་ཡིག་ལ་སོགས་པོ་དབྱངས་རྣམས་དང་། ཀ་ཡིག་ལ་སོགས་པ་གསལ་བྱེད་རྣམས ་འགྱུར་བར་གྱུར་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་བསྟན་བཅོས་རིག་པ་རྣམས་ཀྱིས་མི་འགྱུར་བར་བརྗོད་དེ། དེ་བཞིན་དུ་ཡང་སྨྲས་པ། མི་འགྱུར་ཞིང་མི་གཡོ་སྟེ། གཞན་གྱི་གནས་སུ་མི་འགྲོའོ།། ཞེས་པ་མི་འགྱུར་བའི་སྒྲས ་དབྱངས་ཞེས་བརྗོད། དེ་ཡིས་སྡིགས་པ་ངན་པ་འཁྲུལ་པས་མི་འགྱུར་བ་ཉིད་ཀྱི་དབྱངས་ཀྱི་ཚོགས་སམ་གསལ་བྱེད་ཀྱི་ཚོགས་འཛིན་ཏེ། དོན་དམ་པར་དབྱངས་དང་། གསལ་བྱེད་ཀྱི་ཚོགས་ནི་མི་འགྱུར་བ་མ་ཡིན་ཏེ། མི་འགྱུར ་བའི་སྒྲ་ཡིས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའོ།། དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱི་ཕྱིར། སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ།། དེ ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ནྡན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་ཏེ། ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་བར་བྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས ་པ་མེ་ལོང་གི་པྲ་ཕབ་པ་དང་། རྨི་ལམ་དང་མཚུངས་པ་དེ་དག་ནི་རྒྱལ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ།། འདིར་འགྱུར་བ་མཽད་རྣམས་ནི་གཟུགས་དང ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྒྲིབ་པ་མེད་པ་རྣམས་འགྱུར་མེད་ལྔ་སྟེ། སྟོང་པ་ཆེན་པོར་གསུངས་སོ།། དེ་བཞིན་དུ་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་སྒྲིབ་པ་མེད་པ ་རྣམས་འགྱུར་མེད་ལྔར་གསུངས་སོ།། འགྱུར་མེང་དྲུག་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་སྒྲིབ་པ་མེད་པ་རྣམས་ཏེ་སོ་སོ་རང་རང་གི་ཡུལ་འཛིན་པ་སྤངས་པ་རྣམས་སོ།། དེ་བཞིན་དུ་གཟུགས་དང་། སྒྲ་དང་། ་དྲི་དང་རོ་དང་རེག་བྱ་དང་། ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་དྲུག་ཏུ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་གཅིག་ཏུ་རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ།། ཐིག་ལེ་དེ་ཡང་མུ ་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བར་བརྗོད་དོ།། མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ། ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་། ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནི ་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་བ་འབྲས་བུ་དབྱེར་མེད་པའི་ཕྱིར་རོ།། ང་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང ་དོ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེ་དབྱིངས་ཀྱི་ཀྱིལ་འཁོར་ཆེན་པོའོ་བསྟོད་པ་ལོས་ཚིགསུ་བཅད་པ་དང་པར་གསུངས་པ་ཡང་། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས ་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན་ཞེས་པའོ།། དེ་བཞིན་དུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་འདི ་སྟ་སྟེ། གསང་སྔགས་དོན་ཀུན་བསྐྱེད་པ་པོ།། ཐོ་ག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་དྲུག། ཅེས་པའོ།། དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཨ་སོགས ་ཀ་སོགས་མཉམ་སྦྱོར་བ།། རྡོ་རྗེ་སེམས་དཔའི་གད་ན་ཡིན་ཏེ།། འགྱུར་མེད་ལས་བྱུང་སྐུ་ལ་ནི།། ཧུཾ་ཡིག་ལ་སོགས་མི་འདོད་དོ།། ཞེས་སོ།། འགྱུར་མེད་འདི་ཡིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར ་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི་ཞེས་པ་ལ། འགྱུར་བ་ནི་སྐྱེ་བ་དང་། འགག་པའི་གནས་སྐབས་ཀྱི་མཚན་ཉིད་དེ། འཕོ་བའི་སྐད་ཅིག་གོ། དེ་གང་ལ་འགག་ས་པར་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བ་འཕོ་བ་མེད ་པའི་སྐད་ཅིག་སྟེ། དུས་ཤེས་བརྗོད་ཅིང་དེ་ཉིད་ནི་རྡོ་རྗེ་ཡེ་ཤེས་སོ།། དུས་དེའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་སྒྲིབ་པ་མེད་པ་འཁོར་ལོ་སྟེ། སྲིད་པ་གསུམ་གྱི་སྒྲིབ་པ་མེད་པ་གཅིག་ཉིད་དུ་ཤེས་པར་བྱའོ།། དེ་ཉིད ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དེ། རྣམ་པ་ཀུན་ལྡན་དབང་པོ་ཐམས་ཅད་ཐིག་ལེའི་གཟུགས་སྣ་ཚོགས་སྒྱུ་མ་འཛིན་པ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནོ།། བཅོམ་ལྡན ་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔའི་པའི་རྣམ་པ་ལྔའི་བསྟོད་པ་ལས་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་འདི་ལྟ་སྟེ། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། ་བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་། མིག་དང་མགོ་དང་ཐམས་ཅད་ནས་ནི་ཕྱག་དང་ཞབས། འབྱུང་པོའི་མཐའ་དང་།། འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམ་དག་གི་མཆོག་བྱེད་པ་སྟེ། རིག་པ ་ལ་སོགས་རྣལ་འབྱོར་རྟོགས་བྱ་མཆོག་གི་བདེ་བའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སོ།། དེ་བཞིན་དུ་གཞན་ནང་གི་རིག་པ་ཡང་བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ་ལས་ཚིགས་སུ་བཅད་པ་དགུ་བཅུ་རྩ་ལྔ་ལས ་གསུངས་པ། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་སོ་གེ་གྲུབ་པའི་མཐར་ལྡན་འཇིག་རྟེན་དུ། སྙན་དངགས་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན ་ཡང་རེག་པ་མིན། རིག་པ་ཞེས་པ་ནག་རིག་འགྱུར་མེད་ཀྱང་སྟེ། འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུང་ཉིད།། གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ།། ཞེས་པ་སྟེ། སླར་ཡང ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་ཉིད་ཤེས་བྱ་དང་ཤེས་པའི་འབྲེལ་པས་གསུངས་ཏེ། འདིར་མཆོག་ཏུ་མི་འགྱུར་བའི་ཤེས་པ་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཤེས་བརྗོད ་དེ་ཐབས་སོ།། ཁམས་གསུམ་པའི་ཤེས་བྱ་དངོས་པོ་མཐའ་ཡས་པའི་མཚན་ཉིད་ནི་འཁོར་ལོ་སྟེ་དེ་ཉིད་ཤེས་རབ་པོ།། ཤེས་རབ་དང་ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་པ་སྟེ། བཅོམ་ལྡན་འདས ་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གསུམ་པས་དུས་ཀྱི་འཁོར་ལོ་གསུངས་པ་འདི་ལྟ་སྟེ། མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི། དཔག་མེད་ཡོན་ཏན་རྣམས་དང་ན་མཁའ་ལ་སོགས ་ཁམས་རྣམས་དང་། གནས་དང་སྐྱེ་དང་ཉམས་པ་རྣམ་གསུམ་ཞེས་པ་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་སེམས་ཅན་ཀུན། སངས་རྒྱས་ཁྲོ་བོ་ལྔ་སོགས་རྣམས་དང་། སྙིང་རྗེའི་ཐུགས་ལྡན་བྱང་ཆུབ ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། འདི་དག་རྣམས་ནི་སྲིད་པ་གསུམ་གྱིས་ཕྱག་པས་རྒྱལ་བ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ།། ཞེས་སོ།། ཤེས་པའི་རང་བཞིན་དུས་ཀྱི་ཤེས་པའི་མཚནི་ཉིད ་ནི་འཁོར་ལོ་སྟེ། ཤེས་པ་དང་ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ།། བརྗོད་པའི་རིམ་པ་འདིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་ཨེ་ཝཾ་གི་ཡི་གེ་རྡོ་རྗེ་སེམས་དཔའ་སྟེ། རྒྱལ་བ་རྣམས་ཀྱིས་རྒྱུད ་ཐམས་ཅད་ལས་ཡང་དག་པར་བརྗོད་པའོ།། བཅོམ་ལྡན་འདས་ཀྱི་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པ་ཡང་། ཡེ་ཤེས་ཀུན་ནས་བཅང་དུ་མེད།། རྡོ་རྗེ་ཞེས་ནི་མངོན་པར་བརྗོད།། སྲིད་གསུམ་གཅིག་ཉིད་སེམས ་དཔའ་སྟེ། རྡོ་རྗེ་སེམས་དཔའ་ཞེས་པར་བཤད་ཅེས་སོ།། དེ་ཕྱིར་འགྱུར་བ་མེད་པ་ལས་སྐྱེས་པ་རྣམ་པ་ཐམས་ཅད་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་སྐུ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལ ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྟེན་དང་བརྟེན་པའི་འབྲེལ་པ་མི་འདོད་དེ། ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་པའི་དོན་དུ་རྟེན་དང་བརྟེན་པའི་འབྲེལ་པ་འདོད་པ་དེ་བཞིན་དུ་རྣལ་འབྱོར་པ་མཆོག་ཏུ་མི་འགྱུར་བའི་བདེ ་པ་བསྒྲུབ་པ་ལ་མངོན་པར་དགའ་བ། བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་པོ་ཡོངས་སུ་སྤངས་པ། དུ་བ་ལ་སོགས་པའི་མཚན་མ་བསྒོམས་པ་ལས་དང་པོ་བ། དབུ་མ་རྣམ་པར་སྦྱངས་པ། སེམས་ཅན ་ཐམས་ཅད་པ་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩ་བའི་སེམས་རྗེས་སུ་བཅིངས་པ། འཇིག་རྟེན་པ་དཔའ་ཇིག་རྟེན་ལས་འདས་པའི་བདེན་པ་ལ་བསྟན་པ། བུ་དང་ཆུང་མ་ལ་སོགས་པ་དང་། རང་གི་ལུས་ལ་ལྟོས་པ ་མེད་པ། ཚོགས་ཁང་གཙུག་ལག་ཁང་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ལ་བརྟེན་པ། བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས ་དེ་ཚངས་པའི་གནས་བཞིས་རྣམ་པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་མངོན་པོར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པོའི་རྐང་སྟེགས་ལ་མཛེག་པར་འདོད་པ། དཀྱིལ ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་རྟོག་པའི་སྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ལོང་གི་པྲ་ཕུབ་པ་བཞིན་དུ། སྐྱེ་བའི་ཆོས་ངེས་པར་མཐོང་བ། རང་གི་སེམས ་ཀྱིས་སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཆོས་རྣམ་པར་དཔྱད་པའི་སྟོང་པ། ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ་ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་དབང་པོས་རང་རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ལ་གཅིག་ཏུ་མཁས ་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས། རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་། ཕྱག་དང་དབྱིབས་དང་། དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི ་འདོད་དོ།། གཞན་ཡང་རྣམ་པར་རྟོག་པའི་སེམས་ལས་དཀྱིལ་འཁོར་གྱི་འཁོར་ལོ་གནས་པ་མེད་དེ། གང་གི་ཕྱིར་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ།། འདིར་སྐད་ཅིག་གང་ལ་རྣལ་འབྱོར་པས་གཙོ་བོ་སྒོམ་པར ་བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་སོགས་པའི་ལྷ་རྣམས་མེད་ཅིང་། སྐད་ཅིག་གང་ལ་ཤར་གྱི་ལྷ་སྐེསྒོམ་པར་བྱེང་པོའི་སྐད་ཅིག་དེ་ལ་གཙོ་བོ་ལ་སོགས་པ་རྣམས་མེད་དེ། དེ་ལྟར་རིམ་པས་ལྷ་རྣམས་ཐམས་ཅད་མེད་དོ།། གང་གི་ཚེ ་སྔོན་པོའི་ཞལ་སྒོམ་པར་བྱང་བ་དེའི་ཚེ་དམར་པོ་ལ་སོགས་པའི་ཞལ་རྣམས་མེད་ཅིང་། གང་གི་ཚེ་དམར་པོའི་ཞལ་སྒོམ་པར་བྱེད་པ་དེའི་ཚེ་སྔོན་པོ་ལ་སོགས་པ་རྣམས་མེད་དེ། དེ་ལྟར་རིམ་པ་ཞལ་ཐམས་ཅད་མེད་དོ།། གང་གི ་དུས་ན་རྡོ་རྗེའི་མཚན་མ་སྒོམ་པར་བྱེད་པ་དེའི་དུས་ན་རལ་གྲི་ལ་སོགས་པའི་མཚན་མ་རྣམས་མེད་ཅིང་། གང་གི་དུས་ན་རལོ་གྲི་དང་མཚན་མ་སྒོམ་པར་བྱེད་པ་དེའི་དུས་ན་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་མེད་དོ།། དེ་ལྟར ་རིམ་པས་མཚན་མ་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་ཇི་ལྟར་ཡོད། བུམ་པའི་ཤེས་པ་འགགས་པར་གྱུར་པ་ན། སྣམ་བུའི་ཤེས་པ་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཤེས་པ་འགགས་པ་ན ་ཤར་གྱི་ལྷའི་ཤེས་པ་སྐྱེ་བར་འགྱུར་ན། དེ་ལྟར་སྐྱེས་པ་རྣམས་ཀྱི་སྐྱེ་བ་འགགས་པའི་ཕྱིར་མེད་ཅིང་། མ་སྐྱེས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་མེད་དེ། སྐྱེས་པ་དང་མ་སྐྱེས་པ་དག་མེད་པའི་ཕྱིར་ཐམས་ཅད་མེད་དོ།། དེའི ་ཕྱིར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྣམ་པར་རྟོག་པའི་སྒོམ་པ་མི་བྱའོ།། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད ་པོ་ལས་ཚིགས་སུ་བཅད་པ་བཅོ་ལྔ་པས་གསུངས་པ་འདི་ལྟ་སྟེ། དོན་གྲུབ་བསམ་པ་གྲུབ་པ་སྟེ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། རྣམ་པར་མི་རྟོག་དབྱིངས་མི་ཟད།། ཆོས་དབྱིངས་དམ་པ་ཟད་མི་ཤེས།། ཞེས་སོ།། རྡོ་རྗེ ་སེམས་དཔའི་ང་རྒྱལ་ཡང་མི་བྱ་སྟེ། བསྟོད་པ་དེ་ཉིད་ལས་ཚིགས་སུ་བརྗོད་པ་བཅུ་གསུམ་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིག་པ་དང་ནི་རྐང་པར་ལྡན། བདེ་གཤེགོས་འཇིག་རྟེན་རིག་པའི་མཆོག། བདག ་གིར་མི་འཛིན་པར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས། ཞེས་པ་སྟེ། དེ་བཞིན་གཤེགས་པའི་གསུང་འདིའི་ཕྱིར། རྣམ་པར་རྟོག་པའི་སྒོམ་པ་དང་། རྡོ་རྗེ་སེམས་དཔའི་ང་རྒྱལ་ཡང་དོན་པའི་བདེན་པ་ལ་བརྟེན ་པའི་རྣལ་འབྱོར་པས་མི་བྱའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་རིག་པར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་དང་པོར་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ།། དེ་ནས་རང་གི ་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་ལྷའི་སོ་བོན་གྱི་ཡི་གཽ་བསམ་ཞིང་རྣམ་པར་ཐར་པའི་སྒོ་ལ་སོགས་དག་པར་བྱས་ནས། ནམ་མཁའི་མཐིལ་དུ་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་རྟོགས་པར ་བྱས་ཏེ། དེ་རྣམས་ལ་སྔགས་པས་མཆོད་པ་བྱས་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡཾ་རང་བ་དང་། གསུམ་ལ་སྐབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ ་དོང་། ལམ་ལ་བརྟེན་པ་དང་། སྟོང་པ་ཉིད་ལ་དམིགས་པར་བྱའོ།། དེ་ནས་ཆོས་འབྱུང་ན་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སའོ།། ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས ་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས། ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ། རྡོ་རྗེའི་གུར་རོ།། དེ་ནས་སྐུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་ཟླ་བ་དང་ཉི་མའི ་གདན་དང་ལྡན་པའོ།། ཡང་ན་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དང་། ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རམ། ར་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཟླ་བ་དང་ཉི་མ་དང་ཨཱ་ལི ་ཀཱ་ལི་དང་ཡེ་ཤེས་ཀྱི་ས་བོན་གྱི་ཡི་གེ་རྣམས་ཀྱིས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལྷའི་གཟུགས་སྒོམ་པར ་བྱའོ།། དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་ཡེ་ཤེས་རྡོ་རྗེ་ཤེས་རབ་ཀྱི་ཆགས་པས་ཞུ་བ་ལ། ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ཏེ། སླར་ཡང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་རང་གི་མཚན་མ་རྫོགས་པའོ།། ་དེ་ནས་དཀྱིལ་འཁོར་ལ་ལྷའི་ཚོགས་སྤྲོ་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། མཉེས་པ་དང་། དམ་ཚིག་གི་དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་དང་། དེ་བཞིན་གཤེགས་པ་ལྷ་མོ་རྣམས ་ཀྱིས་དབང་བསྐུར་བ་དང་། རྡོ་རྗེ་ཅོད་པན་དང་། རྒྱན་དང་ལྡན་པ་དང་། རྡོ་རྗེ་སེམས་དཔའི་ང་རྒྱལ་དང་། གཟུགས་སུ་སྔགས་པས་བདག་ཉིད་བསྒོམ་པར་བྱའོ།། ཞེས་གསུངས་པ་མ་ཡིན་ནམ། འདིར་ཇི་ལྟར་དཀྱིལ་འཁོར་གྱི་འཁོར ་ལོ་སྒོམ་པ་ནི་རྣམ་པར་རྟོག་པའི་བསྒོམ་པའོ་ཞེས་པ། དེ་བཞིན་གཤེགས་པའི་གསུང་ལ་དགག་པ་བརྗོད་ཅེས་འགའ་ཞིག་མངོན་པར་སེམས་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར་འདི་ནི་བདེན་ཏེ། བཅོམ་ལྡན ་འདས་དེ་ཁོ་ན་ཉིད་རིག་པས་འཇིག་རྟེན་ཀུན་རྫོབ་ཀྱིས་བདེན་པ་ལ་བརྟེན་ནས་སེམས་ཅན་གྱི་བསམ་པའི་དབང་གིས་བྱིས་པའི་བློ་ཅན། བརྩོན་འགྲུས་དམན་པ་དོན་དམ་པའི་དེ་ཁོ་ན་ཉིད་ལ་ཡོངས་སུ་རྟོག་པར་མི་བྱེད་པ། ཟབ་པ་དང ་རྒྱ་ཆེ་བའི་ཡེ་ཤེས་ལ་སེམས་སྐྲག་པ། ཞི་བ་ལ་སོགས་པའི་ལས་སྒྲུབ་པ་ལ་མངོན་པར་དགའ་བ། དབང་པོ་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པ་རལ་གྲི་དང་། རི་ལུ་དང་མིག་སྨན་དང་། བཅུད་དང་། བཅུད ་ལེན་དང་། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་མངོན་པར་དགའ་བ་རྣམས་ལ། རྟེན་ཅིང་འབྲེལ་པ་བྱུང་བའི་ཡེ་ཤེས་རྟེན་ཅིང་འབྲེལ་པར་བྱུང་བའི་དབང་པོའི་སྤྱོད་ཡུལ། ཉི་ཚེ་བའི་དོན་བྱེད་ནུས་པ་གསུངས་སོ།། ཉི་ཚེ་བའི་དོན་བྱེད་ནུས ་པ་དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་གསུང་དེ་ནི་དོན་དམ་པའི་བདེན་པ་ལ་བརྟན་པ་མ་ཡིན་ནོ།། འོན་ཀྱང་ཉི་ཚེ་བའི་དོན་བྱེད་ནུས་པ་རྣམ་པར་རྟོག་པའི་བསམ་གཏན་དང་སྔགས་དང་། ནོར་བུ་དང་རྡོ་བ་དང་རི་ལུ་དང་བཅུད་དང ་བཅུད་ལེན་ལོ་སོགས་པ་རྫས་ཉི་ཚ་བ་རྣམས་ཀྱི་མཐུ་ཡང་བརྟག་པར་བྱ་བ་མ་ཡིན་པར་དེ་བཞིན་གཤེགས་པས་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་དེ་ཡང་ལྟ་བར་བྱའོ།། འདིར་དཀར་པོའི་བསམ་གཏན་ཞི་བའི་གཟུགས་ནི་ཞི་བའི ་ལས་བྱུད་ཀྵུཾ། གསང་པའི་ལ་སྩོགས་པ་མི་བྱེད་དོ།། དེ་བཞིན་དུ་ནགོ་བོའི་བསམ་གཏན་དྲག་པོའི་གཟུག་ནི་གསང་བ་བྱེད་ཀྱི། དབང་དུ་བྷཱ་བ་ལ་སོགས་པ་མི་བྱེད་དོ།། དེ་བཞིན་དུ་དམར་པོའི་བསམ་གཏན་ཆགས་པའི ་གཟུགས་ནི་དབང་དུ་བྱ་བ་བྱད་ཀྱི་རེངས་པ་ལོ་སོགས་པ་མི་བྱེང་ངོ་།། དེ་བཞིན་དུ་སེར་པོའི་བསམ་གཏན་རེངས་པའི་གཟུགས་ནི་རིངས་པོ་བྱེད་ཀྱི། ཞི་བ་ལ་སོགས་པ་མི་བྱེད་དོ།། དེ་བཞིན་དུ་དུག་ལ་ཤེས་པར་བྱ་སྟེ། དཔྲལ་བར ་པར་དཀར་པོའི་བསམ་གཏན་ཐིག་ལེའི་གཟུགས་ནི་དུག་མེད་པར་བྱེད་དོ།། དམར་པོའི་བསམ་གཏན་ནི་དུག་སྐྱོང་པར་བྱེད་དོ།། ནག་པོའི་བསམ་གཏན་ནི་དུག་འཇུག་པར་བྱེད་དོ།། སེར་པོའི་བསམ་གཏན་ནི་དུག་རེངས་པར་བྱེད་དོ།། རྣམ ་པར་རྟོག་པའི་བསམ་གཏན་ཉི་ཚེ་བ་ནི་ཉི་ཚེ་བའི་ངན་བྱེ་བ་བྱེད་དོ།། དེ་བཞིན་དུ་ནོར་བུ་དང་། སྔགས་དང་སྨན་རྣམས་ལ་ཡང་རིག་པར་བྱའོ།། འདིར་སྔགས་ཀྱང་བསྐྱོབས་པར་གྱུར་ན་གང་ཞིག་ཞི་བ་བྱེད་པ་དེ་ནི་གསང་པོ་ལ་སོགས ་པའི་ལས་མི་བྱེད་དོ།། གང་ཞིག་གསད་པ་དེ་ནི་དབང་པོ་ལ་སོགས་པ་མི་བྱེད་དོ།། གང་ཞིག་དབང་དུ་བྱ་བ་བྱེད་པ་དེ་ནི་རེངས་པ་ལ་སོགས་པ་མི་བྱེད་དོ།། གང་ཞིག་འོངས་པ་བྱེད་པ་བྱེད་པ་དེ་ནི་ཞི་བ་ལ་སོགས་པ་མི་བྱེད་དོ།། དེའི་ཕྱིར ་འཇིག་རྟེན་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་ནུས་པར་མི་འགྱུར་ཏེ། དེ་བཞིན་དུ་རལ་གྲི་ལ་སོགས་པའི་གྲུབ་པ་ཡང་ངོ་།། སྔགོས་གཅིག་ཀྱང་བསྒྲུབས་པར་གྱུར་ན་ལ་སོ་ཐམས་ཅད ་བྱེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིནྡྲ་ནམ?། ཇི་ལྟར་ནི་ཆེ་བར་འགྱུར་ཟློས་འདིར་འགའ་ཞིག་སེམས་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདས་སྔགས་གཅིག་ཀྱང་བསྒྲུབས་པར་གྱུར་ནཱ་ལས་ཐམས ་ཅད་བྱེད་པ་འདི་ནི་དེ་ལྟར་ཚད་མ་མ་ཡིན་ཏེ། གང་གི་ཕྱིར་བྱ་བའི་དབྱེ་བ་ལས་སོ་འདིར་སྔགས་གཅིག་ལ་ཡང་བྱ་བའི་དབྱེ་བས་དབྱེ་བ་ཡོད་དོ།། དེ་ཡང་དེ་བཞིན་གཤེགས་པས་གསུངས་སོ།། དེ་བཞིན་དུ་ཞི་བ་ལ་སྔགས་ནི ་བཟླས་པ་ན་མཿའི་མཐའ་ཅན་ནོ།། རྒྱས་པ་ལ་སྭཧཱའི་མཐའ་ཅན་ནོ།། དགུག་པ་ལ་པོ་འཊ་ཀྱི་མཐའ་ཅན་ནོ།། དབྱེ་བ་ལ་ཧཱུཾ་དབང་དུ་བྱ་བ་ལ་པ་ཥཊ་ཀྱི་མཐའ་ཅན་ནོ།། གསང་བ་ལ་ཕཊ་ཀྱི་མཐའ་ཅན་ནོ།། དེ་བཞིན་དུ ་སྦྱིན་བསྲེག་གི་བྱ་བ་ལ་ཡང་ཐབས་ཀྱི་དབྱེ་བས་དབྱེ་བ་གསུངས་སོ།། འདིར་ཟླུས་པོའི་ཐབ་དུམ་བཱ་ར་ལ་སོགས་པ་འོས་ཅན་གྱི་ཤིང་གི་ཡམ་ཤིང་དང་དཱུར་བ་དང་འོ་མ་རྣམས་ཀྱི་སྦྱིན་བསག་བྱས་པའི་སྔགས་ནི་ཞི་བ་བྱད་ཀྱི། རྒྱས ་པ་ལ་སོགས་པའི་ལས་མི་བྱེད་དོ།། གྲུ་བཞིའི་ཐབས་ཏུ་སྔར་གསུངས་པའི་ཡིམ་ཤིང་དང་འབྲུ་དང་མར་རྣམས་ཀྱིས་སྦྱིན་བསྲེག་བྱས་པས་ནི་རྒྱས་པ་བྱེད་ཀྱི། གསང་པ་ལ་སོགས་པ་མི་བྱེད་དོ།། གཞུའི་རྣམ་པའི་ཐབ་ཏུ་རུས ་པའི་ཡམ་ཤིང་དང་མོའི་ཤོ་དང་དུག་དང་ཁྲག་རྣམས་ཀྱིས་སྦྱིན་སྲེག་བྱས་པ་ནི་གསང་པ་བྱེད་ཀྱི། སྐུད་པ་ལ་སོགས་པ་མི་བྱེང་ངོ་།། ཟུར་ལྔ་པའི་ཐོབ་དུ་བྷ་རོག་གི་མཇུག་མ་དང་མིའི་ཞག་དང་སྐེ་ཆེརྣམས་ཀྱིས་སྦྱིན་བསྲེག ་བྱས་པ་ནི་བསྐྲད་པ་བྱེད་ཀྱི། དབང་གི་བྱ་བ་ལ་སོགས་པ་མྀ་བྱེད་ངོ་།། ཟུར་བདུན་པའི་ཐབ་ཏུ་ཀཱཾ་ཤུ་ཀཱིའི་ཡམ་ཤིང་དང་མེ་ཏོག་དམར་བ་དང་། རྡོ་རྗེའི་ཆུ་ཡིས་སྦྱིན་བསྲེག་བྱས་པ་ནི་དགུགས་པ་བྱེད་ཀྱི། དབང་དུ་བྱས་པ་ལ ་སོགས་པ་མི་བྱེད་དོ།། ཟུར་གསུམ་པོའི་ཐབ་ཏུ་སེང་ལྡེང་གི་ཡཽམ་ཤིང་དང་། རྡུལ་དང་བིལ་བའི་མི་ཏོག་རྣམས་ཀྱིས་སྦྱིན་བསྲེག་བྱས་པ་ནི་དབང་དུ་བྱ་བ་བྱེད་ཀྱི། རེངས་པ་ལ་སོགས་པ་མི་བྱེད་དོ།། ཟུར་དྲུག་པའི་ཐབ་ཏུ ་བིལ་བའི་ཡམ་ཤིང་མེ་ཏོག་སྙིང་པ་དང་མཆིལ་མ་རྣམས་ཀྱིས་སྦྱིན་བསྲེག་བྱས་པ་ནི་རེངས་པ་བྱེད་ཀྱི། རྨོངས་པ་ལ་སོགས་པ་མི་བྱེད་དོ།། ཟུར་བརྒྱད་པའི་ཐབ་ཏུ་ཨརྒའི་ཡམ་ཤིང་དང་གསེར་གྱི་མེ་ཏོག་དང་ཆང་རྣམས་ཀྱིས ་སྦྱིན་བསྲེག་བྱས་པ་ནི་རྨོངས་པ་བྱེད་ཀྱི། ཞི་བ་ལ་སོགས་པ་མི་བྱེད་དོ།། དེ་བཞིན་དུ་རྡུལ་ཚན་གྱི་དབྱེ་བས་དབྱེ་བ་གསུངས་ཏེ། ཞི་བ་དང་རྒྱས་པ་ལ་རྡུལ་ཚོན་དཀར་པོའོ།། གསད་པ་དང་བསྐྲད་པ་ལ་རྡུལ་ཚོནྡ་ནག་པོའོ།། དབང ་དང་དགུག་པོ་ལཱ་རྡུལ་ཚོན་དམར་པོའོ།། རེངས་པ་དང་རྨོངས་པ་ལ་རྡུལ་མཚོན་སེར་པོའོ།། སླར་གསོ་བ་ལ་རྡུལ་མཚོན་ལྗང་ཁུའོ།། དེ་བཞིན་དུ་བགྲང་ཕྲེང་གི་དབྱེ་བས་དབྱེ་བ་གསུངས་ཏེ། ཞི་བ་ལ་སྔགས་ཀྱི་བཟླས་པ་ཤེལ ་གྱི་བགྲང་ཕྲེང་གིས་སོ།། རྒྱས་པ་ལ་མུ་ཏིག་གིས་འབྲས་བུའི་བགྲང་ཕྲེང་གིས་སོ།། གསད་པ་ལ་མིའི་སོའི་བགྲང་ཕྲེང་གིས་སོ།། བསྐྲང་པ་ལི་རྔ་མེའི་སའི་འགྲོང་ཕྲེང་ངམ། བོང་བུའི་སོའི་བགྲང་ཕྲེང་གིས་སོ།། དབང་ལ་བོ་དྷི ་རྩེའི་བགྲང་ཕྲེང་གིས་སོ།། དགུག་པ་ལ་པདྨའི་ས་བོན་གྱི་བགྲང་ཕྲེང་དམ། ཙན་དན་དམར་པོའི་བགྲང་ཕྲེང་གིས་སོ།། རེངས་པ་ལ་རུ་རག་ཤའི་བགྲང་ཕྲེང་གིས་སོ།། རྨོངས་པ་ལ་ལུང་ཐག་གི་བགླང་ཕྲེང་གིས་སོ།། སྐྱུར་གས ་བ་ལ་སྔགས་ཀྱི་བཟླས་པ་མར་ཀེ་ཏའི་བགྲང་ཕྲེང་གིས་སོ།། ཇི་ལྟར་སྔགས་དང་། སྨན་དང་ནོར་བུ་དང་རལ་གྲི་དང་བཅུད་དང་བཅུད་ལེན་ལ་སོགས་པ་གྲུབ་པའི་རྫས་གྲུབ་པ་རྣམས་ལ་ཡང་ཉི་ཚེ་བའི་ཡོན་ཏན་ཡོད་ཀྱི། མཆོག ་ཏུ་མི་འགྱུར་བའི་ཡོན་ཏན་མེད་དོ།། འདིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་དུ་མ་དང་། སྣ་ཚོགས་པའི་སྐད་རྣམས ་ཀྱིས་གཅིག་ཅར་སེམས་ཅན་གྱི་དོན་བྱེད་པ་དེ་ལྟར་ཉི་ཚེ་བ་བསྒྲུབས་པ་འདི་རྣམས་ཀྱིས་ནི་རྣལ་འབྱོར་པ་སེམས་ཅན་གྱི་དོན་བྱེད་པར་མི་ནུས་ཏེ། ཉི་ཚེ་བ་ཉིད་ཀྱི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད ་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས། ཚོགས་སུ་བཅད་པ་དང་པོ་གསུམ་གྱིས་གསུངས་པ་འདི་ལྟ་སྟེ། ཡང་དག་བདག་མེད་དེ་བཞིན་ཉིད། ཡང་དག་མཐའ་སྟེ་ཡི་གེ་མེད།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། ་ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ།། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།། ཆོས་ཀྱི་གཎ་བཱི་སྒྲ་བོ་ཆེ།། མི་གནས་མྱ་ངན་འདས་པ་པོ།། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།། གཟུགས་མེད་གཟུགས་བཟང་ང་པ་སྟེ། སྣ་ཚོགས ་གཟུགས་ཅན་ཡིད་ལས་སྐྱེས། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་བ་པོ།། ཞེས་པའོ།། དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་དགུ་བཅུ ་རྩ་བདུན་པས། ཐམས་ཅད་མཁྱེན་པའི་གསུང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དུད་འགྲོ་ཡི་དགས་ལྷ་མིན་རྣམས་དང་། ལྟོ་འཕྱེ་ལྷ་དང་། མི་དང་འཕགས་པ་བོད་ལ་སོགས་རྣམས་ལ། བྱུང་དང ་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང་།། རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད ་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ནོ།། སླར་ཡང་ལེའུ་དེ་ཉིད་ལས་དེའི་གོང་གི་ཚིགས་སུ་བཅད་པས་ཐམས་ཅད་མཁྱེན་པའི་སྐུ་དང་གསུང་གི་བྱ་བ་གསུངས་པ་འདི་ལྟ་སྟེ། སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད ་པའི་ཞི་དང་ཆགས་པ་ལ་སོགས་དངོས་པོ་རྣམས་ཀྱི་ནི། བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་མཐོང་སྟེ། སྨོན་ལམ་ཡོན་ཏན་དབོང་གིས་སོ།། དོན་གཅིག་དུ་མའི་སྐད་ནི་རཿདང་དངོས་པོ་རྣམས་ཀྱི ་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག། གནས་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོ་ལ་གནས་བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས་ཞེས་སོ།། འདིར་ཇི་ལྟར་ཐམས་ཅད་མཁྱེན་པའི་སྐུ་དང་གསུང ་དང་ཐུགས་དང་ཡེ་ཤེས་རྣམ་པ་ཐམས་ཅད་པ་རྣམ་པར་རྟོག་པ་མེད་པ་དོན་བྱ་བ་ཐམས་ཅད་ནུས་པར་གྱུར་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་རྟོགས་པའི་བསམ་གཏན་དང་། སྔགས་ལ་སོགས་པ་བསྒྲུབས ་པ་ནི་ཐམས་ཅད་མཁྱེན་པའི་དོན་བྱ་བ་ནུས་པར་མི་འགྱུར་རོ།། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཟད་པར་ས་ལ་སོགས་པ་མངོན་སུམ་དུ་བྱས་པ་ཡང་ཉི་ཚེ་བར་འགྱུར་ཏེ། གང་གི་ཕྱིར་ཉི་ཚེ་བའི་རྫུ་འཕྲུལ་སྤྲོ་བར་བྱེད ་པའི་ཕྱིར་རོ།། འདིར་འདོད་ཆགས་དང་བྲལ་བ་གང་ཞིག་སའི་ཟད་པར་མངོན་སུམ་དུ་བྱེད་པ་འདི་ནི་སའི་ཟད་པར་སྤྲོ་བར་བྱེད་ཀྱི། ཆུ་ལ་སོགས་པའི་ཟད་པར་སྤྲོ་བར་མི་ནུས་སོ།། དེ་བཞིན་དུ་སྟོང་པའི་ཟད ་པར་ཇི་སྲིད་པར་ཟད་པར་ས་སོ་ལོ་ཡང་རིག་པར་བྱའོ།། འདིར་དཀྱིལ་འཁོར་གྱི་འཁོར་ལོ་ཅན་གང་ཞིག་འདྲེས་པའི་དཀྱིལ་འཁོར་སྤྲོ་བར་བྱེད་པ་དེས་ནི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལོ་སོགས་པ་སྤྲོ་བར་མོ་ནུས་སོ།། གང ་ཞིག་འཁོར་ལོ་སྡོམ་པ་སྤྲོ་བར་བྱེད་པ་དེས་ནི་འདུས་པ་ལ་སོགས་པ་སྤྲོ་བར་མི་ནུས་ཏེ། ཉི་ཚེ་བ་ཉིད་ཀྱི་ཕྱིར་རོ།། ཅི་སྟེ་འདིར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་ན་དཀྱིལ་འཁོར་གྱི་འཁོར་ལོ ་ཐམས་ཅད་དང་ཁམས་གསུམོ་པོ་ཡང་མངོན་དུ་བྱས་པར་གྱུར་ཏེ། གཞན་ཁམས་གསུམ་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་རོལ་ན་ཡོད་པ་མ་ཡིན་ནོ།། ཞེས་པ་འགའ་ཞིག ་གིས་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར་གལ་ཏེ་ཟད་པར་གྱི་ཁམས་སམ། དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་ན། ཁམས་གསུམ་པོ་མངོན་སུམ་དུ་བྱས་པར ་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་ལོ་སོགས་པར་ཡང་འགྱུར་ན། དེའི་ཚེ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་མཁྱེན་པ ་ཉིད་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པ་ཞེས་བྱ་བར་མི་འགྱུར། ཟད་པར་ས་ལ་སོགས་པ་འམ། དཀྱིལ་འཁོར་གྱི་འཁོར་ལོ་ཅིག་མངོན་སུམ་དུ་བྱས་ན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ ་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཉིད་དང་གྲུབ་པ་ཉིད་ཅེས་བྱ་བར་མི་འགྱུར་རོ།། འདིར་ཐེག་པ་གསུམ་ལ་བཅོམ་ལྡན་འདས་ཀྱིས་གསུང་ཐོས་པ། སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་དང་། འཇིག་རྟེན་གྱི་ཁམས་ཆེ་གེ ་མོར་བསྐལ་པ་ཆེ་གེ་མོ་ལྔ། ཆེ་གེ་མོའི་རིགས་ལས། ཆེ་གེ་མོའི་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ནུས་བརྒྱན་པ། མངོན་པར་ཤེས་པ་དྲུག་དང་ལྡན་པའི་དེ་བཞིན་གཤགས་པ་བྱུང ་བར་གྱུར་ཏེ། གནས་ཆེ་གེ་མོར་མངོན་པར་རྫོགས་པར་སངས་རྒྱས་སོ།། གནས་ཆེ་གེ་མོར་བཞུགས་སོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།། མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ལ་སྐད་སྣ་ཚོགས་ཀྱིས་ཆོས་ཆེ ་གེ་མོ་བསྟན་ཏོ།། གནས་ཚ་གེ་མོར་སྐུ་གདུང་ཆེན་པོ་ཡང་དག་པར་བསྟན་པར་མཛད་ནས། ཡོངས་སུ་མྱ་ངན་ལས་འདས་ཏེ། སྐུ་གདུང་དེ་དག་རྣམས་ཀྱི་ཆོ་འཕྲུལ་ཆེན་པོ་ཕུལ་དུ་བྱུང་བ་མཐོང་ནས། ལྷ་དང་ལྷ་མ་ཡིན་དང་མི་རྣམས ་ཀྱི་སྐུ་གདུང་དེ་རྣམས་ལ་མཆོད་པ་བྱེད་པ་སྟེ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཆེ་གེ་མོ་དང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོར་བསྐལ་པ་ཆེ་གེ་མོ་ལ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་གཉིས་དང་། དཔེ་བྱད་བཟང་པོ ་བརྒྱད་ཅུ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་པའི་རྣལ་འབྱོར་པ་བྱུང་སྟེ། གནས་ཆེ་གེ་མོར་མངོན་པར་རྫོགས་པར་སངས་རྒྱས་སོ།། ཡུལ་ཆེ་གེ་མོར་བཞུགས་སོ།། གནས་ཆེ་གེ་མོར་ཆོས་ཀྱི་འཁོར་ལོ ་བསྐོར་བ་མཛད་དོ།། མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ལ་སྣ་ཚོགས་པའི་སྐ་རྣམས་ཀྱིས་ཆོས་ཆེ་གེ་མོ་བསྟན་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཅིག་ཅར་སྐུའི་རྫུ་འཕྲུལ་བསྟན་ཏོ།། གནས ་ཆེ་གེ་མོར་སྐུ་གདུང་ཆེན་པོ་ཡང་དག་པར་བསྟན་པར་མཛད་ནས། ཡོངས་སུ་མྱ་ངན་ལས་འདས་ཏེ། སྐུ་གདུང་དེ་རྣམས་ཀྱི་འཕྲོ་བ་ཆེན་པོ་ཕུལ་དུ་བྱུང་བ་མཐོང་ནས། ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་སྐུ་གདུང་རྣམས་མཆོད ་པར་བྱེད་པ་ནི་མ་ཡིན་ནོ།། དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པར་གྱུར་པ་ན་རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་མེད་པའི་ཕྱིར ་དང་། དེ་བཞིན་གཤེགས་པས་ལུང་བསྟན་པ་མེད་པའི་ཕྱིར་རོ།། འདིར་ཇི་ལྟར་མགོན་པོ་བྱམས་པ་དེ་བཞིན་གོཤེགས་པ་ཉིད་དུ་དེ་བཞིན་གཤེགས་པས་ལུང་བསྟན་པ་དང་། མ་འོངས་པའི་དུས་སུ་འབྱུང་བར་འགྱུར་བར་ཐལ ་པའི་དབང་པོ་ལ་སོགས་པ་གཞན་རྣམས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་རོ།། ཞེས་དེ་བཞིན་གཤེགས་པས་ལུང་བསྟན་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་སུམ་དུ་བྱས་པའི ་རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་འགྱུར་རོ།། ཞེས་པ་ནི་འགའ་ཡང་མེད་དོ།། འོན་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས། རལ་གྲི་དང་རི་ལུ་དང་མིག་སྨན་དང་བཅུད་དང་། བཅུད་ལེན ་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་མངོན་སུམ་དུ་བྱས་པ་ལས་རལ་གྲི་ལ་སོགས་པའི ་དངོས་གྲུབ་རྣམས་འགྲུབ་པར་འགྱུར་གྱི་སྒྲུབ་པ་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ནི་འགྲུབ་པར་མི་འགྱུར་རོ།། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་སྟོབས་ཀྱིས་སྒྲུབ་པ་པོ་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པར་འགྱུར ་ནུ། དེའི་ཚེའི་ཅིའི་དོན་དུ་གྲུབ་པ་རྣམས་འདིར་བཅོམ་ལྡན་འདས་ཀྱིས་གསུང་རང་གི་གཞུང་ལ་རབ་ཏུ་སྟོན་པར་བྱེད། དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་རྣམས་ཐམས་ཅད་མཁྱེན་པའི་ཡོན་ཏན་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ། ་ཆེ་བ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་མཁྱེན་པའི་གསུང་མེད་པའི་ཕྱིར་རོ།། སྒྲིབ་པ་དང་བཅས་པའི་ལུས་ཀྱི་དངོས་གྲུབ་དང་རྫུ་འཕྲུལ་ཡང་དག་པར་སྟོན་པའི་ཕྱིར། སྒྲིབ་པ་དང་བཅས་པའི་ཆོས་མངོན་སུམ་དུ་བྱས་པ་ན་རྣལ་འབྱོར ་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ།། དེའི་ཕྱིར་སྒྲིབ་པ་མེད་པའི་ཆོས་མངོན་སུམ་དུ་བྱས་པར་གྱུར་ན་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་འགྱུར་ཏེ། སྒྲིབ་པ་མེད་པའི་ཆོས་ཀྱི་མཚན་ཉིད་ལས་ཐམས་ཅད་མཁྱེན་པའི་ལྷའི ་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཐམས་ཅད་དུ་འགྲོ་བའི་རྫུ་འཕྲུལ་དང་། ཟག་པ་ཐམས་ཅད་ཟད་པ་དང་། གནས་དང་གནས་མ་ཡིན་པ་མཁྱེན ་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་གཅིག་དང་དུ་མ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་པའི་མཁྱེན་པའི་སྟོབས ་དང་། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྐྱེ་བ་དུ་མའི་རྟོགས་པ་བརྗོད་པ་མཁྱེན་པའི་སྟོབས་དང་། མངོན་པར་ཤེས་པ ་པ་ཐམས་ཅད་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འགྱུར་རོ།། དེ་བཞིན་དུ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་སོ་དང་། བདུད་རྩིའི་འོད་ཟླ་བ~ཾ་ཆེན་པོ་འོད་གསལ་བའི་སྐུ་དང་། ནམ་མཁའི ་འོད་ན་མཁའ་ལྟར་རབ་ཏུ་གནས་པའི་ས་དང་། རྡོ་རྗེའི་འོད་ཡོད་དགའ་བའི་ས་ད་། རིན་ཆེན་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང་། པདྨའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང་། ་སངས་རྒྱས་ཀྱི་ལས་བྱེད་པའི་ས་དང་། དཔེ་མེད་པའི་ས་དང་། དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང་། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང་། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང་། ་སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་སའོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་དང་། ཅ་ཅོ་མི་མངའ་བ་དང་། དྲན་པ་ཉམས་པ་མི་མངའ་བ་དང་། ཐུགས་མཉམ་པར་མ ་གཞག་པ་མི་མངའ་བ་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དང་། འདུན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་བ་དང་། ་དྲན་པ་ཡོངས་སུ་ཉམས་པ་མི་མངའ་བ་དང་། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའ་བ་དང་། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའ་བ་དང ་བདས་པའི་དུས་ལ་མ་ཐོག་ས་མ་ཆགས་ཤིག། སྨོན་པ་མེད་པའི་ལྕེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཐོགས་སྣ་ཆགས་ཤིང་། སྨོན་པ་མེད་པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་དང་། ་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས་ཤིང་། སྦྱིན་པ་མེད་པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་དང་། སྐུའི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱིས་རྗེས་སུ་འབྲང་བ་དང་། གསུང་གི་ལསྣ་ཐམས ་ཙཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཐུགས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ།། དེའི་ཕྱིར་ཐམས་ཅད་དུ་དུས་ཐམས་ཅད་ཀྱིས་ཚེ་མཉམ་པ་ཉིད་ལ ་ལེགས་པར་རབ་ཏུ་གནས་པ་སྟེ། སྟོང་པ་ཉིད་ལ་ཡང་དག་པར་རྗེས་སུ་གནས་པ་ཉིད་ཀྱི་ཕྱིར་རོ།། ཤེས་རབ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པར་འགྱུར་ཏེ། སྒྲིབ་པ་མེད་པའི་མཚན་ཉིད་ཀྱི ་ཕྱིར་རོ།། དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་གཟུགས་ཀྱི་ལྷ་དང་གྲངས་དང་། ཁ་དོག་དང་ཕྲག་དང་དབྱིབས་དང་། རྣམ་པར་རྟོགས་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར། རྡོ་རྗེ་སེམས་དཔའ་སྟོབས་བཅུ་པར་འགྱུར་བ་སྒྲིབ་པ་དང ་བཅས་པ་ཤེས་རབ་ཡོངས་སུ་དག་པ་ནི་འགའ་ཡང་མེད་དོ།། འོན་ཀྱང་ཐམས་ཅད་མཁྱེན་པོའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱིས་ཟིལ་གྱིས་མནན་པར་གྱུར་པ་ན་བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ།། ་ཞེས་དེ་ལྟར་རློམ་པར་བྱེད་དོ།། འདིར་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འོག་ལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ།། འདིར་རྣལ་འབྱོར་པ་འདིའི་སངས་རྒྱས་ཉིད་ནི་སྔོན་མེད་པ། ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ ་ཆེན་པོ་སྟེ། སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས་ཚིགས་སུ་བཅད་པ་དགུ་པས་གསུངས་པ། འདི་ལྟ་སྟེ། ་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ།། སྲིད་པ་ཀུན་ལས་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས། ཞེས་སོ།། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར ་རྣམ་པར་རྟོག་པའི་གཟུགས་བསྒོམས་པའི་སྟོབས་ཀྱིས་རྣལ་འབྱོར་པ་ཐམས་ཅད་མཁྱེན་པར་མི་འགྱུར་རོ།། དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ཕུང་པོ་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའི ་སངས་རྒྱས་རྣམས་སོ།། ཁམས་རྣམས་ནི་སྤྱན་མ་ལ་སོགས་པོའི་ལྷ་མོ་རྣམས་སོ།། དབང་པོ་དྲུག་ནི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ།། ཡུལ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ ་མོ་རྣམས་སོ།། གཏི་མུག་རྡོ་རྗེ་མ་ལ་སོགས་པོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་སུ་གསུངས་པ་མ་ཡིན་ནེམ། དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ།། ་ཞེས་པ་འགའ་ཞིག་དག་གིས་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར་རྨོངས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱོ་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ།། ཞེས་བརྗོད་པར་བྱ་བ་གང ་ཡིན་པ་གང་ཞིག་ཡོངས་སུ་བརྟགས་ན་མི་འགྲིགས་པ་འདི་ནི་དེ་བཞིན་གཤེགས་པོའི་གསུང་མ་ཡིན་ནོ།། གལ་ཏེ་དོན་དམ་པའི་བདེན་པར་སེམས་ཅན་རྣམས་ཀྱིས་ལུས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ན། དེའི ་ཚེ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྔོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱསུ་གྲུབ་པར་འགྱུར་ཏེ། སྔོན་དུ་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཀྱི་སླད་དུ་ཐོས་པ ་དང་བསམ་པ་དང་བསྒོམ་པ་དང་སྦྱིན་པ་ལ་སོགས་པའི་བྱ་བ་དོན་མེད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་སྐྱེ་བ་དང་། འགག་པ་མེད་པར་འགྱུར་རོ།། འཁོར་བར་བདེ་བ་དང་སྡུག་བསྔལ ་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་གནོད་པ་མེད་པར་འགྱུར་རོ།། མངོན་པར་ཤེས་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་འབྱོར་པ་རྣམས་དང་ལྡན་པར་འགྱུར་རོ།། འདི་ནི་མཐོང་བ་དང་ཐོས་པ་དང་རྗེས་སུ ་དཔགས་པ་དང་། དེ་བཞིན་གཤེགས་པས་ལུང་བསྟན་པ་ཡང་མེད་དོ།། དེའི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་སུ་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་དང་། འཁོར་བར་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ།། ་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པོའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཚིགས་སུ་བཅད་པ་བཅུ་གསུམ་པས་གསུངས་པོ་འདི་ལྟ་སྟེ། འཁོར་བའི་ཕ་རོལ་མཐར་སོན་པོ།། བྱ་བ ་བྱས་པས་སྐམ་སར་གནས།། ཤེས་པ་འབའ་ཞིག་ངེས་གསལ་བ།། ཤེས་རབ་མཚོན་ཆ་སོ་རྣམ་འཇོམས་པ། ཞེས་པ་སྟེ། དེ་བཞིན་གཤེགས་པའི་གསུང་དེའི་ཕྱིར། སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ ་པོའི་སྐུར་མི་འགྱུར་རོ།། བསྒོམ་པ་གོམས་པའི་དབང་གིས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས ་པས་གསུངས་པ་མ་ཡིན་ནམ། ཞེས་པ་འགའ་ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ། གོམས་པའི་དབང་གིས་ཕུང་པོ་དང་ཁམས ་དང་། སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱསོ་ཉིད་དུ་ཡང་དེ་བཞིན་གཤེགས་པས་གསུངས་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་མེད་པའི་ཕྱིར་རོ།། འདིར་གལ་ཏེ་རྣལ་འབྱོར་པ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་གཏོགས་པར་བསྒོམ་པ་གོམས་པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར ་ལོའི་རྣམ་པར་འགྱུར་ཞིང་། རྣམ་པར་རྟོག་པའི་དབང་གིས་སངས་རྒྱས་ཉིད་དུ་ཡང་འགྱུར་ན། དེའི་ཚེ་བསོད་ནམས་དམན་པ་གཞན་ཞིག་པ་ནི་རྒྱལ་པོ་ཞེས་སེམས་པར་བྱེད་པ་དེ་ཡང་གོམས་པ་ལས་བསོད་ནམས་ཀྱི་མཆོག ་མ་གཏོགས་པར་རྒྱལ་པོར་འགྱུར་ཏེ། འདི་ནི་མཐོང་བ་ཡང་མེད་དོ།། ལོག་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་བསོད་ནམས་ཀྱི་ཚོགས་དམན་པ་རྒྱལ་པོར་མི་འགྱུར ་བ་ཇི་ལྟ་བ་དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་དམན་པ་རྣལ་འབྱོར་པ་རྣམ་པར་རྟོག་པ་གོམ་པའི་དབང་གིས་བསྐལ་པ་དུ་མ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། བསོད་ནམས་དང་ཡེ ་མེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། ཚིགས་སུ་བཅད་པ་བཅུ་དྲུག་པས་གསུངས་པ་འདི་ལྟ་སྟེ། བསོད་ནམས་ལྡན་པ་བསོད་ནམས ་ཚོགས།། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཚེ།། ཡེ་ཤེས་ལྡན་པ་ཡོད་མེད་ཤེས།། ཚོགས་གཉིས་ཚོགས་ནི་བསགས་པ་པོ།། ཞེས་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་བསོད་ནམས་དང་ཡེ་ཤེས་དམན་པ་ནི་རྣམ་པར ་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་རོ།། གལ་ཏེ་གཟུགས་ཀྱི་བསྒོམ་པ་རྣམ་པར་རྟོག་པ་ཡིན་ཞིང་། རྣམ་པར་རྟོག་པ་ལས་རྣལ་འབྱོར་པ་སངས་རྒྱས་སུ་མི་འགྱུར་ན་དེའི་ཚེ་ལུས་འདི ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་ཚེགས་རྣམས་ཀྱིས་རྣམ་པར་སྤྱད་པར་བྱའོ།། ཞེས་དེ་བཞིན་གཤེགས་པས་གསུངས་པ་ཅིའི་དོན་དུ་ཡིན་ཞེས་པ་འགའ་ཞིག་གིས་བསམོ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ།། འདིར ་འདི་ནི་བདེན་ཏེ་དེ་བཞིན་གཤེགས་པས་དམ་ཚིག་གི་སྐད་ཀྱིས་སོ་སོར་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་རབ་ཏུ་བསྟན་གྱི་བུམ་པ་དང་སྣམ་བུའི་སྒྲ་བཞིན་བརྗོད་བྱ་བརྗོད་བྱེད་ཀྱི་དངོས་པོ་ལས་ནི་མོ་ཡིན་ནོ།། འོན་ཀྱང་བུད ་མེད་ཀྱི་དབང་པོ་པདྨ་དང་། སྐྱེས་པའི་དབང་པོ་རྡོ་རྗེ་དང་། བཤང་བ་རྣམ་པར་སྣང་མཛད་དང་། གཅི་བ་མི་བསྐྱོད་པ་དང་། ཁྲག་རིན་ཆེན་འབྱུང་ལྡན་དང་། ཁུ་བ་སྣང་བ་མཐའ་ཡས་དང་། ཤ་དོན་ཡོད་གྲུབ་པ་སྟེ། འདི་རྣམས ་ཀྱིས་དེ་བཞིན་གཤེགས་པ་ལྔ་པོ་རྣམས་བདུད་རྩི་ལྔ་པོ་རྣམས་ཀྱིས་མིང་དུ་གསུངས་ཏེ། དོན་དམ་པའི་རིགས་པས་ནི་ལྷ་མ་ཡིན་ནོ།། དེའི་ཕྱིར་རུལ་པའི་ལུས་འདི་ནི་ལྷའི་སྐུར་བརྗོད་པར་མི་ནུས་ཏེ། སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ།། བཅོམ ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བསྟོད་པ་ལས། ཚོགས་སུ་བཅད་པ་ཉི་ཤུ་པ་ལ་སོགས་པ་གསུམ་གྱིས་གསུངས་པ་འདི་ལྟ་སྟེ། གཅིག་པུ་སྲ་འཁྲེགས ་རྡོ་རྗེའི་བདག། སྐྱེས་མ་ཐག་པ་འགྲོ་བའི་བདག། ན་མཁའི་ལས་བྱུང་རང་བྱུང་བ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྣང་བ་ལམ་མེ་བ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། གཟི་བརྗིད ་ཆེན་པོ་འོད་གསོལ་བ།། སྔགས་ཆོག་མ་པར་བདག་རིགས་སྔགས་རྒྱལ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག། ན་མཁའི་བདག་པོ་སྣ་ཚོགས་སྟོན།། ཞེས་པ་སྟེ། བཅོམ་ལྡན ་འདས་ཀྱིས་གསུང་འདིའི་ཕྱིར་ཉི་ཚེ་བའི་ལུས་ནི་སངས་རྒྱས་ཀྱི་སྐུར་མི་འགྱུར་རོ།། གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཅན་དུ་མི་འགྱུར་ན། འོ་ན་དེའི་ཚེ་མངལ་དུ་འཇུག་པ་དང་། གཞོན་ནུ་རོལ་རྩེད་མཛད་པ་དང་། བཟོ་ཐམས ་ཅད་ཡང་དག་པར་སྟོན་པ་དང་། ཁབ་ནས་ངེས་པར་འབྱུང་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་དང་། བདུད་ཀྱི་དཔུང་འཇོམས་པ་དང་། ལྷ་ལས་བབས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སྐྱེས་བུ་ཆེན་པོའི ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་། སྤྱོད་ལམ་བཞི་ལ་སོགས་པའི་བྱ་བ་དང་། ནམ་མཁའ་ལ་གང་ཤེགས་པ་དང་བྱོན་པ་དང་། དེའི་སེམས ་ཅན་གྱི་དོན་གྱི་བྱ་བ་རྣམས་སུ་མི་འགྱུར་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བསྐྱེད་པ་ཉན་ཐོས་ཀྱི་དགེ་འདུན་ཡང་མེད་པར་འགྱུར་ཞིང་ཡོངས་སུ་མྱ་ངན་ལོས་འདས་པ་ཆེན་པོ་དང་། ཆོ་འཕྲུལ་ཆེན་པོ་ཕུལ་དུ་བྱུང་བ་ཡང ་དག་པར་སྟོན་པོ་མེད་པར་འགྱུར་རོ།། སྲིད་པ་གསུམ་ན་གནས་པ་རྣམས་ཀྱིས་མཆོད་པ་བྱ་བའི་དབུས་སྐྲ་དང་ཚེམས་དང་ཤ་དང་རུས་པ་ལ་སོགས་པ་དང་སྐུ་གདུང་སྤྲོ་བ་མེད་པར་འགྱུར་རོ།། གཞན་ཡང་དེ་བཞིན་གཤེགས ་