| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་མཧཱ་ཀཱ་ལཱ་ཨཱཉྫ་ཀྲ་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ། ཨོཾ་ནག་པོ་ཆེན་པོ་ལ་ཕྱག་འཚལོ།། ཏྲཱ་ཧཱུ་ཧཱུཾ་མཛད་ཀི་ལི་ཀཱི་ལི་སྒྲོགས་པའི་དགྲ་ཡིས་འབྱུང་པོའི་ཚིག ་པ་རྣམ་པར་འཐག། ཧཱུཾ་ཧཱུཾ་སྒྲོགས་པའི་ཞལ་རྣམས་ཀྱིས་ནི་མི་ཡི་ཤ་ཟ་རྒྱུ་མའི་ཕྲེང་བ་འཁྲུག་པའི་སྐུ། ཕྱུག་ནི་ཁ་ཊྭཱཾ་གོ་དང་གདུང་ཐུང་མི་ཡི་ལག་པོའི་མཚན་པ་འཛིན་ཅིང་མཛེས་པའི་གཟུགས།། མི་སྡུག་གཟུགས་ཅན་སྤྱན་དང ་དབུ་སྐྲ་དམར་སེར་དུར་ཁྱོད་ལ་དགྱེས་ཞིང་སྐྱོང་ཀུནྡ་ནསྣ་བསྲུངས།། ཞལ་དང་ཞལ་ནས་ཕེཾ་པཾ་ཕྲེཏ་ཅེས་སྒྲོགས་པས་སོ་སོར་བསྐྱེད་པའི་མེ་དཔུང་ཆེན་པོ་ཡི།། ཕྲེང་བ་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིདྱ་སྐུ་ལྔ་བརྒྱན་པོས་ཡན ་ལགོ་ཉེ་བར་མཛེས།། གསོད་བྱེད་དྲག་པོའི་ཕྱག་གིས་མི་ཡི་ཁྲག་འཛག་རྒྱུན་དུ་བཏུང་ཞིང་སྦྲུལ་གྱི་ཕྲེང་བས་བརྒྱན།། དམྱལ་བར་བ་སྲེགས་པ་སེལ་ཞིང་ས་སྟེང་ཞིང་རྣམས་སྐྱོང་བ་ཁྱོད་ནི་རོལ་ཞིང་རོལ་བར་མཛོད།། དྲི་མྱེད་རྫོགས་བཱི ་བྱང་ཆུབ་བརྙེས་ཀྱང་སྲིད་པོ་གསུམ་པོ་ཁང་པར་འགེངས་ནུས་འོད་འདོད་ཀྱིས།། ཧཱུཾ་ཧཱུཾ་ཕཊ་ཅེས་མ་རུངས་ངགཱི་ཡིས་ཉིན་བཞིན་འཇིག་རྟེན་དབང་ཕྱུག་རྣམས་ཀྱི་ནི་བགོགས་འཇོམས་ཤིང་།། ཧཱ་ཧཱ་ཨནྟ་རྒོད་པ་ཡི་ནི་དུས་རྣམས ་ཀུན་ཏུ་ཤིན་ཏུ་རབ་ཏུ་འཇིགས་པར་བྱེད།། མགོ་སྐྱེ་རལ་པ་སྨ་ར་ཤིན་ཏུ་དམར་སེར་ཉེ་བར་འཕྲོ་བའི་ཞིང་སྐྱོང་བར་མཇེད།། སྒེག་ཅིང་རོལ་པའི་འཇོ་སྒེག་དང་ལྡན་གསུངས་པ་འཕྱང་བ་ཕྱག་ན་རལ་གྲི་ཁཾ་ག་བི། རཀྟ་འཐུངས་པའི་སྤྱན་དང་ཕྱག་ནི ་ཁྲག་ལྟར་དམར་བ་རཾ་རཾ་རཾ་དང་རུ་རུ་རུ།། དེ་མཚར་སྣང་མཛད་གཏུམ་པོའི་ཤུགས་ཅན་ཁྲོ་བོའི་ལྟ་བས་ཁྲོ་གཉེར་མཛོད་ཅིག་གྷྲཾ་ཀྲཱྀ་ཀྵཾ།། འཁོར་བཅས་སྐྱོང་བའི་ཞིང་སྐྱོང་མ་ལུས་བདུད་དང་རོ་ལངས་འདུལ་བར་མཛད་པ་ཌ་ཌཾ་རཾ།། ་ངེས་པར་གནོད་པའི་བདུད་དང་ཉོན་མོངས་བག་ཆགས་གཅོད་བྱེད་གྲི་གུག་འཛིན་པ་ཧྲི་ཧྲིཾ་ཧྲིཾ།། ནག་པོའི་མཆུ་དང་འདྲ་བའི་སྐུ་ནི་རྩོ་དང་ཉེས་འཕྲོག་ཐོད་པའི་ཕྲེང་ཅན་ཀིཾ་ཀཾ་ཀཾ། རྨད་བྱུང་འོད་ཀྱིས་འཇིག་རྟེན་གཡོ་ཞིང་སྣང་བར་མཛད་པ་གཏུམ ་པོའི་ཤུགས་ཅན་ཙ་ཙ་ཙ།། ལྷ་མཆོག་དམ་ཚིག་ལྡན་པ་ཁྱོད་ཀྱི་ཚོགས་ཀྱི་མཆོག་དང་ཞིང་རྣམས་སྐྱོངས་ཤིག་ས་སཾ་སོ།། འགྲོ་བ་སྣ་ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག་བྱེད་ཡ་ཡཾ་ཡཱཾ།། རླུང་གི་ཤུགས་བཞིན་མྱུར་དུ ་རྒྱུ་བས་ཉོན་མོངས་འཇིག་རྟེན་སྣང་བར་མཛད་པ་བཾ་བཾ་བཽ།། སྨིན་མ་གྱ་གྱུའི་ཁྲོ་གཉེར་བསྐྱེར་བས་འཇིགས་པར་མཛད་ཀྱང་འཇིགས་ལས་ཐར་བྱེད་བྷྲཱུཾ་བྷྲཱུཾ་བྷྲཱུཾ།། སྒྲུབ་པ་པོ་རྣམས་ལ་ཕན་དང་བྱུང་མཛོད་གནོད་པའི་སྒོ་རྣམས་བསྲུངས་པའི་ཞིང ་སྐྱོང་ཀྵཾ་ཀཱཾ་ཀྵཾ།། བཟོད་པའི་ལུས་ཅན་ཀྵཾ་ཀྵཾ་ཀྵི་ཞེས་གདུག་པ་རྣམས་ཀྱིས་བཟད་པར་དཀའ་བའི་ཙ་ཅོ་སྒྲོག། ཀ་ཧཱ་ཀ་ཧའི་གསུང་གི་རྒྱུན་དང་ཆར་སྤྲིན་སྟོན་པའི་ལུས་ཙེན་གཅིག་པུས་ཐ~ཾད་གནོན།། ཧྲཱི་ཀྵུཾ་ཤྲི་གཱིས་སྔགས་དང་པ་ཙ་པ་ཙའི་སྔགས་རྣམས་ཀྱི ་ནོལུས་ཅན་ཐལ་བར་བྱེད།། སྒྲུབ་པ་པོ་རྣམས་ལ་ཀུན་ཏུ་གནོད་པའི་བགེགས་རྣམས་ཉེ་བར་ཞི་བར་མཛད་ཅིག་ཞིང་སྦྱོང་ཆེ། ཧཱུ~ཾ་ཀྲཱྀ་ཀླྀ་ཞེས་རྟག་ཏུ་ཉོན་མོངས་གྱུར་པའི་ལུས་ཅན་སྐྱིང་གསུམ་འགྲོ་བའི་ཉོན་མོངས་རྣམས།། རྣམ་པར་གསལ་ནས ་ཕྱག་གི་ཞགས་པས་སྦྱོང་ཞིང་སྲུང་བ་ལ་ཕན་ཕྱུགས་བདག་པཾ་བཾ་བཾ།། སྔགས་ཀྱི་བདག་ཉིད་སྔགས་ཀྱི་སྐུ་ཅན་སྔགས་མྱོས་སྔགས་ཀྱིས་ཞི་བའི་བདེ་སྟེར་འབྲས་བུའི་ཕྱག། མཐའ་དག་རྒྱལ་བའི་སྐུ་བཞིན་མཛེས་པ་ཞིང་རྣམས་སྐྱོང་བར་མཛད ་གོཔོ་ཁྱོད་ཀྱིས་དེ་རྣམས་སྲུངས།། སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་དགེ་མཆོག་མཁས་པའི་བློ་ཅན་ཐུན་གསུམ་དུ། སྔགས་ཀྱི་བསྟོད་པ་བརྒྱད་པོ་ཀློག་བྱེད་དེ་རྣམས་བསོད་ནམས་ལྡན་ཞིང་རྒྱལ་བར་འགྱུར་བ་དང་།། ཚེ་དང་དཔ ་དང་གྲོགས་དང་འབྱོར་ལྡན་མཉམ་མིང་སྟོབས་ཀྱིས་རྣམ་པར་གནོན་པའི་གཟི་བརྗིད་རྒྱས།། ཐམས་ཅད་ཤེས་ཤིང་དེ་ཡི་ཉིན་མཚན་རྟག་ཏུ་བགེགས་ཀྱི་ཚོགས་ནི་མྱོས་ཤིང་ཉམས་པར་འགྱུར།། རྡོ་རྗེ་ནག་པོ་ཆེན་པོའི་བསྟོད ་བརྒྱད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའོ།། ། དགེའོ།། ་